Difference between revisions of "Ngb-pt-0837-vol-09-text"

From Rangjung Yeshe Wiki Texts
Jump to navigation Jump to search
 
 
(No difference)

Latest revision as of 11:50, 20 March 2020

Front[edit]

Body[edit]

བཞི་པའོ།། །།དཔལ་མགོན་པོ་ནག་པོ་དུག་གི་སྐྲུ་གྲི་རྩ་བའི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། ཤི་ཀྭ་ལ་ནཱ་ཐ་ཧ་ལ་སོ་རི་གུ་རྒྱ་ཏནྟྲ། བོད་སྐད་དུ། །དཔལ་མགོན་པོ་ནག་པོ་དུག་གི་སྐྲུ་གྲི་གསང་བའི་རྒྱུད། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སྙིང་པོ་རྔམ་པའི་རྒྱལ་པོ་ཉིད།དུར་ཁྲོད་ཆེན་པོ་ལྕང་ལོ་ཅན་གྱི་གནས་བམ་རོ་བརྩེགས་པའི་ཕོ་བྲང་གནམ་ལྕགས་ངུར་མའི་གཞལ་ཡས་ཁང་ན་བཞུགས་པའི་ཚོགས་ལ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་རྔམ་པ་རོལ་པའི་ཚོགས་དང་། འཇིག་རྟེན་དྲེགས་པས་རྒྱལ་བའི་ཚོགས་དང་། མ་མོ་མཁའ་འགྲོ་གདུག་པ་འདུལ་བའི་ཚོགས་དང་། གཙང་རིས་གྱི་ལྷ་དང་། རྒྱལ་པོའི་ཚོགས་དང་། ཤ་ཟ་རྔམ་པའི་ཚོགས་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་རྒྱལ་པོ་རྣམ་ཐོས་སྲས་ཞེས་བྱ་བ་རང་གི་སྟན་ལས་ལངས་ནས། བརྐྱང་ཕྱག་ལན་སྟོང་དུ་སྩལ་ནས་གསོལ་པ། ཀྱེ་ཧོ་རྡོ་རྗེ་སྙིང་པོ་ཆེ། །གསང་སྔགས་བཀའ་ཡི་འཁོར་ལོ་ལ། །རྩེ་གཅིག་བསྲུང་བའི་སྒྲོལ་གིང་ཆེ། །མགོན་པོ་ནག་པོར་མཚན་གསོལ་བ། །རབས་བརྒྱུད་གཏན་ཚིགས་ཇི་ལྟར་ལགས། །ཞེས་ཞུས་པ། རྡོ་རྗེ་སྙིང་པོ་བཀའ་སྩལ་པ། །ལེགས་སོ་རིགས་ཀྱི་བུ་ཁྱོད་ཉོན། །གིང་ཆེན་མགོན་པོ་ནག་པོ་འདི། །རྣལ་འབྱོར་ཡོངས་ཀྱི་དགྲ་བླ་ཡིན། ། རིགས་འཛིན་རྣམས་ཀྱི་སྲོག་ཤིང་ཡིན། །བདུད་འདུལ་རྣམས་ཀྱི་དབང་ཕྱུག་ཡིན། །ང་ཡི་བཀའ་ཡི་ལས་མཁན་ཡིན། །འདི་ཡི་རབས་བརྒྱུད་གཏན་ཚིགས་ཀྱང་། །གཏན་ལ་དབབ་པ་འདི་ལྟ་སྟེ། །འདས་པའི་དུས་ན་སྔོན་བྱུང་བ། །བསྐལ་པ་རྫོགས་ལྡན་བྱ་བ་ལ། །ལྷོ་ཡི་འཛམ་བུ་གླིང་འདི་སྲ །ཁྱིམ་བདག་ཁྱེའུ་ཀ་ཡ་ཞེས། །བྱ་བ་དེ་ལ་བུ་གཅིག་ཡོད། །དེའི་མིང་ཐར་པ་ནག་པོ་བྱ། །ཁོ་དེས་དད་པའི་སེམས་གཡོས་ཏེ། །ཡུལ་ཕྱོགས་དེ་ཡི་དགོན་པ་ན། །དགེ་སློང་ཐུབ་དཀའ་གཞོན་ནུ་ཞེས། །བྱ་བས་སྔགས་ཀྱི་དོན་རྟོགས་ནས། །ཡོད་པ་དེ་ཁོ་དེས་ཐོས་པས། །དན་འཕགས་གཡོག་ཏུ་བཅས་པ་ཡིས། །དེ་རུ་ཕྱིན་ཏེ་གདམས་ངག་ཞུས། །དེ་ཉིད་ཀྱིས་ཀྱང་གདམས་ངག་བསྟན། །དེ་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་བཅས་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བའིན་ཏེ། །འདི་ནི་རྣལ་འབྱོར་ཆེན་པོའི་ལམ། །དེ་སྐད་གདམས་ངག་ཕོག་པ་ལས། །ཁོ་དག་དགའ་མགུར་རངས་ཏེ་དེངས། ། རང་གི་གནས་སུ་ཕྱིན་པ་ལ། །དོན་དེའི་གདེང་ནི་མ་རྙེད་པར། །དངོས་པོ་བཞི་ལ་དགྲ་བཞིན་བཤད། །ནམ་ཞིག་དཔོན་གཡོག་མ་མཐུན་ཏེ། །རྩོད་འགྱུར་དགེ་སློང་དཔོན་ལ་དྲིས། །ཐུབ་དཀའ་རང་བཞིན་སྲོང་པོ་དེས། །ཐར་པ་ནག་པོ་སུན་ཕྱུང་སྟེ། །དན་འཕགས་བདེན་ནོ་ཞེས་གསུངས་པས། །ཐར་པ་ནག་པོ་ཁམས་འཁྲུགས་ནས། །ངེས་པར་དཔོན་དུ་འདྲ་བ་ལ། །མཉམ་མོ་ཞེས་ཀྱང་མི་བརྗོད་པར། །ངེས་པར་བདག་ནི་སུན་ཕྱུང་བས། །ཁམས་རིངས་སྤྱུགས་ལ་གཏང་ཞེས་སེམས། །དེ་ནས་དཔོན་གཡོག་གཉིས་སྒྱུགས་ཏེ། །ཐམས་ཅད་རང་གི་ཁམས་སུ་བྱས། ཁྲ་ཟའི་ཇག་པ་མང་པོ་སོགས། །སྣང་སྣང་འདུག་པའི་སེམས་ཅན་གསད། །རིག་བྱེད་སྔགས་ཀྱི་བརྡས་སྤྲོས་ཏེ། །མི་རིགས་འདུག་པ་འཕྲད་སར་སྦྱང་། །གསུར་ཆེན་དུད་པ་སྤྲིན་དུ་གཏིབས། །རྣག་ཁྲག་ཆུ་སེར་མཚོ་རུ་བསྐྱིལ། །ཀེང་རུས་ཤ་རྣམས་རི་རུ་བརྩིགས། །པགས་པ་གཡང་གཞི་ཐང་དུ་བཀྲམ། །ཁྲོ་བོ་རང་རྒྱུད་འཇིགས་པར་བསྒོམ། །གནས་ལས་ནམ་ཞིག་ཚེ་ཟད་དེ། །ཚེ་ཡི་འདུ་བྱེད་བྱས་པ་ལས། །མནར་མེད་རྡོ་རྗེ་དམྱལ་བར་ལྟུང་། །དེ་བས་བྲེལ་ཞིང་ཡུན་རིངས་སུ། །གཅིག་ནས་གཅིག་ཏུ་འཁོར་ཞིང་གནས། །དེ་ཡི་གནས་ནས་མཐར་ཐོན་ནས། །ཡི་དགས་གནས་སུ་བཀྲེས་སྐོམ་བཤད། །ཕྱི་ནང་མེ་ལྕེ་གསུམ་དུ་སྐྱེས། །ཡུན་རིངས་དུས་ནས་འཐོན་པ་དང་། །བྱོལ་སོང་གནས་སུ་གླེན་ལྐུགས་བཤད། །ལུས་རྣམས་ཁྱབ་པར་བླང་པ་ལས། །གཉེན་པོས་བསད་ཅིང་དེ་ཐོན་ནས། །འབུ་སྦྲང་ལ་སོགས་ལུས་སུ་བླངས། །ཀུན་ཁྱབ་བསད་དེ་མཐར་སྟོན་ནས། །གཅན་གཟན་གདུག་པའི་གནས་སུ་སྐྱེས། ཁྲ་ཟོས་ཁྲག་འཐུང་སྲོག་བཅད་བྱས། །ལུས་བླངས་ཁྱབ་བླང་གསད་ཐོན་ནས། །འདབ་ཆགས་བྱ་ཡི་ལུས་སུ་བླང་། །ཀུན་སྐྱེས་གསད་དེ་མཐར་སྟོན་ནས། །ལྷོ་ནུབ་མཚམས་ཀྱི་གྲོང་བརྡལ་ཏེ། །ལང་ཀ་པུ་རངས་བྱ་བ་མྲ །སྨད་འཚོང་མ་ཞིག་མངལ་དུ་ཆགས། །བུ་དེ་ཐོན་པས་མ་དེ་ཤི། །ཡུལཕྱོགས་དེ་ཡི་མི་རྣམས་ཀྱིས། །མ་མེད་བུ་འུ་ཀུ་འུ་འདི། །གཞན་ན་ཡུལ་ཕྱོགས་དམེ་བས་ན། །མ་ཡི་མཆན་དུ་གཞུག་པར་རིགས། ། བགྲོས་ཏེ་མ་ཡི་རོ་མཆན་བཅུག །བུ་དེས་མ་ཡིན་ནུས་མ་དྲངས། །ཞག་བདུན་འཚོ་བ་དེ་ཡིས་བྱས། །དེ་ནས་ཁྲག་དག་ཆུ་སེར་དྲངས། །དེ་ནས་མ་ཡི་ནུ་མ་ཟོས། །མ་ཡི་པགས་པ་གོས་སུ་གོན། །དེ་ནས་བུ་དེ་ལུས་རྟས་ཏེ། །དུར་ཁྲོད་རོ་ཡི་ཤ་ཁྲག་ཟོས། །པགས་པ་དག་ཀྱང་གོས་སུ་གོན། །ཐོད་འཕྲེང་སོར་འཕྲེང་རྒྱན་དུ་བྱས། །དྲི་ཆེན་རྒྱུ་མས་ལུས་ལ་བརྒྱན། ། རང་གི་ལུས་རྟས་སྟོབས་རྙེད་ནས། །དུར་ཁྲོད་གནོད་སྦྱིན་བྲན་དུ་འཁོལ། །དུར་ཁྲོད་གསང་བའི་མ་མོ་རྣམས། །ཆུང་མ་བྱི་སླས་བྲན་མོར་བྱས། །རང་ལུས་ཐལ་ཀ་འཇིགས་པ་ལ། ། རལ་པ་དམར་ནག་གྱེན་དུ་འགྲེང་། །མགོ་གསུམ་ཕྱག་དྲུག་གཤོགས་པ་ཅན། །མིག་གསུམ་སྡང་མིག་མེ་ལྟར་འབར། །ཁག་གདངས་མཆེ་གཙིགས་སྐྱེ་འགྲོ་གསོད། །གནམ་ལ་བྱ་བཞིན་ས་ལ་བྱི། །ཆུ་ལ་ཉ་བཞིན་འཕྱོ་བར་བྱེད། །སེན་མོ་ཀང་ཀའི་མཆུ་སྡེར་གྱིས། །གང་ཞིག་ཤ་རུས་མྱགས་པ་བྱེད། །ཁ་ནས་རྩ་བའི་དབུགས་ཕྱུང་བས། །ནད་དལ་རིམས་དང་ཡམས་སུ་འབེབས། །སྣ་ནས་གྲང་བའི་དབུགས་ཕྱུང་བས། །ཕྱོགས་བཅུ་ཀུན་ཏུ་ཁམས་འཁྲུགས་བྱེད། །ཀོར་ཀར་ཐང་དམར་མཚོ་ཡི་གླིང་། །བྱན་ལག་མཆོང་རི་གནམ་ལྕགས་ཡོད། །རང་གི་གཡོད་དང་ཡང་གཡོད་དང་། །འདམ་གྱི་ཕྲུ་མས་ཡོངས་སུ་བསྐོར། །སྲིན་པོ་ལང་ཀ་མགྲིན་བཅུ་དང་། །གཟུགས་ཁམས་མན་ཆད་དབང་དུ་བསྡུས། །མ་ཏང་ཀ་རུ་རྡུལ་དུ་ལྷོགས། །རུ་ཏྲ་མ་ཏྲ་བཱ་ར་ཏྲ། །རང་གི་རྔམ་སྒྲ་དྲག་ཏུ་བསྒྲགས། །ཧ་ལ་རུ་ལུ་ཧ་ལི་རག་ཤ་སྨྱོ། འཇིགས་པའི་རང་སྒྲ་ཕྱོགས་བཅུར་སྒྲོགས། །ཧ་ལ་རུ་ལུ་རག་ཤ་སྨྱོ། འཁོར་རྣམས་ལས་ལ་མྱུར་དུ་རྦད། །རུ་ཏྲ་མ་ཧྭ་རག་ཤ་ཁྲམ་ཙིསྟ་བཱ་ར་ཡ་རྦད་ཁྲ༷། ཧ་ལ་རུ་ལུ་རསྒ་སྨྱོ། ངན་སྔགས་གདུག་པས་ཐམས་ཅད་གསོད། །དེ་ལྟར་སྦྱོན་པ་དྲག་པོ་དེས། །རང་གི་ང་རྒྱལ་ཆེར་རྙེད་དེ། །ལོག་པའི་ལམ་ལ་གནས་པ་ལས། །ཐུགས་རྗེས་འབྲེལ་བའི་བྱིན་བརླབས་ཀྱིས། །བདེ་གཤེགས་ཐུགས་རྗེས་བསྒྲལ་བར་དགོངས། །དུས་གསུམ་བདེ་གཤེགས་རིགས་ལྔས་སྒྲོལ། །དང་པོ་ཞི་བ་སྟོང་པས་བཏུལ། །བཅོམ་ལྡན་འདས་ཤཱཀ་ཐུབ་ཐད་དུ་གཤེགས། །སྟོན་པས་ནག་པོ་མ་ཐུལ་ཏེ། །བུ་ཆུང་རང་གི་གནས་སུ་དེངས། །ཁྱོད་ཀྱིས་ང་ཐུལ་ག་ལ་འགྱུར། །ཞེས་བརྗོད་བདེ་གཤེགས་མིད་པར་བཟས། །དེ་ནས་རྟ་མགྲིན་དབང་གིས་བཏུལ། །ཁོ་ནའི་ཐད་དུ་རྔམ་སྒྲ་བསྒྲགས། །རྡོ་རྗེ་རྟ་ཡི་སྟབས་མཛད་པས། །ཁོ་ན་དེ་ཡིས་ཡང་སྨྲས་པ། །མགྲིན་བུ་རང་གི་གནས་སུ་དེངས། །ཁྱོད་ཀྱིས་ང་དབང་ག་ལ་འདུས། །བརྗོད་པས་རྟ་མཆོག་སླར་ལ་གཤེགས། །དེར་ནི་ཁོ་ན་ཁོང་དུ་མིད། །དཔལ་གྱིས་གཤེགས་ཏེ་ཧུ༷་སྒྲ་བསྒྲགས། །རྒྱས་མཛད་ནག་པོ་སྡུག་བསྔལ་ཏེ། །གདུང་བའི་སྐད་ངན་འཚེར་ཞིང་འདོན། །རྟ་མཆོག་སྤྱི་གཙུག་བཏོན་ཏེ་གཤེགས། །དེ་ནས་བདེ་གཤེགས་ཀུན་གྱིས་བགྲོས། །མཐུ་སྟོབས་བདག་པོར་དབང་བསྐུར་བའི། །རྡོ་རྗེ་སྙིང་པོ་ང་ཉིད་ལ། །ནག་པོ་འདུལ་བའི་མིང་དུ་མངག །བདག་ནི་བཀའ་ཡི་ལས་མཁན་ཏེ། །སྨྱོན་པ་ནག་པོ་གདུག་པ་ཉིད། །བདག་གི་བསྒྲལ་བའི་བགྱིའོ་ཞེས། །ལས་བླངས་དམ་དུ་བཅས་པ་ལས། །ཁོ་བདག་ལིངས་ལ་སོང་བའི་ཚེ། །དཔལ་ཆེན་རྡོ་རྗེ་གཏུམ་པོ་དེ། །ཁྲག་འཐུང་འཇིགས་པའི་རྒྱལ་པོ་དེ། །ཁོ་ནར་སྤྲུལ་ཏེ་གནས་སུ་གཤེགས། །འདོད་པའི་བདག་མོ་ཀྭ་མ་ལ། །ནག་པོ་རང་གི་རྔམ་སྒྲ་བསྒྲགས། །འདོད་པའི་དབང་མོ་སྦྲུལ་བཞིར་འཁྲིལ། །ལྷུམས་སུ་རྡོ་རྗེ་སྙིང་པོ་བཅུག །དཔལ་ཆེན་གཤེགས་ཏེ་ཁོ་འོངས་ནས། །དབང་གི་དབང་མོ་བྲན་གཡོག་འཁོར། །སྔོན་དང་མི་འདྲ་ཞེས་སྙམ་པས། །དབང་མོས་ཨེ་མ་དབང་ཕྱུག་ཆེ། །བདག་གིས་ངལ་ཡང་མི་བདེ་སྟེ། །ཁྱོད་ཀྱི་དངོས་པོ་མཆི་བས་ཀྱང་། །སྤྱིད་ལུག་སེམས་གཉིས་ཀའི་བཀའ་སྩལ་ཏེ། །འཁོར་གྱི་ནང་འདིར་གསུང་ངམ་ཅི། །བརྗོད་པ་ཁོ་ནས་ཡིད་ཆེས་ཏེ། ། རང་གི་ཕོ་བྲང་གདན་ལ་ཕེབས། །དེ་ནས་པུ་ཏྲ་ཐོན་བྱུང་བས། །ཁོ་ན་ལྟ་བུའི་རིགས་སུ་ཐོན། །ནག་པོ་དཔོན་གཡོག་ཡི་རངས་དགའ། །དེ་ནས་གཞོན་ནུ་ལུས་རྟས་པས། །ནག་པོ་སྟོབས་ལྡན་དབང་ཐང་ཕྲོགས། །ཁོ་དེས་འཁོར་དང་བྲན་གཡོག་བསྐུལ། །ང་ཉིད་བསྒྲལ་བར་གཟས་པ་ལས། །མ་ཐུབ་བྲན་གཡོག་ང་ཡིར་བྱས། །དེ་ནས་ནག་པོ་ཁོ་ན་དེ། །ལུས་ཀྱི་རྫུ་འཕྲུལ་སྟོབས་རྙེད་ཀྱང་། །མ་ཕན་བདག་གིས་བསྒྲལ་བར་འགྱུར། །འཁོར་གཡོག་དཀྱིལ་འཁོར་ཕོ་ཉར་མངགས། །ནམ་ཞིག་ནག་པོ་སྒྲིབ་སྦྱངས་ཏེ། །ང་ཡི་སྣམ་ནས་བཏོན་པ་ལས། །དཀྱིལ་འཁོར་ཆེན་པོར་སྤྲུལ་པ་དང་། །དམ་ཚིག་ཅན་ལ་གདུང་བ་དང་། །བཀའ་ཡི་འཁོར་ལོ་བསྲུང་བ་དང་། །ང་ཡི་ལས་མཁན་བྱ་བ་དང་། །སྒྲོལ་གིང་ཆེན་པོ་བྱ་བ་སྲ །ཁས་བླངས་དམ་བཅས་བྲོ་བོར་ཏེ། །དེ་ནས་རྡོ་རྗེ་སྲིན་པོ་ངས། །དབང་སྐུར་བྱིན་བརླབས་གསང་མཚན་བྱིན། །རྡོ་རྗེ་སྒྲོལ་བྱེད་དྲག་པོ་རྩལ། །མགོན་པོ་ནག་པོ་ཞེས་སུ་བཏགས། །ཡུམ་ནི་འདོད་ཁམས་དབང་མ་ཡིན། །རྣལ་འབྱོར་དགྲ་བླ་རྩེ་གཅིག་མཛད། །ང་ཡི་ལས་མཁན་སྤྲུལ་པ་མཛད། །དེ་ཕྱིར་སྒྲོལ་གིང་ཆེན་པོ་ཡིས། །རབས་བརྒྱུད་གཏན་ཚིགས་རྒྱས་པར་མཛད། ། དུག་གི་སྐྲུ་གྲི་གསང་བའི་རྒྱུད་ལས། །མགོན་པོ་ནག་པོ་རབས་བརྒྱུད་ཀྱི་ལེའུ་སྟེ་དང་པོའོ།། །།དེ་ནས་རྒྱལ་པོ་རྣམ་ཐོས་སྲས་ཀྱིས་གསོལ་པ། །ཀྱེ་ཀྱེ་རྡོ་རྗེ་སྙིང་པོ་ཆེ། །གིང་ཆེན་མགོན་པོ་ཡབ་ཡུམ་གྱི། །བསྙེན་ཅིང་བསྒྲུབ་པ་ཇི་ལྟར་ལགས། །གསད་རྦད་ལས་ཁ་ཇི་ལྷར་བགྱི། །གོས་སྔོན་རྡོ་རྗེས་རྒྱས་པར་མཛོད། །ཅེས་གསོལ་པ་དང་། །རྡོ་རྗེ་གོས་སྔོན་གྱིས་བཀའ་སྩལ་པ། །ཉོན་ཅིག་རྒྱལ་པོ་འཁོར་བཅས་ཁྱེད། །ང་ཡིས་མ་ནོར་གསལ་བར་བཤད། །དྲག་པོའི་གདུལ་བྱ་ཁྱད་པར་ཅན། །བསྡུས་ཏེ་སྒྲིབ་སྦྱང་དབང་བསྐུར་ནས། །ལོངས་སྤྱོད་རྫོགས་པའི་ཞལ་ཡང་མཐོང་། །དཀྱིལ་འཁོར་ཆེན་པོའི་ལས་མཁན་དེ། །ང་ཡི་བཀའ་ཡི་སྤྲུལ་པ་བྱེད། །དེ་དོན་རྒྱས་པ་འདི་ལྟ་སྟེ། །རི་གསུམ་རྩེ་འདུས་དམར་ལ་གཟར། །མཚོ་གླིང་དུར་ཁྲོད་གནམ་ཆགས་འདིར། །དབེན་ལ་བྱིན་ཆེ་གཅན་གཟན་འགྲིམ། །ནགས་ཚལ་རྩུབ་པའི་གནས་མཆོག་དེར། །རྡོ་རྗེ་ལྕམ་དྲལ་གཟུངས་དག་གདོན། །སྤྱིན་གཏོར་རྒྱས་གཏང་ཚ་ཚ་གདབ། །དེ་མཐར་གཙང་རིས་རྒྱས་བཞི་མཉམ། །ཕུང་ས་གསུམ་དང་སྲིན་རྡོ་ལ། །མཎྜལ་ཁྲུ་གང་གྲུ་བཞི་བརྩིག །དུག་ཁྲག་དྲི་སྤོས་ཆག་ཆག་གདབ། །ནི་རངས་ཁ་དོག་ལྔ་ཕྱེད་ལ། །དབུས་སུ་ཟླུམ་པོ་ཐོད་རློན་བསྐོར། །གྲུ་ཆད་སྒོ་བཞིའི་ཕྱོགས་དང་ལྡན། །རྩིག་པ་འདོད་ཡོན་དྲ་ཕྱེད་དང་། །རྟ་བབས་འཁོར་ལོ་པདྨ་ཁྱུང་། །ཐ་མ་རྡོ་རྗེ་མེ་རིས་བསྐོར། ། དབུས་སུ་དུང་ཆེན་ག་འུ་མྲ །སྟེང་འོག་བསྙེན་པའི་སྔགས་བཀོད་དེ། །བརྣག་གསུམ་བྱ་རོག་མོན་གྱི་དོན། །བདུད་རྩི་གནམ་སྙིང་དྲི་རྒྱས་གདབ། །ལྷོ་ཡི་སྒོར་ཞིག་ཀྭ་པ་ལར། ། དཔལ་གྱི་གཏོར་མ་རྒྱས་པར་བཤམས། །ཤར་སྒོ་འབྲུ་སྣ་ཤ་ཁྲག་ཚོགས། །དཔལ་བཤོས་དང་ལྡན་གཏོར་མ་བཤམ། །བདུད་རྩི་རཀྟ་ཕྱི་མཆོད་ལྔ། །གླིང་བུ་ཀེང་རུས་གསུར་ཆེན་དུད། །ཞིང་གི་བླ་རེ་རྒྱལ་མཚན་འཕན། །ཕྱོགས་བཅུ་ཁོར་ཡུག་གང་བར་དགྲམ། །དེ་ནས་རྡོ་རྗེ་ལས་གཞུང་བསྲང་། །སྐུ་བསྐྱེད་གསལ་བས་འཛབ་འབུམ་དྲང་། །རྫོགས་ནས་ལས་ཀྱི་གིང་གཞུང་བསྲང་། །མཚམས་ཅད་ཏིང་འཛིན་དཀྱིལ་འཁོར་བསྐྱེད། །རྣམ་གསུམ་སྒོ་ནས་ཆོ་གས་བསྐྱེད། །ཨོ་ཤཱ་རྒྱ་ཏྭ་ཙྭ་ན་ས་མུ་དྷི་ཧུ༷། དྷརྨ་དྷ་ཏུ་ས་མ་ཏི་ཧུ༷། ཙྭ་ན་བཛྲ་ས་མ་ཏི་ཧུ༷། ཨེ་ག་ག་ན་ཡ༷་བྷ་ཡུ་ར༷་ཛ་ཡ། ར་རཀྟ་སྭ་མུན་ཏྭ། ལང་སརྦ་མཎྜལ། བྲུ༷་བི་ཤ་མཎྜལ་ལ་ཧུ༷། རུ་ཏྲ་རག་ཤ་སྟི་ར་བ༷། སྲུ་རུ་ཙཎྜ། པདྨ་མཎྜལ། དུན་མ་ཧྭ་ཀྭ་ལ་ག་ན་གུ་ཏི། ཡོ་གི་ཤྭ་རི། ཀྭ་ཡ་ཧུ༷། ཀ་མ་ལ་ཤྭ་རི་ནག་པོ་ཏིང་ལམ་སྨྱོ། བདག་གི་ཐུགས་ཁའི་ཐིག་ལེ་ལས། ཁུ་ཡི་ས་བོན་སྒྱུ༷་འཕྲོས་པས། །འབྱུང་བའི་དཀྱིལ་འཁོར་གདན་སྟེངས་སུ། །བདུད་དང་སྲིན་པོ་ཉི་ཟླ་པད། །གདན་ལ་མེ་འབར་ཀློང་དཀྱིལ་ན། །ནག་པོ་དབུ་གསུམ་ཕྱག་དྲུག་པ། །གཡས་སེར་གཡོན་ལྗང་མིག་གསུམ་འཕྲོ། །རལ་པ་ཁམ་ནག་ཐོད་སྦྲུལ་གཏམ། །ཁ་གདངས་མཆེ་གཙིགས་སྨ་སྨིན་སེར། །དར་ནག་བེར་ཆེར་མེ་ཏོག་བརྒྱན། །སྟག་གི་གོང་རས་ཞིང་ཆུན་སྦྲུལ། །སྙན་མགུར་ལྷུ་ཚིགས་སྦྲུལ་གྱིས་བརྒྱན། །ཐོད་རློན་འཕྲེང་བ་དོ་ཤལ་ཅན། །ཉི་ཟླ་གཟའ་སྐར་རྒྱན་དུ་ཀྲམ། །རྡོ་རྗེ་བེ་ཅོན་ཕུར་པ་གཡས། །དུང་དམར་དབྱུག་ཏོ་ཞགས་པ་གཡོན། །གཡོན་ན་མཐིང་ནག་མིག་གསུམ་བགྲད། །མཆེ་གཙིགས་རལ་པ་མུན་ལྟར་གཏིབས། །ཞིང་ཆེན་རེ་ལྡེ་སྟོད་སྨད་རྒྱན། །ཐོད་སྦྲུལ་ཉི་མ་རིན་ཆེན་བརྒྱན། །གཡས་འཁྱུད་གཡོན་པ་དུང་དམར་སྟོབ། །ཡབ་ཡུམ་དབུས་སུ་བསྟན་པར་བསྐྱེད། །གྲུ་ཆད་མོན་པ་ཕོ་མོའི་ཚོགས། །སྤྲུལ་པ་གདོད་ནས་གྲུབ་པར་བསྐྱེད། །དུར་ཁྲོད་ལྕང་ལོ་ཅན་གྱི་གནས་མཆོག་ནས། །སྤྱན་དྲང་ཕྱག་འཚལ་བཞུགས་སུ་གསོལ། །ཕྱི་ནང་གསང་མཆོད་དངོས་གྲུབ་བླངས། །ཐུགས་དམ་བཀང་བཤགས་བསྟོད་འཛབ་གྲང་། །ཚོགས་བཀྱེ་ལོངས་སྤྱོད་གྲངས་ལ་བརླག །བསྐང་བཤགས་རྗེས་ལ་བསྟབ་པ་བྱ། །དེ་དག་ལས་ཀྱི་འཁོར་ལོ་འདིའོ། །ས་མ་ཡ་ཧུ༷་ཛ་ཛ། ཛ་ཧྭ༷་བ༷་ཧོ། ཨ་ཏི་པུ་ཧོ། པྲ་ཏི་པུ་ཧོ། ས་མ་ཡེ་ལྷན་སྟུམ། སརྦ་ཨུད་ག་ཏེ་སྤ་ར་ན་ཁ༷་གྲྭ་ཧྭ། རྙུ་པེ། པྲསྤྲོ ཨུ་ལོ་ཀེ། གན་དྷི། ནི་ཝི་ཏྲེ་གྲྭ་ཧྭ། མུ་དྲ་ས་མ་ཡ་གྲྭ་ཧྭ། སརྦ་པརྩི་ཨ་མྲི་ཏ་ཤི་བ་ན་ཁུ་ཧི། ཀྭ་ཡ་སིདྷི་ཨོ། བཀྭ་སིརྙི་ཨ༷། ཙིརྟི་སིདྷི་ཧུ༷། པ྅་ཨ་མྲི་ཏ་ཁུ་ཧི། མ་ཧྭ་རཀྟ། མཧྭ་མེ་ས།ཙིསྟ་ཀེང་ནི་རི་སན་ཙ་པ་ར་ཡེ། བ་སུ་ཏ་གོ་རོ་ཙ་ན་ཁ་ཧི། མ་ཧྭ་བ་ལིང་ཏ་པྲུ་ཙ་ཁ་ཁ་ཁུ་ཧི་ཁུ་ཧི། ཤ་རང་ལམ་ག་ཙ་མེ། ཤི་ཀྭ་ལ་ཀྲོ་དྷི་ག་ན་གུ་ཏི་ཨ་ལ་ལ་ཧོ། ཨེ་ཨ་ར་ལ་ལི། བཛྲ་ཡོ་གི་ཀ། ཡོ་གི་ཤྭ་རི། ཧྲིང་ཧྲིང་ཛ་ཛ། བྲ་བེ་ཤ་ཕཊ། ཁ་ར༷་ཁ་ཧི། ཁ་ཁ་ལེ་ལེ། ཁ་ཧི་ཧོ། དེ་ནས་བདག་ཉིད་གོས་སྔོན་ཅན། །ཐུགས་ཁའི་ཉི་ཟླ་ཧུ༷་དང་སྔགས། ། གསལ་བྱས་བཀའ་སྡོད་མགོན་པོ་ཡི། །ཐུགས་ཁར་ཉི་གདན་ཧུ༷་དང་སྔགས། །གསལ་བྱས་འཕྲོ་འདུ་རྒྱུན་མི་གཅད། །སྤྲོས་པས་མཆོད་བསྐང་ཐུགས་དམ་བསྐུལ། །འདུས་པས་དངོས་གྲུབ་བདག་དབང་འདུས། །སྤྱན་དྲངས་བཞུགས་གསོལ་གཉིས་མེད་བསྟིམ། །མགལ་མེའི་འཁོར་ལོ་ལྟ་བུར་དྲང་། །དེ་ལ་དྲོད་རྟགས་རྣམ་པ་གསུམ། །དངོས་གསལ་ཅི་བགྱི་ལས་བྱེད་གཞུག །མོན་པ་བྱ་ནག་གཡག་རྒོད་སྤྲིན། །རླུང་འཚུབ་མེ་འབར་སྒྲ་འབྱིན་འོད། །རྨི་ལམ་ཕྱི་སྟེ་ཉམས་བྱུང་ན། ༼།རྨི་ལམ་ཕྱི་སྟེ་ཉམས་བྱུང་ན༽། །མངོན་གསལ་ཤུགས་ཆེ་ལུས་ཡང་གསང་། །དེ་ནས་དྲག་པོའི་ལས་རྣམས་བརྩམ། །གང་འདོད་གྲུབ་པར་གདོན་མི་ཟ། །སྔོན་དུ་བསྙེན་པའི་རིམ་པར་བཤད་བྱ། །དུག་གི་སྐྲུ་གྲི་གསང་བའི་རྒྱུད་ལས། བསྙེན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་པའི་ལས་འདི་བཤད་དོ། བསྙེན་པའི་མཚན་མ་ཐོབ་པ་དང་། །གཏོར་མ་ལྷོ་ཡི་ཕྱོགས་སུ་གཏང་། །དཀྱིལ་འཁོར་བསྡུས་ལ་གཙང་སར་བསྐྱལ། །དབུས་སུ་འབྲུབ་ཁུང་ཁྲུ་གང་ལ། །གྲུ་གསུམ་གཉིས་སྦག་མཐོ་གང་དཔངས། །ཚེར་མ་གྲུ་གསུམ་གྲངས་མེད་བསྐོར། །ཕྱི་ནང་རྒྱ་སོལ་དུག་ཁྲག་བསྐུ། །བསྙེན་བསྒྲུབ་ཞིང་ཁམས་སྐྲ་བཤད་ལ། །སོར་བརྒྱད་དབང་པོ་ཡན་ལག་དགོད། །གྲོ་ག་དུག་ཁྲག་ཚ་བ་ཡིས། །མིང་རུས་ལོ་ཁམ་སྙིང་པོ་བྲི། །དཔྲལ་མགྲིན་སྙིང་ཁ་ལྟེ་བར་གཞུག །དེ་སྐུས་བྱད་གཞུག་གྲི་ཐོད་བརྣག །གཅིག་པུ་ཚེར་བསྟན་དོང་དུ་གཞུག ་་ས་དཀར་དུག་བཞི་ཁྲག་གསུམ་དང་། །ཁྲམ་ཕུང་ཕྱེ་གསུམ་རང་རང་དཔུང་། །དོང་གི་མཐའ་མ་བསྐོར་ལ་གཞག །དེ་ནས་རྡོ་རྗེ་གོས་སྔོན་ཅན། །མདུན་དུ་མགོན་པོ་ཡབ་ཡུམ་སྟེ། །བཀའ་སྡོད་བསྐུལ་མངག་ལས་ལ་རྦད། །བླ་བཀུག་བླ་ཕྲལ་རྟེན་ལ་བསྟིམ། །མ་ཡེངས་གསལ་བས་རྦད་ཅིང་བསྐུལ། །དམག་འདྲེན་གཅན་གཟན་རི་དྭགས་འདེད། ཁྲ་བརྒལ་རྦབ་འདྲིལ་མེ་འབར་ན། །ལས་ལ་ཚུད་པས་དགུག་པར་བྱ། །ལྕགས་ཀྱུས་སྙིང་དྲངས་བཞག་པ་སྟེ། །སྟོབས་ཆེན་རྩ་བའི་འཁོར་ལོ་དང་། །མེ་དབལ་འཇོམས་པའི་འཁོར་ལོ་དང་། །ཁ་གནོད་འདུལ་བའི་འཁོར་ལོ་དང་། །ལས་གྲུབ་སྒྲོལ་བའི་འཁོར་ལོ་དང་། །དྲུག་པ་སྟོབས་ཀྱི་འཁོར་ལོ་དང་། །ཁ་སྦྱར་ཡབ་ཡུམ་ལྟོ་རུ་བཅའ། །དུག་དང་ཚེར་ཤིང་དུད་པས་བདུག །དུག་ཁྲག་བདུད་རྩི་ངར་གྱི་བླུད། །དོང་ཁ་གཙང་མའི་རྒྱུས་པས་བཙེམ ལས་རིམ་འདོད་པ་གང་རུང་སྦྱར། །བསྙེན་པའི་དྲོད་ལྡན་རྣལ་འབྱོར་པས། །བདག་ཉིད་རྡོ་རྗེ་གོས་སྔོན་ཅན། ། མདུན་གྱི་འཁོར་ལོར་དྲག་སྔགས་ལ། །མགོན་པོ་ཡབ་ཡུམ་འཁོར་དང་བཅས། །བདག་གི་བཀའ་བསྒོ་ལས་བཅོལ་བས། །གང་ཡིན་ལས་དེ་མངོན་དུ་བྱེད། །ཐོགས་པ་མེད་པར་འགྲུབ་ངེས་པའོ། །དེ་ལྟར་ཉིན་གཏོར་མཚན་མོ་དྲིལ། །གསད་པའི་རྟེན་དྲུག་ལིང་ག་བཅའ། །རྦད་བཀུག་དབྱེ་བསྟིམ་སྟོང་བརྒྱད་ཅུ། །ཐུན་འགོར་གྲངས་ལ་གསད་པ་ཙམ། །ཐོན་ནས་འཁོར་ལོ་ལིང་ག་དྲིལ། །གྲི་ཐོད་གདུག་པའི་ཀླུ་ལ་གཏད། །ཁ་གསོ་ཚུལ་ནི་གོང་བཞིན་ནོ། །ཛ་ལའི་ནད་སྟོང་དེ་བཞིན་ལས། །སྦལ་སྦྲུལ་མཛེ་ཅན་རག་ཏས་བྱུག །སྦལ་སྦྲུལ་ཤུན་དྲིལ་ཀླུ་ལ་རཀྟད། །སྨྱོ་བའི་ལས་ནི་དེ་བཞིན་ལས། །དམིགས་ལྡན་ལུག་མིག་མཁར་ཁྲག་སྐུ། ། དེ་ཉིད་ཐོད་པ་གོང་གསུམ་མནན། །ལྐུགས་ལས་བསྣོལ་ཁྲག་རྒྱ་ཚིལ་བྱུག །བསྣོལ་ཐོད་དམེ་མོའི་ཞབས་མས་དྲེལ། །མུན་གླིང་རི་རབ་ཆེན་པོ་གནན། །རེངས་ལ་བསེ་ཞོ་ཧོ་ཕན་ཁྲག །བསྐུས་ལ་ཧ་ལེའི་ག་འུར་གཞུག ཁྲ་ཟ་མཁར་གྱི་རྐེད་ལ་མནན། །དབྱེ་བསྐྲད་ས་ལྔའི་གཟུགས་བྱས་ལ། །ཁོང་བར་འཁོར་ལོ་ལིང་ག་གནག །ཅིག་ནི་རི་གསུམ་རྩེ་ལ་སྦ། ། ཅིག་ནི་ལུང་གསུམ་མདོ་རུ་སྦ། །དགུག་པ་ཙན་དན་རྒྱ་སྐྱེགས་སྨན། །ཅོང་ཟི་མངལ་ཁྲག་ཚ་བསྐུས་ལ། །པད་ཅན་ཐོད་པར་རང་འོག་སྦ། །ཆུ་རྒོད་འབེབས་ན་ཟུང་བཞི་བཅུ། །ཡུལ་གྱི་ས་ཆུ་སྔོ་སྣ་བྱུག །མིང་བྱང་ཁྱི་རྟ་ཐོད་པར་བརྣག །དོང་བུར་ཁྲག་སྣ་དུག་བླུགས་ལ། ། གཞལ་ཡས་ཁང་དུ་ལྷ་ཚོགས་བསྐྱེད། །གསལ་བྱས་བསྙེན་པ་ཕྲོམ་གཉིས་གདགས། །མཚོ་དཀྱིལ་བཀའ་༄༅ འབེབས་རླུད་འ་་ན། །ཆུ་དྲིལ་འབྲུ་གསུམ་དོང་པུར་དྲིལ། །ལྷ་རྣམས་གཟི་ མདངས་གློག་ཏུ་འགྱུ། །ང་རོ་འབྲུག་སྒྲོགས་སྡང་ངར་ཆེ། །སྣ་ནས་རླུད་དང་བུ་ཡུག་འ་། །ཁ་ནས་ལྕགས་ཀྱི་སེར་ཆེན་འབེབས། །ལོ་ཐོག་བཅུད་སྡུད་རྡུལ་དུ་རློག །སྐྱ་ཤར་ལུག་ཁྱུར་འཁྱག་པ་འདྲིལ། །མཐོང་ན་དབབ་པའི་འཁྲུལ་འཁོར་བསྐོར། །རྫོགས་ནས་ལྷ་ཀླུ་བཙན་དབུས་གཞུག །ཞག་གསུམ་ཡུལ་མཐོང་རྩེ་ནས་བསྐོར། །ཁྱབ་འཇུག་ཁྱི་ཡི་སོ་ལ་བཏང་། ། སྟོབས་གཞན་རྟེན་ལ་ཚེར་ཤིང་དུག །དྲེད་མོ་ཚིལ་བཞི་དུག་གསུམ་བྲུན། །ཞོ་གཉིས་མུ་ཟི་བསྲེས་བྱས་ལ། །སྔོ་སྣ་ལོ་ཐོག་མཆོད་པར་དབུལ། །དཀར་དམར་དུག་གསོའི་ཐབས་ཡང་བྱ། །ཐལ་འཇིམ་གཏོར་ཞིང་འོག་བརྡུངས་བྱ། །དེ་དུས་བསྐུལ་བ་དྲག་ཏུ་གཏང་། །གནམ་གྱི་ཆུ་རྒོད་རི་ལྟར་སྤུངས། །གནམ་ཐོག་འབེབས་ན་མེ་ལོང་དུ། །མོན་ཚིལ་རྟ་ཚིལ་གསེར་ཁྲམ་ལྕགས། །རོ་གསུམ་ཚིལ་གསུམ་ཉུངས་ཀར་སྐྲུང་། །གྲི་ཏོད་གསར་པས་ཁ་ནས་དགབ། །སྐུ་བསྐྱེད་འཕྲོ་འདུ་བྱིན་གྱིས་བརླབས། །ཞུ་འཕེལ་ཆད་ཅིང་མེ་འབར་ནས། །ཕྱེད་ནི་དྲི་མའི་བཅས་ནས་བླུགས། །འཕྲུལ་འཁོར་ཉིན་མཚན་བསྐྱེད་ལ་བསྐོར། །འཁོར་ལོ་གྲི་ཐོད་རྟེན་ལ་གཞུག །གྲི་མདའ་དགྲ་ལ་ཟོར་དུ་འཕང་། །གཟའ་རྒོད་བཙན་དང་སྡོངས་ལ་བྱ། ། གནམ་ལྕགས་འབར་བའི་ལས་ཡིན་ནོ། །ལྷས་ངན་ཐོད་པ་ཇ་རིལ་གཉིས། །དུག་ཁྲག་སྣ་ཚོགས་སྦྱར་བ་ཡིས། །ཕྱི་རུ་་་མིག་དམར་པོ་བྲི། །ནང་དུ་སྔགས་དང་མིང་རུས་བྲི། །ཕུང་ས་གསུམ་དང་ཆུ་ཡིས་དགང་། །འཁྲུལ་འཁོར་དྲིལ་གཏོར་སྦྱར་བ་ཙམ། །རྫོགས་ནས་རྟེན་སྦ་རྒྱུག་ཅིང་འཐབ། ཁུ་བས་དུ་རྒོད་གཉིས་སུ་འབྱུང་། །གཟིར་ན་གདོན་གྱི་ལིང་ག་བཅའ། །མི་བརྡ་སྙིང་པོ་དོང་དུ་བརྣག །བཀའ་རྟེན་བྱིན་ཅན་མགོན་པོས་མནན། །གཅད་པ་སེང་ལྡེང་ཕུར་བ་ལ། །སྔགས་བྲི་ཉུངས་ཀར་འཁོར་ལོ་སྦགས། །ཡུལ་གྱི་དབུས་སུ་དེ་སྦས་ལ། ། དུས་བྱུང་རམ་མདའ་ཉུངས་ཀར་འཕང་། །གསོ་བ་སླུངས་དང་སྲེའུ་སྟེ། །སྔགས་ལ་བཟླས་ལ་རང་ལུས་བཅང་། །རང་ལུས་སྟག་གི་ལོ་ཡིས་བསྐོར། །དེ་ཡིས་ལས་རྣམས་རྫོགས་པ་སྟེ། །བཅུ་གསུམ་འཁྲུལ་འཁོར་ལས་སུ་བཤད། །དུག་གི་སྐྲུ་གྲི་གསང་བའི་རྒྱུད་ལས། །འཁྲུལ་འཁོར་བཅའ་བ་དང་ལས་ཁའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་གསང་སྔགས་འདི་དག་སྟོན་ཏོ། །ཨོ་བཛྲ་བཱ་ཁི་ནི་ལ༷་བཛྲ་ཡཀྟ་མ་ཧྭ་ཀྭ་ལ་དུན་ཏྲག་རག་ཤ་མ། བཛྲ་པ་བཛྲ་ཡག་ཤ་མ་ནེ་བཛྲ། བཛྲ་ནེ་མ་ཧྭ་ཀྭ་ལ་ནི་བཛྲ། བཛྲ་ནི་ལ་དུན་ཏྲ་ག་ར་ག་ལ་བཛྲ།བཛྲ་ལམ་རག་ཤ་མ་བཛྲ་པ་བཛྲ། དགྲ་བའི་སྲོག་ལ་ཐུ་རིལ་པྲ་མ་ཡ་ཙིརྟི་བྲེང་ཡ༷་ར༷་རག་ཏ་ཙ་མ་ཡ་རྦད། བཛྲ་པ་བཛྲ་མ་ཤ་ར་ལ༷་བཛྲ། བཛྲ་ལ༷་རག་ཏ་དུན་ལ་ནི་བཛྲ། བཛྲ་ནི་ལ་ནི་ལ་ཀ་ཧ་མ་ནེ་བཛྲ། བཛྲ་ནེ་མ་༄༅། ཁྲ་ཡག་བཛྲ་པ་བཛྲ། ཡ་མ་རྭ་ཛ་ཏ་རག་ར༷་ར༷་ཡ༷་བྲེང་ཏ་ཙི་ཡ། མུ་དུ་རིལ་ཐུམ་ལ་སྲོག་རྦད། བཛྲ་པ་བཛྲ་ཡག་ཤ་མེ་ནེ་བཛྲ། ཕ་བཛྲ་ཡག་ཤ་མ་ནེ་བཛྲ་པ་བཛྲ། བཛྲ་ཡཀྟ་མ་ནེ་བཛྲ་པ་བཛྲ། ཡག་ཤ་མ་ནེ་བཛྲ་པ་བཛྲ། ཡག་ཤ་མ་ནེ་བཛྲ་པ་བཛྲ། ཡག་ཤ་མ་ནི་བཛྲ་པ་བཛྲ་ཡག་ཤ་མ། མེ་བཛྲ་པ་བཛྲ་ཡག་ཤ་མ་ནེ། བཛྲ་ནི་མ་ཧྭ་ཀ་ལ་ནི་བཛྲ། ནེ་མ་ཧྭ་ཀྭ་ལ་བཛྲ་པ་ནེ། མ་ཧྭ་ཀྭ་ལི་ནི་བཛྲ་ནེ། མ་ཧྭ་ཀྭ་ལ་ནེ་བཛྲ་ནི་མ་ཧྭ་ཀྭ་ལ་ནི་བཛྲ་ནེ་མཧྭ་ཀྭ་ལ་ནི་བཛྲ་ནི་མ་ཧྭ་ཀྭ་ལ་ནི་བཛྲ་ནི་མ་ཧྭ་ཀྭ་ལ་ནེ། བཛྲ་ནེ་ལ་དུན་ཏྲག་རག་ལ༷་བཛྲ་པ་ནི། ལ་དུན་ཏྲག་རག་ལ༷་བཛྲ་ནི་ལ། དུན་ཏྲག་རག་ལམ་བཛྲ་ནི་ལ་དུན། ཏྲག་རག་ལ་བཛྲ་ནི་ལ་དུན་སྒག་རག ལ༷་བཛྲ་ནི་ལ་དུན་ཏྲག་རག་ལ༷། བཛྲ་ལ༷་རག་ཤམ་བཛྲ་པ་བཛྲ། ལ༷་རག་ཤ་མ་ར་བཛྲ་པ་བཛྲ་ལ༷། རག་ཤ་མ་བཛྲ། པ་བཛྲ་ལ༷་རག་ཤ་མ་བཛྲ་པ་བཛྲ་ལ༷་རག་ཤ་མ་བཛྲ། བཛྲ་ལ༷་རག་ཤམ། བཛྲ་བཛྲ་ཤ་ནེ་པ་ཡག་མ། བཛྲ་མ་ཀ་ནི་ནེ་མ་ལ། བཛྲ་ལ་ཏྲག་ལ་ནི་དུན་ར༷་ག། བཛྲ་རག་ཤམ་ལ༷་ཤ་བཛྲ། སྲོག་ལ་ར༷་ཐུ༷་ཙིསྟ་ཡ། རིལ་རག་ཏ་བྲེང་ཡ༷་པྲ་མ་ཙི་མ་ར་ཡ་རྦད། དེ་དག་གིས་གསད་པའི་དྲག་སྔགས་སོ། །བཛྲ་པ་ལེ་རག་ཏྲ་དུན་ལ་ནི་བཛྲ། བཛྲ་ན་ལ་ཀ་ཧམ་ནེ་བཛྲ། བཛྲ་ནེ་མ་ཤ་ཡ་ག་བཛྲ་པ་བཛྲ། ཕྲོ༷་ཕྲོ༷་ཐིབས་ཕྲོ༷་འུར་ཧྲིལ་ཧྲིལ།བཛྲ་ཤ་ལ༷་བ་མ་རག བཛྲ་རག་དུན་ནི་ལང་ཏྲག་མ། བཛྲ་ལ་ཧ་ནེ་ནི་ཀ་ཡ། བཛྲ་མ་ཡག་ཤ་པ་ནི་ཤ་ཕྲོ་ཕྲོ་ཏ་ཏུ་ལ་ཧྲིལ་ཧྲིལ། པི་པི་ཤར་ཡམ་སྙིང་ཁྲག་དུ་སྨྱོ་ཕོབ་ཏྲིག་ནན་ཛ། དེ་དག་སེར་བའི་དྲག་སྔགས་སོ། །བཛྲ་པ་བཛྲ་མ་ཤ་རག་ལམ་བཛྲ་པ་བཛྲ་མ་ཤ་རག་ལ༷་བཛྲ། པ་བཛྲ་མ་ཤ་རག་ལ༷་བཛྲ། བཛྲ་མ་ཤ་རག་ལ༷་བཛྲ་པ་བཛྲ། མ་ཤ་རག་ལ༷་བཛྲ་པ་བཛྲ་མ། ཤ་རག་ལ༷་བཛྲ་པ་བཛྲ་ཤ རག་ལ༷་བཛྲ་པ་བཛྲ་མ་ཤ་རག ལ༷་བཛྲ་པ་བཛྲ་མ་ཤ་རག་ལ༷། བཛྲ་ལ༷་རག་ཏྲ་དུན་ལ་ནི་བཛྲ། ལ༷་རག་ཏྲ་དུན་ལ་ནི་བཛྲ། ལ༷་རག་ཏྲག་དུན་ལ་ནི་བཛྲ་ལ༷། རག་ཏྲག་དུན་ལ་ནི་བཛྲ་ལ༷་རག ཏྲག་དུན་ལ་ནི་བཛྲ་ལ༷་ཏྲག དུན་ལ་ནི་བཛྲ་ལ༷་ཏྲག་དུན། ལ་ནི་བཛྲ་ལ༷་རག་རག་ཏྲག་དུན་ལ། ནི་བཛྲ་ལ༷་རག་ཏྲག་དུན་ལ་ནི། བཛྲ་ནི་ཀ་ཧ་མ་ནེ་བཛྲ། ནི་ལ་ཀ་ཧ་མ་ནེ་བཛྲ་ནི། ལ་ཀ་ཧ་མ་ནེ་བཛྲ་ནི་ལ༷། ཀ་ཧ་མ་ཧེ་བཛྲ། ནི་ལ་ཀྭ ཧ་མ་ནེ་བཛྲ་ནི་ལ་ཀ་ཧ༷། མ་ནེ་བཛྲ་ནི་ལ་ཀ་ཧ་མ། ནེ་བཛྲ་ནི་ཀ་ཧ་མ་ནེ། བཛྲ་ནི་མ་ཤ་ཡག་བཛྲ་པ་བཛྲ། ནེ་མ་ར་ཡག་བཛྲ་པ་བཛྲ་ནེ། མ་ཤ་ཡག་བཛྲ་པ་བཛྲ་ནི་མ་ཤ ཡག་བཛྲ་པ་བཛྲ་ནེ་མ་ཤ་ཡག བཛྲ་པ་བཛྲ་ནེ་མ་ཤ་ཡག་བཛྲ་པ། བཛྲ་ནེ་མ་ཤ་ཡག་བཛྲ། ཧྲིང་ཧྲིང་། ས་མ་ཡ་དུན་དུན་ཧྲི་སྲ་ས་རྦད། ཐུབ་སྦུར་ཡ་ཛ་ནན་ཏྲིག་ནན་རྦད། དེ་དག་གཟིར་བའི་དྲག་སྔགས་སོ། །བཛྲ་ཤ་པ་མ་བཛྲ་ནེ་ཡག བཛྲ་ཀ་ན་ལ་མ་ནི་ཧ། བཛྲ་ཏྲག་ནི་རག་ལམ་དུན། བཛྲ་མ་ལ༷་བཛྲ་རག་པ་ན། བཛྲ་བཛྲ་ལ༷་ར༷་སྲོག་ལ་རྦད། སིང་ཁྲོད་ཏྲག་འུ་ར་ནལ་ཏོ་སོག་ལ་རག་ཤ་རྦད།དེ་དག་གནམ་ཐོགདྲག་པོའིསྔགས་སོ། ། བཛྲབཱ་ནི་བཛྲ་ལ། བཛྲ་ནེ་ལམ་མ་རག བཛྲནི་པ་ལི་བཛྲ། བཛྲ་ལམ་ནི་མ་རག ཕྲ་མཀ་ར་ཡ་ས་མཡ། ཨུ་ཨུ་མ་ཧྭ་སུ་ཀ་སརྦཤ་ཏྲུ༷་ཕཊ། དེ་དག་གསོ་བའི་དྲག་སྔགསསོ། །བཛྲ་བཱ་ཁི་བཛྲ། ཡག་ཤམ། བཛྲ་ན་ནི་མཧྭ་ཀྭ་ལ། བཛྲ་ནིལ་དུནསྒག་རག བཛྲ་ལ༷་པ་རག་ཤ་མ་བཛྲ། དགྲ་བོའིརྩལཧ་ལརོ་ག་ནན་ཛ་ལ་ཛིན་ཤུ་ཁྲ༷ མྱགས་ཐིབས་རྦད། དེ་དག་ཛ་ལེའི་དྲགསྔགས་སོ། །བཛྲ་ཡགཥ་པ་ནི་བཛྲ་མ། བཛྲཧ་ཀ་ནེ་ནི་ལ་ལ། བཛྲ་དུན་སྒག་ལི་ལ༷་ལ་ཏྲག བཛྲ་ཤམ་ལ༷་པ་ར་ག་བཛྲ། ཐོབ་འུར་ཡ༷་ཐོར་ཐོར་ཕཊ། སེར་བཤག་དྲུངན་ཤ་ཡ་ཕཊ། སྟ༷་པ་ལ་བིག་ནན། ཁ་ཐམ་སྨྱོ། དེ་དག་གསེར་བབསྲུང་བའོ། བཛྲ་ཡག་ཤ་དུན་ཏྲགཀ་ནེ་ཤ། བཛྲ་དུན་ཏྲག་ཤ་ཡག བཛྲ་ཤམ་ཀ་ཧ། རུ་པི་སརྦ་སྐུ་ཡ༷་ཀ་པ་ལ་ཏི་རྒྱ་ལ་ཧལ་ཧལ་དུ་ལིང་ཧས་ཕོབཡ། དེ་དག་ལྟས་ངན་དབབ་པའོ། །བཛྲ་པ་མ་ནི་བཛྲ། མ་ནི་རག་ལ༷་བཛྲ། ལ་ནི་བཛྲཔ་བཛྲ། རག་ལ༷་ཡ་ནེ་བཛྲ། ཨུད་མ་ལྟ་ཕྱད་སངསས་ལ་ཤ༷་ཤ༷་ཙི་ཏྲ་ཧལཡ༷་ཏི་པར་རྦད། དེ་དག་སྨྱོ་བའི་དྲག་སྔགས་སོ། །ཡག་ཤ་བཛྲ་སྒགཧ། ཤབཛྲདུ་ན་ཀ་ཤ ཧ་བཛྲ་མ་ཡག་ཏྲག ཀ་བཛྲཤ་ཤ་དུན། བིདེ་ཤཡཔྲ་ཙ་ལི་ཏྲ་ཤན་ཤག པྲ་བེཤ་ཡ་ཕཊ། ཏྲ༷་ཕཊ། དེ་དག་བསྐྲད་ཅིང་དབྱེ་བའོ། །བཛྲཔ་བཛྲ། བཛྲནེམ། བཛྲནི་ལ། བཛྲ་ལ་རག ཏྲ༷་ཏྲ༷། ཧྲིངཧྲིང་། ཧྲི་ཏ་ནི་རུ་པི་ཧྲིལ། རུ་ཏི་རུ་ཏི། ཨ་ཡང་ཚེ་ཤ་དེ་དག་རེངས་པའི་དྲག་སྔགས་སོ། །བཛྲ་ཡག་ཤ་བཛྲ་ཀ་ལ། བཛྲ་དུན་་ག བཛྲ་རག་ཤ་ཛི་ཧོ་ཧུར་ཐུམས། མུ་ལ་བིག་ནན་ཕག་ཐུམ་རིལ་ཁྲིལ་ཡ་དབང་པོ་ཐུམ་རིལ་ཐ༷། དེ་དག་དཀྲུགས་པའི་དྲག་སྔགས་སོ། ། བཛྲ་པ་ཁི་བཛྲ་ཡག་ཤ་མ། བཛྲ་ནེ་ནི་མ་ཧྭ་ཀྭ་ལ། བཛྲ་ནི་ལྭ༷་ལ་དུན་སྒག་རག བཛྲ་པ་རག་ཤ་མ་བཛྲ། པ་ཤང་ཀུ་རུ་ཨ༷་གུ་ཤ་ཡ་དུན་བྲེང་སྟུ་ཧྲིལ་ཨུ་ཀཁོ་ཡ་ཛ་ཛ། དེ་དག་དབང་དུ་བསྡུ་བའོ། །ཉིན་གཏོར་མཚན་དྲིལ་ཀུན་གྱི་ལས། །དྲིལ་བ་རྩ་བའི་སྤྱི་རྒྱུགས་ཡིན། །ཞབྲུལ་འཁོར་གསང་བའི་སྟོབས་ཆེན་འདི། །བཅུ་གསུམ་ལས་ཀྱི་སྦྱོར་བ་གྲུབ། །འདི་དེ་ལས་ཀྱི་གནད་དེ་བཤད། །དུག་གི་སྐྲུ་གྲི་གསང་བའི་རྒྱུད་ལས། འཕྲུལ་འཁོར་སྔགས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་རྣམ་ཐོས་སྲས་ཀྱིས་གསོལ་པ། །དྲག་པོའི་ངན་སྔགས་གསང་བ་ཡི། །དམོད་པ་ལས་ཀྱི་འབྲུ་རྒོད་རྣམས། །རྡོ་རྗེ་སྙིང་པོས་བཤད་དུ་གསོལ། །ཅེས་ གསོལ་ པས། བཅོམ་ལྡན་རྡོ་རྗེས་བཀའ་སྩལ་པ། །རིགས་མཆོག་དམ་པའི་རྒྱལ་པོ་ཉོན། །དམོད་པ་ལས་ཀྱི་སྔགས་རྒོད་ལ། །གསད་བསྲུང་དབབ་གཅད་དོན་བཞི་རྫོགས། །དེ་དག་རྒྱས་པ་འདི་ལྟ་སྟེ། །མཆོག་རྣམས་ཚང་བའི་གནས་དེ་སྲ །ཞིང་རས་རྒྱ་ཤོག་ཁྲུ་གང་ལ། །དུག་སྣས་བྱུགས་ལ་ཁྲག་སྣས་བྲི། །དབུས་དང་རིམ་བཞི་ཨེ་དང་དབང་། །ཕྱི་རིམ་ལྕགས་མཁར་ནག་པོ་ཡང་། །ལོགས་ལ་རྩིབས་བདུན་ཐ་མ་སྦྲུལ། །དབུས་སུ་བསྒྲུབ་བྱ་ཟླ་ཁམ་ལྷ། །ལྕགས་མཁར་རྩ་བ་ཚན་རེ་སྟེ། །རྩིབས་ལ་སྤུ་གྲི་ཚན་རེ་གནས། །སྦྲུལ་ནག་གནན་དང་འཕང་བའོ། །ཁ་སྦྱར་སྡིག་པའི་ལྟོ་བར་བཅའ། །ལིང་ག་གྲི་ཐོད་དོང་བཙན་ནང་། །འཁོར་ལོ་བར་སྣང་མཁའ་ལ་སྡིང་། །བདག་ཉིད་རྡོ་རྗེ་གོས་སྔོན་ཅན། །མདུན་དུ་གིང་ཆེན་ཡབ་ཡུམ་འཁོར། ། རྫོགས་ཚུལ་བསྐྱེད་ལ་བཀའ་སྡོད་མངག །ཞག་ལྔར་དམོད་པར་བར་མི་གཅད། །སྲོད་དང་ཐོ་རངས་དྲག་ཏུ་བསྐུལ། །དྲག་སྔགས་འོད་ཟེར་སྦུབས་ལ་ཞོན། །གསང་ལམ་སྒོ་རུ་རྩ་ལ་ཐིམ། །མེ་ལྕེ་མཚོན་ཆ་དགུ་ཐོགས་ཀྱིས། །རྩ་བཞི་བརྒྱད་དང་བཅུ་རྣམས་གཅད། །ཁྲག་སྦལ་ཞུ་བསྲེག་བག་ཆགས་བསྲེགས། །དམ་མ་མཐོ་རིས་ཐར་པའི་ས། །སྙིགས་མ་འཁོར་ལོ་ཐོད་པའི་འཁོང་། །ཕུང་པོ་ལྷག་མ་བསྟོད་དེ་རོལ། །གདུག་པ་ཆེ་ལ་འགྲན་ཟླར་གཏད། ། རྫོགས་ནས་ལིང་ཀ་འཁོར་ལོ་རྣམས། །གྲི་ཐོད་ཞབས་མ་རེ་བས་དྲིལ། །ཚས་ལྡན་གདུག་པ་ཆེ་ལ་གཏད། །ཉ་སྟོང་ཐོད་ན་ཡང་ཡང་བསྐུལ། །དམོད་པའི་དྲག་སྔགས་འདི་ལྟ་སྟེ། །ཨེ་བཛྲ་ཨ་ཏི་པ་ཏ་ཡེ། བཛྲ་མ་ཧྭ་ཀྭ་ལ་དུན་ཡ།གིང་ཀ་ར་ཀྲོ་དྷ་ནི་ཧྲིང་། ག་ན་གུ་ཏི་བ་ཏྲ་དུན། །བཛྲ་ཡག་ཤ་ཀྲི་སྣ་དྷ་ཤ མ་མ་ཏྲག་ཧེད་རག་མོ་ཤམ། ཏིག་སྣ་ཀ་ལི་ཙ་མུན་ཏྲི། ཡག་ཤ་ནག་མོ་ཙིལྟི་ཤ༷། དགྲ་བའི་སྲོག་ལ་བྲེང་ཤག་རྦད། ཙིལྟི་ཕྱུང་རཀྟ་ཐིབས་རྦད།ཙ་ལ་ཐང་ཐང་ཐུམ་རིལ་རྦད། དྲི་ཧུར་ཐུ༷་ཛ་དུན་དུན་ཤག སྲོག་ལ་དུན་མུགས་མྱགས་ཁྲམ་རྦད། ཙིསྟ་རོ་མྱག་ལིང་ཤག་རྦད། སྙིང་ཁྲག་ཚལ་པ་ཡ༷་ལིང་རྦད། ཐུ༷མ་རི་ལི་ལི་དུན་སྨྱོ་སྨྱོ། སྟ༷་པ་ཛ་ནན། ཉིན་མོ་འདི་བཞིན་དྲིལ་བ་སྟེ། །མཚན་མོ་རྩ་བའི་བདུན་པོ་ལ། །སྐྲུ་གྲི་རེ་རེ་སྟོབས་ལ་བརྡེག །རྡོ་རྗེ་སྟོབས་ཆེན་ཀུན་འཁོར་དྲང་། །དྲག་སྔགས་བདུན་པའི་འཁོར་ལོར་བཤད། །གཞན་ཡང་ཆུ་གོད་དབབ་པའི་ལས། །རྒྱ་ཤུག་འབྲུ་ཡི་ཆུ་ཡིས་བྱུག །དུག་བཞི་དབུས་ནས་རིམ་བཞིན་བསྐོར། །དབུས་སུ་གྲུ་གསུམ་ཟླ་གམ་གསུམ། །ཡུལ་མི་སེར་སྲུན་ལྷ་ཀླུབ་བཙན། །ཕྱི་རིམ་ཁོར་ཡུག་དྲག་སྔགས་བདུན། །ཡང་ལོགས་གཟའ་རྒོད་སྤུ་གྲི་བདུན། །ཐ་མ་གཟིར་བའི་དྲག་སྔགས་དགོད། །ཁ་སྦྱར་ཟུང་བཞི་ཕག་ལྟོར་བཅའ། །མི་རྟ་ཁྱི་ཕག་ཐོད་པར་བརྣག །དོང་བུར་ཁྲག་ལྔ་རླུགས་ལ་བཞག །བདག་མདུན་དོང་བུའི་གཞལ་ཡས་སུ། ། ལྷ་ཚོགས་གསལ་བྱས་དམོད་པ་དབབ། །དགུན་ཟླ་ཐ་ཆུང་ཞག་བདུན་དྲིལ། །ཡུངས་ཀར་ཡུངས་ནག་སྐྱེ་ཚེའི་ཐུན། །བརྒྱ་བརྒྱ་དོང་བུའི་ནང་དུ་བྲབ། །དཔྱིད་ཟླ་ཐ་ཆུང་ཞག་ལྔར་བྲབ། །ཉ་ལ་ཡུལ་དུ་ལྷ་མ་གཞུག །ལྷ་ཀླུ་བཙན་དང་དབུས་སུ་སྦ། །དབྱར་ཆུང་སྟོན་རབ་འབྲིང་པོ་ཡིན། །གང་རུང་ཞག་བདུན་དབབ་པ་ཙམ། །གིང་ཆེན་བཀའ་སྡོད་བཟའ་རྒོད་ཆེ། །གང་དམིགས་ཡུལ་དུ་འཁྱགས་དཔུང་སྡུད། །དུད་ཀ་སྤྲིན་གོས་བཞི་ཡིས་བརྒྱན། །འོད་ཟེར་སེར་ཆེན་འབྲུག་ལ་ཞོན། །གནོད་སྦྱིན་འབུམ་དང་བཅས་པ་བསྐྱེད། །བདག་གི་ས་ཆེན་ཟིལ་གྱི་བཟའ། །བསྐུལ་ཏེ་གཟའ་ཡིས་ཡུལ་གདོན་བསྐུལ། །ཆུ་རྒོད་རི་ལྟར་འཕུངས་ཤིང་གཏིབས། །དགྲ་ཡུལ་རྡུལ་དུ་བརླག་པར་བྱེད། །དེ་ལྟར་ཀུན་ལ་གསལ་བར་བྱའོ། །དེ་ནས་ཁྱབ་འཇུག་རྒྱུ་དུས་སུ། །ཟོར་འཕངས་སྐུལ་ཏེ་ཁྲི་ཡིས་མདག །གལ་ཏེ་སྟོབས་ཞན་ཡུལ་རྟེན་པ། །རྫས་བསྲེག་ཐལ་འཇིམ་གཏོར། ༷།རང་དབང་མེད་པར་གཟིར་ལ་དབབ། །དེ་ན་ཆུ་རྒོད་བྱི་ལྟར་འབེབས། །དེ་དག་དམོད་པ་འདི་ལྟ་སྟེ། །ར་ཧུ་ལ་ཡ་མ་སྙིང་། །ཡ་མ་ཁྲག ། བཛྲ་རག་ཤ་ག་ཏེ། བཛྲ་རག་ཤ །ཐིབས་འདུས་ཏོག །ཐོག་འུར་ཀེ །ཕྲོ་ཕྲོ་ཧྲིལ་ཧྲིལ། ཡ༷་ཡ༷་ཧྲིལ་མུ་ཏི་རྒྱ་རི་སེ་རི་ཏ། ཤར་ཤརཡ༷་ཤར། དྲག་ཏུ་ཕོབ། ད་ཡ་ད་ཡ་ཧྲིལ་ཤར་ཕོབ། ཡ༷་ཧྲིལ་ཡེ་ཤར་དྲག་ཏུ་ཕོབ། ཡུལ་འདིར་སེར་བ་ནལ་ནལ་ཕོབ། །ཏྲིག་ནན་སྙིང་གཟིར་སྐྲུར་ནན་ཛ།རྩ་བའི་དྲག་སྔགས་བདུན་ལ། མགོ་ལ་རྡོ་རྗེ་སྟོབས་ཆེན་ཏེ། །མཇུག་ཏུ་ཁྱབ་འཇུག་གཟའ་རྒོད་གདགས། །སྤུ་གྲི་སྟོད་བཞི་འདྲིལ་ཏེ་རྒྱུན། །བཞི་སྤྲེལ་དྲག་སྔགས་དེ་ལ་སྦྱར། ། སྨད་གསུམ་དཔྱིད་དབང་དབབ་པ་གདགས། །དེ་དག་ཉིན་གཏོར་མཚན་མོ་དྲིལ། །སྟོབས་ཆེན་གཟའ་རྒོད་མགོ་ཞབས་སྦྱར། །གཟིར་ན་རང་སྔགས་མཐའ་ལ་གདགས། །ཡུལ་གདོན་དེ་ཡི་སྙིང་པོ་བླང་། །ཆུ་རྒོད་དབབ་པའི་སྦྱོར་བ་བཤད། །གཞན་ཡང་བསྲུང་ཞིང་གཟིར་བའི་ལས། །རྒྱ་ཤོག་དུག་སྣ་གུ་གུལ་བྱུགས། །ཁྲག་སྣས་བྲིས་ཏེ་ཐིག་བསྐོར་བཞི། །དབུས་སུ་གྲུ་གསུམ་ཟླ་གམ་གསུམ། །གང་ཡིན་གདོན་དང་སྡོངས་ཟླ་བྲི། །ཕྱི་རིམ་རྩ་བརྒྱད་རྩ་བའི་སྔགས། །ཡང་ལོགས་རྩིབས་བདུན་སྐྲུ་གྲི་གནས། །ཐ་མ་མེ་ཡི་ར༷་དང་ལྡན། །རྩིབས་མཆན་གནོད་བྱེད་སྡོངས་ཟླའི་སྲོག །ཁ་སྦྱར་རུས་སྦལ་ལྟོ་བར་བྲི། །ས་གསུམ་ལིང་ག་མི་མདའ་སྲོག །ཐོད་ཆེན་དོང་གི་ནང་དུ་བརྣག །གྲི་ལྕགས་ཕུར་མདའ་ཡུངས་ཀར་བརྡེག ། གསལ་གསུམ་བཀའ་སྡོད་ཞག་བདུན་བཙན། །ཐོད་ནང་ལིང་ག་འཁོར་ལོར་དྲིལ། །ཐོད་ཆེན་མགོན་པོ་ཉིད་ཀྱིས་གནན། །ཉ་སྟོང་ངག་དུས་སྟོང་སྟོང་བཟླས། །ཐུག་ཕྲད་ཡུངས་ཀར་གདབ་ཅིང་མངག །དེ་ལྟར་དམོད་པ་འདི་ལྟ་སྟེ། །ཏྲིག་ནན། བིག་ནན། སྟ༷་པ་ཡ། ཨུ་ནན། ཨེ་ནན། སྤུར་ནན་གཟིར། །སྙིང་གཟིར་ཐུམ་རིལ་འདྲིད་ན་གཟིར། །ཧ་ལ་ཧ་ལ་ཙམ་རི་ཕྱུང་། ཧ་ལ་བི་དང་ཛ་ལ་ར༷། དུན་དུན་བྲེང་ཤག་ཧུར་ཐུམ་ས་ཛ། ཁ༷་ཤག་རོ་མྱགས་ཐུམ་རིལ་རྦད། ཉིན་གཏོར་མཚན་དྲིལ་གཟིར་བའི་དོན། །ཡང་གསང་དམོད་པའི་རྒྱལ་པོར་བཤད། །གཞན་དུ་ཆུ་རྒོད་གཞོམ་པ་ནི། །གྲི་ལྕགས་སེང་ལྡེང་ཕུར་པ་ལ། །སྟོང་དུ་རྩ་བ་སྨད་ལ་སོགས། །དུག་སྣས་བྲིས་ལ་བྱིན་གྱིས་བརླབ། །མགོན་པོ་ཡབ་ཡུམ་གསལ་བར་བསྐྱེད། །ཡུངས་ཀར་ཐལ་འཇིམ་སྐྱེ་འབྲ༷་ཚ། ཁྲ་ཟ་མོན་པའི་ཚོགས་སུ་བརླབ། །བདག་ཉིད་རྡོ་རྗེ་གོས་སྔོན་གསལ། །མདུན་དུ་བཀའ་སྡོད་གཙོ་འཁོར་བཅས། །བསྐྱེད་ལ་དམོད་པ་ཁྲི་དགུར་བཟླས། །རྫོགས་ནས་བྱུང་དུས་ཕྱག་རྒྱ་བསྐྱེད། །རྫས་འཕང་རམ་མདའ་ཕུར་པ་འདྲིལ། །ཆུ་རྒོད་རི་ལྟར་ཕུངས་ལ་བཟློག །སྤྲིན་གཏོར་ལོ་ལ་ཟ་བ་བཅིང་། །འབྲུག་གི་ངར་བཅག་གློག་བང་བཅིང་ སེར་བའི་བཀའ་བཅག་བཞུ་ཞིང་བསྲེག །རླུད་སྡོད་དགྲ་ལ་ལམ་བསྟན་ནོ། །དེ་ཡི་དམོད་པ་འདི་ལྟ་སྟེ། །ཐིབས་ཐིབས་ཧུར་ཁ༷་ཡ༷་ཐོར་ཕཊ། དྷ་ཀི་མུ་ཀ་བིག་ནན་ཐུ༷། འུར་ཏོག་ཐུ༷་རིལ་གཟེར་ཐུན་ནན། །ཀེ་ཀེ་ཧ་རི་ཧུར་ཐུམ་རིལ། །སེར་བ་རོ་མྱགས་ཧ་སྟ་རྦད། ཁྲ་ཏྲུ༷་ནཱ་ཤ་ཡ་སྨྱོ། དྲག་སྔགས་བདུན་པའི་འབྲུ་རྒོད་འདི། །དང་པོ་ཉིན་གཏོར་མཚན་དྲིལ་ཏེ། །ཐུག་ཕྲད་དྲིལ་གཏོར་བརྣོལ་མར་བརྡེག །ངན་སྔགས་འབྲུ་བདུན་གསང་བར་བཤད། །དུག་གི་སྤུ་གྲི་གསང་བའི་རྒྱུད་ལས། དྲག་སྔགས་བདུན་པའི་ལེའུ་སྟེ་ དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དམོད་པ་ངན་སྔགས་སྦྱོར་བ་འདི་བཤད་དོ། །གནས་མཆོག་གཞུང་དང་ལྡན་པ་དེར། །དམོད་པ་ངན་སྔགས་སྦྱོར་བ་བསྟན། །དང་ལ་གསད་པའི་སྦྱོར་བ་ནི། །ཕུང་ས་གྲུ་གསུམ་སྦ་མ་སྲ །རྒྱུ་རྐྱེན་དྲུག་གི་ལིང་ག་བཅའ། །གྲོ་ག་མིང་རུས་ལོ་ཁམས་བྲི། །སྙིངས་དཔྲལ་ལྟེ་བ་གསང་བར་གཞུག །མོན་ནམ་རབས་ཆད་ཐོད་པར་བརྣག །དུག་གསུམ་ཁྲག་བཞི་འབྲུ་དང་ཚ། །བསྲེས་ལ་ཁྲམ་ཀྱི་ཐོད་པར་བླུག །རྒྱ་ཤོགས་གཉིས་ལ་འཁོར་ལོ་བྲི། །ཨེ་དང་དབང་ལ་བརྣག་པ་ལྷ། །ཕྱི་རིམ་མུ་ཁྱུད་རྩ་བའི་སྔགས། །ཡང་ལོགས་དེ་བཞིན་སྐྲུ་གྲི་སྟེ། །ཐ་མ་ཐོད་པའི་རྭ་བས་གཏམས། །རང་རང་རྫས་ཀྱིས་བྲིས་བྱས་ལ། །ཁ་སྦྱར་ལས་མཁན་ལྟོ་བར་གཞུག །སྤྲ་ལག་དོང་རྩ་མཁའ་ལ་ལྡིང་། ། བདག་ཉིད་རྡོ་རྗེ་སྙིང་པོར་གནས། །བཀའ་སྡོད་མགོན་པོ་ཡབ་ཡུམ་འཁོར། །དེ་ཡི་བཀའ་སྡོད་གང་ཡིན་དྲེགས། །བདག་གིས་གིང་བསྒྲུབ་མགོན་པོས་དྲེགས། །བསྐུལ་ཏེ་མཚོན་རྣམས་མེ་ཏོག་མཚོན། །རྩ་བཅད་ཁྲག་སྐམ་ཤེས་པ་ཕྱ། །ལིང་ག་བརྣག་པ་རང་དུ་གསལ། ། དེ་ལྟར་མ་ཡེངས་ཞག་དགུར་བརྩམ། །རྫོགས་དང་རང་རང་ལག་ཏུ་གཏད། །དེ་དག་སྤྱི་ཡི་རིམ་པ་ཡིན། །སྡེབས་པའི་ཐབས་ནི་འདི་ལྟ་སྟེ། །གིང་དང་བདུད་དུ་སྡོང་འདོད་ན། །བོང་ང་ར་ཙ་རྟ་ཁྱི་མོན། །རྒོད་ཁྲ་བྲན་ནག་མཚོ་ལྐུགས་ཆུ། །ཐུན་དང་ལིང་ག་འཁོར་ལོ་བྱུག །གྲི་མདའ་བཤོས་བུ་དར་ནག་རྟེན། །མི་གསད་མི་རྒོད་བྲག་ནག་ལ། །ཁྲུ་གང་གཟུགས་བྱས་རྒྱ་སོལ་བྱུག །ནག་པོ་འཇིགས་ཚུལ་རས་པས་གཏམས། །ཁྲི་ཤིང་ཞགས་པ་བེང་ནག་ཤིང་། ། གསལ་བྱས་སྙིང་ཁར་དར་ནག་སྔགས། །མུན་པའི་གླིང་དུ་གཟུགས་ཀྱིས་གནན། །འཐོམ་ནག་དུག་ཟོར་ཉ་སྟོང་མངག །གིང་དང་རྒྱལ་པོ་སྡོངས་འདོད་ན། །དཀར་གསུམ་གངས་ཆུ་རྒྱ་ཚྭ་བྱུག །ལྷ་ཁང་ཀ་རྟེན་རྙིང་པ་ལ། །ཁྲུ་གང་གཟུགས་བྱས་ཅོང་ཟིས་བྱུག །མདའ་དང་བཤོས་དཀར་རྟ་རུ་བཅའ། །དཀར་པོ་བརྗིད་པའི་འཁོར་ལོ་བྲི། །དར་དཀར་གོས་ལྷན་རྩ་དང་སྔགས། །ལྷ་ཁང་ནང་དུ་གཟུགས་ཀྱིས་མནན། །མགོན་པོ་མ་མོར་སྡོངས་འདོད་ན། ། དམེ་ཁྲག་དུག་སྣ་མཚོ་སྦུས་བྱུག །དམེ་ཤ་འབྲུ་སྣ་དུག་གཏོར་རྟེན། །གྲོག་མཁར་ནལ་ཤ་སྲིན་མོ་སྡོང་། །ཁྲུ་གང་གཟུགས་བྱས་རྒྱ་སོལ་བྱུག །ནག་མོ་འཇིགས་མ་རལ་པ་ཁྲག །ཞིང་རྟག་རེ་ལྡེ་བན་དམར་མདུང་། །སྙིང་ཀར་མ་མངགས་གསལ་བར་བྱ། །ཀླུ་བདུད་མོ་ལ་གཟུགས་ཀྱིས་གནན། །གིང་དང་ཀླུ་གཉན་ས་བདག་སྡོང་། །སྦལ་སྦྲུལ་བ་མར་མཛེ་ཁྲག་བྱུག །གཉན་ར་དགུ་ཡི་ས་ཆུ་ཤིང་། །ཀླུ་སྨན་སྦྱར་ལ་ཅུ་གང་གཟུགས། །དཀར་གཏོང་ཀླུ་སྨན་སྣ་ཚོགས་རྟེན། །ལྗང་ནག་སྦྲུལ་གྱི་ཐོད་གདེངས་ཅན། །གཅེར་བུ་སྦྲུལ་ཞགས་རྒྱལ་མཚན་ཐོགས། །སྙིང་ཁར་ཕུ་སྔགས་གསལ་བྱས་ལ། །གདུག་པ་ཉིད་ལ་གཟུགས་ཀྱིས་གནན། །གིང་དང་བཙན་དུ་སྡོངས་འདོད་ན། །དམར་གསུམ་ཁྲག་གི་རག་ཏས་བྱུག །གོང་གསུམ་དམར་ཁྲག་ས་དམར་ལ། །ཁྲུ་གང་གཟུགས་བྱས་གྲི་ཁྲག་བྱུག །མདའ་དང་བཤོས་དམར་ཤ་ཁྲག་བརྟེན། །དམར་པོ་དར་དམར་བསེ་ཁྲབ་གོན། །དར་མདུང་ཞགས་ཐོགས་ཛ་སྔགས་བསྐྱེད། །གོང་གསུམ་འགྱུ་སར་གཟུགས་ཀྱིས་གནན། །མགོན་པོ་དགེ་བསྙེན་སྡོངས་འདོད་ན། །གངས་བཞིན་གྲི་ཁྲག་དུག་གིས་བྱུགས། །ཕ་བང་ཐལ་ཆེན་ལ་བཙས་ཁྲག །རྒྱུ་ལ་ཁྲུ་གང་གཟུགས་སུ་བྱ། །དར་མདའ་ཟ་འོག་བཤོས་བུ་བསྟེན། །ལྗང་ཟེར་ཟབ་སླག་རྡོ་རྗེ་སྙིང་། །སྟག་ཐོད་སྙིང་ཁར་དྲི་སྔགས་གསལ། །ཁྲ་ཚང་སུམ་མདོར་གཟུགས་ཀྱིས་གནན། །རང་རང་རྐྱང་བར་སྡེབས་པ་དང་། །ཀུན་སྡོངས་སྙིང་པོ་འབྲུ་རེ་བླངས། །དྲག་པོ་དམོད་སྔགས་དྲིལ་ལ་བརྡེག །ཐིབས་ནད་སྨྱོ་འབོག་དལ་རིམས་གཡོ། །མཛེ་ཤུ་གྲི་རྒོད་ཧུར་ཐུམས་སོད། །སྤྲུལ་པའི་སྦྱོར་བ་དཔག་མེད་འདི། །རང་ཡང་རང་ལ་གབ་པ་སྟེ། །བདུད་ཀྱི་རྒྱལ་མོ་གདུག་པ་ཅན། །ཐེ་བྲང་སྡོངས་པའི་ལས་ཡིན་ནོ། །དེ་ཡི་དམོད་པ་འདི་ལྟ་སྟེ། །མྱེ་བཛྲ་ཧྲི་ལ་རྔུབས་ནི་བ༷་བ་ས་ཨུ་ནེ་ཨུ་ནུ་ཧྲི་ད་ཡ། །བཛྲ་ཡག་ཤ་ཀྭ་ལ་ཀྭ་ལ། མ་ཧྭ་ཀྭ་ལ་མ་ཧྭ་ག་ན་གུ་ཏི་ཧྲི་ཡ། བཛྲ་གིང་ཀར་རག་ཤ་ཀ་ལི། །མ་མ་མུ་ཁྲ༷་ཁྲག་ལ་མུ་ཤ༷་ཧྲིང་། །དུ་ན་རུ་ཏ་ཐུ༷་བྷ་ཏི། །ར་ཛ་ཙ་པ་ལ་ཨ་ཤུགམེ། །མ་མ་ཏྲག་རག་ཤ་ནག་མོ་ཏིག་ལ༷་སྨྱོ། ནཱ་ག་ཧུ་ཏི་ནཱ་ག་དུ་རུ་ཏ། ཤུ་ལ་རྭ་ཛ་ཏྲི་ཤ་མ་ཛ་ཡ༷། ནཱ་ག་ཧུ་ཏི་ཕ་ན་ག་དུ་རུ་ཧ། བཛྲ་ཏྲི་ན་ས་ཐུ༷་ཏྲི། སྲོག་ལ་ཐུ༷་རིལ་རྩ་ལ་བྲེང་ཤག་ཙིརྟི་དུན་རྨུགས་ཁྲག་ཐིབས་རྦད། ལིང་ཤག་རྦད། ནི་ཧུར་ཐུམས་ཛ། ཁྲ༷་རྦད། གསད་པ་ལས་ཀྱི་རྒྱལ་པོ་འདི། །སྤོགས་ན་བཟློག་དཀྲུགས་མཆོག་ཏུ་བརྡེག །མཆོག་གི་གནས་ཀྱི་ངན་སྔགས་ཏེ། །ཕྱིར་བྱུང་སྲོག་ཆགས་ཡོད་ཚད་འཆི། །ནང་བརྔུབས་རང་གི་རྩ་སྲོག་ཆད། །དེས་ན་ཞིང་རྐང་སྦུ་བུར་གདབ། །རླུད་གིས་ཐོས་སུ་མིརུང་སྦ། །དེ་དག་དྲག་སྔགས་འདི་ལྟ་སྟེ། །མྱེ་ཡེ་ཏ་ཧྲི་ནེ་ཨུ་ནེ་ཨ་ས་པ་ལ༷་ནི་རྔུབས་ཧྲིལ་བཛྲ། ལི་ཀ་ཤ་རག་ར་གའི་གིང་བཛྲ་ཡ་ཧྲིང་ཏི་གུ་ན་ག་ལ་མ་ཧྭ་མལ་ཀྭ་ལ་ཀྟ་ཡཀྟ་བཛྲ། ཧྲིང་ཤ་མུ་ལ་ཁྲག་མུ་མ་མ། སྟི་བྷ་ཐུ༷་རུ་ཏྲ་རུ་ཐུ༷། མེ་ཤུག་ཨ་ལ་ལ་པ་ཙ་ཙ་ར། སྨྱོ་ལ༷་ཏི་མོ་ནག་ཤ་རག་སྒག་མ། ཧ་དུ་རུ་ག་ན་ས་སྟི་ཧུ་གན། ཡ༷་ཛ་ཤ༷་ཏྲི་ར་རྩ་ལ་ཤུ། ཏྲི་ཐུ༷་ཁ་དུ་ས་ན་ཏྲི་བཛྲ། ཁམ་རྦད་ཛ་ཐུ༷་ཧྭ་ར་ནི་རྦད།ཤག་ལིང་ཐིབས་ཁྲག་རྨུགས་ཐུན་ཏ་ཙི་ཤག་བྲེང་། རྩ་ལ་རིལ་ཐུ༷་སྲོག་ལ་རྦད། ཨེ་ཨ་ཡེ་བཛྲ། ས་ཧྲིལ། ནེ་ནི་རྡུབས་ཨུ་པནེནི་ལ༷། བཛྲ་ལིང་ག་ཡག་ཤ་ན་ཀྟ་ཀྟ་ལ་ཀར་ག་གུ་ལ་ར་མ་ཀ་ཀ་ཏི་ལ། གིང་ཧྲིང་མ་བཛྲཧ་ཡ། མ་ཏིང་ཁྲག་མ་ཤ་ཁྲམ་མུ་མ་ལ། དུན་ཏིང་རུ་རུ་བྷ་ཏྲ་ཐུ༷། མར་མེ་ལ་ཙ་ཤུག་ཨ། མ་སྨྱོ་ནག་ཏྲག་ལ༷་ཤ༷་རག་ཏིང་མོ། ན་ཧྭ་ནཱ་ག་རུ་ཧུ་དུ་ཏི་ཁ། ཤུ་ཡ༷་ཏྲི་ལ་ཛ། ར་ཙ་ཤ༷། བཛྲ་ཏྲི་དུ་ན་ཐུམ་ས་ག །སྲོག་ལ་ཁྲ༷་ལིང་རྦད། ཙིསྟ་དུན་རྨུགས་རིལ་ཤག་ཐུན་རྦད། རྩ་ལ་ནི་ཤག་ཐུ༷། ཁྲག་ཧུར་ཛ་ཐིབས་བྲེང་རྦད། ཨེ་རྔུབས་ཨེ་བཛྲ་ཏ་པ་ཧྲིལ། པ་ཏྲི་ཨུ་ནི་ནིཨ་ལ་ནི། ན་ནི་བཛྲ་ལྷུ་ཀ་ཡག་གཀྟ་ཀྟ་ཏི་རག་ཀ་ལ་ལ་ར་ཧྲིང་ཀ་ཀ་མ་ལ་གིང་ཀ་བཛྲ་མ་ཡ། ཁྲག་མ་ཧྲིང་ཁྲ༷་ཤ་མ་ལ་མ་མུ། རུ་ཏི་དུན་ཐུན་ཏྲ་བྷ་སྲ ཨ་ར་མེ་ལ་ཙ་པ་ཤུག་ཙ། ནག་མོ་སྦྱོ་ཤ་ལ༷་སྒག་མོ་རག་ཏ། ན་ན་ཧ་ས་གརུ་ག་ཏི་དུ་མྲ ཏྲི་ཤུ་ཡ༷། ར་ཤ༷་ལ་ཛ་ཙ། ས་ཏྲི་བཛྲ་ནག སྲོག་ལ་ཐུན་རྨུགས་ལིང་ཤང་རྦད། ཙིསྟ་ཐུམ་རིལ་དྲི་ཧུར་ཐུ༷་ཛ་ཤག་ཙ་ལ་ཁྲག་ཐིབས་བྲེང་ཁྲ༷་རྦད། དམོད་ལ་གནད་ཀྱིས་གདབ་པ་འདི། །བློ་ལ་མི་གནས་ཐུག་ཕྲད་བརྡེག །བློ་དམན་རྨོངས་ལ་བགྲོད་མེད་ཀྱིས། ། སྤྱད་ན་རང་ཉིད་བརླག་པར་འགྱུར། ཁྲཀ་ཐུབ་བསྟན་པ་འཇིག་པའི་དུས། །རྩི་ཤིང་ནགས་ཚལ་ཟད་པའི་དུས། །ཚེ་ལོ་ལྔ་བཅུ་མི་ཐུབ་དུས། །རྣལ་འབྱོར་ནང་རྨེ་འཁྲུགས་པའི་དུས། ། ལྷ་སྲིན་རྩལ་འགྲན་འགྱེད་པའི་དུས། །སྐྱེ་བོ་དཔའ་རྩལ་འགྲན་དུས་སུ། །དེ་ཚེ་གདབ་པའི་ངན་སྔགས་འབྱུང་། །གཟུ་ལུམས་ར་ཆོད་སྤྱད་གྱུར་ན། །སྟོབས་མེད་རང་འཆི་བརླག་འགྱུར་བས། །སྒྲོལ་གིང་མགོན་པོ་ཉིད་ལ་དྲིས། །ཅང་མི་སྨྲ་ན་དུས་མིན་པས། །རང་གི་སྙིང་བཞིན་བརྣག་ལ་སྦ། །བཀའ་གསང་ཐོབ་ན་ངན་སྔགས་སྤྱད། །དེས་ནི་ནུས་པ་དཔག་མེད་དོ། ། གདབ་དང་གནད་དམོད་པ་ཡི། །ཡང་གསང་མན་ངག་འབྲུ་རྒོད་བཤད། །དུག་གི་སྤུ་གྲི་གསང་བའི་རྒྱུད་ལས། །དམོད་གནད་དབབ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་རྡོ་རྗེ་སྙིང་པོས་དྲག་པོ་སྔགས་རྒོད་ཀྱི་སྦྱོར་བ་འདི་དག་བཤད་དོ། །སྤྲུལ་པ་ལས་ཀྱི་སྦྱོར་བ་དཔག་མེད་འདིས། །ལས་ཀྱི་རིམ་པ་དུ་མ་འགྲུབ། །དབྱེ་བའི་རིམ་པ་འདི་ལྟ་སྟེ། །དེ་ལ་སྦྱོར་བ་བདུན་དང་ལྡན། །གསད་དང་བསྲུང་དང་དབབ་གཅད་བསྒྱུར་བ་དང་། །དབང་སྡུད་རིམ་པའི་སྦྱོར་བའོ། །དང་པོ་ཁྲམ་ཐོད་སར་པ་སྲ །ཁྲག་ལྔ་དུག་ལྔ་རྟེན་དྲུག་སྦྱར། །ལིང་ག་མིང་རུས་དྲི་དང་བཅས། །ཡུངས་ཀར་ཡུངས་ནག་སྐྱེ་ཚེ་ཚེ། །སྔགས་ལ་སྒྲོལ་གིང་ཡབ་ཡུམ་གསལ། །ཁྲི་གསུམ་དྲག་སྔགས་བར་མི་གཅད། །སྤྱང་ཁུའི་རྒྱུད་པས་གཞུ་བྱས་ལ། །ཁྱི་ཡི་རྒྱུད་པས་རྒྱུད་དུ་བྱ། །ཁྲ་ཡི་རྐང་མགོས་མདའ་བྱས་ལ། །གྲི་ལྕགས་ལྔ་གསུམ་མདེའུ་གཞུག །བརྒྱ་ན་ཐུན་རེ་མདའ་དང་ལྕག །དཀར་ནག་སྙིང་གི་མཚམས་སུ་བརྡེག །མཚོན་ཆས་རྩ་གཅད་ཤེས་པ་འཕོ། །རྫོགས་ནས་ཁྲ༷་ཐོད་ལིང་ག་རྫས། ཁྲ་ཟ་ཤིང་གི་རྩ་རུ་སྦ། ། སྔགས་རྣམས་རླུད་གིས་མི་ཐོས་བཟླས། །རྩ་བ་ལྔའམ་གསུམ་ན་འཕོ། །གཞན་ཡང་གྲི་ལྕགས་སེང་ལྡེང་ཕུར། །ཡབ་ཡུམ་གསལ་རྫོགས་དུག་ཁྲག་ངར། །ཞོ་གཉིས་ཁྲག་གཉིས་གུ་གུལ་ལྡན། །ཡུངས་ཀར་རྭ་ཛ་བསྲེགས་ལ་བརྣག །གང་གནོད་རྒྱ་ཤོག་གཟུགས་བྲིས་ལ། ། སྙིང་ཁར་འབྲུ་རེ་སྤུ་གྲི་ལུས། །རྩ་བས་མཐའ་བསྐོར་ཐོད་ཆེན་བརྣག །བདག་ཉིད་རྡོ་རྗེ་སྙིང་པོ་ཆེ། །གིང་ཆེན་ཕུར་པ་དྲིལ་ཞིང་གདབ། །ཁྲི་གསུམ་རྫོགས་ནས་ལིང་ག་དྲིལ། །བཀའ་རྟེན་མགོན་པོའི་འོག་ཏུ་གནན། །རྫས་ཀྱི་དུད་པས་སྟེང་ནས་བདུག །ནད་པ་དམེ་ལག་དུད་ཕུར་གདབ། །སྤྲེའུ་རྫས་ཕུར་དཔུང་གཡས་གདགས་རྟེན་བཅུད་ལས་སྣོད་ཉིད་བདུག ། གནོད་བྱེད་སྨྱོ་ཞིང་བརྒྱལ་བར་འགྱུར། །གཞན་ཡང་ཡུལ་གྱི་ས་ཆུ་ཤིང་། །ལོ་ཐོག་སྔོ་སྣ་འབྲས་བུ་ཤིང་། །ལྷ་ཀླུ་བཙན་དང་སེར་སྲུངས་ཀྱི། །རྫས་ལ་ལང་ག་དབང་པོ་དོད། །མིང་བྱང་སྙིང་པོ་སྙིང་ཁར་བརྣག །ཐོད་ཆེན་བརྣག་ལ་འབྲུ་གསུམ་ཐུན། །ཁྲག་གཉིས་དུག་གཉིས་ལོ་མ་གསུམ། །མ་འདྲེས་བླུགས་ལ་དམོད་པ་གདབ། །བདག་ཉིད་རྡོ་རྗེ་བཀའ་སྡོད་གིང་། །བསྐུལ་བས་གིང་གི་ཁྱབ་འཇུག་བསྐུལ། །དེ་ཡིས་ཡུལ་གྱི་ལྷ་ཀླུ་བཙན། །རང་དབང་མེད་པར་བསྐུལ་ཞིང་མངག །སེར་སྲུངས་སྲུངས་མ་རྡོ་རྗེས་གཟིར། །ཁྲི་གསུམ་རྫོགས་ནས་ཡུལ་རྟེན་ལ། །དུག་ཤིང་ཚེརཤིང་དྲེད་མོ་སྦར། །ཡུལ་བཅུད་ལིང་ག་རྫས་དགོད་བསྲེག །སུམ་ཆ་ཐལ་བ་ཕྱོགས་མཚམས་གཏོར། །དེ་དག་གཉན་ཟླ་གཟའ་རྒོད་ལའོ། ཆུ་རྒོད་གནམ་ལྕགས་རི་ལྟར་ཕུངས། །གཞན་ཡང་ས་གསུམ་གནག་གསུམ་ཁྲག །བསྲེས་ལ་མགོན་པོ་ཡབ་ཡུམ་གཟུགས། །ཁྲུ་གང་ལྔ་བྱས་རྒྱ་སོལ་བྱུག །སྔགས་རྣམས་གྲོ་ག་ཁོང་དུ་གཞུག །དགུན་འབྲིང་ཁྲི་གསུམ་དྲག་པོ་བཟླ། །སྔགས་པ་རྡོ་རྗེ་ལྟེ་སོ་གིང་། །རྫོགས་ནས་ཆེད་རྫོགས་དབུས་སུ་སྦ། །ཁྲི་ཡི་བཀའ་རྟེན་དེ་ལ་གཏད། །ཡུངས་ཀར་ཐལ་ཆེན་འཕང་ཞིང་བཟླས། །ཆུ་རྒོད་རིར་སྟིབས་རྣམ་ཐར་སྐྱེལ། །གཞན་ཡང་ཐོད་པ་ཇ་རིལ་གཉིས། །ས་ལྔ་བརྫངས་ལ་ཁྲག་གིས་མནན། །མིང་རུས་དབབ་སྔགས་ནང་དུ་བྲི། །ཁ་མིག་དུག་ཁྲག་ཕྱི་རུ་བྲི། །མཁར་ལ་སྦས་ན་སྒྲ་འབྱིན་འཐབ། །ཝ་སྤྲེ་བྱི་ལ་སྲམ་འཕར་ཝ། ཁྲ་ཁྲག་སྤུ་དང་རང་རང་གཟུགས། །རྟེན་ལ་སྦས་ལ་དེ་ཉིད་དབབ། །ཁྲག་འུག་སྲིན་བྱ་དེ་མོ་དང་། །ཆུ་སྐྱར་གང་ཀ་ཏི་བྱ་གཞད། ཁྲ་ཁྲག་སྤུ་ལ་མ་འདྲེས་གཟུགས། །རྟེན་སྦས་དེར་དབབ་སྡེར་འཛིངས་འཐབ། །ཉ་སྦྲུལ་སྦལ་སྡིག་གཉན་རའི་རྫས། ཁྲ་ཁྲག་བསྲེས་ལ་དེར་གཟུགས་བྱ། །གོང་མ་མ་ལ་བྲེས་ཁང་ཁ་འགྲམ། །སྦལ་པས་དེ་བསྒྱུར་གདོན་མི་ཟ། །ཁྲི་གསུམ་སྔགས་བཟླས་སྨིན་དྲུག་སྦ། །སླུ་བ་མེད་པའི་ལས་མཆོག་ཡིན། །གཞན་ཡང་གྲོ་གའམ་བྲི་ཤོག་ལ། །མངལ་ཁྲག་རྒྱ་སྐྱེགས་གི་ཝང་གིས། །གཟུགས་དང་མིང་བྲིས་སྙིང་ཁར་སྲོག །ཐ་མར་རྩ་བ་ལུས་ལ་སོ། །བྲིས་ལ་ཙན་དན་ཅོང་ཟིས་བྱུག །བདག་ཉིད་རྡོ་རྗེ་གིང་ཆེན་གྱིས། །དམིགས་པ་ལྕགས་ཀྱུ་ཞགས་པས་དྲང་། །རང་དབང་མེད་པར་བདག་དབང་འདུས། །ལྕགས་ཀྱུའི་ཕྱག་རྒྱས་སྙིང་ནས་དྲང་། །ཁྲི་གསུམ་རྫས་བརླབ་རང་འོག་སྦ། །གི་ཝང་ཅོང་ཟི་ཙན་དན་དམར། །རྒྱ་སྐྱེགས་སུག་སྨེལ་ཉམ་ཁྲིས་སྦྲང་། །རུ་རྟ་ཤུ་དག་ཞིབ་བཏགས་ལ། །གཟུགས་མེད་ལིང་ག་དུད་པས་བདུག །གཟུགས་ཅན་ཕོ་མོ་རྐང་མགོར་གདབ། །གཟུགས་ཁམས་ཡན་ཆུད་དབང་དུ་འགྱུར། །དེ་དག་དམོད་པ་འདི་ལྟ་སྟེ། །ཨེ་བཛྲ་ཧྲིལ་ཨ་ཏི་པ་ཏ་ཡེ། བཛྲ་ནི་ལ༷་ཨ་ཙྭ་ཨ་ནེ། བཛྲ་གིང་ཀ་ར་མ་ཧྭ་ཀྭ་ལ། བཛྲ་རག་ཤ་ཀྲོ་དྷི་པ་ཏྲ་དུན། སྒག་ཤིག་རག་ཤ་མུ་ཤ་མ་མ། སྲོག་ལ་མྱོག་ཙིཀྟ་ཁས་རག་ཏ་ཐིབས་ཧུ༷་ལིང་ཡ༷་ལིང་སྨྱུ་ར་ཡ་རྦད། ཀི་ལིཀིལཡཏྲིགནན། བིགནན་སྙིང་གཟེར་སྦུར་ནན། ཧུར་ཐུམ་ཛ་མྱག་ཐུ༷་རིལ་བོད་ཡ། ར་ཧུ་ལ་ཡ་མ་སྙིང་རག་ཤ་དེ་བ་པི་པི། དེ་བ་ཨ་ཙ་ཡ༷་ཏྲི་ས་ནཱ་ག་ཏི་གནན་མྱག་སྦུར་ཡ་ཛ་ལ་ར༷ ཐིབས་འདུས་འུར་འུར། ཕྲོ་ཕྲོ༷། ཧྲིལ་ཧྲིལ། ཡ༷་ཤར་ཡ༷་ཤར། ནལ་ནལ་སེར་བ་དྲག་ཏུ་ཕོབ་ཕོབ།ཧུར་ཁི་ཡ༷་ཐོར་བིག་ནན་སེར་བ་ཤ་ཏྲུ༷་ནཱ་ཤ་ཡ་ཕཊ་སྨྱོ། ཀ་པ་ཏི་རྒྱལ་ཧལ་ཧལ། བི་ཤ་རྩེ་རུ་པི་ཁྲ༷་ཁྲ༷། ལིང་ལིང་པུ་ར་དུན་ཤ༷། ནཱ་ག་བ་འུ་ནཱ་ག་ཡ། དུ་ལི་ཧ་ས་ཕོབ། པ་ཤང་ཀུ་རུ་ཛ་ཡ། ཀ་ར་ཤ་ཧྲི་མ་འགྱུར་མ་ན་ཡ་ཛ་ཛ། དེ་དག་དམོད་པ་རྒོད་ཀྱི་སྔགས། །ལས་དྲུག་རྫོགས་པའི་སྐྱོར་བར་བཤད། །གསལ་བྱེད་རིག་པའི་སྦྱོར་བ་ནི། །གནས་མཆོག་གཙང་མ་ཡིད་འོང་དེར། །མཎྜལ་སྨན་དང་སྤོས་ཀྱིས་བྱུག །སྟེང་དུ་རས་དཀར་གཙང་མའི་གདན། ། དེ་སྟེང་འཁར་གཤོང་གཙང་མ་མྲ །ལྕོ་ག་སྲིན་བྱའི་ལྕེ་དང་ནི། །འུག་པ་ཕ་ཝ་ཁྱི་རྒྱའི་མིག ། བཟང་དྲུག་བླུགས་ལ་ངར་དཀར་དགབ། །འབྲུ་གཙང་ལྷ་བཤོས་རྩི་སྨན་བྱུག །དེ་སྟེངས་གསང་ལུག་མར་བསྐུས་བཞག །བདག་མདུན་རྫས་ཀྱི་སྟེང་དུ་བཞག །རྣལ་འབྱོར་དཀར་གསུམ་ཁ་ཟས་བཟའ། ཁྲ་ཆང་སྒོག་བཙོང་མྱོས་པ་སྤང་། །སྟོང་ཉིད་ངང་ལས་རྡོ་རྗེའི་སྐུ། ། མདུན་དུ་སྒྲོལ་གིང་ཡབ་ཡུམ་བསྐྱེད། །བདག་གི་ཧུ༷་ལས་འོད་འཕྲོས་པས། །མགོན་པོའི་ཐུགས་ཁར་ཐིམ་པས་ཀྱང་། །ཐམས་ཅད་དབང་མེད་བདག་ལ་སྨྲ། །ཏིང་འཛིན་གསལ་བས་དུད་པ་གཏང་། །བདག་གིས་སྔགས་བཟླས་ཞག་གསུམ་གདོན། །དེ་ཡིས་ཐམས་ཅད་མངོན་དུ་སྨྲ། །ནས་ལ་སྨོད་ལ་བཤོས་སྟེང་བཞག །རྒྱས་པས་བཤགས་པ་བསྟོད་པ་བྱ། །དེ་ལྟར་མངོན་ཤེས་གྲུབ་པའི་རྟགས། །གིང་ཆེན་བདག་གིས་མངོན་གསལ་ཏེ། །ཚེ་ཉིད་སྔ་མ་གར་སྐྱེས་དང་། །ཕྱི་མ་གར་སྐྱེས་དགེ་སྡིག་དང་། །ཕན་གནོད་བཟང་ངན་རྣ་བར་སྨྲ། །དེ་ཡི་དུས་སུ་མནས་བསྒགས་ལ། །ལྷ་བཤོས་རོལ་ལ་རྫས་རྣམས་བསྡུ། །རང་གི་མགུལ་པ་གཡོན་དུ་གདགས། །འོག་ཏུ་མི་གཏང་འགོམ་མི་བྱ། །དེ་ནས་འབེབ་པའི་དུས་ཉིད་དུ། །ལྷ་བཤོས་འབྲུ་དཀར་སྟེང་དུ་བཞག །དེ་ཡི་སྔགས་རྣམས་འདི་ལྟ་སྟེ། །ཨོ་བཛྲ་བཱ་ནི། ཨོ་ཀ་ལ་ཀ་ལ། མ་ལ་མ་ལ། ཀི་ལི་ཀི་ལི། སིརྙི་སིརྙི། དུ་རུ་དུ་མྲ སྐྲུ་རུ་སྐྲུ་མྲ ཛ་ལ་ཛ་ལ། ཀལ་མ་ཀལ་མ། ཧྲི་ཧུ༷་ས་མ་ཡ་ཛ། ཡོ་གི་ཨུ་ཙྭ་ན་ཙ་ཀྲུ་པྲ་བེ་ཤ་གྲྭ་ཧྭ། ས་མ་ཡ་ན་ར་ཁན་སིརྙི་ཧྭ༷། ནས་དང་ལྷ་བཤོས་ཕུད་གཏོར་ལ། །དྲིལ་བུའི་སྒྲ་དང་ལྡན་པར་བྱ། །གསལ་བྱེད་རིག་པའི་སྦྱོར་བ་འདི། །བརྩོན་འགྲུས་ལྡན་ན་མྱུར་བར་གསལ། །ཡེ་ཤེས་གཉན་གྱི་ལས་སུ་བཤད། །དུག་གི་སྐྲུ་གྲི་གསང་བའི་རྒྱུད་ལས། གནོད་པའི་ལས་དྲུག་གསལ་བྱེད་པྲའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་རྣམ་ཐོས་སྲས་ཀྱིས། ཀྱེ་ཀྱེ་གསང་བདག་རྡོ་རྗེ་ཅན། །ལས་ཀྱི་མཐའ་སྡུད་བསྲེག་པ་ཡི། །མེ་ཡི་རིམ་པ་རྒྱས་པར་མཛོད། །ཅེས་ཞུསླ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གསད་གཟིར་ལས་ཀྱི་མཐའ་སྡུད་དུ། །བསྲེག་པ་མེ་ཡི་སྦྱོར་བ༷་མངག །དེ་དོན་རྒྱས་པ་འདི་ལྟ་སྟེ། །མཎྜལ་སྟེང་དུ་དོང་རྩ་བཅའ། །མེ་ཐབ་གོང་ལྟར་ཇི་བཞིན་ལས། ། དགྲ་ལ་རྟེན་དྲུག་ལིང་ག་མིང་། །གདོན་ལ་གང་གནོད་ས་ལ་གཟུགས། །ཁྲུ་གང་གོང་དུ་གན་རྐྱལ་གནག །ཧོ་ཤིང་ཟུར་གསུམ་སྙིང་ཁར་གཟུག །ཡ༷་ཤིང་དུར་ཚེ་བསེ་དྲི་ཅན། །བསྲེག་རྫས་མ་ཏ་བྱ་ཁྱི་ཤ། །ཡུངས་ཀར་ཡུངས་ནག་སྐྱེ་ཚེ་ཏིལ། །དེ་ཁྲག་ར་དུག་བོང་ང་ཚ། །འོ་མ་རྩི་སྨན་ཡུངས་དམར་ཆང་། །དུག་དང་བག་ཕྱེའི་རིལ་བུ་ལ། །མིང་རུས་ཁོང་བཅུག་མར་ནག་བཙོ། །མེ་ཐབ་མཐའ་མ་ཁོར་ཡུག་བཞག །བདག་ཉིད་རྡོ་རྗེ་གོས་སྔོན་གསལ། ། མདུན་དུ་གིང་ཆེན་ཡབ་ཡུམ་འཁོར། །དེ་མདུན་མེ་ལྷ་དམར་ནག་འགྱིང་། །འཇིགས་ཚུལ་དུར་ཁྲོད་སྦྲུལ་གྱི་ཆས། །མེ་དར་རལ་གྲི་གཡས་དང་གཡོན། །བཀའ་ནོད་ལས་བྱེད་གསལ་བྱས་ལ། །ཞག་བདུན་སྔགས་བཅུས་དབུལ། །སུམ་ཡར་བསྲེག་པ་མཐར་རྫོགས་ནས། ། ཐལ་བ་ཕུར་སྐོར་ཕུར་པས་གདབ། །ཞག་གཅིག་རྫས་དག་ཐལ་འཇིམ་དེ། །འཐོམ་གནག་གནོད་པའི་ཕྱོགས་སུ་འཕང་། །ལས་ཀྱི་རྗེས་གཅོད་སྦྱོར་བ་ཡིན། །དེ་ཡི་དྲག་སྔགས་འདི་ལྟ་སྟེ། །ཨེ་བཛྲ་བཱ་ཁེ་ནི་ལ༷་བ་ར་དྷ་ར་ཨ་དྷི་པ་ཏ་ཡེ་ཨུ་ཙྭ་པ་ཡ་ཏི། ཧྲིལ་ཡ། བཛྲ་ར་ག་ཤ་བཛྲ་གིང་བཛྲ་ཡག་ཤ་བཛྲ་གིང་ཀ་ར་མ་ཧྭ་ཀྭ་ལ་ག་ན་གུ་ཏི་དུ། མཏྲགམཧིགདུནཏིངམུཁྲ༷་ཏྲག་རག་༄༅། ཁྲ དགྲ་བའི་སྲོག་ལ་ཐུ༷་རིལ་རྨུགས་རྩ་ཁྲག་ཐིབས་བྲེང་ཤ་རྦད། ཙིསྟ་ཕྱུང་ནི་ཧུར་ཐུ༷་ཛ། ཏྲིག་ནན། སྦུར་ནན། ཧུར་ཐུ༷་ཛ། མྱག་ཐུ༷་རིལ་ཁི་ཤག་རྦད། ཨག་ནེ་དེ་བ་ཀྲོ་དྷ་ཁ་ར༷་ཛ། ར༷་ར༷་ར༷། བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིསྣན་རྦད་རྦད། ཐུ༷་རི་ལི་ལི་བྲེང་བྲེང་། ཐུ༷་རིལ་སྨྱོ། བསྲེག་པ་ལས་ཀྱི་རྒྱལ་པོར་བཤད། །གཞན་ཡང་བུམ་པས་བསྲུང་བ་ནི། །རིན་ཆེན་བུམ་པ་མཛེས་པ་ལ། །ཁ་རྒྱན་མགུལ་ཆིངས་ལྡན་བྱས་ལ། །སྨན་ལྔ་འོ་མ་ཆུ་གཙང་བླུགས། ། མཎྜལ་མཛེས་པའི་སྟེང་དུ་བཞག །བདག་ཉིད་རྡོ་རྗེ་གསལ་བྱས་ལ། །བུམ་པར་མགོན་པོ་ཡབ་ཡུམ་བསྐྱེད། །ལུས་རྣམས་བ་སྐྲུ་ཁྲོ་ཆུང་གཏམས། །བདག་གི་སྤྱི་བོར་འཁོར་ལོ་སྔགས། །མགྲིན་པ་སྙིང་ཁ་ལྟེ་བས་གསང་། །འཁོར་ལོ་སྔགས་ཀྱིས་བསྐོར་བར་བསམ། །བདག་གི་སྔགས་ལས་འོད་འཕྲོས་པས། །བུམ་པའི་ལྷ་རྣམས་འོད་དུ་ཞུ། །ཡེ་ཤེས་ཆུ་རྒྱུན་ཁྲོ་ཆུང་འབར། །བག་ཆགས་དྲི་མ་སྒྲུབ་པ་བསྲེག །ཚུར་འདུས་བདག་གི་སྔགས་རྣམས་ཞུ། །ཡེ་ཤེས་རྒྱུན་གྱིས་བག་ཆགས་བསྲེག །དེ་ལྟར་གསལ་པ་ཞག་གསུམ་བཟླས། །རྫོགས་ནས་བུམ་ཆུས་ཁྲུས་ཡང་བྱ། །དེ་ཡི་ཡོན་ཏན་འདི་རྣམས་ཏེ། །བགེགས་རིས་སྟོང་ཕྲག་བརྒྱས་མི་ཚུགས། །འཆི་བདག་བདུད་རྣམས་ཟིལ་གྱིས་གནོན། །རང་གི་ལྷ་སྲུང་ཁོན་སོར་ཆུད། །སྡིག་པ་ཕྲ་མོ་བག་ཆགས་འབྱང་། །མཁའ་འགྲོ་རྣམས་ཀྱིས་དགོངས་དོན་ལུབུར། །ཡེཤེས་སྤྱན་གསལ་ཁམས་གསུམ་གསལ། །དེ་ཡི་དྲག་སྔགས་འདི་ལྟ་སྟེ། །ཨེ་བཛྲ་བཱ་ཁི་ཨུ་ཙྭ་པ་ཡ་ཏེ་ཡི་ངན་ནི་ལ༷་བ་ར་དྷ་ར། བཛྲ་ཀྭ་ལི་གིང་ཀ་ར། ག་ན་གུ་ཏི་པ་ཏྲ་པ་ཏྲ། ཤ་གྲི་བ། མ་མ་ཀ་མ་ལ་ཤྭ་རི། ཏ་ཀི་ནི་ཙྭ་ན་བ༷་ར༷། སརྦ་ཤ་ཏྲུ༷་བི་སྒྱུན། ཧ་ལ་རོ་ག་གྲི་ད་ཕྱུང་ཛ་ལ་ར༷་ཧྲི་ཤག་རྦད་ཨ། བསམ་གཏན་བུམ་པའི་ཁྲུས་སུ་བཤད། །དུག་གི་སྤུ་གྲི་གསང་བའི་རྒྱུད་ལས། ། རྗེས་གཅོད་བསྲེག་པ་དང་བསམ་གཏན་བསྲུང་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་རྒྱལ་པོ་རྣམ་ཐོས་སྲས་ཀྱིས། །གལ་ཏེ་འཁུ་ལྡོག་ལས་མི་བྱེད། །ལོག་པའི་ལྟས་བྱུང་དབང་སྡུད་གཟིར། །སྲོག་འཕྲོག་རྒྱས་པར་བཤད་དུ་གསོལ། །ཅེས་གསོལ་པས། །གསང་བའི་བདག་པོས་ཡང་གསུངས་པ། །ཕྱི་རབས་གིང་ཆེན་འདི་བསྒྲུབ་པས། །འཛབ་རྫོགས་དྲོད་མེད་ལས་མི་བྱེད། །ལུབུ་ལྡོག་གཡེང་ཞིང་ཚུལ་བ་ན། །དམ་རྫས་མ་ཚང་གཏོར་ཚོགས་ཉམས། །སྒྲུབ་ཆེད་དམ་ཉམས་སྟོབས་ཆུང་བས། །དམ་རྫས་གཞུང་དུ་བལྟས་ལ་གསོལ། །རྡོ་རྗེ་སློབ་དཔོན་མཉེས་པས་མཆོད། །ཚོགས་དང་གཏོར་མ་དུས་དྲུག་བསྐྱེད། །ཚ་ཚ་སྤྱིན་གཏོང་མདོ་སྡེ་བཀླག །ཕྱི་ནང་མཐོལ་བཤགས་དམ་པར་བྱ། །ལྟ་བ་རྗེས་དྲན་ཏིང་འཛིན་བསར། ། དཔོན་མི་བཞུགས་ན་རིགས་འཁོར་མཆོད། །དེ་ཡང་མེད་ནགཏོརཚོགསགཏང། །དེས་ནི་དངོས་གྲུབ་ཅི་འདོད་འབྱུང་། །རྡོ་རྗེ་སློབ་དཔོན་ཐུགས་བསྐང་ཞིང་། །མ་མཆོད་མཉེས་པར་མ་བྱས་ན། །དཔག་མེད་འཛམ་སྐོང་མགོ་དཀྲུགས་ཀྱང་། །རྩ་བ་ཆད་པའི་མེ་ཏོག་ལ། །ཆུ་ཡིས་བླུགས་ཀྱང་སྐམ་པ་བཞིན། །དངོས་གྲུབ་ཐོབ་པར་ག་ལ་འགྱུར། །དེ་བས་རང་ཕུང་སྲོག་ཆད་ལྷུང་། །མཐར་ཡང་རྡོ་རྗེ་དམྱལ་བར་ལྟུང་། །དེ་བས་རྒྱུན་དུ་དྲན་བྱས་ལ། །ཡོན་ཏན་རྫོགས་པས་འདི་བཤད་ན། །ཡིད་བཞིན་ནོར་བུ་རིན་ཆེན་འདྲ། །དགོས་པ་ཐམས་ཅད་འབྱུང་བར་འགྱུར། །གསང་བ་ཐབས་ཀྱི་རིམ་པ་ཡིན། །གལ་ཏེ་དེས་ཀྱང་སྟོབས་མེད་ན། ། སྔགས་བདག་རང་གིས་ངེས་པས་སུ། །དབང་བསྡུ་སྲོག་འཕྲོག་གཟིར་ཞིང་བསྒག །དེ་དག་རིམ་པ་འདི་ལྟ་སྟེ། །བདག་ཉིད་རྡོ་རྗེ་གོས་སྔོན་ཅན། །འཇིགས་ཁྲོ་བརྗིད་པའི་ཆ་ལུགས་ལ། །ཐུགས་ཁར་ཉི་ཟླ་ཧུ༷་དང་སྔགས། །དེ་ལས་ལྷ་མོ་དམར་ནག་འབུམ། །ལྕགས་ཀྱུ་ཞགས་པ་ཐོགས་པ་འཕྲོས། །གིང་གིས་སྐེ་མགྲིན་སྙིང་ཀར་དྲངས། །བདག་གི་ཞབས་འོག་གདན་དུ་བསྒྱེལ། །ཅི་བགྱི་སྐད་ངན་མནས་བསྒགས་ལ། །གདན་ལས་གསོལ་ལ་གཏང་། །དབང་དུ་བསྡུ་བའི་རིམ་པ་ཡིན། །ཧུ༷་ནི་ལ་བ་ར་དྷ་ར་ཨི་ཏན་ཏྲ་མ་སྟེ་ཧ་ཧ་པ་ལ་བཛྲ་བཱ་ཁི་ཨུ་ཙྭ་པ་ཡ་ཏི། གིང་ཀ་ར་ཀ་ལ་གུ་ན།་ག་དུན་དུན། སྲོག་ཧྲིང་ཧྲིང་། ཨ༷་ཀུ་ཤ་ཛ་ཛ། བདག་ཉིད་རྡོ་རྗེ་གོས་སྔོན་གྱིས། །ཐུགས་ཁའི་སྔགས་ལས་འོད་ཟེར་འབུམ། །རྣོ་མྱུར་ངར་དང་ལྡན་པ་སྟེ། ། དམར་ནག་ཉི་ཟེར་ལྕགས་ཀྱུ་ལྟར། །འཕྲོས་པས་སྤྱི་སྙིང་མགྲིན་ལྟེར་ཐིམ། །མགོན་པོ་བརྒྱལ་བརླམས་མྱོས་འགྱུར་ཏེ། །རང་སྲོག་སེ་ལ་ཁབ་ལུས་ལྟར། །རང་དབང་མེད་པར་འདི་ཕྲོགས་ཏེ། །བདག་གི་ཐུགས་ཁའི་ཧུ༷་ལ་ཐིམ། །ལྔ་བརྒྱ་དུས་དང་དམིགས་དང་སྦྱར། །དེ་ནས་མནས་བསྒག་བདུད་རྩི་གསོ། །གང་འདོད་ལས་ལ་མངར་པར་བྱའོ། །ཨེ་བཛྲ་བཱ་ཁེ་ཧྲི་ད་ཡན། ཨུད་ས་དྷ་ན༷་ནི་ལ༷་བ་ར་ཤྭ་རི་ར༷། ཡ་པྲ་ཏི་ཧ་ཏེ་ཨུ་ནེ་ཧྲི་དྷ་ཡེ། ཙིསྟ་ཡེ་ཨ་དྷི་པ་ཏ་ཡེ། མཧྭ་མ་ལ་ཀ་པ་གྱུ་ན་གུ་ཏེ།མ་མ་ཏྲག་ཤ་ཐུ༷་རིལ་བྲེང་ཤག དུན་མ་ཧུར་ཐུ༷་ཛ། ཨ་ཨ་ཛ་ཛ་ཨ་ཡ་ཙེ་ཛ། གཞན་ཡང་རྣག་གསུམ་གྲི་རྒོད་ས། །རྒྱལ་སོལ་བྱིན་ཅན་མགོན་པོའི་ས། །དུག་གིས་བྲུས་ལ་ནག་པོ་འཇིགས། །ཁྲུ་གང་དབང་པོ་དོད་པར་བྱ། །སྙིང་ཁར་ཨེ་ནག་གྲོ་ག་ལ། །སྙིང་པོ་སྔགས་བྲིས་བརྣག་ལ་སྦ། །དོང་རྩང་ནང་དུ་གན་རྐྱལ་བཞག །གྲི་ལྕགས་ཕུར་པ་དུག་ངར་བླུད། །སྔགས་བྲིས་རྡོ་རྗེ་འཆང་གསོལ་བརླབ། །རང་གི་བསྙེན་པ་འབུམ་གྱིས་དགུག །ལས་གཞུང་བཅས་ལ་གཟུགས་ལ་བསྟིམ། །རྫོགས་ནས་སྔགས་པ་གོས་སྔོན་ཅན། །གསལ་བའི་སྙིང་པོ་སྔགས་ལས་འོད། །འཕྲོས་པས་མགོན་པོའི་ཙིསྟར་ཐིམ། ། གཟིར་མྱོས་བརྒྱལ་ཏེ་ཤེས་པ་བརླམས། །ལུས་ཀྱི་དབང་པོ་མེ་རུ་འབར། །མེ་ལྕེ་དགུ་ཐོགས་མཚོན་ཆར་འཕྲོས། །རྣམ་ཤེས་རང་དབང་མེད་པར་ཕྲོགས། །བདག་གིས་ཐུགས་ཁར་རྟེན་ལ་བསྟིམ། །ཕུར་པས་གནས་གསུམ་ཡང་ཡང་བསྡིག །དངོས་སུ་མི་གདགས་ཚུལ་དུ་བྱ། །དེ་ལ་ཁྲི་གསུམ་སྟོང་དུ་གཟིར། །རྫོགས་ནས་གཟུགས་དེ་ཙོག་པུར་བླང་། །སྙིང་ཀའི་སྔགས་གདོན་མིང་རུས་དྲིལ། །བདུད་རྩི་གསོལ་ལ་རཀྟ་གཏིག །མནའ་ཆུ་བླུག་ལ་གསད་པ་བརྩམ། །སྔགས་དྲུག་ལིང་ག་ཐུན་གྱིས་བརྡེག །ཞག་གསུམ་བར་མ་ཆོད་རྫོགས་ནས། །མུན་གླིང་ལིང་ག་གཟུགས་ཀྱིས་གནན། །ཨེ་ཧྲིལ་རྔུབས་བཛྲ་བཱ་ཁི། ཨ་ནེ་ཨུ་ནེ། ཧྲི་ཏ་ན་ཏྲ་ཡ་ནི་ལ༷་བ་ར་དྷ་ར་ཨུ་ཙྭ་པ་ཡ་ཏི། ཧྲི་དི་ན། ཨི་དན་ཀ་པ་ཡེ་ཙིལྟི་ཡེ་ཨ་དྷི་པ་ཏ་ཡེ། ཀི་ལི་ཀི་ལ་ཡ་ཏིག་སྣ་ཨ། བཛྲ་ཡག་ཤ་གིང་ཀ་ར་གུ་ཏི་ཀ་ལ་མ་ཏྲག་ཁ་བི་ཏྲིག་ནན། སྙིང་གཟིར་སྦུར་ནན། མྱག་ཐུ༷་རིལ་དུན་མ་ཧུ་ར་ཐུ༷་ཛ་ཨ། ཨ་མྲི་ཏ། ཨུ་ཙི་ཏི་ནན་ཁ་དྷི། རཀྟ་ཁུ་ཧི། ས་མ་ཡ་བཛྲ་ཀྲོ་དྷ། ད༷་ད༷་ས་མ་ཡ་ན་ར་ཁ་ན། ཨེ་བཛྲ་ཧྲིལ་བཱ་ཁི། སེ་ན་པ་ཏ་ཡེ། བཛྲ་གིང་ཀ་ར་ཡ། མཧྭ་ཀྭ་ལ་ཡ། བཛྲ་ཡག་ཤ་ཀྲོ་དྷ་ཀྲོ་དྷ། པ་ཏྲ་པ་ཏྲ།ཤ་གྲི་བ། ག་ན་གུ་ཏི། མ་མ་ཏིང་ཏྲག་རག་ཤ་ཁྲག་ལ་མུ་ཤ་ཙ་མུན་ཏྲི། དགྲ་བོའི་ཙིཏི་བ༷་ལོང་ཐུན་སོད། རཀྟ་ཐིབས་སྲོག་ལ་བྲེང་ཤག་རྦད་ནི་ཛ་ཁ་ལ་ཕྱུར་ཨ༷་རྦད་སོད། ཤི་ས་ལས་མཆོག་གསང་བ་འདི། །ལྟ་བ་དབང་བགྲོད་དམ་རྫས་སྔགས། །ཏིང་འཛིན་གསལ་བའི་རྒྱུན་དང་འབྲེལ། ། འབྲེལ་མེད་གཟུ་ལུམ་ར་ཆོད་དུ། །བརྩམས་ཀྱང་དྲེགས་པས་བཀའ་ཆད་འོང་། །འདི་ལ་བག་ཆགས་གསང་བར་བཤད། །དུག་གི་སྤུ་གྲི་གསང་བའི་རྒྱུད་ལས། །ལོག་ནོན་གསང་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་རྣམ་ཐོས་སྲས་ཀྱིས་གསོལ་པ། །གསང་བའི་རྒྱུད་འདིའི་ལྟ་བ་དང་། །དབང་དང་དམ་ཚིག་གང་ལགས་པ། །རྡོ་རྗེ་གསང་བས་བཤད་དུ་གསོལ། །ཞེས་ཞུས་པས། རྡོ་རྗེ་གསང་བས་བཀའ་སྩལ་པ། །ཉོན་ཅིག་འཁོར་ཚོགས་རིགས་ལྡན་ཁྱེད། ཁུད་འདི་མདམས་ངག་ཚིག་གསུམ་པོ། །མ་ལྡན་ལས་ཀྱི་སྦྱོར་རྩོམ་པ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་འབྲས་བུ་འདོད་པ་འདྲ། །བསྐལ་པར་བསྒྲུབས་ཀྱང་ག་ལ་གྲུབ། །སྟོན་པའི་གདམས་ངག་གསུམ་ལྡན་ན། །སྟོན་གྱི་ལོ་ཐོག་སྨིན་པ་བཞིན། །འབྲས་བུ་རང་དབང་མེད་པར་འབྱུང་། །དངོས་གྲུབ་ཐོབ་སྒོ་དབང་ཡིན་པས། །དང་ལ་བགྲོད་པའི་རིམ་པ་ནི། །གནས་མཆོག་གཙང་མ་བཀྲ་ཤིས་དེར། །ས་ཡི་མཎྜལ་རྡུལ་ཚོན་བྲི། །བུམ་པ་སྨན་སྤོས་ཆུ་ཡི་དགང་། །གཞལ་ཡས་ཁང་དུ་ལྷ་ཚོགས་བསྐྱེད། །དེ་དག་བཀྲ་ཤིས་ཕྱི་ཡི་རྫས། །གཏོར་མ་རཀྟ་བདུད་རྩི་ཕུད། །བླ་རེ་གླིང་བུ་གསུར་ཆེན་ཚོགས། །རྒྱན་དང་ཕྱག་མཚན་སྐུ་ཡི་རྒྱ། །བྱིན་བརླབས་ལྡན་པས་དཀྱིལ་འཁོར་བསྐྱེད། །བཀྲ་ཤིས་དག་པ་ནང་ནི་རྫས། །གཟུང་མ་མཚན་ལྡན་སེམས་བསྐྱེད་བཤད། །སྦྱངས་པ་གསང་དབང་ལས་ཀྱིས་རྫས། །ལས་གཞུང་དང་སྦྱར་ཚོགས་ཀྱིས་མཆོད། །བསྙེན་པ་བསྒྲུབ་པ་བདུན་དུ་བརྩམ། ། ཡོལ་བས་བར་གཅད་རྡོ་རྗེ་དྲང་། །དང་པོ་དཀྱིལ་འཁོར་བུམ་དབང་བསྐུར། །བག་ཆངས་རྟོག་པའི་སྒྲིབ་པ་སྦྱང་། །དེ་ནས་ཕྱག་རྒྱ་རྒྱན་དབང་བསྐུར། །གིང་ཉིད་འཇིགས་པའི་སྐུ་རུ་འགྱུར། །ཕྱག་མཚན་རྫོགས་གཏད་ཕྱག་ན་འབར། །དེ་ནས་མཆོད་པ་གིང་ལ་དབུལ། །དམ་རྫས་དབང་ཕྱུགས་ས་གདོན་ནོན། །དེ་ནས་སློབ་དཔོན་གཟུངས་མར་སྦྱར། །དཀར་དམར་ཐིག་ལེ་གསུམ་བླུགས་བླང་། །གསང་སྔགས་འཁོར་ལོའི་མངའ་བདག་སྟེ། །གསང་བདག་ལོངས་སྐུའི་གཞལ་ཡས་མཐོང་། །རྒྱུད་ཀྱི་མན་ངག་རྫོགས་པར་གཏད། །གསང་ལམ་ཕྱི་ཡི་བགྲོད་པར་བཤད། །དམ་ཚིག་སྤྱི་དང་སྒོས་ཉིད་དེ། །སྤྱི་ནི་རྩ་བ་ཡན་ལག་གོ །རྩ་བ་ལྔ་སྟེ་ཡན་ལག་བཅུ། །དེ་དག་རང་བཞིན་ཐུབ་པར་བསྲུང་། །ཡི་དམ་མི་སྤང་བླ་མ་བསྐུར། ། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །སྡིག་དང་བག་ཆགས་རྡུལ་རྣམས་སྤང་། །རྡོ་རྗེ་མི་འགོམ་རི་མི་བཤིག །མཚོན་ཆ་མི་གསལ་ཕྱག་མི་བཙལ། །སྒོག་བཙོང་དམེ་ཤ་ཉ་རྣམས་སྤངས། །དེ་དག་སྒོས་ཀྱི་དམ་ཚིག་གོ །ལྟ་བ་ཡང་ནི་འདི་ལྟ་སྟེ། །འཁྲུལ་པ་ཕྱི་ནང་སྣོད་བཅུད་ནི། །སྦྱོར་བ་དོན་གྱི་ཀུན་གཞི་ལས། །ལྷན་ཅིག་སྐྱེས་དང་ཀུན་ཏུ་བཏགས། །མ་རིག་ཉིད་ལས་ཡུལ་སེམས་སྣང་། །དེ་ཉིད་ལོ་ཐོག་སྒྱུ་མའོ། །རྒྱལ་བའི་སྐུ་དང་ཡེ་ཤེས་དང་། ། ཞིང་ཁམས་གདན་དང་གཞལ་ཡ་ཁང་། །འོད་ཟེར་དུ་མ་སྣང་བ་ཡང་། །གཞི་མཆོག་དོན་གྱི་ཀུན་གཞི་ལས། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །སྣང་བ་ཡེ་ཤེས་སྒྱུ་མ་སྟེ། ། གདུལ་བྱ་འཁྲུལ་པ་སྣང་བར་བས། །ངོ་བོ་ཉིད་ལས་གཉིས་མེད་པའོ། །དེ་བཞིན་ཆོས་ཅན་ཆོས་ཉིད་དང་། །སངས་རྒྱས་སེམས་ཅན་ཡེ་ཤེས་རྟོག །དོན་དམ་ཀུན་རྫོབ་བཏགས་པ་རྣམས། །མིང་ནི་གཉིས་སུ་བཏགས་པར་ཟད། །ཆོས་རྣམས་ཐམས་ཅད་རང་སར་བདེན། ། དེ་ཡང་ཀུན་གཞི་ཉིད་ཡིན་ཏེ། །དེ་ཕྱིར་ཆོས་རྣམས་ཀུན་གཞི་དེར། །ཀུན་གཞི་བྱང་ཆུབ་སེམས་ཀྱི་སྐུ། །ངོ་བོ་ཉིད་ཀྱི་སངས་རྒྱས་སོ། །དུག་གི་སྤུ་གྲི་གསང་བའི་རྒྱུད་ལས། །དབང་དང་ལྟ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་རྒྱལ་པོ་རྣམ་ཐོས་སྲས་ཀྱིས་གསོལ་པ། གིང་ཆེན་མགོན་པོ་ནག་པོ་འདི། །ལས་ལ་མངག་ཅིང་གཤེད་བསྒོ་བ། །རྡོ་རྗེ་སྙིང་པོས་བཤད་དུ་གསོལ། །ཞེས་ཞུས་པས། རྡོ་རྗེ་གསང་བའི་བདག་པོས་གིང་པོ་ལས་སྣ་ཚོགས་ལ་བསྐུལ་བ་འདི་གསུངས་སོ། །ཧུ༷། དུར་ཁྲོད་ཆེན་པོ་ལྕང་ལོ་ཅན། །མ་ལ་ཡ་ཡི་གནས་མཆོག་ན། །གནམ་ལྕགས་རྔུར་མོ་རབ་ཏུ་ཏ་ལ་ལ། །རཀྟ་འི་རྒྱ་མཚོ་རྦ་ཀློང་མེ་རེ་རེ། །ཞིང་ཆེན་ལྷུ་ལྡུམ་ཀེང་རུས་ཁྲ་ལ་ལ། འདབ་ཆགས་ཤ་ཟའི་ཚོགས་ནི་ཉི་ལི་ལི། ། གསུར་ཆེན་དུ་དཔའི་ཚོགས་ཡང་ལངས་སེ་ལངས། །ཞིང་ཆེན་གཡང་གཞིའི་ཚོགས་ནི་ལྷུབས་སེ་ལྷུབས། །དེ་འདྲའི་གནས་མཆོག་རབ་ཏུ་འཇིགས་པ་ནས། །གིང་ཆེན་ཡབ་ཡུམ་འཁོར་བཅས་སྐུ་སྐྱོད་ཅིག །ཧྲུ༷། བདུད་འདུལ་སྒྲོལ་ཞིང་ཆེན་པོ་མི་བཟད་པ། །ཕོ་བྲང་ལྕགས་མཁར་འབར་བའི་དབུས་ཕྱོགས་ནས། །བདུད་དང་སྲིན་པོ་བྱི་ཆིངས་བསྣོལ་བའི་གདན། །བ༷་ཆེན་ཉི་ཟླ་པདྨ་འོད་དུ་འབར། །བསྲེག་བྱེད་མེ་དཔུང་འབར་བའི་ཀློང་དཀྱིལ་ནས། །བདུད་འདུལ་དབང་ཕྱུག་སྒྲོལ་གིང་ཆེན་པོ་ནི། །སྐུ་མདོག་ནག་པོ་དུག་ཆེན་བསྐྱིལ་བ་འདྲ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བརྐྱང་བསྐུམ་བགྲད། །གཡས་སེར་གཡོན་ལྗང་ནག་པོ་འཇིགས་པའི་དབུ། །སྤྱན་གསུམ་སྡང་མིག་བསྐལ་པའི་མེ་ལྟར་འབར། །དམ་ཉམས་ལུས་སྲོག་དབང་པོ་བག་ཆགས་བསྲེག །ཞལ་གདངས་ལྗགས་འདྲིལ་མཆེ་བརྩིགས་ཚེམས་ཡང་བགྲད། །ཁམས་གསུམ་ཞལ་དུ་རྔུབ་ཅིང་དམ་ཉམས་སྲོག་རྩ་གཅོད། །ཞལ་ནས་རྔམ་པའི་ང་རོ་འབྲུག་ལྟར་སྒྲོགས། །ཁམས་གསུམ་དགྲ་བགྲེགས་མ་ལུས་ཟིལ་གྱིས་གནོན། །སྨ་ར་སྨིན་མ་བསྐལ་པའི་གློག་ལྟར་འཁྱུག །བདུད་དང་སྲིན་པོ་དགྲ་བགྲེགས་རྔུལ་དུ་རློག ། ཤངས་ནས་རིམས་དང་རླུང་དམར་ཚུབ་མ་འཕྲོ། །དགྲ་བགེགས་མ་ལུས་བརྒྱལ་ཞིང་བརླག་བར་བྱེད། །རལ་པ་ཁམ་ནག་སྲིད་པའི་རྩེ་མོར་འབར། །ཐོད་སྐམ་འབུམ་གྱིས་དབུ་བརྒྱན་ཐོད་དུ་བཅིངས། །སྐུ་ལ་དར་ནག་འབར་བའི་བེར་ཆེན་ལ། །དར་ལྕེ་འབུམ་དང་མེ་ཏོག་ཚོམ་བུས་བརྒྱན། །སྟག་ལྤགས་རློན་པའི་གོང་རས་ལ། །ཞིང་གི་གཡང་གཞི་མང་པོ་འཕྲུལ། །སྙན་ཆ་མགུར་ཆུ་ལྷུ་ཚིགས་ལ། །སྤྲུལ་ནག་འབར་བའི་རྒྱན་གྱིས་བརྒྱན།།ཐོད་པ་རློན་པའི་འཕྲེང་བ་ཡིས། །དོ་ཤལ་ས་རལ་རྒྱན་དུ་བྱས། །ཉི་མ་ཟླ་བ་གཟའ་སྐར་གྱིས། །སྐུ་ཡི་ཕྱོགས་མཚམས་རྒྱན་དུ་བཀྲམ། །ཞལ་དུ་མི་རོ་གསོལ་ཞིང་འཕྲུལ། །གཡས་ཀྱི་དང་པོ་བེ་ཅོན་བསྣམ། །དགྲ་བགེགས་མ་ལུས་རྡུལ་དུ་རློགས། །བར་མ་རྡོ་རྗེ་རྩེ་ལྔ་ཡིས། །དགྲ་བགེགས་ལུས་ལ་ཚལ་པར་གཤོག །ཐ་མ་གནམ་ལྕགས་ཕུར་པ་ཡིས། །སྤྱི་གཙུག་རྒྱབ་ནས་རྐང་མཐིལ་འདོན། །གཡོན་གྱི་དང་པོ་དུང་དམར་བསྣམས། །དགྲ་བོའི་ཡུལ་དུ་ནད་རིམས་ཕོབ། །བར་མ་དབྱུག་ཐོས་ཉམས་སུ་ཆུག །ཐ་མ་སྦྲུལ་ནག་ཞགས་པ་ཡིས། །བླ་ཚེ་ཁུག་ལ་སྲོག་སྦྲུབས་ལོང་། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །གཡོན་ནས་ཡུམ་ཆེན་དབང་ཕྱུག་མ། །སྐུ་མདོག་མཐིང་ནག་འབར་བ་ལ། །རལ་པ་ནག་པོ་མུན་ལྟིར་གཏིབས། །སྐུ་ལ་ཞིང་ཆེན་གཡང་བཞི་ལ། །ཉི་མ་རིན་ཆེན་འབར་བས་བརྒྱན། །སྐུ་སྨད་རེ་ལྡེའི་ཤམབུ་ལ། ། སྦྲུལ་དང་ཐོད་པ་རློན་པས་བརྒྱན། །སྤྱན་གསུམ་བགྲད་པས་ཁྲག་ཏུ་འཁྱིལ། །ཞལ་མདངས་མཆེ་གཙེགས་རོ་ཟ་འབྲུལ། །གཡས་པ་རྒྱུ་ཞགས་ཡབ་ལ་འཁྱུད། །གཡོན་པ་བན་དམར་གཙོ་ལ་སྟོབས། །འདིར་སྤྱོན་དམ་སྐོང་འཕྲིན་ལས་མཛོད། །ཧུ༷། ཡབ་ཡུམ་སྟབས་གཅིག་སྤྱན་འདྲེན་ན། །མ་ཐོགས་མྱུར་དུ་ད་ཚུར་སྤྱོན། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས། །དབང་བསྐུར་བྱིན་བརླབས་བསྣམས་ནས་བཏོན། །དེའི་ཚེ་ཕྱི་ཡི་མཚན་བཏགས་པ། །མགོན་པོ་ནག་པོ་ཞེས་ཀྱང་བྱ། །ནང་གི་མཚན་དུ་བཏགས་པ་ནི། །སྒྲོལ་གིང་བདུད་འདུལ་ཆེན་པོས་བྱ། །གསང་བའི་མཚན་དུ་བཏགས་པ་ནི། །རྡོ་རྗེ་སྒྲོལ་བྱེད་དྲག་པོ་རྩལ། །ཕྱི་ནང་གསང་བའི་མཚན་ནས་ཀྱང་། །སྤྱན་འདྲེན་འདིར་སྦྱོན་འཕྲིན་ལས་མཛོད། །བྲོས་བོར་ཁས་བླང་མ་མཉེལ་བར། །རྣལ་འབྱོར་པ་ཡི་ལས་རྣམས་ཀྱིས། །གལ་ཏེ་དམ་ལས་འགལ་གྱུར་ན། །རྡོ་རྗེ་སྲིན་པོ་ཁྲོས་པ་ཡིས། །སྙིང་ཁྲག་བསྲེགས་ནས་ན་རག་ལྟུང་། །དེ་བས་ལས་རྣམས་མྱུར་དུ་གྱིས། །ས་བརྒྱད་ལེགས་པའི་བློ་གྲོས་ལ། །རྡོ་རྗེ་སྙིང་པོས་ལུང་བསྟན་པས། །ཁྱོད་ཀྱིས་སྤྲུལ་པ་དཔག་ཏུ་མེད། །མཆོད་རྟེན་ནག་པོ་མེར་འཕྲོ་དང་། །ལྕགས་ཀྱི་འཁོར་ལོ་འབར་བ་དང་། །མུན་པ་གཏིབས་ཤིང་འཁྱིལ་བ་དང་། །རླུད་ནག་ཚུབ་མ་གཡོ་བ་དང་། །མོན་པ་ནག་པོ་བརྡའ་མི་ཕྲད། །མེ་འབར་འོད་ནག་འཁྱིལ་བ་རྣམས། །ཁྱོད་ཀྱི་སྤྲུལ་པ་གཡོ་བ་ཡིན། །དེ་ཕྱིར་མཐུ་སྟོབས་བདག་པོ་ཁྱོད། །གནས་འདིར་སྐུ་བསྐྱོད་འཕྲིན་ལས་མཛོད། །གཞན་ཡང་ལས་མཁན་གཟའ་རྒོད་བསྐུལ་བ་ནི། །ཧུ༷། ཁྱབ་འཇུག་ཆེན་པོ་ར་ཧུ་ལ། །དུ་བ་མཇུག་རིངས་སྒྲ་གཅན་འཛིན། །ལྷ་མིན་དབང་པོ་བགེགས་ཀྱི་རྒྱལ། །བྱི་ཏྲི་པ་ཏྲ་དམག་དཔོན་མཛད། །ཚུར་སྤྱོན་བཅོལ་བའི་འཕྲིན་ལས་མཛོད། །སྐུ་མདོག་དུད་ཁ་འཇིགས་པ་ལ། ། སྤྲིན་གྱི་ན་བཟའ་གཞའ་ཡིས་བརྒྱན། །དབུ་ལ་གློག་གི་ཐོད་དམར་བཅིངས། །ཆིབས་སུ་གཡུ་འབྲུག་སྔོན་མོ་ཆིབས། །བར་སྣང་ཁམས་སུ་གདངས་ངར་སྒྲོགས། །གཡས་ཀྱི་ཐོད་ཟོར་དགྲ་ལ་འཕེན། །གཡོན་པ་སེར་བའི་འཁོར་ལོ་བསྐོར། །དགྲ་ཡུལ་ཐལ་བ་རྡུལ་དུ་རློགས། །གཟིམ་དངས་གློག་འགྱུ་ལམས་སེ་ལམས། །ང་རོ་འབྲུག་སྒྲོགས་དི་རི་རི། ཁྲངས་ཀྱི་རླུ་་ཚུབ་འུ་རུ་མྲ །ཁ་ནས་སེར་འབེབས་ཤར་ར་ར། །ཁ་རླངས་སྤྲིན་དུ་ཐིབས་སེ་ཐིབས། །དགྲ་བོའི་ལོ་ཏོག་ག་་ཏུ་སྤྱོན། །ལོ་ཏོག་སྣར་པོ་དབང་དུ་བསྡུས། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །གཞན་ཡང་སྡོང་ཟླ་བསྐུལ་བ་ནི། །ཧུ༷་བདུད་ཡུལ་ཁ་ར་སྒོ་དགུ་ནས། །བདུད་རྒྱལ་རི་ནག་སྐྲུངས་པ་ཁྱོད། །བདུད་མཁར་ནང་ནས་འདིར་སྤྱོན་ལ། །དགྲ་ལ་ཐིབས་ནད་གཟེར་ཐབས་ཐོང་། །ཧུ༷། རྒྱལ་ཡུལ་ནམ་མཁའ་ཕྱད་ཕྱོད་ནས། །རྒྱལ་པོ་འོད་ ཟླ་དཀར་པོ་ཁྱོད། ཁྲེལ་དཀར་ནང་ནས་འདིར་སྤྱོན་ལ། །དགྲ་ལ་སྨྱོ་འབྱོག་ཐོང་ལ་སྒྲོལ། །ཧུ༷། མ་ཡུམ་བྱང་ཤར་མཚམས་དཀྱིལ་ནས། །མ་མོ་རྡོ་རྗེ་སྡེར་ཆེན་ཁྱོད། །མཐིང་ནག་གུར་ནས་འདིར་སྤྱོན་ལ། །དགྲ་ལ་རིམས་དང་དལ་ཐབས་ཕོབ། །ཧུ༷། ཀླུ་ཡུལ་ན་ར་གསིང་ཆེན་ནས། །ཀླུ་གཉན་ནག་པོ་སྲོག་གཅོད་ཁྱོད། །རིན་ཆེན་མཁར་ནས་འདིར་ཤོག་ལ། །དགྲ་ལ་མཛེ་ཤུ་ཕོལ་འབྲས་ཐོང་། །ཧུ༷། བཙན་ཡུལ་ཟངས་ཐང་དམར་པོ་ནས། །བཙན་རྗེ་ཤུ་བོ་ལག་རིངས་ཁྱོད། །དགུ་རྩེའི་ནང་ནས་འདིར་ཤོག་ལ། །དགྲ་ལ་གྲི་འཐབ་ཡམས་སུ་ཕོབ། ། ཧུ༷། ཤར་ལྷོ་རིན་ཆེན་ཐང་དཀྱིལ་ནས། །གིང་ཆེན་རྡོ་རྗེ་ལེགས་པ་ཁྱོད། །དགྲ་ལ་ཕོ་ལོག་གཟེར་ཐབས་ཐོང་། །སྲིད་པའི་དྲེགས་པ་ཆེན་པོ་ཁྱོད། །ཕྱག་ན་རྡོ་རྗེ་བཀའ་བྱུང་གིས། ། རང་རང་ལས་ཀྱི་སྐལ་ལོང་ལ བཅོལ་བ་མྱུར་དུ་གྲུབ་པར་གྱིས། །ལས་ལ་མངག་ཅིང་བསྐུལ་བར་བཤད། །དུག་གི་སྐྲུ་གྲི་གསང་བའི་རྒྱུད་ལས།ལས་མངག་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོས། །འདུས་པའི་ཚོགས་དེ་དག་ལ་རྒྱུད་གཏད་པ་འདི་གསུངས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ཁྲོ་བོ་རྔམ་པ་རོལ་པའི་ཚོགས། །འཇིག་རྟེན་དྲེགས་པ་རྣམས་ཀྱི་ཚོགས། །མ་མོ་མཁའ་འགྲོ་གདུག་པའི་ཚོགས། །གཙང་རིས་མགོན་པོ་ལྷ་ཡི་ཚོགས། །རྒྱལ་པོ་སྡེ་བཞི་འཁོར་དང་བཅས། ཁྲ་ཟ་རྔམ་འཇིགས་སྲོག་ལེན་ཚོགས། །ང་ཡི་འཁོར་དུ་འདུས་པ་རྣམས། །བཀའ་ཡི་གསང་རྒྱུད་སྤུ་གྲི་འདི། །བསྟན་པ་རིན་ཆེན་གཏེར་གྱི་མཆོག །དྲག་སྔགས་དགུ་ཐོག་སྦབ་ཆེན་དུག །མེ་དབལ་སྤུ་གྲི་མཚོན་ཆ་དབལ། །དུག་གི་སྤུ་གྲི་གསང་རྒྱུད་འདི། །དོན་གྱི་ངོ་བོ་མ་ནོར་གཏད། །དུག་ཆེན་བྱ་བར་གང་གསུང་བ། །དྲག་སྔགས་དབལ་གྱི་ནུས་པ་ཡིས། །ལོག་པའི་བློ་ཅན་ཕུང་བྱེད་པའོ། །སྐྲུ་གྲི་ཞེས་བྱ་གང་གསུངས་པ། །དྲག་པོ་སོ་ཡི་ངར་མཆོག་གིས། །གང་ཡང་གདུག་མེད་མྱུར་དུ་གཅོད། །གསང་བ་ཞེས་སུ་གང་གསུངས་པ། ། བློ་དམན་རྨོངས་པས་རྟོགས་པ་དཀའ། །སྤྱད་ན་རང་ཉིད་ཕུར་བར་འགྱུར། །རྒྱུད་ཅེས་བྱ་བར་གང་གསུངས་པ། །ལྷ་དང་སྔགས་བདག་ཏིང་འཛིན་དང་། །དམ་རྫས་མཆོད་པ་རྒྱན་དང་གནས། །ལྟ་བ་དམ་ཚིག་དབང་གསུམ་དང་། །བསྙེན་བསྒྲུབ་སྔགས་ཀྱི་རིམ་པ་དང་། ། ཐུན་དང་འཁོར་ལོ་ལིང་ག་དང་། །དམོད་པ་གདབ་པའི་དྲག་སྔགས་དང་། །ལས་ཀྱི་རིམ་པ་མ་ལུས་ཀུན། །རྒྱས་ཤིང་འདུས་ནས་འབྲལ་བའོ། །དེ་ཕྱིར་མཚན་གྱི་ངེས་ཚིག་ལྡན། །དོན་འདི་མ་ནོར་ཁྱེད་ལ་གཏད། །རིག་པ་སེམས་ཀྱི་རྩལ་གྱིས་ལོང་། །ཆགས་པ་ཆེན་པོའི་བརྡ་ཡིས་བཟུང་། །སྙིང་ལ་གབ་ཅིང་སྦ་བར་གྱིས། །ཨེ་མ་གསང་བའི་རྒྱུད་འདི་ཡང་། །བརྣག་པ་ལས་ཐབས་དྲག་པོ་རྣམས། །འདི་འདུས་རིན་ཆེན་གཏེར་མཆོག་ཡིན། །ཀུན་གྱི་ཐུན་མོང་མ་ཡིན་གསང་། །ནུས་པ་དཔག་མེད་བརྗོད་ལས་འདས། །དེ་ཕྱིར་གསང་རྒྱུད་སྐྲུ་གྲི་འདི། ། ང་ཡི་ཐུགས་ཀྱི་ཀློང་ནས་བྱུང་། །འདི་ལ་རྫུ་འཕྲུལ་སྟོབས་ཡོད་ཀྱིས། །ཕྱི་རབས་རྣལ་འབྱོར་རིགས་ཆེན་རྣམས། ཁུད་འདི་རྩེ་གཅིག་ལེན་འཆང་ན། །གསང་བའི་བདག་པོ་རྡོ་རྗེ་ཅན། ། ང་ཡི་ཐུགས་ཀྱི་སྲས་སུ་དགོངས། །འཁོར་དུ་འདུས་པའི་ཚོགས་རྣམས་ཀྱིས། །སྲས་དང་སྐྲུན་བསྒོམ་བྱིན་གྱིས་བརློབ། །སྔགས་བདག་ཉིད་ཀྱིང་བསྲུང་ཞིང་འཁུར། །འདི་འཆང་ཡོན་ཏན་དཔག་མེད་དོ། །བློ་དམན་བགྲོད་མེད་རྨོངས་ལ་མེད། །མི་མོས་སྨད་པའི་སྐྱོན་རྣམས་ཀྱང་། །གསང་བདག་ངས་ཀྱང་བརྗོད་དུ་མེད། །ཐབས་རྣམས་ལྡན་དང་མི་ལྡན་པས། ། བྱ་བ་ཀུན་འགྲུབ་བརླག་པར་འགྱུར། །དེ་ཕྱིར་ཡུན་རིང་གཏེར་དུ་འགྱུར། །མྱུར་དུ་འདོད་ན་ཚི་ཆད་འགྱུར། །ཡུན་དུ་བསྒྲུབས་ན་སླུ་བ་མེད། །དྲག་སྔགས་རྣོལ་དབལ་གང་ཆེན་རྣམས། །ར་ཆོད་བྱས་ན་རང་གཅོད་བརླག །བག་དང་ལྡན་ཞིང་ཉིད་ལས་བགྲོས། །འདི་བཤད་དགུ་ཐོག་རྦབ་ཆེན་བཞིན། །གང་ལ་ཕོག་ཀྱང་འཇོམས་པར་བྱེད། །གླུ་བ་མེད་པའི་ལས་ཡིན་ཏེ། །གཟུ་ལུམ་ར་ཆོད་ཕུང་བའི་རྒྱུ། །བཀའ་གསང་ཐོབ་ན་རེན་ཆེན་གཏེར། ། ལྟ་དེ་དྲོད་ལྡན་མཚོན་ཆའི་མཆོག །འདི་བྱུང་དུས་ན་བསྟན་པ་འཇིག །དེ་ཚེ་སྔགས་རྒོད་ནུས་པ་འབྱུང་། །གང་ལ་རྒྱབ་ཀྱང་འཆོར་མི་སྲིད། །སྒྲོལ་གིང་རྡོ་རྗེ་ནག་པོ་ཡིས། །མཐར་ཐུག་གནད་ཀྱི་གསང་རྒྱུད་ཡིན། །ནུས་པ་རང་དབང་མེད་པར་འབྱུང་། །གང་བརྩམས་ལས་ལ་ཐོགས་མེད་འགྲུབ། །དམ་ཚིག་ལྡན་ཞིང་ལྟ་བ་རྟོགས། ། དབང་བགྲོད་སྡིག་པའི་ཕྱོགས་ཙམ་སྤང་། །མཆོག་ཏུ་སློབ་དཔོན་མཉེས་པ་གཅེས། ། དེ་ལྡན་ནུས་པ་ཐོགས་མེད་དོ། །གསང་རྒྱུད་དུག་གི་སྐྲུ་གྲིར་བཤད། །དེ་ནས་གསང་བའི་བདག་པོ་རྡོ་རྗེ་སྙིང་པོས་གསུངས་པ་ལ་ཐམས་ཅད་ཡི་རངས་ཏེ་མངོན་པར་བསྟོད་དོ། །དུག་གི་སྤུ་གྲི་གསང་བའི་རྒྱུད་ལས། གཏད་ཅིང་གདམས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དཔལ་མགོན་པོ་ནག་པོ་དུག་གི་སྤུ་གྲི་གསང་བའི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། ཕྲི་མ་ཧྭ་ཀྭ་ལ་ཨ་མནརྟ་ཀྲཛི་གུ་རྒྱ་ཏན་ཏྲ།