Difference between revisions of "Ngb-pt-0196-vol-02-text"

From Rangjung Yeshe Wiki Texts
Jump to navigation Jump to search
 
 

Latest revision as of 09:20, 20 March 2020

Front[edit]

Body[edit]

དཔོན་བི་རོ་ཙ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། སྟུ་རྒྱ་གསྟོ་ཏ་ཏྭ་བི་ནི་༔་ཡ་མ་ཧྭ་ཀྲོ་དྷ་བ་ལ་རྭ་ཛ་ཏནྟྲ། བོད་སྐད་དུ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ཁྲོ་བོ་ཆེན་པོ་སྟོབས་ཀྱི་རྒྱུད་རྒྱལ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་གྱི་གནས་ཀུན་ཏུ་བཟང་མོའི་བྷ་ག་ཡངས་པའི་ཀློང་ན། ཕྱོགས་བཅུ་དུས་གསུམ་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཀུན་ཏུ་བཟང་པོ་ངེས་པར་འབྲེལ་ཏོ། །ཉིད་ཀྱི་སྐྱེས་བུ་ཆེན་པོ་རྡོ་རྗེ་སེམས་དཔའ་བཀའ་ནོད་དོ། །དེའི་ཚེ་དེའི་དུས་ན། འདུལ་བའི་དུས་ལ་བབས་པ་གསང་བདག་ཉིད་ཀྱིས་ཞུས་པ། རྒྱ་ཆེ་རབ་ཟབ་དཔག་དཀའ་བ། །རང་བཞིན་ཆེ་ལ་ངེས་དོན་ཅན། །རྒྱལ་བ་རྣམས་ཀྱི་སྤྱོད་ཡུལ་འདི། །གསང་བ་བཞིས་ཆོད་དོན་མཛད་པ། །རྟོག་ཚོགས་ལོག་པར་ཞེན་པ་རྣམས། །རྨད་དང་རྩ་བ་གང་གིས་སྤྱད། །ལོག་པའི་ལམ་དུ་ཞུགས་པ་རྣམས། །ཡང་དག་ལམ་དུ་ཇི་ལྟར་་གཟུད། ཤེན་ཏུ་གསང་བའི་མན་ངག་དོན། །སྣོད་ལྡན་ཀུན་ལ་ཇི་ལྟར་སྤྱིན། །ཞེས་ཆེད་དུ་བརྗོད་དོ། །དེ་ནས་རྡོ་རྗེ་འཆང་ཆེན་པོས་དགོངས་པ་གསང་བའི་ཏིང་ངེ་འཛིན་གྱིས་འདི་གསུངས་སོ། །དཀྱིལ་འཁོར་བཞི་དང་སྲོག་ཤིང་གསུམ། །སུམ་ཅུ་གཉིས་དང་བཅུ་དྲུག་དང་། །བརྒྱད་དང་དྲུག་ཅུ་རྩ་བཞི་ཡི། །དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་ལ། །ཐབས་དང་ཤེས་རབ་གཉིས་མེད་པས། །ཨུ་ལི་ཀྭ་ལིའི་སྒྲ་དབྱངས་ལྡན། །རྒྱ་མཚོ་གཏིང་ནས་སྒྲོལ་མ་གཡོས། །མེ་ལྕེ་སྲིད་པ་གསུམ་ལ་ཁྱབ། །ནམ་མཁའི་བ་བཞོས་བདེ་བ་ཆེ། །འཕགས་པ་འགྲོ་དྲུག་མཆོད་སྦྱིན་ཕུལ། །བདེ་བ་ཡེ་ཤེས་རོལ་མོ་ཡིས། །དུས་གསུམ་དགྱེས་པའི་མཆོད་པ་འབུལ། །ཟག་པ་མེད་པའི་བསོད་ནམས་ཀྱིས། །ཡེ་ཤེས་སྒྱུ་མ་རང་སྣང་བའོ། །ཡིད་ཆོས་ཀུན་བཟང་ཡབ་ཡུམ་དང་། །ཉོན་མོངས་དབང་གིས་བསྐྱེད་པ་ནི། །རྩ་བ་ཕུང་པོའི་རླུད་ལྔ་དང་། །ཡན་ལག་སྐྱེ་མཆེད་རླུད་ལྔ་ཡིས། །ཕུང་སོགས་བཞི་བཅུ་རྩ་གཉིས་སྐུ། །ཚིག་ལ་ཁྱབ་བྱེད་རླུད་གནས་པ། །གཟུགས་ཀྱི་ཕུང་པོ་རྣམ་སྣང་སྐུ། །ནམ་མཁའ་ལ་བསྐྱོད་དབྱིངས་ཕྱུག་ཡུམ། །སྣང་ལྔ་ཁ་དོག་མཐིང་གའི་བདག །མཆེད་སྣང་རྣམ་ཤེས་ཉེར་ཐོབ་ཐིམ། །མཐར་ཕྱིན་ཡེ་ཤེས་ཆོས་ཀྱི་དབྱིངས། །སྲོག་འཛིན་རླུད་རེག་བྱ་བཞི། །སྤྱོད་པའི་དུས་ནས་དགའ་བ་བཞི། །གདུལ་བྱ་འདུལ་ཕྱིར་ཁྲོ་བཞིར་ཤར། །སྤྱད་ཆ་ཞེན་པ་རྟག་ཆད་བཞི། །གྲོལ་བའི་དུས་ན་ཁྲོ་མོར་ཤེས། །ཐབས་ཀྱི་འཛིན་ལ་ཡུམ་ལ་སྤྱོད། ཁེས་རབ་ཡུམ་ལ་ཐབས་གནས་ཕྱིར། །དྲ་བར་འབྲེལ་དང་ཉོན་མོངས་འདུལ། །དེ་ཕྱིར་ཐུབ་དྲུག་སྤྲུལ་པ་སྤྲོ། །རང་བཞིན་གསང་བའི་སྙིང་པོ་འདི། །འགྲོ་བའི་རྒྱུད་ལ་ཡོངས་གབ་པ། །ལམ་རྐྱེན་རྒྱུད་དུ་སྟོན་པས་སྦས། །སྐྱོན་ཡོད་མ་ཡིན་སྣོད་ངན་གསང་། །རང་བཞིན་བདེ་གཤེགས་གདུལ་བྱ་ཡིས། །འཁྲུལ་པའི་སྣང་བ་བསལ་བའི་ཕྱིར། །ཐབས་དང་ཤེས་རབ་མ་ནིང་རྒྱུད། །འདུལ་བ་མདོ་སྡེ་ཆོས་མངོན་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །འགྲོ་བའི་ཆེད་དུ་སྤྲོས་པ་རྣམས། །འདི་ནས་འཕྲོས་ནས་འདིར་འདུ་བས། །སྡེ་སྣོད་ཀུན་གྱི་རྩ་བར་བཤད། །དེ་ཕྱིར་རྒྱུད་ལུང་མན་ངག་མཚན། །རབ་འབྲིང་ཐ་མ་འགྲོར་འཇུག་པ། །རྒྱལ་བ་ཀུན་གྱི་ངེས་པའི་དོན། །ཏ་ན་ག་ཎ་སྤྱོད་པ་རླབས་པོ་ཆེ། །ལྟ་སྤྱོད་དཀྱིལ་འཁོར་དབང་དམ་དང་། །ཕྲིན་ལས་སྒྲུབ་མཆོད་ཏིང་ངེ་འཛིན། །དབང་བཅུ་དབང་ལྡན་ཆེ་བ་པོ། །སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །ལོག་སེལ་དད་པའི་མཆོག་ལུས་ཅན། །འདུལ་བའི་དུས་དག་གསང་སྔགས་མེད། །ཅེས་བརྗོད་པས། དེབཞིནགཤེགསཔའིདགོངས་པ་ཟབ་མོ་ཐུགས་སུ་ཆུད་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་བཅས་པས་འདི་བརྗོད་དོ། །ཨེ་མ་ཧོ། །ཨེ་བ༷་མ་ཡ་དགྱེས་པ་ཆེ། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ཕྱོགས་བཅུའི་རྡུལ་སྙེད་སྤྲུལ་པ་སྤྲོ། །སྤྲོས་མེད་བསྡུ་མེད་སྤྲོས་པ་ཉིད། །ཐུགས་དྲུག་ཡེ་ཤེས་ངང་དུ་ཞུབྲ། །ཅེས་བརྗོད་པས། དེ་དག་འདུལ་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །དེ་ནས་གསང་བའི་བདག་པོས། བསྟོད་དེ་རྗེས་སུ་ཡི་རང་ནས་བསྡུས་ཏེ་གཏད་པ། ཕྱོགས་བཅུ་དུས་གསུམ་བདེ་གཤེགས་བདག །གཏི་མུག་ཆེན་པོའི་རང་བཞིན་ཅན། །འདོད་ཆགས་ཆེན་པོའི་བདག་པོ་སྟེ། །ཞེ་སྡང་ཆེན་པོའི་ངོ་བོ་ཉིད། །དག་པ་རྣམ་དག་སྐུ་གསུང་བདག །གསལ་བར་བདེ་བ་དགྱེས་པ་ཧོ། །ཞེས་བརྗོད་དོ། །དེ་ནས་ངག་ཏུ་འདི་བརྗོད་དོ། །ལོག་ལྟ་ཡོངས་སུ་གཏད་དེ་བསྐྲད་པ་ནི། །ཨོ་སུསྟ་ནི་སུསྒྱུ་ཧཱུཾ༷། གྲོཎྜ་གྲིཎྜ་ཧཱུཾ༷། གྲིསྦྱི་པ་ཡ་གྲིསྣྲི་པ་ཡ་ཧུ༷། ཨུ་ན་ཡ་ཧོ། བྷ་ག་ལྷུན་བིབྱུ་རྭ་ཛ་ཧཱུཾ༷་ཕཊ། ཨོ་སྙ་ཀྟ་ལྷུ་ཏ་ཡ་སྒྱུ་ཏ་ཡ། སརྦ་དུཛི་ན་ཕཊ། ཀི་ལི་ཀི་ལ་ཡ། སརྦ་བཱ་པ༷་ཕཊ། ཕཊ་ཕཊ་ཧཱུཾ༷་ཧཱུཾ༷་བཛྲ་ཀི་ལ་ཡ། བཛྲ་དྷ་རོ་ཨུཙྭ་པ་ཡ་ཏི་ཀྭ་ཡ་ལྷུཀ་ཙིཀྟ་བཛྲ་ཀི་ལ་ཡ་ཧཱུཾ༷་ཕཊ། ཅེས་སྣོད་མ་ཡིན་རྣམས་བསྐྲད་ཅིང་མི་ལྡང་བར་བྱས་ཏེ། བུད་མེད་ཀྱི་ཚོགས་གང་ཡིན་པ་ལ་ཡོངས་སུ་གཏད་ཅིང་ཆོས་ཀྱི་མིག་ཅན་ལ་སྤྲོ་བར་གྱུར་ཏོ། །སྟོབས་ཀྱི་དབང་ཕྱུག་བསྒྲུབ་པ། དཀའ་བ་སྤྱོད་པ་མན་ངག་གི་སྙིང་པོ་ཞེས་བྱ་བའི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། སརྦ་བུརྙ་ས་མ་ཡོ་ག་ཏནྟྲ་རྭ་ཛ་ནཱ་མ། བོད་སྐད་དུ་སངས་རྒྱས་ཐམས་ཅད་མཉམ་པར་