Difference between revisions of "Ngb-pt-0815-vol-09-text"

From Rangjung Yeshe Wiki Texts
Jump to navigation Jump to search
 
 
(No difference)

Latest revision as of 11:50, 20 March 2020

Front[edit]

Body[edit]

གསངབའིརྒྱུད་རྫོགས་སོ།། །།རྒྱགར་གྱི་མཁན་པོ་བ་སུ་དྷར་དང་། རྡོ་རྗེ་ཡང་དབངགཏེརགྱིསབསྒྱུར་ནས་གཏེར་དུ་སྦས་པའོ། །རྒྱ་རྒྱ་རྒྱ།། །།རྒྱ་གརསྐད་དུ། །བཛྲ་ག་རུ་ཌ་གུ་རྒྱ་རཏྣ་རག་ཤཀྲོ་དྷནི་ར་མྱཎ་ན་མ་ཏན་ཏྲ། བོད་སྐད་དུ། རྡོ་རྗེ་བྱ་ཁྱུང་གསང་བརིནཔོ་ཆེ་འཁྲོས་པ་སྤྲུལ་པའི་རྒྱུད་ཅེསབྱ་བ། དཔལ་ཕྱག་ན་རྡོ་རྗེ་ཁྱུང་དང་བཅས་པ་ལཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོསཔའི་དུས་གཅིག་ན། །བཅོམལྡནའདས་རྡོ་རྗེག་་པོ་ཉིད། མཚོ་ཆེན་པོའི་གྲོང་ཁྱེར་ཀླུ་གཉནགྱི་གནས་ན། ཐམས་ཅད་འདུས་པའི་འཁོར་དང་ཐབས་ཅིག་པརབཞུགས་པ་ལས། འགྲོ་བ་སེམས་ཅན་མི་རྣམས་ལ་ཀླུ་དང་། ས་བདག་དང་། གཉན་དང་། སྟོདདང་། ས་སྲིན་དང་། ཀླུ་སྲིན་ལ་སོགས་པས་གནོད་པར་གཟིགསནས། སྐུ་གསུང་ཐུགས་ཀྱི་གནས་ནས་ཁྱུང་རྣམཔ་ལྔ་སྤྲུལ་ནས་བཏུལ་བ་དང་། ཤིན་ཏུརྩུབ་ཅིང་ཁྲོ་བོ་ཀླུ་གཉན་རྣམས་གདུག་པ་ཆེ་བར་གྱུར་ཏེ། ཡང་ཐུགས་ཁ་ནས་སྤྲུལ་པའི་ཁྱུང་ནག་སྤྲུལ་ཏེ་བ་་བས། ཐམས་ཅད་རྡུལ་དུ་བཏངནས་ཀླུ་རྣམས་སྟོངཔར་གྱུར་ཏོ། །ཁྱུངནགའཁྲོས་པའི་རྒྱུད་ལས། གླེང་བཞིའིལེའུ་སྟེདང་པའོ།། །།དེནས་བཅོམ་ལྡན་རྡོ་རྗེ་གཏུམ་པོ་ལ། ཁྲོབོབདུད་རྩི་འཁྱིལ་པསགསོལ་པ། ཀྱེ་མཧོ་བཅོམལྡན་འདས། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་ཆེད་དུ་ཉིད་ཀྱི་རྟོག་པའི་རྒྱུད་སྔ་མ་དང་ཕྱི་མ་བཤད་ལགས་ན། མ་ཚང་བ་ཁ་སྐོངས་ཕྱི་མའི་རྟོག་པ་བཤད་དུ་གསོལ། ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱིན་བརླབས་སྣང་བ་འབྱུང་བར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་དེའི་དུས་ན་སྐུ་གསུང་ཐུགས་རྡོ་རྗེ་ལས་བཀའ་སྩལ་པ། ཉོན་ཅིག་བདུད་རྩི་འཁྱིལ་པ་ཉོན། །ཀླུ་གཉན་གདུག་པ་བསྒྲལ་བ་ནི། །སྔོན་དུ་བསྙེན་པ་རྫོགས་པ་དང་། །རྒྱལ་རིགས་ལ་སོགས་གསད་པར་བྱ། མདུན་དུ་འབྲུབ་ཁུང་བཅས་པ་དང་། །སྦལ་ལྕོང་གླུ་གཉན་གཟུགས་བྲིས་ལ། །སྔགས་འདིས་རབ་ཏུ་བྲབ་པར་བྱ། །ཨོ་ཙཎྜམ་ཧྭ་རོ་ཥ་ཎ་ཧུ༷་ཕཊ། བཛྲ་ཀྲོ་དྷ་ག་རུ་ཌ་རྒྱལ་རིགས་ཀྱི་ནཱ་ག་མུ་ར་ཡ་ཕཊ། ཙིསྟ་ཧུར་ལིང་ཀུ་ལ་ཡེ་ཧུ༷་ཕཊ། ཅེས་པའི་སྔགས་ནི་ཀླུ་རྒྱལ་རིགས་བསད་པའོ། །རྗེའུ་རིགས་གནོད་ན། རྗེ་རིགས་ཀྱི་ནཱ་ག་ཞེས་སྤེལ་ལ་བསདབྲམ་ཟེའི་རིགས་གནོད་ན། བྲམ་ཟེའི་རིགས་ཀྱི་ནཱ་ག་བཱ་ར་ཡ་ཞེས་སྤེལ། དམངས་རིགས་གནོད་ན། དམངས་རིགས་ཀྱི་ནཱ་ག་མ་ར་ཡ་སྔ་མ་ལ་སྤེལ་གདོལ་རིགས་གནོད་ན། གདོལ་རིགས་ཀྱི་ནཱ་ག་སྨྱུ་ར་ཡ་ཞེས་སྤེལ་ལོ། གཉན་གནོད་ན། པུ་མེ་མུ་ར་ཡ་ཞེས་སྤེལ་ལོ། །ས་བདག་གནོན་ན། ས་ཀྲ་མུ་ར་ཡ་ཞེས་སྤེལ་ལོ། །ཀླུ་བདུད་གནོན་ན། ནག་པོ་ཤུ་ཤུ་ཞེས་སྤེལ་ལོ། །ཀླུ་བཙན་གནོད་ན། ཡ་མ་ཤུ་ཞེས་སྤེལ་ལོ། །དམ་སྲིད་དང་སྡོངས་ན། བསེན་མོ་སྲི་ཐུམ་ཞེས་སྤེལ། །རྒྱལ་པོ་གནོད་ན། རྭ་ཛ་ཏྲི་ཛ་ཡ་རྦད་ཅེས་སྤེལ་བར་བྱའོ། །ཞེས་གསུངས་སོ། །ཁྱུང་ནས་འཁྲོས་པའི་རྒྱུད་ལས། ་བདག་ཀླུ་གཉན་ལ་སོགས་པ་ཐམས་ཅད་བསད་པ་སྔགས་ཀྱི་ཁ་བཀང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། བདུད་རྩི་འཁྱིལ་པ་ལ་བཀའ་སྩལ་པ། །ཀྱེ་མ་འདུས་པའི་འཁོར་རྣམས་ཀུན། །སེམས་ཅན་མི་རིགས་རྣམ་པ་ལ། །ས་བདག་ཀླུ་གཉན་གནོད་པ་ཡི། །བསམ་གཏམ་མེ་ཡི་ཏིང་འཛིན་ནི། །སྔ་མའི་རྒྱུད་དུ་བཤད་བྱ་སྟེ། །ཕྱི་མའི་ནང་དུ་ཁྱུང་སྔགས་བཤད། །དམ་དེའི་མཚང་སྔགས་རྣམས་ནི། ཁུད་ཆེན་འདི་རུ་བཤད་པ་ཡིན། །དེ་ལ་ཀླུ་གཉན་ས་བདག་གིས། །ཟིན་པ་རྟག་པ་ཁྱོད་ཀྱིས་ཉོན། །ཀླུ་ཡིས་ཟིན་པ་བཅོས་པ་ལ། །ཀུ་རེ་ཀྱལ་ཁའི་ཚུལ་དུ་གནོད་པ་དང་། ཁྲན་འཐེན་ཕྱིར་ན་གནོད་པ་དང་། །མི་གཙང་སྣོལ་གྱིས་ཕོག་ནས་གནོད་པ་དང་། །ཞེ་སྡང་གསད་སེམས་གནོད་པ་དང་། །དེ་ལ་ཀུ་རེ་ཀྱལ་ཁའི་ཚུལ་དུ་གནོད་པ་ནི། །ན་ཚ་མེད་ཅིང་རྨི་ལམ་བཟང་། ཁྲ་འགུལ་བེར