Difference between revisions of "Ngb-pt-0838-vol-09-text"

From Rangjung Yeshe Wiki Texts
Jump to navigation Jump to search
 
 
(No difference)

Latest revision as of 11:50, 20 March 2020

Front[edit]

Body[edit]

གདམས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དཔལ་མགོན་པོ་ནག་པོ་དུག་གི་སྤུ་གྲི་གསང་བའི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། ཕྲི་མ་ཧྭ་ཀྭ་ལ་ཨ་མནརྟ་ཀྲཛི་གུ་རྒྱ་ཏན་ཏྲ།བོད་སྐད་དུ། དཔལ་ནག་པོ་ཆེན་པོ་དྲག་སྔགས་ནག་པོའི་གསང་བའི་རྒྱུད། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་གཏུམ་ཁྲོས་རྔམ་པ་ཉིད།དུར་ཁྲོད་ཆེན་པོ་ལྕང་ལོ་ཅན་བེ་རོ་བརྩེགས་པ་ན། གནམ་ལྕགས་བརྩེགས་པའི་གཞལ་ཡས་ཁང་ན། དྲེགས་པ་དབང་དུ་སྡུད་པའི་ཏིང་ངེ་འཛིན་ལ་རྔམ་པར་བཞུགས་ཏེ། ཡེ་ཤེས་ཁྲོ་བོ་ཆེན་པོ་དང་། རྡོ་རྗེ་ཁྲོ་བོ་རོལ་པ་དང་། འཇིགས་བྱེད་དྲེགས་པ་ཅན་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་དེའི་དུས་ན་འཁོར་དེ་དག་གི་ནང་ནས་གནོད་སྤྱིན་གྱི་སྡེ་དཔོན་རྣམ་ཐོས་སྲས་སྟན་ལས་ལངས་ནས། བཅོམ་ལྡན་འདས་ལ་གསོལ་པ། རང་བྱུང་ཡེ་ཤེས་ཆེན་པོས་ཀུན་ཁྱབ་ཀྱང་། །བདེ་དོན་ནམ་རྟོགས་ལོག་པར་འཁྲུལ་པ་ཡིས། །བསྟན་པ་འཇིག་ཅིང་འབྲས་བུ་དམྱལ་ཁམས་འཁོར། །དེ་བསྒྲལ་ཐར་ལམ་བསྟན་པའི་འཕྲིན་ལས་མཛོད། །ཅེས་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཁྲོ་བོ་དེ་ཉིད། སེམས་ཅན་ལས་ཀྱིས་ཁམས་གསུམ་དུ་འཁོད་དེ། བསྟན་པའི་བར་གཅོད་ཅིང་འབྲས་བུ་དམྱལ་ཁམས་སུ་འཁོར་ཏེ། ཐུགས་རྗེ་ཆེན་པོས་བསྒྲལ་ཞིང་ཐར་ལམ་བསྟན་པའི་ཕྱིར། མ་ཧྭ་ཀྭ་ལ་དྲེགས་པ་འདུལ་བའི་དབང་དུ་སྡུད་པའི་ཡང་སྙིང་འདི་དག་ཆེད་དུ་གསུངས་སོ། །ཨེ་རྔུབས་ཨེ་བཛྲ་ས་ཏ་ཧྲིལ་བ་ཧི་ཨུ་ནི་ནེ་ཨ་ལེ་ནེ།སྟོབས་ཆེན་ཁྲོ་བོ་རྔམ་པ་ཉིད། །གནད་ཀྱིས་བཏབ་པའི་དྲག་སྔགས་མཆོག །འདི་ཉིད་ཆེད་དུ་གསུངས་པ་ལ། ། དྲེགས་པ་ཐམས་ཅད་བརྒྱལ་བར་གྱུར་ཏོ། །དེ་ནས་འཁོར་དེ་དག་གི་གཙོ་བོ་རྒྱལ་པོ་རྣམ་ཐོས་སྲས་ཀྱི་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ། སངས་རྒྱས་འདུས་པའི་ཁྲོ་བོ་གོས་སྔོན་ཅན། །གསང་ཚིག་རྔམ་པའི་གསུངས་སྒྲོགས་གསང་ཚིག་ཅན། །དྲེགས་པ་འཁོར་བཅས་རབ་ཏུ་སྐྲག་ཅིང་བརྒྱལ། །ལྔ་འདུས་དངས་མ་འོད་ཀྱི་ག་རུ་ནས། །རྩ་ལྕུགས་ལས་ཀྱིས་འབྲེལ་པའི་སྲོག་སྙིང་འབུལ། །ཅེས་གསོལ་བ་བཏབ་པས། དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ཅི་ཡང་མ་ཡིན་པ་ཞེས་བྱ་བ་མཉམ་པ་ཉིད་ཀྱིས་ཀུན་ལ་ཁྱབ་པར་མཛད་དོ། །དེའི་བྱིན་བརླབས་ཀྱིས་དྲེགས་པ་དེ་དག་དྲན་པ་རྙེད་དེ། རང་རང་གི་སྲོག་གི་སྙིང་པོ་བཅོམ་ལྡན་འདས་ལ་ཕུལ་ལོ། །ན་དྲི་བཛྲ་ལྷུ་ཀ། ཡག་བྷ་ཀྟ་ཀྟ། ཏི་རག་ཀ་ལ། ལ་ར་ཧྲི་ཀ་ཀ་མ་ལི་གིར་ཧ་བཛྲ་མ་ཧྭ། ཁྲག་མ་ཧྲིང་ཁྲམ་ཤ་མ་ལ་མུ་མུ། ར་ཏི་དུན་ཐུན་ཏྲ་བྷ་སྲ ཨ་ར་མེ་ལ་ཙ་པ་ཤུག་ཙ། ནག་མོ་སྨྱོ། ཤ་ལ༷་་ག་མོ་རག་ཏེ། ན་ཧ་ས་ག་ཏི་དུ་ཧུ༷། ཏྲི་ཤུ་ཡ༷་ར་ཤམ་ལ་ཛ་ཙ། ས་ཏྲི་བཛྲ་རུ་ཐུ༷་ནཱ་ག རྩ་ལྕུགས་འབྲེལ་པ་སྙིང་གི་ཏིག །སྲོག་གི་ཁྲོ་བོ་གྲོང་ཁྱེར་དཀྲུག་པའི་མཆོག །དམོད་པ་གནད་ཀྱི་བཏབ་པའི་ལས། །སྡེབས་དང་རྐྱང་བར་ཤེས་པར་དབྱེ། །སྲོག་འབྲུབ་ཤེས་པ་ཉེ་བར་འདུ། །རྩ་སྲོག་འབྲེལ་པའི་སྤུ་གྲི་གཅོད། །དམོད་པ་གསང་བའི་སྤུ་གྲི་བསྣོལ། །དགུ་བསྐོར་ལས་ཀྱིས་དེ་ཤེས་བྱ། །ལས་མི་བྱེད་ན་ཤི་ས་བསྟན། ། ཧ་ལ་ནག་པོ་སྐྲུ་གྲི་འགྱུར། །ཞེས་གསུངས་སོ། །དྲག་སྔགས་ནག་པོ་གསང་བའི་རྒྱུད་ལས། །གླེང་བཞི་སྔགས་ཀྱི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཕྱིར། ནག་པོ་ཆེན་པོའི་བསྒྲུབ་ཐབས་འདི་གསུངས་སོ། །ཡང་ཏིག་གསང་བའི་མགོན་པོ་འདི། །བསྒྲུབ་པ་ཡང་གསང་སྙིང་པོའི་མཆོག །དེ་དག་དོན་མཆོག་སྙིང་གི་ཏིག །ཧ་ལ་ནག་པོ་ལས་ཀྱི་གཅོང་། །སྙིགས་མ་ལྔ་ནི་མར་བསྒྲིབས་ལ། །ལྟ་སྤྱོད་ལྡན་པའི་རྣལ་འབྱོར་པས། །རབ་ཏུ་འཇིགས་པ་རྩུབ་འགྱུར་ཚལ། ཁྲན་པ་མཚོན་ཐོགས་གཅན་གཟན་འགྲིམ། །དེར་ནི་མཎྜལ་ཆེད་དུ་བྱ། །གྲུ་གསུམ་མཐིང་ནག་ཁ་ཁྱེར་རྩང་། །དར་ནག་ལྡིང་ཁང་བྱ་རྒོད་མདའ། །རབ་ཏུ་མཉེས་པའི་མཆོད་གཏོར་བཤམ། །དེ་ནས་རྣལ་འབྱོར་དབང་ཕྱུག་ཆེ། །གསུམ་མམ་རྫོགས་ལ་སྐད་ཅིག་ལ། །རྡོ་རྗེ་ག་་པོ་ཁྲོ་བོ་སྐད་ཅིག་མས། །མདུན་དུ་ལས་མཁན་ནག་པོ་ཆེ། །ཞལགཅིགཕྱགགཉིས་རབ་དུ་རྔམ། ། སྟག་གི་སྨ་ར་མེ་ལྟར་འབར། །བེང་ཆེན་པར