Ngb-pt-0812-vol-09-text

From Rangjung Yeshe Wiki Texts
Revision as of 11:50, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-800-899/ngb-pt-0812-text.docx.wiki to Ngb-pt-0812-vol-09-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། བཛྲ་ག་རུ་ཌ་ཀ་ལ་ཨ་པར་སོག་ཚིག་མྱུ་ལ་ཨུ་པ་དེ་ཤ་ཏན་ཏྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཁྱུང་ནག་གི་རྒྱུད་ཡང་སྙིང་རྩ་བའི་མན་ངག་ཅེས་བྱ་བ། དཔལ་རྡོ་རྗེ་ག་་པོ་ཆེན་པོ་གཟི་བརྗིད་འབར་བ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ལྕང་ལོ་ཅན་ནས་རྒྱ་མཚོ་ཆེན་པོར་བྱོན་ནས། འཇིག་རྟེན་པ་དང་འདས་པའི་ཚོགས་མང་པོ་དང་ཐབས་གཅིག་ཏུ་བཞུགས་པ་ལས། བྱང་ཆུབ་སེམས་དཔའི་མཆོག་ཁྲོ་བོ་བདུད་རྩི་འཁྱིལ་བས་གསོལ་པ། ཀྱེ་མ་ཧོ་བཅོམ་ལྡན་འདས། འཛམ་བུའི་གླིང་ན་སེམས་ཅན་ཀླུ་གཉན་དང་ས་བདག་གིས་གཙེས་པ་རྣམས་སྐྱབ་ཏུ་གསོལ།ཞེས་གསོལ་པས། །དཔལ་རྡོ་རྗེ་ག་་པོས་ཀླུ་གཉན་འདུལ་བའི་ཏིང་ངེ་འཛིན་དུ་གནས་ཏེ། ཨོ་ཙཎྜམ་ཧྭ་རོ་ཥ་ཎ་བཛྲ་ག་ཏུ་ཌ་ཧུ༷་ཕཊ། ཅེས་བཀའ་སྩལ་པ་དང་། ཀླུ་ཐམས་ཅད་བརྒྱལ་ཏེ་གདུག་པ་ཞི་བར་གྱུར་ཏོ། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཁྲོ་བོ་བདུད་རྩི་འཁྱིལ་པས་གསོལ་པ། ཀྱེ་མ་བཅོམ་ལྡན་འདས། རྡོ་རྗེ་ག་་པོ་དང་ཁྱུང་གི་རྩ་བའི་རྒྱུད་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་དཔལ་རྡོ་རྗེ་འཛིན་པས་བཀའ་སྩལ་པ། རྡོ་རྗེ་གཏུམ་པོ་ཁྱུང་དང་བཅས། །ངོ་བོ་གཅིག་ལ་ཐ་དད་ཚུལ། །སྒྲུབ་པར་འདོད་པའི་རྣལ་འབྱོར་པས། །ཡིད་དང་མཐུན་པའི་ཡོ་བྱད་བསགས། །ཁྱུང་གི་མཎྜལ་བྲི་བ་ནི། ཁུ་གསུམ་སུམ་བརྩེགས་དཀྱིལ་འཁོར་ལ། །འཕྲིན་ལས་བཞི་ཡི་འབྲུབ་ཁུང་བྱ། །བདག་ཉིང་ཧུ༷་ལས་གཏུམ་པོར་བསྐྱེད། །ཕྱི་ནང་གསང་བའི་མཆོད་རྫས་བསགས། །བདག་གི་ཐུགས་ཁའི་ཧུ༷་ལས་ནི། །བླ་མ་གཏུམ་པོ་རབ་སྤྲུལ་ལ། །བསོད་ནམས་བསགས་ཏེ་སྟོང་ཉིད་ལ། །རྡོ་རྗེ་གཏུམ་པོའི་ཐུགས་ཁ་སྲ །སྤྲུལ་པའི་ཁྱུང་ནག་བསྐྱེད་པ་ནི། །ཆུ་དང་ཆུ་ཟླའི་ཚུལ་དུ་ནི། །བསྒོམས་ནས་སྤྱན་དྲངས་བྱིན་བརླབས་དང་། །དབང་བསྐུར་མཆོད་གནས་གསང་སྔགས་བཟླས། །སྲོག་ཚིག་གནན། ལུས་རྟུལ་ནཱ་ག་མྱ་ར་ཡ་ཕཊ། ར༷་ར༷་ཛ་ལ་ཛ་ལ། ཤི་ཤི། རྡུལ་ཕུང་། ནཱ་ག་མུ་ར་ཡ་རྦད་སོད། །ཨསྣེ་ནཱ་ག་ར༷་ར༷་ཛ་ལ་ཛ་ལ་མུ་ཏྲ་ཡ་ཕཊ།ནཱ་ག་ཤསྟི༷་ཀུ་རུ་སྲུ་ཧྭ། ནཱ་ག་ཚུརྨྱེ༷་ཀུ་རུ་གྲྭ་ཧྭ། ནཱ་ག་ཝ་ཤ༷་ཀུ་རུ་གྲྭ་ཧྭ། ནཱ་ག་བཱ་ར་ཡ་ཕཊ། ཧུ༷་ཧུ༷་ཕཊ་ཕཊ་བཱ་རྭ་ཡ། སྤྲོ་ཊ་ཡ་སྤྲོ་ཊ་ཡ་ཕཊ་ཕཊ། ཅེས་གསུངས་སོ། །སྒྲུབ་པའི་ཐབས་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་གཞན་ཡང་