Difference between revisions of "Ngb-pt-0835-vol-09-text"

From Rangjung Yeshe Wiki Texts
Jump to navigation Jump to search
 
 
(No difference)

Latest revision as of 11:50, 20 March 2020

Front[edit]

Body[edit]

བཙན་དང་གཟའ་མིག་དམར་ལ་གཏད་དོ། །རྫོགས་སོ།། །། རྒྱ་གར་སྐད་དུ། ཡཀྟ་ཡ་སེ་ནཱ་བཛྲ་ཨི་སྟི་དྷ་ར་གུ་རྒྱ་རཏྣ་ཏན་ཏྲ་ནཱ་མ། བོད་སྐད་དུ། གནོད་སྤྱིན་ཞ་འོན་རྡོ་རྗེ་བདུད་འདུལ་གྱི་གསང་བ་རིན་པོ་ཆེའི་རྒྱུད་ཅེས་བྱ་བ། གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །རི་རབ་ཀྱི་ཕ་རོལ། རི་གཉའ་ཤིང་འཛིན་གྱི་ཚུར་འགྲམ།ལྕགས་རི་ནག་པོའི་ཕར་འགྲམ། དུར་ཁྲོད་ཀྱི་རོ་སྣ་ཚོགས་པ། མེ་ཏོག་སྣ་ཚོགས་སྐྱེས་པ། གཞི་གསེར་གྱི་ས་གཞིའི་སྟེང་ན་ལྕང་ལོ་སྣ་ཚོགས་གཏིབས་པ། གནམ་ལྕགས་ཀྱི་གཟེར་བཏབ་བ། མི་རྒོད་ཀྱི་པགས་པས་གཡོག་པ། ཚངས་པའི་གདུང་བྱས་པ། ཉི་ཟླ་འཆར་བའི་སྐར་ཁུང་ཅན་དེའི་ནང་ན་གནོད་སྤྱིན་ཞ་འོན་ཡབ་ཡུམ་བཞུགས་སོ། །དེའི་ཡབ་ནི་གནོད་སྤྱིན་ལག་ན་གཞོང་ཐོགས་ཞེས་བྱ་བ། དེའི་མ་ནི་གནོད་སྤྱིན་པདྨ་བཟང་མོ་བྱ་བའོ། །དེའི་འཁོར་དུ་གནོད་སྤྱིན་ཛསྟ་ལ་དང་། ལྷ་ཆེན་མ་ཧྭ་ཀྭ་ལ་ཡབ་ཡུམ་དང་། ལྷ་ཆེན་འབྲོག་གནས་མཆེད་ལྔ་དང་། ལྷ་ཆེན་རྣམ་ཐོས་སྲས་ཡབ་ཡུམ་དང་། ཀུན་ཏུ་འཇིགས་བྱེད་དང་། །གནོད་སྤྱིན་རྣོན་པོ་དང་། ཉི་མའི་མིག་དང་། འཁོར་གནོད་སྤྱིན་སྟོང་སྡེ་དང་ལྷན་ཅིག་ན་བཞུགས་སོ། །དེའི་ཚེ་དེའི་དུས་ན་གསང་བའི་བདག་པོས་སྔགས་འདི་གསུངས་སོ། །ཨོ་བཛྲ་ཙཎྜམ་ཧྭ་རོ་ཥ་ན་ཧུ༷་ཕཊ། ཅེས་ཕྱག་གཡས་པའི་རྡོ་རྗེ་ལན་གསུམ་གསོར་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་སོ། །འགུལ། རབ་ཏུ་འགུལ། ལྡེག །རབ་ཏུ་ལྡེག་གོ །དབུས་མཐོ་ན་མཐའ་དམའ། མཐའ་མཐོ་ན་དབུས་དམའ། མཐོ་དམན་ཅན་དུ་འགྱུར་རོ། །དེའི་ཚེ་གནོད་སྤྱིན་འཁོར་བཅས་ལུས་རབ་ཏུ་འདར་བར་གྱུར་ཏོ། །དེའི་ཚེ་གསང་བའི་བདག་པོ་ལ་འདི་ཅིའི་རྒྱུད་ཅིའི་རྐྱེན་ལགས། ཞེས་གསོལ་བ་དང་། བཀའ་སྩལ་པ། ཁྱེད་རྣམས་ནི་མིའི་སྲོག་དང་དཀོར་རྣམས་ལ་དབང་བས། དེ་ལ་སྔགས་ཀྱི་སྒྲ་དེ་སྨྲས་པ་ཡིན་གྱིས། དམ་ལས་མ་འདའ་ཞིག་ཅེས་བཀའ་སྩལ་ཏོ། །གནོད་སྤྱིན་གསང་བ་རིན་པོ་ཆེའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཞ་འོན་གྱིས་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། །བདག་ཅག་རྣམས་ཀྱི་ཟས་སྐལ་ནི་གང་ལ་བྱ། བཏུང་སྐལ་ནི་གང་ལ་བྱ། །མུ་ཏིག་རིན་ཆེན་གང་དུ་དབབ། །འབྲུ་ཡི་ཕུང་པོ་གང་དུ་སྐྲུངས། །རྐང་འགྲོ་མི་ཡི་བསོད་ནམས་གང་དུ་སྤེལ། །ཅེས་ཞུས་པས། གསང་བའི་བདག་པོས་གསུངས་པ། ལེགས་སོ་ཞུས་པར་རབ་ཏུ་ལེགས། ཁྱེད་ཀྱི་ཟས་སྐལ་ནི་གསང་ཕྱི་དང་དམ་རྫས་ལ་གྱིས། །བཏུང་སྐལ་དུ་བདུད་རྩི་དང་ཙིལྟིའི་ཁྲག་ལ་གྱིས། །རིན་པོ་ཆེའི་ཆར་ནི་རྣལ་འབྱོར་སྒྲུབ་པོ་ལ་ཕོབ། །ཅེས་བཀའ་སྩལ་ཏོ། །ཡང་གནོད་སྤྱིན་ཞ་འོན་གྱི་ཞུས་པ། བདག་ཅག་བསྙེན་བསྒྲུབ་ཇི་ལྟར་བགྱི། །གསང་བའི་བདག་པོས་བཀའ་སྩལ་པ། །བསྙེན་པའི་དཀྱིལ་འཁོར་ཟླུམ་པོ་ལ། །ཕྱི་རིམ་འཁོར་ལོ་རྩིབས་བཞིས་མཛེས། །གྲུ་ཆད་ཁྱམས་དང་སྒོ་བཞིར་ལྡན། །འཁོར་ལོའི་ཁ་དོག་ལྷ་དང་མཐུན། །དབུས་སུ་ཞ་འོན་ཡབ་ཡུམ་ནི། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་ན་ནོར་བུ་རིན་ཆེན་བསྣམས། །གཡོན་པ་བདུད་རྩིའི་བུམ་པའོ། །རིན་ཆེན་རྒྱན་ནོར་གྱི་ལྷ། །ཡུམ་ཆེན་གནོད་སྦྱིན་ཀུན་དུག་མོ། །སྐུ་མདོག་ཡབ་འདྲ་ནོར་བུ་གཡས། །གཡོན་ན་གཏེར་གྱི་ནེ་ལེ་འཛིན། །སྐུ་ལ་རིན་ཆེན་རྒྱན་གྱིས་སྤྲས། །ཤར་དུ་ལྷ་ཆེན་ཡབ་ཡུམ་བསྐྱེད། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །གཡས་ན་རིན་ཆེན་གཡོན་ན་གའུ་འཛིན། །ཡུམ་ཡང་ཡབ་འདྲ་གཡས་བུམ་པའོ། །གཡོན་ན་ནེ་ལེ་རིན་ཆེན་གྱིས་སྤྲས། །ལྷོ་རུ་མགོན་པོ་ཡབ་ཡུམ་སྐུ་མདོག་གནག །གཡས་པ་བེང་དང་ལྕག་སྤར་གཡོན། །ཡུམ་ནི་བུམ་པར་གཡོན་ན་ནེའུ་ལེ་འཛིན། །ནུབ་ཏུ་འབྲོག་གནས་ཞལ་གསུམ་ཕྱག་དྲུག་སེར། །གཡས་གཡོན་དང་པོ་རིན་ཆེན་སྒྲོམ་བུ་འཛིན། །བར་མ་གསེར་གྱི་འཁོར་ལོ་སྨན་ཆེན་འཛིན། །ཐ་མ་ཤིང་ཐོག་སྡེར་བཟང་བསྣམས། །བྱང་དུ་རྣམ་ཐོས་ཡབ་ཡུམ་སྐུ་མདོག་སེར། །གཡས་པ་རིན་ཆེན་གཡོན་པ་ནེའུ་ལེ་འཛིན། །ཡུམ་ནི་གཡས་ན་བུམ་པ་གཡོན་ན་འཕྲེང་བ་འཛིན། །དེ་ལྟ་བུ་རུ་བསྐྱེད་པར་བྱ། །དབུས་སུ་གཏོར་མ་ལེགས་པར་བཞག །དེ་བཞིན་ཕྱོགས་ཕྱོགས་དག་ལ་བཞག །ཕན་དང་དར་ཡང་ཕྱོགས་སུ་བཞག །དབུས་སུ་ཆང་ཕུད་མ་ཉམས་བཞག །གནོད་སྤྱིན་གསང་བ་རིན་པོ་ཆེའི་རྒྱུད་ལས། དཀྱིལ་འཁོར་དང་། རྫས་དང་། ལྷ་བསྐྱེད་པའི་ལེའུ་་སྟེ་གཉིས་པའོ།། །།དེ་ནས་ཞ་འོན་གྱིས། ཀྱེ་གསང་བའི་བདག་པོ། །བདག་ཅག་གི་གསང་བའི་སྙིང་པོ་འབུལ་གྱིས། ཨོ་བཛྲ་རཏྣ་ཙིསྟ་ར་ག་ར་ཏི། མ་ཧྭ་ཀྲོ་དྷ་ཨརུ་ཛསྦྱུ་ལ་ཧྲང་ད། མ་ཧྭ་ཀྭ་ལ་ཧ་ན་ཧ་ན་བཛེ་ན། ཡཀྟ་དེ་བ་པརྩི་ར། མ་ཧྭ་བི་ཤ་མ་ཎ་ཧུ༷་ཕཊ་གྲྭ་ཧྭ། །ཞེས་ནི་སྙིང་པོ་གསང་བ་འདི། །དཔའ་བོ་ཉིད་དང་སྒྲུབ་པའོ། །ཞག་བདུན་བར་དུ་རྒྱུན་དུ་དྲངས། །འབྲུ་ཡི་ཕུང་པོ་སྟེར་བ་དང་། །རིན་ཆེན་གཏེར་རྣམས་རྙེད་པ་དང་། །རང་གི་སློབ་དཔོན་འཁོར་བཅས་དང་། །ལུང་བ་དར་གྱིས་ཁེངས་པ་དང་། །མེ་ཏོག་འབུལ་དང་ལྷ་ཕྱག་བྱེད། །མོན་ནག་སྟོན་འཁོར་ ཆོས་སྟོན་པ། །དེ་རྣམས་གྲུབ་རྟགས་ཡིན་པར་འདོད། །གནོད་སྦྱིན་གསང་བ་རིན་པོ་ཆེའི་རྒྱུད་ལས། སྲོག་སྙིང་དང་རྟགས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་གསང་བའི་བདག་པོ་ཡིས། །ཞ་འོན་ཉིད་ཀྱི་ཆུ་སྦྱིན་དབུལ་བ་འདི་གསུངས་སོ། །དང་པོ་མདུན་དུ་ཟངས་གཞོང་ནང་། །དྲུ༷་ལས་རིན་པོ་ཆེ་ཡི་སྣོད། །པདྨ་འདབ་མ་བཞི་པ་ལ། །ཞ་འོན་ཡབ་ཡུམ་དབུས་སུ་བསྐྱེད། །སློབ་དཔོན་དང་ནི་གནས་བཞི་དང་། །བུད་མེད་ན་ཆུང་ཆས་བཟང་དང་། ་།ར་དུ་ཛསྦྱུ་ལ་ནི་ཡབ་ཡུམ་མོ། །ནུབ་ཏུ་འབྲོག་གནས་མཆེད་ལྔ་བསྐྱེད། །བུམ་པ་བདུད་རྩིའི་རྫིང་དུ་བསམ། །ཨོ་ཨུ༷༷ཧུ༷་གསུམ་གྱི་བདུད་རྩིར་བསམ། །དེ་ནས་ལྷ་ལ་དབུལ་བ་ནི། །ཨོ་བཛྲ་ཨུབྱ་ཛལྷ་ལ། མ་ཧྭ་ཀྭ་ལ་ཡཀྟ་དེ་བ། བི་བྲ་མ་ཎའ་ཡ། ཛསྣ་ལ་ཛ་ལེན་དྲུ་ཡ་གྲྭ་ཧྭ། ལན་བདུན་བཟླས་ལ་དབུལ། །ལྷ་རྣམས་མཉེས་ནས་དངོས་གྲུབ་བླང་། །གནོད་སྤྱིན་གསང་བ་རིན་པོ་ཆེའི་རྒྱུད་ལས། ཆུ་སྤྱིན་གྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཞ་འོན་དྲག་པོས། །རིགས་བརྒྱུད་སྤེལ་ན་འདི་ལྟར་བྱ། །མ་ལ་ཁྲུས་དང་གཙང་སྦྲ་བྱ། །དར་སྣ་ལྔ་ལ་ལྷ་ལྔ་བསྐྱེད། །མ་ཡི་ལུས་ལ་རྟག་ཏུ་བཅང་། །ཟླ་བ་རེ་ལ་ཕུད་གཏོར་གཏང་། །འོ་དོད་འབོད་ཅིང་བགེགས་རྣམས་གཟིར། །བསྲུང་བའི་མདུད་པ་དག་ཀྱང་གདགས། །སྲི་རྣམས་ཐར་ནས་གཏང་རག་གཏང་། །ལིང་ག་གནན་ཅིང་སྔགས་རྣམས་བཟླས། །གནོད་སྤྱིན་གསང་བ་རིན་པོ་ཆེའི་རྒྱུད་ལས། སྲིའུ་གསོ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཞ་འོན་ཆེན་པོ་ཡིས། །གསེར་བ་བསྲུང་བ་འདི་གསུངས་སོ། །རང་ཉིད་ཞ་འོན་ཆེན་པོར་བསྒོམ། ཁྲར་དུ་ལྷ་ཆེན་ཡབ་ཡུམ་བསྐྱེད། །ལྷོ་རུ་མ་ཧྭ་ཀྭ་ལ་ཡབ་ཡུམ་བསྒོམ། །ནུབ་ཏུ་འབྲོག་གནས་མཆེད་ལྔ་བསྒོམ། །བྱང་དུ་རྣམ་ཐོས་ཡབ་ཡུམ་བསྐྱེད། །ནམ་མཁའ་དར་གྱིས་ཁེངས་པར་བསམ། །ཨོ་བཛྲ་རཏྣ་ཙིསྟ་ར་ག་མ་ཧྭ་ཨུརུ་ཛསྦྱུ་ལ་མ་ཧྭ་ཀྭ་ལ་ཡཀྟ་དེ་བ་བི་བྲ་མ་ཎ་རཀྟ་སེར་བ་ཨུར་ན་མ་ནི་ཡེ་སྭ་ཧྭ། ཨོ་ཛམ་བྷ་ལ་ཛ་ལེན་དྲུ་ཡ་གྲྭ་ཧྭ། སེར་བ་བདུད་རྩིའི་ཆུ་རུ་བསམ། །གནོད་སྤྱིན་རིན་པོ་ཆེ་གསང་བའི་རྒྱུད་ལས། སེར་བ་བསྲུང་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བླ་རྡོ་བཅའ་བ་འདི་གསུངས་སོ། ཁྲེལ་དང་བྱི་རུ་མཆོང་དང་ནི། །ཕ་ཝང་ཆོ་ལོང་ཞ་ཉེ་དང་། །དར་སྣ་ལྔ་དང་སེང་ལྡེང་གེའོ། །སྔགས་ནི་མཐིང་ཤོག་གསེར་གྱིས་བྲི། །དེ་རྣམས་ལུས་ལ་རྟག་ཏུ་བཅངས། །རང་ཉིད་ཕྱག་ན་རྡོ་རྗེར་བསྒོམ། །ཨོ་བཛྲ་ཙཎྜ་མཧྭ་རོ་ཥ་ན་ཧུ༷་ཕཊ། དེས་ནི་འགྱུར་ལྡོག་བྱེད་མི་ནུས། །གནོད་སྤྱིན་གསང་བ་རིན་པོ་ཆེའི་རྒྱུད་ལས། བླ་རྡོ་བཅའ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཞ་འོན་དྲག་པོ་ཡི། །བསྒྲུབ་པ་པོ་ལ་དགྲ་དར་ན། །བསྙེན་པ་གོང་མ་ཇི་བཞིན་བྱ། །ཞག་བདུན་བར་དུ་བསྒྲུབ་པར་བྱ། །རྫས་དང་དཀྱིལ་འཁོར་གོང་བཞིན་བྱ། །ཨོ་བཛྲ་རཏྣ་ཙིསྟ་ར་ག་མ་ཧྭ་ཨུརུ་རྗ་བྷ་ལ་མ་ཧྭ་ཀྭ་ལ་ཡཀྟ་དེ་བ་བི་བྲ་མ་ཎ་ཨབླུ་ཤ་ཛ། དེ་ནས་རྟག་ཏུ་བཟླས་པ་བྱ། །རྟགས་ནི་དམ་ཉམས་འདེད་པ་དང་། །འབྲུབ་ཁུང་ནང་དུ་བཅུག་པའོ། །དེ་ནས་ལས་སྦྱར་བར་བྱ། །ར་སོགས་དག་ལ་ལིང་ག་བྲིས། །གོང་གི་སྔགས་ལ་འདི་ཡིས་བརྡེག །ཆེ་གེ་མོའི་བཛྲ་སྙིང་གོང་ཆོད། །ཁ་ལ་མུ་ལོ་ཧ་ཁྲི་ཏྲ་ལ་རྦད། པུ་ན་པྲ་ཏི་རྦད། རྨུག་རྦད། མ་ལ་ག་ལྕི་ལྕི་ལ་རྦད། །མ་རི་ཁ་རི་ཡ་རྦད། ་་ས་ཀར་ཉུངས་ནག་རྫས་ཀྱིས་བྲབ། །ལིང་ག་དག་ལ་ཕུར་པས་བདབ། །ཉིན་གསུམ་མཚན་གསུམ་ཕུར་བས་གདབ། །གནོད་སྤྱིན་གསང་བ་རིན་པོ་ཆེའི་རྒྱུད་ལས། གསད་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བསྲེག་དང་མནན་པ་འདི་གསུངས་སོ། །ལིང་ག་སྨན་མ་ཏེ་རེལ་དེ། ཆུ་ཤིང་ངམ་གླ་བའི་མེ་སྤར་ལ། །མེ་ཉིད་ཞ་འོན་འཁོར་བཅས་སྐྱེད། །ཧེ་ར༷་ཏང་ར༷་ཧི་ར༷་ཛ་ལ་ར༷། དམ་ཉམས་དགྲ་བགེགས་ཛ་ལ་ར༷། དེའི་ལིང་ག་བསྲེག་ཅིང་ལྷའི་ཞལ་དུ་ཕུལ་བར་བསམ། །ཐོའི་ས་དང་ཐལ་བ་ལ་གནན་པ་བྱའོ། །གླང་གི་ཐོད་པར་བཅུག་ནས་ནི། །ལྷ་ཁང་ཆེན་པོའི་ཐེམ་འོག་མནན། །གནོད་སྦྱིན་གསང་བ་རིན་པོ་ཆེའི་རྒྱུད་ལས། མནན་བསྲེག་གི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཚེ་བསྒྲུབ་པ་འདི་གསུངས་སོ། །བུམ་པ་བྱུ༷་ལས་གཞལ་ཡས་ཁང་དུ་བསྐྱེད། །ནང་དུ་དཀར་གསུམ་མངར་གསུམ་ཆང་ཡང་བླུག །ཞ་འོན་དཔོན་གཡོག་ནང་དུ་བསྐྱེད། །ཨོ་བཛྲ་ཨུ་ཡུར་ཁེ་སྒྲུ༷་ཨ་བཛྲཨསྟིཁེ྅ཨ། སྐུནིརྡོརྗེལྟ་བུ་སྟེ། །གསུང་ནི་འགག་པ་མེ་ངམེ་ང་ང་ངངང་ཆེངངལེསྟེ་དེང་ངད་པའ། །ཐུགས་ན་འགྱུར་བ་ ད་པའ། །བུམ་པའ་དབང་བསྐུར་ཞ་འན་ཐམ། །གནད་སྦྱན་གསང་བའ་རན་པ་ འ་རྒྱུད་ལས། ཚ་བསྒྲུབ་པའ་ འུ་ ་བཅུ་པའ།། །། ་ནས་གསང་བའ་བདག་པ་ཡས་རྒྱུད་གཏད་བ་འདི་གསུངས་སོ། །ལུས་ཐུང་གཟི་བརྗིད་ཆེ་ལ་ངམ་ནག་པ། །བླ་མ་སྙིང་བཞིན་འཁུར་ཞིང་དམ་ཚིག་མིག་གི་འབྲས་བཞིན་སྲུངས། །བསྒྲུབ་པའི་རྫས་དང་ཡོ་བྱད་རྟག་ཏུ་འཆང་། །སྔགས་དང་ཏིང་ཛིངརྗེངངསྙིངདེང་ཅེང་མི་་ངའ ན་མ་བ ད་རྟག་ཏུ་དྲན། །ཀུན་ལ་མ་སྨྲ་རང་ག་ ང་བཞན་བཅང་། ། ་ལྟ་བུ་ཡ་སླབ་བུ་ལ། །རྒྱུད་དང་མ་བུ་ཚང་བར་བཏད། ། ས་གསུངས་ནས། གསང་བའ་བདག་པ་ ་སྣང་བར་གྱུར་ཏ། །གནད་སྦྱན་གསང་བ་རིན་པོ་ཆེའི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།གནོད་སྦྱིན་གསང་བ་རིན་པོ་ཆེའི་རྒྱུད་རྫོགས་སོ།། །།