Ngb-pt-0847-vol-09-text

From Rangjung Yeshe Wiki Texts
Revision as of 11:50, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-800-899/ngb-pt-0847-text.docx.wiki to Ngb-pt-0847-vol-09-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front[edit]

Body[edit]

མིའི་ཐོད་པ་ཅན་གྱི་རྒྱུད་མུན་པ་གློག་འབྱིན་ཞེས་བྱ་བ་ལས་ལེའུ་སྟེ་བདུན་པའོ།། །།ལྷ་དང་མཁའ་འགྲོས་དུར་ཁྲོད་ཕུང་ལུང་དུ་ལུང་བསྟན་པ་དངོས་གྲུབ་འབྱུང་བའི་རྒྱུད་དཔལ་ནག་པོ་ཆེན་པོ་མིའི་ཐོད་པ་ཅན་གྱི་རྒྱུད་རྫོགས་སོ།། །།དེ་ནས་ཡང་དཔལ་མགོན་པོ་ནག་པོས་ཞུས་པ། བསྙེན་སྒྲུབ་སྟོན་པས་སྔར་གསུངས་པ། །བསྟན་པ་བསྲུང་ཞིང་བསྐྱང་བ་དང་། །འཛིན་སྤེལ་དཀར་ཕྱོགས་དགའ་བ་ལ། །ཕན་པ་ཇི་ལྟར་བསྒྲུབ་པར་བགྱི། །བསྟན་ལ་གནོད་ཅིང་དབུ་འཕངས་དམོད། །ནག་པའི་ཕྱོགས་ལ་དགའ་བ་ལ། །དེ་ལ་གནོད་པ་ཇི་ལྟར་བསྒྲུབ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། །མ་ཧྭ་ཀྭ་ལ་ཁྱོད་ཉོན་ཅིག །ཕན་གནོད་སྔགས་ཀྱི་རིམ་པ་འདི། །མགོན་པོ་ཁྱོད་ལ་བཤད་པར་བྱ། །ཨུ་ཡུར་ཙྭ་ན་ཨུ་ཡུ༔ ཚེ་ཨ་པ་ན་ཡེ་བྲུ༷་སྲུ་ཧྭ། ཚེ་སྒྲུབ་པའོ། །ཅི་འདོད་དངོས་གྲུབ་བསྒྲུབ་པ་ལ། །ཀྭ་ཡ་ལྷུ་ཀ་ཙིསྟ་གུ་ཎ་ཀརྨ་སརྦ་སིརྙི་ཐ་ཧུ༷། གསལ་བ་མ་ཐོན་འབེབས་འདོད་ན། །ཏབྱ་ཐུ། ཨོ་ས་ར་ས་ར སི་རི་སི་རི། སུ་རུ་སུ་སྲ མེ་རུ་མན་ཏེ་སྲི་ཏོ་ཀན། ཨ་བེ་ཤ་ཨ་བེ་ཤ ཀེ་ལ་ཤ་ཀུ་ཏྲ་པྲ་ཏ་ནཱ་མ། ཨོ་ཡར་རྨ་བ་ར་དེ། དེ་བ་ན་ནཱ་ག་ལི་སྟ་བཛྲ་ཨ་པ་ན་ཡ། ཨུ་བེ་ཤ་ཡ་ཨུ་བེ་ཤ་ཡ། བགེགས་རྣམས་གཟིར་གནོན་བྱེད་འདོད་ན། །ཆེ་གེ་མོ་ཨ༷་ཀུ་ཤ་ཛ་ཛ་ཧྲིང་དུན་ཨ། ཧུ༷་ཧུ༷་ཧྲིང་ཧྲིང་ནཱ་ར་ཡ་ཁ་ཁ་ཁུ་ཧི་ཁུ་ཧི། མ་ཧྲི་གུ་རྒྱ་བྷ་མ་མ་རསྒ་དུན་ཙེ་ཙཎྜལི་མྱ་ར་ཡ་ཛ་ཛ། འགུགས་པའོ། །ཆེ་གེ་མོ་སྟ༷་བྷ་ཡ་ནན། ཤ་ཏྲུ༷་ཨ་མུ་ཀ་ཀུ་རུ་ན་ན་ལ༷། གནན་པའོ། །མ་མ་ཏྲག་རསྒ། མ་མ་ར་ཛ་སྙིང་ཁ་རག་ནན། ནཱ་ག་ནན་ཕུང་སྟ༷་བྷ་ཡ་ནན། བཛྲ་ད་ཏྲི་ཏྲི་ཡ༷་ནན། ར་ཛ་ཏྲིག་ཤོ་བ༷་རྨུགས་རྭ་ཛ་ཀུ་ལི་ཚུ་དུ། ཐུ༷་ཚུ་འུ་ཐུམ་གྲྭ་ཧྭ། ཁ་ཏ་ཁ་ཏ་ཡ། མཚན་ཏྲི་ནན། འགོང་པོ་ཡ་ཏྲི་ནན། འགོང་པོ་སྲི་ནན། འབྱུང་པོ་ནན། ཙ་མ་ར་ཙ་མ་ར་ནན། མ་རུ་ཙེ་མ་རུ་ཙེ་ནན། ཡ་ཧུ་ཏྲི་ཡ་ནན། ཧ་ན་ཏྲི་ཙ་སྟ༷་པ་ཡ་ནན། ཧུ༷་བཛྲ་མྱ་ར་ས་ཏྲི་ཛ། མ་ཞུད་ཏྲི་ཡ་མ་ཞུང་ཏྲི་ཡ་ཛ་ཛ་ན༷། དགྲ་བོ་རྒྱབ་དང་བྲལ་བ་ནི། །ལྷ་སྦྱིན་དང་སྔོ་བསངས་བ་ཏི་ཤ་ཡ་ཧུ༷་ཕཊ། མི་རྒོད་ཁ་འཆིང་བ་ལྷ་སྤྱིན་གྲི་ཏྣ་གྲོ་ཏྣ། ཨུ་ཀརྙ་ཡ་ཨུ་ཀ་ར་ཥ་ཡ་ཧུ༷་ཛ། སྔགས་ཀྱི་བསྙེན་སྒྲུབ་མཐར་ཕྱིན་ནས། །དེས་ཀྱང་གྲུབ་པར་མ་གྱུར་ན། །ཨེ་དང་ཡ༷་དང་ར༷་དག་གིས། །སྔགས་གྱི་མགོ་ཡང་དྲང་བྱས་ལ། །མས་ཡར་བཟློག་ལ་བཟླས་པ་བྱ། །དེ་ལ་རྟགས་ནི་མ་བྱུང་ན། །དམ་ཚིག་བསྐང་ཞིང་དབང་ཡང་བླང་། །དེ་ནས་ལས་ལ་སྦྱར་བ་ཡང་། །གོང་དུ་གསུངས་པའི་སྔགས་བཟླས་བྱ། །དགྲ་ཡི་དམག་དཔུང་གནན་འདོད་ན། །རོ་ཡི་རས་ལ་རྒྱ་གྲམ་བྲི། །ལྟེ་བར་སྔགས་དང་དམག་དཔུང་མིང་། །སྣ་ཚོགས་རྡོ་རྗེའི་ཕྱི་རོལ་ཏུ། །ལམ་བརྒྱད་དག་ནི་བྲིས་བྱས་ལ། །གོང་གི་སྔགས་ར་ཁ་སྦྱར་སྟེ། །ཚོགས་བདག་གཟུགས་བྱས་ཙ་ཀྲར་གཞུག །རབས་ཆད་ནག་པོའི་ཐོད་པར་གནན། ། ཕ་རོལ་སྡེ་ཡི་སོ་མཚམས་སུ། །གནན་བྱ་ཡང་ན་དུར་ཁྲོད་གནན། །གྲོག་མཁར་ས་ལ་གཟུགས་བྱས་པའི། །རྐང་མཐིལ་སྔགས་བཅུག་བཞི་མདོར་བསྐྱལ། །ཐལ་ཆེན་སྔགས་བཟླས་གཏོར་བར་བྱ། །འགྲོ་འོང་ཐམས་ཅད་སྡོམ་པར་བྱེད། །དགྲ་བོ་དབྱེ་བར་འདོད་པ་ཡིས། །གྲོ་ག་རས་ལ་རྡོ་རྗེ་ནི། །རྒྱ་གྲམ་སྔགས་