བཀའ་སྩལ་པ། །དང་པོ་རྩ་སྔགས་གྲུབ་པ་དང་། །ལིང་ག་བཅས་ལ་ཐུན་གྱིས་བྲབ། །དེ་ནས་གནོད་བྱེད་ཐམས་ཅད་ལ། །ལས་ཀྱི་མཐའ་བརྟུལ་སྦྱིན་སྲེག་བྱེད། །ཐབ་ཁུང་གྲུ་གསུམ་ནང་དུ་ནི། །ཚེར་མ་ཅན་གྱི་ཤིང་རྩིགས་ལ། ཁྲན་པའི་མེ་སྦར་ལྷ་སྐྱེད་ལ། །ཨསྣེ་ཛ་ལ་བཅུ་བཞི་པས། །བཀུག་ལ་གཏུབས་ཏེ་བསྲེག་པར་བྱ། །དེ་ནསལིངབཞིནཐལབལ། །ལིང་ག་བྱས་པ་གདུག་པར་མནན། །སྲེག་རྫས་དུག་དང་ཏིལ་སོགས་སྲེག །དེ་ཡིས་གདུག་པ་བརླག་པར་འགྱུར། །ཞེས་གསུངས་སོ། །མཐའ་བརྟུལ་གྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་གཞན་ཡང་བཀའ་སྩལ་པ། །བཟླས་པ་མི་ནུས་གང་ཟག་ལ། །རྣལ་འབྱོར་བསྙེན་པ་རྫོགས་པ་ཡིས། །རྡོ་རྗེ་བྱབ་པའི་ཏིང་འཛིན་བྱ། །གླ་རྩི་དག་ལ་བཟླས་ལ་བཏང་། །ཁོང་ནས་ཕྱི་རུ་འདོན་པར་བྱེད། །བདུད་རྩི་ཀ་བླ་ལ་བསྔགས་ཏེ། །མན་ངག་བཞིན་དུ་སྦྱར་ལ་བཏང་། །དེ་ལྟར་བྱས་ན་ངེས་པར་གྲོལ། །བསམ་གཏན་ཡེ་ཤེས་འཁོར་ལོ་བསམ། །ཞེས་གསུངས་སོ། །ལོག་གནོན་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་གཞན་ཡང་བཀའ་སྩལ་པ། །ཡུལ་ན་ཀླུ་དང་གཉན་གནས་པ་ལ། དང་པོ་ཞི་བས་བདེན་པ་བདར། །གཏོར་མ་བྱིན་ལ་མཛའ་གདུམས་བྱ། །ནོར་རྫས་བླང་ཞིང་གཏའ་རུ་བཟུང་། །དེ་ཡིས་རྣལ་འབྱོར་བཀའ་ཉན་འགྱུར། །གཞན་དུ་ཀླུ་གཉན་གནོད་པ་ལ། །དང་པོ་ཞི་བས་དགྲོལ་བར་བྱ། །དེ་ནས་ཞི་བའི་བཟླས་པ་བྱ། །གཞན་ཡང་བདེན་པ་མ་མཐོང་ཀླུ། །གདོལ་པ་ལ་སོགས་གདུག་པ་ཅན། །བདེན་པ་མི་ཉན་དྲག་པོའི་ལས་ལ་འཇུག །དྲག་པོའི་སྦྱིན་སྲེག་དུས་ཉིད་དུ། །བདེན་པས་ཉེས་མེད་དགྲར་མི་བླང་། །བདག་ཉིད་དུས་རྣམས་ཐམས་ཅད་དུ། །ལྷ་དང་ཐ་དད་མེད་པར་བྱ། །ཞེས་བཀའ་སྩལ་པ་དང་། ཁྲོ་བོ་བདུད་རྩི་འཁྱིལ་པས་གསོལ་པ། ཨེ་མ་བཅོམ་ལྡན་འདས་རྒྱུད་འདི་བདག་གིས་ཇི་ལྟར་གཟུང་བར་བགྱི། །ཞེས་གསོལ་པས། རྒྱུད་འདི་ནི་མན་ངག་རྩ་བའི་རྒྱུད་ཅེས་བྱ་བར་ཟུང་ཞིག །ཅེས་བཀའ་སྩལ་པ་དང་། །བདུད་རྩི་འཁྱིལ་པ་ལ་སོགས་པ་རྣམས་ཡི་རང་བར་གྱུར་ཏོ། །ལས་སྦྱོར་གྱི་མན་ངག་དང་གཟུང་བའི་ལེའུ་སྟེ་ལྔ་པའོ།། །།ཁྱུང་ནག་སྲོག་ཚིག་རྩ་བའི་རྒྱུད་ཀྱི་མན་ངག་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བ་སུ་དྷ་ར་དང་། རྡོ་རྗེ་ཡང་དབང་གཏེར་གྱིས་བསྒྱུར་བའོ། །སྤྱི་ཕྱག་རྡོར་དང་ཁྱུང་ལ་སྤྱི་རྒྱུད་རྒྱ་པོ་ཐམས་ཅད་ལ་འབྱམ། མན་ངག་རྒྱུད་གསུམ་ལ། སྲོག་ཚིག་རྩ་བའི་མན་ངག་རྒྱུད་དང་། ཕྱག་ན་རྡོ་རྗེ་ཁྱུང་ནག་སྤྲུལ་པའི་རྒྱུད་དང་། གསང་བ་ཐུགས་ཀྱི་རྒྱུད་གསུམ་ནི། རྡོ་རྗེ་ཡང་དབང་གཏེར་གྱི་ཐུགས་དམ་མོ། །གསང་བ་དམ་ཚིག་ནི་འདིར་མ་གཏོགས། ག་རུ་ཌ་ཙ་ལེའི་རྒྱུད་པ་ཡིན་ནོ། །རྒྱ་རྒྱ་རྒྱ།། །། རྒྱ་གར་སྐད་དུ། བཛྲ་བཱ་ཁི་ག་