་དང་འཕྲིག་པའོ། །དེ་ལ་ཅི་ཡང་བྱ་མི་དགོས། །མི་གཙང་བསྣོལ་གྱིས་ཕོག་པ་ནི། །རྒྱ་ཚ་འགུལ་སོགས་བྱུང་བ་དང་། །དེ་ནི་རོ་བག་རྨེ་བ་དང་། །མི་གཙང་དུས་སུ་ཉེན་བླངས་པ། །དེ་ལ་ཞི་བའི་བཅོས་ཁ་བྱ། །ཁྲུས་དང་གསང་བ་ཁོ་ན་འོ། །སྔན་འཐེན་ཕྱིར་ན་གནོད་པ་ནི། །ཞིང་པ་ཡུལ་ལམ་གང་རུ་་བར། །ན་ཚ་དག་ནི་འབྱུང་བ་དང་། །མགུལ་བེར་འཕྲིག་པ་ཤིན་ཏུ་མང་། །དེ་ལ་ཟླུད་མདོས་གཏོར་མ་དང་། །གཏེར་གདུམས་ལ་སོགས་ཤིན་ཏུ་སྔགས། །ཞེ་སྡང་བསད་སེམས་ཞུགས་པ་ལ། ་་རོ་བྱུང་དང་རུས་པ་ནི། །དེ་ལ་སྔགས་ཀྱི་ཞབྲུལ་འཁོར་བྱ། །ཞེས་གསུངས་སོ། །ཁྱུང་ནག་འཁྲོས་པའི་རྒྱུད་ལས། ཞུགས་པ་གཞིའི་མཚན་ཉིད་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཁྱད་པར་རྟག་པ་འདི་ལྟ་སྟེ། །དབང་པོའི་དངས་མ་མིག་ཡིན་ཏེ། །མིག་ཡིས་ལྕིབས་དཀར་པོ་ལ། །གནོད་ཀྱི་རིགས་དང་བསྡོངས་ཏེ་རྟག །དཀར་པོའི་ཐིག་ལེ་གཉན་ཡིན་ཏེ། །སྔོན་པོ་ཐིག་ལེ་མཚོན་སྨན་ནོ། །ནག་པོ་ཐིག་ལེ་ཀླུ་པོ་རང་། །རྩ་ནི་དམར་རྩ་འབྱུང་བ་ནི། །ཀླུ་བཙན་དག་ཏུ་ཤེས་པར་བྱ། །ནག་པོ་ཤར་རེ་རྒྱུང་བ་དང་། །ཟུག་གཟེར་ཆེ་ན་ཀླུ་བདུད་ཡིན། །འབྲ་བུ་དག་ལ་ནད་རྟག་སྟེ། །སྦོ་ན་ཁ་རུ་སོང་བ་ནི། །མཚོ་ཆགས་རྫི་རློབ་བྱ་བ་ཡིན། །མི་ཐུབ་ངེས་པས་སྤང་བར་བྱ། །ཆུ་འཁྱིལ་སོང་སྟེ་ཟླུམས་གྱུར་ན། །དེ་ཡང་མི་ཐུབ་སྤང་བར་བྱ། །སེར་པོ་དག་ཏུ་སོང་བ་ནི། །མཚོ་སྨན་གཉན་དུ་སྡོངས་པ་གནོད། །ཅེས་གསུངས་སོ། །ཁྱུང་ནག་འཁྲོས་བའི་རྒྱུད་ལས། གསང་བའི་རྟག་པ་དབང་པོའི་དངས་མ་ལ་རྟག་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་བདུད་རྩི་འཁྱིལ་པས་གསོལ་པ། ཀྱེ་བཅོམ་ལྡན་འདས་གསང་བའི་བདག་པོ། དེ་ལ་གདོན་གྱིས་ཉེན་གྱུར་ན། །བཟླས་པའི་རིམ་པ་ཇི་ལྟར་བགྱི། །ཞེས་ཞུས་པས། །རྡོ་རྗེ་འཛིན་པས་ཡང་གསུངས་པ། །དེ་ལ་བཟླས་པའི་རིམ་པ་ལ། །སྔ་མའི་རྒྱུད་ལྟར་བསམ་གཏན་བྱ། །སྔགས་ནི་གསང་སྔགས་ཡང་སྙིང་བཟླས། །་་ཙཎྜམ་ཧྭ་རོ་ཥ་ཎ་བཛྲ་ག་རུ་ཌ་ཧུ༷་ཕཊ། དེ་ནི་དང་པོ་དབོག