Difference between revisions of "Ngb-pt-0844-vol-09-text"

From Rangjung Yeshe Wiki Texts
Jump to navigation Jump to search
 
 
(No difference)

Latest revision as of 11:50, 20 March 2020

Front[edit]

Body[edit]

རྒྱ་གར་སྐད་དུ། ཤི་མ་ཧྭ་ཀྭ་ལ་གུ་རྒྱ་ཙིསྟ་ཙོ་རི་ནཱ་མ་ཏན་ཏྲ། བོད་སྐད་དུ། དཔལ་མགོན་པོ་ནག་པོ་གསང་བ་ཐུགས་ཀྱི་སྐྲུ་གྲིའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཁྲོས་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ལྕང་ལོ་ཅན་གྱི་ཕོ་བྲང་ན། དཔལ་རྡོ་རྗེ་གཏུམ་པོ་ཉིད་ལས་མི་ཞན་པའི་འཁོར་ཁྲོ་བོ་བདུད་རྩི་འཁྱིལ་པ་ལ་སོགས་པ་དང་ཐབས་ཅིག་ཏུ་བཞུགས་པ་ལས།དཔལ་མགོན་པོ་ནག་པོ་མ་ཧྭ་ཀྭ་ལ་ཞེས་བྱ་བས་བསྟན་པ་བསྲུང་བར་དམ་བཅས་སོ། །དཔལ་མགོན་པོ་ནག་པོ་གསང་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཁྲོ་བོ་བདུད་རྩི་འཁྱིལ་པས་གསོལ་པ། ཀྱེ་མ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ། མ་འོངས་པའི་དུས་སུ་སངས་རྒྱས་བསྟན་པ་གཉན་པར་བྱ་བའི་ཕྱིར། མ་་ཧྭ་ཀྭ་ལའི་རྟོག་པ་བཤད་དུ་གསོལ། ཞེས་གསོལ་པས། རྡོ་རྗེ་གཏུམ་པོས་བཀའ་སྩལ་བ་ནི། ཉོན་ཅིག་འདུས་པའི་འཁོར་རྣམས་ཚོགས། །མ་ཧྭ་ཀྭ་ལ་འོད་འབར་འདི། །བསྟན་པ་བསྲུང་བར་ཁས་བླངས་པའི། །དེ་ཡི་རྟོག་པ་ང་ཡིས་བཤད། །དམ་ཚིག་ལྡན་པའི་སྔགས་པ་ཡིས། །དབེན་པའི་གནས་སུ་སྟེགས་བུ་བརྩིག །ལྕགས་སམ་ཁམ་པའི་ སྤར་བུ་སྲ །དཀར་གསུམ་མངར་གསུམ་རྒུན་འབྲུམ་དང་། ཁེང་ཐོགས་ལ་སོགས་བཤམ་པར་བྱ། །དེ་ནི་དང་པོ་བསྙེན་པའི་རྫས། །ཡང་ན་གཏོར་མ་ཉིད་ལ་བརྟེན། །བསྒྲུབ་པ་བྱེད་པའི་དུས་ཉིད་དུ། །ཟླ་གམ་ནག་པོ་ཁྲུ་དོ་པ། །ཞེང་དུ་ཁྲུ་གང་ལྡན་པར་བྱ། །བན་དྷ་མཚན་དང་ལྡན་པ་སྲ །དྲི་ཡི་སྙིང་གི་རྩ་ལག་བཅས། །བདུད་རྩི་ཁྲག་དང་ཤ་ཆང་ཕུད། །ཁྲུ་བྱེད་དག་ཏུ་བཤམ་པར་བྱ། །ལས་དུས་མཎྜལ་གྲུ་བཞིའི་དབུས། །གྲུ་གསུམ་ཕྱི་རོལ་ཟླུམ་པོ་ལ། །ཐོད་པའི་ཁོལ་མ་བདུན་བཏང་ལ། །རྡོ་རྗེ་ར་བས་བསྐོར་བར་བྱ། །དུར་ཁྲོད་སོལ་བས་དབུས་སུ་བྱུག །ཟླ་གམ་གསུམ་ནི་དམར་པོར་བྱ། །ཐ་མ་རྩང་གིས་ཁ་བསྐོར་ལ། །དགྲ་ཡི་བདུད་རྩི་རྐང་རྗེས་དང་། །མཆིལ་སྣབས་མིང་རུས་ལིང་ག་བྲིས། །གཟུངས་ཐག་ནག་པོ་བཏགས་བྱས་ལ། །སེང་ལྡེང་ཕུར་པས་བརྟོད་པར་བྱ། །དུག་དང་ཡུངས་ཀར་སྔགས་བྱས་ཏེ། །ལིག་ག་དག་ལ་བསྣུན་པར་བྱ། །གཞན་ཡང་བཤོས་བུ་མདའ་ནག་དང་། །རིམ་པར་བཤམས་ལ་བསྙེན་བསྒྲུབ་བྱ། །དེ་ཡིས་དོན་རྣམས་མངོན་དུ་འགྲུབ། །ཅེས་གསུངས་སོ། ། དཔལ་མགོན་པོ་ནག་པོ་གསང་བའི་རྒྱུད་ལས། དམ་རྫས་བསགས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ལ། མགོན་པོ་ནག་པོས་སྨྲས་པའི་སྔགས་རྣམས་བཀའ་སྩལ་པ། ཨོ་ཤི་ཀྭ་ལ་ལ་དུ་པ་ཧུ༷་ཕཊ།སྐུའི་སྔགས་སོ། །ཨོ་མ་ཧྭ་ཀྭ་ལ་ཡ་ཧུ༷་ཕཊ། གསུང་གི་སྙིང་པོའོ། །ཨོ་མ་ཧྭ་ཀྭ་ལ་རག་ཤ་དུ་བེང་ནི་ཛ། ཐུགས་ཀྱི་སྙིང་པོའོ། །འདི་རྣམས་བཟླས་ན་མངོན་དུ་འོང་། །འོད་དང་སྒྲ་དང་བན་དྷ་མོན། །བྱ་ནག་ཁང་པ་འཚེག་པར་འོང་། །དེ་དག་དྲིལ་ནས་ལས་ལ་སྦྱར། །བཱ་ར་ཡ་དང་བཅས་པས་བརྡེག །བསྙེན་པའི་དུས་སུ་གསུང་གི་དྲངས། །དེ་རྗེས་སྐུ་ཡི་ཤམ་བུ་གདགས། །ཐུགས་ཀྱི་སྙིང་པོ་ཐུན་མཚམས་བཟླས། །ཡང་ན་གསད་པའི་ལས་བྱེད་ན། །ཨོ་མ་ཧྭ་ཀྭ་ལ་རག་ཤ་དུ་བེང་ནི་ཛ། ཨོ་ཤི་མ་ཧྭ་ཀྭ་ལ་དུ་པ་ཧུ༷་ཕཊ། ཆེ་གེ་མོ་མྱ་ར་ཡ། ད་ཧ་ད་ཧ། ཏིག་སྣ་ཏིག་སྣ། ཡག་ཤ་རྦད་རྦད། ཅེས་སོ། ། བཀྲ་ཤིས་ལ་ཚན་ཆེ་བར་འདོད་ན་རེ་མ་ཏིའི་སྙིང་པོ་ནི། ཏྲག་རག་ཤ་སྙིང་ཁ་རག་མ་སྨྱོ་སྨྱོ། ཤཱ་ར་ཡ་རྦད། ཅེས་བརྡེག་གོ །ལས་འགོར་ན། མོན་པ་འདིས་ལས་ཐམས་ཅད་བྱེད་པས། ཨོ་དྲི་ཛ་སྙིང་ལ་ཡ༷་ཐུ༷། རིལ་རིལ་སྦྲ་ལུས་ལ་ཡ་རྦདཔ་ནི་ཤག་སྙིང་ལ་ཡ། ཞེས་བརྡེག་པར་བྱའོ། །ནོར་འཕེལ་བར་འདོད་ན། འཁོར་གྱི་ཛམབྷ་ལའི་སྙིང་པོ་ནི། ཨོ་ཛ༷་བྷ་ལ་ཛ་ལེན་དྲུ་ཡ་སུ་རུ་སུ་རུ་སརྦ་དྷིག་ནན། ཨ་ཏ་ཡ་ཧོ་སྲུ་ཧྭ། བཟླས་པས་ཅི་བསམ་འགྲུབ་པའོ། །ནོར་ལ་འབྲེང་བར་འདོད་ན། ཨོ་མ་ཧྭ་ཀྭ་ལ་རག་ས་དུ་བེང་ནི་རྫི་སརྦ་འབྲེང་བ་སུ་ཀི་སྨྱོ། བུད་མེད་ལ་འབྲེང་བར་བྱ་ན། ཨོ་མ་ཧྭ་ཀྭ་ལ་ཡ་བུད་མེད་ཆེ་གེ་མོ་ཧུ༷་ཧུ༷་ཛ་ཛའབྲེང་ཧུ༷་ཕཊ། སེར་བསྲུང་ན། སེར་བ་པྲ་ཏང་ཀི་ར་ཡ་ཤག་ཕཊ། ཨུ་ཙ་ཏ་ཡ་ར༷་ཕཊ། ཅེས་གསུངས་སོ། ། དཔལ་མགོན་པོ་གསང་བའི་རྒྱུད་ལས། གསང་བ་སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཀའ་སྩལ་པ། བསྒྲུབ་པའི་གནས་སུ་རྒྱལ་བ་ཡི། །རྟེན་དང་མགོན་པོའི་བྲིས་སྐུ་དགྲམ། །མཆོད་པ་དག་གིས་མཛེས་པར་བྱ། །གཏོར་མ་གསོབ་དང་རྒྱན་དང་བཅས། །རིམ་པར་བཤམས་ཏེ་བསྒྲུབ་པར་བྱ། །དེ་ཡི་མགོན་པོ་བཀའ་བཞིན་དུ། །མངོན་དུ་གྱུར་ཏེ་ལས་རྣམས་འགྲུབ། །ཅེས་གསུངས་སོ། །དཔལ་མགོན་པོ་གསང་བའི་རྒྱུད་ལས། མགོན་པོ་ཉེ་བར་བྱ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་གཞན་ཡང་བཀའ་སྩལ་པ། ། བསྟན་པ་བསྲུང་བར་འདོད་པ་ཡིས། །བདག་ཉིད་ཕྱག་ན་རྡོ་རྗེར་བསྐྱེད། །མདུན་དུ་ཧཱུཾ་ལས་མགོན་པོ་ནི། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །གཡས་ན་ཙན་དན་བེང་དང་ནི། །གཡོན་པ་སྤར་བུ་དཀུ་ལ་བརྟེན། །དར་ནག་འཇོལ་བེར་གསེར་སྐེད་ཅན། །སག་ཏིའི་ལྷམ་ཆེན་སྟག་ལ་ཆིབས། །གཡོན་ན་ལྷ་མོ་རེ་མ་ཏི། །དྲེལ་རྟ་ཞོལ་ནས་ཁྲ༷་ཤིང་རྐྱལ། །མོན་པ་དམར་ནག་སྔོན་པོ་དང་། །ལས་ཀྱི་མོན་པ་བེ་ཅོན་ཐོགས། །ལྕེ་སྤྱང་དོམ་དྲེད་བྱ་ཁར་བཅས། །ཛམ་བྷ་ལ་ནི་ནག་པོས་ཏེ། །བྲི་ཛ་པྱུ་ར་ཐོད་པ་ཅན། །མོས་བསམ་བཀའ་ཉན་ཚུལ་དུ་བསྐྱེད། །རང་བཞིན་སྤྱན་དྲངས་བསྟིམ་ཕྱག་འཚལ། །དེ་ལ་གཏོར་མ་དབུལ་བ་ནི། །ཧུ༷། ང་ནི་ཁྲོ་བོའི་རྒྱལ་པོ་སྟེ། །ལག་ན་རྡོ་རྗེ་རྩེ་ལྔ་འཆང་། །རྡོ་རྗེའི་ལུས་ལ་རྡོ་རྗེ་འཕྲོ། །ཐམས་ཅད་མ་ལུས་ཟིལ་གྱིས་གནོན། །དེ་ཡིས་བཀའ་ཉན་ཆོས་སྐྱོང་མགོན། །མ་ཧྭ་ཀྭ་ལ་མཐུ་བོ་ཆེ། །ཁྱོད་ལ་དད་པས་མཆོད་པར་འབུལ། །བདག་གི་འཕྲིན་ལས་མྱུར་དུ་མཛོད། །ཨོ་མཧྭ་ཀྭ་ལ་རག་ཤ་དུ་བེང་ནི་ཛ། ཨོ་ཤི་མཧྭ་ཀྭ་ལ་དུ་པ་ཧུ༷་ཕཊ། ཨོ་མཧྭ་ཀྭ་ལ་ཡ་ཧུ༷་ཕཊ། ཏྲག་རག་ཤམ་སྨྱོ། ཛསྟ་ལ་ཛ་ལེན་དྲུ་ཡ་གྲྭ་ཧྭ། མོན་པ་ས་པ་ལྭ་ར་ལི་ཨི་དམ་གྲོ་ཏྣ་གྲོ་ཏྣ་ཁ་ཁ་ཁུ་ཧི། ཞེས་དབུལ་བར་བྱའོ། །ཞེས་གསུངས་སོ། །མ་ཧྭ་ཀྭ་ལ་གསང་བའི་རྒྱུད་ལས། མཆོད་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་བཀའ་སྩལ་པ། །རྣལ་འབྱོར་བ་བསྙེན་པ་བྱེད་དུས་སུ་ལས་གཉེར་གཏད་པ་ནི། དཔལ་ལྡན་མགོན་པོ་ནག་པོ་ཤི་མ་ཧྭ་ཀྭ་ལ་བདུད་འདུལ་གྱི་དབང་ཕྱུག རིགས་འཛིན་གྱི་སྲོག་ཤིང་། རྣལ་འབྱོར་གྱི་དགྲ་ལྷ་དམ་པ། ཆོས་སྐྱོང་བའི་སྲུངས་མ། སྲིན་པོ་ལང་ཀ་པུ་རངས་གྲོང་ཁྱེར་གཏན་ནས་བརླག་པར་བྱེད་པ། ལྷ་མ་ཡིན་གྱི་བུ་མོ་ནམ་མཁའི་གློག་མ་སྲིན་མ་འདུལ་བར་ཞལ་གྱིས་བཞེས་པ། མྱུར་མགྱོགས་ཀྱི་དཔའ་བོ་སྟག་ལ་ཆིབས་ནས་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་དབང་དུ་སྡུད་པ། ཕྱག་གཡས་ན་ཙན་དན་གྱི་བེང་ཆེན་པོ་བསྣམས་པ་ལ། བདུད་དང་སྲིན་པོའི་དམག་ཉི་ཁྲི་ཆིག་སྟོང་འགྱེད་པ། གཡོན་པ་ལྕགས་ཀྱི་པར་བུ་བསྣམས་པས་ཐམས་ཅད་སྒྲོལ་ཞིང་དགྲ་བོའི་སྙིང་ཁྲག་འཐུང་བ།ལྷོཕྱོགསཀྱིགཤིནརྗེཆེནཔོ་བརྒྱད་དོམ་དྲེད་དང་སྟག་གཟིག་ཏུ་སྦྲུལ་ཏེ་སྔོན་ལ་རོལ་བ། བྱང་ཕྱོགས་ཀྱི་གནོད་སྦྱིན་བརྒྱད་ལྕགས་ཀྱི་བྱ་ཁྲ་སྤྲུལ་ནས་ཕྱི་ནས་འབྲེང་བ། དཔལ་ལྷ་མོ་རེའུ་མ་ཏི་ཁྲ༷་ཤིང་དང་ནད་རྐྱལ་ཐོགས་པ་རླུང་ནག་འཚུབ་མའི་དབུས་ན་བཞུགས་པ། ནོར་བདག་ཛསྦྱུ་ལ་དང་བཅས་པ་དམ་རྫས་ཀྱི་གཏོར་མ་འདི་གསོལ། བདག་གི་འཁོར་དུ་བཅས་པ་སྲུངས་ཤིག