་བུ་ཁྲག་གིས་བཀང་། །དཔའ་བརྟུལ་མྱུར་མགྱོགས་སྟག་ལ་ཆིབས། །འདོད་ཁམས་དབང་ཕྱུག་ཆེན་མོ་ཡང་། །ཚུབ་མའི་ནང་ན་དྲེད་མོ་ཆིབས། །གསང་སྔགས་འདི་ཡིས་བསྐྱེད་པར་བྱ། །ཨོ་མཧྭ་ཀ་ལ་བྷ་ན་སྒུ་ཏི། ཀ་མ་ལ་ཤ་རི་ནག་མོ་ཏིང་ལ་མ་སྨྱོ། འཁོར་གྱིས་ལས་མཁན་དྲེགས་པའི་ཚོགས། །རང་རང་སྤྲུལ་པར་བཅས་པ་ཁྱོད། །སྤྱན་དྲང་ཕྱག་འཚལ་བཞུགས་མཆོད་བསྟོད། །དུར་ཁྲོད་རྔམ་པའི་གནས་ནས་བསྐུལ། །ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས། ལས་ཀྱི་སྲིན་པོ་གདོང་དམར་གདུལ་བའི་ཆེད་དུ་མགོན་པོ་ནག་པོ་སྤུ་གྲི་རེ་ཆེད་དྲག་སྔགས་བཅུ་བདུན་གྱི་ངན་སྔགས་འདི་གསུངས་སོ། །དྲག་པོ་ཤུགས་ཀྱིས་སྒྲོལ་བའི་མཆོག །ཞིང་རས་རྒྱ་ཤོག་ཁྲུ་གང་ལ། །དུས་ལྔས་བྱུགས་ལ་ཁྲག་གསུམ་གྱིས། །དབུས་ནས་རིམ་པ་བཞི་རུ་བསྐོར། །གྲུ་གསུམ་ཟླ་ཁམ་ལྕགས་མཁར་མདུན། །ཕྱི་རིམ་རྩིབས་བདུན་ཐ་མ་སྦྲུལ། །སྡིག་པ་ནག་པོ་ལྟེ་བར་བྲི། །ལིང་ག་གྲི་ཐོད་འབྲུབ་ཁུང་ནག །གཅོད་པའི་འཁོར་ལོས་ཁ་གཅད་ལ། །དྲག་སྔགས་དམོད་པ་ལྔ་འམ་དགུ །བཅུ་གཉིས་གཅིག་ཏུ་དྲག་པར་བཟླས། །སྲོད་དང་ཐོ་རངས་དྲེགས་པ་བསྐུལ། །དམ་རྫས་གཏོར་མས་མཉེས་པར་བྱ། །ཨེ་མན་ཏྲ་ཡ༷་གུ་ཧུ་སྨྱོ། ཙིསྟ་སི་ར་ཧུ་ར་ཐུ༷་ཛ། ཤ་ཏྲུ༷་ཧུ༷་གི་ལྗང་ཁུ་ནི། །དཀར་ནག་མཚམས་ནས་ཐོད་པར་སྡུད། །རྫོགས་ནས་ལིང་ག་འཁོར་བཅས་རྣམས། །ཞབས་མ་རེ་བ་ཚས་ཀྱིས་དྲིལ། །ནག་པོ་གསུམ་ལ་འགྲན་ཟླར་གཏད། །ཉ་སྟོང་དམོད་པ་ཟེར་ཁ་གསོད། །དེ་ནས་ཡང་རྡོ་རྗེ་ག་་པོས་དྲག་སྔགས་འབྲུ་བདུན་གྲོང་ཁྱེར་འདི་གསུངས་སོ། །ཨེ་བཛྲ་བཱ་ཁེ་ཨ་དྷི་པ་ཏ་ཡེ། གིང་ཀར་ཀྲོ་དྷ་ནི་ཧྲིང་། བྷ་ན་ལྷུ་ཏི་པ་ཏྲ་དུན་བཛྲ་ཡག་ཤ་ཏྲི་སྣ་དྷ་ཤ །མ་མ་ཏྲག་ཧེ་ད་རག་མོ་ཤམ། སྙིང་སྣ་ཀ་ལ་ཙི་མུན་ཏི། ཡག་ཤ་ནག་མོ་ཙིཉི་ཤ༷། དགྲ་བོའི་སྲོག་ལ་བྲེང་ཤ་རྦད། ཙིཏི་རོ་མྱག་ལིང་ཤག་རྦད། སྙིང་ཁྲག་ཚལ་པ་ཡ༷་ལིང་རྦད། ཐུ༷་རི་ལི་ལི་ཐུན། སྨྱོ་སྨྱོ་སྟ༷་པ་ཛ་ནན། ཉིན་དྲིལ་མཚན་གཏོར་དྲག་པོའི་ལས། །སྟོབས་ཆེན་ཁྲོ་བོ་ང་ཡིས་བཤད། །ཅེས་གསུངས་སོ། ། དྲག་སྔགས་ནག་པོའི་རྒྱུད་ལས། མགོན་པོ་བསྒྲུབ་ཅིང་རུ་ཏ་བསྒྲལ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་མཐུ་སྟོབས་བདག་པོ་རྡོ་རྗེ་འཛིན་པས། ལས་ཐམས་ཅད་ཀྱི་ཐུགས་ཀ་གནམ་ས་ཞབས་བཟློག་ལྷ་སྲིན་ལ་དཀྲུག་ཅིང་དགྲ་ལ་རང་གཤེད་དབབ་ཅིང་སྲོག་ལ་ཆན་པ་གདབ་པའི་ལས་འདི་གསུངས་སོ། ཁྲཀ་ཐུབ་བསྟན་པ་འཇིག་ཀ་མ། །རྩི་ཤིང་ནགས་ཚལ་སྐམ་དུས་སུ། །དྲག་པོས་གདབ་པའི་སྔགས་རྒོད་དེ། །བདུད་ཀྱི་འོན་ཁུག་སྦག་མ་མྲ །བདུད་ཆད་རྫས་ལ་ལིང་ག་བྱ། །དྲི་བོའི་ཐོད་པར་ལིང་ག་བྲུབ། །ཐོད་པའི་ནང་དུ་འཁོར་ལོ་བཀྲམ། །ཐ་མ་མཎྜལ་ཆག་ཆག་གདབ། །དབུས་སུ་བ་ལིང་རྟེན་དང་བཅས། །ལྷོ་ལ་སོགས་པ་དགྲམ་པར་བྱ། །གྲི་མདའ་བཤོས་བུ་དར་ནག་དང་། །ཤ་ཁྲག་མདའ་དམར་བཤོས་བུ་དང་། །བཤོས་བུ་མདའ་དཀར་དར་དཀར་དང་། །དམེ་ཤ་འབྲུ་སྣ་ཧ་ལ་སྦ། ། དཀར་གཏོར་ཀླུ་སྨན་སྣ་ཚོགས་དང་། །དར་མདའ་ཟ་འོག་བཤོས་བུའི་རྟེན། །རྒྱ་ཤོག་དག་ལ་འཁོར་ལོ་བྲི། །དབུས་སུ་དྲག་པོ་དབང་དང་ལྡན། །ཕྱི་རིམ་ཡབ་ཡུམ་སྔགས་ཀྱི་ལུས། ། ཉི་ཤུ་རྩིབས་བཞི་སྤུ་གྲི་སོ། །བར་དུ་དྲེགས་པ་རྩ་བའི་སྔགས། །ཐ་མ་ཐོད་པའི་ར་བས་གཏམས། །དྲེགས་པ་ནག་འཇིགས་ལྟོ་བར་བྲི། །ཁ་སྦྱར་བར་སྣང་མཁའ་བྲི། །དྲེགས་པ་འདུལ་དྲིལ་ལས་སུ་རིག །སྡེབས་ཀྱི་ལས་སུ་བཤད་བྱ་བ། །བདུད་རྒྱལ་བཙན་དང་ཀླུ་གཉན་དང་། །མ་མོ་དགེ་བསྙེན་ལྟོ་བ་མྲ །སྔགས་ཀྱི་འཁོར་ལོ་རྫས་ཀྱིས་བྲི། །སྔགས་བདག་ཉིད་དང་གྲོང་ཁྱེར་སྦྲེལ། །རྐྱང་པ་སྒོ་ཡི་གྲོང་ཁྱེར་དཀྲུག །སྔགས་ཀྱི་སྦྱོར་བ་གསུམ་དུ་བསྡེབ། །ཀླད་དུ་སྟོབས་ཆེན་སྙིང་པོ་སྟེ། །བར་དུ་དྲེགས་པའི་སྲོག་སྙིང་གཏམ། །ཐ་མ་མིང་སྲོག་སྐྲུ་གྲི་གཅོད། །བཅོ་ལྔ་སྟོབས་ཆེན་དྲེགས་པ་འདུལ། །སུམ་ཅུ་རྩབཞི་ཡབ་ཡུམ་སྔགས། །འབྲུ་བདུན་བདུད་ལ་འབྲུ་བརྒྱད་གིང་། །འབྲུ་མ་མོ་དྲུག་སུམ་ཅུ། །འབྲུ་བརྒྱད་བཙན་ལ་འབྲུག་དྲུག་གིང་། །བར་དུ་མིང་དང་སྙིང་པོ་བསྡེབས། །ཐ་མ་སྤུ་གྲིས་བསྡེབས་པ་སྟེ། །དྲེགས་པའི་གྲོང་ཁྱེར་དྲིལ་དེ་དཀྲུག །དྲེགས་པའི་མགོ་རུ་སྟོབས་ཆེན་སྔགས། །དྲེགས་པ་རྐྱང་པའི་གྲོང་ཁྱེར་དཀྲུག །གཏད་པ་འཆི་བདག་ཉིད་ལ་སྟེ། །བསྡེབ་དང་རྐྱང་པ་སོ་སོར་གཏད། །ཅེས་གསུངས་སོ། །དེ་ནས་མཐུ་སྟོབས་བདག་པོ་ཕྱག་ན་རྡོ་རྗེས། དྲག་པོ་སྔགས་རྒོད་རྩ་སྲོག་གི་ཆན་པ། སྲོག་གི་སྐྲུ་གྲི་ལུས་སྲོག་རྩ་མདངས་འབྲེལ་བ་འདི་གསུངས་སོ། ། སྲོག་ལ་ཐུན་མུགས། ལིང་ཤ་ག་ཙིསྟ་ཐུ༷་རིལ་དྲི་ཧུར་ཐུ༷་ཛ་ཤག