་པར་བྱ། །དེ་ནས་གདོན་སློང་མ་བྱུང་ན། །དྲག་སྔགས་འདི་དག་བཟླས་པར་བྱ། །སྲོག་ཚིག་ནན་རྦད།ལུས་རྡུལ་མྱ་ར་ཡ་ཕཊ། ར༷་རེ་ཛ་ལ་ཛ་ལ་ཤི་ཤི་རྡུལ་ཁུང་རྦད། སྨྱུ་ར་ཡ་སོད། དེ་ལ་ལོག་ནི་བྱུང་བ་དང་། ཁུད་ནི་བར་བ་ནས་འབྱུང་བའི། །ནཱ་ག་ཨསྣེ་བཅུ་བཞི་གདགས། །བར་རུ་རྩོལ་བ་ཆེ་བ་ན། །རྒྱལ་རིགས་ལ་སོགས་ཤམ་བུར་གདེགས། །འབྲུབ་ཁུང་ནང་དུ་ཐུན་བྱའོ། །ཞེས་གསུངས་སོ། །ཁྱུང་ནག་འཁྲེས་པའི་རྒྱུད་ལས། །གསོ་བ་མན་ངག་གི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་བཤད་ཀྱིས་ཉོན། །ས་བདག་ཀླུ་གཉན་གསོ་བ་ལ། །རང་ལ་བསྲུང་བ་བྱ་བ་ནི། །སྔོན་དུ་བདུན་འབུམ་ཉི་ཁྲི་བསྐྱལ། །དེ་ནས་དུག་གསོད་ཁྲི་ཚོ་གསུམ། །བཟླས་ནས་ནད་པའི་དྲུང་ཕྱིན་ན། །ཇི་ལྟར་རྩུབ་ཀྱང་བཟློག་མི་སྲིད། །ཅེ་གསུངས་སོ། །ཁྱུང་ནག་འཁྲོས་པའི་རྒྱུད་ལས། །གོ་ཆའི་མན་ངག་གི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ། བདུད་རྩི་འཁྱིལ་པས་བསྟོད་པ་ནི། །ཧུ༷་བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། །གདུག་པ་མ་ལུས་ཀུན་འདུལ་བ། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ནི། །ཁྱུང་ཆེན་ཉིད་དུ་གནས་པར་འགྱུར། །ཟས་སུ་ས་བདག་ཀླུ་གཉན་ཟ། །གདུག་པ་སེལ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་པར་གྱུར་ཏོ། །ཁྱུང་ནག་འཁྲོས་པའི་རྒྱུད་ལས། །འཁོར་གྱིས་བསྟོད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངའི་རྒྱུད་འདི་ནི་མ་འོངས་པའི་སེམས་ཅན་གྱི་དོན་དུ་བརྣག་ཅིང་བཟུང་བར་བྱའོ། །ཞེས་བཀའ་སྩལ་པ་དང་། འཁོར་རྣམས་ཡི་རངས་པར་གྱུར་ཏོ། །ཁྱུང་ནག་འཁྲོས་བའི་རྒྱུད་ལས། རྒྱུད་ཡོངས་སུ་བཟུང་བའི་ལེའུ་སྟེ་བརྒྱད་པའོ།། །ཁྱུང་ནག་འཁྲོས་པའི་རྒྱུད། རྒྱུད་ཕྱི་མའི་ཕྱི་མ་ཞེས་བྱ་བ་རྫོགས་སོ། །བལ་པོ་བ་སུ་དྷ་ར་ལ་ཡང་ཡང་དུ་ཞུས་པས་གནང་བ་ཡིན། ཕྱི་རབས་པས་གང་ཐོད་ཐོད་ལ་མི་སྤྱིན་པར་གསང་ལ་སྤྱད་པར་བྱའོ། །ས་མ་ཡ། རྒྱ་རྒྱ་རྒྱ།། །།