Difference between revisions of "Ngb-pt-0804-vol-09-text"

From Rangjung Yeshe Wiki Texts
Jump to navigation Jump to search
 
 
(No difference)

Latest revision as of 11:50, 20 March 2020

Front[edit]

Body[edit]

རྒྱ་གར་སྐད་དུ། བྷ་ཏྭ་བི་ན་ཀ་ར་ཏན་ཏྲ་རྭ་ཛ་ནཱ་མ། བོད་སྐད་དུ། འབྱུང་པོ་འདུལ་བྱེད་ཅེས་བྱ་བ་རྒྱུད་ཀྱི་རྒྱལ་པོ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །༢དི་སྐད་རྣམ་པར་བཤད་པའི་དུས་ཉིད་ན། རི་རབ་རིན་པོ་ཆེའི་རིའི་རྩེ་མོ་་རྣམ་པར་རྒྱལ་བའི་ཁང་པ་རིན་པོ་ཆེ་སྣ་ལྔ་འབར་བའི་ཁང་པ་ཆེན་པོ་ན། འཁོར་ལོ་ཀ་དང་འཇིག་རྟེན་ལས་འདས་པ་རྣམས་དང་ཐབས་གཅིག་ཏུ་བཞུགས་པ་འདི་ལྟ་སྟེ།སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དུ་མ་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་བ་རྣམས་ཀྱིས་ནམ་མཁའི་དབྱིངས་ཡོངས་སུ་གང་ཞིང་། ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་འཁོར་རྣམས་ཀྱང་བར་སྣང་ལ་རབ་ཏུ་འཁོད་དོ། །ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ། ནམ་མཁའ་དང་། བར་སྣང་དང་། ས་གཞི་ཐམས་ཅད་ཡོངས་སུ་ཁེབས་པའི་ཚོགས་དེ་དག་དང་ཐབས་གཅིག་ཏུ་བཞུགས་སོ།། །།དེར་འདུས་པའི་འཁོར་རྣམས་ཀྱི་ནང་ནས། ལྷ་དབང་ཕྱུག་ཆེན་པོ་སྟན་ལས་ལངས་ཏེ། བྷ་ག་བན་འབྱུང་པོ་འདུལ་བྱེད་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཁྲོ་བོའི་རྒྱལ་པོ་ཆེན་པོ་ནི། ལོ་ཀའི་གདུག་པ་མ་རུངས་པ་རྣམས་གསོད་པར་བྱེད་པའི་ཚིག་བཤད་དུ་གསོལ། ཅེས་གསོལ་པ་དང་། བཅོམ་ལྡན་འདས་འབྱུང་པོ་གདུལ་བྱེད་ཀྱི་བདག་པོ་ཆེན་པོ་དེས། ལྷ་དབང་ཕྱུག་ཆེན་པོ་ལ་ལེགས་སོ་བྱ་བ་བྱིན་ནས། འབྱུང་པོ་ཐམས་ཅད་ཚར་གཅོད་པའི་སྔགས་ཀྱི་ཚིག་འདི་གསུངས་སོ། །ཨོ་བཛྲ་ཛ་ལ་ཧ་ན་ཧ་ན་སརྦ་བྷ་ཏྭ་ན༷་ཧུ༷་ཕཊ། ཅེས་གསུངས་པ་ཙམ་གྱིས། དཔལ་རྡོ་རྗེ་འཆང་འབྱུང་པོ་འདུལ་བྱེད་ཀྱི་བ་སྐྲུའི་བུ་ག་རྣམས་ནས་ཁྲོ་བོ་རབ་ཏུ་འབར་བ་དུ་མ་བྱུང་བར་གྱུར་ཏེ། འབྱུང་པོ་འབྱུང་མོ་དེ་རྣམས་ཀྱི་ལུས་སྐམས་ཤིང་། བརྒྱཁྱི་ ན་དང་། ཚངས་པ་དང་། ཁྱབ་འཇུག་ལ་སོགས་པ་ལྷ་དང་། མི་རྣམས་དང་། གནོད་སྤྱིན་གྱི་ཚོགས་རྣམས་གསད་པར་གྱུར་ཏོ། །ཡང་དེའི་ཚེ་དེའི་དུས་སུ་ནམ་མཁའི་དབྱིངས་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ངོ་མཚར་རྨདདུ་བྱུང་བའི་ཕྱིར་ཆེད་དུ་བརྗོད་པ་འདི་གསུངས་སོ། །ཀྱེ་བཅོམ་ལྡན་འདས་རྡོ་རྗེ་འཆང་། ཁྲོ་བོའི་བདག་པོ་ཆེན་པོས་མ་འོངས་པའི་ཚེ་མ་འོངས་པའི་དུས་སུ། སེམས་ཅན་ཐམས་ཅད་བདེ་བར་བྱ་བའི་ཕྱིར། འབྱུང་པོ་དང་མ་མོ་ཐམས་ཅད་ཚར་གཅོད་པ་འདི་གསུངས་སོ། །གཞན་ཡང་ཁྱོད་ཀྱིས་མི་རྣམས་ལ་ཕན་པར་བྱ་བའི་ཕྱིར། །སླར་ཡང་དམ་ཚིག་ལ་ཐོགས་ཤིག་ཅེས་གསུངས་སོ། །དེ་ནས་དཔལ་རྡོ་རྗེ་འཆང་ཆེན་པོས་འབྱུང་པོ་འདུལ་བྱེད་ཀྱི་རྒྱལ་པོས་སླར་ཤེས་པ་དགུག་པ་དང་། རོ་འཚོ་བར་བྱེད་པ་ཞེས་བྱ་བའི་སྔགས་བརྗོད་པ། ཨོ་བཛྲ་ཨུ་ཡུ་ཤེ་ས་ར་ས་རར་སྨིན། ཨོ་ཀ་ཏུ། མེ་ཏ་སན་བི་ཛ་ཡ་ཧྲི་ཛ་ཡ་ཨ། ཞེས་གསུངས་པ་དང་།དཔལ་རྡོ་རྗེ་འཆང་གིས་ཤངས་ཀྱི་བུ་ག་གཉིས་ནས། རླངས་ཆེན་པོ་རོ་འཚོ་བར་བྱེད་པ་ཞེས་བྱ་བ་བྱུང་ནས། འབྱུང་པོ་དང་འབྱུང་མོ་རྣམས་ཀྱི་ལུས་ལ་ཞུགས་པས་རྒྱལ་བ་སོས་ཏེ། སླར་ཡང་འཇིགས་པའི་སེམས་ཀྱིས་ལངས་ནས་ཐལ་མོ་སྦྱར་ནས། འདི་སྐད་ཅེས་གསོལ་ཏོ། ཀྱེ་བཅོམ་ལྡན་འདས་རྒྱལ་པོས་བདག་ཅག་རྣམས་ལ་བསྐྱབ་ཏུ་གསོལ། །ཅེས་གསོལ་ཏོ། །འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།ཡང་དེའི་ཚེ་འབྱུང་པོ་ཆེན་པོས་གཞན་གྱིས་མི་ཐུབ་པ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་འདིར། བཅོམ་ལྡན་འདས་འབྱུང་པོ་འདུལ་བྱེད་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཆེན་པོ། དཔལ་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ་བདེ་བར་གཤེགས་པས་བསྐྱབ་ཏུ་གསོལ། །བཅོམ་ལྡན་འདས་མྱུར་དུ་བསྐྱབ་དུ་གསོལ། ཐུགས་རྗེ་ཅན་ངེས་པར་བསྐྱབ་ཏུ་གསོལ། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོས་བཀའ་སྩལ་པ། འབྱུང་པོའི་རྒྱལ་པོ་ཆེན་པོ་གླིང་བཞིའི་མི་རྣམས་ལ་དངོས་གྲུབ་བྱིན་ཅིག །ཁྱད་པར་དུ་ཡང་འཛམ་གླིང་གི་མི་རྣམས་ལ་དངུལ་ཆུ་དང་། བཅུད་ལེན་གྱི་རྫས་དང་། དབྱིག་དང་གསེར་དང་། མུ་ཏིག་དང་། བི་ཌརླ་དང་། པདྨ་ར་ག་དང་། མེ་ཤེལ་དང་། ཆུ་ཤེལ་དང་། གོས་དང་། སྤོས་དང་། ལྷའི་བཟའ་བ་རྣམས་བྱིན་ཅིག །ཚེ་དང་ལོངས་སྤྱོད་ཐམས་ཅད་འཕེལ་ཞིང་རྒྱས་པར་གྱིས་ཤིག །རྗེས་སུ་བསྒྲུབ་པའི་རྣལ་འབྱོར་པ་རྣམས་ལ་བྲན་གྱི་ཚུལ་དུ་བསྙེན་བཀུར་གྱིས་ཤིག །ཀྱེ་ཀྱེ་གཞན་གྱིས་མི་ཐུབ་པའི་འབྱུང་པོ་ཆེན་པོ་མྱུར་དུ་གུས་པར་ཉོན། ལེ་ལོ་དང་། ཚུལ་ཁྲིམས་འཆལ་པ་དང་། སྡིག་པ་བྱེད་པ་དང་། རྫུན་ལ་དགའ་བ་དང་། ལས་ངན་པ་དང་། བརྩོན་འགྲུས་ཆུང་བ་དང་། ནོར་མེད་དང་། གཅོང་ཅན་དང་། བསོད་ནམས་ལའང་ངེ་པར་སིརྙི་བྱིན་ཅིག །གལ་ཏེ་རྗེས་སུ་བསྒྲུབ་པའི་རྣལ་འབྱོར་ལ་དངོས་གྲུབ་མ་བྱིན་ན། སྤྱི་བོ་མི་ཕྱེད་པའི་རྡོ་རྗེས་འགེམས་ཤིང་། དམྱལ་བ་ཆེན་པོ་རུ་ལྷུང་བར་འགྱུར་རོ། །ཞེས་དམ་ཚིག་ལ་བཙུད་དོ། །འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། དམ་ལ་བཏགས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་འབྱུང་པོ་ཆེན་པོ་གཞན་གྱིས་མི་ཐུབ་པས་འདི་སྐད་ཅེས་གསོས་ཏོ། །ཀྱེ་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཆེན་པོ། །མ་འོངས་པའི་དུས་སུ་ལྷ་ཆེན་པོའི་དམ་ཚིག་ལ་གནས་ཤིང་། དཔལ་རྡོ་རྗེ་འཆང་ཟློས་པ་ཐམས་ཅད་ཀྱིས་མངག་གཞུག་བགྱིའོ། །གལ་ཏེ་བྲན་དང་མངག་གཞུག་མ་བགྱིས་ན། བདག་ཅག་གི་རིགས་བརྒྱུད་དུ་བཅས་པ་རླག་པར་གྱུར་ཅིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་དམ་ཚིག་ལས་འགལ་བར་གྱུར་ཅིག །དཔལ་རྡོ་རྗེ་འཆང་ཁྲོ་བོའི་རྒྱལ་པོས་སྤྱི་བོ་འགེམས་པར་གྱུར་ཅིག །ཐྲི་བཛྲ་དྷ་ར་ས་མ་ཡ་ཧུ༷། ཞེས་བྲོ་དོར་ཏོ། །འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས། དམ་ཚིག་གིས་བཅས་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ལྷ་དབང་ཕྱུག་ཆེན་པོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་འབྱུང་པོ་འདུལ་བྱེད་ཀྱི་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་དཔལ་ལྡན་རྡོ་རྗེ་འཆང་། མ་འོངས་དུས་ཀྱི་ཐ་མ་ལ སེམས་ཅན་རྣམས་ལ་ཕན་བྱའི་ཕྱིར། །གནོད་སྤྱིན་འབྱུང་པོ་སྒྲུབ་པའི་ཐབས། །འབྱུང་པོ་འདུལ་བྱེད་རྒྱུད་ཆེན་རྒྱལ། །དཔའ་བོས་དིང་འདིར་བསྟན་དུ་གསོལ། །ཅེས་གསོལ་པ་དང་། འབྱུང་པོ་འདུལ་བྱེད་ཀྱི་རྒྱལ་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ། དབང་ཕྱུག་ཆེན་པོ་ལྷ་ཆེན་པོ། །གནོད་སྦྱིན་སྒྲུབ་པར་འདོད་པ་ཡིས། །ཆུ་བོ་འདུས་པའི་གླིང་ཆེན་ནམ། །དུར་ཁྲོད་ཤིང་དྲུང་ལྷ་ཡིས་གནས། །དབེན་ཞིང་བར་ཆད་མེད་པའི་གནས། །ཕྱག་ན་རྡོ་རྗེའི་ཁྱིལ་བདག་སྟེ། །གཙང་ཞིང་བཀྲ་ཤིས་ཕུན་སུམ་ཚོགས། །དེར་ནི་གནོད་སྤྱིན་འབྱུང་པོའིཚོགས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །འབྱུང་པོ་འདུལ་བྱེད་ཀྱི་་ད་ལས། གནས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྡོ་རྗེ་འཆང་ཆེན་དེས། །ལྷ་ཆེན་དབང་ཕྱུག་ཆེན་པོ་ལ། །གནོད་སྤྱིན་ནོར་ལྷའི་རྒྱལ་པོ་ཡི། །གསང་སྔགས་བསྟན་པ་འདི་དག་གོ །ཨོ་ཧྲི༔ཛ་ཨ་པ་ཛོ་ཙིརྟི་ཛ་ཛ། འདི་ནི་གཏེར་བདག་སྒྲུབ་པའི་སྔགས། །འབྱུང་པོ་གཞན་གྱིས་མི་ཐུབ་པ། །ནོར་ལྷ་བརྒྱད་དང་བཅས་པའོ། །སྲོག་གི་ཡང་སྙིང་དམ་པ་སྟེ། །ཨོ་ནི་ཀུན་ཁྱབ་ཡེ་ཤེས་ཏེ། །བྱིན་གྱིས་རློབ་པའི་གསང་སྔགས་ཡིན། །ཧྲི༔ནི་གཞན་གྱིས་མི་ཐུབ་པ། །དབུས་ཀྱི་གཙོ་བོའི་སྙིང་པོའོ། །ཛ་ནི་ཤར་ཕྱོགས་གང་བ་བཟང་། །ཨ་ནི་ལྷོ་ཕྱོགས་རྣམ་ཐོས་བུ། །པ་ནི་ནུབ་ཕྱོགས་ནོར་སྦྱིན་ནོ། །ར་ནི་བྱང་ཕྱོགས་ནོར་བཟང་སྟེ། །ཙི་ནི་པི་རྩི་ཀུཎྜལི། །ཏ་ནི་ཀི་ལི་མི་ལི་འོ། །ཛ་ནི་སེར་པོ་ཙ་རེཎྜ། །ཛ་ནི་སེར་པོ་མུ་ཁེན་དམ། །ཀུན་འདུས་ཨ་པ་ར་ཡི་སྔགས། །གནོད་སྦྱིན་ནོར་ལྷའི་གསང་སྔགས་ཡིན། །དེ་ནས་གཞན་ཡང་བཤད་བྱ་བ། །གནོད་སྦྱིན་མི་ཡི་གསང་སྔགས་ནི། །རིམ་པ་བཞིན་དུ་བསྟན་པར་བྱ། །ཨོ་ཤི་མ་ཧྭ་སྟུ་ཏ་ཀུ་ལ་སུནྟྲ་རི་ས་མ་ཡ་ཛ༔ཧུ༷་བ༷་ཧོ། །འདི་ནི་ནོར་བདག་ཆེན་མོའི་སྔགས། །འབྱུང་པོ་དཔལ་ཆེན་རིགས་མཛེས་མ། ། གནོད་སྦྱིན་མོ་དགུའི་སྲོག་སྙིང་ཡིན། །ཨོ་ནི་སྤྱི་ཡི་ཡེ་ཤེས་ལྔ། ཁྲེ་ནི་དཔལ་ཆེན་རིགས་མཛེས་མ། །མ་ནི་ཤར་ཕྱོགས་བཟང་མོ་སྟེ། །ཧྭ་ནི་ལྷོ་ཡི་རབ་ཏུ་བཟང་། །བྷ་ནི་ནུབ་ཀྱི་སྦས་མ་སྟེ། །ཏ་ནི་བྱང་གི་རབ་སྦས་མ། །ཀུ་ནི་ལྷོ་ཤར་མ་མོ་ཡིན། །ལ་ནི་ལྷོ་ནུབ་དབྱངས་ཅན་མ། །སུན་ནི་བྱང་ཆུབ་འཕགས་མ་སྟེ། །དྷ་ནི་བྱང་ཤར་ཟླ་ཤེལ་ཅན། །རི་ནི་ཤར་གྱི་གནོད་སྦྱིན་མ། །ས་ནི་་སྙོ་ཡི་པདྨའོ། །མ་ནི་ནུབ་ཀྱི་ཀི་ལ་མ། །ཡ་ནི་བྱང་གི་གང་བ་མ། ཛ༔ནི་ནོར་སྤྱིན་ཆེན་མོ་སྟེ། །ཧུ༷་ནི་པདྨ་ཆེན་མོའོ། །བ༷་ནི་ཀི་ལི་ཆེན་པོ་སྟེ། །ཧོ་ནི་གང་བ་བཟང་པོའོ། ། ཀུན་འདུས་དཔལ་ཆེན་རིགས་མཛེས་མ། །གནོད་སྦྱིན་མོ་དགུའི་སྙིང་པོ་ཡིན། །ཅེས་གསུངས་སོ། །འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས། །སྙིང་པོ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ནོར་ལྷ་བསྒྲུབ་པར་འདོད་པ་ཡིས། །དགོན་པ་ཆེན་པོའི་ས་ཕྱོགས་སུ། །མཆོད་སྦྱིན་རྒྱས་པར་བཏང་བྱས་ལ། །ས་ཡི་ཆོ་ག་རིམ་པ་ལྟར། །བསླང་དང་སྦྱང་དང་བསྲུང་བ་དང་། །དེ་ནས་མདའ་གང་ཚད་དུ་ཅིག །དྲི་ཞིམ་སྨན་གྱིས་ཆག་ཆག་གདག །ཚངས་དང་ཟུར་དང་ལོག་ཐིག་དང་། །ལོག་ཆེན་ག་་དང་ལོག་ཆུང་ནི། །ག་་སོགས་རིམ་པར་ཤེས་པར་བྱ། །དེ་ན་དཀྱིལ་འཁོར་ཚུལ་བཞིན་བྲི། །ཕོ་བྲང་མུ་ཁྱུད་སེར་དང་གནག །འདབ་བརྒྱད་གསེར་གྱི་ས་གཞི་ལ། །གངས་རི་དཀར་པོའི་ཟེ་འབྲུ་བཅས། ། བར་ཁྱམས་པདྨ་ར་ག་ལ། །མུ་ཁྱུད་གྲུ་ཆད་རིན་ཆེན་གསེར། །པ྅་རེ་ཁ་སྒོ་བཞིར་བཅས། ། དེ་དག་སྤྱི་དང་མཐུན་པ་ལས། །འདོད་ཡོན་རརྙ་ཕ་གུ་དང་། །དྲ་བ་དྲ་ཕྱེད་ལ་སོགས་པའི། ། ཚོན་དང་བྲི་ཐབས་མཁས་པས་དབྱེ། །དབུས་སུ་རིན་ཆེན་བུམ་པ་འམ། །རིན་ཆེན་ལྕགས་ཀྱུ་བྲི་བར་བྱ། །འདབ་ར་ཤར་ནས་བརྩམས་པར་བྱ། །བཀྲ་ཤིས་རྫས་རེ་བྲི་བར་བྱ། །སྒོ་བཞིར་བུམ་པ་བཟང་པོ་བཞི། །དེ་ནས་རྫས་དང་མཆོད་པ་བཤམ། །ཞེས་གསུངས་སོ། ། འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས། །དཀྱིལ་འཁོར་གྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རིན་ཆེན་མཛེས་པའི་ག་འུ་སྲ །གཏེར་བདག་ཆེན་པོའི་བང་མཛོད་བཅས། །ནོར་བདག་ཆེན་པོའི་སྐུ་གཟུགས་ལ། །བླ་རྡོ་སྲོག་ཡིག་བཅས་པ་དང་། །ཙཀྲ་གཉིས་དང་སྲོག་ཡིག་དང་། །གཟུངས་སྔགས་ལ་སོགས་ལྡན་པརབྱ། །སྤྱན་དྲངས་བསྟིམ་ཞིང་པྱུ་ཛ་དང་། །མངའ་གསོལ་རབ་ཏུ་གནས་པ་དང་། །སྤྱན་དབྱེ་དབང་བསྐུར་ལ་སོགས་བྱ། །བང་མཛོད་དབུས་སུ་བཞུགས་ནས་ནི། །གཏེར་བདག་ཆེན་པོར་དབང་བསྐུར་ལ། ། ནོར་གྱི་སྲུང་མར་དམ་ཡང་དཔོག །གཞན་ཡང་བང་མཛོད་ཆེན་པོའི་རྫས། །ཡོན་ཏན་ཕུན་སུམ་ཚོགས་པ་ཡིས། །རེ་འདོད་སྐོང་བའི་རིན་ཆེན་ལྔ། །བང་མཛོད་ནང་དུ་གཞུག་པར་བྱ། །འཕྲིན་ལས་རྒྱ་མཚོས་འགྲོ་དོན་དུས། །དུག་ལྔའི་ནད་རྣམས་གསོ་བྱའི་ཕྱིར། །སྨན་ལྔ་རབ་ཏུ་གཞུག་པར་བྱ། །ནད་དང་སྡུག་བསྔལ་ཞི་བྱའི་ཕྱིར། །ཙན་དན་སྤོས་དཀར་ལ་སོགས་པའི། །སྦོས་ཀྱི་ཐུམ་བུ་ལྔ་ཡང་བྱ། །བཀྲེས་སྐོམ་མུ་གེའི་བསྐལ་པ་ལས ཐར་པར་བྱ་ཕྱིར་བང་མཛོད་དུ། །འབྲུ་སྣ་ལྔ་ཡང་གཞུག་པར་བྱ། །དབུལ་འཕོངས་སྡུག་བསྔལ་ཞི་བྱའི་ཕྱིར། །དར་སྣ་ལྔ་ཡང་གཞུག་པར་བྱ། །གཞན་ཡང་ཡིད་ལ་གང་འདོད་པའི། །རྫས་རྣམས་བང་མཛོད་ནང་དུ་གཞུག །དཀར་གསུམ་མངར་གསུམ་ལ་སོགས་པའི། །ཟས་ཕུད་རྣམ་པ་སྣ་ཚོགས་ཀྱང་། །དངོས་གྲུབ་རྟེན་དུ་གཞུག་པར་བྱ། །ཨ་ཀ་རུ་དང་དུ་རུ་ཀ །སྙིང་པོ་སྨན་གྱི་རྣམ་པ་ལྔ། །ནོར་ལྷའི་རྫས་སུ་གཞུག་པར་བྱ། །སེམས་ཉིད་འདོད་པའི་ཙཀྲ་ཡང་། །མཁས་པས་ནོར་ལྷའི་མདུན་དུ་གཞུག །དེ་ནས་ཁ་བཅས་རྒྱས་བཏབ་ལ། །གནོད་སྦྱིན་ཞལ་ཕྱོགས་མ་ནོར་བར། །དཀྱིལ་འཁོར་དབུས་སུ་མན་ཛིའི་ཁར། །རིན་ཆེན་འབྲུ་ཡི་སྟེང་དུ་གཞག ། དཀྱིལ་འཁོར་དེ་ཡི་ལྷོ་ཕྱོགས་སུ། །སྤོས་དང་མར་མེ་ལ་སོགས་པའི། །བ་་བའི་མཆོད་པ་བཤམ་པར་བྱ། །བྱང་དུ་ཀ་ར་མངར་གསུམ་དང་། །འབྲས་ཆེན་སྨན་གྱིས་བརྒྱན་པ་ཡི། ། གཏོར་མ་གཉིས་དང་སྤོས་དཀར་དང་། །སླ་སྡེར་གདན་ཆུང་ཕུད་ལ་སོགས། །ནང་གི་མཆོད་པ་རྒྱས་པར་བཤམས། །རྡོ་རྗེ་འཆང་གི་སྐུ་གཟུགས་ཀྱང་། །བྱང་ཕྱོགས་བང་མཛོད་རྩ་རུ་བཞུགས། །བླ་རེ་རྒྱལ་མཚན་ཕྱོགས་བཞིར་དགྲམ། །ཕུར་པ་བཅུ་ལ་སྔགས་བྲིས་ཏེ། །ཕྱག་རྡོར་བཅུ་རུ་མངའ་གསོལ་ལ། །དལ་གྱི་རིམ་པ་འཁོར་བར་གཟུགས། །དེ་ནས་བྱང་དུ་ཁ་ལྟས་ཏེ། །བསྙེན་སྒྲུབ་རིམ་པ་ཚུལ་བཞིན་བྱ། །ཞེས་གསུངས་སོ། །འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས། །རྫས་དང་བང་མཛོད་བཅས་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ནོར་བདག་སྒྲུབ་པར་འདོད་པས་ནི། །སེམས་བསྐྱེད་སྔོན་དུ་བཏང་བྱས་ལ། །སྟོང་པའི་ངང་ལས་ཡི་གེ་ཧུ༷། །སེམས་ནི་ཧུ༷་གི་ཆོ་འཕྲུལ་ལས། །བཞུགས་གནས་དཀྱིལ་འཁོར་གསལ་བར་བསྒོམ། །སྤྱན་དྲངས་བསྟིམ་ལ་བཞུགས་སུ་གསོལ། ། ཕྱག་བཙལ་མཆོད་པ་སྡིག་བཤགས་བྱ། །རྗེས་སུ་ཡི་རངས་གསོལ་བ་གདབ། །ལུས་དབུལ་དགེ་རྩ་བ་བསྔོ་བར་བྱ། །དེ་ནས་རང་དང་ཐ་མི་དད། །རྣམ་གསུམ་སྐྱེ་མཆེད་བྱིན་གྱིས་བརླབ། །ཡིད་ བཞིན་ནོར་ བུའི་ཏིང་ འཛིན་ གྱིས། །ཡིད་ བཞིན་ནོར་ བུ་ ཞལ་ ལྔ་ བཟས། །ཨོ་ བཛྲ་ཙཎྜ་ མ་ ཧྭ་རོ་ ཥ་ ཎ་ ཧུ༷་ ཕཊ། །སྐབས་ སུ་ མཆོད་ བསྐུལ་ བསྟོད་ པ་ བྱ། །ཞེས་ གསུངས་ སོ། །འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས། །ཡེ་ཤེས་ལྷའི་བསྙེན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བསྒྲུབ་པར་བྱ་བ་ནི། །དཀྱིལ་འཁོར་བང་མཛོད་གཞལ་ཡས་ཁང་། །གཏེར་བདག་འཁོར་བཅས་གསལ་བར་བསྐྱེད། །ཡི་གེ་ཧྲི་ལས་བུམ་པ་སྟེ། །དེ་ལས་བྱུང་བ་ནོར་གྱི་ལྷ། །སྐུ་ནི་གངས་རི་ལྷུན་པོ་འདྲ། །ངལ་བསོ་གེ་ལེ་སྟོབས་པོ་ཆེ། །རིན་ཆེན་སྣ་ལྔའི་དབུ་རྒྱན་ཅན། །རལ་པའི་ཟར་བུས་སྐུ་སྟོད་ཁེབས། །སྤྱན་རྩ་དམར་ལ་འབོར་ཞིང་ཟླུམ། །མི་སྙིང་བསྒུལ་བའི་ལྕགས་ཀྱུ་གཡས། །དགོས་འདོད་འབྱུང་བའི་ནེའུ་ལེ་དང་། །རིན་ཆེན་བུམ་པ་བཟང་པོ་གཡོན། །སྟང་སྟབས་རོལ་པའི་ཚུལ་དུ་བཞུགས། །འཁོར་ནི་གནོད་སྦྱིན་ཕོ་བརྒྱད་དེ། ཁྲར་ཕྱོགས་པདྨའི་འདབ་མ་ལ། །ཛ་ལས་བྱུང་བའི་གང་བ་བཟང་། །སྐུ་མདོག་སྔོན་པོ་བགྲད་པའི་ཚུལ། །གདུག་དང་ནེའུ་ལེ་བསྣམས་པའོ། །ལྷོ་རུ་ཨ་ལས་རྣམ་ཐོས་བུ། །སེར་པོ་ཉ་དང་ནེའུ་ལེ་བསྣམས། །ནུབ་ཏུ་ཕ་ལས་ནོར་སྦྱིན་བུ། །དམར་པོ་དུང་དང་ནེའུ་ལེ་བསྣམས། །བྱང་དུ་ར་ལས་ནོར་བཟང་ནི། །ལྗང་ཁུ་པདྨ་ནེའུ་ལེ་བསྣམས། ཁྲར་ལྷོར་རྩིབས་ལས་བྱུང་བ་ཡི། །དམར་པོ་པི་ཙི་ཀུཎྜལི། །བུམ་པ་ནེའུ་ལེ་ཐོག་པའོ། །ལྷོ་ནུབ་ཏ་ལས་བྱུང་བ་ཡི། །སྔོན་པོ་ཀི་ལི་མི་ལི་ནི། །དཔལ་བེའུ་ནེའུ་ལེ་ཐོག་པའོ། །བྱང་ནུབ་པདྨའི་འདབ་མ་ལ། །ཛ་ལས་སེར་པོ་ཙ་རན་ཌ། །རྒྱལ་མཚན་ནེའུ་ལེ་ཐོག་པའོ། །བྱང་ཤར་ཛ་ལས་མུ་ཁེན་དམ། །སེར་པོ་འཁོར་ལོ་ནེའུ་ལེ་ཅན། །རིན་ཆེན་དུ་མས་བརྒྱན་པ་ཡི། །བུམ་པའི་སྟེང་ན་འགྱིང་བའོ། ཁྲར་སྒོར་ཛ་ལས་གྱུར་པ་ཡི། །ནོར་སྦྱིན་ཆེན་པོ་བསྒོམ་པར་བྱ། །དཀར་པོ་ལྕགས་ཀྱུ་ནེའུ་ལེ་ཅན། །ལྷོ་སྒོར་ཧུ༷་ལས་བྱུང་བ་ཡི། །པདྨ་ཆེན་པོ་བསྒོམ་པར་བྱ། །སེར་པོ་ཞགས་པ་ནེའུ་ལེ་བསྣམས། །ནུབ་སྒོར་བ༷་ལས་བྱུང་བ་ཡི། །ཀི་ལི་ཆེན་པོར་བསྒོམ་པར་བྱ། །དམར་པོ་ལྕགས་སྒྲོག་ནེའུ་ལེ་ཅན། །ཧོ་ལས་བྱུང་བ་བྱང་གི་སྒོར། །གང་བ་བཟང་པོ་བསྒོམ་པར་བྱ། །ལྗང་ཁུ་དྲིལ་བུ་ནེའུ་ལེ་ཅན། །རིན་ཆེན་དུ་མས་བརྒྱན་པ་སྟེ། །སྟང་སྟབས་ཚུལ་དུ་བགྲད་པའོ། །གནོད་སྤྱིན་འཁོར་བཅས་བསྐྱེད་པར་བྱ། །རང་བཞིན་གནས་ནས་སྤྱན་དྲངས་ལ། །ག་བུ༷་བསྟིམ་ཞིང་བཞུགས་སུ་གསོལ། །ཕྱི་ནང་གསང་བའི་མཆོད་པ་དབུལ། །རང་ཉིད་ཕྱག་རྡོར་ང་རྒྱལ་ཀྱིས། །ཟིལ་གྱིས་མནན་ལ་བཟླས་པ་བྱ། །ཐུན་མཚམས་བསྟོད་ཅིང་དངོས་གྲུབ་བླངས། །ཚེས་གཅིག་ལ་གཟུགས་ཉ་ལ་འདོན། །ཉ་ཡི་ནུབ་མོ་མཆོད་པ་དབུལ། །རྩ་སྔགས་དངོས་གྲུབ་ཤམ་བུ་སྲ །མི་སེམས་བསྒུལ་བའི་སྔགས་བཏགས་ལ། །བཟླས་ཤིང་པདྨའི་ཕྱག་རྒྱ་བཅའ། །སྤོས་དཀར་དུད་པ་རྒྱུན་མི་བཅད། ། གྲུབ་རྟགས་མཚན་མ་མཁས་པས་བརྟག །ཅེས་གསུངས་སོ། །འབྱུང་པོ་འདུལ་བྱེད་ཀྱི་རྒྱུ་ལས། བསྒྲུབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་མོ་བསྒྲུབ་བཤད་བྱ་བ། །མཎྜལ་དམ་རྫས་སྔར་དང་མཚུངས། །བང་མཛོད་གོང་དང་མཐུན་པ་ལ། །སྐུ་གཟུགས་གནོད་སྦྱིན་མོ་རུ་བསྒྱུར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། །སྟོང་པའི་ངང་ལས་ཡི་གེ་ཧུ༷། །འཕྲོ་འདུ་རོལ་པའི་ཁྱད་པར་ལས། །བང་མཛོད་རིན་ཆེན་གཞལ་ཡས་ཁང་། ཁུ་བཞི་སྒོ་བཞི་ལྡན་པ་ལ། །རིན་ཆེན་དུ་མས་སྤྲས་པ་ཡིས། །དཀྱིལ་འཁོར་ཆེན་པོ་བསྒོམ་པ་ནས། །ཕོ་བྲང་དབུས་ཀྱི་ལྟེ་བ་ལ། །ཉི་ཟླ་པདྨའི་གདན་སྟེངས་སུ། །ཧྲི་ལས་རིན་ཆེན་བུམ་པ་སྟེ། །དེ་ལས་བྱུང་བའི་ནོར་བདག་མོ། །འབྱུང་པོ་དཔལ་ཆེན་རིགས་མཛེས་མ། །སྐུ་མདོག་བཙོ་མ་གསེར་དང་འདྲ། །གཟུགས་དང་ལང་ཚོ་ཕུན་སུམ་ཚོགས། །རིན་ཆེན་རྒྱན་ཆ་དུ་མས་སྤྲས། །གཡས་པ་རིན་ཆེན་བུམ་པ་བསྣམས། །ནོར་དང་ལོངས་སྤྱོད་སྦྱིན་པ་འགྱེད། །གཡོན་པ་ནེའུ་ལེའི་རྐྱལ་པ་འཛིན། །སེམས་ཅན་རྣམས་ཀྱི་དགོས་འདོད་སྐོང་། །ཕྱེད་ཀྲུང་སྒེག་པའི་ཚུལ་གྱིས་འགྱིང་། །ཤར་གྱི་པདྨའི་འདབ་མ་ལ། །མ་ལས་བྱུང་བའི་བཟང་མོ་ནི། །དཀར་མོ་འཁོར་ལོ་ནེའུ་ལེ་འཛིན། །ཕྱེད་ཀྲུང་ཚུལ་དུ་འགྱིང་བའོ། །ཧ་ལས་ལྷོ་ཡི་པདྨ་ལས། །རབ་ཏུ་བཟང་མོ་སྐུ་མདོག་སེར། །རིན་ཆེན་ནེའུ་ལེ་གཡས་དང་གཡོན། །ཕྱེད་ཀྲུང་སྒེག་པའི་ཚུལ་གྱིས་འགྱིང་། །ནུབ་ཏུ་སྣུ་ལས་སྦས་མ་ནི། །དམར་མོ་པདྨ་ནེའུ་ལེ་འཛིན། །བྱང་དུ་རྟ་ལས་རབ་སྦས་མ། ། ལྗང་ཁུ་རྒྱ་སྨན་ནེའུ་ལེ་ནི། ཁྲར་ལྷོར་ཀུ་ལས་ལྷ་མི་ནི། །དཀར་སེར་སྙེ་མ་ནེའུ་ལེ་ཅན། །ལྷོ་ནུབ་ལ་ལས་དབྱངས་ཅན་མ། །དམར་སེར་སྙེ་མ་ནེའུ་ལེ་འཛིན། །ནུབ་བྱང་སུན་ལས་འཕགས་མ་ནི། །ལྗང་སེར་སྙེ་མ་ནེའུ་ཅན། །བྱང་ཤར་ད་ལས་ཟླ་ཤེལ་ཅན། །ལྗང་སྔོན་སྙེ་མ་ནེའུ་ལེ་འཛིན། །པྱེད་ཀྲུང་ཚུལ་སྒེག་འགྱིང་བར་བསྒོམ། ཁྲར་ལྷོར་རི་ལས་ནོར་སྦྱིན་མ། །དཀར་མོ་ལྕགས་ཀྱུ་བུམ་པ་ཅན། །ལྷོ་སྒོར་ས་ལས་པདྨ་ནི། །སེར་མོ་ཞགས་པ་བུམ་པ་བསྣམས། །ནུབ་སྒོར་མ་ལས་ཀེ་རི་མ། །དམར་མོ་ལྕགས་སྒྲོག་བུམ་པ་བསྣམས། །ཡ་ལས་བྱང་སྒོར་གང་བ་མ། །ལྗང་ཁུ་དྲིལ་བུ་བུམ་པ་ཅན། །རིན་ཆེན་དུ་མའི་རྒྱན་གྱི་སྤྲས། །སྟང་སྟབས་ཚུལ་དུ་བགྲད་པར་བསྒོམ། །སྤྱན་དྲངས་བསྟིམ་ཞིང་བཞུགས་སུ་གསོལ། །མཆོད་དང་བསྟོད་ཅིང་དངོས་གྲུབ་བླང་། །ཟིན་གནན་འཕྲོ་འདུང་་བཟླས་པ་བྱ། །ཨོ་ཐྲེ་མ་ཧྭ་སྣུ་ཏ་ཀུ་ལ་སུན་དྷ་རི་ས་མ་ཡ། །བཅུ་དྲུག་ནས་ནི་སྟོང་གི་བར། །རྣལ་འབྱོར་ཆེན་པོས་བསྒྲུབ་པ་བྱ། །གནམ་སྟོང་ནུབ་མོ་མཆོད་པ་བསྟང་། །ཙན་དན་མཆོད་ཡོན་སྤོས་དཀར་སྲེག །འགུག་བྱེད་ལྕགས་ཀྱུའི་ཕྱག་རྒྱ་ཅན། །ཨོ་ཀ་ཊ་ཀ་ཁུ་སརྦ་སྤྱི་ནི་ཤི་ཧུ༷་ཛ་ཛ་ཕཊ། སྔགས་གཉིས་སྦྲེལ་ཞིང་བཟླས་པ་བྱ། །མངོན་སུམ་ཁུག་ན་བསྣོལ་གྱིས་བཅད། །སེམས་མ་རྡོ་རྗེའི་ཕྱག་རྒྱ་བསྟན། །ཙན་དན་མཆོད་ཡོན་གཏོར་མ་སྦྱིན། །མི་སྨྲ་ཕྱག་རྡོར་ང་རྒྱལ་གྱིས། །ཆགས་པ་སྤྱད་ན་ཆུང་མར་འགྱུར། །རྒྱན་དང་ལོངས་སྤྱོད་ཅི་འདོད་སྟེར། །སྲོད་ལ་འོང་ཞིང་ཐོ་རངས་འགྲོ། །དེ་ཚེ་གཞན་གྱི་བུད་མེད་སྤང་། །སྨྲས་ན་མ་དང་སྲིང་མོར་འགྱུར། །ནོར་དང་རྒྱལ་སྲིད་ལོངས་སྤྱོད་སྟེར། །རྒྱབ་ཏུ་ཁུར་ནས་མཐོ་རིས་ཀྱི། །ལྷ་ཡུལ་སྲིད་པའི་རྩེ་མོར་སྐྱེལ། ། ཚེ་ཡང་བསྐལ་པ་བདུན་ཁྲིར་འཚོ། །དེ་བས་གསང་ཞིང་བ་་དེ་བསྒྲུབ། །ཅེས་གསུངས་སོ། །འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས། རབ་ཏུ་བསྒྲུབ་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཐམས་ཅད་ཐབས་དང་ཤེས་རབ་སྟེ། །ཕོ་མོ་དྲིལ་ཏེ་བསྒྲུབ་པར་བྱ། །དེ་ལ་དམ་རྫས་སྔར་དང་མཅོས། །བང་མཛོད་ནང་དུ་གནོད་སྦྱིན་གྱི། །ཕོ་མོ་ཞལ་སྤྲད་བར་དག་ཏུ། །སིདྷི་འཁོར་ལོ་མ་ནོར་གཞུག ཁ་བཅད་རྒྱས་བཏབ་བསྒྲུབ་པ་བརྩམ། ། སེམས་ཅན་དོན་དུ་སེམས་བསྐྱེད་ལ། །སྟོང་ཉིད་ཧུ༷་གི་ཆོ་འཕྲུལ་ལས། །བཞུགས་གནས་དཀྱིལ་འཁོར་གསལ་བར་བསྐྱེད། །དབུས་སུ་ཉི་ཟླ་པདྨའི་ཁར། །ཧྲི་དང་ཤི་ཡི་འཕྲོ་འདུ་ལས། །ཕྱག་མཚན་ནེའུ་ལེ་བུམ་པ་བསྐྱེད། །དེ་ལས་གྱུར་པའི་གཏེར་བདག་ནི། །ཕོ་མོ་ཕན་ཚུན་བལྟ་བར་བསྒོམ། །ཕྱི་རོལ་པདྨའི་འདབ་བརྒྱད་ལ། ཁྲར་དུ་གནོད་སྦྱིན་གང་བ་བཟང་། །ལྷོ་རུ་དེ་བཞིན་རྣམ་ཐོས་བུ། །ནུབ་ཕྱོགས་སུ་ནི་ནོར་སྦྱིན་ཏེ། །བྱང་གི་ཕྱོགས་སུ་ནོར་བཟང་ངོ་། ཁྲར་ལྷོའི་པི་ཙི་ཀུཎྜ་ལི། །ལྷོ་ནུབ་ཀི་ལི་མི་ལི་འོ། །ནུབ་བྱང་དུ་ནི་ཙ་རེན་ཏྲ། ། བྱང་ཤར་དུ་ནི་མུ་ཁེན་དམ། །དེ་ཡི་ཕྱི་ཡི་གྲུ་ཆད་ལ། ཁྲརལྷོའི་མཚམས་སུ་བཟང་མོ་དང་། །རབ་ཏུ་བཟང་མོ་བསྒོམ་པར་བྱ། །དེ་བཞིན་ལྷོ་ནུབ་མཚམས་སུ་ནི། །སྦས་མ་རབ་ཏུ་སྦས་མ་བསྒོམ། །དེ་བའི་་ནུབ་བྱང་མཚམས་སུ་ཡང་། །ལྷ་མོ་དང་ནི་དབྱངས་ཅན་མ། །དེབཞིནབྱངཤརདག་ཏུ་ཡང་། །འཕགས་མ་དང་ནི་ཟླ་ཤེལ་ཅན། །མཁས་པས་རབ་ཏུ་བསྒོམ་པར་བྱ། །དེ་ནས་སྒོ་བཞི་དག་ཏུ་ཡང་། ཁྲར་སྒོ་ནོར་སྦྱིན་མ་དང་ནི། །ནོར་སྦྱིན་ཆེན་མོ་བསྒོམ་པར་བྱ། །དེ་བཞིན་ལྷོ་སྒོར་པདྨ་དང་། །པདྨ་ཆེན་པོ་བསྒོམ་པར་བྱ། །ནུབ་སྒོ་ཀི་ལི་ཆེན་པོ་དང་། །ཀི་ལི་མ་ན་རབ་ཏུ་བསྒོམ། །བྱང་དུ་གང་བ་མ་དང་ནི། །གང་པ་ཆེན་པོ་བསྒོམ་པར་བྱ། །།རེན་ཆེན་ཆར་འབེབས་སྒོ་སྲུངས་བརྒྱད། །བསྒོམ་ལ་སྤྱན་དྲངས་བསྟིམ་པ་དང་། །བཞུགས་སུ་གསོལ་ཞིང་མཆོད་པ་དབུལ། །རྡོ་རྗེ་འཆང་གི་ཟིལ་གྱིས་མནན། །ཚེས་གཅིག་ཉ་ཡི་བར་དུ་བསྒྲུབ། །ཉིན་མཚན་ཕོ་དང་མོ་ཡི་སྔགས། །གོ་རིམས་མ་ནོར་མཁས་པས་བཟླས། །ཨོ་ཧྲི་ཛ་ཨ་པ་ར་ཙི་ཏ་ཛ་ཛ། ཨོ་ཤི་མ་ཧྭ་བྷ་ཏ་ཀུ་ལ་སུན་དྷ་རི་ས་མ་ཛ་ཛ་ཧུ༷་བ༷་ཧོ། ཉ་ཡི་ནུབ་མོ་སྔགས་གསུམ་དྲིལ། །ཕོ་དང་མོ་ཡི་གསང་སྔགས་ལ། །མེ་སེམས་བསྒུལ་བའི་སྔགས་ཀྱང་བཏགས། །འོག་མ་གཉིས་ཀྱི་མགོ་འདྲེན་པོར། །དངོས་གྲུབ་བླང་བའེ་ཤམ་བུ་བཏགས། །བཟླས་པ་གྲུབ་པར་གདོན་མི་ཟ། །ཞེས་གསུངས་སོ། །འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས། །བསྒྲུབ་པ་ཆེན་པོའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་དམ་ཚིག་བཤད་བྱ་བ། །ནོར་བདག་བསྒྲུབ་པའི་རྣལ་འབྱོར་པས། ཁྲ་ཆང་སྒོག་བཙོང་མི་ཟ་བྱའོ། ཁྱི་དང་བུད་མེད་མི་བརྟེན་ནོ། །བསྣོལ་དང་ཐབ་གཤོབ་མི་བྱའོ། །དམ་ཉམས་འདྲེས་ཁྱེར་མི་བརྟེན་ནོ། །མི་གཙང་བུད་མེད་ཁ་ཟས་སྤང་། །ཟས་ནོར་ཕྱི་ལ་གདོན་མི། །རྟ་བོང་གི་ཡི་གསུར་མི་བཏང་། །གུ་གུལ་ནག་པོའི་དུད་པ་སྤང་། །རང་རང་དཀྱིལ་འཁོར་བར་དུ་ནི། །གཞན་གྱི་རྒྱུ་འགྲུལ་མི་གཏང་ངོ་། །དཀྱིལ་འཁོར་དམ་རྫས་མཐའ་དག་ལ། །འགོམ་དང་ཐུ་ཡུགས་མི་བཏང་ངོ་། །རྨེ་དང་ཡུགས་ལ་ཤིན་ཏུ་གཟབ། །ཡི་དམ་ལྷ་ལ་མཆོད་གཏོར་དབུལ། །མཁའ་འགྲོ་ཆོས་སྐྱོང་མཉེས་པར་བྱ། །སྡུག་ཅིང་འཕོངས་པའི་སེམས་ཅན་ལ། །འཛིན་ཆགས་མེད་པའི་སྤྱིན་པ་བཏང་། །བླ་མེད་ཚོགས་ཀྱི་འཁོར་ལོ་བསྐོར། །དེ་ལྟར་དམ་ཚིག་མ་བསྲུངས་ན། །ཚེ་དང་སྲོག་ལ་བར་ཆད་འབྱུང་། །བྱང་ཆུབ་སེམས་དང་མི་ལྡན་ཞིང་། །འགྲོ་བའི་དོན་ལ་མི་བརྩོན་པས། །ཁེ་དང་ང་རྒྱལ་གྲགས་པའི་ཕྱིར། །བསྒྲུབས་ཀྱང་འགྲུབ་པར་ཡོང་མི་འགྱུར། །དད་མེད་ཆོས་ལ་མི་མོས་ཤིང་། །གཏོང་བའི་བློ་དང་མི་ལྡན་ཞིང་། ། འཇུངས་ཞིང་སེར་སྣ་ཆེ་བ་ལ། །ནོར་དང་ལོངས་སྤྱོད་མི་འབྱུང་སྟེ། །བསྐལ་པ་གྲངས་མེད་གསུམ་དུ་ཡང་། །ནོར་ལྷའི་དངོས་གྲུབ་དེ་ལ་རིང་། །ཞེས་བཀའ་སྩལ་ཏོ། །འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས། །དམ་ཚིག་གི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་གྲུབ་རྟགས་བཤད་བྱ་བ། །དབང་པོ་ལྔ་ཡི་ཡུམ་ལྔ་སྲ །རྟགས་ནི་དུ་མ་ཅི་ཡང་སྟོན། །མིག་གི་ཡུལ་དུ་གཟུགས་ཀྱང་སྟོན། །རྣ་བའི་ཡུལ་དུ་སྒྲ་སྐད་འབྱུང་། །སྣ་ཡི་ཡུལ་དུ་དྲི་ཡང་སྟོན། །ལྕེ་ཡི་ཡུལ་དུ་རོ་རྣམས་འགྱུར། །ལུས་ལ་འཕར་ཚིག་དུ་མ་འབྱུང་། །དེར་ཡང་མ་ཟད་ཆོ་འཕྲུལ་ནི། །ཅིར་ཡང་མ་ངེས་སྣ་ཚོགས་སྟོན། །མིག་ལ་གཟུགས་སུ་བྱུང་བ་ལ། ཁབ་ཀྱི་ཕྱག་རྒྱས་གཟུང་བར་བྱ། །རྣོལ་སྲེད་དམ་ཚིག་ཕྱག་རྒྱ་བསྟན། །སྡང་མིག་ཕྱག་རྒྱས་ཟིལ་གྱིས་མནན། །གསོལ་བྱད་པདྨའི་ཕྱག་རྒྱ་བསྟན། །གཏོར་མ་དབུལ་ཞིང་དམ་ལ་གདགས། །དེ་མིན་རྟགས་རྣམས་གང་བྱུང་ཡང་། །པདྨའི་མུ་ཏྲ་བཅས་པ་དང་། །གཏོར་མ་དབུལ་ཞིང་དམ་ཚིག་བསྒྲག །དངོས་གྲུབ་བླང་བའི་ཆོ་ག་བྱ། །ཞེས་གསུངས་སོ། །འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས། །རྟགས་དང་དངོས་གྲུབ་བླང་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཕྱག་རྒྱ་བཤད་པར་བྱ། །ཁུ་ཚུར་སོ་སོར་བཅངས་ནས་ཀྱང་། །མཐེའི་ཆུང་གཉིས་པོ་གཅིག་པ་གཅིག །འཁྱུད་ནས་མཛུབ་མོ་གཉིས་བརྐྱང་ལ། །ཅུང་ཟད་བཀུག་ནས་བྱས་པ་ནི། །ཁྲོ་མོ་མི་ཕྱེད་འབར་བ་ཡི། །འགུགས་བྱེད་ལྕགས་ཀྱུའི་ཕྱག་རྒྱ་སྟེ། །འཇིག་རྟེན་ཏྲི་ཡང་འགུགས་པར་བྱེད། །མ་ལུས་གཞན་དག་སྨོས་ཅི་དགོས། །དེ་ནས་ཐལ་མོ་མཉམ་སྦྱར་ལ། །སོར་མོ་ནང་དུ་བསྣོལ་ནས་ཀྱང་། །གུང་མོ་ཕྱིར་བརྐྱང་རྩེ་སྤྲད་ལ། །ཅུང་ཟད་འགྱིང་བར་བྱས་པ་ནི། ། དངོས་གྲུབ་པདྨའི་ཕྱག་རྒྱ་ཡིན། །འདི་བཅས་གནོད་སྦྱིན་ནོར་གྱི་ལྷས། །ཅི་འདོད་དངོས་གྲུབ་སྟེར་བར་བྱེད། །གཞན་ཡང་ཐལ་མོ་མཉམ་སྦྱར་ལ། །སོར་མོ་བསྣོལ་བ་ཅུང་ཟད་བསྡམ། །མཐེ་བོང་གཉིས་ནི་བསྣོལ་ཞིང་བརྩེགས། །མཛུབ་མོ་གཉིས་ནི་བརྐྱང་པ་ལས། ། སྐམ་པའི་ཁ་ལྟར་གདེངས་པ་ནི། །ཁབ་ཀྱི་ཕྱག་རྒྱ་ཞེས་བྱ་སྟེ། །འདིས་ནི་རླུ་་ཡང་འཛིན་ནུས་ན། །ཁམས་གསུམ་སྐྱེ་བོ་སྨོས་ཅི་དགོས། །དེ་ནས་དམ་ཚིག་མུ་ཏྲ་ནི། །སོར་མོ་ནང་བསྣོལ་མཐེ་མོ་བརྩེགས། །གུང་མོ་གཉིས་ཀྱང་བསླང་བ་ནི། །སེམས་མ་རྡོ་རྗེའི་ཕྱག་རྒྱ་སྟེ། །འདི་བཅས་གནོད་སྤྱིན་འཁོར་བཅས་རྣམས། །སྔོན་ཚེ་ཇི་ལྟར་ཁས་བླངས་པའི། །རང་ངམ་རང་གིས་དྲན་པར་འགྱུར། །ཞེས་བཀའ་སྩལ་ཏོ། །འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས། ཕྱག་རྒྱའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་འདིར་ནི་བཤད་པར་བྱ། །ནོར་ལྷ་གྲུབ་པའི་རྟགས་ཐོན་ནས། །བླ་རྡོ་སྲོག་འཁོར་ལུས་ལ་བཅང་། །ག་འུ་བང་མཛོད་ནང་དུ་སྦ། །དངོས་གྲུབ་དམ་རྫས་རང་ཉིད་བཟའ། །མཎྜལ་ས་རྣམས་ཞིང་ལ་སྦ། །དུས་གཏོར་མཆོད་པ་རྒྱུན་མི་གཅད། །སྔགས་འདི་རང་རང་ལས་ལ་དགྱེ། །ཨོ་ཡཀྟ་ཨ་པ་ར་ཙི་ཏ། དེ་བ་ས༷་སྣུ་ཏ་ཡ། མ་ཧུ༷་བྲུ༷་ཏ༷། པྲ་ནི་སརུ། བི་ས་རྫ་ཡེད། བྲི་ཐག་མ་ཧྭ། བྷ་ཏ་ས་ཏ་ཏ་ག་ཚ་བྷ་སྨ་ཤ་ནེ། དེ་བ་ཀུ་ལ་ཤ ཨེ་ཀ་པྲི་སྟེ་ད་ནི་ཏ་ཏེ།ཙ་ཏུ་སྩེ་ཏེ། ཨེ་ཀ་ལི་མ་གེ དེ་བ་ཡ་ནི་པུ་ཙ། ཐྲི་སྨྲ༷་བྷ་ཙི་རུ་བྷ་ཏ་ན༷། ས་མ་ཡ་པྲ་ཏི་པ་ལ་ན། ཡ་ཏི་པྱི་བ། ནཱ་ག་ཙ་ཏི། ཏ་ད་ཤ་ན་བཛྲ་ན། མུར་རྟི་ནི་ས་ལ་ཡེད། ཤེནི་ ་ཤ་ཤ་ཡེད། བྷ་ཏ་ན་ན༷་རོ་འུ་རེ་བེ། ན་ར་ཀེ་བ་ཏེ། ཡ་ཐ་སརྦ་ན༷། ག་ཚ་ཚའུ་ཡ། ཐ་སུ་ཁ་གྲྭ་ཧྭ། ཞེས་ཁང་ཐེའི་ཡང་ཐོག་དང་ཁྱིས་མི་འཁྱེར་བའི་སར་བཏང་ངོ་། ། འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས། ལས་ཆོག་གི་ལེའུ་སྟེ་བཅོ་ལྔ༄་པའོ།། །།དེ་ནས་བཤད་པར་བྱ་བ་ནི། །སྒྲུབ་པ་པོ་ལ་ཕན་བྱའི་ཕྱིར། །དངོས་གྲུབ་ཆེན་པོ་བསྒྲུབ་པའི་ཐབས། །རྒྱུད་རྒྱལ་འབྱུང་པོ་འདུལ་བྱེད་ཉིད། །སྣོད་དུ་མི་རུང་གང་ཡང་མེད། །སྡིག་ཅན་ལེ་ལོ་ཆེབ་དང་། །བརྫུན་ལ་མངོན་པར་དགའ་བ་དང་། །ཟོག་པོ་ཚུལ་འཆོས་ཅན་གྱིས་ཀྱང་། །བསྒྲུབ་ན་འགྲུབ་པར་འགྱུར་རོ་ཞེས། །བདེ་བར་གཤེགས་པས་ལུང་བསྟན་ན། །མ་ལུས་གཞན་ལ་སྨོས་ཅི་དགོས། །དབུལ་པོ་ནོར་གྱིས་གདུངས་པ་དང་། །འཕོངས་པ་ནོར་གྱིས་ཉེན་པ་དང་། །ཚེ་ཐུང་ཤེས་རབ་དམན་པ་དང་། །བླུན་ཞིང་བསོད་ནམས་ཆུང་བ་དང་། །ཞ་གྲུམ་ཡན་ལག་མ་ཚང་བས། །བསྒྲུབས་ན་གྲུབ་པར་གདོན་མི་ཟ། །གང་ཞིག་འདི་ལ་སུ་དད་ཅིང་། །འཛིན་ནམ་འཆང་ངམ་ཀློག་པ་དང་། །རྗེས་སུ་སྒྲུབ་པར་བྱེད་པ་དེ། །མི་ཟད་གཏེར་ལ་ལོངས་སྦྱོད་ཅིང་། །ནོར་གྱི་བདག་པོར་ཐེ་ཚོམ་མེད། །གང་ཞིག་ཐེ་ཚོམ་མི་ཟ་བར། །འདི་ལ་མངོན་པར་བརྩོན་གྱུར་ན། །ལྷ་ཡི་དབང་པོའི་རྒྱལ་སྲིད་ཀྱང་། །དངོས་སུ་འགྲུབ་པར་ལུང་བསྟན་ན། ། མི་ཡི་རྒྱལ་སྲིད་སྨོས་ཅི་དགོས། །ཉི་ཟླ་ལ་སོགས་གཟའ་བརྒྱད་ཀྱི། །དེ་ཡི་གཟི་བརྗིད་མི་ཐུབ་ན། །ཚངས་པ་དང་ནི་བརྒྱ་བྱིན་གྱིས། །བུ་མོ་ཐང་དཀར་དྲི་མེད་ཀྱང་། །སྲོག་དཀར་ལྷ་ཡི་བུ་མོ་འང་། །བདག་ལ་ཤིན་ཏུ་ཆགས་གྱུར་ན། །མི་ཡི་བུ་མོ་སྨོས་ཅི་དགོས། །ཉི་ཟླ་ལ་སོགས་གཟའ་བརྒྱད་ཀྱིས། །དེ་ཡི་གཟི་བརྗིད་བརྒྱད་མི་ཐུབ། ཁམས་གསུམ་སྐྱེ་བོ་སྨོས་ཅི་དགོས། །བདུད་ཀྱི་བར་ཆད་མི་ནུས་ན། །ལོག་འདྲེན་བགེགས་ཀྱི་སྨོས་ཅི་དགོས། །འཇིག་རྟེན་ཁམས་ན་གནས་པ་ཡི། །སྐྱེ་འགྲོ་ཐམས་ཅད་དམ་འདུ་ན། །ནོར་དང་ལོངས་སྤྱོད་སྨོས་ཅི་དགོས། །ཅི་བསམ་ལྷུན་གྱིས་གྲུབ་པ་ཡི། །དངོས་གྲུབ་ཆེན་པོ་ཐོབ་འགྱུར་ན། །བཟའ་བ་་ཡོ་ལང་སྨོས་ཅི་དགོས། །དེས་ན་འདི་ལ་ནན་ཏན་བྱ། །ཞེས་གསུངས་སོ། །འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས། ཁུད་ཀྱི་ཆེ་བ་དང་ཕན་ཡོན་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ལྷ་དབང་ཕྱུག་ཆེན་པོ་དེ་རྗེས་སུ་ཡི་རང་ནས། བཅོམ་ལྡན་འདས་འབྱུང་པོ་འདུལ་བྱེད་ཀྱི་རྒྱལ་པོ་ལ་མངོན་པར་བསྟོད་པ། ཨེ་མ་ཧོ་རྒྱལ་སྲས་གཉེན་གཅིག་པོ། །ཁྲོ་རྒྱལ་འབྱུང་པོ་འདུལ་བྱེད་པ། ཁུབ་པ་རྒྱལ་པོ་ཁྲོ་བོ་ཆེ། ཁུབ་པའི་དམ་ཚིག་བསྟན་པ་ནི། །ལྷ་ཡི་དངོས་གྲུབ་ཀུན་བསྐྲུབ་ཤིང་། །མྱུར་དུ་གྲུབ་པ་བླ་མེད་པའོ། །སེམས་ཅན་ཀུན་ལ་ཕན་དོན་ཕྱིར། །སྐད་ཅིག་དེ་ལ་སྒྲུབ་སྟེར་བས། ཁྲུབ་པའི་རྡོ་རྗེ་ཁྲོ་བོ་ཆེ། །ལྷ་ཡི་དམ་ཚིག་བརྟན་པ་ཡི། །སེམས་ཅན་རྗེས་སུ་བརྩེ་བའི་ཕྱིར། །ཁྱོད་ལ་བདག་གིས་གུས་པ་ཡིས། ། ཕྱག་འཚལ་བཏུད་ནས་བསྟོད་པར་བགྱི། །དངོས་གྲུབ་བདག་ལ་མྱུར་དུ་གསོལ། །ཅེས་བསྟོད་དོ། འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས། རྗེས་སུ་ཡི་རང་བ་དང་བསྟོད་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་འབྱུང་པོ་འདུལ་བྱེད་ཀྱི་རྒྱལ་པོ་ཆེན་པོ་ནི། །ཆོས་དབྱིངས་རྣམ་པར་དག་པའི་ངང་དུ་གཤེགས་སོ། །འཁོར་རླམས་ནི་རང་རང་གི་གནས་སུ་མི་སྣང་བར་གྱུར་ཏོ། ཁུད་ཀྱི་རྒྱལ་པོ་ཆེན་པོ་འབྱུང་པོ་འདུལ་བྱེད་ཅེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བ་སུ་དྷ་ར་དང་། ལོ་ཙ་བ་བུརྙ་རད་ནས་གཏན་ལ་ཕབ་བའ།། །། རྒྱ་གར་སྐད་དུ། བཛྲ་བཱ་ཁི་ཀརྨ་ས་མུ་ཏྲ་ཏནྟྲ་ནཱ་མ།