volume 024 541

From Rangjung Yeshe Wiki Texts
< Klong chen rab byams gsung 'bum
Revision as of 12:02, 22 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search


༄༅། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱི་གསུང་ཐོར་བུའི་བཞུགས་བྱང་རིན་པོ་ཆེའི་སྙེ་མ་ཞེས་བྱ་བ་བཞུགས་སོ། །

« ཤྲཱི་སྭ་སྟི་བི་ཛ་ཡནྟུ། དེ་ལྟར་ཀ་ཁ་ག་ངའི་རྟགས་ཅན་གྱི་པུསྟི་ཆེན་པོ་བཞིའི་ནང་ལ་མཛོད་ཆེན་པོ་བདུན་དང༌། ངལ་བསོ་སྐོར་གསུམ་གྱི་རྩ་འགྲེལ་ཁྲིད་ཡིག་ལེ་ཚན་སྤྱི་དོན་བཅས་དང༌། སྔགས་ཀྱི་སྤྱི་དོན་ཚངས་དབྱངས་འབྲུག་སྒྲ། རྒྱུད་རྒྱལ་གསང་བའི་སྙིང་པོ་དང་རྣམ་བཤད་ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་བཅས་སོང་ནས། དེ་འཕྲོས་ཤྲཱི་རྟགས་ཅན་འདི་ལ་བཀའ་ཐོར་བུའི་སྐོར་གྱི་བཞུགས་བྱང་ནི། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱི་གསུང་ཐོར་བུའི་བཞུགས་བྱང་རིན་པོ་ཆེའི་སྙེ་མ་ཞེས་བྱ་བ། ༈ ཨོཾ་སྭ་སྟི་སིདྡྷི་རསྟུ། ཤེས་བྱ་ཀུན༵་མཁྱ»ྃ«ེ༵ན་འབྱོར་བ་ཡིས། །ཆོ༵ས་ཀྱི༵་རྒྱལ༵་པོར༵་ལྷུན་གྲུབ་པ། །ལེགས་བཤད་དྲི༵་མེད༵་འོ༵ད་ཟེ༵ར་གྱི། །འབྱུང་གནས་དེ་ལ་གུས་པས་འདུད། །ས་གསུམ་ན་འགྲན་ཟླ་དང་བྲལ་བའི་མཁས་ཤིང་དངོས་གྲུབ་བརྙེས་པ་རྒྱ་མཚོའི་གཙུག་གི་ནོར་བུ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱི་གསུང་ཐོར་བུའི་སྐོར་ལ་ཐོག་མར་ཀུན་མཁྱེན་ཆེན་པོ་རང་ཉིད་ཀྱིས་མཛད་པའི་དཀར་ཆག་རིན་པོ་ཆེའི་མཛོད་ཁང༌། དེ་ལས་བྱུང་བའི་བསྟན་བཅོས་ལ། ཕྱི་ནང་གསང་བའི་སྐོར་མཐའ་ཡས་པ་ལས་རེ་ཞིག་རང་གིས་ཇི་ལྟར་རྙེད་པ་ཙམ་གྱི་བཞུགས་བྱང་ལ་ཕྱི་ནང་གསང་གསུམ་ལས་ཕྱེ་བའི་སྐོར་ཚོ་དགུ་ལས། ༈ དང་པོ་ཐུན་མོང་ཕྱིའི་བསྟན་བཅོས་གཏམ་ཚོགས་ཀྱི་སྐོར་ལ། བློ་གསལ་རི་བོང་གི་རྟོགས་བརྗོད། པོ་ཏཱ་ལ་ཀུན་ཏུ་དགའ་བའི་གཏམ། ནགས་ཚལ་ཀུན་ཏུ་དགའ་བའི་གཏམ། ཆོས་ཀྱི་སྡོམ་བཞི་དྲི་མ་མེད་པའི་གཏམ་རྣམས་སོ། །གཉིས་པ་བསྟོད་ཚོགས་ཀྱི་སྐོར་ལ། བདེ་བར་གཤེགས་པ་ལ་བསྟོད་པ་ལྷའི་རྔ་བོ་ཆེའི་སྒྲ་དབྱངས། འཕགས་པ་འཇམ་དཔལ་ལ་བསྟོད་པ་མེ་ཏོག་གི་ཆུན་པོ། འཇམ་དཔལ་གཞོན་ནུ་ལ་བསྟོད་པ་མིའམ་ཅིའི་དབྱངས་སྙན། དབྱངས་ཅན་མའི་བསྟོད་པ་གཞོན་ནུ་རོལ་དགའི་དབྱངས། ཚོགས་བདག་གི་བསྟོད་པ་སྡེབ་སྦྱོར་རྒྱ་མཚོའི་སྤྲིན། ཡེར་པའི་གནས་བསྟོད་པདྨ་དཀར་པོའི་ཕྲེང་བ། ཞྭ་པདྨ་དབང་ཆེན་གྱི་བསྟོད་པ་རོལ་མོའི་སྤྲིན་ཕུང༌། ཞར་བྱུང་དེའི་དཀར་ཆག་གཙིགས་ཀྱི་ཡི་གེ་ཞིབ་མོ། བུམ་ཐང་ལྷའི་སྦས་ཡུལ་ལ་བསྔགས་པ་མེ་ཏོག་གི་སྐྱེད་ཚལ་རྣམས་སོ། །༈ གསུམ་པ་ཞལ་གདམས་དྲི་ལན་སོགས་ཀྱི་སྐོར་ལ། ཆོས་བཞི་རིན་པོ་ཆེའི་ཕྲེང་བ། རྒྱུ་ལ་ཁམས་འདུས་མེ་ཏོག་ཕྲེང་ལྡན། རྐྱེན་ལ་ཁམས་འདུས་ཀ་ཁ་སུམ་ཅུ། དུས་ལ་མངོན་པར་སྐྱོ་བའི་རབས། རང་ལ་གདམས་པ་རྡོ་རྗེའི་མགུར། ཐར་པ་ལ་བསྐུལ་བའི་རབས། ངང་པའི་དྲི་ལན་སྤྲིན་གྱི་སྙིང་པོ། སྙིང་གཏམ་སུམ་ཅུ་པ། དཔལ་ལྡན་བླ་མ་བསོད་ནམས་རྒྱལ་མཚན་ལ་ཕུལ་བའི་གཞིའམ་འབྲས་བུའི་རྣམ་བཞག་ཞུ་ཡིག་རིན་པོ་ཆེ་གསེར་གྱི་མཆོད་སྡོང༌། རྒྱལ་པ་རང་བྱུང་རྡོ་རྗེ་ལ་ཕུལ་བའི་དྲི་ཡིག་སེམས་དང་ཡེ་ཤེས་ཀྱི་དྲི་ལན་རྣམས་སོ། །༈ བཞི་པ་ཁྱད་པར་ནང་གི་བསྟན་བཅོས་བསྒྲུབ་ཐབས་སྣ་ཚོགས་ཀྱི་སྐོར་ལ། ཉང་གཏེར་བླ་མ་ཞི་བའི་ཕྲིན་སྒྲུབ་རིན་པོ་ཆེའི་སྒྲོན་མེ། དྲག་སྒྲུབ་གསལ་བའི་མེ་ལོང༌། ཕྲིན་སྒྲུབ་ཀྱི་བུ་ཡིག་ཐུགས་རྗེའི་ལྕགས་ཀྱུ། རྒྱལ་བ་ཞི་ཁྲོའི་སྒྲུབ་ཐབས་རིན་པོ་ཆེའི་གཏེར་མཛོད། འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ། དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་འོད་ཀྱི་དྲྭ་བ། ཚོགས་བདག་གི་སྒྲུབ་ཐབས་རིན་ཆེན་སྤུངས་པའི་རི་རྒྱལ་རྣམས་སོ། །༈ ལྔ་པ་ཆོས་སྲུང་གི་དབང་ཆོག་དང་ཕྲིན་ལས་སྐོར་ལ། དམ་ཅན་སྡེ་བདུན་ཀྱི་དབང་ཆོག་ལག་ལེན་དང་བཅས་པ། སྔགས་སྲུང་མའི་རྗེས་གནང་དངོས་གྲུབ་རྒྱ་མཚོ། རཱ་ཧུ་ལའི་བསྐང་གསོ་ཁྲག་མཚོ་འཁྱིལ་པ། དྲང་སྲོང་གཟའི་བཅོས་ཐབས་ཀྱི་གདམས་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ། གནོད་སྦྱིན་དམར་ནག་གི་སྐོང་གསོ་དགྲ་ལས་རྣམ་རྒྱལ། ཤན་པ་སྲོག་སྒྲུབ་ནག་མོའི་སྐོང་གསོ་རོ་ལང་ཐལ་བྱེད་རྣམས་སོ། །༈ དྲུག་པ་ཚོགས་གསོག་མཆོད་སྦྱིན་གྱི་སྐོར་ལ། རྒྱལ་བརྔན་ལག་ལེན་གནད་ཀྱི་ལྡེ་མིག» «།རྒྱལ་བརྔན་གྱི་ཆོ་ག་ལོ་རྒྱུས་དང་བཅས་པ། ཞྭ་པདྨ་དབང་ཆེན་གྱི་ཕུད་རབས་ཀུན་ཏུ་བཟང་པོའི་དགའ་སྟོན་རྣམས་སོ། ༈ བདུན་པ་གསང་བ་དེ་ཁོ་ན་ཉིད་ཀྱི་བསྟན་བཅོས་ཁྲིད་ཡིག་ཟབ་མོའི་སྐོར་ལ། རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ། དེའི་ལམ་ཁྲིད་སྙིང་པོའི་དོན་ཁྲིད། དེའི་གསོལ་འདེབས། རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ། དེའི་ཁྲིད་ཡིག །རྫོགས་པ་ཆེན་པོ་མཉམ་ཉིད་རང་གྲོལ། དེའི་ཁྲིད་ཡིག་དོན་ཁྲིད་སྙིང་པོ། ཀུན་བྱེད་རྒྱལ་པོའི་དོན་ཁྲིད་རིན་ཆེན་གྲུ་བོ་རྣམས་སོ། །༈ བརྒྱད་པ་གསང་བ་བླ་ན་མེད་པའི་ཆ་ལག་རྡོ་རྗེའི་གླུའི་སྐོར་ལ། རྡོ་རྗེའི་གླུའི་དཀར་ཆག» «།སྙིང་པོ་དོན་གྱི་མགུར་བཅུ། རྡོ་རྗེའི་གླུ་སུམ་ཅུ་རྣམས་དང༌། ཞར་བྱུང་བླ་མ་དམ་པ་ཀུ་མཱ་རཱ་ཛ་ལ་རྟོགས་པ་ཕུལ་བ་རིན་ཆེན་སེམས་ཀྱི་ཡང་གབ་རྣམས་སོ། །༈ དགུ་པ་གསང་བ་བླ་ན་མེད་པའི་ཆོས་སྤྱོད་ལམ་ཁྱེར་སོགས་ཉེར་མཁོའི་སྐོར་ལ། གསང་བ་བླ་མེད་ཀྱི་ཆོས་སྤྱོད་ལམ་གྱི་རིམ་པ། བླ་མའི་རྣལ་འབྱོར། མཆོད་པའི་བྱང་བུ། རྫོགས་ཆེན་དོན་གྱི་གསོལ་འདེབས། རྩ་བ་གསུམ་གྱི་གསོལ་འདེབས་སྨོན་ལམ་དང་བཅས་པ། བར་དོའི་གདམས་པ་གནད་གྱི་མན་ངག» །«བར་དོའི་སྨོན་ལམ་ངོ་སྤྲོད་དང་བཅས་པ། བསྔོ་བ་རིན་པོ་ཆེའི་ཕྲེང་བ་རྣམས་བཞུགས་སོ། །འཇམ་པའི་དབྱངས་དངོས་ཀུན་མཁྱེན་ཆེའི། །གསུང་རབ་བཞེངས་པའི་ལེགས་བྱས་ཀྱིས། །མཁྱེ༵ན་བརྩེའི༵་དབང༵་པོ༵་བསམ་ཡས་པས། ། རྗེས་བཟུང་དོན་གཉིས་མཐར་ཕྱིན་ཤོག» «།སརྦ་དཱ་ཤྲེ་ཡོ་བྷ་བ་ཏུ།། །།» «མེས་པོའི་ཤུལ་བཞག་ལས། ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། ༼༢༤༽ ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱི་གསུང་ཐོར་བུའི་བཞུགས་བྱང༌།

»-PAGE 422--PAGE 421--PAGE 420-