Ngb-pt-0821-vol-09-text

From Rangjung Yeshe Wiki Texts
Revision as of 11:50, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-800-899/ngb-pt-0821-text.docx.wiki to Ngb-pt-0821-vol-09-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front[edit]

Body[edit]

རྒྱ་སྐར་སྐད་དུ། གུ་རྒྱ་ཨ་པ་ར་ཙིསྟ་རད་ན་སིདྷི་ནཱ་མ་ཏན་ཏྲ། བོད་སྐད་དུ། ཨ་པ་ར་ཙིཏཱའི་གསང་བ་ཕྱི་མའི་རྒྱུད་རིན་པོ་ཆེ་དངོས་གྲུབ་ཅེས་བྱ་བ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་རི་རབ་ཀྱི་རྩེ་ལ་འདུས་པའི་འཁོར་དང་ཐབས་གཅིག་ཏུ་བཞུགས་པ་ལ། གནོད་སྤྱིན་ཨ་པ་ར་ཙིསྟ་ཞེས་བྱ་བས་རིག་པ་ཕུལ་ནས་དམ་ལ་བཏགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས། འཁོར་རྣམས་ལ་བཀའ་སྩལ་པ། ཀྱེ་ཧོ་འདུས་པའི་འཁོར་རྣམས་ཀུན། །གནོད་སྦྱིན་ནོར་བདག་ཨ་པ་ར། །འདི་ཉིད་སྒྲུབ་ན་དངོས་གྲུབ་ཐོབ། །ཅེས་བཀའ་སྩལ་པ་དང་། །འཁོར་གྱི་ནང་ནས་ནོར་བདག་བྱང་ཆུབ་སེམས་དཔས་གསོལ་པ། ཨེ་མ་ཧོ་བཅོམ་ལྡན་རྡོ་རྗེ་འཆང་། །ཨ་པ་ར་ཡི་དོན་རྣམས་ཀྱི། །བསྒྲུབ་པར་བྱ་བ་ཇི་ལྟར་ལགས། །དེ་སྐད་གསོལ་པའི་ཚིག་གསན་ནས། །གསང་བའི་བདག་པོས་བཀའ་སྩལ་པ། གནོད་སྤྱིན་ཆེན་པོ་ཨ་པ་ར། །དངོས་གྲུབ་བདག་པོ་བསྒྲུབ་པའི་ཕྱིར། །སྔོན་དུ་ཡིད་བཞིན་ནོར་བུའི་སྔགས། །ཡི་གེ་བཅུ་པའི་བསྙེན་པ་བྱ། །དེ་ནས་ར་བ་བཞི་ཡི་དུས། །མ་ནོར་ངེས་པའི་ཚེས་གཅིག་ལ། །མཎྜལ་པ་ཡི་རྣམ་ལྔས་བྱུགས། །མཆོད་པ་ལྔ་དང་བ་ལིང་བཤམ། །བདག་ཉིད་ཕྱག་ན་རྡོ་རྗེ་ནི། ཁེན་ཏུ་ཁྲོས་པའི་སྐུ་རུ་བསྐྱེད། །མདུན་དུ་སྣྲི༔ནི་དཀར་པོ་ལས། །གནོད་སྤྱིན་སྐྱེད་ལ་སྤྱན་དྲངས་བསྟིམ། །མཆོད་བསྟོད་བྱས་ལ་གསང་སྔགས་བཟླས། །ཉ་ཡི་བར་དུ་ཟླ་ཕྱེད་བྱ། །དེས་མ་གྲུབ་ན་སྟོང་དུ་བསྐྱར། །དེས་ཀྱང་གྲུབ་པར་མ་གྱུར་ན། །ཟླ་བ་ཕྱི་མའི་ཉ་ཡི་བར་དུ་བསྒྲུབ། །དེས་ནི་འགྲུབ་འགྱུར་ཐེ་ཚོམ་མེད། །སྐབས་དང་པོའོ།། །།སྔགས་ཀྱི་རིམ་པ་འདི་ལྟ་སྟེ། །ཨོ་ཧྲི་ཛ་ལ་ཨ་པ་ར་ཙིལྟི་ཛ་ཛུ། འབོད་པའི་སྔགས་སོ། །ཨོ་ཧྲི་ཛ་ཨ་པ་ར་ཙིསྟ་ས་མ་ཡ་བཛྲ་ཛ་ཛཞེས་པ་ནི་ལན་གཉིས་བསྐྱར་བའི་སྔགས་སོ། །ཡིཧྲི་ ་ཛ་ཨ་པ་ར་ཙིསྟ་ས་མ་ཡ་བཛྲ་ཛ་ཛ་ཛུ་ཧྲི་ཛུ། ཞེས་པ་ནི་ལན་གསུམ་བསྐྱར་བའི་སྔགས་སོ། །ཨོ་ཤི་ན༷་ཧུ༷་ཛ་ཛ། སྲིང་མོའི་སྔགས་སོ། །ཡི་ཧྲི་ཛ་ཨ་པ་ར་ཙིཉི་ཛ་ཛུ་ས་མ་ཡ་ཛ་ལ་བ་ལ་སིརྙི་སིརྙི་ཧུ༷་ཛ་ཛུ། ཞེས་པ་ནི་དངོས་གྲུབ་བླང་བའི་སྔགས་སོ། །ཨོ༷་ཧྲི་ཛ་ཨུ་པ་ར་ཙིལྟི་ཛ་ཛུ་ཆེ་གེ་མོའི་ཙིསྟ་ཧྲི་ཛ་ཛུ་ཝ་ཤ༷་ཀུ་རུ་སརྦ་སིཉི༷་ཕ་ལ་ཧུ༷་ཧུ༷་ཛ་ཛུ། གཞན་གྱི་ཤེས་པ་དབང་དུ་བྱའི་སྔགས་སོ། །ཨོ་ཧྲི་ཛ་ཨ་པ་ར་ཙིསྟ་ཛ་ཛུ་བ་ལིང་ཨི་ད༷་གྲི་ཏྣ་གྲི་ཏྣ་ཁུ་ཧི་ཁུ་ཧི། ཞེས་པ་ནི་གཏོར་མའི་སྔགས་སོ། །ཨོ་ཧྲི་ཛ་ཨ་པ་ར་ཙིསྟ་ཛ་ཛ་སརྦ་དུ་་མྱ་ར་ཡ་ཧྲི་ཛ་ཛུ་ཧུ༷་ཕཊ། ཅེས་པ་ནི་འགྲན་སེམས་འདུལ་བའི་སྔགས་སོ། །སྐབས་གཉིས་པའོ།། །།དེ་ནས་རིམ་པར་བཀའ་སྩལ་པ། །གནོད་སྤྱིན་ཆེན་པོ་བསྒྲུབ་པའི་ཕྱིར། །རི་རབ་ལྕོག་གི་བྱང་ཕྱོགས་ན། །སྤྱན་དྲངས་མཆོད་ལ་བསྟོད་པ་བྱ། །ཨོ་དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ཨ་པ་ར། །ཕྱག་ན་རྡོ་རྗེའི་དམ་ཚིག་བཞིན། །ཐུགས་དམ་བཞིན་དུ་གཤེགས་སུ་གསོལ། །ཨོ་ཨུཿཧུ༷་ཧྲི་ཛ་ཨ་པ་ར་ཙིསྟ་ས་མ་ཛུ་ཛ་ཧུ༷་བ༷་ཧོ། ཨོ། གནོད་སྤྱིན་རྒྱལ་པོ་ཨ་པ་ར། །ཡཀྟ་ཆེན་པོ་ནོར་གྱི་བདག །ཡིད་བཞིན་ནོར་ལྷར་རེ་བ་སྐོང་། །བདག་གི་བསམ་པ་འགྲུབ་པའི་ཕྱིར། །དགེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོ་ཧྲི་ཛ་ཨ་པ་ར་ཙིཀྟ་ས་མ་ཡ་ཏིཛི་ཏིཁྱི་ཧུ༷་ཧུ༷་ལྷན། །ཨོ།གནོད་སྤྱིན་ཉི་མའི་སྤྱན་ཅན་ནི། །ཕྱག་ན་རྡོ་རྗེའི་བཀའ་ཉན་པ། །དམ་ཚིག་ཅན་གྱི་གྲོགས་བྱེད་ཕྱིར། །དད་པས་འདུད་དེ་ཕྱག་འཚལ་ལོ། །ཨོ་ཧྲི་ཛ་ཨ་པ་ར་ཙིསྟ་ན་མོ། །ཨསྙེ༷་པྲ་ཏི་སྣྲོ་ཧོ། ཨོ། ཡོན་ཆབ་མེ་ཏོག་མར་མེ་སྤྲོས། །ཞལ་ཟས་དྲི་མཆོག་སྒྲ་སྙན་མཆོད་པ་དམ་པ་འདི། །གནོད་སྦྱིན་ཆེན་པོ་ཨ་པ་ར་ལ་འབུལ་བཞེས་ནས་བདག་ལ་དངོས་གྲུབ་གསོལ། །ཨོ་ཧྲི་ཛ་ཨ་པ་ར་ཙིསྟ་བཛྲ་ཨ་དྷ་ར་པྲསྤྲོ ཨུ་ལོ་ཀེ། རྙུ་པེ། ནེ་ཝེ་སྦྱེ།གརྙེ། ཤསྡ། པུ་ཙ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧུ༷། དེ་ནས་ཡང་། གནོད་སྦྱིན་གྱི་རྒྱལ་པོ་ཨ་པ་ར། །སྡེར་བཟང་དམ་པ་འདི་ཉིད་དང་། །མཆོད་སྤྱིན་གཏོར་མ་འདི་བཞེས་ལ། །འདོད་ཡོགོལྔ་ལ་ལོངས་སྤྱོད་དང་། །ནོར་གྱི་དངོས་གྲུབ་བདག་ལ་སྩོལ། །ཨོ་ཧྲི་ཛ་ཨ་པ་ར་ཙིསྟ་བ་ལི་ཏ་ཁུ་ཧི། དེ་ནས་བསྟོད་པ་དག་ཀྱང་བྱ། །དེ་ནས་དངོས་གྲུབ་བླང་བ་ནི། །འདོད་ཡོན་ལྔ་ལ་ལོངས་སྤྱོད་དང་། །ཅི་བསམ་ལྷུན་གྱིས་གྲུབ་པ་ཡི། །ནོར་གྱི་དངོས་གྲུབ་བདག་ལ་སྩོལ། །དངོས་གྲུབ་ཆེན་པོ་བདག་ལ་སྩོལ། །ང་ཡི་བཀའ་ལས་མ་འདའ་ཞིག །ང་ཡི་བཀའ་ལས་ འདས་གྱུར་ན། །རྡོ་རྗེ་དམྱལ་བར་ལྟུང་བར་ངེས། །ཨོ་ཏྲི་ཛ་ཨ་པ་ར་ཙིཀྟ་ཛ་ཛུ་ས་མ་ཡ་སིརྙི་ཧུ༷། དེ་ལྟར་སྤྱན་དྲངས་མཆོད་བསྟོད་ན། །ལུས་དང་གྲིབ་མ་བཞིན་དུ་འབྱུང་། །ཐམས་ཅད་འབྱུང་བའི་དངོས་གྲུབ་ཐོབ། །འཇིག་རྟེན་འདི་ལ་མངའ་དབང་སྒྱུར། །གྲུབ་ནས་ཉ་ལ་གཏོར་མ་བཏང་། །ལོངས་སྤྱོད་འདུས་ནས་སྡེར་བཟང་གཏད། །སྐབས་གསུམ་པའོ།། །།དེ་ནས་གཞན་ཡང་བཀའ་སྩལ་པ། །འཁོར་ལོ་བསྒྲུབ་པར་འདོད་པས་ན། །རས་སམ་གྲོ་ག་ཤོག་བུ་ལ། །གུར་ཀུམ་རི་བོང་ཁྲག་དང་ནི། །བ་བླ་སྦྱར་ལ་བྲི་བར་བྱ། །དབུས་སུ་ཆེན་པོ་བདག་ལ་སྩོལ། །ང་ཡི་བཀའ་ལས་མ་འདའ་ཞིག །ཨོ་ཉྭ་ཛ་ཨ་པ་ར་ཙིསྟ་ཛ་ཛ་སིརྙ་སིརྙི་ཧུ༷། དེ་ལྟར་སྤྱན་དྲངས་མཆོད་བསྟོད་ན། ལུས་དང་གྲིབ་མ་བཞིན་དུ་འགྱུར། །ཐམས་ཅད་འབྱུང་བའི་དངོས་གྲུབ་ཐོབ། །འཇིག་རྟེན་འདི་ལ་མངའ་དབང་སྒྱུར། །གྲུབ་ནས་ཉ་ལ་གཏོར་མ་བཏང་། །ལོངས་སྤྱོད་འདུས་ནས་སྡེར་བཟང་དབུལ། །ཞེས་གསུངས་སོ། །གནོད་སྤྱིན་གྱི་གསང་རྒྱུད་ཕྱི་མ་རིན་པོ་ཆེ་ལས། སྐབས་གསུམ་པའོ།། །།དེ་ནས་གཞན་ཡང་བཀའ་སྩལ་པ། །འཁོར་ལོ་སྒྲུབ་པར་འདོད་པས་ན། །རས་སམ་གྲོ་ག་ཤོག་བུ་ལ། །གུར་ཀུམ་དག་ནི་གི་ཝང་གིས། །དབུས་སུ་ཟླུམ་པོ་ཧུ༷་བྲིས་ལ། །མདུན་དུ་ཧྲི་དང་ལྡན་པའོ། །དེ་ཡི་མཐའ་མར་སྔགས་བཀོད་ལ། །ཕྱི་རིམ་དངོས་གྲུབ་འདུན་པའི་སྔགས། །བྲིས་ལ་བུམ་པའི་ནང་དུ་རྩལ། །གཅེས་མཛོད་ནང་དུ་གཞག་པར་བྱ། །དེ་ལ་དངོས་གྲུབ་ཐེ་ཚོམ་མེད། །ཅེས་གསུངས་སོ། །གནོད་སྤྱིན་གྱི་རྒྱུད་ཕྱི་མ་རིན་པོ་ཆེ་ལས། །སྐབས་བཞི་པའོ།། །།དེ་ནས་ཡང་དག་བཀའ་སྩལ་པ། །གནོད་སྤྱིན་བསྒྲུབ་པའི་དམ་ཚིག་ཏུ། །བླ་མ་དང་ནི་ཡི་དམ་ལྷ། །ཕྱག་ན་རྡོ་རྗེ་སྒོམ་པ་དང་། །སྤྱི་བོར་བླ་མ་བསམ་པར་བྱ། །མངོན་དུ་གནོད་སྦྱིན་བསམ་པར་བྱ། །འགྲོ་ལ་སྙིང་རྗེ་བསྐྱེད་པར་བྱ། །ཐམས་ཅད་དྲང་བར་སེམས་བསྐྱེད་བྱ། །གནོད་སྦྱིན་བསྒྲུབ་པས་དངོས་གྲུབ་ཐོབ། །ཚེ་ཉིད་རིང་བར་འདོད་པས་ནི། །ལྷ་འདྲེ་ཐམས་ཅད་ཟིལ་གནོན་དུ། །ཨ་པ་ར་ལ་དབང་བསྐུར་བྱ། །སྙིང་པོ་བཟླས་ལ་ལས་གཉེར་གཏད། །དངོས་གྲུབ་ཐོབ་ནས་འགྲོ་དོན་བྱེད། །ཅེས་གསུངས་སོ། །གནོད་སྤྱིན་གསང་རྒྱུད་ཕྱི་མ་རིན་པོ་ཆེ་ལས། སྐབས་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྒྱུད་འདི་ཉམས་སུ་ལེན་པ་ནི། །དད་ལྡན་དམ་ཚིག་ལྡན་པ་ཡི། །སྐྱེས་བུ་ཤེས་རབ་སྙིང་རྗེར་ལྡན། །འགྲོ་དོན་ནུས་པའི་དོན་དུ་ཡང་། །ཞེས་བཀའ་སྩལ་པ་དང་། ཛམ་བྷ་ལ་ལ་སོགས་པ་རྣམས་ཡི་རངས་པར་གྱུར་ཏོ། །གནོད་སྒྱིན་ཨ་པ་ར་ཙིཏིའི་རྒྱུད་ཕྱི་མ་རིན་པོ་ཆེ་ལས། སྐབས་དྲུག་པ་རྫོགས་སོ།། །།རྒྱུད་འདི་རྒྱལ་པོ་ཨིནྟྲ་བོ་ང་་ང་ང་རྙེ་ངདེ་ང་རྗེསྟེ་དེདྷས་རྡ་རྗ་གདན་གྱ་ཤར་ཕྱགས་ཀྱ་ལགས་ནས་ ད། ལ་བརྒྱ་ཕྲག་གཅག་ནས་པདྨ་སམ་བྷ་ལ་གཏད། ་ནས་ལ་བརྒྱ་ཕྲག་གཅག་ལྷག་ནས་བ་སུ་དྷ་རས་རྡ་ ་ཡང་དབང་ ར་ལ་གཏད་ད། ། ་ནས་ལོ་བརྒྱ་ཕྲག་བདུན་དུ་ཉེ་བ་ནི། མཐའ་འཁོབ་ཏུ་སྐྱེས་པའི་རྣལ་འབྱོར་བ་ཅིག་གིས་རྙེད་ནས། དངོས་གྲུབ་ཆེན་པོར་འགྱུར་བར་ཤེས་པར་བྱའོ། ་༑། རྒྱ་རྒྱ་རྒྱ། བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱང་། །སྔོན་ནས་ཚོངང་ངངའངངང་་ང་ངཆེནམིངཚོངངཆེནགས་གཉས་བསགས་པ་ཡས། །གནད་སྦྱན་འད་ཡ་རྒྱུད་དང་མཇལ། །བ་སུ་དྷ་ར་ཕ་ཡ་དྲན། །སྒྱུན་པ་མ་ཐངས་དབུལ་པ་ཡ། །སྣད་དུ་རན་ ་འབྱུང་ ་སྲད། ། གས་མ་གསགས་པའ་གང་ཟག་ལ། །རན་ ་རྒྱུད་འདི་ཕྲད་མི་སྲིད། །བླ་མའི་ཞབས་ལ་མ་གུས་ཤིང་། །དམ་ཚིག་མེད་ན་འགྲུབ་མི་འགྱུར། །དེ་ཕྱར་གཏེར་དུ་སྦས་པ་ཡིན། །ལས་འཕྲོ་ཅན་དང་ཕྲད་པ་ཤོག།། །།