ནོར་དང་རིགས་བརྒྱུད་སྤེལ་ཅིག དགྲ་བོ་བརྣག་པ་འདི་སོད་ཅིག ཅེས་པས་གཉེར་དུ་གཏད་པར་བྱའོ། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་སྟོ་གསང་བའི་རྒྱུད་ལས། ལས་གཉེར་གཏད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་བཀའ་སྩལ་པ་ནི།བསྒྲུབ་བྱ་སྒྲོལ་བར་འདོད་པ་ཡིས། །རང་ཉིད་གཏུམ་པོའི་ང་རྒྱལ་གྱིས། །དཔལ་ལྡན་མགོན་པོ་དྲག་ཏུ་བསྐུལ། །ལིང་ཁ་དག་ལ་ཐུན་དུ་བྲབ། །རྟགས་ནི་ཤིང་གཅད་གཡག་གསད་དང་། །སེམས་ཅན་གསད་དང་དགྲ་དངོས་གསད། །ལིང་དང་ཇག་པ་འགྲོ་བ་ན། །ལིང་ག་ཐོད་པར་བཅུག་ལ་མནན། །དེ་ཡིས་གཟས་པས་གཏན་ནས་འཕོ། །ཞེས་གསུངས་སོ། །དཔལ་མགོན་པོ་གསང་བའི་རྒྱུད་ལས། མན་ངག་དོན་གྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་བཀའ་སྩལ་པ། །རྒྱུད་འདི་མགོན་པོ་གསང་རྒྱུད་དེ། །རྣལ་འབྱོར་ནད་པ་གསོ་བའི་ཚེ། །སྲིའུ་ལ་སོགས་ཐམས་ཅད་ལ། །རྟག་གཏོར་བཅས་ལས་འཕྲིན་ལས་བཅོལ། །འདི་བསྒྲུབ་ཡོན་ཏན་དཔག་ཏུ་མེད། །རང་ཉིད་ཚེ་རིང་ནད་མེད་དང་། །ལོངས་སྤྱོད་གྲགས་པ་འཁོར་རྣམས་སྲུན། །ནོར་དང་ཆུ་མ་ཡན་དུ་བ་། །རྣལའབྱོརགཤིསངན འགུམ་མི་འགྱུར། །དམ་ཆོས་སྒྲགས་ནས་གཏོར་མ་དབུལ། །འདི་གྲུབ་ཡོན་ཏན་དཔག་ལས་འདས། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་གསང་བའི་རྒྱུད་ལས། བསྒྲུབ་པའི་ཡོན་ཏན་གྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་བཀའ་སྩལ་པ། །མ་ཧྭ་ཀྭ་ལའི་བཀའ་ཉན་ནི། །ལྷ་སྲིན་ཐམས་ཅད་འཁོར་ཡིན་ཏེ། །འཁོར་དུ་མ་གྱུར་གང་ཡང་མེད། །དེ་རྣམས་བཏགས་ན་ལས་མྱུར་ཏེ། །དངོས་