རྩ་ལ་ཁྲག་ཐིབས་བྲེད་ཁྲ༷་རྦད། དམོད་པ་ནག་པོའི་སྐྲུ་གྲི་སྟེ། །བློ་ལ་མེ་གནས་ཐུག་ཕྲད་དུ། །སྔགས་ནི་ཞིང་རྐྱང་སྦུ་གུ་གཏད། །དྲག་སྔགས་ནག་པོའི་རྒྱུད་ལས། དཀྲུག་པའི་འཁོར་ལོ་བསྐོར་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་མཐུ་སྟོབས་བདག་པོ་དཔལ་ཕྱག་ན་རྡོ་རྗེས། ལས་ཀྱི་མདའ་ཐུན་སྙིང་ལ་གཟེར་འདེབས་པའི་ལས་འདི་གསུངས་སོ། །དྲི་བོའི་ཐོད་པ་ཁ་ཡེལ་དུ། གྲུ་གསུམ་ཁྲག་དང་དུག་གིས་བྲི། །རྟེན་དྲུག་རྫས་ལ་ལིང་ག་བྱ། །བདུད་མདའ་གསུམ་དང་རཀྟ་ཉམ། །གཅན་གཟན་རྒྱུས་པ་དུག་གི་གཞུ། །སྲི་གཅན་ནག་པོའི་རྒྱུས་པས་རྒྱུ། །ཁྲ་ཡི་རྐང་པའི་མདའ་དག་ལ། །གྲི་ལྕགས་མེད་བཅུག་བརྒྱལ་བར་བརྡེག །མཚོན་ཆས་རྩ་གཅད་ཤེས་པ་ཕྲོ། །རྫོགས་པའི་ལས་སྦྱོར་ཞག་ལྔ་བྱ། །དེ་ནས་མདའ་ཟོར་གྱི་སྔགས་རྒོད་ནག་པོ་འདི་གསུངས་སོ། །ཨེ་བཛྲ་ཧྲི་ཨ་དྷི་པ་ཏ་ཡེ་བཛྲ་ནི་ལྭ༷་ཨུ་ཙྭ་མུ་ནེ། བཛྲ་གིང་ཀ་ར་མ་ཧྭ་ཀྭ་ལ་བཛྲ། རཀྟ་ཀྲོ་དྷ་ནི་བདུན་་ག་ཤིག རག་ཤ་མུ་ཁ། མ་མ་སྲོག་ལ་མྱོག་ཙིསྟ་ཁས་རཀྟ་ཐིབས། ཧུར་ལིང་ཡ༷་ལིང་། མྱ་ར་ཡ་རྦད། དཀར་ནག་སྙིང་ལ་རྒྱ་བར་བརྡེག ཤ་ཟ་སྙིང་གི་རྩ་རུ་གཏད། །དྲག་སྔགས་ནག་པོའི་རྒྱུད་ལས། མདའ་ཐུན་གྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་མཐུ་སྟོབས་བདག་པོས། ཤི་ས་ནག་པོ་ལས་བྱེད་དུ་མ། འདོད་ན་སྲོག་བསྐུལ་བར་བྱེད་པ་འདི་གསུངས་སོ། །དང་པོ་སྤྱི་ཡི་ལས་རྣམས་བྱ། །ལས་རྣམས་ཀུན་ཀྱང་མ་གྲུབ་ན། །གསང་བ་ལས་གྲུབ་ཡང་གསང་འདི། །དྲིལ་བའི་ལས་སུ་ཤེས་པར་བྱ། །རྟགས་ཀྱི་མཚན་མ་མ་ཉེ་བར། །མྱུར་བར་འདོད་ན་རྐྱང་པར་བསྒྲུབ། །ཉེ་ཡང་ལས་བྱེད་མ་ནུས་ན། །སྲོག་གི་འཁོར་ལོ་བསྐོར་བར་བྱ། །འཇིགས་བྱེད་དྲེགས་པའི་ལྟེ་བ་མྲ །མཁས་པས་ཙཀྲ་རབ་བྲིས་ལ། །དྲག་པོའི་རྫས་ཀྱིས་རབ་བྲབ་ཅིང་། །དྲག་སྔགས་འདི་དག་རབ་ཏུ་དྲང་། །ཨེ་བཛྲ་ཧྲིལ་རྔུབས་ནི་ལ་ཨ་ནེ་ཨུ་ནེ་ཧྲི་དང་ཡེ། མ་ཧྭ་ཀྭ་ལ་གྭ་ན་གུ་ཏི་སྲོག་བྲེང་བྲེང་དུན། མ་མ་མུ་ཁྲ༷་ཁྲག་ལ་མུ་ཤ་ཏི་སྲོག་བྲེང་བྲེང་དུན་དུན་མ་ཧུར་ཐུམས་ཛ། མུ་ར་ཡ་རྦད་དུན་དུན་རུ་ཏྲ་རུ་ཐུན་བྷ་ཏི། སྲོག་བྲེང་བྲེང་། དུན་དུན་ཛ་ཛ། དྷ་ཧུར་ཐུ༷་བཱ་ར་ཡ་རྦད། རྭ་ཛ་ཙ་པ་ལ་ཨ་པ་ལ་ཨ་ཤུག་མེད་སྲོག་བྲེང་བྲེང་ཛ་ཛ་དུན་དུན། ཙ་ཧུར་ཐུ༷་མྱ་ར་ཡ་ཛ། མ་མ་སྒག་རག་ཤ་ནག་མོ་ཏིང་ལམ་ཕྲོག་བྲེང་བྲེང་། ཛ་ཛ་དུན་དུན། མ་ཧུར་ཐུམས་བཱ་ར་ཡ་ཛ། ནཱ་ག་ཧུ་ཏི་ནཱ་ག་དུ་རུ་ཧ། སྲོག་བྲེང་བྲེང་ཛ་ཛ་དུན་དུན་ཧུར་ཐུ༷་སྨྱུ་ར་ཡ་རྦད། ཤུ་ལ་རྭ་ཛ་ཏྲི་ཤ་མ་ཛ་ཡ༷། སྲོག་བྲེང་བྲེང་། ཛ་ཛ་དུན་དུན ཛ་ཧུར་ཐུམ་མྱ་ར་ཡ་ཛ། བཛྲ་ཏི་ན་སྭ་རྙུ་ཤ་ཏྲུ༷་སྲོག་བྲེང་བྲེང་ཛ་ཛ་དུན་དུན། ཏྲི་ཧུར་ཐུ༷་མུ་ར་ཡ་ཛ། ཞེས་པས་དྲག་པོ་གནད་ཀྱི་སྔགས། །འཁོར་ལོ་བྲིས་ཏེ་བཅང་བ་ནི། །སྲོག་གི་གནད་ཀྱིས་ཟིན་པ་ཡིན། །བཟླས་ན་སྙིང་ཁྲག་སྒྱུག་པ་ཡིན། །ཅེས་གསུངས་སོ། །དྲག་སྔགས་ནག་པོའི་རྒྱུད་ལས། སྲོག་འཕྲོག་ཤི་སའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བསྟན་པའི་སྙིགས་མ་ལ་རྣལ་འབྱོར་པའི་དྲག་སྔགས་སྒྲུབ་སྔགས་ཀུན་རྡུགས་ན། མཚན་མ་སྒྱུ་རྩལ་གྱི་ངན་སྔགས་འདི་གསུངས་སོ། །ཧ་ལ་ནག་པོ་རྩ་མ་རི། །ལས་ཀྱི་གཅོད་དུ་གསུངས་པ་སྟེ། །གལ་ཏེ་ཧོལ་གྱི་ལས་ཞེས་བྱ། །ལས་ཀུན་རྡུགས་ན་བྱ་བ་ལས། །སྣང་སྣང་བྱས་ན་བསྟན་པ་འཇིག །གཅོང་དྲུག་ལས་ཀྱི་མཐའ་རུ་སྦྱར། ། སྦྱོང་བ་འདུ་བས་ལས་འཕྲེང་དག །བྱ་ནུ་རྐང་གཅིག་དག་གི་བཅུད། །དགུན་ཟླ་རབ་འབྲིང་ཉ་དང་བརྒྱད། །དན་ཏྲ་ཞེས་བྱའི་མར་ཁུ་དང་། །རྟ་ཞོ་དག་ལས་མར་བྱུང་དང་། །ཟར་མེའི་མར་ཁུ་དག་དང་ནི། །སྦྲུལ་གྱི་ཚིལ་བུ་རབ་སྦྱར་ལ། །བ་རུ་དབུགས་ཅན་ནང་དག་ཏུ། །ཞག་གྲངས་གསུམ་དུ་མནན་བྱས་ལ། །སྦྲང་རྒོད་བཙན་དུག་ཁ་ད་ར། །ཕྱེ་མ་ཞིབ་བཏགས་ཆང་དང་སྦྱར། །རང་གི་ལུས་ལ་མ་རེག་པར། །ཚགས་སུ་བཅུག་ལ་གཞན་ལ་བརྡེག །ཙི་ཙི་ཛ་ལའི་ནད་ཀྱིས་འགུམ། །གསོ་བའི་རིག་པ་བྱང་བུ་ཤེས། །ནེ་ལེ་བཟུང་ནས་ཟངས་སུ་བཅའ། ཁྲ་ཡིསགསོལ་ལ་སྐོམ་ཀྱང་བླུད། །དྲི་ཆུ་བྲུན་དང་བཅས་པ་དང་། །དེ་གསད་རྒྱུ་ལོང་ནང་དུ་བསྲེ། །ཏི་ཙ་ནག་པོ་ཐང་ཕྲོམ་གནག །རྒྱ་ཚིལ་དཀར་པོ་རབ་སྦྱར་ལ། །སྐར་མའི་རྒྱལ་པོ་དབྱུག་གུ་ལ། །ཞག་དགུར་ལུག་ལུད་ནང་དག་ཏུ། །སྟོན་ཟླ་ཐ་མལ་སྦ་བར་བྱ། །ཞག་གྲངས་ཐིམ་ན་སྤྲུ་དང་སྦྱར། །སྤྲ་བའི་མེ་ལ་ཐབས་ཀྱིས་སྤན། །ཚ་བ་རིམས་བཞིན་སྐྱེས་ནས་ཀྱང་། །ཞག་བདུན་གྲངས་ཀྱིས་འགུམ་པར་འགྱུར། །དེ་ཡི་བསྲུང་བ་འདི་ལྟ་སྟེ། །ག་བུར་ཙན་དན་མུ་ཟི་དཀར། །མར་དཀར་ཀ་ར་དཀར་པོར་སྦྱར། །ཁོང་དུ་ཟོས་པས་ཚུགས་ཐངས་མེད། །གཞན་ཡང་ཛ་ལ་ནག་པོ་ཡི། །ཀླད་པ་རུས་པ་ཆུ་སེར་དག །སྦལ་པ་སྡིག་པ་རྐང་མངས་དང་། །ཏི་ཚ་ནག་པོ་ཐང་ཕྲོམ་དང་། །རྒྱ་ཚིལ་དག་ཏུ་མཉམ་སྦྱར་ཏེ། །སྲ་བ་གཞང་ནག་ནང་ཆ་བྲུ། །ནང་དུ་གོས་ཀྱི་རྫས་བྲུབས་ཏེ། །སྐར་མའི་རྒྱལ་པོ་སྨིན་དྲུག་ལ། །ཞག་དྲུག་དག་ཏུ་ན་བུན་དུས། །རུས་མྱགས་བསྲུང་བར་འགྱུར་བ་སྟེ། །མེ་ཡི་དུད་པ་ཡལ་བ་ལ། །མཁས་པས་ཕྱོགས་སུ་ཤེས་པ་ན། །རྫ་ལིས་མཛེ་ཡམས་འཆོལ་བར་འབབ། །ཐབས་མེད་སེམས་ཅན་དམྱལ་བའི་རྒྱུ། །ཞག་གྲངས་དགུ་ན་ཤ་མདངས་འཆོར སེམས་ཡེངས་ལུས་སྦྲེད་སྐབས་སུ་སྨྲ། །ཙི་ཙི་ཛ་ལའི་ལས་ཞེས་བྱ། །དེ་ཡི་ལོག་ནོན་འདི་ལྟ་སྟེ། །མི་ཡི་ཚིལ་ཏེ་ཨ་མྲི་ལ། །གུར་ཀུམ་ཙན་དན་སྨུག་པོ་དང་། །བྲག་ཞུན་མར་དཀར་ཀ་རར་སྦྱར། །ཟོས་ན་ནད་ཀྱི་འཇིགས་དང་བྲལ། །གཞན་ཡང་ངན་སྔགས་སྤྱད་བྱ་བ། །གུ་ཡ་རག་ཏའི་མཛོད་ཆེན་དང་། །བཙན་དུག་ཤ་སྦྲང་རོ་དག་དང་། །སྦྲང་རྒོད་དབྱི་མོ་སྦྱར་ཏེ་བཅའ། །སྟོན་ཟླ་རབ་འབྲིང་དུས་སུ་བྱ། །ར་ཡི་ཐོད་པར་སྦྱར་ཏེ་ཡང་། །ཉི་གྲིབ་མཚམས་སུ་སྔོ་གསེབ་སྦ། །འབུ་རུ་སོང་ནས་དགྲ་ཡི་ཡུལ། །མཁར་ཁྱིམ་འགྲམ་དུ་དྲི་མེད་དང་། །སྒྲགས་ཏེ་བཞག་ན་སྦྲང་བུ་དག །མཆུ་རིངས་ལྡན་མ་མྱོས་མདོག་ཅན། །རྨིག་པའི་ལུས་ལ་ཟ་བར་བྱེད། །གར་ཟོས་ཆུ་སེར་དེར་འདུས་ནས། །ལུས་ལ་ལྷོག་པ་འབྲས་བུ་འགྱུར། །རྣམ་སྨིན་རབ་ཏུ་ཆེ་བས་ནས། །སྣང་སྣང་བྱས་ན་དམྱལ་ཁམས་རྒྱུད། །གཞན་ཡང་ནང་གི་སྦྱོར་བའི་ལས། །ཁྱི་སྨྱོན་ཆེན་པོ་མགོ་འཁོར་བའི། །གོ་རོ་ཙ་ན་ག་བུར་དང་། །བཙན་དུག་ཁ་ཤོག་སྦྱོར་བ་མཉམ། །ར་ཡི་ཐོད་པར་ཞག་དགུར་བསྲུལ། །ཁོང་དུ་གཏང་ན་དམིགས་པ་དེ། །ཆུ་རྒལ་ལུས་སྤྲིད་མགོ་འཁོར་ནས། །ཆུ་གྲིར་འགུམ་པར་ངེས་པ་སྟེ། །སྲན་མའི་ཚད་དོ་ཟླ་བ་གཉིས། །ཧ་ལ་ནག་པོའི་ལས་ཡིན་ནོ། །གཞན་ཡང་ལྷུམ་པུ་ས་ནུ་དང་། །གསེར་མདེའུ་ཕུ་རོན་བྲུན་དུ་ཆ་སྙམས་ཏེ། །རྭ་རུའི་ནང་དུ་ལ་ཆས་གཏུམས། །ཁ་ཤོག་གསེར་ཏུ་ཞག་གསུམ་གནན། །སྲན་ཚད་ཁོང་དུ་སོང་བ་ན། །ཞག་གསུམ་དག་ཏུ་སྨྱོ་འབོག་སྟེ། །ཟླ་བ་གཅིག་ན་འགུམ་པར་འགྱུར། ། དེ་ནས་ངན་སྔགས་བཤད་བྱ་བ། །རབས་ཆད་གྲི་ཐོད་ཤི་བ་འམ། །མོན་དུག་གྲི་རུ་ཤི་བའམ། །ཐོད་པ་དེ་ཡི་ནང་དག་ཏུ། །དགྲ་བོའི་གོས་དུམ་དྲི་མ་ཅན། །ཕྱི་ས་དྲི་ཆུ་རྣམ་པ་གསུམ། །གོམ་པའི་རྗེས་ཀྱི་ས་དང་ནི། །མུ་ཟི་ནག་པོ་པི་པི་ལིང་། །སྤྲུ་མ་ནག་པོ་བསེ་ཞོ་དང་། །ར་དུག་བཙན་དུག་ཐལ་ནུར་དང་། །ཐང་ཕྲོམ་ཏི་ཙའི་དུད་པས་བདུག །སྐར་མའི་རྒྱལ་པོ་སྨིན་དྲུག་ལ། །ནེ་ལའི་བླུད་པུར་ཞག་བདུན་གནན། །ཞག་བདུན་སོང་ནས་ཕར་ལ་ཁ་ཕྱེ་ལ། །དན་འདྲ་ནག་པོ་པོ་སོན་ཆ། །རྒྱ་ཚ་བྱང་པ་ཁ་རུ་ཚ། །ཕབས་དང་སྦྱར་ཏེ་ཐོད་པར་བྲུབ། །སྒོ་འམ་འགྲམ་པའི་ལང་ཀར་སྦ། །ལྡང་བའི་དུས་སུ་ངེས་མེད་ད། །ས་ལ་རླངས་པ་བྱུང་དུས་སུ། །འགོམ་ན་སྦྱོར་བ་འདུ་བར་འགྱུར། ཁེས་པ་མི་གསལ་དབང་པོ་འགྲིབ། ། མྱོས་ཏེ་རིམས་སམ་དུག་གི་ནད། །ཟླ་བ་གཅིག་ན་འགུམ་པར་འགྱུར། །སྦྱོར་བ་འདུ་བའི་ལས་ཞེས་བྱ། །ཡ་བག་ཤ་ཡི་ལས་ཞེས་བྱ། །ཐོ་ཆོར་སྤྱད་ན་དམྱལ་ཁམས་འཁོར། །བསྟན་པ་རིན་ཆེན་ནུབ་པ་ཡིས། །ཆོས་ལ་ཡིད་ཆད་བྱུང་ན་བཤད། །དུས་ཚེད་སྤྱད་ན་བསྐལ་པ་འབྱུང་། །འབྲས་བུ་མེད་ན་མནར་མེད་འགྱུར། །དྲག་སྔགས་ནག་པོའི་རྒྱུད་ལས། །མཚན་མ་སྒྱུ་རྩལ་གྱི་ངན་སྔགས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་མཐུ་སྟོབས་ཀྱི་བདག་ཕོས་རྒྱུད་གཏད་དེ། དྲག་སྔགས་ནག་པོ་གསང་བའི་རྒྱུད་འདི་ནི། །མ་ནོར་མ་བཅོས་ཆོས་ཉིད་ཡངས་པའི་ཀློང་། །འགག་མེད་ཡེ་ཤེས་དྲག་སྔགས་རོལ་པར་བཤད། །མཉམ་ཉིད་མི་གཡོའི་ངང་ལ་མི་འདའ་ན། །རིག་པར་རང་དབང་ཆེན་པོའི་མཆོག་ཏུ་བསྟན། །མ་རིག་བག་ཆགས་སྲོག་གི་དངས་སྙིགས་འབྱེད། །སྟོབས་ཆེན་མི་འགྱུར་མི་བཤིག་ཕྱག་རྒྱའི་སྐུ། །མི་འདའ་ཆོས་ཉིད་མཉམ་པའི་ངང་ལ་རོལ། །བཀའ་ཡི་སྙིང་པོ་གསང་བའི་རྒྱུད། ། དྲེགས་པའི་ཡང་སྙིང་གདབ་པའི་དྲག་སྔགས་འདི། །དུས་མེད་སྤྱད་ན་ལས་ཀྱང་འབྲས་བུ་མེད། །དེས་ན་བསྟན་པ་ནུབ་ན་དར་ཅིང་བཤད། །རབ་ཏུ་སྲུང་ཞིག་དྲེགས་པ་འདུས་པའི་ཚོགས། །ཞེས་གསུངས་སོ། །དེ་ནས་འཁོར་རྣམས་རྗེས་སུ་ཡི་རངས་ཏེ་མངོན་པར་བསྟོད་དོ། །དྲག་སྔགས་ནག་པོའི་གསང་བའི་རྒྱུད་ལས། །བཤད་རྒྱུད་གཏད་པའི་ལེའུ་སྟེ་བདུན་པའོ།། །།དྲག་སྔགས་ནག་པོའི་རྒྱུད་རྫོགས་སོ།། །།