བཞིན་བྲིས་པ་ལ། །ནག་པོ་བསྐྱེད་ལ་སྔགས་བཟླས་པའི། །འོད་ཟེར་གྱིས་ནི་སེམས་དཀྲུགས་ནས། །རང་དབང་མེད་པར་འཐབ་པར་བསམ། །ཐུན་གྱིས་བྲབ་ཅིང་སྔགས་དྲག་བཟླས། །དགྲ་བོ་ཡུལ་ནས་བསྐྲད་འདོད་ན། །སྐྲ་ཚིལ་གཟུགས་བྱས་ཐོད་པར་བཅུག །ལས་ཀྱི་རླུང་གིས་བསྐུལ་བ་ཡི། །གླིང་བར་མུན་པར་འ་ས་པར་བསམ། །དགྲ་བོ་གསད་པར་འདོད་པ་ཡིས། །དལ་ཨེ་གྲུ་གསུམ་ཁ་ལྷོར་བསྟན། །ནང་དུ་དུར་ཁྲོད་གསོལ་བས་བྱུག །པདྨ་རྡོ་རྗེ་སྔོན་པོར་བྲིས། །ཕྱི་རོལ་གྲུ་བཞི་དམར་པོར་བྲི། །སྦྲང་རྩི་དགྲ་གཟུགས་སྙིང་ཁ་སྲ །དམར་ཆེན་མིང་རུས་བྲིས་པ་གཞུག །སྔོན་དམར་སྐུད་པས་ཕུར་བ་བསྲེལ། །དེ་ནི་ཨེ་ནང་གཞུག་བྱས་ལ། །འགལ་བྱེད་བཀུག་ལ་བསྟིམ་པར་བྱ། །གསད་སྔགས་བརྗོད་ཅིང་ཐུན་གྱིས་བྲབ། །རྟགས་དང་ལྡན་ན་ལས་ལ་སྦྱར། །ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་། །ཡུངས་ཀར་ཡུངས་ནག་སྐེ་ཚེ་དང་། །ཁྲག་དང་དུག་སྣ་ཚོགས་ཚད་དང་། །རབས་ཆད་ཐོད་པར་བཅུག་ལ་བྲབ། །ཕུར་བ་གནས་ལྔ་དག་ཏུ་གདབ། །ཕྱི་རོལ་ཐུན་མཚམས་ཕུར་པས་གདབ། །ཚད་དང་ལྡན་ན་རྩང་གིས་བསུར། །གདུག་ཤིང་མདའ་གཞུ་ཚད་ལ་ནི། །འུག་སྒྲོ་བསྐྱོན་ལ་བརྡེག་པར་བྱ། །མ་མོ་རྣམས་ནི་ཞགས་པས་བསྡམས། །ནག་པོ་གཅེར་བུར་མཚོན་བསྣུན་ནས། །ཁ་ནས་ཁྲག་དྲོན་སྒྱུག་པར་བསམ། །དྲག་པོ་རལ་གྲི་སོ་ཡིས་ག་། །མི་རྐང་རྟ་རྐང་གཡས་པས་བརྡུང་། ། གཏོར་མ་བླུད་ལ་སྤྱིན་སྲེག་བྱ། །ཐལ་བ་རླུད་ཆུ་རྒྱ་གྲམ་གནན། །ས་རྡོ་ལ་སོགས་གཉན་པ་ཡི། །སར་ནི་བདེན་བརྡར་གནན་པ་བྱ། །མགོན་པོ་ནག་པོ་སྨད་ལས་དྲག་པོའི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། ཨུབྱ་དྷ་མེ་གོ་རོ་པ་ནི་ས་དྷི་བྷ་བ་མ་ཧྭ་ཏན་ཏྲ་ནཱ་མ། བོད་སྐད་དུ། འཕགས་པ་སྐྲུ་གྲི་