Ngb-pt-0805-vol-09-text

From Rangjung Yeshe Wiki Texts
Revision as of 11:50, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-800-899/ngb-pt-0805-text.docx.wiki to Ngb-pt-0805-vol-09-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front[edit]

Body[edit]

རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བ་སུ་དྷ་ར་དང་། ལོ་ཙ་བ་བུརྙ་རད་ནས་གཏན་ལ་ཕབ་བའ།། །། རྒྱ་གར་སྐད་དུ། བཛྲ་བཱ་ཁི་ཀརྨ་ས་མུ་ཏྲ་ཏནྟྲ་ནཱ་མ།།བོད་སྐད་དུ། ཕྱག་ན་རྡོ་རྗེ་ལས་རྒྱ་མཚོའི་རྒྱུད་ཅེས་བྱ་བ། མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དེ། རྡོ་རྗེ་གདན་གྱི་ལྷོ་ཕྱོགས་གྱད་ཀྱི་ཤིང་ས་ལ་ཟུང་གཅིག་གི་ཚལ་ཤིང་། ཨ་མྲ་དང་། ཉོ་ཏི་དང་། ཁམ་བུ་དང་། ཀུ་ཤ་དང་། སྟར་ཀ་དང་། གཞན་ཡང་འབྲས་བུ་ཅན་གྱི་ཤིང་སྣ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པའི་ཤིང་ལ་སོགས་པ། སྨན་གྱི་ཤིང་སྣ་ཚོགས་པ་དང་། ཙན་དན་ལ་སོགས་ཏེ་དྲི་ཞིམ་པོ་སྣ་ཚོགས་པ་དང་། གཞན་ཡང་ཤིང་རྣམ་པ་སྣ་ཚོགས་གནས་སོ། ཁེང་དེ་དག་ལ་ཡང་བྱའི་ཚོགས་རྨ་བྱ་དང་།ནེ་ཚོ་དང་། ཁྲུང་ཁྲུང་དང་། ཤང་ཤང་དང་། དེ་ལ་སོགས་པ་བྱ་སྣ་ཚོགས་པ་གནས་སོ། །བྱ་དེ་དག་ཀྱང་སྒྲ་སྐད་སྙནཔོསྣཚོགསཔབྱིནནོ། །དེ་དང་ཉེ་བའི་ཕྱོགས་ལལནམེཏོགརྣམཔསྣཚོགསགནསསོ། །ས་ཕྱོགས་ལ་ལ་ན་སྨན་སྣ་ཚོགས་པ་གནས་སོ། །ས་ཕྱོགས་ལ་ལ་ན་རི་དྭགས་སྣ་ཚོགས་གནས་སོ། །ཆུ་གཙང་མ་ལ་སོགས་པ་འབབ་བོ། །ས་གནས་ཤིན་ཏུ་བསིལ་བ་དང་། རབ་ཏུ་ཉམས་དགའ་བ་བྱིན་ཆེ་བའི་གནས་དེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ། འཁོར་རྣམས་ཀྱི་བསམ་པ་ཡོངས་སུ་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་པ་སྙོམས་པར་ཞུགས་སོ། །དེའི་ཚེ་འཁོར་རྣམས་ཀྱི་ནང་ནས། ལྷའི་སྡེ་ཆེན་པོ་ཚོགས་ཀྱི་བདག་པོ་འདོད་པ་དབང་ཕྱུག་སྲིད་པ་གསུམ་ལ་དབང་སྒྱུར་བ། དཔལ་མགོན་པོ་ནག་པོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གསང་བའི་བདག་པོ་ལ་ལན་གསུམ་བསྐོར་བྱས་ཏེ། ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་མདུན་དུ་སྡོད་དོ། །དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོ་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། མཁྱེན་བཞིན་དུ་བཀའ་སྩལ་པ། དཔལ་ལྡན་མགོན་པོ་ནག་པོ་ཁྱོད། །བསྐོར་བ་བྱས་ནས་ཕྱག་བཙལ་ཏེ། ང་ཡི་མདུན་དུ་ཁྱོད་འཁོད་པ། །གང་དང་གང་གི་དོན་དུ་འདུད། །ཅེས་གསུངས་སོ། །དེ་ནས་དཔལ་ལྡན་མགོན་པོ་ནག་པོ་ཤིན་ཏུ་ཡིད་དགའ་བར་སྤྲོ་བའི་ཚུལ་གྱིས་འདུད་དེ། པུས་མོ་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས། །གསང་བའི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་གསང་བའི་བདག་པོ། སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང་། སྐྱོང་བ་དང་། འཛིན་པ་དང་། སྤེལ་བ་དང་།དཀར་པོའི་ཕྱོགས་ལ་དགའ་བ་ལ་གསང་བདག་ཉིད་ཀྱིས་ཕན་པ་ཇི་ལྟར་བསྒྲུབ། སངས་རྒྱས་ཀྱི་བསྟན་པ་བཤིག་པ་དང་། དཀོན་མཆོག་དབུ་འཕང་སྨོད་པ་དང་། ནག་པོའི་ཕྱོགས་ལ་དགའ་བ་ལ་དེ་ལ་གནོད་པ་ཇི་ལྟར་བསྐྱལ། འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས་ནས། མྱ་ངན་ལས་འདས་པའི་བདེ་བ་འདོད་པ་རྣམས་ཀྱིས་ཐབས་གང་དང་གང་ལ་བརྟེན་པར་བགྱི། ཞེས་གསོལ་པ་དང་། གསང་བའི་བདག་པོས་བཀའ་སྩལ་པ། མཧྭ་ཀྭ་ལ་དེ་ལེགས་སོ། །དཀར་པོའི་ཕྱོགས་ལ་ཕན་པ་འདོད་པ་དང་། ནག་པོའི་ཕྱོགས་རླག་པར་འདོད་པ་དང་། འཁོར་བ་སྤངས་ནས་མྱ་ངན་ལས་འདས་པར་འདོད་པ་རྣམས། ཁྱོད་ཀྱིས་ང་ལ་འདོད་ཞིབ་ཏུ་དྲིས་པ་སྟེ། ངས་ཀྱང་ཁྱོད་ལ་ལེགས་པར་བསྟན་པར་བྱའོ་ཞེས་གསུངས་སོ། །དེ་ནས་མགོན་པོ་ནག་པོ་ཤིན་ཏུ་གློ་བ་ཆེས་དགའ་ནས། ག་པུར་དང་། ཙན་དན་དང་། ཨ་ཀ་རུ་དང་། དུ་རུ་ཀ་དང་།གཞན་ཡང་སྤོས་རྣམ་པ་སྣ་ཚོགས་པ་དང་། པདྨ་དང་། པདྨ་དཀར་པོ་དང་། ཨུ་ཏ་པ་ལ་དང་། མདོག་མཛེས་པ་དང་། ཙམ་པ་ཀ་ལ་སོགས་པ་དང་། གཞན་ཡང་མེ་ཏོག་རྣམ་པ་སྣ་ཚོགས་པ་དང་། འབྲུ་མར་དང་།ཏིལ་མར་དང་། མར་གྱི་མར་མེ་དང་། མར་མེ་ཆེན་པོ་ལ་སོགས་པ་མར་མེ་རྣམ་པ་སྣ་ཚོགས་པ་དང་། བསིལ་བྱེད་ཀྱི་ཆུ་དང་། བདག་བྱེད་ཀྱི་ཆུ་དང་། །སྣུབ་བྱེད་ཀྱི་ཆུ་ལ་སོགས་པ་ཡོན་ཆབ་དང་། ཁྲུས་ཆབ་དང་།བྱུག་པ་རྣམ་པ་སྣ་ཚོགས་པ་དང་། བཟའ་བ་དང་། བཏུང་བ་དང་། བཅའ་བ་དང་། མུར་པ་དང་། འཇིབ་པ་དང་། །ལྡག་པ་དང་། འབྲད་པ་ལ་སོགས་པ་ཞལ་ཟས་ཀྱི་བྱེ་བྲག་རྣམ་པ་སྣ་ཚོགས་པ་དང་། དུང་དང་། ཆ་ལང་དང་། པི་ཝང་དང་། རྔ་དང་། འཁར་རྔ་དང་། རྫ་རྔ་དང་། ཅང་ཏེའུ་དང་། ཕེག་རྡོབ་དང་། དགུ་པོ་རྒྱུད་མངས་ལ་སོགས་པ། འབུད་པ་དང་། བརྡུང་བ་དང་། དཀྲོལ་བ་དང་། སྦྲེང་བ་དང་། སྒྲའི་བྱེ་བྲག་རྣམ་པ་སྣ་ཚོགས་པ་དང་། བླ་རི་ལ་སོགས་རྒྱལ་མཚན་དང་། ན་བཟའ་དང་། གདུགས་དང་། བ་དན་ལ་སོགས་པ་རྒྱན་གྱི་རྣམ་པ་སྣ་ཚོགས་པ་དང་། རིན་པོ་ཆེ་སྣ་ཚོགས་བདུན་དང་། བཀྲ་ཤིས་ཀྱི་རྫས་ལ་སོགས་པ་མཆོད་པའི་བྱེ་བྲག་དཔག་ཏུ་མེད་པ་རྣམས་ཀྱིས་ཆོས་ཞུ་བའི་དོན་དུ་གསང་བའི་བདག་པོ་ལ་གུས་པ་དང་བཅས་པས་མཆོད་དོ། ། འདུད་དོ། །ཕྱག་ན་རྡོ་རྗེ་ལས་རྒྱ་མཚོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་མགོན་པོ་ནག་པོས་གསོལ་པ། ཀྱེ་ཧོ་གསང་བདག་རྡོ་རྗེ་བསྣམས། །དཔའ་བོ་ཁྱོད་ཉིད་སྒྲུབ་དོན་དུ། །སྒྲུབ་པའི་གོ་རིམས་རིམ་པ་བཞིན། །བདག་ལ་ལེགས་པར་བཤད་པར་ཞུ། །ཞེས་གསོལ་ཏོ། །གསང་བའི་བདག་པོས་བཀའ་སྩལ་པ། །མཧྭ་ཀྭ་ལ་ཁྱོད་ཉོན་ཅིག །ཁྱོད་ཀྱིས་དྲིས་པའི་དོན་དེ་དག །ང་ཡིས་ཁྱོད་ལ་ལེགས་པར་བསྟན། །དམཚིགསྡོམཔརརབ་ལྡན་པའི། །དད་པ་དང་ལྡན་སྐྱེས་བུ་ཡིས། །གཟའ་སྐར་ཚེས་གྲངས་བཟང་པོ་ལ། ། བྱིན་ཆེ་བཀྲ་ཤིས་ཉམས་དགའ་བའི། །དབེན་ཞིང་ཡིད་འོང་གནས་དག་ཏུ། །མདོ་ཀློག་སྐུ་གདུང་གདབ་པ་དང་། །བདེན་བདར་ས་བསླང་མཆོད་རྫས་བཏང་། །བསོད་ནམས་ཚོགས་ནི་ཅི་ནུས་བསག །མཎྜལ་ལེགས་བརྩིགས་པ་ཡིས་བྱུག །དྲི་ཞིམ་ཆུས་བླུག་མེ་ཏོག་བཀྲམ། །གཙང་མའི་རས་ལ་འདོད་ལྷའི་གཟུགས། །ལེགས་བྲིས་རབ་གནས་བྱས་ལ་དགོད། །ཁྲུས་བྱས་མཆོད་པའི་རྫས་རྣམས་བཤམ། །སྐད་ཅིག་ལྷ་རུ་མོས་བྱས་ཏེ། །ཐུགས་ཀའི་ས་བོན་འོད་ཟེར་གྱིས། །དཀོན་མཆོག་བླ་མ་ཡི་དམ་ལྷ། །སྤྱན་དྲངས་མདུན་གྱི་མཁའ་ལ་བསམ། ། ཕྱག་བྱ་མཆོད་དེ་བཤགས་པར་བྱ། །ཡི་རང་བསྐུལ་ཞིང་གསོལ་བ་བཏབ། །ལུས་དབུལ་སྐྱབས་འགྲོ་བྱང་ཆུབ་བསྔོ། །སྐད་ཅིག་ཉིད་ལ་ཁྲོ་བོར་བསྐྱེད། །བགེགས་ལ་བཀའ་བསྒོ་བསྐྲད་སྔགས་བཟླས། །ཧུ༷་དང་གསང་སྔགས་དྲག་ཏུ་བཟླས། །རྡོ་རྗེ་གུར་དང་ར་བར་བསམ། །ཁྲོ་བོ་དཔག་མེད་སྐྱེད་བྱས་ལ། །གནོད་སྤྱིན་འདུལ་དཀའ་ཐུབ་པར་བསམ། ། མཚོན་ཆའི་ས་བོན་སྔགས་བཅས་སྤྲོས། །གནོད་སྦྱིན་ཚར་གཅད་རླག་པར་དམིགས། །མཆོད་པའི་རྫས་རྣམས་བྱིན་བརླབས་བྱ། །དངོས་རྣམས་སྣ་ཚོགས་དཔག་མེད་དེ། །སྒྱུ་མ་གཟུགས་བརྙནབཞིནདུབསམ། །ཧུ༷་ལས་རྡོ་རྗེ་གསང་བདག་སྐུ། །སྐུ་མདོག་ལྗངསྔོནཞལགཅིགཔ། །ཕྱགགཉིས་རྡོ་རྗེ་དྲེལ་བུ་བསྣམས། །ཞབས་གཉིས་ཕྱེད་སྐྱིལ་སེམས་དཔའི་ཚུལ། ཁྲུ་ཚད་ཉི་ཤུ་གཅིག་དང་ལྡན། །རྒྱན་རྣམས་ཀུན་གྱིས་མཛེས་པར་སྤྲས། །དེ་འདྲའི་མགོན་པོ་གསལ་བྱས་ལ། །མཆོད་བྱས་བསྟོད་བཤགས་དངོས་གྲུབ་བླང་། །འཕྲིན་ལས་བཅོལ་ཞིང་སྨོན་ལམ་གདབ། །མཆོད་པ་གཏོར་མ་དུས་དྲུག་དབུལ། །བཟླས་པ་སུམ་འབུམ་ཚད་དུ་བྱ། །ཡང་ན་འབུམ་ཕྲག་བཅུ་དང་གསུམ། །ཟླ་དྲུག་མཚན་རྟགས་མ་བྱུང་བར། །བྱང་ཆུབ་འདོད་པས་རྒྱུན་དུ་ཡང་། །བརྩོན་འགྲུས་དྲག་པོས་འབད་པར་བྱའོ། །རིམ་པར་བསྡུས་ཏེ་སྟོང་ཉིད་གསལ། །སྐུལ་བསྐྱེད་རྟག་ཏུ་དེ་ཉིད་བསམ། །སྤྲོ་བའི་དོན་དུ་དེ་ཉིད་གསལ། །ཅིར་ཡང་བསམ་མེད་ངོས་གཟུང་བྲལ། །བློ་གཏད་མེད་པར་གསལ་བར་ཤར། ། གནས་གསུམ་སྟེང་ནས་ཧུ༷་འོད་འབར། །ཨེ་ཡ༷་ཁ༷་ས༷་དྲུ༷་ཡིག་ལས། །ས་གཞི་རྒྱ་མཚོ་རི་རབ་སྟེང་། །རིན་ཆེན་གཞལ་ཡང་མཛེས་པར་གསལ། །དེ་དབུས་ཧུ༷་གི་འཕྲོ་འདུ་ལས། །རྡོ་རྗེ་ཧུ༷་ལས་གསང་བདག་སྐུ། །ཉི་ཟླའི་སྟེང་ན་འོད་དུ་འབར། །ཨོ་ཨ་ཧུ༷་གི་འཕྲོ་འདུ་ལས། །ཧུ༷་ཨོ་གྲྭ་ཧྭས་དབང་བསྐུར། །ཧུ༷་གི་འཕྲོ་འདུས་བསྲུང་པར་བྱ། །ལྷ་བསྟིམ་ཆེ་བའི་ང་རྒྱལ་བསྐྱེད། །ཐུགས་ལ་ཡེ་ཤེས་སེམས་དཔའ་གསལ། ཁྲར་ལྷོ་ནུབ་བྱང་ཕྱོགས་བཞི་ནས། །ཧུ༷་ཏྲ་ཧྲི་ཨ་རྣམ་བཞི་ལས། །སྒེ་མོ་འཕྲེང་དང་གླུ་གར་གསལ། །མཚམས་བཞིར་ཧུ༷་ཏྲ༷་ཧྲི་ཧོ་ལས། ། བདུགསྤོསམེཏོགམརམེ་མ། །དྲི་ཆབ་མ་ལ་སོགས་པ་གསལ། །སྒོ་བཞིར་ཛ་ཧུ༷་བ༷་ཧོ་ལས། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །དྲིལ་བུ་མ་ལ་སོགས་པ་གསལ། །དེ་ཀུན་དཀར་སེ་དམར་དང་ལྗང་། །སྔོ་སེར་དམར་སྐྱ་ལྗང་ཁུའོ། །སྒོ་བ་རིགས་ལས་ཤེས་པར་བྱའོ། །ཕྱག་ན་མེ་ལོང་འཕྲེང་བ་དང་། །པི་ཝང་ཕྱག་གཉིས་གར་སྒྱུར་བྱེད། །སྤོས་ཕོར་དང་ནི་མེ་ཏོག་འཕྲེང་། །མར་མེ་དྲི་ཡི་དུང་ཕོར་བསྣམས། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། ། དྲིལ་བུ་ཐོ་བས་གསལ་བར་བྱ། །བྱིན་བརླབས་དབང་ཡང་བསྐུར་བར་བྱ། །སྤྱན་དྲངས་བསྟིམ་ཞིང་མཆོད་པ་བྱ། །བཟླས་པ་བསྟོད་བཤགས་དངོས་གྲུབ་བླང་། །འཕྲིན་ལས་བཅོལ་ཞིང་སྨོན་ལམ་གདབ། །སེམས་ཅན་ཀུན་དོན་དགེ་བ་སྔོ། །སྤྱན་དྲངས་གཤེགས་ལ་བསྐྱེད་པ་བསྡུ། །སྟོང་པའི་ཏིང་འཛིན་གསལ་བར་བྱ། །སྐད་ཅིག་མོས་པས་སྐུ་རྫོགས་བྱ། ། བྱིན་བརླབས་དབང་བསྐུར་ལུས་བསྲུང་བྱ། །སྤྱོད་ལམ་ཀུན་ཏུ་དེ་ལ་གནས། །འགྲོ་ལྡོག་ཅི་ཙུག་ཇི་ལྟར་ཡང་། །ཡི་དམ་ལྷ་དང་འབྲལ་མི་བྱ། །ཡི་དམ་ལྷ་ལ་རྟག་གནས་ན། །ས་དང་གསེར་དུ་གནས་པ་བཞིན། །སྐྱོན་དང་ཡོན་ཏན་འདྲེས་གནས་པ། །སྐྱོན་གསལ་ཡོན་ཏན་རྒྱས་ཤིང་འཕེལ། །ཞེས་གསུངས་སོ། །ལས་རྒྱ་མཚོའི་རྒྱུད་ལས། ཞི་བ་སྒྲུབ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་མགོན་པོ་ནག་པོས་གསོལ་བ། ཀྱེ་ཧོ་གསང་བདག་རྡོ་རྗེ་བསྣམས། །སེམས་ཅན་བསམ་པ་ཐ་དད་པས། །ཞི་བས་མི་འདུལ་ཁྲོས་པ་ལ། །ཁྲོ་བོའི་བསྒྲུབ་པ་བསྟན་པར་ཞུ། །གསང་བའི་བདག་པོས་བཀའ་སྩལ་པ། །མཧྭ་ཀ་ལ་ཁྱོད་ཉོན་ཅིག །ཁྲོ་རྒྱལ་ག་་པོའི་སྒྲུབ་པ་ཞིག །ང་ཡིས་ཁྱོད་ལ་ལེགས་པར་བསྟན། །སྐལ་ལྡན་དཔའ་བོ་སྐྱེས་བུ་ཡིས། །དུས་དང་གནས་དང་བསོད་ནམས་ཚོགས། །མཎྜལ་མཆོད་བཤམ་ཚོགས་བསག་དང་། །མཚམས་གཅད་དམིགས་རྟེན་དགོས་པ་དང་། །མཆོད་སོགས་བྱིན་བརླབས་ཤེས་པར་བྱ། །དངོས་པོ་སྣ་ཚོགས་སེམས་སུ་ཞི། །ཅིར་ཡང་སྨྲ་མེད་བློ་གཏད་བྲལ། །རྣམ་དག་བདེ་ཆེན་ཉིད་དུ་གསལ། །རང་ཉིད་མཐིང་ཁ་འོད་དུ་འབར། །འཕྲོ་འདུ་རྡོ་རྗེ་བརྟུལ་ཞུགས་ཅན། །སྐུ་ནི་སྔོན་པོ་སྔོན་པོ་ཆེ། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བགྲད། ། ཕྱག་གཡས་རྡོ་རྗེ་ཆེན་པོ་འཕྱར། །གཡོན་པ་སྡིགས་པའི་མཛུབ་མོ་བཅས། །གྱེན་དུ་སྐྲ་བརྗེས་སྦྲུལ་གྱིས་བརྒྱན། །སྤྱན་གསུམ་རྩ་དམར་སྡང་མིག་གཟིགས། ཁྲང་ནི་གནག་ཅིང་འབུར་ཡང་ཆེ། །ཞལ་གདངས་ཚེམས་གཉིས་མཆེ་བ་གཙིགས། །སྨིན་མ་ཨག་ཙོམ་འབུར་བས་བརྒྱན། །ཁྲོས་པའི་གཉེར་མ་བརྩེགས་མར་གནས། །སྟག་ལྤགས་འགོང་གི་ཤམ་ཐབས་ཅན། །ཉི་ཟླ་པདྨའི་གདན་ལ་འགྱིང་། །ཡེ་ཤེས་མེ་འབར་དཀྱིལ་ན་བཞུགས། ། རིམས་བསྐྱེད་གཞལ་ཡས་དབུས་ན་བརྗིད། །བྱིན་བརླབས་དབང་བསྐུར་ལུས་བསྲུང་དང་། །ལྷ་བསྟིམ་ཆེ་བའི་ང་རྒྱལ་བསྐྱེད། །བསྐྱེད་པ་སྤྱན་དྲངས་མཆོད་པ་བྱ། །གསལ་བ་གསུམ་དང་ལྡན་པ་ཡིས། །བཟྭས་པ་རྟག་ཏུ་འབད་པར་བྱ། །འཕྲིན་ལས་བཅོལ་ཞིང་སྨོན་ལམ་གདབ། །དགེ་རྩ་བསྔོས་ལ་བསྐྱེད་པ་བསྡུ། །དམིགས་མེད་ཆགས་དང་བྲལ་ལ་གནས། ། རྫུས་ནས་བསྐྱེད་ཚུལ་ལྷར་བསྐྱེད་དེ། །བྱིན་བརླབ་ས་དབང་བསྐུར་ལུས་བསྲུང་བསྟིམ། ། ནམ་ཡང་དེ་དང་འབྲལ་མི་བྱ། །བསྲེག་སྦྱངས་སྔག་ཀྱིས་གཟུང་འཛིན་བྲལ། །གཡོ་མེད་སང་ངེ་ས་ལེར་གསལ། །ཉི་ཟླ་པད་སྟེངས་ཧུ༷་འོད་འབར། །འཕྲོ་འདུས་རྡོ་རྗེ་ག་་པོའི་སྐུ། །མཐིང་ནག་དྲག་པོ་འཇིགས་འཇིགས་འདྲ། །ཕྱག་གཡས་རྡོ་རྗེ་འབར་བ་འཕྱར། །ཕྱག་གཡོན་སྡིགས་མཛུབ་དྲིལ་བུ་བཅས། །སྦྲུལ་དང་སྟག་ལྤགས་ཐོད་པས་བརྒྱན། །རིམ་བརྩེགས་གཞལ་ཡས་ནང་ན་འགྱིང་། །གཡོན་དུ་ཧུ༷་གི་འཕྲོ་འདུ་ལས། །རྡོ་རྗེ་ག་་མོ་བརྗིད་བག་ཅན། །སྐུ་མདོག་མཐིང་ནག་འོད་དུ་འབར། །གཡས་པ་དྲིལ་བུ་ཡབ་ལ་འཁྱུད། །ཕྱག་གཡོན་དུང་དམར་གཙོ་ལ་སྟོབས། །འཇིགས་པའི་རྒྱན་ཆ་ཀུན་གྱིས་བརྒྱན། །བྱིན་བརླབས་དབང་བསྐུར་ལྡན་པར་བྱ། །སྤྱན་དྲངས་མཆོད་དབུལ་གཉིས་མེད་བསྟིམ། །འཁོར་ལོའི་ཚུལ་དུ་བཟླས་པ་བྱ། །བསྟོད་བཤགས་དངོས་གྲུབ་གསོལ་བ་གདབ། །འཕྲིན་ལས་སྨོན་ལམ་དགེ་རྩ་བསྔོ། །གཤེགས་དང་བསྡུ་བའི་དོན་ཤེས་བྱ། །རྟོག་མེད་ཅིར་ཡང་གནས་མི་བྱ། །དྲན་པ་ཙམ་གྱིས་ལྷ་མཆོག་བསྐྱེད། །བྱིན་བརླབས་ལུས་བསྲུང་དབང་བསྐུར་བྱ། །ལྷ་བསྟིམ་ཆེ་བའི་ང་རྒྱལ་བསྐྱེད། །མགོ་དང་ལུས་པོ་བྲལ་གྱུར་ཀྱང་། །ཡི་དམ་ལྷ་དག་འབྲལ་མི་བྱ། །རྨོངས་པ་གང་དག་ཡི་དམ་བྲལ། །ཉེས་མང་ལེགས་པ་འབྱུང་མི་སྲིད། །ཡིད་བཞིན་ནོར་བུ་སུས་རྙེད་པ། །དབུལ་འཕོངས་སྐྱོན་བྲལ་ལོངས་སྤྱོད་རྒྱས། །རྟག་ཏུ་ཡི་དམ་སུས་བསྒོམ་པ། །ཉོན་མོངས་སྐྱོན་སང་བདེ་ལེགས་རྒྱུས། །ཞེས་གསུངས་སོ། །ལས་རྒྱ་མཚོའི་རྒྱུད་ལས། ཁྲོ་བོ་བསྒྲུབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་མགོན་པོ་ནག་པོས་གསོལ་བ། ཀྱེ་ཧོ་གསང་བདག་རྡོ་རྗེ་བསྣམས། །མཆོད་པའི་བྱིན་བརླབས་རིམ་པ་བཞིན། །བདག་ལ་ལེགས་པར་བསྟན་པར་བྱ། །གསང་བའི་བདག་པོས་བཀའ་སྩལ་པ། །མ་ཧྭ་ཀ་ལ་ཁྱོད་ཉོན་ཅིག །མཆོད་པའི་བྱིན་བརླབས་རིམ་པ་བཞིན། །ང་ཡིས་ཁྱོད་ལ་ལེགས་པར་བཤད། །ལས་ཀྱི་དྲི་ཆབ་ནང་དག་ཏུ། །ཟླ་དཀྱིལ་ཨ་ཡི་འཕྲོ་འདུ་ལས། །སྦྱང་ཞིང་བྱིན་བསྡུས་འོད་དུ་ཞུ། །ཉེས་པ་ཀུན་དག་བདུད་རྩི་འཁྱིལ། །ཨོ་སརྦ་དྷརྨ་སུ་བྷ་བ་བི་ཤུད་རྙོ྅ཧ༷། ཡོན་ཆབ་ནང་དུ་རྡོ་རྗེ་འབར། །བ༷་གྱི་འཕྲོ་འདུས་བདུད་རྩི་ཕབ། །ཀུན་ཀྱང་འོད་དུ་རྒྱ་མཚོར་འཁྱིལ། །སྔགས་བཟླས་ཡེ་ཤེས་བདུད་རྩིར་འབར། །ཨོ་པྲ་ཝ་ར་སད་ཀ་ར་ཧུ༷། མེ་ཏོག་ལ་སོགས་རང་སྔགས་ཀྱིས། །མཆོད་རྫས་ལྷ་མོའིརངབཞིནཅན། །མཉེན་ལྕུག་འཁྲིལ་ལྡེམ་མཛེས་ཚུལ་ཅན། །ཕྱག་གཡས་རང་རྟགས་གཡོན་དཀུར་བརྟེན། །འགྱིང་བརྗིད་བདེ་གཤེགས་མཉེས་མཛད་མའོ། །ཨོ་བཛྲ་ནེ་བི་ཏེ་ཧུ༷། །བཤོས་གཙང་ལྷ་མོའི་རང་བཞིན་ཅན། །བདུད་རྩི་ཞལ་ཟས་སྣ་ཚོགས་ཐོགས། །བདེ་གཤེགས་རྒྱལ་བ་བརྙེས་མཛད་པ། །རྒྱ་ཆེ་བ་ཟབ་ཐེག་མཆོག་ལ། །ཉི་མ་པདྨ་འབྲུ་གསུམ་ལས། །འོད་ཟེར་འདུ་བའི་སྦྱོར་བ་ཡིས། །བདུད་རྩི་འདོད་ཡོན་ལྷ་མོར་བསམ། །ཨོ་ཨུཿཧུ༷་བ་ལི་ཏ༷། ཏེ་ཙོ་མ་ནི། བ་ལ་བ་ཏི། ཀུན་ལ་ས་མ་ཡ་གྲྭ་ཧྭ། པད་སྟེངས་རག་དམར་རྒྱ་མཚོར་འཁྱིལ། །ཨོ་གྱིས་སྐྱོན་སྤངས་འོད་དུ་འབར། །དེ་སྟེངས་ཧཱུཾ་གི་འཕྲོ་འདུ་ལས། །རྡོ་རྗེ་སྒེག་མོ་ཆགས་པའི་བདག །པདྨའི་རྭ་ག་རཀྟར་ཟག །ཆགས་པའི་བདག་ཉིད་ཐུགས་རྗེ་ཆེ། །པདྨའི་རཀྟ་བདུད་རྩིར་འབར། ། ཨོ་ཨུ༔ཧུ༷་མ་ཧྭ་རཀྟ་ཛ་ལ་སུ་མུ་ཏྲ་ཧུ༷། ཉི་སྟེང་ཧུ༷་གིས་སྐྱོན་སྦྱངས་ནས། །དེ་སྟེངས་ཉི་སྟེངས་མ༷་སྔོན་ལས། །མྱ་མ་ཀི་ཡི་སྐུ་རུ་གསལ། །དེ་ལས་དེ་འདྲ་གྲངས་མེད་འཕྲོས། །ཡིད་འོང་སྣ་ཚོགས་བབ་བསྡུས་ཏེ། །ཀུན་ཀྱང་མ་ལུས་འོད་དུ་ཞུ། །ཉི་མ་ཤེལ་ལྟར་རྣམ་དག་པའི། ། གསོལ་བས་ཡེ་ཤེས་ལྷ་ལ་ཐིམ། །ཨོ་མུ་མ་ཀི་རི་ཀི་རི། ཨ་ཏི་ཏིཛི་སུ་མ༷། འདུས་བྱས་རྫས་ཀྱི་རྣམ་པ་ལས། །བྱིན་བརླབས་དབང་བསྐུར་ལྡན་བྱས་ན། །ས་བོན་འབྲས་བུ་མངའ་འཕེལ་ཞིང་། ཁུ་ཆུང་འབྲས་བུ་ཆེ་རྒྱས་ཡིན། །ཅེས་གསུངས་སོ། །ལས་རྒྱ་མཚོའི་རྒྱུད་ལས།མཆོད་པ་བྱིན་གྱིས་བརླབས་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་མགོན་པོ་ནག་པོས་གསོལ་པ། ཀྱེ་ཧོ་གསང་བདག་རྡོ་རྗེ་བསྣམས། །སྙན་གསན་དབབ་དང་སྤྱན་དྲངས་དང་། ། མཆོད་བསྟོད་རིམ་པ་བཤད་པར་བྱ། །གསང་བའི་བདག་པོས་བཀའ་སྩལ་པ། །མ་ཧྭ་ཀྭ་ལ་ཁྱོད་ཉོན་ཅིག །སྙན་གསན་དབབ་སོགས་རིམ་པ་ཞིག །ང་ཡིས་ཁྱོད་ལ་ལེགས་པར་བཤད། །འདི་སྐད་ཚིག་ཏུ་བརྗོད་པར་བྱ། །ཧུ༷་སྐྱེ་བ་མེད་པའི་ཆོས་དབྱིངས་ཆེན་པོ་ནས། །སྐྱེ་བའི་ཆོ་འཕྲུལ་གཟུགས་སྐུའི་ཚུལ་སྟོན་པ། །གསང་བདག་རྡོ་རྗེ་འཛིན་རྒྱལ་འཁོར་དང་བཅས། ། གདུག་པ་འདུལ་ཕྱིར་འགྲོ་བའི་དོན་ལ་གཤེགས། །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །ཐུགས་རྗེས་འགྲོ་བའི་དོན་དུ་སྐུ་སྤྲུལ་པ། །གསང་བའི་བདག་པོ་འཁོར་དང་བཅས་པ་རྣམས། །ཉོན་མོངས་འཇོམས་མཛད་གནས་འདིར་གཤེགས་སུ་གསོལ། །ཉི་ཟླ་པདྨའི་གདན་མཆོག་མཛེས་པ་ལ། །གསང་བའི་བདག་པོ་འཁོར་དང་བཅས་པ་རྣམས། །དངོས་གྲུབ་སྩལ་དང་གདུག་པ་གདུལ་བའི་ཕྱིར། །བརྗིད་བག་ཚུལ་གྱིས་གདན་ལ་བཞུགས་སུ་གསོལ། །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །རིག་སྔགས་གསང་སྔགས་ཀུན་གྱི་བདག་པོ་སྟེ། །ཉོན་མོངས་ལོག་རྟོག་མ་ལུས་འཇོམས་མཛད་པ། །གསང་བདག་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཆེ་ལྡན་གསང་བདག་གཟུགས་སྐུ་ལ། །བདུད་རྩི་བསིལ་འཇམ་ཁྲུས་ཆབ་འདི་ཕུལ་བས། །ཉོན་མོངས་རྣམ་རྟོག་དྲི་མ་དག་གྱུར་ནས། ། སྐྱོན་བྲལ་རྣམ་པར་དག་པའི་སྐུ་ཐོབ་ཤོག །དྲི་མེད་ཤོན་ཏུ་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་ཨསྙེ༷་འདི། །གསང་བདག་ཀུན་ལ་ཡོན་ཆབ་འདི་ཕུལ་བས། །སྐུ་དྲིན་ཆེན་པོ་ཐོབ་པར་ཤོག །ཡོན་ཏན་ལྷུན་རྫོགས་གསང་བ་བདག་གཟུགས་སྐུ་ལ། །རིན་ཆེན་མཛེས་པའི་མེ་ཏོག་འདི་ཕུལ་བས། །ལོག་པར་ལྟ་བའི་ཉོན་མོངས་ཀུན་བྲལ་ནས། །ལྟ་བས་མི་ངོམས་མཛེས་པའི་སྐུ་ཐོབ་ཤོག །མཆོག་ཏུ་རྣམ་པར་དག་པ་མངའ་བ་ཡི། །གསང་བདག་སྐུ་ལ་བདུག་སྤོས་འདི་ཕུལ་བས། །དམ་ཚིག་སྡོམ་པའི་ཉེས་པ་ཀུན་བྲལ་ནས། །ཡེ་ཤེས་ཐུགས་རྗེས་འགྲོ་བ་ཀུན་འདྲེན་ཤོག །ཐམས་ཅད་མཁྱེན་པའི་གསང་བདག་གཟུགས་སྐུ་ལ། །མུན་པ་གསལ་བྱེད་མར་མེ་འདི་ཕུལ་བས། །མ་རིག་ཐིབ་པོའི་མུན་པ་ཀུན་བཅོམ་ནས། །སངས་རྒྱས་སྤྱན་ལྔ་ཡོངས་སུ་རྫོགས་པར་ཤོག །སྙིང་པོ་ལྔ་ཉིད་འབྲས་བུ་ལྷུན་རྫོགས་པའི། ། གསང་བདག་སྐུ་ལ་དྲི་ཆབ་འདི་ཕུལ་བས། །མྱ་ངན་གདུང་བའི་ཟུག་རྔུ་ཀུན་བྲལ་ནས། ། འོད་ཟེར་མཐའ་ཡས་འགྱེད་པའི་སྐུ་ཐོབ་ཤོག །ལོངས་སྤྱོད་ཞལ་ཟས་རོ་མཆོག་བརྒྱ་ལྡན་འདི། །གསང་བདག་སྐུ་ལ་བཤོས་གཙང་འདི་ཕུལ་བས། །རྫས་སུ་སྤྱོད་པའི་གདུང་བ་ཀུན་བྲལ་ནས། །བསམ་པའི་ལོངས་སྤྱོད་ཡོངས་སུ་རྫོགས་པར་ཤོག །སིལ་སྙན་པི་ཝང་གླིང་བུ་ལ་སོགས་པ། །སྒྲ་སྙན་ཡིད་དམ་རྣམས་ལ་ཕུལ་བ་ཡིས། །མ་སྙན་ངག་གི་་སྒྲིབ་པ་དག་པ་དང་། །སྙན་པའི་དངོས་གྲུབ་མྱུར་དུ་གྲུབ་པར་ཤོག །མཉམ་ཉིད་ཡོན་ཏན་ཀུན་རྫོགས་གསང་བདག་ལ། །ཡེ་ཤེས་བདུད་རྩི་གཏོར་མ་འདི་ཕུལ་བས། །དབུལ་འཕོངས་བཀྲེས་སྐོམ་སྡུག་བསྔལ་ཀུན་བྲལ་ནས། །ཏིང་འཛིན་ལོངས་སྤྱོད་ཡོན་ཏན་རྒྱས་འཕེལ་ཤོག །ཀུན་མཁྱེན་ཆགས་དང་བྲལ་བའི་གསང་བདག་ལ། །སྐྱོན་རྣམས་རྣམ་དག་རགི་འདི་ཕུལ་བས། །ཞེན་ཆགས་གདུང་བའི་རྣམ་པ་ཀུན་བྲལ་ནས། །འཁོར་འདས་ཆོས་ལ་ཐབས་ཀྱིས་དབང་སྒྱུར་ཤོག །ལས་རྣམས་མཐར་ཕྱིན་དོན་གྲུབ་གསང་བདག་ལ། །འབྲུ་བཅུད་དཔག་མེད་ཛ་གད་འདི་ཕུལ་བས། །ཉོན་མོངས་ལོག་རྟོག་གདུག་རྩུབ་ཀུན་བཅོམ་ནས། །བདུད་བཞི་དགྲ་ལས་རྒྱལ་བའི་སྐུ་ཐོབ་ཤོག །མཆོད་པའི་བྱེ་བྲག་སྣ་ཚོགས་འབྱོར་ཚད་དབུལ། །ཧུ༷་ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །འགྲོ་བའི་མགོན་པོ་བཅོམ་ལྡན་རྡོ་རྗེ་བསྣམས། །འགྱིང་བག་བརྗིད་ཚུལ་གདན་ལ་བཞུགས་པ་ནི། །སྲིད་པ་གསུམ་ལས་ཁྱད་པར་འཕགས་པའི་རྟགས། །སྐུ་མདོག་ལྗང་སྔོན་འོད་ཟེར་འཕྲོ་བ་ནི། །འཕྲིན་ལས་ལྷུན་གྲུབ་འགྲོ་བའི་དོན་མཛད་རྟགས། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྣམས་པ་ནི། །ཡེ་ཤེས་ལྔ་ལྡན་དུག་ལྔ་སྤངས་པའི་རྟགས། །ཕྱག་གཡོན་དྲིལ་བུ་དཀུ་ལ་བསྟན་པ་ནི། །རྟེན་པའི་འཁོར་ལ་གསུང་དབྱངས་ཆོས་སྟོན་རྟགས། །རིན་ཆེན་རྒྱན་མཛེས་སྣ་ཚོགས་སྤྲས་པ་ནི། །ཡོན་ཏན་ལྷུན་གྲུབ་འགྲོ་བ་འདྲེན་པའི་རྟགས། །སྐུ་སྨད་པ་ཏི་ཤམ་ཐབས་མཛད་པ་ནི། །མཛེས་ཚུལ་མཁྱེན་པའི་བྱེ་བྲག་གསལ་བའི་རྟགས། །ཞབས་གཉིས་སེམས་དཔའི་ཚུལ་བཞུགས་ཕྱེད་སྐྱེལ་ནི། །རང་དོན་ལྷུན་གྲུབ་གཞན་དོན་མཐར་ཕྱིན་རྟགས། །ཟླ་བའི་དཀྱིལ་འཁོར་རྒྱབ་རྟེན་མཛད་པ་ནི། །སྡུག་བསྔལ་གདུག་བྲལ་ཐུགས་རྗེ་བསིལ་བའི་རྟགས། །འོད་ཀོར་རྒྱབ་ཡོལ་འཇའ་ཚོན་རྣམ་ལྔ་ནི། །རིགས་ལྔ་ཡེ་ཤེས་ལྔ་ཡི་བྱིན་རླབས་རྟགས། །ཉི་ཟླ་པདྨའི་གདན་ལ་བཞུགས་པ་ནི། ཁེས་རབ་ཐབས་ལྡན་ཉེས་པའི་སྐྱོན་བྲལ་རྟགས། །འགྲོ་བའི་མགོན་པོ་གསང་བདག་རྡོ་རྗེ་བསྣམས། །བདག་གིས་ཁྱོད་བསྟོད་བདག་ཀྱང་དེ་འདྲར་ཤོག །ཧུ༷་ཆོས་ཉིད་མཉམ་པ་ཉིད་ལ་རབ་ཞུགས་ཀྱང་། །ཐུགས་རྗེས་གཏན་དུ་མྱ་ངན་མི་འདའ་ཞིང་། །འགྲོ་བའི་དོན་ཕྱིར་མཐའ་ཡས་གཟུགས་མངའ་བའི། །དཔའ་བརྟན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ལོག་རྟོག་དགྲ་འཇོམས་དཔའ་བའི་ཆ་བྱད་ཅན། །སྲིད་གསུམ་དྲག་པོའི་དབང་ཕྱུག་ཚོགས་འཇོམས་ཤིང་། །བླ་མེད་བྱང་ཆུབ་གནས་མཆོག་འགོད་མཛད་པ། །ཁྲོ་རྒྱལ་བགེགས་ཀྱི་གཙོ་ལ་ཕྱག་འཚལ་བསྟོད། །གང་གི་སེམས་ལ་ཆགས་སྡང་རྣམ་བྲལ་ཡང་། །འདུལ་བའི་དོན་ཕྱིར་འགྲོ་ལ་ཁྲོ་བ་དང་། །འདོད་ཆགས་ཅན་ལཆགས་ཅན་ལྟར་སྟོན་པ། །ཁྱོད་ཀྱི་དངོས་གྲུབ་ཡ་མཚན་ཆེན་པོ་རྣམས། །བསྐལ་པ་ཡུན་རིང་བར་དུ་མི་བཞག་པར། ཁེན་ཏུ་མྱུར་བར་དུས་འདིར་བདག་ལ་སྩོལ། །ལུས་ངག་ཡིད་གསུམ་སྡོམ་པ་ཉམས་པ་དང་། །ཉེས་བྱས་མ་ལུས་བདག་གིས་སོ་སོར་བཤགས། །གང་འདོད་དོན་ལ་གསོལ་བ་བཏབ། །དམིགས་པའི་འཕྲིན་ལ་དྲག་ཏུ་བཅོལ། །ཟབ་པའི་སྨོན་ལམ་རྒྱ་ཆེར་གདབ། །དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །གཤེགས་དང་བསྡུ་བ་ཤེས་པར་བྱ། །ཡི་དམ་རྟག་ཏུ་མཆོད་པར་བྱ། །རྒྱ་མཚོའི་གླིང་ནས་ནོར་ལོངས་མི། །ཉེས་བྲལ་ལེགས་དང་ལྡན་པ་བཞིན། །ཡི་དམ་ལྷ་ལ་རྟག་མཆོད་ན། །སྐྱོན་བྲལ་ཡོན་ཏན་ཕུན་སུམ་ཚོགས། །ཞེས་གསུངས་སོ། །ལས་རྒྱ་མཚོའི་རྒྱུད་ལས། །མཆོད་པ་འབུལ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་མགོན་པོ་ནག་པོས་གསོལ་བ། ཀྱེ་ཧོ་གསང་བདག་རྡོ་རྗེ་འཛིན། །ས་ཆོག་ལས་ཀྱི་རིམ་པ་བཞིན། །བདག་ལ་ལེགས་པར་བསྟན་པར་ཞུ། །གསང་བའི་བདག་པོས་བཀའ་སྩལ་བ། །མ་ཧྭ་ཀྭ་ལ་ཁྱོད་ཉོན་ཅིག །ས་བླང་ལ་སོགས་རིམ་པ་ཞིག །ང་ཡིས་ཁྱོད་ལ་ལེགས་པར་བཤད། །འདོད་པའི་གནས་སུ་ཕྱིན་བྱས་ལ། །མཆོད་རྫས་གསང་སྔགས་བྱིན་བརླབས་བྱ། །དྲན་པ་ཙམ་གྱིས་རང་ལྷར་བསྐྱེད། །པ༷་ལས་ས་ཡི་ལྷ་མོ་ནི། །བཙོ་མ་གསེར་གྱི་མདོག་བརྗིད་ལྡན། ། ཕྱག་གཡས་གསེར་བུམ་རིན་ཆེན་བཀང་། །ཕྱག་གཡོན་མཆོད་སྦྱིན་ཕྱག་རྒྱ་ཅན། །དེ་ལ་བྱིན་བརླབ་དབང་བསྐུར་བྱ། །རིན་ཆེན་ས་གཞི་མཛད་པ་ཡི། །རང་བཞིན་ས་ཡི་ལྷ་མོ་དང་། །འགྲོ་བའི་མགོན་དང་སྐྱབས་མཛད་པའི། །དུས་བཞིའི་ལྷ་མོ་འཁོར་བཅས་རྣམས། །སྤྱན་དྲངས་བསྟིམ་སྟེ་མཆོད་པ་བྱ། །འཛམ་གླིང་སྤྱིར་གནས་མཐུ་ཆེན་དབང་བསྒྱུར་བའི། ། དབྱར་དགུན་སྟོན་དཔྱིད་ནམ་ཟླ་དུས་བཞི་ལ། །རྫུ་འཕྲུལ་སྣ་ཚོགས་གཏོང་ཞིང་ཀུན་ལ་འཚེ། །ས་བདག་རྒྱལ་པོ་ལྟོ་འཔྱེ་ཆེན་པོ་དང་། །ཧལ་ཁྱི་རྩང་ཀུན་རྩང་བཙན་འཁོར་བ་དང་། །ཧོ་ཕན་ཐེ་སེ་བེ་སྣ་ལག་ཆེན་དང་། །ས་བདག་ས་སྲིན་ལ་སོགས་མཆོད་པ་དང་། །གང་གནས་ཡུལ་ཕྱོགས་འདི་ལ་དབང་ཕྱེད་དང་། །གངས་རི་རི་བྲག་རྩི་ཤིང་ལ་གནས་དང་། ། བསྐོར་ཁང་ལྡུམ་ར་སྐྱེད་མོས་ཚལ་གནས་དང་། །ལྷ་ཁང་ཁང་སྟོང་ཕུག་དང་དབེན་གནས་དང་། །ཐང་ལ་ལམ་སྲང་གླིང་ཆེན་བྲག་ལ་གནས། །རྒྱ་མཚོའི་ཆུ་བྲན་ལུ་མ་དང་། །ཆུ་མིག་རྫིང་ལ་སོགས་པར་གནས་པ་དང་། །མཚེའུ་ཁྲོན་པ་ནེའུ་གསིང་གནས་ལ་སོགས། །སྤྱན་དྲངས་མཆོད་པ་དབུལ་བ་བྱ། །རྒྱལ་བ་ཤཱཀྱ་ཐུབ་པ་ཡིས། །རྣམ་བཞི་བདུད་ཀྱི་དཔུང་བ་་ཏེ། །རྒྱལ་སྲིད་ཆོས་ཀྱི་དབུ་བཙུགས་ནས། །ས་གཞི་འདི་སྟེངས་སངས་རྒྱས་པ། །དེ་བཞིན་དུ་ནི་བདག་གིས་ཀྱང་། །ངེས་པར་བྱ་ཕྱིར་ཕོ་བྲང་འདེབས། །ས་ཡི་དངོས་གྲུབ་སྩལ་དུ་གསོལ། །བདེན་པའི་ཚིག་བརྗོད་བགོ་བར་བྱ། །གཏོར་མ་བཀྱེ་ལ་བསྐྲད་པར་བྱ། །ས་ཡི་ལྷ་མོ་འོད་དུ་ཞུ། །ས་གཞི་ཡེ་ཤེས་རང་བཞིན་ཅན། །རིན་ཆེན་ཕྱེ་མར་གྱུར་པར་བསམ། ། ལེགས་བརྐོ་སྐྱོན་བསལ་བསྟན་པར་བྱ། །སྦྱང་དང་བྱིན་བརླབས་བསྲུང་གཟུང་བྱ། །བྲན་འཁོལ་མགུ་ན་ལས་འཁོལ་བཞིན། །བར་ཆོད་སྐྱོན་བྲལ་བཀྲ་ཤིས་ཕྱིར། །འཇིག་རྟེན་པ་ཡང་མཆོད་པས་མཉེས། །ཞེས་གསུངས་སོ། །ལས་རྒྱ་མཚོའི་རྒྱུད་ལས། །སའི་ཆོ་ག་བྱ་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་མགོན་པོ་ནག་པོས་གསོལ་པ། །ཀྱེ་ཧོ་གསང་བདག་རྡོ་རྗེ་བསྣམས། །སྐུ་གཟུགས་ལ་སོགས་རབ་གནས་ཀྱི། །རིམ་པ་བདག་ལ་བསྟན་པ་ཞུ། །གསང་བའི་བདག་པོས་བཀའ་སྩལ་པ། །མ་ཧྭ་ཀྭ་ལ་ཁྱོད་ཉིད་ཅིག །སྐུ་གདུང་ལ་སོགས་རིམ་པ་ཞིག །ང་ཡིས་ཁྱོད་ལ་བསྟན་པར་བྱ། །རྟག་ཏུ་ལྷ་སྐུར་གསལ་བྱེད་པའི། །ཉམས་དང་བྱིན་རླབས་གདེང་ཅན་གྱིས། །དགོས་པའི་རྫས་དང་ཡོ་བྱད་བསགས། །སྔོན་འགྲོ་བསྙེན་པ་ཡན་ཆད་བསྐྱར། །དེ་ནས་སྐུ་ཡི་གཟུགས་བརྙན་ལ། །བ་ཡི་ལྔ་དང་སྣུམ་གྱིས་བྱུག །ཚིག་ཤ་རྩ་སྔགས་འདི་ཡིས་བྱ། །ཀྭ་ཡ་བི་ཤོ་དང་དྷ་ནི་གྲྭ་ཧྭ། ཨོ་ཨུཿཧུ༷་བི་ཤོ་དྷ་ནི་གྲྭ་ཧྭ། སརྦ་དྷརྨ་བི་ཤོ་དྷ་ནི་སྣ་ཧྭ། སརྦ་རུ་པ་བི་ཤོ་དྷ་ནི་གྲྭ་ཧྭ། དེ་ནས་བསྐྱེད་པའི་རིམ་པ་ཡིས། །རང་ཉིད་སྐུ་རུ་གསལ་བྱས་ཏེ། །བྱིན་བརླབས་དབང་བསྐུར་གྲུངས་ལ་བསྟིམ། །ཐུགས་ལས་ཧུ༷་འཐོན་གཟུགས་བརྙན་དང་། །གཉིས་མེད་གྱུར་པས་ལྷ་རུ་བསྐྱེད། །དེ་ལ་བྱིན་བརླབས་དབང་བསྐུར་བྱ། །བདེན་བརྗོད་རྗེས་མཐུན་སྨོན་ལམ་གདབ། །ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ། །དབང་པོ་ལ་སོགས་སྐྱོན་རྣམས་བསལ། །ཐུར་མས་སྙན་བཞར་སྨང་ཚེར་དང་། ། ལྗགས་བཞར་ཚེམས་ཤིང་རྡུལ་ཡབ་དང་། །དུང་གི་སོ་མངས་ཐོགས་ཏེ་བྱ། །ཚིགས་བཅད་དང་བཅས་དབྱེ་བ་དང་། །སྐྱོན་རྣམས་རིམ་པས་བསལ་བྱས་ལ། །རྗེས་ལ་བདེ་བརྗོད་སྨོན་ལམ་གདབ། །སྤྱན་དབྱེ་བ་ལ་སྔགས་འདི་བརྗོད། །ཨོ་བཛྲ་ཙཀྱུ་པྲ་བེ་ཤ་ཕཊ། ཆེ་བའི་ཡོན་ཏན་རྒྱས་པ་ཡི། །རྒྱན་གྱི་མངའ་གསོལ་དབང་བསྐུར་བྱ། །ཕྱག་ལ་ཧུ༷་མུ༷་འཕྲོ་འདུ་ལས། །རྡོ་རྗེ་དང་ནི་དྲིལ་བུ་བསམ། །ཚིག་དང་སྔགས་ཀྱི་དབང་བསྐུར་བྱ། །མ་ཧྭ་གུ་རུ་བཛྲ་སརྦ་ཨུཏྣ་ཀོ྅ཧ༷། །མ་ཧྭ་གུ་རུ་མུ༷་གིརྟི་སྭ་བྷ་བ་ཨཏྣ་ཀོ྅ཧ༷། །བདེན་པའི་སྟོབས་བརྗོད་སྨོན་ལམ་གདབ། །ཨོ་ཧུ༷་ཏྲ༷་ཨ་ཧྲིའི་འཕྲོ་འདུ་ལས། །དབུ་རྒྱན་ཅོད་པན་སྔོ་དམར་བསམ ཨོ་མ་ཧྭ་གུརུ་བཛྲ་བུད་དྷ་པྲ་ཙྭ་ཀརྨ་ས་མན་ཏ་སྭ་བྷ་བ་ཨུཏྣ་ཀོ྅ཧ༷། མ་ཧྭ་གུརུ་དྷརྨ་རྭ་ཛ་སྭ་བྷ་བ་ཨུཏྣ་ཀོ྅ཧ༷། ཏྲ༷་ལས་རིན་ཆེན་སྙན་ཆ་དང་། །མགུར་ཆུ་དོ་ཤལ་གསལ་བྱ་སྟེ། །མ་ཧྭ་གུབྱ་རཏྣ་བ་ཐི་མ་ཏ་སུ་བྷ་བ་ཨུཏྣ་ཀོ྅ཧ༷།མ་ཧྭ་གུརུ་རདན་བི་དུ་གྲྭ་བྷ་བ་ཨུཏྣ་ཀོ྅ཉེ། ཤ་དང་ས་ཡི་འཕྲོ་འདུ་ལས། །དབུ་རྒྱན་ཕྱག་གདུབ་ཞབས་གདུབ་གསལ། །མ་ཧྭ་གུ་རུ་རཏྣ་བི་པི་ཤ་སྭ་བྷ་བ་ཨུཏྣ་ཀོ྅ཧ༷། མ་ཧྭ་གུརུ་རཏྣ་བི་དུ་སྭ་བྷ་བ་ཨུཏྣ་ཀོ྅ཧ༷། ཤ་ཡི་འཕྲོ་འདུས་བ་ཏི་སམ་ཐབས་གསོལ། །མ་ཧྭ་གུརུ་སུ་མུན་གརྙེ་སྭ་བྷ་བ་ཨུཏྣ་ཀོ྅ཧ༷། ཨ་དང་ཨ་ཧཱུཾ་ས་ཧྲ༷་ཧ། འཕྲོ་འདུས་ཟླ་བའི་རྒྱབ་བརྟེན་དང་། །འོད་ཀར་རྒྱབ་ཡོལ་འཇའ་ཚོན་གསལ། །མ་ཧྭ་གུརུ་ཙཎྜམཎྜལ་སྭ་བྷ་བ་ཨུཏྣ་ཀོ྅ཧ༷། མ་ཧྭ་གུརུ་གུ་ན་པརྩི་སུ་བྷ་བ་ཨཏྣ་ཀོ྅ཧེ། ཨ་པ་མ་ལས་ཉི་ཟླ་པདྨ་གསལ། །མཧྭ་གུརུ་པདྨ་ཙཀྲ་སུབྱ་མཎྜལ་སྭ་བྷ་བ་ཨཏྣ་ཀོ྅ཧ༷། ཚིག་དང་བཅས་པས་མངའ་གསོལ་ཞིང་། །བདེན་པའི་སྟོབས་བརྗོད་སྨོན་ལམ་གདབ། །རྡོ་དང་ཏྲ་ལས་སིང་གེ་སོགས། །རིན་ཆེན་ཁྲི་རྐང་ཤེས་པར་བྱ། །ཁྲོ་རྒྱལ་འཇིགས་བྱེད་ཆེན་པོ་ལས། །ཏུ༷་ཉེ་ར༷་གི་འཕྲོ་འདུ་ལས། །སྦྲུལ་དང་སྟ་ལྤགས་མེ་དཔུང་གསལ། །ཚིག་དང་སྔགས་ཀྱིས་མངའ་གསོལ་བྱ། །ཨོ་བཛྲ་རོ་ཉེ་བ་ཤ༷་ཧུ༷། ཨོ་བཛྲ་བེ་ཀྲི་སུ་ཀ་ཧུ༷། བདེན་པའི་སྟོབས་བརྗོད་སྨོན་ལམ་གདབ། །ལུག་ངག་གུས་པས་ཕྱག་འཚལ་ལོ། །བདག་བསིལ་བུམ་པའི་ཁྲུས་ཆུ་གསོལ། །དངོས་དང་ཡིད་སྤྲུལ་མཆོད་པ་འབུལ། །རྗེས་ཐོགས་བདེན་སྟོབས་སྨོན་ལམ་གདབ། །བསྟོད་ཅིང་སྡིག་བཤགས་སྨོན་ལམ་གདབ། །བསྐོར་བ་བྱ་ཞིང་མེ་ཏོག་གཏོར། ། སྨོན་ལམ་རྒྱ་ཆེར་གདབ་པར་བྱ། །ཚིག་དང་སྔགས་ཀྱིས་བརྟན་བཞུགས་བྱ། །ཀྭ་ཡ་བཱ་ཀ་ཙིསྟ་སྟིཛི་བཛྲ་ཧུ༷། དམིགས་རྟེན་བདེ་གཤེགས་མངོན་དུ་དམིགས། །གཟུགས་བརྙན་རབ་གནས་ལྡན་བྱས་ན། །གསེར་ལ་ནག་ཚུར་བཏངབབཞིན། །བྱིནཆེཞལ་དྲོ་བཀྲ་ཤིས་༄༅། ཁེང་། །ཚོགས་ཆེན་གཉིས་ཀྱང་རིམ་རྫོགས་འགྱུར། །ཞེས་གསུངས་སོ། །ལས་རྒྱ་མཚོའི་རྒྱུད་ལས། །གཟུགས་བརྙན་རབ་གནས་བྱ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་མགོན་པོ་ནག་པོས་གསོལ་པ། ཀྱེ་ཧོ་གསང་བདག་རྡོ་རྗེ་བསྣམས། །སློབ་མ་དབང་བསྐུར་རིམ་པ་ཞིག །བདག་ལ་ལེགས་པར་བསྟན་པར་ཞུ། །གསང་བའི་བདག་པོས་བཀའ་སྩལ་པ། །མ་ཧྭ་ཀྭ་ལ་ཁྱོད་ཉོན་ཅིག །སློབ་མའི་དབང་བསྐུར་རིམ་པ་བཞིན། །ང་ཡིས་ཁྱོད་ལ་ལེགས་པར་བཤད། ། ཐོས་མང་གདེང་ལྡན་ཤེས་རབ་གསལ། །ཆགས་སྡང་ཆུང་ཞིང་ཐུགས་རྗེར་ལྡན། །ཕྱིན་ཆད་བཀྲ་ཤིས་སློབ་དཔོན་གྱིས། །མི་འདུལ་གུས་མེད་ཉེས་སྒོ་དང་། །ཉེས་དམིགས་ཅན་ལ་དབང་མི་བསྐུར། །དད་ལྡན་ཞི་དེས་ཆེ་བ་དང་། །རྟོག་མེད་བརྩོན་འགྲུས་ཆེ་བ་དང་། ཁྲེས་རབ་གསལ་ཞིང་བརྟུལ་ཞུགས་ཆེ། ཡོན་ཏན་ལྡན་ལ་དབང་རིམ་བསྐུར། །སྐྱོན་བྲལ་བཀྲ་ཤིས་ཉམས་དགའ་བར། །ས་བསླང་ལ་སོགས་བཟུང་བྱས་ལ། །ཁྲུ་བཞི་བརྒྱད་དམ་བཅུ་གཉིས་སམ། །བཅུ་དྲུག་ཉི་ཤུ་རྩ་བཞིའི་ཚད། །དཀྱིལ་འཁོར་རྣམ་པ་གསུམ་ཡིན་ཏེ། །ཏིང་འཛིན་མེ་ཏོག་རྡུལ་ཚོན་རྣམས། །རབ་འབྲིང་ཐ་མའི་དོན་དུ་བྱ། །མཎྜལ་མེ་ཏོག་མཛེས་བྱས་ལ། །རིན་ཆེན་མཛེས་པའི་བུམ་པའི་ནང་། །ཆུ་གཙང་སྨན་ལྔ་འབྲུ་ལྔ་དང་། །རིན་ཆེན་ལྔ་དང་སྙིང་པོ་ལྔ། །དྲི་ལྔ་བླུགས་ལ་བབ་ལྡན་བྱ། །རས་གཙང་མ་ཉམས་མགུལ་བཅིངས་བཅིངས། །འབྲས་བུ་ཅན་གྱི་ཁ་རྒྱན་བྱ། །ལས་ཀྱི་བུམ་པ་མ་གཏོགས་པའི། །ལྷ་ཡི་གྲངས་དང་མཐུན་པ་འམ། །དེ་ཡི་ནང་དུ་ལྷ་རྣམས་བསྐྱེད། །ལས་ཀྱི་བུམ་པའི་ནང་དུ་ནི། །ཧུ༷་ལས་བདུད་རྩི་འཁྱིལ་པ་བསྐྱེད། །ཨོ་བིསྒྱུན་ཏ་ཀྲིད་མྲི་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧུ༷་ཕཊ། སྤྱན་དྲངས་བསྟིམ་མཆོད་བཟླས་པ་བྱ། །བསྟོད་པ་བཤགས་གསོལ་གདབ་འོད་དུ་ཞུ། །ཆུ་ཉིད་ཡེ་ཤེས་ཆུ་རུ་འགྱུར། །སློབ་མ་དྲི་ཆབ་ཁྲུས་བྱས་ལ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། །སློབ་མ་བདེ་བའི་དོན་འདོད་པས། །གཙོ་ལ་གསོལ་བ་གདབ་པར་བྱ། །གུ་རུ་སློབ་མ་དྲན་བྱས་ལ། །བགེགས་བསྐྲད་སྡིག་བཤགས་ལྷར་བསྐྱེད་བྱ། །བྱིན་རླབས་ལུས་བསྲུང་ལྡན་པར་བྱ། །དངོས་གྲུབ་བར་ཆད་བགེགས་བཟློག་ཕྱིར། །སྲད་བུ་སྔོན་པོ་བྱིན་བརླབས་ལ། །བསྲུང་སྔགས་བརྒྱ་དང་རྩ་བརྒྱད་བཟླས། །བདུན་ནམ་རྩ་གཅིག་མདུད་པ་བྱ། །དཔུང་པ་གཡོན་པར་ག་ཞར་གདགས། །བཟང་ངན་རིགས་རྣམས་བརྟག་པའི་ཕྱིར། །སོར་བརྒྱད་ཚད་ལྡན་སོ་ཤིང་བྱ། །སོས་བཟུང་མཎྜལ་སྟེང་དུ་བྲུད། །ཀེ་རེ་བཟང་རབ་ཤར་ནུབ་བཟང་། །གཞན་འབྲིང་ལྷོ་ནུབ་མཚམས་ནི་བསྐྱར། །རྨི་ལྟས་བཟང་ངན་བརྟག་པའི་ཕྱིར། །ཀུ་ཤས་སྔགས་བྱས་གཡས་ཕབ་ཉལ། །བཟང་ན་དབང་བསྐུར་ངན་ན་བཟློག །རྡུལ་ཚོན་དཀྱིལ་འཁོར་བྲི་འདོད་ན། །གནམ་ཐིག་ས་ཐིག་རྣམ་པ་གཉིས། །པདྨ་དཀར་པོའི་རྒྱུད་པ་དང་། ཁེང་བལ་རྒྱུ་ལ་ཐིག་སྐུད་བྱ། །ཁ་དོག་ལྔ་དང་གསུམ་ལྡན་པ། །ཡིག་འབྲུ་ལྔ་དང་གསུམ་ལྡན་པ། ། ཡིག་འབྲུ་ལྔ་གསུམ་བྱིན་བརླབས་བྱ། །ཨོ་བཛྲ་བེ་ག་ཏྲ་མ་ཨ་ཞེས་པས། །སྔར་བསྐྱེད་ལྷ་ཚོགས་མཁའ་ལ་འདེབས། །ལྷ་ཚོགས་མཆོད་པ་གསོལ་བ་གདབ། །ཇི་ལྟར་འདོད་བཞིན་ལེགས་པར་བྱ། །ཕོ་བྲང་ཟླུམ་པོ་ལེའུ་ཚེ་དགུ། །གྲུ་བཞི་གྲུ་ཆད་སྒོ་བཞི་དང་། །སྒོ་རྒྱན་ལྡན་པ་སྙོམས་པར་གདབ། །ཚོན་ལ་འབྲུ་ལྔས་བྱིན་གྱིས་བརླབ། །བྱང་ཤར་མཚམས་སུ་རེ་ག་གཅིག །དབུས་དང་ཤར་ལྷོ་ནུབ་བྱང་དུ། །སྔོ་དཀར་སེར་དམར་ལྗང་ཁུ་དགྱེ། །ལྷོ་ཤར་ལ་སོགས་མཚམས་བཞི་ལ། །སྔོ་སེར་དམར་སྐྱ་ལྗང་ཁུ་དགྱེ། །གྲུ་ཆད་སེར་པོ་རེ་ག་ལྔ། །བྲིས་ཏེ་སྒོ་བཞི་རིགས་མཐུན་བྲི། །སྒོ་རྒྱན་མཛེས་ཚོན་ལྕགས་རི་སྔོ། །སྐུ་གསུང་ཐུགས་ཀྱི་མཚན་མ་དགོད། །བུམ་པ་བཀོད་པ་རྒྱན་གྱིས་བསྐོར། །བྱིན་ལྡན་བཀྲ་ཤིས་མཆོད་རྟེན་དགོད། །མཆོད་པའི་རྫས་དང་ཡོ་བྱད་བསར། །མཚམས་བཅད་ལ་སོགས་བསྐྱེད་རིམ་གསལ། །བུམ་པའི་ལྷ་གྲངས་གསལ་བར་བྱ། །མཁའ་ལ་བཏེགས་པ་བཀུག་ལ་བསྟིམ། །སྤྱན་དྲངས་བསྟིམ་ལ་མཆོད་བསྟོད་བྱ། །ཡོལ་བས་བར་དུ་བཅད་བྱས་ལ། །སློབ་མ་ཁྲུས་བྱས་མིག་བཀབ་ལ། །ཅི་ལ་དགའ་ཞེས་དྲིས་ལན་བྱ། །ཀུན་གྱི་གནང་བ་དྲི་བར་བྱ། །དཀྱིལ་འཁོར་འཇུག་པར་གསོལ་བ་གདབ་། །སྤྲོ་བསྐྱེད་དྲངས་ལ་བགེགས་བསྐྲད་བྱ། །སྡིག་བསྲེག་ལྷར་བསྐྱེད་ཡེ་ཤེས་དབབ། །ཨོ་ཨ་བེ་ཤ་ཡ། དུ་དེ་ས་དེ། བཛྲ་ག་མ། མ་བུ་ཏ་ར༷། ཨོ་ཨ་བེ་ཤ་ཡ། ཨ་བེ་ཤ་ཡ། ཏོ་པ་ཡ་ཏོ་པ་ཡ། ར་ར་ཙ་ལེ་ཧ་ཙ་ལེ། ཧུ༷་ཨུ་ཧྭ༷་གྲྭ་ཧྭ།དམ་ཚིག་ཕོག་ལ་དམ་ཆུ་བླུད། །དམ་བསྲེ་མེ་ཏོག་དཀྱིལ་འཁོར་དོར། ་་ཡི་མིག་དབྱེ་ཅི་མཐོང་དྲི། །མཚན་མ་བསྟན་ཕྱིར་ཁ་དོག་ལྔ། །རང་ཀ་གསལ་དང་མི་གསལ་ལས། །ཉོན་མོངས་ཡོན་ཏན་དོན་གྱི་རྟགས། །ཏྲ༷་ལས་མེ་ཏོག་འཕྲེང་བ་གསལ། །ཚིག་དང་སྔགས་ཀྱིས་མགོ་ལ་གདགས། ། ཨོ་རཏྣ་མ་ལེ། བཛྲ་ཨ་སྟི་ཁེརྩི་ཧུ༷། བདེན་པའི་སྟོབས་བརྗོད་སྨོན་ལམ་གདབ། །དཀྱིལ་འཁོར་དོན་རྟགས་ལྷ་ངོ་བསྟན། །དབང་བསྐུར་བ་ཡི་གསོལ་བ་གདབ། །བུམ་པ་ཡིག་འབྲུ་ལྔ་རིམ་གསལ། །སྤྱི་བོ་མགྲིན་སོགས་གནས་ལྔ་ལས། །སྐུ་གསུང་ཐུགས་སོགས་རྣམ་པ་ལྔ། །དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར། །ཨོ་སོགས་ལྔ་ལྡན་བུམ་པ་ཡིས། །མཆོག་དང་ཐུན་མོང་དབང་བསྐུར་རོ། །ཚིག་དང་ཏིང་འཛིན་སྔགས་ལྡན་བྱ། །ཨོ་ཀྭ་ཡ་བཛྲ་ཨ་བི་ཁེ་ཀ་མ༷་གྲྭ་ཧྭ། ཧུ༷་ཙིསྟ་བཛྲ་ཨ་བི་ཁེ་ཀ་མ༷་གྲྭ་ཧྭ། ས་གུ་ན་བཛྲ་ཨ་བི་ཁེ་ཀ་མ༷་གྲྭ་ཧྭ། ཨ་བག་བཛྲ་ཨ་བི་ཁེ་ཀ་མ༷་གྲྭ་ཧྭ། ཧ་ཀ་ར་མ་བཛྲ་ཨ་བི་ཁེ་ཀ་མ༷་གྲྭ་ཧྭ། བདེན་པའི་སྟོབས་བརྗོད་སྨོན་ལམ་གདབ། ། དབུ་རྒྱན་འབྲུ་ལྔའི་ཡེ་ཤེས་ལྔ། །ཧུ༷་མུ༷་ཧུ༷་ལས་རྡོ་རྗེ་དྲིལ་བུ་མིང་། །ཚིག་དང་ཏིང་འཛིན་སྔགས་ལྡན་བྱ། །ཨོ་ཙྭ་ན་བཛྲ་ཨ་བི་ཁེ་ཀ་མ༷་གྲྭ་ཧྭ། ཧ་ཀརྨ་བཛྲ་ཨ་བེ་ཁེ་ཀ་མ༷་གྲྭ་ཧྭ། ཧུ༷་བཛྲ་ཨ་བཛྲ་ཨ་བཛྲ་ཨ་བི་ཁེ་ཀ་མ༷་གྲྭ་ཧྭ། མུ༷་གྲིར་ཏི་ཧོ་བཛྲ་ཨ་བེ་ཁེ་ཀ་མ༷་སྲུ་ཧྭ། བདེན་བརྗོད་སྨོན་ལམ་ཀུན་ལ་བརྗོད། །ཕྱག་རྒྱ་དམ་ཚིག་བརྟུལ་ཞུགས་དང་། །དབུགས་དབྱུང་ལུང་བསྟན་ཕྱིར་མི་ལྡོག །བསྟན་པར་བྱེད་པའི་ཡཞ་ ལག་གོ །བུམ་ཆུ་སྤྱི་བོ་དབུ་རྒྱན་བསྐོན། །རྡོ་རྗེ་དཔྲལ་བ་དྲིལ་བུ་ཁ། །མིང་ངམ་རྡོར་དྲིལ་ལག་ཏུ་གཏད། །ཕྱག་རྒྱའི་བདག་པོའི་ཕྱག་རྒྱར་བསྒོམ། །ཐབས་དང་ཤེས་རབ་དབྱེར་མེད་པ། །དམ་ཚིག་བླ་ན་མེད་པའོ། །སྤྲོ་བ་སེམས་བསྐྱེད་བརྟུལ་ཞུགས་སོ། །ཡོན་ཏན་བརྗོད་པས་དབུགས་དབྱུང་པའོ། །གཟེངས་བསྟོད་པས་ནི་ལུང་བསྟན་ནོ། །དེ་ཉིད་བསྟན་པས་ཕྱིར་མི་ལྡོག །འཕྲེང་བ་ཡི་དམ་ལྷ་ཡི་དབང་། །བུམ་སོགས་ལྔ་ནི་རིགས་ལྔའི་དབང་། །གཞན་གྱིས་བསྟན་པར་བྱེད་པ་ཡིན། །བརྟུལ་ཞུགས་ཀྱིས་ནི་མེ་ཏོག་དབང་། །ཕྱག་རྒྱ་དང་ནི་དམ་ཚིག་གིས། །བུམ་ཆུ་དབུ་རྒྱན་གསལ་བར་བྱེད། །ལུང་བསྟན་དང་ནི་དབུགས་དབྱུང་གིས། །རྡོར་དྲིལ་དང་ནི་བདག་པོར་བསྟན། །ཕྱིར་མི་ལྡོག་གིས་ཀུན་ཀྱང་བསྟན། །འཕྲེང་བས་མ་དད་དྲི་མ་མེད། །མོས་སྤྱོད་ས་ཡི་སྒྲིབ་པ་སྦྱང་། །འདོད་པའི་ལྷ་མཉམ་དངོས་གྲུབ་ཉེ། །མཐོང་བའི་ལམ་ནི་གནས་པར་བྱེད། །གཟུང་འཛིན་དཔའ་བོའི་བདུད་རྣམས་འཇོམས། །ཆུ་དང་དབུ་རྒྱན་དབང་གིས་ནི། །འཁོར་འདས་དྲེ་མ་རྣམ་པར་དག །ས་ནི་དང་པོའི་སྒྲིབ་པ་འབྱང་། །རྡོ་རྗེའི་རིགས་དང་རིན་ཆེན་རིགས། །བདག་པོ་བྱེད་ཅིང་དངོས་གྲུབ་འགྲུབ། །བསྒོམ་ལམ་ལ་གནས་ཉོན་མོངས་བཅོམ། །རྡོ་རྗེ་དྲིལ་བུའི་བདག་པོ་ཡིས། །གཡེང་བ་ལྔ་ཡི་དྲི་མེད་དག །ས་གཉིས་བརྒྱད་པོའི་སྒྲིབ་པ་འབྱང་། །པདྨ་ལས་ཀྱི་དེ་བཞིན་རིགས། །བདག་པོ་བྱེད་ཅིང་དངོས་གྲུབ་འགྲུབ། །མཐར་ཕྱིན་པ་ཡི་ལམ་ལ་གནས། །འཆི་བདག་བདུད་བཅོམ་ཚེ་ལ་དབང་། ། བསྟན་བྱེད་དབང་གི་རིམ་པ་ཡིས། །གཡེང་བ་ཕྲ་མོའི་དྲི་མ་བདག །ས་བཚི་སྒྲིབ་པ་འབྱང་བར་བྱེད། །ཀུན་ཀྱང་བརྟན་བྱེད་དངོས་གྲུབ་འགྲུབ། །སངས་རྒྱས་པ་ཡི་ལམ་ལ་གནས། ། ལྷ་ཡི་བུ་ཡི་བདུད་བཅོམ་མོ། །དངོས་པོར་སྣང་བའི་ཆོས་རྣམས་ཀུན། །སྟོང་པར་རྣམ་པར་རྟོག་པར་བྱེད། །ལུས་ཀྱི་ཉེས་པ་ཀུན་དག་ནས། །སྐུ་ཡི་དངོས་གྲུབ་ཐོབ་པར་འགྱུར། །ནུས་པ་ཤིན་ཏུ་ཆེ་འགྱུར་ཞིང་། །དྲིས་པ་ཚིག་གི་གླེང་སློང་ལ། །སྔ་རྟགས་ལྔས་སུ་དེ་ལ་བསྟན། ། བུརྙ་ཀ་ལ་ཤ་ཨ་ཟི་ཁེ་ཀ་མ༷། ཞེས་པའི་ཚིག་བརྡས་དྲིས་ལན་བྱ། །རྣམ་རྟོག་ངག་གི་དྲི་མ་འདག །འདོད་པ་ཉི་ཤུ་ལྔ་ལོན་པ། །སྐྱོན་བྲལ་ཡོན་ཏན་མང་པོའི་གཟུགས། །གཉིས་ཀ་ཡིད་དང་འཐད་པ་བཙལ། །ཁྲུས་བྱས་རྒྱན་ཆས་བརྒྱན་བྱས་ཏེ། །བཟའ་བ་་ཡོ་བྱད་མཆོད་པ་བཤམ། །ཆ་ཤས་གུ་རུ་ཉིད་ལ་དབུལ། །དབང་བསྐུར་ཆོས་བཤད་བྱིན་བརླབ་བྱ། །ཡོལ་བས་བར་བཅད་སྙོམས་པར་འཇུག །ཟློག་ཅིང་བདེ་གཤེགས་མཆོད་བྱས་ལ། །ཟ་མ་ཏོག་ཏུ་བདུད་རྩི་དབབ། ཁེ་ཤ་དགབ་པ་ཡོལ་བ་གདབ། །དྲངས་ཏེ་བརྟུལ་ཞུགས་དམ་ཚིག་དབོག །མེ་ཏོག་དོར་ལ་ཡོན་ཡང་དབུལ། །ལྷ་མོས་མིག་དབྱེ་ཅི་མཐོང་དྲི། །ལུས་ཀྱི་འཁོར་ལོ་བསྟན་པར་བྱ། །ཧུ༷་དང་ཨོ་གྱིས་འོག་དུ་འབར། །ཏིང་ངེ་འཛིན་དང་སྔགས་ལྡན་པས། །ཨ་ཧོ་སུ་ཁ་ལྕེ་ལ་བསྟིམ། །གུ་ཡ་བཛྲ་ཨ་བི་ཤེ་ཀ་མ༷་གྲྭ་ཧྭ། ཉེས་སྐྱོན་རྣམ་དག་འོད་བུ་འབར། །ཡེ་ཤེས་བདུད་རྩི་རང་བཞིན་དེས། །རྟོག་བྲལ་ངོམས་ཤིང་ཚིམ་པར་འགྱུར། །དཀར་དམར་སྦྲེལ་བའི་ལས། ཁུ་ཏྲ་ཞེས་བྱ་བུམ་ཆུའི་དབང་། །ཚངས་སྒོར་མི་བསྐྱོད་དབུ་རྒྱན་དབང་། །ལྕེ་ལ་རྡོ་རྗེ་དབང་། །ཨ་ཧོ་སུ་ཀ་མིང་གི་དབང་། །དམ་ཚིག་ལྕེ་ལེན་བརྟུལ་ཞུགས་དབང་། །བལྟ་བར་ལུང་བསྟན་བསྟན་པའི་དབང་། །ལོངས་སྤྱོད་གཙང་སྦྱར་ཕྱིར་མི་ལྡོག །མེ་ཏོག་བདེ་ཐོབ་དབུགས་དབྱུང་པའོ། །དེ་གཉིས་ལ་གནས་ཕྱག་རྒྱའི་དབང་། །མི་སྨྲ་གསང་བའི་དམ་ཚིག་གོ།ངག་སྒྲིབ་དག་ཅིང་གསུང་མཆོག་ཐོབ། །སངས་རྒྱས་པ་ཡི་སྒྲིབ་བྱང་ནས། །དེ་ཉིད་ལ་ནི་གནས་པར་འགྱུར། །བདུད་བཅོམ་ཆོས་ཀུན་སྐྱེ་མེད་རྫོགས། །དྲི་བའི་ཚིག་ནི་གླེང་སློང་བ། །མཐེབ་སྲིན་མཉམ་སྦྱར་བསྟན་པར་བྱ། །གུ་ཡ་ཨ་བི་ཁེ་ཀ་མ༷། །ཞེས་པའི་དྲི་ལན་བླན་པར་བྱའོ། །ཡེ་ཤེས་རབ་གནས་ཐོབ་འདོད་པས། །ཉེས་སྐྱོན་རྡུལ་ཙམ་མེད་པ་ཡི། །མཚན་ཤི་ཤ་གུས་ལྡན་པས། །ལོ་གྲངས་བཅུ་གཉིས་བཅུ་དྲུག་དང་། །ཉི་ཤུ་ཉི་ཤུ་ལྔ་ལོན་པའི། །བཙལ་དེ་ཁྲུས་བྱས་དྲི་ཡིས་ཕྱུག །མཛེས་པའི་ཆས་དང་རྒྱན་གྱིས་བརྒྱན། །མེ་ཏོག་བཀྲམ་པའི་མཎྜལ་བྱ། །བཟའ་བཏུང་ཡིད་འོང་མཆོད་པས་མཆོད། །ཡོལ་བས་བར་བཅད་འཇུག་རིམ་བྱ། །བརྟུལ་ཞུགས་དམ་དབོག་མེ་ཏོག་དོར། ཁྲེས་རབ་སངས་རྒྱས་སྤྱན་དབྱེ་བྱ། །པདྨ་སེམས་ཀྱི་དཀྱིལ་འཁོར་བསྟན། །དབང་བསྐུར་སྤྲོ་བའི་ཆོས་བཤད་པ། །བྱིན་བརླབས་བྱས་ལ་བུ་ལ་གདགས། །བདེ་བ་རྒྱས་པའི་ཐབས་ཀུན་བྱ། །རིམས་ཀྱིས་མཉམ་པར་སྦྱར་བྱས་ལ། །འཁོར་ལོ་བཞི་ལ་བདེ་ཆེན་སྦྱར། །དགའ་བ་དང་ནི་མཆོག་དགའ་དང་། །དགའ་བྲལ་དང་ནི་རྣམ་བཞི་ལ། །དགའ་བཞིའི་རྟགས་དང་སྦྱར་བ་ལས། ། ལྷན་སྐྱེས་གཉིས་ཤོར་གཉིས་མཉམ་དབུལ། །སྣ་ཚོགས་བདེ་སྟོང་གཉིས་སུ་མེད། །པྲརྙོ་ཙྭ་ན་བཛྲ་ཨ་བི་ཁེ་ཀ་མ༷་གྲྭ་ཧྭ། དེ་ཉིད་ཡེ་ཤེས་དོན་གྱི་མཆོག །ལུས་སེམས་བདེ་མྱོང་འོད་དུ་འབར། །སྐལ་བ་མེད་པའི་སེམས་ཅན་ལ། །སྦ་འགོག་པས་ཀྱང་མྱོང་འགྱུར་ན། །ཆགས་པའི་མཚན་ཉིད་འཕྲེང་བའི་དབང་། །ཆུ་བྱུང་མཚན་ཁྲུས་བུམ་ཆུའི་དབང་། །བག་བཙུབ་སྒྲ་གཟུང་དབུ་རྒྱན་དབང་། །པདྨ་རྡོར་བཅུག་རྡོ་རྗེའི་དབང་། །དེ་ཉིད་བསྐྱོད་པ་དྲིལ་བུའི་དབང་། །དམ་ཚིག་ལྔ་སྐད་མིང་གི་དབང་། །ལྟས་པས་དགའ་བསྐྱེད་བརྟུལ་ཞུགས་དབང་། །འཁྱུད་པས་དམ་ཚིག་ཆེན་པོའི་ཡིན། ཁ་སྤྲད་ཀུ་ཙ་ཉེ་བ་ནི། །དེ་ཡི་དབུགས་དབྱུང་ཉེ་བ་ཡིན། །པདྨར་བཅུད་བྱས་ཕྱིར་མི་ལྡོག །སེམས་ཀྱི་ཉེས་དག་ཐུགས་མཆོག་ཐོབ། །རྡོ་རྗེ་འཛིན་པའི་སྦྱིན་པ་སྦྱང་། །དེ་ཉིད་འབྲས་བུ་ཐོབ་པར་འགྱུར། །བདུད་བཞི་བཅོམ་ཞིང་བདེ་ཆེན་རྟོགས། །འདི་ལ་རྩོམ་ཚེ་མགོ་གནན་པ། །དེ་སྙན་ཚིག་ཏུ་འདི་སྐད་བརྗོད། །པྲཙྭ་ཙྭ་ན་ཨ་བི་ཤེ་ཀ་མ༷། ཞེས་པས་དྲི་དང་ལན་བླན་བྱའོ། །ཡང་དག་དོན་ཆེན་འདོད་པ་ཡི། །གསུམ་པའི་དོན་ལ་གནས་པའམ། ཁྲེས་རབ་ལ་རྟེན་དབབ་བཟློག་དང་། །ཡིད་ཀྱི་གཟུགས་ལ་སྦྱོར་བ་དང་། །ག་་མོ་སྦར་ཅིང་དབབ་ཅིང་བཟློག །དོན་ཆེན་ངེས་པར་བསྟན་པས་དཀའ། །ཡང་དག་ཐ་སྙད་ཀུན་ལས་གྲོལ། །དོན་གྱི་རིམ་སྣང་རྟོག་ཡུལ་བྲལ། །སྣ་ཚོགས་རིམ་པར་རང་དབང་སྒྱུར། །མ་བསྐུར་ཡེ་ནས་དབང་མཆོག་རྫོགས། །སྒྲིབ་མེད་རྣམ་དག་ཡེ་སངས་རྒྱས། །འདིར་རྟོགས་མ་བསྐུར་མ་བསྒྱུར་རྫོགས། །སྣ་ཚོགས་ཆོས་ཉིད་རང་བརྡར་བསྟན། ཁུ་མཐུན་རང་གནས་དབང་བསྐུར་ཐོབ་པ་མིན། །དབང་བསྐུར་ཐོབ་པའི་སློབ་བུ་རྣམས། །སྒོ་གསུམ་ཉེས་པ་རྣམ་དག་ཅིང་། །ཚེ་རིང་བདེ་སྐྱིད་ཕུན་སུམ་ཚོགས། །མི་སྨྲས་བཙན་ཅིང་ཅི་བསམ་འགྲུབ། །ཡོན་ཏན་སྣ་ཚོགས་རྒྱས་ཤིང་འཕེལ། །བརྩམས་པའི་ལས་རྣམས་ཐོགས་མེད་འགྲུབ། །མཚོན་ཆ་ཏིལ་མར་ངར་བརྟགསབཞིན། །ནུསམཐུ་ཁྱད་འཕགས་བདེ་གཤེགས་མཚུངས། །རྒྱལ་བུ་བློན་གྱིས་དབང་སྒྱུར་བཞིན། །འཁོར་འདས་ཆོས་ལ་དབང་སྒྱུར་བྱེད། །ས་ཐོབ་རྣམས་དང་སྐལ་བ་མཉམ། །རྒྱལ་བ་ཀུན་གྱི་སྲས་སུ་དགོངས། །སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་གྱུར་ཅིག ། གཟུ་ལུམ་ར་ཆོད་རང་བྱིན་གྱིས། །སྔགས་བརྗོད་བསྒྲུབ་པ་བརྩོན་བྱེད་པ། །སྤྱི་དམ་རྟས་པར་ཁལ་འགེལ་ལམ། །རྐྱལ་མ་འབྱོངས་པར་ཆུར་འཇུག་བཞིན། །ལེགས་པའི་དོན་མེད་ཕུང་བའི་རྒྱུ། །དབང་མ་ཐོབ་ལ་སྔགས་བཤད་ན། །ངན་སོང་གསུམ་དུ་བེའུ་སྦྲེལ་བཞིན། ། ལྕེ་ལ་ཞིང་རྨོ་ལྐུག་པར་སྐྱེ། །དེས་ན་དབང་བསྐུར་གཅེས་དོན་བྱེད། །དབང་བསྐུར་སྟེར་བའི་སློབ་དཔོན་ལ། །དར་ཟབ་ན་བཟའ་སྣ་ཚོགས་དང་། །གསེར་དངུལ་རིན་ཆེན་སྣ་ཚོགས་དང་། །རྟ་དང་གླང་པོ་ཡུལ་མཁར་དང་། །བྲན་དང་ཆུང་མ་བུ་ནོར་དང་། །ཅི་བཞེས་ཡིད་འོང་སྣ་ཚོགས་འབུལ། །དམུས་ལོང་སྨན་པས་མིག་ཕྱེ་ལྟར། །མ་རིག་མུན་པས་སྒྲིབ་པ་ལ། །མཁས་པས་དབང་བསྐུར་མིག་ཕྱེ་བས། །དོན་རྟོགས་བྱེད་ཕྱིར་དབང་བསྐུར་རོ། །ཞེས་གསུངས་སོ། །ལས་རྒྱ་མཚོའི་རྒྱུད་ལས། སློབ་མ་དབང་བསྐུར་བའི་ལེའུ་སྟེ་བརྒྱད་པའོ།། །།མགོན་པོ་ནག་པོས་ཡང་གསོལ་བ། །ཀྱེ་ཧོ་གསང་བདག་རྡོ་རྗེ་བསྣམས། །དམཚིགབསྲུངསོགས་རིམ་པ་ཞིག །བདག་ལ་ལེགས་པར་བསྟན་པར་ཞུ། །གསང་བའི་བདག་པོས་བཀའ་སྩལ་པ། །མ་ཧྭ་ཀྭ་ལ་ཁྱོད་ཉོན་ཅིག །དམ་ཚིག་བསྲུང་ཚོགས་རིམ་པ་རྣམས། །ང་ཡིས་ཁྱོད་ལ་བསྟན་པར་བྱ། །དཀོན་མཆོག་གསུམ་དང་ཡིད་དམ་ལྷ། །བླ་མ་རྡོ་རྗེ་སློབ་དཔོན་ལ། །སྒོ་གསུམ་སྐྱོན་སྤངས་རྟག་ཏུ་བཀུར། །དམ་ཚིག་འབྲེལ་བའི་སྐྲུན་གྲོགས་ལ། །ཟོལ་མེད་རྩེ་གཅིག་གདུང་སེམས་བསྐྱེད། །གསང་སྔགས་བཟླས་བརྗོད་རྒྱུན་མི་གཅད། །རྟག་ཏུ་ལྷར་བསྒོམ་སྙིང་པོ་བཟླས། །ཏིང་འཛིན་ཕྱལ་བར་མི་བཏང་ཞིང་། །སྔགས་ལ་མི་ཚིག་ལྷད་མི་གཞུག །རྒྱལ་བའི་བཀའ་ལ་ཐེ་ཚོམ་སྤང་། །དད་སྤྲོས་ཡིད་ཆེས་ངེས་པ་བསྐྱེད། །གཙང་ཞིང་མཛེས་པའི་མཆོད་རྫས་དང་། །རྣམ་རྟོག་གཉིས་ཆང་ལེ་ལོ་དང་། །ཉོན་མོངས་འདུ་འཛིན་གཡེང་བ་སྒྱུར། །མཆོད་པར་འོས་པའི་རྣམ་པ་ལ། །མི་སྨད་བརྙས་པར་མི་བྱའོ། །མི་འགོམ་མི་གཙང་སར་མི་བཞག །ཁྲུས་དང་གཙང་སྦྲ་སྐབས་ལས་ཤེས། །མི་གཙང་ཕྱོགས་ལ་ཆགས་པ་སྒྱུར། །ཉམས་གྲིབ་ཅན་དང་ཁ་མི་བསྲེ། །ཁས་བླང་དམ་བཅས་དོར་བ་མིན། །སེམས་ཅན་དོན་ལ་རྟགས་གནས་བྱ། །མདོར་ན་རྣམ་པ་ཐམས་ཅད་དུ། །རང་གི་སྒོ་གསུམ་ལ་བསྒྲིབ་བྱ་སྟེ། །ལེགས་ཉེས་དགེ་དང་མི་དགེ་ལ། །བླང་དང་དོར་བའི་དམ་ཚིག་བྱ། །དམ་ཚིག་ལྡན་པའི་རྣལ་འབྱོར་ལ། །མཁའ་འགྲོ་གནོད་སྦྱིན་སྡེ་བརྒྱད་སོགས། །གྲོགས་བྱེད་བྲན་བཞིན་ཅི་སྨྲས་ཉན། །འཁོར་དང་ལོངས་སྤྱོད་རྒྱས་ཤིང་འཕེལ། །ཚེ་འཕོས་རྒྱལ་བ་ཉིད་དང་མཅོས། །ཡོན་ཏན་འབྱུང་ཞིང་ས་བཞི་བཞིན། །མ་རིགས་བག་མེད་ང་རྒྱལ་གྱིས། ། ལོག་པར་ཕྱོགས་ཏེ་ཉམས་གྱུར་ན། །ཚེ་འཕོས་མེད་པ་ཚོང་ལ་ཕྱིན། །མི་འདོད་སྣ་ཚོགས་དཔག་མེད་འབྱུང་། །ཡ་ངའི་ནད་སོགས་སྡུག་བསྔལ་མང་། །བཀའ་ཡི་བྱིན་རླབས་འབྱུང་མི་འགྱུར། །ཉེ་འཁོར་སྐྲུ་གྲིས་བསྐོར་བ་བཞིན། །འཁོར་དང་ལོངས་སྤྱོད་ཡིད་འོང་བྲལ། །ཡིད་དུ་མི་འོང་སྣ་ཚོགས་འབྱུང་། །དུས་མིན་ཚེ་ཟད་སྡུག་བསྔལ་མྱོང་། །ཉམས་པ་རྟགས་མེད་ལེགས་སྣང་ན། །ཚེ་ཟད་ཐ་མར་རང་སྡུག་མིན། །ཉེས་པ་བཤགས་པར་འདོད་པ་ནི། །རང་གིས་ཉེས་པ་གང་བྱས་པ། །སློབ་དཔོན་ལ་སོགས་སྤྱན་སྔར་བཤགས། །མདོ་ཀླག་སྐུ་གདུང་གདབ་པ་དང་། །སྦྱིན་སྲེག་ཚོགས་མཆོད་འཁོར་ལོ་དང་། །ཡི་དམ་བདེ་གཤེགས་ཀུན་དམིགས་ཏེ། །པུས་བཙུགས་ཐལ་སྦྱར་མཆི་གློགས་ལ། །གང་ཉེས་ཚིག་ཏུ་སྨྲ་བས་བཤགས། །བརྒྱ་པའི་བཤགས་མཆོག་རྟག་ཏུ་བཟླས། །ཆོས་ཉིད་བདེ་ཆེན་ངང་གནས་ན། །ཉེས་དང་ཉམས་པ་ཅི་བྱས་པ། །ཆགས་སྡང་རང་བཞིན་མེད་པར་གསལ། །ཉི་མའི་འོད་ཀྱིས་མུན་གསལ་ཞིང་། །དེ་དོན་རྟོགས་གོམས་ཉེས་པ་མེད། །རྒྱ་མཚོ་ནོར་ལེན་དཔའ་བོ་དང་། །མེ་ཆུ་སོ་མཚམས་མཁར་བཞིན་དུ། །ཐུབ་མི་ཐུབ་ཀྱི་ཉེས་ལེགས་འཚིག །དེ་ཕྱིར་རབ་ཏུ་འབད་པར་བྱའོ། །ཞེས་གསུངས་སོ།།ལས་། །རྒྱ་མཚོའི་རྒྱུད་ལས།དམ་ཚིག་གི་ལེའུ་སྟེ་དགུ་པའོ།། །མགོན་པོ་ནག་པོས་ཡང་གསོལ། །ཀྱེ་ཧོ་གསང་བདག་རྡོ་རྗེ་བསྣམས། །སྦྱིན་སྲེག་ལས་ཀྱི་རིམ་པ་ཞིག །བདག་ལ་ལེགས་པར་བཤད་པར་ཞུ། །གསང་བའི་བདག་པོས་བཀའ་སྩལ་པ། །མ་ཧྭ་ཀྭ་ལ་ཁྱོད་ཉོན་ཅིག །སྤྱིན་སྲེག་ལས་ཀྱི་རིམ་པ་ཞིག །ང་ཡིས་ཁྱོད་ལ་ ལེགས་པར་བསྟན། །སྤྱིན་སྲེག་ལས་ལ་རྣམ་པ་བཞི། །དེ་དུས་དབྱར་དགུན་སྟོན་དཔྱིད་དང་། །སྔ་དྲོ་ཉིན་དགུང་དགོངས་ནམ་ཕྱེད། །དེ་དག་ལས་དང་སྦྱར་བར་བྱ། །རི་དཀར་རྩེ་འམ་ཆུ་གླང་དཀར། །དཀར་འཇམ་གནས་སུ་ཞི་བ་བརྩམ། །ནགས་ཚལ་སྨན་ལྗོང་མེ་ཏོག་ཚལ། །སེར་སྣུམ་བྱིན་ཆེར་རྒྱས་པ་བརྩམ། །གསུམ་འདུས་ཆུ་འདུས་ལྷ་ཁང་སྟོང་། །དམར་ལ་གདངས་པར་དབང་ལས་བརྩམ། །དུར་ཁྲོད་ཕུང་ཤུལ་འཇིགས་པའི་སར། །ནགས་རྩུབ་ངན་སོང་དྲག་པོ་བརྩམ། །དཀྱིལ་འཁོར་ལྷ་ཡི་ཁང་པ་ཡི། །ཕྱོགས་ནི་རིམ་པར་བྱ་བར་ཤིས། །རྡོ་རྗེ་རྒྱ་གྲམ་བྲིས་བརྩིགས་དབུས། །ལྟེ་བར་ལས་ནི་གང་བྱེད་དབྱིབས། །ཁྲུ་གང་ཁྲུ་ཕྱེད་རྒྱ་དང་ཟབས། །བསྡུས་ན་མཐོ་མཛུབ་གང་དུ་བྱ། །བསྲེག་པར་བྱ་བའི་ཤིང་རྣམས་ནི། །དཀར་སེར་དམར་ནག་འདུག་པའི་ཤིང་། །རྩེ་མོ་ཡལ་ག་སྡོང་པོ་དང་། །རྩ་བ་ལས་རིགས་སྦྱར་བར་བྱ། ཁུག་པ་ཙན་དན་དཀར་པོ་དང་། །ཨུ་དུམ་ཝ་ར་འོ་མའི་ཤིང་། །སོར་བརྒྱད་ཡང་ན་བཅུ་གཉིས་ཚད། །ཞི་དང་རྒྱས་པའི་ཡམ་ཤིང་ངོ་། །འབྲས་ཆེན་འོ་མ་དངུལ་ཕྱེ་དང་། །མེ་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བྱས། །པ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་བཅོ་ལྔས་བརྒྱ༷ན། ཁྲ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བརྒྱན། །པ་ཚན་ཡི་གེ་གཉིས་པས་བརྒྱན། །དེ་དང་ཊ་ཚན་དང་པོར་ལྡན། །རིན་པོ་ཆེ་ཡི་ཕྲ་ཡིས་བཅད། །ཨཱོཾ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བི་སྣྲུ༷་བ༷་ཧུ༷་ཕཊ། གསང་སྔགས་ཡི་གེ་བཅུ་བཞི་པ། །ཕུར་པ་ཕྲིན་ལས་སྙིང་པོ་སྟེ། །གཙོ་འཁོར་བཅས་པའི་སྔགས་སུ་བཤད། །ཡེ་ཤེས་ལྔ་རྫོགས་དབུ་རུ་བཞག །ཀ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། ཁྲ་ཚན་ཡི་གེ་བཞི་པ་བཞག །ཡ་ཚན་ཡི་གེ་དང་པོར་ལྡན། །ཙ་ཚན་ཡི་གེ་གསུམ་པ་བཞག །ཙ་ཚན་ཡི་གེ་ལྔ་པར་ལྡན། །དེ་ལ་དབྱངས་ཡིག་གཉིས་པས་བརྒྱན། །ཏ་ཚན་ཡི་གེ་ལྔ་པར་བཞག ཁྲ་ཚན་ཡི་གེ་དང་པོ་བཞག །དེ་ལ་ཡ་ཚན་གསུམ་པས་སྤྲས། །དེ་ལ་དབྱངས་ཡིག་བཞི་པས་བརྒྱན། །ཤ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་བཅུ་གཅིག་བརྒྱན། །ཡ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཀ་ཚན་ཡི་གེ་དང་པོ་བཞག །ཀ་ཚན་ཡི་་ སུམ་པ་བ །དེ་ལ་དབྱངས་ཡི ་ལྔ་པསབརྒྱན། ཚནཡིགེབཞིཔབཞག །ཡཚནཡིགེདངཔོར ན། །ཙཚནཡིགེགསུམཔ་བཞག །ཙཚནཡིགེལྔཔབཞག །དེ་ལ་དབྱངས་ཡིག་གཉིས་པས་པ་དང་། །སྔགས་དང་རླུད་ཡབ་བསྲེག་ཤིང་གིས། །མེ་སྤར་མཚན་མ་བཟང་ངན་བརྟག །ཨོ་ཨསྣེ་ཡེ། ཨོ་ཨསྣེ་ཡེ་ར་ཙ་ཡ། ཏི་པ་ཏི་པེ། པ་ར་པ་ར། ཧ་ན་ཧ་ན་ཕཊ་ར༷་ཛ་ལ་རེ། ཨབ་བྱ། ཀབ་བྱ།ཏིམ་བྱ། ཏི་ཙ་ན་ཙ་ཡ། ཕཊ་ཛ་ལ་ར༷། ཚེ་དང་ཡུངས་ཀར་སྔགས་པས་སྦར། །དེ་དབུས་ར༷་ལས་མེ་ལྷ་བསྐྱེད། །ཞལ་གཅིག་པ་ལ་ཕྱག་བཞི་པ། །གཡས་གཉིས་དབྱུག་པ་བགྲང་འཕྲེང་འཛིན། །གཡོན་གཉིས་རིལ་བ་སྐྱབས་སྦྱིན་ཅན། །སྐྲུན་པོ་དྲང་སྲོང་ཆ་བྱད་ཅན། །རྭ་སྐྱེས་ཁམ་པའི་སྟེང་ན་གནས། །སྐུ་མདོག་སལ་བཞིན་ཤེས་པར་བྱ། །ཡེ་ཤེས་མེ་ལྷ་སྤྱན་དྲངས་བསྟིམ། །ཨོ་ཨསྣེ་རྭ་ཛ། ཛ་ཧུ༷་བ༷་ཧོ། །ཡམ་ཤིང་མར་ཏིལ་འབྲས་ཆེན་དང་། །ནས་གྲོ་ཟར་མ་སྲན་མ་སོགས། །རིམ་པ་བཞིན་དུ་དབུལ་བར་བྱ། །ཨོ་བཛྲ་ཨསྣེ་ཡེ་གྲྭ་ཧྭ། ཤཱསྟི་ཀུ་རུ་སྲུ་ཧྭ། ཚུརྙུཀུ་རུ་སྲུ་ཧྭ། པ་ཤ༷་ཀུ་རུ་གྲྭ་ཧྭ། མ་ར་ཡ་ཕཊ། ལས་ཀྱི་རིམ་པ་བཞིན་དུ་སྦྱར། །བསྟོད་དང་གསོལ་གདབ་འཕྲིན་ལས་བཅོལ། ། དེ་ཉིད་མེ་འབར་གཉིས་མེད་གསལ། །དེ་དབུས་བསྐྱེད་རིམ་གསལ་བྱས་ལ། །སྤྱན་དྲངས་བསྟིམ་ལ་མཆོད་པ་དབུལ། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡིས། །གནས་ནས་རྒྱུད་ཕྱུང་བསྟིམ་སྟེ་བསྲེག །ཕུར་གདབ་གྲིས་གཏུབ་ཐོ་བས་བརྡུང་། །རྩ་སྔགས་ལས་སྔགས་བཏགས་ལ་བསྲེགས། །དུལ་ཞིང་རྣམ་དག་མངོན་དུ་བྱ། །ཅི་འདོད་བརྡུང་ཞིང་འཕེལ་བར་དམིགས། །ཞེན་ཆགས་སེམས་ཀྱིས་འདུ་བར་བསམ། །ག་་ཞིང་ཁྲོས་པའི་སེམས་ཀྱིས་བསྒྲལ། ། བསྟོད་དང་གསོལ་གདབ་འཕྲིན་ལས་བཅོལ། །ལྷ་གཤེགས་པ་ཡི་རིམ་པས་བསྡུ། །སྦྱིན་སྲེག་བྱ་བའི་རིམ་པའོ། །ལས་རྒྱ་མཚོའི་རྒྱུད་ལས།སྤྱིན་སྲེག་བྱ་བའི་ལེའུ་སྟེ་བཅུ་པའོ།། །།མགོན་པོ་ནག་པོས་ཡང་གསོལ་པ། །ཀྱེ་ཧོ་གསང་བདག་རྡོ་རྗེ་བསྣམས། །སྐུ་གདུང་གདབ་པའི་རིམ་པ་ནི། །བདག་ལ་ལེགས་པར་བསྟན་པར་ཞུ། །གསང་བའི་བདག་པོས་བཀའ་སྩལ་པ། །མཧྭ་ཀྭ་ལ་ཁྱོད་ཉོན་ཅིག །སྐུ་ཡི་གཟུགས་བརྙན་གདབ་པ་ཞིག །ང་ཡིས་ཁྱོད་ལ་ལེགས་པར་བསྟན། །ལྷ་ཡི་སྦྱོར་བས་གསལ་བྱས་ཏེ། །ཡིད་འོང་ས་ལ་རིན་ཆེན་འདར། །ཙན་དན་སྤོས་ཆུ་རྣམ་ལྔས་སྤྲུ། །ཐུགས་ཁའི་ས་བོན་འོད་ཟེར་གྱིས། །སྐོར་ཕོར་འདག་པའི་རྟོགས་པ་སྦྱང་། །ཨ་ལས་སྐོར་ཤེས་རབ་དབྱིངས་སུ། །ཏྲ༷་ལས་བི་བི་རིན་ཆེན་གྱུར། །ཉི་ཟླ་པད་སྟེངས་ཨོ་ཨུ་ཧུ༷། །འོད་ཟེར་འཕྲོ་འདུ་སྔགས་ལྡན་པས། །སྐུ་གསུང་ཐུགས་ཀྱི་ངོ་བོར་གསལ། །ན་མོ་བྷ་ག་བ་ཏེ་བི་རོ་ཙ་ན། པྲ་བྷ་ར་ཛ་ཡ། ཏ་ཐུ་ག་ཏུ། ཧ་ར་ཧ་ཏེ་བྷ། ས༷་མྱག་བུརྙ་ཡ། ཨོ་སུསྙེ། ས་མེ་ས་མེ་ཡེ། སྭ་མྱ་བཱ། སྭ་བཱ་རོ་བེ། ཨན་པ་རོ་མེ། ཏ་ར༷་པ་ཡ་ཤེ མ་ཧྭ་ཏེ་ཙེ། ནིལ་ཀུ་ལེ། ནིར་བ་ནི། སརྦ་ཏ་ཐུ་ག་ཏ་ཧྲི་ཏ་ཡེ། ཨི་ཏིསྐྱི་ན་ཨ་ཏིསྐྱི་ཏེ་སྲུ་ཧྭ། རི་དགས་ཁྲི་རྙན་ལྟ་བུའི་སེམས། །བྱམས་དང་སྙིང་རྗེ་ལྡན་པ་ཡིས། །འཁོར་བའི་སེམས་ཅན་མ་ལུས་ཀུན། །སྡུག་བསྔལ་ལས་གྲོལ་བདེ་དགོད་ཕྱིར། །བདེ་གཤེགས་སྐུ་གཟུགས་བཞེངས་གསོལ་དམིགས། །རྩ་སྔགས་རྟེན་འབྲེལ་ལྡན་པས་བདག །ཡེ་དྷརྨ་ཧེ་ཏུ་པྲ་བྷ་བ། ཧེ་ཏུརྙེ་ཥརྙ་ཐུ་ག་ཏོ། རྒྱ་བ་དསྟེ་ཥརྩི་ཡོ་ནི་རོ་དྷ་ཨེ་བ༷་བ་ཏི་མ་ཧྭ་ཤ་ར་མ་ཎ༔ ཐབས་དང་ཤེས་རབ་ལྡན་བཏབ་པས། །བདེ་གཤེགས་སྐུ་ཡི་ངོ་བོར་གསལ། །བསོད་ནམས་ལས་གྲུབ་རྟེན་དང་ལྡན། །མ་ལེགས་པ་རྣམས་བསྐྱར་ལ་གདབ། །དེ་ལྟར་སྐུ་ཡི་ངོ་བོ་དེས། །ནམ་མཁའི་ཁམས་ཀུན་ཁྱབ་གྱུར་ནས། །བྱིན་རླབས་དཔག་མེད་འགྲོ་དོན་དམིགས། །སྤྱན་དྲངས་བསྟིམ་ལ་མཆོད་སོགས་བྱ། །བསྐོར་ཞིང་ཕྱག་རྒྱ་མེ་ཏོག་གཏོར། །སྨོན་ལམ་འགྲོ་དོན་གསོལ་བ་གདབ། །གཤེགས་དང་བརྟན་བཞུགས་ཤེས་པར་བྱ། །ཨོ་བཛྲ་མུ༷། ཀྭ་ཡ་བཱ་ཀ་ཙིསྟ་ཏིཛི་བཛྲ། ཚེ་རིངས་ནད་བྱང་དཔལ་བསྐྱེད་ཅིང་། །ཉེས་པའི་སྐྱོན་བྱང་ཡོན་ཏན་རྒྱས། །སྐྱེ་བ་སྔ་ཕྱི་དྲན་པར་འགྱུར། །སྐུ་གཟུགས་ཕྲ་རབ་རྡུལ་གྲངས་ཀྱི། །བསོད་ནམས་རབ་ལྡན་རྒྱལ་པོ་སྐྱེ། །སྒྲིབ་པ་མ་ལུས་བྱང་གྱུར་ནས། །ཚོགས་ཆེན་རིམས་ཀྱིས་རྫོགས་བྱེད་མཆོག །སྐུ་གཟུགས་འདེབས་ལ་རབ་བརྩོན་ན། །སྨན་པ་མཁས་པའི་སྨན་བཞིན་དུ། ། ཚེགས་ཆུང་བས་ནི་དོན་ཆེན་འགྱུར། །འདོད་པའི་དོན་རྣམས་འགྲུབ་པར་འགྱུར། །ཞེས་གསུངས་སོ། །ལས་རྒྱ་མཚོའི་རྒྱུད་ལས། སྐུ་གདུང་གདབ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།མགོན་པོ་ནག་པོས་ཡང་གསོལ་པ། །ཀྱེ་ཧོ་གསང་བདག་རྡོ་རྗེ་བསྣམས། །ཕན་འདོགས་སྔགས་ཀྱི་རིམ་པ་ཞིག །བདག་ལ་ལེགས་པར་བསྟན་པར་ཞུ། །གསང་བའི་བདག་པོས་བཀའ་སྩལ་བ། །མ་ཧྭ་ཀྭ་ལ་ཁྱོད་ཉོན་ཅིག །ཕན་གནོད་སྔགས་ཀྱི་རིམ་པ་ཞིག །ང་ཡིས་ཁྱོད་ལ་ལེགས་པར་བསྟན། །ཨོ་ཙཎྜ་མ་ཧྭ་རོ་ཥ་ན་ཧུ༷་ཕཊ། འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། ། ལན་ཅིག་བརྗོད་པ་ཙམ་གྱིས་ཀྱང་། །སྡིག་པ་ཐམས་ཅད་ངེས་པར་བསྲེག །འདོད་པའི་དོན་རྣམས་འདི་ལས་བྱུང་། །ཕན་གནོད་ཀུན་གྱི་རྩ་བ་ཡིན། །གསང་སྔགས་འདི་རྣམས་བསྙེན་པ་ཡིས། །བསྒྲུབ་པའི་དུས་སུ་དགོས་པ་ཡིན། །དུར་རྟ་བསྒྲིན་སརྦ་གྲ་ཧ་བི་ནན། ཨ་ཏྲ་མ་ཏི་ཏིསྐ གསྣྲོ་གད་ཙ་ཏྲེ་ཤ་ནན། ཨུ་ཙ་ཏ་ཡ། ཧིས་མ་བ྅་ཀུ་རུ་ཧུ༷་ཕཊ། ཨོ་སུ་བྷ་བ་བི་ཤུརྙེ་སརྦ་དྷརྨ་སྭ་བྷ་བ་བི་ཤེརྙོ་ཧ༷། ཨ༷་ས་མ་ཡ། མཎྜལ་མ་དེ། ཨ་གད་ཛ་ཡ། ཨ་གད་ཛ་ཡ། པྲ་བེ་ཤ་ཡ། ཏི་ཏ་ཡ་ཏི་ཏ་ཡ། ཨ་བ་ལོ་ཀ་ཡ། ཨ་བ་ལོ་ཀ་ཡ། ཧུ༷་ཕཊ་གྲྭ་ཧྭ། ཨོ་པུས་པ༷་བཛྲ་གྲྭ་ཧྭ། ཨོ་དི་པ༷་བཛི་སྲུ་ཧྭ། ཨོ་གརྙ་མ་བཛི་གྲྭ་ཧྭ། ཨོ་ནི་བི་ཏ་བཛི་གྲྭ་ཧྭ། ཨོ་བཱ་ལི་ཨི་ད༷། སྒྲིན་གྲིཏྣ། ཁ་ཧི་ཁ་ཧི། བཀྟ་ནི་གྲྭ་ཧྭ། ཨོ་བ་ལིང་ཨི་ད༷། གྲིཏྣ་གྲིཏྣ། ཁུ་ཧི་ཁུ་ཧི། བུ྅་ཏོ། རཀྟ་ཏོ། །རཀྟ་ བ་པ་ཏོ། ཨ་ཏི་ཀྲ་མ་ས༷་ཡེ་གྲྭ་ཧྭ། གསང་སྔགས་འདི་རྣམས་བྱིན་རླབས་ཀྱིས། །གཞན་གྱི་དྲག་སྔགས་གཏད་ཟློག་བྱེད། །ཆེ་གེ་མོ་ཨ་པ་ཏ་པ། པ་ར་བིད་ཏ་ན། ཚེ་ཏ་པ༷། མན་ཏྲ་ཏྲི་ཏ་ཀ་ཁོ་དྷི་ཏ་ནན། པྲ་ཡོ་ག་དུཤཐ། སརྦ་བཱ་ལ་ནན། པྲ་ཡོ་ག་དུཤཐ། སརྦ་བཱ་ལ་ནན། བ་ལ་ན་ཤ་ཡ། པྲ་ཡ་ཀ་ན་ཚེ་ད་ཡ། སརྦ་དུར་ནི་མི་ཏ་ནན། སརྦ་ཨ་མ༷་ག་ལ་ནན། བ་ལ་ཤིབྷ༷། བྷ་བརྟ་ཡ་ཧུ༷་ཕཊ། ཨོ་བཛྲ་བཱ་ཁེ་ག་རུ་ཌ། ནཱ་ག་ས་ར་ས་ར་ མ་ར་མ་ར། ཤསྟི་ཤིལྷི། མུ་ར་ཡ་མྱ་ར་ཡ། ཐུན་ཏྲི། པྲི་ཏྲ་པ་ཐ་ཡ། ར་ཀྲི་ཨ་ཀརྙ་ཡ། ས་མ་ཡ་བག་ཤ་ཡུ། ར་ཏྲི་ཐུན་ཟློག་ཞུ་ཏྲི་ཐུན་ཟློག །བ་ཏྲ་བ་ཏྲ་ཐུན་ཟློག །དགྲ་བོ་རསྒ་སྙིང་ལ་ཐུན་ཟློག །གསང་སྔགས་འདི་རྣམས་བྱིན་རླབས་ཀྱིས། །གང་བསྲུང་འདོད་པ་སྲུང་བར་བྱེད། །ཨ་མུ་ཀ་པྱེ། ཀྭ་ཡ་བཱ་ཀ་ཙིསྟ་ཨ་ཡུ་པྱེ། ཅི་བ་པྱེ། ཐྲི་རི་ཏི་ཙ། སྭ་བྷ་སྭ་རྦ། རཀྟ་རཀྟ། བཛྲ་ཛ་ར་ནན། སརྦ་བྱ་ཏི་ནན། སརྦ་ཨ་ར་ག་ནན། ཚ་ལི་པ་ཕེ་ལི་པ། ཚེ་དྷ་ཡ། ན་ཤ་ཡུ། པ་ཀ་ཡུ་བྱ་བརྡ་ཡ། ཤསྟི་ཀུ་རུ་གྲྭ་ཧྭ། ན་མོ་ཏྲེ་ན་ཏྲེ་ན། མྱི་ན་མྱི་ན། ས༷་ཀ་ར་ར། ཤ་ནམ་ཆ་མྱི་སོ་བྱུང་། བྱ་ཀག་ལ་ཨར་གྱི། ཙྭ་ན་ཏི། ཞང་མང་པོམ༷་ག་ལ། ཡི་ལི་ཡ། ཧ་ཏྲ་ནི་ཕུ་གྲྭ་ཧྭ། པི་པ་ཡརྙི། ག་ན་སརྦ། པྲ་མོ་ཀ་ན། བྱ་བརྟ་ཡ་ཧུ༷་ཕཊ། བཛྲཛ་ར་ནན། སརྦ་བྱི་ཏི་ནན། སརྦ་རོ་ག་ནན། སརྦ་གྲ་ག་བི་ག་ནན། སརྦ་པྲ་ཀོ་ནན། སརྦ་པྲ་མོ་ཀ་ན། ན་ཤ་ལྭ་ན་ཤ་ལྭ་ཧུ༷་ཕཊ། ཨོ་བཛྲ་བོ་དྷི་ཙིརྟི། ཀུ་ས་ཀུ་ས། ཀུ་རུ་ཤ་ཀུ་རུ་སོ། བཱ་ཧྲི་སེན་མེན་ཡོ་གྲྭ་ཧྭ། ཀྲོ་ཏ་ཀྲོ་ཏ། སརྦ་དུན་ཏྲ་ནན། མ་ཙི་ར་ན། མ་ག་ན་ཤ་ཡ། དུ་སྟ་ཚེ་ད་ཡ། པ་ཁ་ཡུ། ན་ཤ་ཡུ། བི་རི་ཤ་ཡུ། དུ་སྟ་སྟ༷་བཱ་ཡུ།མྱེ་ག་ཤ་ཡུ། བ་རི་ཤ་ཡ། ཚེ་དྷ་ཡ། ཨོ་གདྷ་ཧ༷། སརྦ་ཙ་ལ་ཙ་ལ་གྲྭ་ཧྭ། མེ་ག་སྙན་གྲྭ་ཧྭ། དྷ་ར་གྲི་ན། ཨོ་ཀ་ལུ་མེ་ལུ་སྟ༷་བཱ་ཡུ། ཤ་ལ་བར་ཤ༷་དུ་ཤ་ར་བར་ཤན་ཙ་ལུ་ཙའི་གྲྭ་ཧྭ། པ་ནི་ཚེ་ད་ཡུ། པ་ཀ་ཡུ། བྱ་བརྟ་ཡུ།ན་ཤ་ཡ་ཧུ༷་ཕཊ། ཨོ་ཧེ་ཧེ། ཏིགི་ཏིགི། བརྙ་བསྟོ། ནི་རུ་དྲ་ནི་རུ་་། ལྷས་བྱིན་མུར་ཙ་ཡ་ནི་གྲྭ་ཧྭ། ཨ་ཤོ་ཏི་ཐོ། ཧུ་ལུ་ཧུ་ལུ་ཡ་ཏྲ་པོར་ནི་ཐོ། ཧུ་ལུ་ཧུ་ལུ། ཏྲེ་ཁའི་བ་མ་ཙ་ཡུ། ཧྭ་ལུ་ཧུ་ལུ་གྲྭ་ཧྭ། ཨོ་གུ་རུ་ར་ཙཀྲ་བཱ་ཏི། སི་ཏུ་དྷ་ར་ར་ཙ་ཧ༷། ས་བོང་བཱ་ཁུ། ཏྲ་མོ་རོ་ལ་ཧུ༷། བ་རུ་ར་ཀོ་བི་ལ། ཧི་མགོ་ལ་ཛ། ཨོ་རོག་སོག་སོད། བྱ་ཏེ་པ་ཏྲ་སོད། རསྒ་ཏི་སོད། ཤན་ཏེ་ཀྱེ་ཡ་སོད། གཞུང་དྲིལ་གཞུང་དྲིལ་སོད། །གསང་སྔགས་འདི་རྣམས་བྱིན་རླབས་ཀྱིས། །སྡུག་བསྔལ་གྱིས་གནོད་གསོ་བར་བྱེད། །འབྲུ་བཅུ་པ། པ་པི་ཤརྙི་ནཱ་ག་བེ་ཤ སརྦ་ཙ་ལི་པ་ཕེ་ལི་ཕ། ནཱ་ག་ཀྲོ་ཏ་ན་ཤ་ཡ། ཨུ་ཏ་ཙ་ཡ་ཕཊ། པི་པ་ཡརྙི། ནཱ་ག་ཏྲེ་ཤད་མ་ར་ཡ་རྦད། བོ་ག་ལི་སུ་ཏྲ་བ་ཤཨ་ལི་དུང་ཛི་ཏི། ཨོ་ཀ་རི་ཁ་ཛ་ཧི། ཐ་ག་རི་ཛ་ཧི། ཨ་ར་ཐ་ར་ཙ་ཧི་བེ་ཤ། ཧ་རུ་ཧ་རུ་ཧ་བ་ཤ བརྙ་ད་ཧི་ན་བེ་ཤ རུ་མི་རུ་མི་བེ་ཤ་ཡ། དྷི་ཁོ་མ་ཧི་ག་རུ་ར། ཀྲ་ཏ་མ་ག་ཉ་ན་དྷི་བི་སྟི་ཤོ །གག་ཤིཐ་ཏི། བན་དྷ་ཧེ་ར།ནི་བི་ཤ ན་ལ་ཀརྙ་ཀརྙ་ཧི། ཛི་ར་འུ་ཛ། བ་ར་བི་ཤ་ཧི། ཨོ་ཧི་ས༷་ཧ་ས། ཀ་ལིང་ཧ་ས། ཀརྨ་ཛི། མ་ཧྭ་དྷི་བི་ལ་གྲུངས། ཨོ་ན་མོ་བྷ་ག་བ་ཏི་བ་ལེ་ཁ་ཕུར། ཨ་ཏར་ཕུར། བྲི་ཕུར་སོད། བཱ་ར་ཡ་མུ་ར་ཡ་སོད། ལ་ཙི་སོད། བཛྲ་པ་ནི་པ་ནི་སོད། ཧྲེད་དྷི་ཧྲེད་དྷི་སོད། ཏི་ཀ་ཙྭ་ན་སོད། ན་མ་དུ་རུ་སོད། བུ་ཙ་ཡོ་བི་ནི་སོད་སྲུ་ཧྭ། ཨོ་བྲ༷་ཟེ་ལོ་ན་ལོ་ན། ཐུ་ན་ཐུ་ན། མ་སྙད་དང་རྒྱབ་ན་ག་དྷ་བ་ཧུབ། ཧ་བི་ལྷབ་ཟངས་མ།རྩལ་གསུམ་ཧར་ར་རྦེ། ཞི་ན་རང་དུ་ཞི། དུ་ན་རང་དུ་དུ། ནད་ཀྱི་ཕལ་ཙོ། ཨོ་ཧ་ར་ཡེ་ཕུ། པདྨ་ཧ་ཏེ། ཕུ་ར་སར་པར་ནམ་ནམ། བྱ་ཤི་བྱིར་ཤི། སྤྱི་ལིང་སྤྱི་ལིང་། ཤིང་ཕུར་ཕཊ་ཕཊ་གྲྭ་ཧྭ། ཨོ་མ་ཙ་ལི། མོ་ཙ་ཡེམཀྟ་ཡ། ཆེ་གེ་མོ་ཛི་བ༷་ས་ར་དེ་སྲུ་ཧྭ། ཨོ་ཏ་ར་ནི། ཏ་ར་ཡ་མོ་ཡུ། མོ་ཀྟ་ནི་མོ་ཀྟ་ཆེ་གེ་མོ་ཛི་བ༷་པ་ར་དེ་གྲྭ་ཧྭ། ཨོ་ཨ༷་པ་ར་ནི། ཛི་བ༷་ཏི་ཡེ་གྲྭ་ཧྭ། ཨོ་ཀི་ལི་ཀི་ལི་ན་ཡ་གྲྭ་ཧྭ། ཨོ་བིག་ཤི་བིག་ཤི་གྲྭ་ཧྭ། བིག་ཤི་བིག་ཤི་གྲྭ་ཧྭ། ཨོ་ཧ་ར་ཧ་ར། ཁ་ར་ཁ་ར་སྲུ་ཧྭ། སྲིད་བྲ༷་ཟེ་པ་མ་མེ་པྲ་མ་སོད། གསང་སྔགས་འདི་དག་བྱིན་རླབས་ཀྱིས། །དགོས་འདོད་རྣམས་ནི་འགྲུབ་པར་བྱེད། །སརྦ་ས༷་པོ་ཀ་པྱེ། སྤུརྙུ་ཀུ་སྲ པ་ཤ༷་ཀུ་སྲ པ་ཏྲ་ཧྲི། ཨོ་ཀ་མ་ལ་བ་སི་ནི། ཀ་མ་ལེ་མ་ཧྭ་ལ་ཀྟར་ཇོ་མོ་ཏི། ཏོ་པ་ཏ་རེ་གྲྭ་ཧྭ། ཆེ་གེ་མོ་ཨ་ཀར་ཤ་ཡ་ཧྲི་ཛ། པ་ཤ༷་ཀུ་རུ་ཧྲི། ཨོ་ས་བུརྙ་རི་ནི། ཧེ་ཧི་དྷ་དྷ་ཕ་མ་གྲྭ་ཧྭ། ཨོ་བེ་མོ་ཧེ། ཧྲི་ད་ཡ། མ་པ་ཏ་ནི་ཧུ༷་ཕཊ་གྲྭ་ཧྭ། ཐེ་ཐོ་བ་ཤ་ཀུ་ན་ཏ། ཨུ་རི་ཡང་མོ་ཤ་ནན། ཨ་ཡུ་ཙྭ་ན་ཡུ། ཚེ་ཨ་བ་ན་ཡ་བྲུ༷་གྲྭ་ཧྭ། ཀྭ་ཡ་ཝ་ཀྭ་ཙིསྟ་གུ་ན་ཀརྨ་སརྦ་སིདྷི་ཧུ༷། གསང་སྔགས་འདི་དག་བྱིན་རླབས་ཀྱིས། །པྲ་དང་རྨི་ལམ་འགྲུབ་པར་བྱེད། །ཨོ་ན་མ་སྤྱི་ལ་ཙརྙ་ཡ།དེ་བ་བུ་ཏྲ་ཡ། དེ་བ་བུ་ཏྲ་ཡ། ཏྲི་སད་དེ། ལོ་ག་ས་རྨྱེ་ན། པ་རི་གི་ཧ་བ་ཏེ། སད་དེ་ན། ད་མ་ཏི་ཧོ། ལོ་ག་སད་ཧ༷། མ་མ་ས་ན་ཏ་ན༷། བུརྙ་ཤ་དར་མ་ཤ་ས༷་ག་ཤ གུ་ཤ་གར། ཨ་ནེན་སང་ཏུ། བ་ཀྱེ་ན་སྤྱི་པྲ། མ་བི་ཤ་དར་པུ་ནི། ཏབྱ་ཐུ། ཨོ་ས་ར་ས་ར། སི་རི་སི་རི། སུ་རུ་སུ་སྲ མེ་རུ་ནན། ར་པྲ་ཏི་ཀ་ཤ ཨ་བེ་ཤ་ཡ། ཨ་བེ་ཤ་ཡ། ཀེ་ལ་ཤ་ཀུ་ཏྲ་པྲ་ན་མ། ཨོ་ཡར་མི་བར་ཏེ། དེ་བ་ན་ན་ག་ལི། སྟ་བཛྲ་ཨ་པ་ཤ་ཡ། ཨ་བེ་ཤ་ཡ།ཨེ་ཤ་ཡ། ཨོ་ན་མ་སརྦ་ཏ་ནན། ས༷་མྱག་ས༷་བུརྙ་ཀི་ནི་ནམ། ཏབྱ་ཐ། ཨོ་ཙ་ལེ་ཙུ་ལེ་ཙརྙ། མ་ཧྭ་སྦྱེ་དྷི། ས་ཧ་བ་ཏི་ནི། ཀ་ཏ་ཡ་ཀ་ཏ་ཡ་གྲྭ་ཧྭ། གསང་སྔགས་འདི་ཡི་བྱིན་རླབས་ཀྱིས། །ཆར་པ་འབེབས་དང་གཅོད་པར་བྱེད། །བ་རི་ཤཱ་ཡུ། པ་ཏ་ཡ་པ་ཏ་ཡུ་གྲྭ་ཧྭ། བ་ར་ཤ་ཡུ། སྟ༷་པ་ཡ་སྟ༷་པ་ཡ། བ་ཏྲ་ཡི་ནི་བ་གའི་ཐེབ་ཐོ་ཡུ་བ། ན་ག་ན་ག་ན་ག བ་རི་ཤ་ཡ། བ་རི་ཤ་ཡུ། པ་ཏ་ཡ་པ་ཏ་ཡ་གྲྭ་ཧྭ། གསང་སྔགས་འདི་ཡི་བྱིན་རླབས་ཀྱིས། བགེགས་གཟིར་མནན་སྡོམ་བཅད་བསྐྲད་བྱེད། །ཆེ་གེ་མོ་ཨ༷་གུ་ཤ་ཛ། ཛ་ཧྲི་དུན་ཨ། ཧུ༷་ཏྲི་ཏྲི་མ་ར་ཡ། ཁ་ཁ་ཁུ་ཧི་ཁུ་ཧི། མ་ཧྲི་གུ་རྒྱ་གྭམ་མ་རག་ཤ་དུན་ཚེ། ཙཎྜལི་མ་ར་ཡ་ཛ་ཛ། ཆེ་གེ་མོ་སྟ༷་པ་ཡ་ནན། ཤ་ཏྲུ༷་ཨ་མུ་ཀ་ཀུ་རུ་ལ༷། མ་མ་ཨར་ནི་ཤན། ཡ་མ་ཨོ་ནི་ཤན། ཡ་མ་ཨོ་ནི་ཤན། དུ་རུ་རག་ནི་ཤན། ཙཀྲ་ཁ་རེ་ས་ས་སིལ། ཤིག་ཤིག་ནན། ཕཊ་ནན། ཏབྱ་ཐུ། མ་མ་ཏྲག་རཀྟ། མ་མ་ཙ་སྙིང་ཁ་རག་ནན། ན་ག་ན་་་་་ག་ན༷་ཕུ་སྟ༷་པ་ཡ་ནན། བཛྲ་ར་ཏྲི་ཏྲི་ཡ་ནན། ར་ཙི་ཏྲིག་ཤོག་བ༷་རྨུགས། ར་ཙ་ཀུ་ལི། ཚུ་འུ་ཐུ༷་ཚུ་འུ་ཐུ༷་གྲྭ་ཧྭ། ཁ་ཏ་ཁ་ཏ། ཡ་མ་ཙན་ཏྲི་ནན། འགོང་པ་ཡང་ཏྲི་ནན། འབྱུང་པོ་ནན། རྩ་དམར་རྩ་དམར་ནན། མེ་རུ་ཙེ་མེ་རུ་ཙེ་ནན། བཛྲ་ཏ་ར་ཡ། མ་ར་ཡ་ཤི་ཏི་ཀི་ཏྲི། ད་ར་ཡ་སོད་ཡ། པྲ་ལ་ཤསྟི་ནི། ཡ་ཏུ་ཏྲི་ཛྲནན། ཏ་ན་ཏྲི་ཛ་ཡ་སྟམ་པ་ཡ། ཧུ༷་བཛྲ་མ་ར་ཡ་ཏྲི་ཛ། མ་ཏྲི་ཡ། མ་ཞུང་ཏྲི་ཡུ། མ་ཞུང་ཏྲི་ཡུ། ཛ་ཛ་ནན།སྲིན་མོ་བི་ཛ་ལྭ། ཧུ༷་ཧྲི་ཐ་ཡ། སྟིརྙ་ཡ། སརྦ་བྷ་ཀྟ་ནི། ཤི་བ་ཤི་བ་ན་ནི་ས་ར་ས་ར། ས་ར་བྱི་ས་ར་བྱི། ས་ར་སརྦ་དུ་་ནན། བྱི་ཏི་ནི་ཤོ་ཤ་ན་ནི་ནན། དང་ལམ་ཏྲི་ཡ་ནན། མ་ཞུ་མ་ཞུ་ཡ་ནན། ད༷་ཏྲི་ཕྲི་མ་ར་ཡ་ཏྲ་མ་ར་ཡ་རྦད། སྐྲུ་མུ་ཁ༷་དུ་་བིསྣན། སརྦ་གྲ་ཡོ་ག་ཏྲ་བིསྣན། ཨ་གྲ་མ་ཏི་ཏིསྦ། གསྣྲོ་གསྣྲོ་ཏྲ་ཤ་ནན། སརྦ་གྲ་ཧ་བིསྣན། ཨུ་ཙ་ཐ་ཧུ༷་ཕཊ། གསང་སྔགས་འདི་ཡི་བྱིན་རླབ་ཀྱིས། ། འགལ་བ་ཆམ་ལ་འདེབས་པར་བྱེད། །ཨོ་ཧེ་ཧེ་ཏི་སྟ་ཏི་སྟ། བྷསྟོ་བྷརྙ་དྷ་ར་ཡ་དྷ་ར་ཡ། ནི་རུ་དྷ་ན་ནི་རུ་དྷ་ནི། ལྷས་བྱིནཨུར་ན་མ་ནི་སྲུ་ཧྭ། ཧྲི་ཏྲི་མི་ཏྲ་ཏྲིས་སྟ། བརྙ་སིད་སྟ་ཏས་ཀར་རམ་ཧ་ཐ་མ་བརྙ་ལ། ཡོ་ལམ་འདེ་སེ་སད། དྲུག་དེ་སོད། དུན་ཙེ་སོད། བི་པ༷་སོད། ཞིང་ཐུན་རི་ལི་རི་ལ་སོད། བི་ཀྱི་རི་པི་ཀྱི་རི། ཏིག་རིག་ཏིག་རིག མོན་ལ་ར་ཟེར། ཟར་ཏ་ནི་ཟར་ཏ་ནི་ཕཊ། མ་ཧྭ་ཀྲོ་དྷ། སརྦ་རུ་ཏི་ན། གྲ་ཧ་ཤ༷་སྙ༷། ཛ་ལ་ཡ་ཡ། སརྦ་རུ་ཏྲི་ནི། ཨི་ལན་ད་ཏི།མ་ཙ་ར་ན། གྲི་ཧ་བན་དྷ་ཡ། ན་ཤ་ཡ། བྷ་མི་ཀུ་རུ་་ཕཊ། ཨ་མུ་ཀ༷་ཤ་ཏྲུ༷་བྷཀྟ་ན་རསྒ། ལྷས་བྱིན་ལུ་ཙ་ཏ་ཡ་ཧུ༷་ཕཊ། ལྷས་བྱིན་དང་སྔོ་་སངས་འབིད་དེ་ཤ་ཡ་ཧུ༷་ཕཊ། ལྷས་བྱིན་གྱི་ཙག་རྙུ༷་ཙ་ལ་པ་སེ་ལི་པ། ངན་ཤ་ཡ་ཧུ༷་ཕཊ། ལྷས་བྱིན་གྲིཏྣ་གྲིཏྣ། ཨ་ཀད་ཏ་ཡ། ཨ་ཀད་ཏ་ཡ། ཨ་ཀ་རི་ཤ་ཡ་ཧུ༷་ཕཊ། མ་ཧྭ་ཀྲོ་་དྷ་ལྷས་བྱིན་གྱིས། དེ་བ་སརྦ་པྲ་བེ་ཤ་ཡ། ཧ་ས་ཡ། ཧ་ཧ་ཡ་ཧུ༷་ཕཊ། ལྷས་བྱིན་ཨ་བེ་ཤ་ཡ། ཨ་བེ་ཤ་ཡུ། པྲ་ཡོ་་ཤ་ཧུ༷་ཕཊ། བི་པ་ཡན་ཏི་ད་ར་གི་ན། བྷརྙ་བྷརྙ། བཛྲ་ཤི་ཀ་ལེ། བྷརྙ་ཡ། མོ་་ཧ་ཡ་ཀུ་རུ་་ཧུ༷་ཕཊ། མ་མ་སརྦ་ཤ་ཏྲུ༷་ལྷས་བྱིན་གྱིས་མ་ཙ་མེ་ཧ་ཧ་ཧ་ས་མ། མ་ས་ཛི་བ་པུ་ཀ༷། རོ་་ཏྲི་ར་ཕྲི་ཡ༷་བྷག་ནི། བ་ལིང་ཨི་དམ་གྲིཏྣ་གྲིཏྣ།ཁུ་ཧི་ཁུ་ཧི། རཀྟ་པི་བ་རྟ་། ཨ་ཏི་ཀྲ་མ་ས་མ་ཡེ་གྲྭ་ཧྭ། ཨ་མུ་ཀ་པྱེ། པི་པ་ཡརྙི། ཨ་ཀར་རི་ཤ་ཡ། དྷ་ར་ཨ་གད་དྷ། བརྙ་བརྙ། མོ་་ཧ་ཡ་མོ་་ཧ་ཡ༷་ཀུ་རུ། ལྷས་བྱིན་དྷ་ར་ཁ་ཏ་ཕཊ་ཏ་ཡ། ཚེ་ཏ་ཡ་བཱ་ར་ཡ། ཚིསྟོ་ཡ།ལྷས་བྱིན་ཨ་ཀཁོ་ཡ། གྲི་ན་ཧྭ་ན་བརྙ། ཏ་ཏ་ཡ། ཤི་ཏྲ་གྲ༷་ཧ་ན་ཡ། ཛ་ལ་པ་ཡ། ཨ་བེ་ཤ་ཡ། བརྙ་ཡ་མ་ཙི་ར་ན། ཀརྨ་ཀུ་རུ་་ཧུ༷་ཕཊ། ལྷས་བྱིན་མྱ་ར་ཡ། ཤི་ར༷་སྟ༷་པ་ཡ། ཀི་ནི་མུ་ཀ་སྟ༷་པ་ཡ། ཧྲི་ད་སྟ༷་པ་ཡ། པ་ད་སྟ༷་པ་ཡ། ཀ་ལ་ཡེ་སྟ་ཧུ༷་ཕཊ། མ་ཧྭ་ཀྲེ་དྷ། སརྦརུ་ཏྲིན། ལྷསབྱིན་ལ་བྱི་ཤ་བྱ་ཏི་རོ་་ག་སརྦ། ཨུ་བེ་ཤ་ཡ། ཨུ་བེ་ཤ་ཡ། མ་ཙ་ར་ན། ཀརྨཀུརུ་ཧུ༷ ཕཊ། ལྷས་བྱིན་བཱ་ར་ཡ། ཀི་ལ་ཡ་ཏ་ཧུ༷་ཕཊ། ཤ་རང་གིལ་ཡེ་ཏེ་ཧཱུཾ་༄༅།༷ །ཕཊ། མ་ཀུ་ཀི་ལ་ཡེ་ཏེ་ཧུ༷་ཕཊ། པ་ཏ༷་ཀི་ལ་ཡེ་ཏ་ཧུ༷་ཕཊ། མ་མ་སརྦ་ཤ་ཧྲུ༷་ཨ་མ་ཧི་ཧམ་ཀི་ལ་ཡེ་ཏ་ཧུ༷་ཕཊ། ཨ་དུ་ཁྲུ༷་བྲུ༷། རག་ཤ་ཕྲེ་ཕྲ༷་སིག་ནི་མྱེ། དྷ་ར་དྷ་ར། སུ་རུ་མེ་ས་ཧུ༷་ཕཊ། ཧབ་ཚལ་ཐྲི་ལྷི་གུར་ཤ་དུ་ཕྲོ་ཏེ་རྒྱབ་གཟེར་ནན། ཨ་ན་ཡོ་ཏ་ཡ། ད་ན་པརྩི་ཡུ། ཨ་སུ་སྲ ཨ་བྲག་བྱི་ཏ་མ་ཆུ༷་ཧུ༷་ཕཊ། ཨ་མུ་ཀ༷་ཙྭ་ན་ཛ་ལེ་ནེ། ད་ཧ་ད་ཧ་ན་ཤ་ཡེ་ཧུ༷་ཕཊ། ཨ་མུ་ཀ་པྱེ། བཛྲ་མུད་ཧ་རེ་ན། མུད་ཁ་དན་ཏེ་ན། ཧ་ན་ཧ་ན།ཏ་ཐུ་ཡ་ཏ་ཐུ་ཡ་ཧུ༷་ཕཊ། ལྷས་བྱིན་ད་ཧ་ད་ཧ། པ་ཙ་པ་ཙ་བ་སྨྱི་ཀུ་རུ་ཧུ༷་ཕཊ། སརྦ་རུ་ཏྲི་ན། མ་ཙ་རི་ན། ལྷས་བྱིན་ཀ་ཡ་ཨ་ཡུ། ཛི་བེ་ཏ་ཐུ་ཡ། ན་ཤ་ཧུ༷་ཕཊ། མཧྭ་ཀྲོ་དྷ། ལྷས་བྱིན་ཛི་བ༷་ཚེ་ད་ཡ་ན་ཤ་ཡ་ཧུ༷་ཕཊ།ལྷས་བྱིན་བརྙ་བརྙ། བི་ཏ་ཡ། སྟ༷་པ་ཡ་སྟ༷་པ་ཡ། ཨོ་ལ༷་ཧུ༷་ལ༷། ན་ག་ཤ་ཤུ་པ་རྒྱ་པ་ཀི་ཙི་ཏེ་ཤུ་ལུ་གུས་ཏ་ར་སྭ་ཧྭ། ནཱ་ག་ན༷་པུ་ལྷས་བྱིན་ཙིསྟ་ཤད་ཤ༷ ད། སྟི་སྟ་རྦད། ཐུ༷་རི་ལི་ལི། ནཱ་ག་གུར་ལི༷་མ་སྙིང་ཕྲག་པ་མོ་རུལ། །ནཱ་ག་སྙིང་ཁྲ༷ག་བ༷་རྨུགས་ནཱ་ག་བཛྲ་དམ་སྟ༷་ཛ། ན་ག་ནན། ནག་ཧུ༷་ཡ་ནན། སྲི་བྱི་དུར་ཤ་ཛ་ཧ་ཧ། ནཱ་ག་རི་དུང་། ཧ་ན་ཏ་དུན་ཤ་ཐོབ། ནཱ་ག་ཕྲོ་ཤི་ཕོབ། རྨུགས་ཐིབས་ལིང་ཤར་ཕྲོ་ཕྲོ་དུ་ཕྲོ། དྲ་ཐུན་སྲི་ཤ་ཕོབ། ཨ་ཕྲི་ཤ་ཧ་རེ་ཕྲོ་ཕྲོ་ཤར། མ་ཤི་ནཱ་ག་ལེ་ཧབ་ཤ་ནག་པོ་དྲག་དུ་ཕྲོ། དུ་ཡ་དུ་ཡ་ཛ་ཤ་ཏ་ག་ཡ་མ་ཕྲ་དུ་ནན། ཨོ་ག་པི་ནག་པོ། ཙི་ཏོ་ཙི་ཏོ། རག་ཐོ་རག་ཐོ། བུ་ལུ་བུ་ལུ། དུ་ན་དུ་ན། རག་་་་རག་་།ཡ་རག་་་་ཡུ་ཡ། རག་ཁོ་ཡུ། སི་པ་ཡ་སི་པ་ཡ། ཕཊ་ཕཊ། ཕྱི་ཕྱི་ཧུ༷་ཧུ༷་ཕཊ་ཕཊ། ཤར་ཤར་སྨྱོ། ཏྲག་རག་མོ་དྲིལ་ཤག་རྦད། སེ་ར་ཧིལ་ཤར། ཨོ་ས་མ་ཡ་སྨྱོ། རུ་ལུ་རུ་ལུ། མ་མ་ཏྲག་རག་ཤ་ཧྲིལ་ཧྲིལ་སྨྱོ། ཨོ་ཤུ་ཀེ་ར་ཧུ༷་ལ་ཧུ༷་ཤག་ཧྲིལ་སྨྱོ། ཨོ་སེར་ཁྲག་མུ་ཤུམ་རྔུབས་གྲྭ་ཧྭ། ཨོ་ར༷་ཏྲ༷་ཐུན་ཐུན་ཤག་ཧྲིལ་རི་ཤར་སྨྱོ། ཨོ་ཡ་མ་ཙ་ར༷་ཧྲིལ་ཤར་ར༷་ར༷། ཨོ་ནཱ་ག་ཧྲིལ་སེན་ཤག་པ་དུན། ས་མ་མ་ཧྲིལ་སྨྱོ། ཀུས་ཏ་སྟར་པ་ཀུ་ཙི། ཏེ་ཧེ་རག་ཤ་དུན་ཏྲི་ཡ་ཐིང་ཐིང་། པ་ར་ཏ་ཏྲི་ད་ཁོང་ཏྲི་ད་ར་ད་ར་ཧུ༷་ཕཊ། ཨ་མ་ག་ལ་ནི་སྨན་མེ་ཡ། དུར་ནི་མི་ཏ་སརྦ། ལྷས་བྱིན་ལ་ཨ་བེ་ཤ་ཡ། གསང་སྔགས་འདི་རྣམས་བྱིན་རླབས་ཀྱིས། །སྡིག་བཞིན་ལས་བཞིན་རྒྱུན་གཅོད་ཅིང་། །ངན་སོང་སྦྱོང་བར་བྱེད་པའི་མཆོག །སབོ་བཱ་པ༷། རྨ་བར་རྣ་ཤཱརྙི་ཀུ་རུ་གྲྭ་ཧྭ། ན་མོ་རད་ན་ཏྲ་བཱ་ཡ། ཀ༷་ཀ་ནི་ཀསྐོ་ནི། རོ་ཙ་ནི་རོ་ཙ་ནི།ཧྲོ་ཏ་ནི་ཧྲོ་ཏ་ནི། ཏྲ་ས་ནི་ཏྲ་ས་ནི་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་ར༷་པ་ར་ནེ་ཡེ་གྲྭ་ཧྭ། ན་མོ་བྷ་ག་བ་ཏེ། སརྦ་དུརྒ་ཏི། པ་རི་ཤོ་དྷ་ནི། ར་ཛ་ཡ། ཏ་ཐུ་ག་ཏ་ཡ། ཨ་ར་ཧ་ཏེ། ས༷་མྱག་ས༷་བུརྙ་ཡ། ཏབྱ་ཐུ། ཨོ་ཤོ་དྷ་ནི། ཤོ་དྷ་ནི། སརྦ་བཱ་པ༷་བི་ཤོ་དྷ་ནི། ཤུསྟེ་བི་ཤུད་དྷི་སརྦ་ཀརྨ། ཨུ་པ་ར་ཁི་བི་ཤུརྙེ་གྲྭ་ཧྭ། གསང་སྔགས་འདི་རྣམས་བསྟན་པ་ཡང་། ལས་ཀྱི་དུས་སུ་ཤེས་པར་བྱ། །ཨ་མུ་ཀ་པྱེ། སརྦ་ཤ་དུ་ནན། སརྦ་བིསྒྱུན། སརྦ་བཛྲ་ཛ་ར་ནན། སརྦ་བྱ་ཏི་ནན། སརྦ་རོ་ག་ནན། སརྦ་བི་ཤ་ནན།སརྦ་དུ་ཏྲི་མི་ཏ་ན། སརྦ་ཀ་ལ༷་ག་ལེ་ནན། སརྦ་བཱ་པ༷་ཀརྨ་པརྣ་ནན། ཤཱརྙི་ཀུ་རུ་ན་མ་གྲྭ་ཧྭ། ཨ་མུ་ཀ་པྱེ། སརྦ་གྲ་ཧ་བི་ག་ནན། སརྦ་བཛྲ་རྭ་ཛ་ནན། སརྦ་བྱ་ཏི་ནན། སརྦ་རོ་ག་ནན། སརྦ་ཨ་མ༷་ག་ལེ་ནན། སརྦ་བཱ་པ༷་ཀརྨ་བ་ར་ནན། ཀ་ཡ་བྱི་ཏེ། ནརྙེ་སྨྱོ་བ། ཚིལ་ལི་ཕ ཕེ་ལི་པ། ཨ་རེ་ཤ་ཡེ་ཧུ༷། ཨ་མུ་ཀ་པྱེ། སུ་ན་པྱེ། ཐྲེ་པྱེ། ཏེ་ཙ་པྱེ། ཨ་ཡུ་པྱེ། ཛི་བ༷་པྱེ། སརྦ་ལ་པྱེ། སརྦ་ས༷་པ་ཀ་པྱེ། ཚུརྨྱེ་ཀུ་རུ་ཧུ༷་མ་ན་གྲྭ་ཧྭ།ཨ་མུ་ཀ་པྱེ། ཀ་ཡ་བཱ་ཀ་ཙིསྟ། ཨ་ཡུ་ཕྱེ། ཛི་བ༷་པྱེ། ཤི་ཏེ་ཙ། སརྦ་རཀྟ་རཀྟ། ཨ་མུ་ཀ་སེ། པ་ཏ་ཡརྙི། སརྦ་གྲ་ཧྭ་བི་ག་ནན། ཨ་ཀ་རི་ཤ་ཡ། ཨ་མུ་ཀ་པྱེ། དྷ་ར་ཨག་ད་ཏ། བྷརྙ་བྷརྙ། ཧིས་མ་བརྙ་ཀུ་རུ། བཛྲ་ཤི་ཏ་ཁ་ལེ་ན། བྷརྙ་ཡ། མ་ཧྭ་ཀུ་རུ། པ་ཤང་ཀུ་རུ་ཧ༷་ཧོ། ཨ་མུ་ཀ་པྱེ། སརྦ་གྲ་ཧྭ་བིསྒྱུན། ཀི་ལ་ཡ་མི། ཏྲ༷་པ་ཡ་མི། ཨ་དྷ་མ་ཧྭ་པ་ཤ༷་ཀུ་རུ་ཧ༷་ཧ༷། ཨ་མུད་ཀ་རེ་ན། མུད་ཁ་དན་དེ་ན། ཏབྱ་ཐུ། ཧ་ན་བི་ཙི་ད་ཏྲ། པྲ་ཧ་རེ་བྱ། ཧ་ན་ཧ་ན། ད་ར། ཁད་ཏ། ཕཊ། ཚེ་དྷ་ཡ། མྱ་ར་ཡ། ཨ་མུ་ཀ༷། མ་ཧྭ་ཀྲོ་དྷ་ཛ་ལ་ནེ་ནེ། ད་ཧ་ད་ཧ། བྷསྨི་ཀུ་རུ་སྭ་ཧུ༷་ཕཊ། བ་ར་པ་ཏེ། ན་ཚེ་དྷ་ཡ། མནྟྲ་ཏྲི་ཏ་ཀུ། ཁརྟ་ནི་ནན། པྲ་མོ་ཀུ་རུ་སྟ། སརྦ་པ་ལ་ནན།སརྦ་ཏེ་ཙ་ནན། བྱ་བ་ཏ་ཧུ༷་ཕཊ། ཨ་མུ་ཀ་པྱེ། ཨ་གདྷ་ཡ། ཨ་རི་ཤི་ཡ། ཕ་ཊ་ཡ། ཙན་དྷ་ཡ་སྟ༷་པ་ཡ་ཧུ༷། ཨ་མུ་ཀ༷་དུརྟ་བིསྒྱུན། སརྦ་གྲ་ཧ་བིསྒྱུན། སརྦ་བཛྲ་ར་གྲ་ཡོ་ཏ་བིསྒྱུན། ཨ་ཏྲ་མ་ཏྲི་ཏི་ཤུ། གསྣྲོ་གསྒོ ཏྲེ་ཤ་ནན། སརྦ་གྲ་ཧྭ་བིསྒྱུན། ཨུ་ཙ་ཏ་ཡ་ཧུ༷་ཕཊ། ཨ་མུ་ཀ༷་ཨ་ཏྲ་པ་ཡ། གྲ་ཧ་བིསྒྱུན། བ་ལ་མེ་ལ་ཀ སརྦ་བི་པོ་ཏ་ཡ། ཧྲོ་ཏ་ཏོ་ཏ། སརྦ་རུ་ཏྲི་ནན། མ་ཙི་ར་ན། ཀརྨ་ཀུ་རུ་ཧུ༷་ཕཊ། གྲི་ན་ཧ་ས་ཡ། ར་ཏྲི་ནན། ཛ་ལ་པ་ཤཨུ་བེ་ཤ་ཡ། ཙན་ད་པིན་ཏ་ཡ། ཀྲ་ན་ཧ་ན། སྣ་ཧྭ་པ་ར་སྨི། བཛྲ་མ་པ་ཙ་ར་སྲ མ་སྨི་པ་ཤ༷་ཀུ། མ་མ་རྙོ་ན་ཀ་ར། ཨ་ན༷་དུ་སྟི། མ་མི་ཀ་ར་ཡུ། ཕྲ་པ་པ་ཡ། པ་ཀ་དུ་སྟ་ཀ་ཏ། སརྦ་པྲ་མོ་ཀ། ན་ཤ་ཡ། དུ་སྟ་ཀི་ནི། པྲ་མ་ཀ་ན། དུར་པི་ཏི་ན། ཨ་པ་ན་ཡུ། ཨ་པ་རོ་ཙེ། ཀྲི་ཧྲི་ཏ་གྲི་ཧ་ག་ཚ། སརྦ་བུརྙ། སྟ་ན་གྲི་ན། ཧ་ན་མི། པ་ཙ་པ་ཙ་ར། ས་སྟི་དྷ་ཡ་ཧུ༷་ཕཊ། རྩ་སྔགས་བྱེ་བྲག་གཟུངས་སྔགས་དང་། དྲག་པོ་ལ་སོགས་བསྟན་པར་བྱ། །ཨོ་བཛྲ་བཱ་ནི་ཧུ༷། ཨོ་ཙཎྜ་མ་ཧྭ་རོ་ཥ་ཎ་ཧུ༷་ཕཊ། ཨོ་ནི་ལ༷་བ་ར་དྷ་བཛྲ་བཱ་ཁི་ཧུ༷་ཕཊ། ཨོ་ཙཎྜ་མ་ཧྭ་རོ་ཥ་ཎ་བཛྲ་བཱ་ཁི་ཧུ༷་ཕཊ། ཨོ་པུསྟ་སྐྲུསྟ་མ་ཧྭ་ཀྲོ་དྷ་ཧུ༷། སིད་དྷི་སིད་དྷི། སྤྲོ་ཊ་ཡ་ཧུ༷་ཕཊ། ཨོ་བཛྲ་ཙཎྜ་སརྦ་དུཧཱུཾ་དུ་ག་ཧ་ན། ད་ལ་པ་ཙ་ཧུ༷་ཕཊ། ན་མོ་རཏྣ་ཏྲ་ཡུ་ཡ། ན་མ་ཙཎྜ་བཛྲ་བཱ་ཎ་ཡེ། མ་ཧྭ་ཡཀྟ་སེ་ནཱ་པ་ཏ་ཡེ། ཨོ་ཙཎྜབེ་ག་དྷ་རེ། ས་ར་ས་ར་ཟི་རེ། ཏུ་ཏུ་ཏུ་མུ་ལེ། ས་མ་ཡ་བི་རེ། ཧུ་རུ་ཧུ་རུ་ཧུ༷། སྟི་སྟ་སྟི་སྟ། པོ་བན་ན། གེ་ཧེནྟྲ། པསརདུ། མ་ཧྭ་ཀྲོ་དྷ་ར་ཛ། སྐྲུ་སྟ་སྤུ་སྟ་བི་རེ་བི་རེ། ས་ར་ས་ར། ས་མསྐྱི་ནི། ཧུ༷་ཧུ༷་ཕཊ་ཕཊ་གྲྭ་ཧྭ། ཨོ་བཛྲ་ཙཎྜལི་ཧུ༷། ཨོ་བཛྲ་ལྭ་སེ་ཧུ༷། ཨོ་བཛྲ་མུ་ལེ་ཧུ༷། ཨོ་བཛྲ་གིརྟི་ཧུ༷། ཨོ་བཛྲ་དྲི་ཏེ་ཨ། ཨོ་བཛྲ་རྙུ་པེ་ཧུ༷།ཨོ༷་བཛྲ་པྲརྨྱེ་ཏྲ༷། ཨོ་བཛྲ་ཨུ་ལོ་ཀེ་ཧྲི། ཨོ་བཛྲ་གརྙེ་ཧོ། །ཨོ༷་བཛྲ་ཨ༷་ཀུ་ཛ། ཨོ་བཛྲ་བཱ་ཤ་་༷། ་་་བཛྲ་སྤྲོ་ཏྲ་བ༷། ཨོ་བཛྲ་བྷསླེ་ཧོ། ཨོ་བིག་ནན་ཏ་ཀྲིཏ་ཨ་མྲི་ཏ་ཀུཎྜ་ལ་ཧ་ན་ཧ་ན་ཧུ༷་ཕཊ། ན་མ་ས་མརྙ། ཀྭ་ཡ་བཱ་ཀ་ཙིལྟི་བཛྲ་ནན། བཛྲ་ཀྲོ་དྷ་ཡ། མ་ཧྭ་ད༷གི་ཡ། ཀ་ཊ་སྟི་ར་བཱ་ཡ། ཨ་སི་མུ་ས་ལ། པ་རི་ཤུད་དྷི།་ཧ་སྟ་ཡ། ཨོ་ཨ་མྲི་ཏ་ཀུཎྜ་ལ། །ཁ་ཁ་ཁུ་ཧི་ཁུ་ཧི། ཏིཛི་ཏིསྨ བརྙ་བརྙ། ཧ་ན་ཧ་ན། པ་ཙ་པ་ཙ། གརྫ་གརྫ། ཕོ་ཊ་ཡ་ཕོ་ཊ་ཡ། བི་སྤྲོ་ཊ་ཡ། བི་སྤྲོ་ཊ་ཡ། སརྦ་བིསྒྱུན། བི་ན་ཡ་ཀ་ནན། མ་ཧྭ་ག་ན་པ་ཏི་ཛི་བི་ཏ་ནན་ཏ་ཀ་རྭ་ཡ། ཧུ༷་ཧུ༷་ཕཊ་ཕཊ་གྲྭ་ཧྭ། ཨོ་སུ༷་བྷ་ནི་སུ༷་བྷ་ཧུ༷། གྲིཏྣ་གྲིཏྣ་ཧུ༷། གྲིཏྣ་པ་ཡ་གྲིཏྣ་པ་ཡ་ཧུ༷། ཨུ་ན་ཡ་ཧོ། བྷ་ག་བཱན། བི་བྱ་རྡི་ཛ་ཧཱུཾ། གསང་སྔགས་འདི་ཡི་བྱིན་རླབས་ཀྱིས། ཉེས་པ་མ་ལུས་དག་ཅིང་བྱང་། །འདོད་ལྷ་རྟག་དགྱེས་དངོས་གྲུབ་མྱུར། །ཨོ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་བཱ་ལ་ཡ། བཛྲ་ས་ཏྭ་ཏེ་ནོ་པ་ཏིམོ དྲི་རྙོ་མེ་བྷ་བ། སུ་པོ་ཤ་ཡོ་མེ་བྷ་བ། ཨ་ནུ་ར་སྟོ་མེ་བྷ་བ། སུ་པོ་སྩོ་མེ་བྷ་བ། སརྦ་སིདྷི་མེ་པྲ་ཡསྒོ སརྦ་ཀརྨ་སུ་ཙ་མེ་ཙིསྟ་ཐྲེ་ཡ༷་ཀུ་རུ་ཧུ༷། ཧ་ཧ་ཧ་ཧ་ཧོ། །བྷ་ག་བཱན། སརྦ་ཏ་ཐུ་ག་ཏ་བཛྲ་མ་མེ་མུ྅་བཛི་བྷ་བ། མ་ཧྭ་ས་མ་ཡ་སཏྭ་ཨ། ཡིད་བཞིན་ནོར་བུ་རིན་ཆེན་ལ། །བཀུར་ཞིང་མཆོད་ན་འདོད་དགུ་འབྱུང་། །ངས་བཤད་གསང་སྔགས་ཟབ་མོ་ལ། །བརྟན་འགྱུར་བྱིན་རླབས་བསམ་མི་ཁྱབ། །ཅེས་གསུངས་སོ། །ལས་རྒྱ་མཚོའི་རྒྱུད་ལས།ཕན་གནོད་སྔགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་མགོན་པོ་ནག་པོས་གསོལ་པ། ཀྱེ་ཧོ་གསང་བདག་རྡོ་རྗེ་བསྣམས། །གལ་ཏེ་སྔགས་པ་ནང་འགྲས་ན། ། བཟློག་པའི་ཐབས་ནི་བཤད་པར་ཞུ། །གསང་བའི་བདག་པོས་བཀའ་སྩལ་པ། །མ་ཧྭ་ཀ་ལ་ཁྱོད་ཉོན་ཅིག །སྔགས་པ་ནང་འགྲས་འབྱུང་བའི་ཚེ། །དེ་བཟློག་ལས་ཀྱི་རིམ་པ་ཞིག །ང་ཡིས་ཁྱོད་ལ་བསྟན་པར་བྱ། །གྲུ་གསུམ་མཆོད་རྟེན་དབྱིབས་འདྲ་ལ། །ཕྱི་ནང་དུར་ཁྲོད་སོལ་བས་བྱུག །སྦྲང་རྩིས་སམ་ནི་གྲོགས་མཁར་ས། །གདུག་ལ་འཕེན་པའི་ལིང་ག་བཅའ། །རས་སམ་་།ག་ཤོག་ཤིང་ཤུན་ལ། །ཁྲག་ཆེན་མིང་རུས་བཟློག་སྔགས་བྲི། །སྙིང་ཁར་ཕུར་ཏེ་གྲུ་གསུམ་གཞུག །རང་ཉིད་ལས་མཆོག་གསལ་བྱས་ལ། །ཐུགས་ཀར་ས་བོན་འོད་ཟེར་གྱིས། །གདུག་བྱེད་བཀུག་བྲལ་གཟུགས་ལ་དབབ། །སེང་ལྡེང་གདུག་ཤིང་སོར་བཞི་ལ། །རྩ་བའི་སྔགས་ལ་ལྷས་བྱིན་ངག །རྟ་པ་ཡ་མི་འམ་ལྡན་བྱས་པས། །སྨྲ་བྱེད་དཀྱིལ་དུ་དབབ་པར་བྱ། །རང་ཉིད་ལྷར་གསལ་བཟློག་སྔགས་ཟློས། །གསུམ་མམ་ལྔ་འམ་བདུན་དུ་བསྐྱལ། །དུས་བཞི་ཚེ་འམ་རྟག་ཏུ་བྱ། ། གྲུ་གསུམ་ལྕགས་ཁང་སྒོ་མེད་ནང་། །གདུག་བྱེད་གང་ཡིན་གནས་ལ་དམིགས། །ནུས་མཐུ་རྡུགས་ནས་རང་རླགས་བསམ། །གཟུགས་མ་གྲུ་གསུམ་ཕོ་བྲང་ངམ། །སྦལ་པ་དེ་སྟེངས་རི་རབ་བསྐྱེད། །དེ་སྟེངས་ཕོ་བྲང་གསལ་བར་བྱ། །བསྐལ་༄༅ པར་ཐར་པའི་དབང་མེད་བསམ། །ཁྲོ་རྒྱལ་ཆེན་པོའི་ཞབས་འོག་ཏུ། །མཁའ་ལྡིང་ཀླུ་རྒྱལ་རིགས་བཞིའི་ཀླུས། །གང་གནད་ཀླུ་དང་གདུག་བྱེད་གཟུགས། ། ཀླུ་རྣམས་རིམ་པའི་ལིང་ག་དེ། །གནོད་པའི་ཀླུ་གཟུགས་གདུག་བྱེད་གཟུགས། །ཡན་ལག་བཞི་ལ་སྔགས་གཟེར་གདབ། །གཟུགས་དེ་ཐོད་པའི་རིལ་པོར་གཞུག །འཇིགས་བྱེད་ཆེན་པོ་གསལ་བྱས་ལ། ་་ས་ཀར་དུག་ཁྲག་བསྔགས་ཅིང་གདབ། །རིམས་བཞིན་གཟིར་ཞིང་བརླག་པར་དམིགས། །གང་གནོད་སའམ་གནས་ཕྱོགས་མནན། །ནག་པོ་ཀླུ་ཡི་གཏད་ཟློག་བྱེད། །མཆོད་རྟེན་ཁྲུ་གང་ཁོང་སྟོང་ལ། །ཕྱི་ནང་དུར་ཁྲོད་སོལ་བས་བྱུག །རབ་གནས་བྱས་ལ་རྟེན་འབྲེལ་གདགས། །བག་ཟན་རྒྱུ་ལས་ལིང་ག་བཅས། །རྐང་པའི་འོག་ཏུ་མིང་གསལ་མནན། །མིང་རུས་བྲིས་ལ་སྙིང་ཁར་གཞུག །ཕུར་གསུམ་སྙིང་ཁ་སྤྱི་བོར་གདབ། །རྒྱ་མདུད་ཕྱིར་བཞག་དབལ་རྣམས་བསྟན། །མཆོད་རྟེན་ནང་འོག་གཞུག་པར་བྱ། །མཆོད་རྟེན་འགྲོས་ཀྱིས་རྩལ་བསྐྱེད་བྱ། །གནན་ཏེ་ལུས་ན་མགོ་ཕྱིར་གནོན། །རྣམ་པར་ཤེས་པ་དགུག་གཞུག་བྱ། །ཕུར་པ་རང་གཟུགས་སྔགས་རང་བཟློག །མཆོད་རྟེན་ལ་བྲུབས་གསལ་བར་བསམ། །ཉ་སྟོང་ལ་སོགས་རྟག་ཏུ་ཡང་། །ཆོས་གོས་མགོ་མཇུག་བཟློག་བགོས་ལ། །ཕྱིར་བཟློག་བསྐོར་ཞིང་སྔགས་པ་དེའི། །ཁོ་ཡི་ནུས་པ་ཅི་ཡོད་པ། །ཆུ་ཡིས་མེ་བསད་བཞིན་དུ་དམིགས། །མཆོད་རྟེན་ལིང་ཁ་མི་བསྟན་སྦ། །འདི་སློབ་མི་བྱ་རྣལ་འབྱོར་ནང་མི་འཐབ། །གནམ་ལྕགས་ཡུར་མོ་བརྡུང་བ་བཞིན། །གཉིས་ཀ་ཆག་པའི་ཉེན་ཡོད་པས། །བེ་སྦྲེལ་གཡང་ལ་གཉིས་ཀ་ལྷུང་། །ཡུལ་མེད་དྲག་ སྔག་འདོད་ན་ངན་པ་སྟེ། །བྱང་ཆུབ་སེམས་ལྡན་རྣམས་ལ་འཚེ་བ་དང་། །རྣལ་འབྱོར་རང་ལ་བརྙས་ན་བཟློག་པར་བྱ། ཁེན་ཏུ་ཡུལ་དང་ལྡན་པའི་རྣལ་འབྱོར་སྔགས། །མི་མངོན་ནོར་ངོ་གྲགས་ངོར་ཟློག་བྱེད་ན། །ངན་སོང་གླེན་ལྐུག་མཐའ་འཁོབ་ཀླ་ཀློར་སྐྱེ། །འཇིག་རྟེན་འདི་ཡང་ཉེས་སྐྱོན་སྣ་ཚོགས་འབྱུང་། །དེ་ཕྱིར་ཀུན་གྱི་བཟློག་པར་བྱ་བ་མིན། །ཞེས་གསུངས་སོ། །ལས་རྒྱ་མཚོའི་རྒྱུད་ལས། །བཟློག་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་མགོན་པོ་ནག་པོས་གསོལ་པ། །ཀྱེ་ཧོ་གསང་བདག་རྡོ་རྗེ་བསྣམས། །དཀར་པོའི་ཕྱོགས་ལ་དགའ་བ་ལ། །བསྲུང་བའི་ལས་རིམ་བཤད་པར་ཞུ། །གསང་བའི་བདག་པོས་བཀའ་སྩལ་པ། །མ་ཧྭ་ཀྭ་ལ་ཁྱོད་ཉོན་ཅིག །དཀར་པོའི་ཕྱོགས་ལ་དགའ་བ་དང་། །སྔོས་དང་ལོངས་སྤྱོད་བསྲུང་བ་ཞིག །ང་ཡིས་ཁྱོད་ལ་བསྟན་པར་བྱ། །སྔགས་དང་དམ་ལ་གནས་པ་ཡི། །གྲགས་འདོད་མེད་པར་ཕན་སེམས་བསྐྱེད། ་༑ག་ཤོག་གྲོ་ག་ཤིང་ཤུན་ལ། །རྡོ་རྗེ་གྲམ་འཁོར་ལོའི་དབུས། །ཨོ་ཕཊ་མིང་དང་བསྲུང་སྔགས་བྲི། །རྭ་བཞི་ཙནྟྲ་ལ་སོགས་བརྒྱད། །རྭ་རྩེ་མུ་ཁྱུད་ཟླུམ་པོས་བསྐོར། །མཚམསལ་རྩེ་མིང་བསྲུང་སྔགས་བྲི། །མུ་ཁྱུད་བསྲུང་བའི་བཅོལ་བ་བྲི། ། མཎྜལ་མཛེས་ལྡན་སྟེང་དུ་བཞག །ཚོགས་བསགས་ལ་སོགས་བསྐྱེད་རིམ་གསལ། །འཁོར་ལོ་ཧུ༷་ལས་རྡོ་རྗེའི་སྐུ། །སྦྱན་དྲངས་བསྟིམ་ལ་མཆོད་སོགས་དབུལ། །རྩ་སྔགས་མིང་དང་བསྲུང་སྔགས་བཟླས། །བསྟོད་བཤགས་བཅོལ་ལ་སྨོན་ལམ་གདབ། །འཁོར་ལོ་ལྷ་ཡི་རང་བཞིན་ཏེ། །བརྟགས་པས་གནོད་བྱེད་བསྲུང་པའི་མཆོག །མི་ལ་བྱིན་རླབས་སྲུང་བྱེད་པ། །ཁྲུས་བྱས་བགེགས་བསྐྲད་ལྷ་རུ་བསྐྱེད། །བྱིན་རླབས་སྤྱན་དྲངས་བསྟིམ་མཆོད་བཟླས། །བསྟོད་བཤགས་ལས་བཅོལ་སྨོན་ལམ་གདབ། །འཁོར་ལོ་བརྟགས་ལའང་སྨོན་ལམ་གདབ། །བྱིན་རླབས་དབང་བསྐུར་བསྟན་པར་བྱ། །ཡམས་ནད་བསྲུང་འདོད་འདི་ལྟར་བྱ། །ག་བུར་གླ་རྩི་གུ་གུལ་དང་། །གསེར་དང་ཤིང་ཀུན་མུ་སི་དང་། ཁུ་ཐག་བོ་ང་སྒོག་སྐྱ་དང་། །བྱ་རྒོད་སྤོས་ལ་སྔགས་བྱས་ལ། །ཁྱིམ་པ་ལུས་གདགས་སྣ་ལ་བདུག །རྫས་སྔགས་སྒྲུབ་ན་མཆོག་ཏུ་འགྱུར། །གང་རུང་གིས་ཀྱང་ནུས་པ་འབྱིན། །ན་ག་བསྲུང་ཕྱེར་འདི་ལྟར་བྱ། །གླ་རྩི་གུ་གུལ་མུ་ཟི་དང་། །བཙན་དུག་སྤྱང་དུག་བྱ་རྒོད་སྤོས། ཁྲ་ཆེན་ཐལ་ཆེན་ཨ་མྲི་ཏ། །ར་ཐུག་ལུག་ཐུག་ར་ཁྱིའི་སྤུ། །ར་དུག་ཐར་ནུ་རེ་ལྕག་པ། །སྒོག་སྐྱ་ལྕུམ་རྩ་སྤྲུ་ཡི་རྩ། །རྒྱ་ཚིལ་དུ་བ་ཟོན་ལྷམ་དག །རྩ་སྔགས་ལས་སྔགས་འབྲེལ་བར་གདབ། །ལྷ་བསྐྱེད་མཁའ་ལྡིང་སྤྱི་བོར་བསྐྱེད། །རྫས་ཕུར་ལུས་བསྲེལ་དྲི་ཡལ་སྤོས། །ལས་ལ་འཇུག་ན་རི་སེར་དུས། །ངས་བཤད་སྦྱོར་བ་ལྡན་གྱུར་ན། །དུག་པའི་ཀླུས་སུ་ཚུགས་མི་འགྱུར། །ཕྱུགས་གོར་བསྲུང་ཕྱིར་འདི་ལྟར་བྱ། །བཟླས་པ་རྫོགས་པའི་རྣལ་འབྱོར་པས། །ལུང་པ་གོལ་བར་ཕྱུགས་དེད་ལ། །བགེགས་ལ་གླུད་བྱིན་བཀའ་བསྒོ་བྱ། །འཁོར་རྣམས་མཆོད་ལ་སྟོང་གྲོགས་བྱ། །མཎྜལ་ལེགས་བྱས་བུམ་པ་བཞག །བསྐྱེད་རིམ་རང་ལྷ་བུམ་པ་བསྐྱེད། །སྤྱན་དྲངས་བསྟིམ་མཆོད་སྲུང་སྔགས་བཟླས། །བསྟོད་བཤགས་བདེན་བདར་བཅོལ་བ་བྱ། །གླ་རྩི་ཤུ་ཐག་ཤིང་ཀུན་དང་། །གུ་གུལ་དཀར་ནག་མུ་ཟི་གནག །སྒོག་སྐྱ་སྔགས་གདབ་ཕྱུགས་ལ་བྱུག །ཕྱུགས་ཚུད་སྐར་མ་ཤ་བ་དང་། །ནམ་ལངས་ཕྱུགས་མ་ཐོན་པར། །རྩ་སྔགས་ལས་སྔགས་སྤེལ་བར་གདབ། །ཕྱུགས་ལ་རྫས་སྔགས་དུད་པས་བདུག །ཡུངས་ཀར་གསང་སྔགས་བཟླས་ལ་གདགས། །སྔོན་མར་བཟླས་བསྐོར་ཕུར་བུས་གདགས། །ཞག་ནི་བདུན་གཉིས་བདུན་གསུམ་བཟླས། །ཐོབ་དཀར་བུམ་ཆུས་ཕྱུགས་ལ་གཏོར། །ཅིས་ཀྱང་ཚུགས་པ་མེད་པར་བསམ། །སྤྱང་བསྲུང་དོན་དུ་འདི་ལྟར་བྱ། །སྲན་ཆུང་སྦྱང་ཚེང་ཡུངས་ཀར་དང་། །བྱིས་ས་དང་ནི་སྤང་རྒྱན་དཀར། །དེ་རྣམས་སྦྱར་ལ་ཞག་བདུན་བཟླས། །ནང་ནུབ་སྔགས་བཟླས་དུས་ཤེས་བྱ། ། རྫས་ཕུར་རྫས་དེ་གཉའ་བར་གདགས། །རྒྱབ་རེ་བོར་ནས་སླར་ཡང་བསྐྱར། །ཀྱི་ལ་གསད་པར་མི་བྱའོ། ། སེར་བ་སྲུང་ཕྱིར་འདི་ལྟར་བྱ། །གྲོ་ག་ཤིང་ཤུན་ཤོག་ཤོག་ལ། །རྡོ་རྗེ་རྒྱ་གྲམ་འཁོར་ལོ་བྲི། །རབ་རྩེ་མུ་ཁྱུད་བསྐོར་བར་བྱ། །རྭ་སྟེངས་རྩ་སྔགས་བསྲུང་སྔགས་བྲི། །མཚམས་སུ་གཅད་སྔགས་མུ་ཁྱུད་བསྐོར། །རང་དང་འཁོར་ལོར་འདོད་ལྷ་བསྐྱེད། །སྤྱན་དྲངས་བསྟིམ་ལ་མཆོད་པ་དབུལ། །སྲུང་བའི་སྔགས་བཟླས་བསྟོད་བཤགས་དང་། །བདེན་བདར་ལས་བཅོལ་བཀའ་བསྒོ་བྱ། །ཁམ་ས་རིན་ཆེན་སྣ་ལྔ་བདར། །པར་པུ་ལེགས་པ་གཉིས་སྦྱར་ཏེ། །སེང་ལྡེང་ཕུར་བུ་སོར་བཞི་དང་། །གོང་གི་འཁོར་ལོ་འཇའ་ཚོན་འབྲེལ། །ཁམ་སའི་པར་པུའི་ནང་དུ་གཞུག །ཡུངས་ཀར་གཅོད་སྔགས་བཟླས་ལ་བླུགས། །ཞག་གསུམ་བར་དུ་བསྙེན་པ་བསྐྱེལ། །དེ་ནས་བར་དུ་ཁ་སྦྱར་ཏེ། །རི་ཡི་རྩེ་འམ་འོང་སར་ཁྱེར། །དེ་ཡང་ལྷ་བསྐྱེད་མཆོད་བསྟོད་དབུལ། །པར་པུ་དེ་སྦ་བདར་བཅོལ་བྱ། །སེར་བའི་འགོ་ལོ་རྒོད་པ་ན། །ལོང་བ་ཀུན་ནས་ཕྱོགས་བཞིར་བྱ། །པར་པུ་གཞལ་ཡས་ཁང་བསྒོམས་པས། །འོག་ཏུ་སྲུང་ཡུལ་ཆད་པར་བསམ། །བདེ་གཤེགས་མང་པོས་བསྲུང་བར་བསམ། །དེ་ནས་སེར་བ་གཅད་པ་ནི། །རང་ཉིད་འདོད་ལྷ་མཆོག་ཏུ་བསྐྱེད། །གོང་གི་རྟེན་སར་ཡང་བསྐྱེད་ལ། །བདག་གི་སྔགས་བརྗོད་འོད་ཟེར་ལས། །སྤྲུལ་པ་གྲངས་མེད་དབྱུང་ནས་ནི། །སྤྲིན་གཏོར་སེར་བ་གཅོད་པར་བསམ། ། གཅད་སྔགས་རྩ་སྔགས་མཇུག་ལ་གདགས། །ཡུངས་ཀར་ཡུངས་ནག་ཐལ་ཆེན་གཏོར། །གལ་ཏེ་ཆོད་པ་མི་འདྲ་ན། །གླ་རྩི་གུ་གུལ་ནག་པོ་དང་། །མུ་ཟི་ཚིལ་ཆེན་བདའ་ངས་བསྲེ། །མེ་ལ་སྲེག་ཅིང་དུ་བ་བཏང་། །ངས་བཤད་པ་ལ་མ་འགལ་ན། །ཡུལ་ཁམས་རེངས་པ་སྲུང་ཡང་ཐུབ། །སད་བསྲུང་འདོད་ན་འདི་ལྟར་བྱ། །སྔོན་དུ་བཟླས་པ་ཚད་དུ་བསྐྱལ། །རི་རྩེ་ཁང་ཐོག་གབ་མེད་དུ། །མཎྜལ་དང་པོའི་ལུགས་བཞིན་བྱ། །དཀྱིལ་དུ་རིན་ཆེན་བུམ་པའི་ནང་། །ཆུ་སྨན་ལ་སོགས་བླུགས་བྱས་ཏེ། །ཏིང་འཛིན་ལུགས་དང་མཐུན་པར་བསྒོམ། ། སྤྱན་དྲངས་མཆོད་དང་མཆོང་གཏོར་སྦྱིན། །བདར་བཅོལ་བྱས་ཏེ་བཟླས་པ་བྱ། །རྩ་སྔགས་དག་གིས་དྲང་ངོ་བྱ། །ཁམ་ཕོར་སོ་མ་བཏང་བའི་ནང་། །དུར་ཁྲོད་ཐལ་བས་སྔགས་བཟླས་གཏོར། །ཡུལ་ལྷ་བདག་སྔགས་བཟླས་འོད་འཕྲོས། །མཁའ་ལ་སྤྲིན་ཕུང་ཆགས་པ་བསྒོམ། །བཟླས་པ་ཁྲི་ཕྲག་ཚད་དུ་བྱ། །གསད་བགེགས་དག་ལ་ཕུར་བས་གདབ། །དེ་ནི་སྔོན་དུ་བྱ་བ་ནི། །སྤྲིན་བསྡུ་བ་མོ་སྡོམ་པར་བྱེད། །ཆུ་བསྲུང་བྱ་བ་འདི་ལྟ་སྟེ། །མཆོད་རྟེན་ལེགས་པ་ཁྲུ་གང་ལ། །ཁོང་སྟོང་འཁོར་ལོ་ལྡན་པར་བྱ། ཁོག་བུ་ཤིང་ཤུན་གྲོ་ག་ལ། །རྡོ་རྗེ་རྒྱ་གྲམ་འཁོར་ལོ་བྲི། །ལྟེ་བར་རྩ་སྔགས་ཆུ་སྲུང་བྲི། །མཚམས་སུ་ཧུ༷་བྲི་མི་ཁྱུད་བསྐོར། །སེང་ལྡེང་ཕུར་པ་སོར་བཞི་དང་། །འཁོར་ལོ་འཇའ་ཚོན་འབྲེལ་བྱས་ཏེ། །མཆོད་རྟེན་ནང་དུ་གཞུག་པར་བྱ། །དེ་རྣམས་བྱིན་གྱིས་བརླབས་བྱས་ལ། །ཞག་གསུམ་བར་དུ་བསྙེན་པ་བསྐྱལ། །དེ་ནས་མཆོད་རྟེན་ཆུ་རགས་ར། །གསལ་བར་བྱས་ཏེ་སྤྱན་དྲངས་བསྟིམ། །མཆོད་གཏོར་ཕུལ་ལ་བདར་བཅོལ་བྱ། །སྐྱེད་མོས་ཚལ་ལམ་ཞིང་དག་གིས། ། ལོངས་སྤྱོད་ལ་སོགས་བསྲུང་བྱ་ན། །བྱི་བ་སྦྲང་བུ་སྲིན་བུ་དང་། །རི་བོང་བྱ་བྱའུ་ལ་སོགས་མང་། །བསྲུང་བའི་དོན་དུ་འདི་ལྟར་བྱ། །ཐལ་ཆེན་དང་ནི་ཡུངས་ཀར་གཉིས། །ཁམ་ཕོར་སོ་མ་བཏང་བར་བླུགས། །སྔགས་བཟླས་གནོད་པའི་ས་རུ་གཏོར། །བྱི་བ་སྦྲང་བུ་ལ་སོགས་པ། །ཁ་ཐམ་འགྱུར་བར་བྱེད་པ་ཡིན། །སྲིན་བུ་ཆ་ག་བ་ལ་སོགས། །གནོད་པ་བྱེད་པར་མི་འགྱུར་རོ། །རྡོ་ལེབ་དག་ལ་སྔགས་གཟོང་གིས། །བརྐོས་ཏེ་བྲིས་ནས་འདུག་པ་ཡི། །རི་དྭགས་རྣམས་སམ་གཅན་གཟན་གྱི། །གྲོང་ངམ་གྲོང་ཁྱེར་གར་འདོད་པར། །མཆེ་བ་འཆིང་བར་བྱེད་པ་ཡིན། །སླར་ཕྱིས་ན་ནི་གྲོལ་བར་བྱེད། །རྡེའུ་ལ་སོགས་བཟླས་གཏོར་ན། །མཆེ་བ་ཅན་རྣམས་མཆེ་བ་འཆིང་། །ཁྱིམ་གྱི་རྩིབས་ལ་ལེགས་བྱས་པར། །ཐོད་ལོ་སྐོར་ལ་སྔགས་བྲིས་ལ། །སྦྲུལ་རྣམས་མེད་པར་བྱེད་པ་ཡིན། །མགུལ་དང་དཔུང་པར་སྔགས་བཏབ་ནས། །གཡུལ་དུ་ཞུགས་ནས་མཚོན་གྱིས་གཅོད། །ག་ཤའི་ཐ་མར་སྔགས་མདུད་བྱ། །གསང་སྔགས་མངོན་པར་དྲན་བྱས་ནས། །ལམ་དུ་ཆོམ་རྐུན་མེད་པར་བྱེད། །ཡུངས་ཀར་ཐལ་ཆེན་སྔགས་བཟླས་གཏོར། །ཐོག་བསྲུང་ཐོག་སེར་ཁ་ཆར་གཅོད། །ཐལ་ཆེན་ལས་སྔགས་མགུལ་ལ་བཅིང་། །སྒྱུགས་པ་གཅོད་པར་བྱེད་པ་ཡིན། །མཐེའུ་ཆུང་རྩེ་མོའི་སེན་མོའི་གསུམ། །སྐྱིགས་བུ་བྱུང་ན་སྡོམ་པར་བྱེད། །རས་ལ་སྔགས་བྲིས་སྒོ་ལ་གདགས། ཁུ་བ་ལ་སོགས་བྱུང་བ་གཅོད། །གྲོང་ཁྱེར་མེ་ཤོར་བསྲུང་བར་བྱ། །ལྷ་མཆོག་ཏིང་འཛིན་གསལ་བྱས་ལ། །མེ་ཡི་ཕྱོགས་སུ་ཁ་བསྟན་དེ། །སྙིམ་པར་ཆུ་ལ་ལན་བདུན་བཟླས། །གཏོར་ན་ཁྱིམ་གང་སྲུང་འདོད་ཐུབ། །མེ་ཡིས་ཚིག་གམ་མེ་ལས་ཐར། །འཐབ་མོ་ཁ་ངན་རྒྱ་འདྲེ་དང་། །གནོད་ལྟར་འཇིགས་པ་རྒྱུང་བ་ལ། །སྔགས་བཟླས་དེ་དག་ཞི་བར་འགྱུར། །ཆང་ཞོ་ཟ་ཆུས་ནི་བསྲུང་བྱ་ན། །འདོད་ལྷའི་ཏིང་འཛིན་ལྡན་བྱས་ནས། །ཕབས་རྡེའུ་ཆུ་ལ་བྱིན་རླབས་བྱ། །སྔགས་པས་གནོད་པ་མེད་པར་བསམ། །རྫས་ཀྱིས་ཡི་དྭགས་བསྲུང་བྱ་ན། །གུ་གུལ་གླ་རྩི་མུ་ཟི་ནག །བཙན་དུག་སྤྱང་དུག་དྲོ་སོག་ཐལ། །ར་ཐུག་ཐར་ནུར་རེ་ལྕག་པ། །ཐལ་ཆེན་ཡུངས་ཀར་རྟ་བོན་པོ། ། སེང་ལྡེང་ཕུར་བུ་མི་བསད་མདེལྭ །ཕག་པའི་རྣ་དང་ཟེ་བ་དང་། །ཙ་རིའི་ཁབ་ཁྲབ་ཟབ་སྙིང་ཞོ། །སྟག་གི་སྡེར་མོ་ཕོ་རོག་མཆུ། །ཡ་འཁྱལ་སྐྲ་དང་ཞབ་མ་གཉིས། །གནོད་པས་འཇིགས་པའི་ལུས་ལ་བསྲེལ། །ཡི་དྭགས་དབང་ཤིང་མི་གནས་འབྲོས། །སྔགས་པ་དམ་ལ་གནས་པ་ཡིས། །བསྲུང་བའི་སྦྱོར་བ་གང་བརྩམས་པ། །རྒྱལ་པོའི་འཁོར་དང་ནོར་རྫས་བཞིན། །ཀུན་གྱིས་མི་གནོད་བདེ་ལེགས་རྒྱས། །ཞེས་གསུངས་སོ། ། ལས་རྒྱ་མཚོའི་རྒྱུད་ལས། །བསྲུང་བ་བྱ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་མགོན་པོ་ནག་པོས་གསོལ་བ། །ཀྱེ་ཧོ་གསང་བདག་རྡོ་རྗེ་བསྣམས། །སེམས་ཅན་སྡུག་བསྔལ་གཟིར་བ་ལ། །དེ་དག་གསོ་བའི་ལས་ཅིག་ཞུ། །གསང་བའི་བདག་པོས་བཀའ་སྩལ་པ། །མ་ཧྭ་ཀུ་ལ་ཁྱོད་ཉོན་ཅིག །གསོ་བར་བྱ་བའི་རིམ་པ་ཞིག །ང་ཡིས་ཁྱོད་ལ་བསྟན་པར་བྱ། །བྱིས་པ་མ་སོས་གསོ་འདོད་ནི། །མ་བཙས་རུམ་ན་ཡོད་གང་དུ། །ཟླ་གཅིག་གོང་དུ་སྔགས་བསྙེན་བསྐྱལ། །མ་ལ་བྱིན་རླབས་བསྲུང་བ་བྱ། །དེ་ནས་བྱིས་པ་བཙས་མ་ཐག །ཁམ་ཕོར་གསར་པ་ལེགས་པའི་ནང་། །རྩ་སྔགས་སྲུང་སྔགས་བྱིས་པའི་མིང་། །དཀར་པོའི་རྫས་ཀྱིས་བྲིས་བྱས་ལ། །བྱིན་རླབས་བྱས་ལ་སྒོ་གླེགས་གདགས། །སྔོན་དུ་བགེགས་བསྐྲད་སྦྱོར་བ་བྱ། །ཕ་མ་སྙིང་པོ་ཟློས་སུ་གཞུག །གདུག་པ་ཀླུ་ནད་གསོ་བྱ་ན། །དང་པོ་ཀླུ་གནོད་རྨི་ལམ་འབྱུང་། །སྦྲུལ་དང་ཉ་དང་སྦལ་ལྕོང་དང་། ། རྟ་ནག་པོ་དང་ལུག་ནག་རྨི། །བྱིས་པ་མཛེས་པོ་རྒན་མོ་དང་། །སྡིག་པ་སྡོམ་དང་ཚངས་པ་དང་། །ཕུང་པ་སྦྲང་བུ་འབུ་སྲིན་དང་། །ནགས་ཚལ་ཤིང་ཆུ་ན་རྫབ་དང་། །གཞན་ཡང་སྤྲུལ་པ་སྣ་ཚོགས་རྨི། །དེ་ན་ལུས་ནི་ཤ་འགུལ་འཁྲིག ཁུ་བ་སྲིན་དང་ཐོར་བོ་དང་། །ཚ་དང་སྦྲིད་དང་ཤ་རོ་དང་། །ཆུ་སྒངས་སྨྲ་སེར་མི་སོས་དང་། ། བས་བླགས་ཤ་བཀྲ་ཤ་ཁོལ་དང་། །རུས་སུལ་ན་དང་ཉམས་སྟོབས་ཆུང་། །སྙིང་འཕྱོ་མི་དགའ་ངུ་སྙིང་འདོད། །འཔྱེ་སྒུར་ངན་འཁྲུངས་གཞོག་སྐམས་འོང་། །མཛེ་ཡི་ནད་ཀྱང་འབྱུར་བར་འགྱུར། །མཛེ་ལ་གསོ་རུ་མི་རུང་གཉིས། །ཟིན་ས་རྣམ་པ་བརྒྱད་བརྒྱད་ཡོད། །སྐམ་མཛེ་གཤེར་མཛེ་རྣམ་པ་གཉིས། །དེ་ལྟར་རྣམ་པ་བཅོ་བརྒྱད་དོ། །དེ་དག་གསོ་རུང་རྣམ་པ་བརྒྱད། །མཁུར་ཚོས་སྐྱེ་མཇིང་དཔུང་མགོ་དང་། །ཚིགས་བཞི་ཉ་ཤུལ་རྒྱབ་ཤ་ན། །མགོ་སྐྲ་བྱི་དང་བོལ་ཟིན་རྣམས། །གསོ་རུ་རུང་བ་དང་དུ་བླང་། །གསོ་མི་རུང་བ་རྣམ་པ་བརྒྱད། །སྤྱི་གཙུག་སྨིན་མཚམས་སྣ་རྩེ་དང་། །སྙིང་ལྟེ་མཚན་མ་མཐེ་བོང་རྣམས། །རྣམ་སྨིན་ཟིན་པ་རྣམ་བཞི་ལ། ། སྤྱི་གཙུག་རྐང་མཐིལ་སྨིན་མཚམས་སྙིང་། །རྣམ་སྨིན་ངས་ཡང་འཚོ་མི་སྲིད། །སྐམ་མཛེ་ཟིན་པའི་མཚན་ཉིད་ནི། །ཆུ་སེར་རུས་བ་ལ་གནས་པས། །ཤ་སྐམ་ཤ་འདར་ཁ་མིག་གཡོ། །ཡན་ལག་སྐམ་ལ་མིག་ཆུ་འཛག ། གསོ་དཀའ་ཀླུ་རྣམས་བདེན་མ་མཐོང་། །གལ་ཏེ་གསོ་ན་སྔགས་སྨན་ནོ། །གཤེར་མཛེ་དག་གི་རང་བཞིན་ནོ། །ལུས་ཀྱི་ཤ་སྐྲངས་ཤ་མདོག་རྒོད། །ལུས་ཀྱི་ཤ་སློ་གསོ་བ་སླ། །ཀླུ་ཡི་གནོད་ཚུལ་གསུམ་ཡོད་དོ། །རྒྱུ་དང་གནས་བཅིངས་ལུས་ཞུགས་ལ། ཁུ་ཡི་དུས་ནི་རྣམ་པ་བཞི། །མཐོ་དང་ཁ་རླངས་བསམ་རེག་དུག །རྒྱལ་རིགས་མཐོང་དུ་ཟིན་གྱུར་ན། །ལུས་རྣམས་ཐམས་ཅད་ལྕི་ཞིང་འཐིབས། །ལུས་ཀྱི་ཤ་འབབ་མཛེ་ཡུན་རིང་། །ར་བ་བཞི་དང་བཅོ་ལྔ་དང་། །ནམ་གུང་ཉིན་གུང་གཉིས་ན་ན། །རྗེ་རིགས་ཁ་རླངས་ཟིན་པའི་དུག །ལུས་རྣམས་ཐམས་ཅད་བསིལ་ཞིང་གྲང་། ཁྲ་མདོག་སྐྱ་བོ་སྦོབ་པོར་འོང་། །ཚེས་གྲངས་བརྒྱད་དང་སྔ་དྲོ་ནའོ། ། བྲམ་ཟེ་བསམ་དུག་ཟིན་གྱུར་ན། །ལུས་ཟ་ཤ་དམར་ཚེ་ཡང་ཐུང་། །དགོངས་ཀ་ཉི་མ་རྨས་ཤིང་ནའོ། ། དམངས་རིགས་དུག་ཏུ་ཟིན་གྱུར་ན། །ལུས་འདར་ལུས་ཤ་རྣམ་པར་གཡོ། །སེམས་རྒོད་ཁ་ནས་ཤུས་འདེབས་བྱེད། །དགོངས་ཀའི་གྲིབ་སོ་ནུབ་ནས་ནའོ། །སྔགས་དང་སྨན་སྦྱོར་མཐུན་པས་བཅོས། །ཀླུ་ཡི་གནས་སུ་བླ་བཅིངས་པ་། །ཀླུ་མཆོད་གླུད་རྗེས་གཅོད་བྱའོ། །ཚེ་དང་བླ་དགུག་སྦྱོར་བ་བྱའོ། །ལུས་ལ་ཀླུ་གནས་མཚན་ཉིད་ནི། །ལུས་ནི་གློ་བ་བརྒྱངས་པ་འདྲ། །ལུས་ཀྱི་ཤ་ཡང་རྣམ་པར་གཡོ། །མིག་རྩ་ཤིན་ཏུ་དམར་བ་ལ། ། གདོང་པ་མི་ལ་ཡང་མི་བཟོད། །དེ་ལ་ཆོ་གའི་སྦྱོར་བ་ནི། །སྔོན་དུ་བསྙེན་པ་རྫོགས་པ་ཡིས། །མཎྜལ་མཆོད་གཏོར་བཤམས་བྱས་ལ། །འདོད་པའི་ལྷ་མཆོག་མཆོད་པར་བྱ། །ཀླུ་ལ་མཆོད་འོས་གཏོར་མ་བཏང་། །དེ་ནས་མཚམས་གཅད་སྦྱོར་བ་བྱ། །ཟངས་སམ་འཁར་བའི་གཞོང་པ་མྲ །ར་ལུག་བ་ཡི་མངར་གསུམ་བླུག ། བག་ཟན་ལས་བྱས་ཀླུ་གཟུགས་བཙལ། །ཟན་ལ་གླང་གི་གཟུགས་བྱས་ཏེ། །ཁོང་པར་རིན་ཆེན་སྣ་ལྔ་གཞུག །སྙིང་པར་ཀླུ་ཡིས་སྙིང་པོ་གཞུག །མགུལ་ཏུ་རྟེན་འབྲེལ་སྙིང་པོ་གདགས། །འཁར་གཞོང་དབུས་སུ་བཞག་པར་བྱ། །ཁྲུས་བུམ་བྱས་ཤིང་ཡང་དག་གསར། །ནད་པའི་ལུས་ལ་རྫས་རྣམས་གདགས། །བདག་ཉིད་ཏིང་འཛིན་ལྡན་པ་ཡིས། །བྱབས་ཤིང་ཐོགས་ལ་ལུས་ཀུན་ཁྱབ། །སྔགས་བཟླས་ཕྱུང་ལ་རྟེན་ལ་བསྟིམ། །རླུང་གི་དཀྱིལ་འཁོར་སྟེང་དག་ཏུ། །ཀླུ་གཟུགས་སྟེགས་ལ་གནོད་པར་བསྐྱལ། །སྐབས་སུ་ནད་པ་བུམ་ཆུས་བཀྲུ། ། དེ་ནས་ཐུབ་དང་མི་ཐུབ་བརྟག །བཟང་རྟགས་ངན་ཞིང་རླག་པ་འབྱུང་། །རྟགས་ངན་བཟླས་པ་བསྐྱར་ལ་བྱ། །དད་ལྡན་བརྩོན་པས་མི་ཐུབ་མེད། །དེ་རྟགས་བཟང་བ་བྱུང་ན་ཡང་། །རྟེན་སར་གཏོར་མ་གཟུགས་བྱས་ཏེ། །ཁྲུ་གང་ཐུར་དུ་བརྐོས་པའི་དོང་། །ཞལ་ཞལ་ལེགས་མོར་བྱས་པའི་ནང་། །གཏོར་མ་གཟུགས་བྱས་བླུག་པར་བྱ། །ཀླུ་རྣམས་དེ་རུ་གཞུག་པར་བསམ། །དགའ་མགུར་བདེ་ཐོབ་ཡིད་གནོད་གསལ། །གཡམ་པ་རྒྱ་གྲམ་བྲིས་པ་དང་། །འབྱུང་བ་བཞིར་བྲིས་དོང་ཁ་བཅད། །དེ་སྟེངས་མཁའ་ལྡིང་བསྐྱེད་ལ་བཞག །ནད་པ་དྲི་ཆུ་གླ་རྩིས་བྱུག །བསྲུང་བའི་རྫས་གདགས་བྱིན་རླབས་བྱ། །བསིལ་པའི་ཟས་བཟའ་ཤ་ཆང་ཉལ་པོ་སྤང་། ། བཤལ་བཏག་ཨ་རུ་རའི་སྨན་མར་བཏང་། །མུ་ཟི་སེང་ལྡེང་རམ་ཉེ་བའི། །སྨན་མར་བཟའ་ཞིང་ཁྲག་ངན་གདོན། །རྗེ་རིགས་ཆུ་ཡི་དུག་ལ་ནི། །ཚ་བའི་སྨན་རྟེན་དྲོད་བག་རྟེན། །རྟག་ཏུ་ལྷ་བསྒོམ་བཟླས་པ་བར་མི་གཅད། །དེ་ལྟར་ཡང་དང་༄༅ ཡང་འབད་ན། །སྔོན་གྱི་རྣམ་སྨིན་མ་གཏོགས་པ། །མི་འཚོ་བ་ཡི་དོགས་ཀྱང་མེད། །དེས་ཀྱང་ཞི་བར་མ་གྱུར་ན། །ཁྲོ་བདག་ཆེན་པོས་གསད་པར་བྱ། །འབྲུབ་ཁུང་ནང་དུ་ཀླུ་གཟུགས་བྱ། །ཕྱུང་ཞིང་བཀུག་ལ་གཟུགས་ལ་བསྟིམ། །བཅུ་པའི་རྟིང་ལ་གསང་སྔགས་བརྟགས། །མི་མཐུན་རྫས་ཚོགས་ཀུན་གྱིས་ཁྲབ། །གང་དག་གན་ད་པ་རླག་པར་བསམ། །དེ་ནས་ཐུབ་རྟགས་བྱུང་བ་དང་། །ཕུར་བུས་གདབ་ཅིང་མཚོན་གྱིས་ག་། །སྤྱིན་སྲེག་གནན་པ་མང་དུ་བྱ། །བཙན་དུག་གུ་གུལ་གླ་རྩི་དང་། ཁུ་ཐག་དེ་རྣམས་སྣ་རུ་བདུག །ཉ་དང་བ་གླང་མཁྲིས་པ་དང་། ཁྲ་ཆེན་ཤིང་ཀུན་གླ་རྩི་ལྟོར། །ཙིཏི་མུ་ཟི་བྱ་རྒོད་སྤོས། །གུ་གུལ་གླ་རྩི་ཚིལ་ཆེན་བྱུག །སྲུང་བའི་རྫས་རྣམས་ལུས་ལ་སྲེལ། །གཙོར་ནི་ཏིང་འཛིན་བཟླས་པ་གཅེས། ། ཀླུ་རྣམས་རླག་འགྱུར་ཐ་ཚོམ་མེད། །དུག་ནད་དག་ནི་གསོ་བྱ་ན། །ཕྱ་ཚན་གླ་རྩི་ལྡུམ་བུ་དང་། །ཟངས་ཕྱེ་སྦྱར་ཏེ་གཏང་བར་བྱ། །དུག་ནད་ཀུན་ལ་རྡོ་རྗེ་བཞིན། །ཁྱད་པར་བཙན་དུག་དག་ལ་ནི། །ལྡུམ་བུ་བིལ་བ་ཤུ་དག་དང་། །རྒྱ་ཚ་ཧོང་ལེན་སྤང་རྒྱན་དཀར། །ཞིབ་བཏགས་ཁྲག་དང་ཆུར་བླུགས་ཏེ། །མཉེས་ལ་ཁོང་དུ་གཏང་བར་བྱའོ། །དྲོ་གོང་ཙམ་དུ་བཞག་བྱས་ལ། །གསད་ཅིང་ལུས་ལ་རྟགས་བྱུང་ན། །སྨོན་པའི་སྨན་བཏང་སློན་དུ་གཞུག །མ་སྐྱར་སྐྱར་ན་སློན་དུ་བཅད་པས། །རྡོ་རྗེ་སྔགས་ཀྱིས་གདབ་པར་བྱ། །ཆུ་ལ་བཏབ་ཅིང་ཁོང་དུ་བཏང་། །སྒྲོས་ཡང་ལུས་ལ་ཁྱབ་པར་བྱའོ། །ལྷོག་པ་དག་ནི་གསོ་བྱ་ན། །རྫས་དང་ཏིང་འཛིན་སྔགས་ཀྱིས་གདབ། །མེ་རླུད་ལྟ་བུར་བསྲེག་ཅིང་གཏོར། །སྦྲུམ་མ་གསོ་ཕྱིར་འདི་ལྟར་བྱ། །སྲན་མ་ནས་དང་མར་ཁུ་ལ། ། མངོན་པར་སྔགས་ལ་བྱུགས་ན་བདེ་བར་བཙལ བཅིངས་པ་རྣམས་ལ་ཁ་བལྟས་ལ། །གྲངས་བདུན་བདུན་དུ་བསྔགས་པའི་ཆུས། །སྙིམ་པ་བདུན་བདུན་དུས་གསུམ་གཏོར། །བཅིངས་པ་རྣམས་ནི་གྲོལ་བར་འགྱུར། །གྲོ་ག་ལ་ནི་གུར་ཀུམ་དང་། །གོ་རོ་ཙ་ནས་མིང་བྲིས་ཏེ། །བཅིངས་པའི་སྤྱི་བོར་བཞག་ན་གྲོལ། །རྟག་ཏུ་བཟླས་ན་བཅིངས་ལས་གྲོལ། །འདིར་ཡང་ལན་བདུན་བསྔགས་པའི་མར མར་ཁུ་མར་བྱུགས་སྦྲུམ་སྡེར་བཙའ། །ལན་བདུན་མངོན་པར་བསྔགས་པའི་ཆུ། །སྙིམ་པ་གསུམ་གྱིས་སྦྲུམ་མ་བདེ། །བཙའ་མི་འདོད་པ་བདེ་བར་བཙའ། །ཆང་དང་ཤིན་ཁུང་བུ་རམ་དང་། །གདུང་མའི་སྟེང་གི་ས་དུད་རྣམས། །སྐོལ་ཏེ་སྔགས་བཟླས་སྦྲུམ་མ་ལ། །ལྟོར་བཏང་འཕྲལ་ལ་བདེ་བར་བཙའ། །རྟག་ཏུ་བཟླས་ན་རང་ངམ་གཞན། །བཅིངས་པ་ལས་ནི་གྲོལ་བར་འགྱུར། །ནད་ཕྲན་གསོ་ཕྱིར་འདི་ལྟར་བྱ། །ཆུ་གཙང་ཁྲག་འཐུང་ཤུ་བ་སེལ། །བྱང་ཧུང་སྔགས་བྱུག་ཤུ་བ་མེད། །གདུངས་པ་དང་ནི་འབྲུམ་བུ་དང་། །དོམ་ལ་སོགས་པའི་རྨ་རྣམས་ལ། །ཡུང་ང་སྤོས་དང་ཨ་རུ་ར། །སྔགས་བཟླས་བྱུགས་ན་འཚོ་བར་འགྱུར། །སྨན་ལ་མངོན་པར་སྔགས་བཟླས་ནས། །ནད་པས་ཟོས་ན་ནད་རྣམས་འབྱིན། །མར་ལ་ལན་བརྒྱ་སྔགས་བཟླས་ཏེ། །ཡན་ལག་གང་ལ་བྱུགས་པ་འཚོ། ། འབྲུ་མར་སྔགས་བྱུགས་མགོ་གཟེར་འཚོ། །གདུག་པའི་རྨ་ལ་ཆུ་བརྒྱ་རྩ་བརྒྱད་བཟླས། བུ་མི་འཚོ་ལ་ཁྲུས་ཆུས་འཚོ། །སྒྲོ་ཆུ་གཉིས་ཀྱིས་ལིང་ཐོག་སེལ་ ་ཝོ་ ་མར་སོག་སྦུབས་སོ་སྲིན་སེལ། །སྒ་དང་ཀ་རས་ཆམ་པ་སེལ། །སྦྲང་རྩི་ལྕམ་པ་མུ་ཟིས་མེས་ཚིག་སེལ། །དམ་ལ་གནས་པའི་སྔགས་པ་ཡིས། །སྙིང་རྗེའི་སེམས་ཀྱིས་གསོ་བྱས་ན། །སྨན་པ་ཤིན་ཏུ་མཁས་པ་བཞིན། །སྡུག་བསྔལ་ཀུན་འཚོ་བདེ་སྐྱིད་འགྱུར། །ཞེས་གསུངས་སོ། ། ལས་རྒྱ་མཚོའི་རྒྱུད་ལས། གསོ་བར་བྱ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་མགོན་པོ་ནག་པོས་ཡང་གསོལ་བ། ཀྱེ་ཧོ་གསང་བདག་རྡོ་རྗེ་བསྣམས། །ལོངས་སྤྱོད་བསྒྲུབ་ལ་སོགས་པ་ཡི། །གཞན་ཡང་དགོས་འདོད་བསྒྲུབ་པ་ཡི། །རིམ་པ་བདག་ལ་བཤད་པར་ཞུ། །གསང་བའི་བདག་པོས་བཀའ་སྩལ་པ། །མ་ཧྭ་ཀྭ་ལ་ཁྱོད་ཉོན་ཅིག །ལོངས་སྤྱོད་དགོས་རིམ་དོན་བསྒྲུབ་ཞིག །ང་ཡིས་ཁྱོད་ལ་ལེགས་པར་བསྟན། །ལོངས་སྤྱོད་ནོར་བསྒྲུབ་འདི་ལྟར་བྱ། །སྔོན་དུ་བསྙེན་པ་རྫོགས་པ་དང་། །མཎྜལ་བུམ་པ་ལེགས་པར་བཤམ། །བསྐྱེད་རིམ་རང་ལྷ་བུམ་པ་བསྐྱེད། །སྤྱན་དྲངས་བསྟིམ་ལ་མཆོད་སོགས་དབུལ། །རྩ་སྔགས་ལས་སྔགས་འབྲེལ་བར་བཟླས། །ལོངས་སྤྱོད་མངོན་སུམ་བུམ་བའི་ནང་། །འཕེལ་ཞིང་རྒྱས་ནས་དབང་བྱེད་བསམ། །བསྟོད་བྱེད་བདེན་བདར་བཅོལ་བ་བྱ། །ཐོན་ཀར་བུམ་པས་རང་དབང་བསྐུར། །ལོངས་སྤྱོད་མཆོག་རྣམས་འཕེལ་བར་བྱེད། །ཡིད་འོངས་བུ་མོ་ཐོབ་འདོད་ན། །སྔོན་དུ་བསྙེན་པ་རྫོགས་པ་དང་། །མཎྜལ་ལེགས་བྱས་བསྐྱེད་རིམ་གསལ། །སྤྱན་དྲངས་བསྟིམ་ལ་མཆོད་པ་འབུལ། །རྩ་ལས་སྔགས་བཟླས་བདར་བཅོལ་བྱ། །མངོན་ཁུགས་རང་དབང་མེད་པར་གསལ། །མེ་ཏོག་འབྲས་བུ་སྤོས་ལ་བསྟིམ། །གཏོར་སྦྱིན་ལྷ་རྣམས་རབ་ཏུ་ཤིས། །སྨྲ་བྱེད་སྔགས་བྱེད་ལྷམ་གོས་ལ། །གཏོར་རམ་ཕུར་མ་བྱས་ལ་བཞག །གཟུགས་བཅས་དགུག་དང་བསྟིམ་པ་བྱ། །རང་ཉིད་དགོངས་ཕྱོགས་སྐུར་བསྐྱེད་དེ། །ཆུ་ཡི་དཀྱིལ་དུ་ཁྲུས་བྱས་ནས། །གསང་སྔགས་སྟོང་ཕྲག་བཞི་བརྗོད་ན། །མངོན་པར་དགའ་བའི་བུ་མོ་ཐོབ། །འགྲོ་བའི་ཡིད་འོང་བྱ་བ་འམ། །གང་དག་མི་དག་དགའ་འདོད་ན། །བྱ་གོང་ནས་སུ་ཐོ་རངས་དུས། །ལན་གསུམ་མངོན་པར་བསྔགས་པའི་ཆུས། །ཁ་གདོང་བཀྲུས་ན་འགྲོ་ཀུན་དགའ། །པདྨ་དཀར་པོའི་སྐུད་པ་ལ། །སྐར་མ་རྒྱལ་ལ་བབ་དུས་སུ། །བརྒྱ་དང་རྩ་བརྒྱད་བཟླས་བྱས་ནས། །དེ་ཡི་མིང་ལ་བགོ་བྱས་ན། །བུད་མེད་ཀུན་གྱི་ཡིད་འཕྲོགབྱེད། །མེཏོགཁའབུསཙན་དན་སྦྱར། །རྒྱལ་དུས་བརྒྱ་རྩ་བརྒྱད་སྔགས་ན། །དྲི་ཡི་ཐིག་ལེ་བྱ་པ་ན། །རྒྱལ་པོ་མི་དགའ་དགའ་བར་བྱེད། ། རྟག་ཏུ་བཟླས་བརྗོད་བྱས་པ་ན། །སྐྱེ་འགྲོ་ཀུན་གྱི་ཡུལ་དབང་བྱེད། །འབྲས་བུ་གསུམ་དང་ཚ་བ་གསུམ། ། མར་དང་བུ་རམ་སྔར་ལྟར་བཏང་། །དཔལ་མེད་དཔལ་སྐྱེད་བྱེད་པའི་མཆོག །ཚེ་ཟད་ཚེ་ཉམས་བསྲིང་འདོད་ན། །མཚན་ལྡན་རིན་ཆེན་མཛེས་པའི་ག་འུ་སྲ །འབྲུ་བ་་སྙིངཔོ་སྨན་ལྔ་བླུགས། །ཟླ་རྒྱས་ཁ་བཅད་སྟེགས་སུ་བཞག །མདའ་དར་མེ་ལོང་བཏགས་ལ་གཟུགས། །ཏྲ༷་ལས་ག་འུ་རིན་ཆེན་ནང་། །ཟླ་དཀྱིལ་ཚེ་ཡི་སྙིང་པོ་བསམ། །ལྷ་བསྐྱེད་སྤྱན་དྲངས་མཆོད་བསྟོད་བྱ། །རྩ་སྔགས་ཚེ་སྙིང་འབྲེལ་པར་བཟླས། །སྔགས་དང་ཡེ་གེའི་འོད་ཟེར་ལས། །ལྷ་མོ་བུམ་ཆུ་གྲངས་མེད་པས། །བདེ་གཤེགས་སྐུ་གསུང་ཐུགས་བྱིན་དང་། །ལྷ་དང་མཉམ་པ་ལ་སོགས་པའི། །ཚེ་བསྡུས་ག་འུར་གར་དམིགས། །མཉམ་ལས་ཁྱད་འཕགས་ཡི་དམ་ལྷ་མཆོག་གི །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དཔག་མེད་ཀྱིས། །ཕྱོགས་སྐྱོང་སྡེ་བརྒྱད་བགེགས་ཚོགས་ཐམས་ཅད་ཀྱི། །ཚེ་དང་བླ་ཁུགས་མཛོད་ཅེས་ཞིབ་ཏུ་བརྗོད། །སྤྲུལ་པས་ཚེ་དང་བླ་བཀུག་ནས། །ག་འུའི་ནང་དང་ལུས་ལ་བསྟིམ། །ཚེ་བསྟེན་གུ་རུ་བསྟིམ་པར་བྱ། །ལུས་སེམས་ཚེ་རྒྱས་ཏིལ་གང་ཞིང་། །ཚེ་སྦ་སེམས་ཀྱི་དཀྱིལ་དུ་སྦ། །ཞག་གསུམ་ལྔ་འམ་ཞག་བདུན་སོགས། །དུས་སུ་སྦྱར་ན་ཚེ་སྲིང་མཆོག །མི་གཙང་ནད་དང་སྡུག་བསྔལ་ཀུན། །བུམ་ཆུས་བཀྲུ་ཕྱིར་འདི་ལྷར་བྱ། །མཎྜལ་དྲིས་བྱུགས་མཛེས་ལྡན་སྟེང་། །རིན་ཆེན་མཛེས་ལྡན་བུམ་པའི་ནང་། །བྱིས་པས་བླང་བའི་ཆུ་གཙང་དགང་། །ཉི་ཤུ་རྩ་ལྔའི་བཅུད་ལྡན་བྱ། །ཁ་རྒྱན་མགུལ་ཆིངས་གཟུངས་ཐག་གདགས། །བུམ་པ་གཞལ་ཡས་རྒྱ་མཚོར་བསམ། །ཟླ་དཀྱིས་ཨ་དཀར་སྔགས་ཀྱིས་བསྐོར། ། རང་ལྷ་བུམ་ལྷ་གསལ་བར་བསྐྱེད། །སྤྱན་དྲངས་བསྟིམ་ལ་མཆོད་པ་བྱ། །རྩ་སྔགས་ཆོད་ཉིད་རྣམ་དག་སྔགས། །ལ་སྔགས་བཟླས་པས་ཡིག་འབྲུ་ལ། །བཟླས་པའི་སྔགས་ཀྱི་འོད་ཟེར་གྱིས། །ཡེ་ཤེས་ཆུ་རྒྱུན་འབབ་ཅིང་འདྲེས། །དེ་ནས་བུམ་ལྷ་བདུད་རྩིར་ཞུ། །སྣོད་ཀྱི་རིམ་པ་ཤེས་པར་བྱ། །ཡེ་ཤེས་ལྷ་མཆོག་བྱིན་རླབས་པའི། །ཆོས་ཉིད་ཡེ་ཤེས་བདུད་རྩིའི་ཆུས། །རིགས་ཀྱི་བུ་འདི་ཁྲུས་བྱས་པས། །མི་གཙང་ནད་དང་སྡུག་བསྔལ་ཀུན། །སྐད་ཅིག་མོད་ལ་དག་གྱུར་ཅིག །མི་གཙང་བ་དང་ཉེས་སྐྱོན་ཀུན། །ཆུ་ཡིས་རྫས་བཀྲུས་མེ་བསད་བཞིན། །རེག་པ་ཙམ་གྱིས་འདག་པར་དམིགས། །ཞག་གསུམ་ལྔ་འམ་བདུན་དུ་བྱ། །དམ་ཚིག་ལྡན་པས་དུས་བཞིན་བཀྲུ། །ཉེས་སྐྱོན་མ་ལུས་དག་བྱེད་མཆོག །ཅི་འདོད་དངོས་གྲུབ་བསྒྲུབ་པའི་ཕྱིར། ། ཚད་ལྡན་རིན་ཆེན་མཛེས་པའི་ནང་། །དམར་སེར་བ་ཡི་འོ་མ་མར། །སྙིང་པོ་སྨན་ལྔ་བཅས་པ་བླུགས། །ཏྲ༷་ལས་རིན་ཆེན་སྣོད་ནང་དུ། །ཉི་སྟེངས་དཔའ་བོ་འབྲུ་ལྔ་བསམ། །ལྷ་བསྐྱེད་སྤྱན་དྲངས་མཆོད་པ་བྱ། །རྩ་སྔགས་དངོས་གྲུབ་འདོད་སྔགས་བཟླས། །ཡིག་འབྲུ་ལྔ་ལ་འོད་འཕྲོས་པས། །བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་ཅི་འདོད་རྣམས། །བསྡུས་ནས་རྟེན་ལ་ཕབ་པར་བསམ། །ཡེ་ཤེས་ལྷ་མཆོག་བྱིན་རླབས་དངོས་གྲུབ་ཅན། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པས། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་དག །ཅི་བསམ་དངོས་གྲུབ་དུས་འདིར་བདག་ལ་སྩོལ། །ཅེས་བརྗོད་རང་འདོད་དངོས་གྲུབ་རྣམས། །ལྷ་མཆོག་མངོན་དུ་བྱོན་ནས་བྱིན་པར་བསམ། །དངོས་གྲུབ་རྟེན་དུ་བཞག་པའི་རྫས། །ཁོལ་ལམ་ལུད་དམ་རླངས་པ་འམ། །འོད་དུ་འབར་ན་རང་ཉིད་ཀྱིས། །ཡིད་གཉིས་མེད་པར་ལོངས་སྤྱོད་བྱ། །ཡེ་ཤེས་ཆེན་པོའི་བདུད་རྩི་དེས། །ཇི་ལྟར་འདོད་པའི་དོན་ཀུན་འགྲུབ། །འཆི་མེད་མཁའ་ལ་འགྲོ་འདུག་པ། །ས་འཛུལ་ཆུ་ལ་མི་འབྱིང་དང་། །སྨྲ་ཅན་མེས་མཚོན་མི་གནོད་དང་། །རྐང་མགྱོགས་མིག་གནོན་འདོད་དགུ་འགྲུབ། །དམ་ལྡན་རྒྱུན་དུ་འབད་ན་འགྲུབ་པ་འབྱུང་། །ཁྱད་པར་ཅན་གྱི་སྤྱོད་ཡུལ་ལས། །ཀུན་གྱི་ཐུན་མོང་དེ་མ་ཡིན། །དེ་ཕྱིར་དེ་བསྐྲུབ་རབ་ཏུ་དཀའ། །གྲུབ་ན་ཡོན་ཏན་བརྗོད་ལས་འདས། །ལྷ་གསལ་མཆོད་སོགས་གཞུང་བཞིན་མཆོད། །བརྩོན་ལྡན་དམ་ཚིག་མ་ཉམས་པས། །གསེར་འགྱུར་རྩི་ཡི་རྣམ་པ་བཞིན། ། རྒྱལ་བའི་སྐུ་འགྱུར་ཐག་མི་རིང་། །འདིར་ཡང་བསམ་པ་སྣ་ཚོགས་འགྲུབ། །ཅེས་གསུངས་སོ། །ལས་རྒྱ་མཚོའི་རྒྱུད་ལས། །དགོས་འདོད་བསྒྲུབ་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་མགོན་པོས་ཡང་གསོལ་པ། །ཀྱེ་ཧོ་གསང་བདག་རྡོ་རྗེ་བསྣམས། །པྲ་རྟགས་རྨི་ལམ་ཉེ་བ་ཡིས། །རིམ་པ་ལེགས་པར་བཤད་པར་ཞུ། །གསང་བའི་བདག་པོས་བཀའ་སྩལ་པ། །མ་ཧྭ་ཀྭ་ལ་ཁྱོད་ཉོན་ཅིག །པྲ་རྟགས་རྨི་ལམ་ཉེ་བ་རྣམས། །ང་ཡིས་ཁྱོད་ལ་ལེགས་པར་བསྟན། །ལྷའི་བུ་ལེགས་ལྡན་དྲི་མེད་ཟླ་བ་ལ་ཕྱག་འཚལ་ལོ། །འཇིག་རྟེན་སྲུང་བའི་བདེན་པ་དང་། །ཡོངས་སུ་བཟུང་བའི་བདེན་པ་དང་། །འཇིག་རྟེན་ཆོས་ལྡན་བདེན་པ་དང་། །བདེན་པའི་ཚིག་ནི་འདི་དག་གིས། །ད་ལྟ་ཉིད་དུ་མངོན་མཐོང་ཤོག །རྡོ་རྗེའི་སྔགས་ཀྱང་གདབ་པར་བྱ། །བདག་གིས་དགོས་པའི་བསམ་པ་གང་། །བདག་གི་དོན་དང་གཞན་གྱི་དོན། །དགེ་དང་མི་དགེ་གང་ཡིན་པ། །དེ་ཉིད་ཁོ་ན་ཉིད་དུ་སྨྲ། །ས་གནས་ཤིན་ཏུ་གསང་བ་མྲ །ནང་པ་སྔར་ལངས་མཎྜལ་བྱ། །བུམ་བཙུགས་མཆོད་པ་རྒྱས་པར་བྱ། །མེ་ལོང་ལ་ནི་མངོན་པར་བཟླས། །ཁྲུས་བྱས་གཙང་མའི་གོས་གྱོན་ལ། །ཙན་དན་དཀར་པོས་ཡན་ལག་བྱུག ། དྲི་ཞིམ་མེ་ཏོག་འཕྲེང་གིས་བརྒྱན། །ཁྱིམ་གྱི་ཆོས་ཀྱིས་མ་སྨིན་པའི། ཁེན་ཏུ་ལེགས་བཅས་ཁྱེའུ་བུ་མོ་ལ། །ཁྲུས་བྱས་ཕང་མདུན་དུ་བཞག །བདེན་མཐོང་བརྗོད་ན་སྨྲ་བ་པོ། །ཇི་ལྟར་བསམ་པའི་དགོས་པ་རྣམས། །མི་སླུ་རབ་ཏུ་རྟོགས་པར་བྱེད། །དགོངས་ཀ་དགོས་པའི་གོས་སྦྲུགས་ཏེ། །མཎྜལ་བྱི་དོར་བྱས་ནས་ནི། །ལྷ་ཡི་བུ་ལ་མཆོད་བྱ་སྟེ། །བརྒྱ་དང་རྩ་བརྒྱད་སྔགས་བཟླས་ནས། །ཐུབ་པར་ཉལ་བར་བྱས་པ་ན། །ཇི་ལྟར་བསམ་པའི་རྨི་ལམ་རྟོགས། །རྟག་ཏུ་བཟླས་བརྗོད་བྱས་ནས་ནི། །འཇིག་རྟེན་གསུམ་གྱིས་སྤྱོད་པ་ཡི། །དངོས་པོའི་གཏམ་ཀུན་སྨྲ་བའོ། །སྔོན་དུ་བརྗོད་པའི་ཆོ་གས་ནི། །མེ་ལོང་རལ་གྲི་ཆུ་སྣོད་ལ། །གཏམ་ནི་སྨྲ་བར་བྱེད་པ་ཡིན། །འཕྲལ་དུ་པྲ་བྲན་དབབ་འདོད་ན། །བྱིས་པ་གཙང་མ་མདུན་དུ་བཞག །མཆོད་རྟེན་སྐུ་གཟུགས་ཉི་ཟླ་འམ། །མེ་ལོང་མེ་ཏོག་སེམས་གཏད་བྱ། །སྔགས་གདབ་ཅི་མཐོང་གཏམ་ཀུན་དྲི། །ལ་ཉེ་བརྟག་པར་འདོད་པ་ན། །སྔོན་དུ་བདེན་བདར་དམོད་བཅོལ་བྱ། །སྔགས་དང་ཉེ་བའི་རྟགས་བརྟན་པར། །བུམ་སོགས་སྣོད་རྣམས་གང་བ་དང་། །བཀྲ་ཤིས་རྫས་དང་སྒྲ་སྙན་དང་། །སྐྱེས་བུ་བུད་མེད་བཟའ་དགའ་དང་། །བུས་པ་སྙན་པའི་གཏམ་སྨྲ་དང་། །ལེགས་མཐོང་སྒོ་སྟོན་གུས་པ་དང་། །དེ་དག་བཟློག་ན་ངན་པ་སྟེ། །བཟང་དང་ངན་པའི་རྟགས་ཤེས་བྱ། །བྱ་རྟགས་ལ་ཉེའི་རིམ་པ་ཡང་། །འཇིག་རྟེན་ནང་གི་བྱ་བ་བཞིན། །སོམ་ཉི་མེད་ན་ངེས་པར་འགྲུབ། །ཡིད་གཉིས་ཅན་གྱིས་འགྲུབ་མི་འགྱུར། །དེ་ཕྱིར་ཡིད་ཆེས་ངེས་པར་བསྐྱེད། །རྣོ་མཐོང་གཞན་དགའ་རྟོགས་པར་འགྱུར། །ཅེས་གསུངས་སོ། །ལས་རྒྱ་མཚོའི་རྒྱུད་ལས། པྲ་རྟགས་ལ་ཉེའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་མགོན་པོ་ནག་པོས་ཡང་གསོལ་པ། །ཀྱེ་ཧོ་གསང་བདག་རྡོ་རྗེ་བསྣམས། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །ཆར་དབབ་ལས་རིམ་བཤད་པར་ཞུ། །གསང་བའི་བདག་པོས་བཀའ་སྩལ་པ། །མ་ཧྭ་ཀྭ་ལ་ཁྱོད་ཉོན་ཅིག །ཆར་དབབ་ལས་ཀྱི་རིམ་པ་ནི། །ང་ཡིས་ཁྱོད་ལ་ལེགས་པར་བསྟན། །བླ་གབ་མེད་པའི་ས་གནས་སུ། །ས་ལ་མ་ལྷུང་བ་ཡི་ལྔས། །མཎྜལ་རྒྱ་སོར་བཅུ་དྲུག་ལ། །རྔམས་སུ་སོར་བཞི་ལེགས་བྱས་ལ། །པདྨ་འདབ་བརྒྱད་སྒོ་ལྡན་བྲི། །རྒྱལ་པོ་འམ་ནི་བྲམ་ཟེའི་རིགས། །ཐོད་པ་དག་བཀྲུ་དྲི་ཆུས་བྱུག །དེ་ལ་གུར་ཀུམ་ཆུ་ཡིས་སུ། །ཀླུ་གཟུགས་སྦྲུལ་མགོ་བདུན་པ་ལ། །ཐལ་ཆེན་སྨད་ནི་སྐྲུལ་དུ་འཁྱིལ། ། བྲིས་ལ་མཎྜལ་སྟེང་དུ་བཞག །གཏོར་མ་གཏང་ལ་བདེན་པ་བདར། །རང་ཉིད་ཁྲུས་བྱས་དྲིས་བྱུགས་ཏེ། །རས་གྱོན་དམ་བསྲུང་ཞིང་ལྔར་བསྐྱེད། །ཐོད་པར་ཕུ་ལས་ཀླུ་བརྒྱད་བསྐྱེད། །སྤྱན་དྲངས་མཆོད་བསྟོད་བཅོལ་བ་བྱ། །རྩ་གཅིག་གདབ་སྔགས་ཡུངས་ཀར་བརྡེག །སྔགས་བཟླས་འོད་འཕྲོས་སྤྲིན་དུ་ཆགས། །དེ་ནས་ན་ག་མགོ་ལྔ་པ། །ཁ་ནས་གློག་འགྱུ་ཆར་ཆེན་འབེབ། །ཀླུ་རྣམས་བཀའ་ཉན་ཆར་ཆེན་འབེབས། །གལ་ཏེ་དེ་དུས་མ་ཕེབས་ན། །རང་ཉིད་གཏུམ་ཁྲོ་འབར་བར་བསྐྱེད། །སྔགས་བཟླས་ཀླུ་རྣམས་འཇིགས་སྲེག་དམིགས། །གུ་གུལ་དུད་པས་ཐོད་པ་བྱབ། །དེས་ཕེབས་གལ་ཏེ་མ་ཕེབས་ན། །ཟངས་བུ་དྲེག་པ་བྲུད་པ་དང་། །རྩ་ར་ཁམ་པའི་རིལ་མ་དང་། །༄༅ རི་བོང་རིལ་མ་སྔགས་ལ་གཏོར། །དེས་ནི་ངེས་པར་ཕེབས་པར་འགྱུར། ། ལྷག་པར་ཆར་ཆེན་གཅོད་འདོད་ན། །ཡུངས་དཀར་སྦྱིན་སྲེག་ཐལ་ཆེན་ལ། །བཅད་སྔགས་བཟླས་གཏོར་འཆད་པར་འགྱུར། །སྔགས་པ་དམ་ཚིག་སྙིང་རྗེར་ལྡན། །ཆར་དབབ་ལས་ནི་གང་བརྩམས་ཀྱང་། །རྒྱལ་་པ་འ་བཀའ་ལ་གུས་ཉན་ཅིང་། །ཀླུ་རྣམས་བཀའ་ཉན་ཆར་རྒྱུན་འབེབས། །འགྲོ་ཀུན་བདེ་སྐྱིད་རྒྱས་པ་སྨིན། །ཅེས་གསུངས་སོ། །ལས་རྒྱ་མཚོའི་རྒྱུད་ལས། ཆར་དབབ་ཅིང་བཅད་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་མགོན་པོ་ནག་པོས་ཡང་གསོལ་པ། །ཀྱེ་ཧོ་གསང་བདག་རྡོ་རྗེ་བསྣམས། །སེམས་ཅན་ཀུན་ལ་གནོད་བྱེད་པའི། །བགེགས་རྣམས་གཟིར་དང་མནན་པ་དང་། །རྟབ་སྡམ་འགྲུལ་བཅད་བསྐྲད་པ་དང་། །བདག་ལ་ལེགས་པར་བཤད་པ་ཞུ། །གསང་བའི་བདག་པོས་བཀའ་སྩལ་པ། །མ་ཧྭ་ཀྭ་ལ་ཁྱོད་ཉོན་ཅིག །བགེགས་རྣམས་བསྐྲད་ཅིང་གནན་པ་དང་། །རྟབ་སྡམ་འགྲུལ་ཐག་བཅད་པ་དང་། །བསྐྲད་པར་བྱ་བའི་རིམ་པ་ཞིག ། ང་ཡིས་ཁྱོད་ལ་ལེགས་པར་བཤད། །བགེགས་རྣམས་གཟིར་བར་བྱ་བ་ནི། །བགེགས་ནི་ཆེན་པོ་བཏབ་པ་ན། །སྔོན་དུ་བགེགས་མཆོད་བདེན་པ་བདར། །དེ་ནས་བསྙེན་པ་རྫོགས་པར་བསྐྱལ། །འབྲུབ་ཁུང་གྲུ་གསུམ་གཏིང་དུ་བྲུ། །ནང་ནི་དུར་ཁྲོད་སོལ་བས་བྱུག །ར་སོགས་གྲོག་མཁར་ས་ལ་ནི། །གནོད་བྱེད་བགེགས་ཀྱི་མིང་གཟུགས་བྱ། །ཐོད་པའི་ནང་གཞུག་འབྲུབ་ཁུང་གཞུག །བཀུག་བསྟིམ་འཇའ་ཚོན་སྣ་ལྔ་དཀྲི། །བདའ་ངས་སྐྲས་ཅིང་གཡག་རྩིད་གདགས། །ཚིགས་རིང་ཕུར་པ་དག་གིས་གདབ། །རང་ཉིད་ཁྲོ་རྒྱལ་ཆེན་པ་ཡི། ། སྔགས་བཟླས་ཐུན་གྱིས་བྲབ་པར་བྱ། །ཐུན་རྫས་ཡུངས་དཀར་ཡུངས་ནག་དང་། །དུག་ཆུ་རྡོ་ཕྱེ་ལྕགས་ཟངས་ཕྱེ། །སྐྱེ་ཚེ་ཐལ་ཆེན་མི་མཐུན་ཚོགས། །ཐུན་མཚམས་དག་ཏུ་གཡམ་པ་ལ རི་རབ་རྡོ་རྗེ་རྒྱ་གྲམ་བྲི། །ཁ་བཅད་རྡོ་རྗེ་དྲིལ་བུས་མནན། །སྔགས་ཟློས་དུས་སུ་གཡམ་པ་བསལ། །ནད་ཞི་རྟགས་བྱུང་ཐོད་པ་གཟུགས། །མཆོད་རྟེན་རྒྱ་གྲམ་དག་མནན། །གུ་གུལ་བཙན་དུག་ཤ་ཆེན་དང་། །གླ་རྩི་ཁྲོག་པའི་རྩ་བ་ཡིས། །ནད་པའི་ལུས་ལ་བྱུག་པ་བྱ། །དེས་ནི་བགེགས་རྣམས་ཞི་འགྱུར་རོ། །རྡོ་རྗེ་འཛིན་ལ་བགེགས་གནས་པ། །མཆོད་རྟེན་དབབ་པར་བྱ་བ་ཡིན། །བགེགས་ཀྱི་མིང་དང་གཟུགས་བཅས་པ མཆོད་རྟེན་ཞབས་སུ་གཞུག་བྱ་སྟེ། ། བདག་གི་ཐུགས་ལས་འོད་འཕྲོས་པས། །བདེ་གཤེགས་ཁྲོ་བོ་སྤྱན་དྲངས་ཏེ། །མཆོད་རྟེན་དག་ལ་བསྟིམ་པས་སུ། །མཆོད་རྟེན་ནག་པོ་འོད་འབར་བསམ། །འོད་ཟེར་ཡང་འཕྲོས་བགེགས་བཀུག་སྟེ། །མཆོད་རྟེན་འོག་ཏུ་གནས་པ་ཡིས། །དེ་དག་རྨོངས་དང་མནན་གཟིར་བསམ། །རྣལ་འབྱོར་པ་དང་དགེ་འདུན་དང་། །སྲོག་ཆགས་ཀུ་ལ་འཚེ་བ་ཡི། །མ་རུངས་གནོད་ཅིང་བགེགས་བྱེད་ལ། །རྩ་སྔགས་ལས་སྔགས་བཟླས་བྱ་ཞིང་། ། བདར་བཅོལ་བྱ་ཞིང་གནས་སུ་སྦ། །བགེགས་རྟབ་སྡམ་པར་བྱ་བ་ནི། །རབས་ཆད་ནག་བའི་ཐོད་པའི་ནང་། །རིན་ཆེན་སྣ་ལྔ་མངར་གསུམ་དང་། །མེ་རྟག་སྣ་ཚོགས་ཁ་རུ་ཚ། །འབྲུ་སྣ་ཚོགས་དང་ཆང་ཕུད་དང་། །སྣེའུ་རྟ་ཤ་སྦྲུལ་གྱི་ཤ། །བཙན་དུག་དང་ནི་ར་དུག་དང་། །ཐར་ནུར་དེ་ལྕགས་ཐང་ཕྲོམ་བླུགས། །འདྲེ་གདོན་གང་གནོད་མིང་གཟུགས་ན། །གྲོ་ག་ཤོག་ཤོག་བྲིས་ལ་གཞུག །ཏིང་འཛིན་ལྡན་པས་དགུག་བསྟིམ་བྱ། ། ཡུངས་དཀར་ཡུངས་ནག་སྐེ་ཚེ་ལ། །སྔགས་བཟླས་ཐོད་པའི་ནང་དུ་བླུགས། །འདྲེ་གདོན་གང་གནོད་ཕྱོགས་སུ་མནན། །བྱ་མོ་ནག་པོའི་གསོབ་སྒོང་དུ། ཁྲ་སྣ་ཁྲག་སྣ་སྙིང་སྣ་དང་། །འབྲུ་སྣ་མངར་སྣ་ཆང་ཕུད་དང་། ། ཨ་མྲི་ཏ་ལ་སོགས་པ་བླུགས། །གཟུགས་བཅས་དགུག་པ་བསྟིམ་སྔགས་བཟླས་ཏེ། །བྱང་ཤར་མཐོ་ཡི་རྩེ་ལ་མནན། །ཁམ་པའི་གའུ་གྲུ་བཞིའི་ནང་། །སྐྲུལ་ལམ་སྦལ་པའི་པགས་པའི་ནང་། །དཀར་གསུམ་མངར་གསུམ་འབྲས་ཆེན་དང་། །གྲོ་ཡོས་འབྲུ་སྣ་སྣ་ཚོགས་གསལ། །གཟུགས་བཅས་དགུག་བསྟིམ་ཚོན་སྐུད་དཀྲི། །མཁའ་ལྡིང་གཟུགས་བཞིན་ཕྱོགས་བཞིར་བཞག །སྔགས་བཟླས་གནོད་པའི་ས་རུ་མནན། །སྐྱུ་ཀའི་གསོབ་བམ་ཐོད་པ་འམ། །ཕོ་རོག་དག་གི་ཐོད་པ་མྲ ཁྲ་ཁྲག་དམར་དང་འབྲས་ཡོས་འབྲུ། །དར་ནག་དྲིལ་ལ་ཐོད་པ་གཞུག །གཟུགས་བཅས་དགུག་བསྟིམ་སྔགས་བཟླས་ཏེ། །ནུབ་བྱང་མཚམས་སུ་གནན་པ་བྱ། །རྟ་དང་མཛོ་ཡི་ཐོད་པའི་ནང་། །གུ་གུལ་སྲན་མའི་མེ་ཏོག་དང་། །ར་དུག་སྤྱང་དུག་ནང་དུ་གསལ། །འབྲུ་སྣ་བརྒྱད་ལ་གཟུགས་བྱས་ལ། །སྙིང་ཁར་ཨེ་དབྱིབས་གྲུ་གསུམ་བྱ། །དེ་ནང་མི་ཡི་སྙིང་ཁྲག་ལ། །རྟ་སྙིང་གློ་བ་དང་བཅས་པ། ཡུངས་ཀར་ཡུངས་ནག་སྐེ་ཚེ་དང་། །དགུག་བསྟིམ་སྔགས་བཟླས་གནོད་སར་མནན། །འུག་པ་བྱ་འཚལ་ཐོད་པ་མྲ །ཁྲག་སྣ་འབྲུ་སྣ་འབྲུ་མར་དང་། །ལེ་བརྒན་དར་དམར་དུག་ཁྲག་བླུགས། །གཟུགས་བཅའ་དགུག་བསྟིམ་སྔགས་བཟླས་ལ། །དེ་ཉིད་གནས་པའི་བྲག་རྩར་མནན། །ཁམ་པའི་སླུ་གུ་ནག་པོའི་ནང་། །ཉུངས་ནག་རྒྱ་ཚིལ་འབབ་ཆུ་བླུགས། །གཟུགས་བཅས་དགུག་བསྟིམ་སྔགས་བཟླས་ལ། །རེའུ་རུལ་ཞིག་གམ་ཆུ་གླིང་མནན། །ངང་པའི་སྒོ་ངའམ་ཐོད་པ་མྲ །འབྲུ་སྣ་མངར་དང་ཆང་ཕུད་དང་། །གུ་གུལ་མུ་ཟི་རྒྱ་ཚིལ་བླུགས། །གཟུགས་བཅའ་སྔགས་བཟླས་གནོད་སར་མནན། །གཡག་རུ་གཡས་པའི་ནང་དུ་ནི། ་་ཁྲག་ཤ་རུལ་སྤྱང་དུག་དང་། །གུ་གུལ་མུ་ཟི་གཟུགས་བཅས་གསལ། །དགུག་བསྟིམ་སྔགས་བཟླས་གནོད་སར་མནན། །བསེན་མོ་སྲིད་པའི་འདྲེ་མོ་དང་། །ཆུ་དྲི་ལ་སོགས་རྟ་བསྡམ་ན། །ལག་བསྙལ་སླུ་གུའི་ནང་དུ་ནི། །སྐྱི་བ་སྣེ་འུའི་བུ་རམ་དང་། །ཐ་རམས་ཡུངས་ནག་སྐྱེ་ཚེ་དང་། །གུ་གུལ་ཟི་ར་ནག་པོ་ལ། །གཟུགས་ནག་རལ་པ་ཅན་ཅིག་བྱ། །གང་གནོད་མིང་བྲིས་སྙིང་ཁར་ཕུར། །དགུག་བསྟིམ་སྔགས་བཟླས་ཟམ་སྣ་འམ། །རྒྱ་གྲམ་ལམ་དུ་མནན་པ་བྱ། །བཟླས་པ་ཁྲི་ཡི་ཚད་དུ་བྱ། །རྟ་ལས་གཉན་ཞིང་དོ་མེད་པས། །གང་ཡང་འདིར་ནི་མ་འདའ་བརྗོད། །བགེགས་ནི་རྒྱུ་འགྲུལ་གཅད་པར་བྱ། །ཞིང་སས་གཟུགས་བྲིས་དགུག་བསྟིམ་བྱ། །སེང་ལྡེང་མཆོག་ཕུར་བྱིན་རླབས་བྱ། །སྔགས་བཟླས་བཏབ་ན་རྒྱུ་འགྲུལ་འཆད། །བགེགས་བསྐྲད་པ་རུ་བྱ་བ་ནི། །རང་ཉིད་ཁྲོ་བདག་ཆེན་པོར་བསྐྱེད། །བགེགས་ཀྱི་སྙིང་ཁར་མནན་པར་བསམ། །ཐུགས་ལས་ཁྲོ་བའི་སྤྲིན་བཀྱེ་བའི། །བགེགས་རྣམས་ཐམས་ཅད་བཀུག་པར་བསམ། །ཧུ༷་ལས་རི་རབ་གནན་པར་བྱ། །ལྕེ་ལ་ཧུ༷་གི་འཕྲོ་འདུ་ཡིས། །རྡོ་རྗེ་ནག་པོ་སྐྲུ་གུ་ཅན། །དེ་ནས་འོད་ཟེར་མེ་འདྲ་འབྱུང་། །གང་གནོད་སར་བཏབ་བསྲེག་པར་བསམ། །འོད་ཟེར་རླུ་་འདྲ་བྱུང་བ་ཡིས། །ཐམས་ཅད་གཏོར་བར་བསམ་པར་བྱ། །རྡོ་རྗེ་གསོར་བའི་འོད་འཕྲོས་པས། །རྡོ་རྗེ་ཕྲ་མོ་གྲངས་མེད་བྱུང་། །བསྒྲུབ་བྱའི་སྤྱི་གཙུག་རྐང་མཐིལ་འབིགས། །སྐུ་ལས་ཁྲོ་བོ་གྲངས་མེད་བྱུང་། །བ་སྐྲུའི་བུ་གར་ཁྲག་འཇིབས་བསམ། །སྐུ་ལས་མེ་བྱུང་སྲེག་པར་བསམ། །ཐལ་མོ་དྲག་པོར་བརྡབ་སྔགས་བརྗོད། །ཐམས་ཅད་དངངས་ཤིང་རྒྱལ་བར་བསམ། །ཏིང་འཛིན་ཕྱལ་བར་མི་བཏང་ཞིང་། །སྔགས་ལ་མི་ཚིག་སེལ་མི་འཇུག །དཔེར་ན་དངུལ་ཆུ་བྲུབ་པ་བཞིན། །མ་ཉམས་དྲག་ཏུ་བརྗོད་པར་བྱ། ། གནོད་བྱེད་དག་ལ་གདོན་བྱུང་ན། །དཔེར་ན་སྲིན་པོའི་ངུར་སྐད་བཞིན། །ཚིག་མི་གསལ་བར་དོན་གསལ་བར། །ཡིད་བརྟན་དྲག་ཏུ་བཟླས་པ་བྱ། །ཞེས་གསུངས་སོ། །ལས་རྒྱ་མཚོའི་རྒྱུད་ལས། བགེགས་བསྐྲད་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་མགོན་པོ་ནག་པོས་ཡང་གསོལ་པ། ཀྱེ་ཧོ་གསང་བདག་རྡོ་རྗེ་བསྣམས། །སངས་རྒྱས་བསྟན་པ་འཇིག་པ་དང་། །དཀོན་མཆོག་དབུ་འཕངས་སྨོད་པ་དང་། །འགལ་བྱེད་ཆམ་ལ་ཇི་ལྟར་དབབ། །རིམ་པ་བདག་ལ་བཤད་པར་ཞུ། །གསང་བའི་བདག་པོས་བཀའ་སྩལ་པ། །མ་ཧྭ་ཀྭ་ལ་ཁྱོད་ཉོན་ཅིག །འགལ་བྱེད་ཆམ་ལ་དབབ་པ་ཡི། །རིམ་པ་དེ་དག་མ་ལུས་པ། །ང་ཡིས་ཁྱོད་ལ་ལེགས་པར་བཤད། །གཞན་དག་བདག་ལ་ཞལ་ཆེ་འཛུགས། །རྗེ་མཁན་ལག་པ་བསྐྲུས་པ་ལ། །ལུག་ཐུག་དག་གི་གཟུགས་བྱས་ལ། །གྲོ་ག་རས་སམ་ཤོག་ཤོག་ལ། །རྡོ་རྗེ་རྒྱ་གྲམ་འཁོར་ལོ་བྲི། །ཡུང་བའམ་ནི་ལྡོང་རོས་ལ། །ལྕེ་བར་མིང་བྲིས་སྤྲ་ཚིལ་ཕུར། །ལུག་གི་སྙིང་ཁར་བཅུག་བྱས་ལ། །བཀུག་བསྟིམ་སྔགས་ཀྱིས་གདབ་པར་བྱ། །ཁྲོ་དང་ཞལ་མཆེ་འཛུགས་པ་ཡི། །ཁ་སྡོམ་རྨོངས་པར་བྱེད་པ་ཡིན། །ཡང་ན་གྲོག་མཁར་ས་ལ་གཟུགས། །བྱས་ཏེ་སྔགས་ནི་སྙིང་ཁར་གཞུག །ལྕེ་ལ་ཚེར་མ་བདུན་པོ་གདབ། །ཕུར་པ་བཏབ་སྟེ་མངག་གྱུར་ན། །ཁ་ནི་བསྡམ་པར་གྱུར་པ་ཡི། །ཡང་ན་ཁམ་པོར་དག་ལ་ནི། །ཐོད་ལོ་སྐོར་གྱིས་སྔགས་མིང་བྲི། ། ཐལ་བས་བཀང་ལ་ཁ་སྤྲད་ན། །ངན་པ་སྨྲ་བ་ཁ་བསྡམས་འགྱུར། །དཔུང་གནན་བ་ནི་འདི་ལྟར་བྱ། །དུར་ཁྲོད་དག་གི་རོ་རས་ལ། །སྣ་ཚོགས་རྡོ་རྗེ་རྒྱ་གྲམ་བྲི། །སྣ་ཚོགས་རྡོ་རྗེའི་དབུས་ལྟེ་ལ། །སྔགས་དང་ཕ་རོལ་དམག་དཔོན་ལ། །དཔའ་བོ་རྣམས་ཀྱི་མིང་བྲིའོ། །སྣ་ཚོགས་རྡོ་རྗེའི་ཕ་རོལ་ཏུ། །ཡི་གེ་ལ༷་བརྒྱད་བྲི་བར་བྱ། །དེ་ལྟར་བྲིས་ལ་གཉིས་བྱས་ལ། །ས་ཡི་དཀྱིལ་འཁོར་ལ་ཡང་བྲི། །གོང་གི་གཉིས་པོ་ཁ་སྦྱར་ལ། །ཚོགས་ཀྱི་བདག་པོའི་གཟུགས་བྱས་ཏེ། །གསུམ་པོ་གོང་གི་འཁོར་ལོར་གཞུག །རབས་ཆད་ནག་པོའི་ཐོད་པར་གཞུག ། ཕ་རོལ་སྡེ་ཡི་སོ་མཚམས་གནན། །ཡང་ན་དུར་ཁྲོད་དག་ཏུ་སྦ། །བཀུག་བསྟིམ་གསང་སྔགས་འབུམ་ཕྲག་གཅིག །སྔོན་དུ་བཟླས་པར་བྱ་བ་ཡིན། །གྲོག་མཁར་ས་ལ་གཟུགས་བྱས་ལ། །རྐང་མཐིལ་དག་ཏུ་སྔགས་བཅུག་ནས། །ལམ་གྱི་བཞི་མདོར་སྦ་བར་བྱ། །འགྲོ་དང་འོང་བ་སྡོམ་པར་བྱེད། །ཐལ་བར་བསྔགས་ལས་གཏོར་བྱས་ནས། །གཞན་གྱིས་འཚེ་བ་ཟློག་བྱེད་པ། །སླར་ཕྱུང་ནས་ནི་ཕུར་མི་བྱེད། །སྦྲུམ་མ་དག་ནི་བསྡམ་བྱ་ན། །དུར་ཁྲོད་རས་ལ་རྒྱ་གྲམ་བྲི། །ལྟེ་བ་དག་ལ་སྔགས་མིང་བྲི། །སྤྲང་རྩིས་དྲིལ་ཏེ་ཐོད་པར་གཞུག ། བཀུག་བསྟིམ་སྔགས་བཟླས་དུར་ཁྲོད་སྦ། །དེས་ནི་སྦྲུམ་སྡོམ་པར་བྱེད། །སླར་ཕྱུང་འོ་མས་བཀྲུས་བྱས་ནས། །ཆུ་ལ་བཀྲུས་ན་གྲོལ་བར་འགྱུར། །མི་རྒོད་འཇིགས་པ་བཅིང་བྱ་ན། །སྔོན་དུ་བཅིངས་པ་འབུམ་ཚོ་བཟླས། །དེ་ནས་མི་རྒོད་འོང་འདོད་ན། །ལག་པ་གཡས་པ་རྒྱ་མཚོར་བཟླས། །བྱུང་ནམ་ཐེ་བོང་ཆད་པར་བཅང་། །མ་བཏང་བར་དུ་བཅིངས་པར་འགྱུར། །བརྙས་བྱེད་ཞིང་ལ་རྔན་བྱེད་ན། །རྫ་མ་ཆེ་ཆུང་ཅི་འབྱོར་དུ། །རྟ་ཆུ་བུལ་ཏོག་བྱ་བ་ལམ། །ཏི་ཚ་མུ་ཟི་ནག་པོ་དང་། །ལན་ཚྭ་ནག་ཚུར་ཞིབ་བྱས་ལ། །ལྡུམ་བུའི་དུས་སུ་ཅི་འདོད་གཟུགས། །ཞོ་ཆུ་ཐན་པའི་དུས་སུ་བྱ། །རྟ་ཆུ་མ་འབྱོར་ཟིལ་པའོ། །ཡང་ན་སྐེ་ཚེ་ཤང་ཙེ་ལའོ། །ཡུངས་ནག་དུག་མོ་ཉུངས་དང་ནི། །རྟན་པར་ཞིབ་མོར་བརྡུངས་ག་ས་ལ། །སྔགས་བཟླས་ཞིང་ལ་དྲུད་པར་བྱ། ། གླང་མའི་བྱང་བུའི་ཡ་རྟགས་དང་། །བདག་གི་རྐང་པ་ལ་བརྟགས་ཏེ། །ཞིང་ལ་དྲུད་ཅིག་སྔགས་བཟླས་ཏེ། ། བྱེ་མའི་ས་བོན་གདབ་པར་བྱ། །རྩངས་དང་རྗེས་ལ་གཟུགས་གསུམ་བྱ། །ཏིང་འཛིན་གསལ་བྱས་བཀུག་བསྟིམ་ལ། །སྔགས་དང་ལས་སྔགས་བྲབ་པར་བྱ། །གཟུགས་གཅིག་ར་བལ་གྱིས། །དཀྲིས་ལ་ཨེ་ཡི་ནང་དུ་གཞུག །གཅིག་ལ་ཚེ་བཙུགས་གྱོ་མར་སྔོ། །ཐལ་བ་འབབ་ཆུ་དག་ལ་བསྐུར། །གཅིག་ལ་སྐྱེ་ཀའི་སྒྲོ་བཙུགས་ཏེ། །ཆུ་ལ་བསྐུར་ལ་ཁུས་གདབ་བོ། །ཉ་གསུམ་ནམ་པྱེད་དག་ལ་བྱ། །འགལ་བྱེད་དག་གི་ཁྱིམ་སྒྱེལ་ན། །རྒྱ་གྲམ་འཁོར་ལོའི་དབུས་དག་ཏུ། །འབྲུ་བཚི་སྔགས་དང་ལས་སྔགས་བྲི། །ས་ནག་བག་ཟན་གཏི་མུག་གཟུགས། །འཁོར་ལོ་སྦྲ་ཚིལ་འབུར་བྱས་ཏེ། །དུར་ར་བདག་གི་ཐོང་ང།ར་གསལ། །བྱ་རོག་ཚང་སྦུར་དུར་ཁྲོད་མེ། །བསྲེགས་དང་ཡུངས་ཀར་བསྔགས་ཤིང་བླུགས། །ལྷ་བསྐྱེད་མཆོད་གཏོར་དབུལ་བྱས་ལ། །རྩ་སྔགས་ལས་སྔགས་བཏགས་ལ་བཟླས། །གྲུ་གསུམ་དབུས་སུ་བསྒྲུབ་བྱ་དགུག །འབུམ་ཚོགས་ཁྱེར་ལ་སྦེའུ་རྨང་གཞུག །དུ་ར་དག་གིས་བསྒྱེལ་བར་བསམ། །མཆོད་པ་བྱ་ཞིང་ཆོས་གོས་བརྡབ། །ཞག་གམ་ཟླ་བ་ལོ་དུས་སུ། །ངས་བཤད་པ་ལ་ཐེ་ཚོམ་མེད། །འགལ་བྱེད་ཡུལ་ལས་དབྱུང་འདོད་ན། །སྦྲང་རྩིས་གཟུགས་བྱས་ཐོད་པར་གཞུག །རང་ཉིད་གསང་བདག་བསྐྱེད་བྱས་ཏེ། །སྔགས་ལས་སྔགས་བརྟགས་ལ་བཟླས། །སྔགས་ཀྱི་འོད་ཟེར་དག་གིས་སུ། །ཁ་བསྐྲད་གཞན་དུ་འ་ས་པར་བསམ། །བཟླས་པ་སུམ་འབུམ་དག་ཏུ་བྱ། ། རྟགས་མ་བྱུང་བར་གནས་སུ་སྦ། །ཕོ་མོ་གཉིས་ནི་དབྱེ་འདོད་ན། །གྲོ་ག་རས་སམ་ཤིང་ཤུན་ལ། །རྡོ་རྗེ་རྒྱ་གྲམ་འཁོར་ལོ་བྲི། །ལྟེ་བར་རྩ་སྔགས་མིང་དང་སྔགས། །བྲིས་ཏེ་རྟ་དང་མ་ཧེའི་ལྷོར། །ཕུར་ཏེ་དེ་ཉིད་ཨེ་ནང་གཞུག །ལྷར་བསྐྱེད་རྩ་སྔགས་མིང་དང་སྔགས། །འོད་ཟེར་དུད་པ་འདྲ་བ་ཡིས། །ལུས་སེམས་འཁྲུགས་པར་བསམ་པར་བྱ། །ཐུན་གྱིས་བྲབ་ཅིང་བཟླས་པ་བྱ། །འགལ་བྱེད་ལུས་དང་དབྲལ་འདོད་ན། །གསད་པའི་མཎྜལ་དབུས་དག་ཏུ། །སྦྲང་རྩི་ལིང་ག་སོར་བཞིའི་ཚད། །ཅི་འདྲ་དབང་པོ་དོད་པར་བྱ། །རང་ཉིད་ལྷར་བསྐྱེད་དགུག་བསྟིམ་བྱ། །སྔོ་དམར་སྐུད་པས་ཕུར་དང་སྦྲེལ། །རྩ་སྔགས་ལས་སྔགས་བཟླས་པ་བྱ། །ཚེར་མ་བསྔགས་ཤིང་མིག་ལ་གཟུགས། །སྔོན་དུ་མིག་དབང་ཕྱུང་པར་བསམ། །བཟླས་པ་འབུམ་ཕྲག་ཚད་དུ་བྱ། ། དེ་ནས་ལིང་ཀ་ཐོད་པར་གཞུག །བྱང་ལྷའི་ཕུག་ཏུ་མནན་པར་བྱ། །ཡང་ན་གྲོག་པོ་ཕུགས་རྡུགས་སུ། །གནན་ཏེ་རྒྱ་གྲམ་ལ་སོགས་བཅད། །འགལ་བྱེད་བསྒྲལ་བར་བྱ་འདོད་ན། །སྔོན་དུ་བསྙེན་པ་རྫོགས་པར་བསྐྱལ། ། དཀྱིལ་འཁོར་ཆག་ཆག་བརྡབ་བྱས་ལ། །ཁྲུ་གང་ཚད་དུ་ཐིག་གདབ་ཅིང་། །རྡོ་རྗེ་རྒྱ་གྲམ་པདྨ་བྲི། །ལྟེ་བར་ཨེ་དབྱིབས་མཛུབ་གང་བྲུ། །རྩེ་མོ་ལྷོ་རུ་བསྟན་པར་བྱ། །ནང་ནི་དུར་ཁྲོད་སོལ་བས་བྱུག ཁུ།་བཞིའི་ཕྱི་རོལ་དམར་པོར་བྱའོ། །པདྨར་རྡོ་རྗེ་སྔོན་པོར་བྱ། །སྦྲང་རྩིའི་རྩིགས་མས་གཟུགས་སུ་བྱ། །དམར་ཆེན་མིང་རུས་སྙིང་ཁར་ཕུར། །སྔོ་དམར་སྐུད་པས་ཕུར་པ་སྦྲེལ། །གཟུགས་ནི་ག་གོན་ཨེ་ཡི་ནང་། །རང་ཉིད་ཁྲོ་རྒྱལ་སྐུར་བསྐྱེད་དེ། །འགལ་བྱེད་བཀུག་ནས་ཕྲལ་བྱས་ལ། །གཟུགས་དང་གཉིས་མེད་བསྟིམ་པར་བྱ། །སྣ་ཚོགས་གཏོར་མ་བཟུང་ཞིང་བསྟིམ། །གསད་པའི་སྔགས་བཟླས་ཡུངས་ཀར་བྲབ། །དགྲ་རྟགས་བྱུང་ནས་ལས་ལ་སྦྱར། །ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་། །ཡུངས་ཀར་ཡུངས་ནག་སྐྱེ་ཚེ་དང་། །ཁྲག་དང་དུག་ནི་སྣ་ཚོགས་དང་། །རབ་ཆད་ཐོད་པར་བཅུག་སྟེ་བྲབ། །ཕུར་པས་གནས་ལྔ་དག་ཏུ་གདབ། །ཕྱི་དྲོ་ཐུན་མཚམས་ཕུར་བ་ཡིས། །སྙིང་ཁར་བཏབ་ལ་རྒྱ་གྲམ་བཅད། །སླར་ལོག་གསང་སྔགས་ལ་སོགས་པ། །རྟགས་ནི་མ་བྱུང་བར་དུ་བརྡེག །ཚད་ལྡན་རྩང་གིས་བསུར་བར་བྱ། །གདུག་ཅིང་ཚད་ལྡན་མདའ་གཞུ་ལ། །ས་བྲུས་ལྡན་གྲོས་རྒྱུས་བཅས་བརྡེག །དྲག་པོས་རལ་གྲི་རྣོན་པོས་གཏུབ། །མི་རྐང་རྟ་རྐང་གཡས་པས་བརྡུང་། །གཏོར་མ་བླུགས་ལ་སྦྱིན་སྲེག་བྱ། །སྦྱིན་སྲེག་ཐལ་བ་དེ་དག་ནི། །རླུད་ཆུ་རྒྱ་གྲམ་སྐོར་གནན་བྱ། །སྔགས་དང་ལིང་ག་གཟུགས་བཅས་པ། །གཙུག་ལག་ཁང་གི་ཐེམ་འོག་གནན། །དེས་ནི་འགལ་བྱེད་རླག་པར་འགྱུར། །འགལ་བྱེད་ཆམ་ལ་དབབ་དོན་དུ། །ནཱ་གའི་ལས་ཀྱིས་གསད་བྱ་ན། །སྔོན་དུ་ལྷ་བསྙེན་རྫོགས་པ་ཡིས། །གསད་པའི་འབྲུབ་ཁུང་ཨེ་དབྱིབས་ལ། །ཕྱིར་རོལ་དུར་ཁྲོད་སོལ་བས་བྱུག །གུ་གུལ་ཀ་ལའི་ག་གོན་ནང་། །སྤྲང་རྩིས་གཟུགས་བརྙན་ལེགས་བྱས་ཏེ། །རྒྱ་གྲམ་ལྟེ་བར་རྩ་སྔགས་དང་། །མིང་ལ་སྔགས་དང་བཅས་པ་བྲི། །སྙིང་ཁར་ཕུར་ཏེ་ག་གོན་ནང་། །རྩེ་མེད་མཐོ་གང་ཚད་ལ་གདགས། །དེ་ཉིད་ཨེ་ལ་བསྒྲུབ་པར་བྱ། །དུང་ངམ་འཁར་བ་ཁམ་ཕོར་དུ། །བ་ར་ལུག་གི་དཀར་གསུམ་དང་། །མངར་གསུམ་ལ་སོགས་ནཱ་ག་ཡིས། །མཐུན་རྫས་ལ་སོགས་བླུག་པར་བྱ། །རྩ་སྔགས་ལས་སྔགས་བཅས་ཤིང་འདྲ། །དེ་ལ་རྟག་ཏུ་ལས་ལ་སྦྱར། །རྩ་སྔགས་ལས་དང་བཅས་ཤིང་བརྗོད། །ཡུངས་ཀར་བསྔགས་ཤིང་གཟུག་ལ་བྲབ། །ཏིང་འཛིན་འདི་དག་བར་མི་བཅད། །རྟགས་བྱུང་ནཱ་གའི་གཉན་སར་ནན། །ཀླུ་མཆོད་རྫས་ནི་ག་གོན་ནང་། །བླུགས་ལ་ཕྱི་རོལ་རྩི་སྨན་བྱུག །འཇའ་ཚོན་སྣ་ལྔའི་ཚོན་སྐུད་བཅིང་། །ཆུ་མིག་ཁྲུ་གང་མར་བཅལ་བའི། །བྲུས་ལ་ག་གོན་དེ་རུ་གཞུག །རྩེ་མེད་མཐོ་གང་ཚད་ལ་གདགས། །རྒྱ་གྲམ་ཁ་བཅད་བདར་བཅོལ་བྱ། །ཏིང་འཛིན་གཉིས་དང་ལྡན་བྱས་ལ། །ལུས་ལ་ཁྲུས་བྱས་རྨ་བྱ་གཟུགས། །ཟུང་མོ་བྱི་ཐུར་ཕྲག་ལ་གཟུགས། །དྲི་མ་མི་བཏང་གཟུགས་མི་བརྟན། །ཕྱི་མིག་མ་བལྟ་གཟུངས་སྔགས་བརྗོད། །བསྲུང་རྫས་ལུས་ལ་བསེལ་བར་བྱ། །དེ་ནི་འགལ་བྱེད་ཆམ་ལ་འདེབས། །བརྙས་བྱེད་ཆམ་ལ་འབེབས་པར་བྱེད། །ནཱ་གའི་ལས་ཅིག་ཡང་ངས་བཤད། །རུ་སྦལ་གཟུགས་གཉིས་ལྟོ་སྤྲད་དེ། ་༑ག་གུ་འཁོར་ལོ་རྩིབས་བརྒྱད་བྲི། །ཕུ་བརྒྱད་ཕུའི་ནང་མིང་རུས་བྲི། །གོང་གི་སྦལ་པའི་ལྟོ་བར་གཞུག །ཕུ་ལས་སྦྲུལ་མགོ་བདུན་པ་བསྐྱེད། །ཁམ་ཕོར་ཁ་བཅད་ནང་བཅུག་ལ། །ལྕགས་ཟངས་རྡོ་ཕྱེ་བསྔགས་ཤིང་བྲབ། །དེ་ཏད་གོང་མ་བཞིན་དུ་བྱ། །ནཱ་གའི་ལས་ཤིང་ཡང་ངས་བཤད། །བྱི་ལ་ཕག་པའི་མཇུག་སྦུ་ལ། །ར་རྒྱ་ཁྲི་རྒྱའི་སྙིང་ཁྲག་སྦུ། །འགལ་བྱེད་རྗེས་དང་བསྲེས་བྱས་ཏེ། །ལག་མཐིལ་དྲིལ་ཏེ་སྔགས་བཟླས་སོ། །ཉིན་ཞག་གཅིག་ལ་དུས་དྲུག་ཏུ། །སྟོང་དང་རྩ་བརྒྱད་རྩ་བརྒྱད་བཟླས། །དེ་ནས་ཉི་མ་ནུབ་ཀ་སྲ །ར་ནག་མིང་རུས་ཡང་རྟགས་གཞུག །མི་མི་མཐོང་བའི་ཆུ་མིག་དངོར། །སྦས་ལ་གུ་གུལ་ཐུལ་དུ་འགྲོའོ། །མྱུར་དུ་མེད་ན་བླར་ཡང་བསྐྱར། །ལན་གསུམ་བསྐྱར་ན་འབྲུབ་པར་ངེས། །ངས་བཤད་པ་ལ་ཐེ་ཚོམ་མེད། །རང་བསྲུང་བ་ནི་སྔར་བཤད་བཞིན། །དམ་ཚིག་ཀུན་ཡང་དེ་དུས་བསྲུང་། །ནན་ལྟར་བསྟན་ལ་འཇིག་ངེས་ན། །ན་ག་དག་ལ་ཐབས་འདིས་བསྟན། །ཀླུས་ཁྱེར་བ་ཡི་ག་གོན་ནང་། །འགལ་བྱེད་དྲི་ཆུ་དྲི་ཆེན་དང་། །རྗེ་དང་ཆབ་མལ་ལ་སོགས་དང་། །གུ་གུལ་ཁྱི་ལུད་ཀླུས་ཁྱེར་ཤ། །ར་ལུག་གི་དཔྲེ་བདའ་ངས་བསྲེ། །སྦལ་པ་སྦྲུལ་དང་བ་གླང་ཤ། །ལན་ཚ་སྐེ་ཚེ་ཡུངས་ནག་རྣམས། །འགལ་བྱེད་རྣམས་ཀྱི་མིང་རུས་དང་། །སྤྲ་བ་སྐམ་པོའི་ནང་ཕུར་ཏེ། །གོང་གི་ག་གོན་ནང་དུ་གཞུག །ནཱ་ག་ཡི་གནས་སུ་ཁྱེར་ལ། །ཕྲ་ན་མེས་སྲོག་དམ་པར་སྦ། །དགྲ་བོ་འདི་ཡིས་ཉེས་སོ་བྱས། །བྱང་དུ་བྲིས་ལ་ཟླ་བཞག་བྱ། །རང་གི་བསྲུང་བ་གོང་བཞིན་བྱ། །དབྱར་དུས་ཡིན་ན་སེར་བ་འབབ། །འདི་ཡིས་རྒྱལ་ཁམས་སྲེག་བྱེད་པས། །ཀྭ་ལ་ཁྱོད་ཀྱིས་གསད་པར་གྱིས། །འགལ་བ་ཆམ་ལ་དབབ་དོན་དུ། །ཧབ་ཤ་ནག་པོ་ཡང་བཀོལ་ཏེ། །ཐོག་དང་སེར་བ་དབབ་པར་བྱའོ། །ཡུངས་ཀར་ཡུངས་ནག་ཏིལ་ནག་དང་། །དྲི་བོའི་ཁྲག་དང་ཤ་ཆེན་དང་། །ར་དུག་རེ་ལྕག་སྤྱང་ཚེར་དང་། །དུར་གྱི་སོལ་བ་ཉ་སྦྲུལ་དང་། །བཙན་དུག་ཡུལ་གྱི་རྫིངས་ས་དང་། །ཡུལ་གྱི་ལོ་ཐོག་སྔ་སྔོ་ངང་། །ཡུལ་གྱི་མིང་དང་དགྲ་བོའི་མིང་། །གུ་གུ་ཀ་ལའི་ཐོད་པར་བླུགས། །སྐེ་ཚེ་སྐྲ་ནས་སྔགས་བསྐུ་བ། །རང་ཉིད་གསང་བདག་ཏིང་འཛིན་གྱིས། །གཉིད་དང་གཡལ་དང་སྤྲིད་པ་དང་། །འབྲུག་གློག་སེར་བ་རང་གནས་འོང་། །ཨེག་རྩེ་རྒྱས་གདབ་ཞབས་མས་དྲིལ། །ཆུ་མིག་ཁ་ཐུར་བསྟན་ལ་སྦ། །ཀླུ་རྣམས་སྐད་ངན་འདོན་པར་ངེས། །བརྒྱ་ཕྲག་ཚད་དུ་བཟླས་པ་བྱ། །འབབ་སའི་ཆུ་མིག་ཉིད་དུ་སྦ། །བན་དྷ་དུམ་བུ་བཞི་པ་ཡིས། །སྔགས་བཟླས་ཁ་ནི་སྦུབ་པར་བྱ། །མྱུར་དུ་ཐོག་སེར་དྲག་པོ་འོང་། །ཕེབས་ན་ཕུར་བཏོན་རྩིས་སྨན་གསོ། །འགལ་བ་ཆམ་ལ་དབབ་དོན་དུ། །གཟའ་མཆོག་བསྒོལ་ཏེ་ཐོག་སེར་དབབ། །སྦྲུལ་དང་ཟེར་མོང་རྟ་ནག་གླང་། །མི་ཡི་འོ་མ་བག་ཕྱེ་རྣམས། །ཐོད་པ་བྲེ་བོ་དག་ཏུ་བླུགས། །ཁྲལ་དུ་རྣམས་ལ་བསྔགས་ཤིང་བྲུབ། །དེ་ནས་རྟགས་དང་སྦྱར་བ་དང་། །རི་ལུ་སྲན་མ་རྒྱས་གདབ་བྱ། །མཇུག་ཏུ་གར་འདོད་ཟོར་ཏུ་འཕང་། །དེ་དག་སྔགས་ནི་སྒོ་སྒོར་བྱ། །མཛུབ་མོ་ཧུ༷་ལས་ར་ཧུ་ལ། །ཀ་ར་བི་རའི་རྒྱལ་བ་གཡས། །ཕྱག་གཡོན་ཏྲི་ཤུལ་རྩེ་གསུམ་ཐོགས། །ཐོག་སེར་དྲག་པོ་འབེབས་པར་བྱེད། །འགལ་བ་ཆམ་ལ་དབབ་དོན་དུ། །ལོ་ཐོག་དག་ལ་སད་དབབ་ན། ་༑ག་བུ་རྒྱལ་གྲམ་དབུས་ཡུལ་མིང་། །སྔགས་དང་བཅས་བྲིས་སྦྲང་རྩིས་ཕུར། །ཐོད་པར་གསལ་ཏེ་གྲུ་གསུམ་གཞུག །གླ་རྩི་རྡོ་དྲེག་ཡུངས་ཀར་ལ། །རྩ་སྔགས་དང་བཅས་བསྔགས་ཤིང་བླུགས། །རྟགས་བྱུང་ཐོད་པ་དར་དུ་དྲིལ། །ཉ་སྤྲིན་དག་ལ་སྤྲིན་བྱས་དགྲའི། །ཕྱོགས་སུ་འཕང་ཞིང་ཐོད་པ་སྦ། །སད་སེར་ཕེབས་ལ་ཐེ་ཚོམ་མེད། །འགལ་བ་དག་ནི་གདུལ་དོན་དུ། །ད་དུ་ར་དང་ཕ་ལ་ཏ་ཀ་དང་། །འབྲས་དང་བཅས་ལ་ཁོ་ཡི་ལིང་ཁ་བཅས། །ཐོད་པར་གསལ་དེ་གྲུ་གསུམ་ནང་། །བསྐྱེད་བསྟིམ་རྩ་སྔགས་བཏང་རྟགས་བཟླས། །བདར་བཅོལ་བྱ་ཞིང་ཏིང་འཛིན་ཕེབས་པར་བསམ། །དགྲ་ཁྱིམ་དག་ཏུ་ཆོ་འཕྲུལ་འོད་ཀྱང་འོང་། །ཞེས་གསུངས་སོ། །ལས་རྒྱ་མཚོའི་རྒྱུད་ལས། འགལ་བ་ཆམ་ལ་དབབ་པའི་ལེའུ་སྟེ་ཉི་ཤུ་པའོ།། །།མགོན་པོ་ནག་པོས་ཡང་གསོལ་པ། །ཀྱེ་ཧོ་གསང་བདག་རྡོ་རྗེ་བསྣམས། །བསྙེན་བསྒྲུབ་ལས་ལ་སྦྱར་བ་ཡི། །ཏིང་འཛིན་བྱ་ཐབས་དང་། །རྟགས་རྣམས་ཇི་ལྟར་འབྱུང་བ་ཡི། །རིམ་པ་བདག་ལ་བསྟན་པར་ཞུ། །གསང་བའི་བདག་པོས་བཀའ་སྩལ་པ། །མ་ཧྭ་ཀྭ་ལ་ཁྱོད་ཉོན་ཅིག །ཏིང་འཛིན་བྱ་བའི་རིམ་པ་ཞིག །ང་ཡིས་ཁྱོད་ལ་ལེགས་པར་བཤད། །སྤྱན་དྲངས་དུས་ཀྱི་ཏིང་འཛིན་ནི། །སྔོན་གྱི་དམ་ཚིག་དབང་གིས་སུ། །འཁོར་བཅས་བྱོན་ནས་བཞུགས་པར་བསམ། །མེ་ཏོག་ལ་སོགས་མཆོད་པའི་ཚོགས། །མཁའ་དང་མཉམ་པ་དམིགས་བྱས་ཏེ། །སྐུ་དང་སྤྱན་དང་ཤངས་བྱུགས་དང་། །ཕྱག་མ་ཞལ་དུ་དབུལ་བར་བསམ། །གཏོར་མ་བདུད་རྩི་རྒྱ་མཚོ་དང་། །ལྗགས་ཀྱི་འོད་ཟེར་དྲངས་པར་བསམ། །བདག་གི་སྙིང་པོ་བརྗོད་པ་ཡི། །ཐུགས་ཀའི་ས་བོན་འཕྲོ་འདུ་ལས། །ལྷ་མཆོག་མཉེས་ནས་ཐུགས་དམ་བསྐུལ། །སྒྲིབ་བྱང་དངོས་གྲུབ་གསོལ་བར་བསམ། །བསྒྲུབ་པའི་དུས་ཀྱི་ཏིང་འཛིན་ཡང་། །བདག་གི་སྔགས་ལས་འོད་འཕྲོས་པས། །རླུ་་གི་དཀྱིལ་འཁོར་སྟེང་བཞག་ནས། །ལྕགས་ཀྱུ་ཞགས་པས་བཀུག་པར་བསམ། །འཁོར་རྣམས་ཀྱི་འང་བཀུག་པར་བསམ། །སྔགས་བརྗོད་འོད་ཟེར་ཁ་སྦྱོར་ཕྱེ། །ལྷ་ཀུན་གཅིག་ཀྱང་མི་གནས་སམ། །གུ་གུལ་ལ་སོགས་དུད་པས་འདུག །སྔགས་བརྗོད་འོད་ཟེར་དག་གིས་སུ། །ལིང་ག་དག་ལ་གཉིས་མེད་བསྟིམ། །དེ་ཉིད་དེ་རུ་གསལ་བར་བསམ། །སྔགས་ཀྱི་འོད་ཟེར་ཁོ་བཅིངས་ཏེ། །ལྕགས་སྒྲོག་བཅིངས་ནས་འགྲོས་ཐབས་མེད། །བདག་གི་དབང་དུ་བྱས་པར་བསམ། །འཇའ་ཚོན་ལྕགས་སྒྲོག་བསམ་ཏེ་དཀྲི། །གཏོར་མ་དེ་ཉིད་འགལ་བྱེད་ཀྱི། །ཀླད་པ་སྒལ་ཚིགས་མཆིན་རྒྱུ་མ། ཁྲ་ཁྲག་རུས་པར་བཅས་པ་རྣམས། །འཁོར་དང་བཅས་པས་གསོལ་བར་བསམ། །འགལ་བར་བྱེད་པ་དེ་དག་ནི། །མཚོན་ཆ་རྣམ་པ་སྣ་ཚོགས་པས། །ལུས་ངག་ཚེ་སྲོགརྡུལབཞིནརླག །གསད་ནསགོངབཞིན གསོལབརབསམ། །གསད་པའི་སྔགས་དག་བརྗོད་པ་ཡིས། ཁྲེས་པ་མར་མེ་འདྲ་བ་ལ། །རླུད་དུས་ལྟ་བུས་གསད་པར་བསམ །ཉེ་བསྙེན་དུས་སུ་འོང་ཚུར་བསམ། །ཐུན་སྔགས་བརྗོད་པའི་འོད་ཟེར་གྱིས། །དུག་ནི་ན་བུན་ནང་རིམས་བཞིན། །ལྷ་དང་ཕོ་ཉས་ཕབ་པར་བསམ། །ཕུར་པ་ཧུ༷་ལས་ཞལ་ཟུར་གསུམ། །ཁོ་ཡི་སྙིང་ཁར་བཏབ་བྱས་ན། །ཁོ་ཡི་སྙིང་ཁ་དག་ན་ནི། །ཚེ་སྲོག་འོད་དཀར་ཏིལ་འབྲུ་ཙམ། །དེ་ལ་ལྷན་གྱིས་ཐེབས་པ་ཡིས། །ཕུར་པ་ལ་འདུས་ཕྱུང་བྱས་ཏེ། །འོད་དེ་བདག་ལ་ཐིམ་པར་བྱ། །ཁོ་ནི་འོད་མེད་རོ་གདོང་བཞིན། །དེ་ལྟར་བསམ་ལ་གནས་ལྔར་གདབ། །ཧུ༷་ཧུ༷་འཕྲོ་འདུས་རྩངས་མདའ་བསམ། །རྩ་གནད་དོན་སྙིང་ཕུར་པར་བསམ། །ཧ་ཡི་འཕྲོ་འདུས་རལ་གྲི་བསམ། །ཚེ་སྲོག་ལུས་རྣམས་ག་ས་པར་བསམ། མུ༷་གྱི་འཕྲོ་འདུས་ཐོ་ཆེན་བསམ། །ལུས་ཀུན་རྡུལ་ཕྲན་རླག་པར་བསམ། །སྤྱིན་སྲེག་ལྷ་བསྐྱེད་པ་ཡི་ཞལ། །དགྲ་བསོད་ཐལ་བ་རླགས་པར་བསམ། །ཁོ་ཡི་ཚེ་སྲོག་རྡུལ་རླག་ནས། །རླུད་གིས་མ་ལུས་ཁྱེར་བར་བསམ། །ཆུས་ཀྱང་དེ་བཞིན་ཤེས་པར་བྱ། །ཁོ་བཅིངས་རི་རབ་འོག་ཏུ་མནན། །སྟེང་དུ་ཕོ་བྲང་བཏབ་བྱས་པས། །བསྐལ་པའི་བར་དུ་མི་ཐར་བསམ། །གཞན་དག་ནུས་མཐུ་སྐྱེད་པ་ཙམ། །གསད་པའི་ཏིང་འཛིན་བྱ་ཐབས་ལས། །ཀྭ་ལ་ཁྱོད་ཀྱིས་ནན་ཏན་གྱིས། ཁུབ་པའི་རྨི་རྟགས་ངས་བཤད་བྱ། །བསྙེན་པའི་དུས་སུ་འདི་ལྟར་བྱ། །སྐུ་གཟུགས་ལ་སོགས་མཐོང་བ་དང་། །ཨ་ཙ་ར་དང་མོན་པ་དང་། །སློན་དཔོན་བན་དེ་བཙུན་པ་དང་། །མི་ཆེན་གཙོ་བོ་སྐྱ་བཤར་དང་། ཁུ།བ་པའི་རྟགས་སུ་ངས་བཤད་དོ། །བསྒྲུབ་པའི་དུས་ཀྱི་རྟགས་དག་ནི། །དགྲ་བོ་དངོས་སུ་གསོལ་བ་དང་། །གཅན་གཟན་རི་དྭགས་གསོད་བ་དང་། །བྱ་བྱེ་གསོད་ཅིང་རྨི་བ་དང་། །རྟ་ནག་ར་ལུག་གསོད་པ་དང་། །དེ་རྣམས་ཁྲིད་ནས་འོང་བ་དང་། །ཀྭ་ལ་ཁྱོད་ཀྱིས་ལས་ལ་སྦྱོར། །སྤྱི་རྟགས་བཟང་ངན་བསྟན་པ་ནི། །གཞན་དང་ཕྲད་དེ་རྒྱབ་པ་དང་། །ནད་སོས་བཙོན་ལས་ཐར་པ་དང་། །གཅན་གཟན་ཐར་ལས་བཅིངས་གྲོལ་དང་། །གྱེན་དུ་འགྲོ་ཞིང་འཛེག་པ་དང་། །བཀའ་ལ་རྟགས་དང་མང་པོས་བཀུར། །རྒྱལ་པོར་གྱུར་ནས་བསྐོས་འདེབས་དང་། །རལ་གྲི་ལ་སོགས་རྙེད་པ་དང་། །རིན་ཆེན་ནོར་བུ་ཐུ་བ་དང་། །གྲོང་ཁྱེར་ཉི་མ་ཤར་བ་དང་། །གླུ་དབྱངས་སྙན་པོ་ཐོས་ལེན་དང་། །རྒྱན་གྱིས་ལུས་ལ་བརྒྱན་པ་དང་། །དཀར་གསུམ་ཡིད་འོང་ཟས་ཟ་དང་། །ཡིད་དགའ་རྣམས་ནི་བཟའ་བའི་རྟགས། །ཉི་མ་ནུབ་ནས་ས་སྲོས་དང་། །ཐུར་ལ་འབབ་ཅིང་རྨི་བ་དང་། །ན་དང་བཙོན་བཟུང་ཁུར་བཀུར་དང་། །སྦྱིད་དེ་གཞན་དག་རྒྱལ་བ་དང་། །གཅན་གཟན་རི་དགས་གནོད་བྱེད་དང་། །རྟ་ཕྲ་གཡག་གླང་རྡུང་བ་དང་། །རང་ཡུལ་འདས་ནས་འགྲོ་བ་དང་། །མི་མཛེས་ལུས་ལ་འདགས་པ་དང་། །མི་དགའ་ཡུལ་སར་འདུག་པ་དང་། །འདམ་དུ་ཆུ་དང་ཆུས་ཁྱེར་དང་། །གནསཁངཞིགནསཆུསཁྱེར་དང་། །མེ་ཡིས་ཚིག་དང་ཡིད་མི་དགའ། །དེ་ནི་རྨི་རྟགས་ངན་པ་ཡིན། །གཞན་ཡང་རྨི་རྟགས་བཟང་ངན་རྣམས། །ཀྭ་ལ་ཁྱོད་ཀྱིས་རྟགས་དང་སྦྱོར། །ཞེས་གསུངས་སོ། །ལས་རྒྱ་མཚོའི་རྒྱུད་ལས། བསྙེན་བསྒྲུབ་དུས་ཀྱི་ཏིང་ངེ་འཛིན་དང་རྟགས་བསྟན་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །།དེ་ནས་མགོན་པོ་ནག་པོས་ཡང་གསོལ་པ། །ཀྱེ་མ་གསང་བདག་རྡོ་རྗེ་བསྣམས། །དྲག་པོའི་ལས་རྣམས་བྱ་བ་ཡི། །ཐེབས་དང་ལྡོག་པའི་དུས་ཆོད་དང་། །གདམ་ངག་ནན་ཏན་བསྟན་པར་ཞུ། །གསང་བའི་བདག་པོས་བཀའ་སྩལ་པ། །མ་ཧྭ་ཀྭ་ལ་ཁྱོད་ཉོན་ཅིག །ཐེབས་ལྡོག་གདམ་ངག་ནན་ཏན་རྣམས། །ང་ཡིས་ཁྱོད་ལ་ལེགས་པར་བཤད། །དཔྱིད་ཟླ་ར་བའི་ཚེས་བཅུ་བཞི། །འབྲིང་པོའི་བཅུ་དྲུག་ཐ་ཆུངས་ཀྱི། །ཉི་ཤུ་གཉིས་ལ་ཐེབས་པར་བཤད། །དབྱར་ཟླ་ར་བའི་ཚེས་བརྒྱད་དང་། །འབྲིང་པོའི་ཉ་ལ་ཐེབས་པའི་དུས། །ཐ་ཆུངས་ལ་ནི་ལས་མི་བྱ། །སྟོན་ཟླ་ར་བའི་ཉ་གསུམ་དང་། །འབྲིང་པོའི་བཅུ་དྲུག་གནམ་སྟོང་བར། །ཐ་ཆུངས་བརྒྱད་ནས་སྟོང་གི་བར། །ཐེབས་པའི་དུས་སུ་ཤེས་པར་བྱ། །དགུན་ཟླ་ར་བའི་བཅུ་གསུམ་ནས། །བཅུ་དྲུག་དག་གི་བར་དུ་དང་། །འབྲིང་པོའི་ཉི་ཤུ་གཉིས་ནས་སུ། །གནམ་སྟོང་དག་གི་བར་དུ་དང་། །ཐ་ཆུང་ཉི་ཤུ་དགུ་ལ་ཐེབས། །དཔྱིད་ཟླ་ར་བའི་བཅུ་བདུན་དང་། །བཅུ་དགུ་འབྲིང་པོའི་ཚེས་གཅིག་དང་། །ཉི་ཤུ་བརྒྱད་དང་ཐ་ཆུངས་ཀྱི། །གནམ་སྟོང་བཟློག་པའི་དུས་ཡིན་ནོ། །དབྱར་ཟླ་ར་བའི་གཉིས་དང་ལྔ། །འབྲིང་པོའི་ཚེས་དྲུག་ཐ་ཆུངས་ཀྱི། །ཚེས་བཅུ་གཅིག་ན་བཟློག་པའི་དུས། །སྟོན་ཟླ་ར་བའི་ཉི་ཤུ་ལྔ། །འབྲིང་པོ་ཉི་ཤུ་གསུམ་དང་ནི། །ཐ་ཆུངས་ཉི་ཤུ་གཉིས་ལ་བཟློག །དགུན་ཟླ་ར་བའི་ཚེས་བཅོ་བརྒྱད། །འབྲིང་པོའི་ཉི་ཤུ་ཐ་ཆུངས་ཀྱི། །ཉི་ཤུ་བདུན་ལ་བཟློག་པའི་དུས། །སྔགས་པའི་སྐྱོན་ཀུན་དེ་ལས་བྱུང་། །ཁྱད་པར་ཀླུ་ལ་གཏད་པ་ཡང་། །ཐེབས་དང་བཟློག་དང་འཁྱམ་པའོ། །དེ་ལ་ཐེབས་པའི་དུས་བསྟན་པ། །དཔྱིད་ཟླ་ཐ་ཆུངས་ཉི་ཤུ་ལྔ། །དབྱར་ཟླ་ར་བའི་ཚེས་བརྒྱད་དང་། །བཅོ་བརྒྱད་དག་ལ་ཐེབས་པའོ། །འབྲིང་པོ་ཉི་ཤུ་གཉིས་དང་ནི། །དབྱར་ཟླའི་ཉི་ཤུ་ལྔ་ལ་ཐེབས། །སྟོན་ཟླ་ར་བའི་བཅུ་དགུ་ལ། །འབྲིང་པོ་བཅོ་ལྔ་ཐ་ཆུངས་ཀྱི། །ཚེས་གཅིག་བཅུ་གཅིག་ཉི་ཤུ་གཅིག །དགུན་ཟླ་ར་བའི་བཅོ་བརྒྱད་ལ། །འབྲིང་པོའི་བཅུ་བདུན་ཉི་ཤུ་ལ། །ཐེབས་པའི་དུས་དེ་གཏད་པར་བྱའོ། །དཔྱིད་ཟླ་ར་བའི་བཅོ་ལྔ་དང་། །འབྲིང་པོའི་བརྒྱད་དང་ཉི་ཤུ་བཟློག །དབྱར་ཟླ་ར་བའི་ཉི་ཤུ་དང་། །འབྲིང་པོའི་བཅོ་ལྔ་ཐ་ཆུངས་ཀྱི། །བཅུ་གཅིག་བཟློག་པའི་དུས་ཡིན་ནོ། །སྟོན་ཟླ་ར་བའི་བཅོ་ལྔ་དང་། །འབྲིང་པོ་དྲུག་དང་ཐ་ཆུངས་ཀྱི། །ཚེས་དགུ་བཅུ་དགུ་བཟློག་པའི་དུས། །དགུན་ཟླ་ར་བའི་ཚེས་བཅུ་དང་། །འབྲིང་པོའི་དྲུག་དང་ཉི་ཤུ་དྲུག །ལྡོག་དུས་ཡིན་པས་སྤང་པར་བྱའོ། །དབྱར་ཟླ་འབྲིང་པོའི་ཚེས་བརྒྱད་དང་། །དགུན་ཟླ་འབྲིང་པོའི་ཚེས་བརྒྱད་དང་། །དགུན་ཟླ་ཐ་ཆུངས་ཚེས་བརྒྱད་པའོ། །ཕན་གནོད་མེད་པས་ལས་མི་བྱ། །དབབ་པའི་དུས་ནི་བརྒྱད་ཡོད་དེ། །ཀླུ་དང་སྲིན་དུ་ཚོགས་པའི་བུ། །གདུག་བྱེད་མིང་སྲིང་ལྔ་རུ་བྱུང་། །དེ་ཡང་ཤེས་ཅན་ཁྲོས་པ་ནས། །གདུག་བྱེད་བསྒྲལ་ནས་མགོ་ལུས་དང་། །ཡན་ལག་དབང་པོ་མཇུ་མར་ཕྲལ། །རི་རབ་ཕྱོགས་བཞི་མཚམས་བཞིར་གནས། །དེ་ལས་སྤྲུལ་པའི་གཟའ་བརྒྱད་ཡིན། །དེ་ཡང་མགོ་ལུས་སྤྲུལ་པ་ནི། །བྱ་ཏྲི་པ་ཏྲ་བྱ་བ་སྟེ། །བྱ་རོག་མགོ་བརྩེགས་བྱ་བར་བརྟགས། །ལག་གཡས་དྲང་སོང་ར་ཧུ་ལ། །མིག་སྟོང་མཆེ་བ་སྙིང་གསུམ་པའི། །སྤྲུལ་པ་སྒྲ་གཅན་འཛིན་དུ་བཏགས། །ལག་གཡོན་དུ་བ་མཇུག་རིངས་བཏགས། །དཔུང་གཡས་ཁྱབ་འཇུག་ཆེན་པོ་ཡིན། །མཇུག་མ་བྱི་ནུ་ར་ཙས་བྱ། །ཆུ་སོ་ཙ་ར་ཀ་ཁ་ཞེས་བྱ། །དཔུང་གཡོན་ལྗང་སྔོན་དྲག་པོས་བྱ། །དེ་ལྟར་བརྒྱད་ནི་དུས་བརྒྱད་རྒྱུ། །ཚེས་བཞི་མཆོད་ལ་ལྔ་ལ་དབབ། །ཚེས་གྲངས་ལྔ་ཡི་སོད་དག་ལ། །དཔུང་པ་གཡས་པ་མ་མོར་སྤྲུལ། །ནུབ་ནས་ཤར་དུ་རྒྱུ་བར་བྱེད། །ལིང་ཀ་ཤར་དུ་བཞག་ནས་ཀྱང་། །མ་མོའི་དྲག་སྔགས་ནུབ་ནས་བརྡེག །མ་མོའི་ལས་རྣམས་གྲུབ་པའི་རྟགས། །སྤྲིན་ཡང་ཁམ་ནག་འཕང་སྟོད་ནས། །ཞབྲུག་ཅིང་སེར་བ་དུམ་བུར་འོང་། །ཚུབ་ན་ཆེན་པོ་གཡོ་བར་བྱེད། །བརྒྱད་མཆོད་དགུ་ལ་དབབ་སྔ་དྲོ། །ལག་གཡས་དགྲ་བླའི་རྒྱལ་མོར་སྤྲུལ། ཁྲར་ལྷོ་མཚམས་ནས་ནུབ་བྱང་རྒྱུད། །ལིང་ག་བྱང་ནུབ་མཚམས་སུ་བཞག །དྲག་སྔགས་ཤར་ལྷོ་མཚམས་ནས་བརྡེག །དེ་ཡི་གྲུབ་རྟགས་བསྟན་པ་ནི། །ནམ་མཁའ་མཐའ་སྐྱ་དཔལ་སེངས་ནས། །སྤྲིན་ཡང་ལུག་གི་ལྟོ་ཚིལ་འདྲ། །སེར་བ་ཉ་མིག་འོད་དུ་འོང་། །ཐོག་དང་སེར་བ་མྱུར་དུ་འབབ། །བཅུ་གཅིག་མཆོད་ལ་བཅུ་གཉིས་དབབ། །ནམ་འཇིང་ཆུ་སོ་བདུད་དུ་སྤྲུལ། །བྱང་ནས་ལྷོ་རུ་རྒྱུ་བར་བྱེད། །ལིང་ག་ལྷོ་རུ་བཞག་ནས་ནི། །དྲག་སྔགས་བྱང་ནས་བརྡེག་པར་བྱ། །དེ་ཡི་གྲུབ་རྟགས་བསྟན་པ་ནི། །སྤྲིན་ཡང་ཤིང་ལོ་གཞིབས་པ་འདྲ། །མཐིང་ནག་སེམས་ཅན་གཟུགས་སུ་སྣང་། །སེར་བ་ངམ་ནག་ཟུར་གསུམ་དབྱིབས། །དྲག་ཏུ་འབབ་ཅིང་འ་་མ་ལྡན། །བཅོ་ལྔ་ཀི་ཀང་མཆོད་བྱས་ལ། །བཅུ་དྲུག་ཀི་ཀང་དབབ་པར་བྱ། །ཚེས་གྲངས་བཅུ་དྲུག་ཉིན་ཕྱེད་ན། །མགོ་བོ་སྲིན་པོར་སྤྲུལ་བྱས་ནས། །ལྷོ་ནུབ་མཚམས་ནས་བྱང་ཤར་རྒྱུ། །ལིང་ག་བྱང་ཤར་བཞག་ནས་ནི། །སྲིན་པོའི་དྲག་སྔགས་ལྷོ་ནུབ་བཟླས། །བཟླས་པ་ཙམ་གྱིས་འགྲུབ་པར་འགྱུར། །སྤྲིན་ཡང་ཁམ་ནག་གུད་དུ་འཁྱིལ། །གཡག་དང་མདུང་ཤིང་བཤར་བར་འདྲ། །རླུ་་དམར་ཐོག་དང་སེར་བ་ཡིས། །རྩ་དམར་ཐོག་གནག་མཆོང་ཞིང་འོང་། །བཅོ་བརྒྱད་མཆོད་པ་བཅུ་དགུ་དབབ། །ཚེས་གྲངས་བཅུ་དགུ་ནམ་ཕྱེད་ནས། །མཇུག་མ་དམུ་བདུད་ཆེན་པོར་སྤྲུལ། ཁྲར་ནས་ནུབ་ཏུ་རྒྱུ་བར་བྱེད། །ལིང་ག་ནུབ་ཏུ་བཞག་ནས་ནི། ཁྲར་ནས་དམུ་ཡི་སྔགས་ཀྱིས་བརྡེག །སྤྲིན་ཡང་ཕྱིང་པ་བརྒྱངས་པ་འདྲ། །ནམ་ནག་ནམ་མཁའ་འཁྲུག་ཅིང་བཏུད། །སེར་བ་གོང་གསུམ་འཕྱོང་བྱ་ཞིང་། །བྱ་འཕུར་འདྲ་ཞིང་གོང་གསུམ་འཕྱོང་། །ཉི་ཤུ་གཉིས་མཆོད་གསུམ་ལ་དབབ། །ཉི་ཤུ་གསུམ་གྱི་སྣུར་ཆེན་ལ། །ལག་པ་གཡོན་པ་གཤིན་རྗེར་སྤྲུལ། །ནུབ་བྱང་མཚམས་ནས་ཤར་ལྷོར་རྒྱུ། །ལིང་ག་ཤར་ལྷོར་བཞག་ནས་ནི། །གཤིན་རྗེའི་དྲག་སྔགས་ནུབ་བྱང་ནས། །སྤྲིན་ཡང་དམར་ནག་ཧྲལ་ཧྲལ་པོ། །སེམས་ཅན་སྣ་ཚོགས་གཟུགས་སུ་སྣང་། །ཚུབ་ནག་དྲག་པོར་བཅས་ནས་འོང་། །ཉི་ཤུ་ལྔ་མཆོད་དྲུག་ལ་དབབ། །ཉི་ཤུ་དྲུག་གི་ཐོ་རངས་ཁ། །སྐྱ་རེངས་དང་པོ་ཤར་ཙམ་ན། །དཔུང་གཡས་ཀླུ་བཙན་དགྲ་བླར་སྤྲུལ། །ལྷོ་ནས་བྱང་དུ་རྒྱུ་བར་བྱེད། །ལིང་ག་བྱང་དུ་བཞག་ནས་ནི། །ཀླུ་བཙན་དྲག་སྔགས་ལྷོ་ནས་བརྡེག །སྤྲིན་ཡང་ཆར་སྐྱེ་དྲེལ་བ་འདྲ། །རླུད་དང་འདྲེས་པའི་སེར་བ་འོང་། །སྤྲ་ཚིགས་དྲིལ་བ་བཞིན་དུ་འོང་། །ཉི་ཤུ་དགུ་མཆོད་སྟོང་ལ་དབབ། །གནམ་སྟོང་ཉི་མ་བསྣུར་ཆུང་ལ། །མིག་དང་ཆེ་བ་སྙིང་དང་གསུམ། །བྱི་ན་ཡ་གར་སྤྲུལ་བྱས་ནས། །བྱང་ཤར་མཚམས་ནས་ལྷོ་ནུབ་རྒྱུ། །ལིང་ག་ལྷོ་ནུབ་མཚམས་སུ་གཞག །དྲག་སྔགས་བྱང་ཤར་མཚམས་ནས་བརྡེག །སྤྲིན་ནི་དུད་ཁ་མགོ་བོ་ཆེ། །ལྷག་པར་བར་སྣང་ཀུན་བཀང་ནས། །ཁྲུག་ཅིང་ཐོག་སེར་མྱུར་དུ་འབབ། །འབྲུག་སྒྲ་དྲག་པོས་སྟོང་ཁམས་ཁེངས། །དྲག་པོའི་ལས་རྣམས་བྱ་བ་ཡང་། །དཔའ་བོས་ནོས་ཐོབ་སྲན་ཆེ་བས། །སྔར་བཙམ་བར་ཆོད་འབྱུང་བའི་རྒྱུ། །ཡི་དམ་བརྟན་རྫོགས་བྱ་བ་ལས། །མ་རྟོགས་དོན་མེད་ཡིད་འབྱུང་རྒྱུ། །གདེང་དང་ལྡན་པ་བྱ་བ་ལས། །གདེང་མེད་ཏོམ་བཅོལ་རང་རླག་འགྱུར། །བརྟན་པས་འཇིག་ན་བྱ་བ་ལས། །ཕན་ཚུན་ངན་སོང་ལྟུང་བའི་རྒྱུ། །ཞེས་གསུངས་སོ། །ལས་རྒྱ་མཚོའི་རྒྱུད་ལས། ཐེབས་ལྡོག་གདམ་ངག་གི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །།དེ་ནས་མགོན་པོས་ཡང་གསོལ་པ། །ཀྱེ་མ་གསང་བདག་རྡོ་རྗེ་བསྣམས། །ཚེ་འཕོས་འདས་པའི་སེམས་ཅན་དག །སྒྲིབ་སྦྱང་བདེ་ལ་ཇི་ལྟར་དགོད། །དེ་དོན་བདག་ལ་བསྟན་པར་ཞུ། །གསང་བའི་བདག་པོས་བཀའ་སྩལ་བ། །མ་ཧྭ་ཀྭ་ལ་ཁྱོད་ཉོན་ཅིག །ཁྱོད་ཀྱི་དྲིས་པ་དེ་ལེགས་སོ། །ཚེ་འཕོས་འདས་པའི་སེམས་ཅན་དག །སྒྲིབ་སྦྱང་བདེ་དགོད་རིམ་པ་ཞིག །ང་ཡིས་ཁྱོད་ལ་ལེགས་པ་བཤད། །ཡིད་དང་མཐུན་པའི་གནས་དག་ཏུ། །མཎྜལ་ལུགས་བཞིན་བྱས་ནས་ཀྱང་། །རིན་ཆེན་བུམ་པ་བཅུད་ལྡན་བཞག །ཀུ་ཤ་དག་ལ་ཚེ་འདས་གཟུགས། །ལེགས་བྱས་བཞིན་བསྒྱུར་རྒྱན་བཏགས་ཏེ། །མིང་རུས་སྐྱབས་གསོལ་བྲིས་པ་དག །དེ་ཡི་སྙིང་ཁར་གླན་པར་བྱ། །ལསསྒྲིབརྒྱུནགཅོདསྤྱི་བོར་གདགས། །ལྟེ་བར་ངན་སོང་སྦྱོང་བྱེད་གདགས། །ལྷོ་ཕྱོགས་མཎྜལ་སྟེང་དུ་བཞག །དེ་ཡི་མདུན་གྱི་མཎྜལ་སྟེང་། །མཐོ་གང་ཚད་ལ་གཞུ་ཡི་དབྱིབས། །སོར་རའི་བུར་སྟོད་སོར་རེ་བརྩིགས། །དེ་ལ་ཚོན་དགྱེ་ཡང་ནི་བྲ། །ཆག་གམ་ཚད་ལྡན་ཧོམ་ཁུམ་གཟུགས། །དེ་ནས་དཀྱིལ་འཁོར་ལུགས་བཞིན་བསྐྱེད། །བུམ་པའི་ནང་ཡང་གསང་བདག་བསྐྱེད། །སྤྱན་དྲངས་བསྟིམ་ལ་མཆོད་པ་དབུལ། །ཐུགས་ཁའི་ས་བོན་འོད་ཟེར་གྱིས། །ཚེ་འདས་བཀུག་ལ་གཤེད་བགེགས་བསྐྲད། །གཟུགས་ལ་བསྟིམ་ལ་གཟུངས་ཐག་གདགས། །དཀྱིལ་འཁོར་འཇུག་རིམ་ཚུལ་བཞིན་བྱ། །བཟླས་པའི་འཕྲོ་འདུས་བསྐུལ་སྡིག་སྲེགས། །བསྟོད་བཤགས་བདེན་སྟོབས་སྨོན་ལམ་བཏབ། ཁུན་གཅོད་ངན་སོང་སྦྱོང་བྱེད་བཟླས། །མཐུན་མཇུག་ཧོམ་ཁུང་མེ་སྦར་ཏེ། །ཧུ༷་ཞེ་སྡང་འཇོམས་མཛད་བཅོམ་ལྡན་གོས་སྔོན་རྡོ་རྗེ་བསྣམས། །ཡེ་ཤེས་འབར་བའི་མེ་ཡི་དཀྱིལ་འཁོར་འདིར། །ལས་དང་ཚེ་མེད་ཉམས་པའི་སེམས་ཅན་འདི། །ཞེ་སྡང་སྣར་སེམས་སྡིག་སྒྲིབ་བསྲེག་ཏུ་གསོལ། །དེ་སྐད་ཚུལ་མཐུན་ཞིབ་ཏུ་བརྗོད། །མར་དཀར་ཏིལ་དཀར་བསྲེག་བྱས་ལ། །སྔགས་རྣམས་ཀུན་གྱིས་བསྲེག་པར་བྱ། །དུག་སོགས་ས་བོན་བསྲེག་བྱས་པས། །དེ་དག་སྐྱེ་རྒྱུད་ཆད་པར་བསམ། །བདེ་སྟོབས་མཐུན་པའི་སྨོན་ལམ་གདབ། །དེ་ནས་བུམ་ལྷ་འོད་དུ་ཞུ། །ཧུ༷། ངན་སོང་སྦྱོང་མཛད་བཅོམ་ལྡན་རྡོ་རྗེ་བསྣམས། །ཡེ་ཤེས་ཆུ་རྒྱུན་མི་དགེ་དག་བྱེད་འདིས། །ལས་དང་ཚེ་ཟད་འདས་པའི་སེམས་ཅན་འདི། །མི་དགེའི་སྡིག་སྒྲིབ་མ་ལུས་དག་གྱུར་ཅིག །སྔགས་ཀུན་བཟླས་ཤིང་བུམ་ཆུས་བཀྲུ། །སྒྲིབ་པ་དག་བསམ་སྨོན་ལམ་གདབ། །དེ་ལྟར་ཡང་དང་ཡང་བྱས་ནས། །དེ་དག་ལྷ་རུ་བསྐྱེད་བྱས་ལ། །འཚམ་པའི་དབང་བསྐུར་བྱིན་རླབས་ནས། །བཟླས་པ་སྒྲིབ་བྱང་དངོས་གྲུབ་སྩོལ། །བདེན་པའི་སྟོབས་བརྗོད་སྨོན་ལམ་གདབ། །འཇུག་བུམ་ལྷ་ཡི་ཐུགས་ཀར་བསྟིམ། །འོག་མིན་གནས་སུ་གཤེགས་སུ་གསོལ། །ཕུང་པོ་འདས་བཅས་རྣམ་པ་དེ། །བསྲེག་སྦྱང་བྱས་ཏེ་མཆོས་རྫས་ཀྱིས། །བདེ་གཤེགས་འཁོར་དང་བཅས་པ་མཆོད། །དེ་ནས་ཕུང་པོ་སྲེག་འདོད་ན། །དྲི་ཞིམ་ཆུ་ཡིས་བཀྲུས་བྱས་ཏེ། །ཡི་གེ་བཀོད་པ་རྩ་གཟུགས་མཚུངས། ཁེས་པ་བཀུག་ལ་གཤེད་བགེགས་བསྐྲད། །རོལ་ལ་བསྟིམ་སྟེ་ལྷར་བསྐྱེད་ལ། ཤེང་ཁང་བདེ་གཤེགས་ཕོ་བྲང་དུ། །བཅུག་ལ་སྤྱིན་སྲེག་ལུགས་བཞིན་བྱ། །གོང་གི་རྩ་གཟུགས་དེ་ཡང་བསྲེག །རུས་པ་བ་་ཏེ་སྐུ་གདུངས་གདབ། །དེ་ནི་སྡིག་སྒྲིབ་བྱང་པར་འགྱུར། །བདེ་ཐོབ་ངེས་པར་ངས་བཤད་དོ། །ཞེས་གསུངས་སོ། །ལས་རྒྱ་མཐོའི་རྒྱུད་ལས། ཚེ་འདས་པ་སྒྲིབ་པ་སྦྱང་ཞིང་བདེ་བ་དགོད་པའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།དེ་ནས་མགོན་པོ་ནག་པོས་ཡང་གསོལ་པ། །ཀྱེ་མ་གསང་བདག་རྡོ་རྗེ་བསྣམས། །འཁོར་བ་བྲལ་ནས་བདེ་ཐོབ་པའི། །དེ་ཐབས་གང་ལ་བརྟེན་པར་བགྱི། །རིམ་པ་བདག་ལ་བསྟན་པར་ཞུ། །གསང་བའི་བདག་པོས་བཀའ་སྩལ་པ། །མ་ཧྭ་ཀ་ལ་ཁྱོད་ཉོན་ཅིག །ཁྱོད་ཀྱིས་དེ་དྲིས་མཆོག་ཏུ་ལེགས། །སྔོན་དུ་ངས་བཤད་རིམ་པ་རྣམས། །གང་དག་དད་བསྐྱེད་ཞེན་བཟློག་ནས། །བདེ་ལ་བཀོད་པའི་དོན་དུ་བཤད། །དེ་ཡང་འཁོར་བྲལ་བདེ་ཐོབ་ཅིག །ང་ཡིས་ཁྱོད་ལ་ལེགས་པར་བཤད། །སེམས་ཀྱི་རང་བཞིན་མ་ཤེས་ན། །ཅིས་ཀྱང་མྱ་ངན་འདས་མི་ཐོབ། ཁྲེས་ཀྱང་མ་བསྒོམས་མ་བསྒྲུབ་ན། །དེས་ཀྱང་ཐོབ་པར་ངས་མི་བཤད། །དེ་ལྟར་སེམས་ཀྱི་མཚན་ཉིད་ནི། །འཁོར་འདས་རྟག་ཆད་ཀུན་གྱི་བདག །ནམ་མཁའི་རིན་ཆེན་རྒྱ་མཚོ་བཞིན། །སྣ་ཚོགས་སྣང་ཡང་སེམས་ཉིད་སྣང་། །སྣ་ཚོགས་འདུས་ཀྱང་སེམས་སུ་འདུས། །ཐམས་ཅད་པ་ཡི་སྔོན་རོལ་ཏུ། །མཐའ་ཡས་བརྗོད་ཀྱིས་མི་ལང་བའི། །རང་བྱུང་ཡེ་ཤེས་རྡོ་རྗེ་ཤར། །བདལ་ཁྱབ་ཆེན་པོ་ཆོས་ཀྱི་སྐུ། །ཕྱོགས་རིས་མེད་པ་བྱང་ཆུབ་སེམས། །ཡིན་མིན་དགག་དང་སྒྲུབ་ཏུ་མེད། །སེམས་ཉིད་ཀྱི་ནི་དངོས་གཞི་ལ། །ཕྱོགས་སམ་རིགས་སམ་འདི་ཁོ་ནར། །ང་འམ་རྒྱལ་བ་ཀུན་མི་བརྗོད། །མིང་དུ་བཏགས་ཆགས་འཛིན་པ་རྣམས། །དངོས་དེར་བདེན་པའི་གཏན་ཚིགས་མེད། །དེ་ཕྱིར་དེ་ནི་བདེན་མ་ཡིན། །སེམས་ཉིད་སྣ་ཚོགས་བདག་ཉིད་དེ། །རངབཞིནགཅིགཏུམངེས་པས། །སེམས་ཅན་བསམ་པ་ཐ་དད་པས། །གང་གོམས་བག་ཆགས་མཐུ་རྟས་པས། །ཇི་ལྟས་བསྟས་བཟུང་དེ་ལྟར་གནས། །དངོས་པོ་བརྟན་པར་ཡོད་མ་ཡིན། །སེམས་ཉིད་ཡུལ་འདྲར་སྣང་བ་ལས། །ལོགས་སུ་ཆད་པ་གང་ཡང་མེད། །རྨི་ལམ་སྒྱུ་མ་མིག་ཡོར་བཞིན། །དེ་དག་བདེན་པར་གྲུབ་མེད་པར། །ཐམས་ཅད་སེམས་ལས་བྱུང་བས་ན། །སེམས་དེ་ཀུན་ཤེས་ཀུན་རབ་མཆོག །དེ་ལྟར་གང་གིས་མ་རྟོགས་པས། །སེམས་ཉིད་ཡེ་ནས་སངས་རྒྱས་ཏེ། །རང་ལ་ཡོད་ཀྱང་ངོ་མ་ཤེས། །བདེན་པ་མཐོང་ཡང་ངོ་མ་ཤེས། །དབུལ་པོའི་ནོར་དང་གྱད་ནོར་བཞིན། །རྟོག་པས་བསྒྲིབས་པས་དོན་མ་མཐོང་། །རྒྱ་མཚོའི་རྙོག་མ་ཇི་བཞིན་ནོ། །མ་རིག་རང་བྱུང་རང་ཉིད་བསྒྲུབས། །སྲིན་བུའི་ཁ་ཆུ་ཇི་བཞིན་དུ། །ཞེན་རྟོགས་རང་བྱུང་རང་ཉིད་བཅིངས། །མ་རིག་ཞེན་རྟོག་ཞེན་དབང་གིས། །ཐོག་མ་མེད་ནས་ཁམས་གསུམ་འཁོར། །འགྲོ་དྲུག་བདེ་འབྲལ་སྡུག་བསྔལ་མྱོང་། །བདེན་པའི་དོན་མེད་རྟོག་པར་ཡེངས། །དེ་ལས་ལྡོག་པར་བྱ་དོན་དུ། །འཇིག་རྟེན་ཞེན་པའི་སྙིང་པོ་ནི། །ཏིང་འཛིན་མཆོག་གིས་ཞི་བར་བྱེད། །མུ་ནག་དག་དང་ཅི་བཞིན་དུ། །མི་གནས་རང་དག་བྱེད་པའི་མཆོག །བློ་ཡི་རྩལ་འཕངས་ཁྱད་པར་གྱིས། །རིམ་དང་རྫོགས་པར་ངས་སུ་བཤད། །ཡིདདང་མཐུན་པའི་ས་ཕྱོགས་སུ། །དགོས་པའི་གཉེན་འབྲེལ་ཐག་པ་གཅད། །བསོད་ནམས་ཚོགས་སོགས་འདོད་པར་བྱ། །མཎྜལ་ལ་སོགས་མཛེས་པར་བྱ། །ཡིད་རྟེན་མདུན་གཞག་སེམས་རྟེན་བཟུང་། །རིམ་དང་གཟུགས་བརྙན་རང་དུ་སྣང་། །ཡང་དང་ཡང་དུ་གོམས་པར་བྱ། །དེ་ནས་བསྐྱེད་རིམ་ཇི་བཞིན་དུ། །རང་བསྐྱེད་མདུན་ཡང་དེ་བཞིན་ཏེ། །སྤྱན་དྲངས་བསྟིམ་ལ་མཆོད་པ་བྱ། །མེ་ཏོག་ལ་སོགས་མཆོད་གཏོར་དང་། །གཞན་ཡང་སྨན་དང་ཤིང་ཏོག་སོགས། །བཟའ་བ་་བཅའ་མུར་འཇིག་ལྡག་འདྲར། །ཡིད་འོང་སྣ་ཚོགས་བཏུད་བྱས་ཏེ། །བསྲེག་སྦྱངས་བྱིན་རླབས་བྱས་པ་སྟེ། །ལྷ་མོའི་ཚོགས་ཀྱིས་ལྷ་ལ་མཆོད། །རྣལ་འབྱོར་ལོངས་སྤྱོད་ལྷག་པ་ཡིས། །གནོད་སྤྱིན་མཁའ་འགྲོ་ལ་སོགས་ལ། །འབངས་ཀྱི་ཚུལ་དུ་སྤྱིན་པར་བྱའོ། །དེ་ཀུ་རང་སེམས་ཆོ་འཕྲུལ་ཡིན། །བཟླས་དང་གཤེགས་སོགས་སྨོན་ལམ་གདབ། །སྐུ་ནི་འཇའ་ཚོན་ཚུལ་བསྒོམ་ཏེ། །བྲག་ཆའི་ཚུལ་བསྒོམས་བཟླས་འོད་འཕྲོས། །ཞེན་རྟོག་མེད་པར་རང་གསལ་བྱ། །དེ་ལྟར་རྒྱུན་དུ་འབད་པས་ནི། །མཚན་རྟགས་རྨི་ལམ་དྲོད་རྟགས་འབྱུང་། །སྐྱོན་ཡོན་མཚན་མ་ཅི་བྱུང་ཡང་། །དགའ་དྲོད་མཚན་མའི་རེ་དོགས་གཅོད། །སེམས་ཀྱི་ཆོ་འཕྲུལ་ཡིན་པས་ན། །མཉམ་ཉིད་སྙོམས་པར་རང་ཞིར་གཞག །དེ་ལྟར་འབད་པའི་འབྲས་བུ་ནི། །སྒྲིབ་སྦྱང་ཚོགས་རྫོགས་འབྲས་བུ་འགྲུབ། །རིགས་འཛིན་ས་ལ་གནས་ནས་ཀྱང་། །མངོན་ཤེས་འཆར་ལ་ཆོ་འཕྲུལ་སྟོན། །ལས་མཐར་རྡོ་རྗེ་འཆང་ཆེན་དང་། །མཉམ་འགྱུར་དེ་ལ་ཐེ་ཚོམ་མེད། །སྣ་ཚོགས་སྒྲོན་ནས་རིམ་ཀློག་པ། །བློ་ཆུང་རྣམས་ནི་ཁྲིད་པའི་ཐབས། །བྱིས་པ་བྲིད་ཐབས་བསྟན་པ་འདྲ། །དྲོད་རྟགས་ཞེན་པའི་དངོས་པོ་རྣམས། །སེང་གེའི་ཁོག་པ་རང་འཇིག་ལྟར། །སྟོང་ཉིད་རང་གིས་མ་ཤིས་ན། །གཞན་གྱིས་གཞིག་པར་མི་ནུས་སོ། །ཚིག་ཏུ་ཡང་དག་དོན་བརྗོད་ཀྱང་། །མ་བསྒོམས་དོན་ཐོབ་ངས་མི་བཤད། །བློ་ཆུང་རྟོག་པ་ཉི་ཚེ་བསྒོམས། །རིག་སྔགས་ལོག་པར་བསྒྲུབ་པ་ཡིན། །བདེ་འདོད་སྡིག་པར་སོགས་པའི་རྒྱུ། །གང་དག་མི་བློ་ཡུལ་མེད་པ། །རྟོགས་ཆེན་ཡིན་པར་ངས་སུ་བཤད། །གང་ཡང་འདུ་ཤེས་འཇུག་བྱེད་ན། །འབྲས་བུ་བདེ་འབྱུང་ངས་མི་བཤད། །གང་བསྒོམས་འདོད་པ་རྣམས་ཀྱིས་ཀྱང་། །ཡུལ་སེམས་ཡོད་མེད་གང་ཡང་མ་གྲུབ་པས ཅིར་ཡང་མི་བསམ་བློ་རྟེན་མི་འཆར་བར། །ལུས་སེམས་མི་རྔམ་ཁོང་གློད་བདེ་བ་སྲ །གསལ་ལ་མི་རྟོག་ཏིལ་མར་རྒྱ་མཚོ་བཞིན། །སེམས་ནི་དེ་ལྟར་ཞེན་པ་མེད་པར་བཞག །སྐྱོན་ཡོན་མཚན་པ་ཅི་བྱུང་ཡང་། །རེ་དང་དོགས་པའི་སེམས་མེད་པར། །རང་སེམས་ཡིན་པས་མཉམ་སྙོམས་བཞག །བྱིང་རྒོད་སྤྲོད་དང་སྐྱོ་བ་མེད། །མཉམ་པར་དག་ལས་ལངས་པའི་ཚེ། །གཟུགས་སྣང་སྒྲ་རུ་གྲག་སོགས་པ། །གཟུགས་བརྙན་བྲག་ཆ་ལ་སོགས་རྟག །ཞེན་མེད་དགེ་བ་སྣ་ཚོགས་བྱ། །དེ་ལྟར་ཡང་དག་གང་གོམས་པ། །མཚན་རྟགས་རྨི་ལམ་དྲོད་རྟགས་འབྱུང་། །དགའ་བྲོད་མི་བྱ་བརྩོན་པར་འབད། །དེས་ནི་བདེ་བ་སྨིན་པ་སྲ །ངས་བཤད་པ་ལ་ཐེ་ཚོམ་མེད། །མི་རྟོག་གསལ་བ་མཐའ་ཡས་པ། །མ་བཀག་རང་དག་ཕྱོགས་གཞན་མེད། །ཅིར་སྣ་ཅིར་གྲགས་ཅིར་བསམ་ཀྱང་། །རང་བྱུང་ཡེ་ཤེས་རྡོ་རྗེར་ཤར། །དེ་དོན་གསལ་བར་མ་ཞེན་པར། །བརྗོད་མེད་བློ་ལ་རྒྱུན་དུ་བསྒོམ། །དེ་དོན་ཀུན་གྱི་རྟོགས་པར་དཀའ། །དོན་དེ་རྟོགས་ནས་བསྒོམས་ནས་ནི། །ང་འམ་བདེ་གཤེགས་ཀུན་དང་མཉམ། །ཡོན་ཏན་སྣ་ཚོགས་དེ་ལ་འཆར། །ཁྱུང་དང་སེང་གེའི་ཕྲུག་གུ་བཞིན། །ལུས་པོ་རྒྱལ་བའི་སྐུར་གྱུར་ཏེ། །དཔག་བསམ་ཤིང་དང་རིན་ཆེན་བཞིན། །འགྲོ་དྲུག་ཅིས་འདུལ་དམ་ཆོས་སྟོན། །ཞེས་གསུངས་སོ། །ལས་རྒྱ་མཚོའི་རྒྱུད་ལས། འཁོར་བ་དང་བྲལ་ནས་བདེ་བ་ཐོབ་པའི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་མགོན་པོ་ནག་པོས་ཡང་གསོལ་པ། །ཀྱེ་མ་གསང་བདག་རྡོ་རྗེ་བསྣམས། །ཞལ་ནས་གསུངས་པའི་བསྟན་པ་དེ། །གང་ཟག་ཇི་ལྟ་བུ་ལ་བསྟན། །དེ་དོན་བདག་ལ་བསྟན་པར་ཞུ། །གསང་བའི་བདག་པོས་བཀའ་སྩལ་པ། །མ་ཧྭ་ཀ་ལ་ཁྱོད་ཉོན་ཅིག །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཅན། །རྡོ་རྗེ་འཆང་ཆེན་ངོ་བོ་ལས། །འདུལ་བའི་དོན་ཕྱིར་སེམས་དཔའི་ཚུལ། །ཕྱག་ན་རྡོ་རྗེ་མཐུ་སྟོབས་བདག །ང་ཡིས་བཤད་པའི་བསྟན་པ་འདི། །མ་ཧྭ་ཀ་ལ་ཁྱོད་ལ་གཏད། །ང་ཡིས་བསྟན་པ་ཟབ་མོ་འདི། །ས་ཆུ་མེ་རླུད་ནམ་མཁའ་དང་། །རྒྱ་མཚོ་རིན་ཆེན་ཉི་མ་བཞིན། །ཉེས་བྲལ་ལེགས་པའི་ངོ་བོར་གནས། །བདེ་གཤེགས་ཀུན་གྱི་རྒྱུད་འཆོག་ཡིན། །བདེ་གཤེགས་རྒྱལ་བ་གང་ལ་ཡང་། །འདི་ལས་བསྟན་པ་ལྷག་པ་མེད། །ང་ཡིས་བསྟན་པའི་ཉིང་ཁུ་འདི། །མ་ཧྭ་ཀ་ལ་ཁྱོད་ཉོན་ལ། །བློ་ཡིས་ཐེ་ཚོམ་མེད་པར་སྤྱོད། །ལོག་ལྟ་སེར་སྣ་མེད་པ་དང་། །སྡིག་བསྟོད་དགེ་ལ་སྨད་པ་དང་། །སྐྲུ་ཞག་དད་པ་ཆུང་བ་དང་། །གཡེང་བ་གྲགས་འདོད་རང་ཕྱོགས་ཅན། །ཚེ་འདིའི་ཆེད་བྱེད་ཙམ་ལ་བརྡར། །ཐེག་དམན་དམ་མེད་གཞུང་ལ་གོལ། །དེ་ལ་བསྟན་པར་མ་བྱེད་ཅིག །དེ་ལམ་ལས་སུ་ལོག་པ་དང་། །རང་ཆེད་མི་བྱེད་དཀོན་མཆོག་ཆེད། །འདི་དོན་མི་བྱེད་བྱང་ཆུབ་དོན། །སྐྱོན་མེད་ཡོན་ཏན་བསྟན་པ་ལ། །ཀ་ལ་ཁྱོད་ཀྱིས་ཅི་དགའ་བར། །གདམ་ངག་ནན་ཏན་གྱིས་ཏེ་སྟོན། །ང་ཡིས་དེ་སྐད་བཤད་པ་རྣམས། །ཀ་ལ་ཁྱོད་ཀྱིས་ཚུལ་བཞིན་སྒྲུབས། །ཅི་འདོད་འབྲས་བུ་འབྱུང་བ་སྲ །ངས་བཤད་པ་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །དེ་ནས་མགོན་པོ་ནག་པོས་དཔལ་གསང་བའི་བདག་པོ་ལ་བསྟོད་པ་འདིས་བསྟོད་དོ། །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །གསང་བའི་བདག་པོ་རྡོ་རྗེ་བསྣམས། །སངས་རྒྱས་ཀུན་གྱི་སྤྲུལ་པ་པོ། །དབང་བསྐུར་མཆོག་ལ་ཕྱག་འཚལ་བསྟོད། །གདུག་ཅིང་ག་་ལ་བརྗིད་བག་ལྡན། །སྣ་ཚོགས་ལས་རྣམས་མཛད་པའོ། །ཐོགས་མེདཡིདབཞིནནོརབུའིསྐུ། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་་ཇིང་་་མིཏེཚོངཞིན་ཆེང་་ངཀྱིགཤེ་བསྟད། ། ་ལྟར་བསམ་པའ་དངས་པ་ཀུན། །ཁྱད་ལས་བྱུང་བས་ ་ཟད་ག ར། །སྨ་ བང།་ཡད་བ ་འཕྲུལ་པ་ ། །གསང་བའ་བདག་པ་ཕྱག་འཚལ་བསྟད། །ནད་དང་རམས་ ་ ད་པ་ཛགེང་་ཛ་ང་ཛཇི་ཛ་་་་ང་ཚདམེངང་མ ད། །དགྲ་དང་བ གས་ཀྱ་གཉན་པ་མ ད། །ནར་དང་རྫས་ཀྱ་བདག་པ་མ ད། །འ གས་པ་སྐྱབ་མ ད་ཁྱད་ལ་བསྟད། །དཔའ་བ་ཁྱད་ཀྱ་ཡན་ཏན་ ་ ད་ལས། ཁྲན་ཏུ་ཕྲ་བའ་ཚུལ་ཅན་བདག་བསྟད་ན། །བདག་གི་མངོན་སུམ་དམིགས་ནས་ཁྱོད་བསྟོད་པས། །བར་ཆད་དགྲ་བགེགས་བཅོམ་ནས་བདེ་ཐོབ་ཤོག །ཅེས་བསྟོད་ནས་མི་སྣང་བར་གྱུར་ཏོ། །ཕྱག་ན་རྡོ་རྗེ་ལས་རྒྱ་མཚོའི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་ཉེར་ལྔ་པ་སྟེ་ཐ་མའོ།། །།གསང་བའི་བདག་པོ་རྡོ་རྗེ་གཏུམ་པོའི་ལས་རྒྱ་མཚོའི་བསྒྲུབ་པའི་རྒྱུད་ཅེས་པ་རྫོགས་སོ།། །།