སུ་མོན་ནམ་རེའུ་མ་ཏི། །ཛ༷་བྷ་ལ་ཉིད་བསྒྲུབ་པར་བྱ། །རྣལ་འབྱོར་བཀྲ་ཤིས་མཆོག་ཏུ་འགྱུར། །ཞེས་གསུངས་སོ། ། དཔལ་མགོན་པོ་གསང་བའི་རྒྱུད་ལས། བཀའ་ཉན་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ག་་པོས་འཁོར་རྣམས་ལ་བཀའ་སྩལ་པ་ནི་ཀྱེ་མའོ་ལྔ་བརྒྱ་དུས་མཐའ་མའི་དུས་སུ། རྣལ་འབྱོར་མ་འོངས་དམ་ཚིག་ཅན་རྣམས་ལ་ཕན་པའི་ཕྱིར། དཔལ་མགོན་པོའི་རྒྱུད་འདི་གསང་ལ་ཡོངས་སུ་བཟུང་ཞིང་བཅང་བར་བྱའོ། །ཞེས་བཀའ་སྩལ་པ་དང་། འཁོར་རྣམས་རྗེས་སུ་ཡི་རང་བར་གྱུར་ཏོ། །དཔལ་མགོན་པོ་ནག་པོ་གསང་བའི་ཐུགས་ཀྱི་སྐྲུ་གྲིའི་རྒྱུད་ལས། ཡོངས་སུ་བཟུང་ཞིང་གཏད་པའི་ལེའུ་སྟེ་བཅུ་པའོ།། །།དཔལ་མགོན་པོ་ནག་པོ་གསང་བ་ཐུགས་ཀྱི་སྐྲུ་གྲིའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།རྡོ་རྗེ་ཡང་དབང་གཏེར་བདག་ལ་གུ་རུ་བ་སུ་དྷ་རས་གཏད་ནས་མངོན་དུ་བཀོལ་ཏེ། ཆོས་ཐམས་ཅད་ཀྱི་བཀའ་བསྲུངས་སུ་གཞག་་ངང་ངཚི་་་་ཚེང་་་་ཞེག །ཕྱ་རབས་ཀྱ་རྣལ་འབྱར་པ་རྣམས་ཀྱས་དམ་ ག་ལ་གནས་པར་བྱས་ཏ་བསྒྲུབས་ན། དངས་སུ་ཞལ་སྟན་པར་འགྱུར་ར། །དམ་ལ་གནས་པས་ ་རང་གྲགས་པ་ཐབ། བསད་ནམས་རྒྱལ་པར་འགྱུར་ར། ། ས་ང་་་ང་་ངངང་རྗེབེངགུ་རུ་བ་སུ་དྷ་རའ་ཞལ་ནས་གསུངས་ས། །མགན་པ་རྒྱུ་དང་སྒྲུབ་ཐབས་མ་མཐུན་པ་དང་རྒྱུད་དང་བཅས་པ་མང་དུ་གྱུར་ཏ། རང་ག་རྫ་ལ་ཐམས་ཅད་སྦས། ཐུགས་ཀྱ་ཡ་དམ་རྡ་ ་ཡང་ད ན་འཕྲུལ་གྱ་གཞལ་ཡས་སུ་སྦས་སོ། །རྣལ་འབྱོར་དབང་ཕྱུག་དུད་འགྲོ་སྤྲེལ་ལོ་པ་བོང་རིང་བ་ཤ་སེར་བ་ལུས་སྤྲ་བས་རྙེད་པར་འགྱུར་རོ། །དེ་ནས་ལས་འཕྲོ་ཅན་འགའ་དང་འཕྲད་དེ་དམ་ཚིག་ལ་གནས་པར་བྱའོ། །ཞེས་རྡོ་རྗེ་ཡང་དབང་གཏེར་གྱིས་སྨྲས་སོ་ཨང་། དམ་མེད་ལག་ཏུ་ནམ་ཡང་ཕྲད་པར་མ་གྱུར་ཅིག ཕྲད་ན་ཡང་འཚིག་པར་གྱུར་ཅིག །རྒྱ་རྒྱ་རྒྱ། ྅། ཁ་ཐ༷།། །།