དབུས་མཐའ་རྣམ་འབྱེད་ཀྱི་བསྡུས་དོན་འོད་ཟེར་སྣང་བའི་རྒྱན་ཞེས་བྱ་བ་བཞུགས་སོ།།

From Rangjung Yeshe Wiki Texts
Revision as of 07:40, 7 March 2019 by Eric (talk | contribs)
Jump to navigation Jump to search

༄༅། །དབུས་མཐའ་རྣམ་འབྱེད་ཀྱི་བསྡུས་དོན་འོད་ཟེར་སྣང་བའི་རྒྱན་ཞེས་བྱ་བ་བཞུགས་སོ།།

ན་མོ་གུ་རུ་བུ དྡྷ་ཡ། རབ་འབྱམས་སྲས་བཅས་རྒྱལ་བའི་སྤྲོ་བསྡུའི་དཔྱིད། །ཡེ་ཤེས་ཆོས་སྐུ་མཚན་དཔེར་ཤར་བའི་སྐུ། །གུར་གུམ་མདོག་ཅན་སྤོབས་པའི་གཏེར་ཆེན་པོ། །སྨྲ་བའི་ཉི་མ་སྙིང་ལ་འཇུག་པར་མཛོད། །དེ་ལ་འདིར་རྒྱལ་ཚབ་ས་བཅུའི་སེམས་དཔའ་མཆོག་གི་བསྟན་བཅོས་ཆེན་པོ་སྡེ་ལྔའི་ཡ་གྱལ་ཐེག་པ་ཆེ་ཆུང་མཐའ་དག་གི་ལམ་གྱི་གནད་ཟབ་མོ་མཐའ་གཉིས་དང་བྲལ་བའི་དེ་ཁོ་ན་ཉིད་སྟོན་པར་བྱེད་པ་དབུས་དང་མཐའ་རྣམ་པར་འབྱེད་པའི་བསྟན་བཅོས་འདི་འཆད་པ་ལ། །མཚན་དོན། །འགྱུར་གྱི་ཕྱག །གཞུང་དོན། །མཇུག་དོན་བཞི། །དང་པོ། རྒྱ་གར་སྐད་དུ་སོགས༴ གཉིས་པ། འཕགས་པ་འཇམ་དཔལ་སོགས༴ གསུམ་པ་ལ་། སྡོམ་གྱི་མདོར་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པ་གཉིས། དང་པོ། མཚན་ཉིད་སྒྲིབ་པ་སོགས༴ གཉིས་པ་ལ་། ཐེག་པ་སྤྱིའི་ཚུལ་དང་། ཐེག་ཆེན་ཐུན་མོང་མིན་པའི་ཚུལ་བཤད་པ་གཉིས། དང་པོ་ལ་ཤེས་བྱའི་ཡུལ། ཉམས་སུ་ལེན་པའི་ལམ། ལམ་དེའི་འབྲས་བུ་དང་གསུམ། དང་པོ་ལ་ཤེས་བྱ་མཚན་ཉིད། སྤང་བྱ་སྒྲིབ་པ། རྟོགས་བྱ་དེ་ཁོ་ན་ཉིད་དང་གསུམ། དང་པོ་ལ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང་། རྣམ་པར་བྱང་བའི་མཚན་ཉིད་གཉིས། དང་པོ་ལ་ཀུན་ཉོན་གྱི་ངོ་བོ་དང་། ཚུལ་ཇི་ལྟར་ཉོན་མོངས་པའོ། དང་པོ་ལ། གནས་ཚུལ་གྱི་དབང་དུ་བྱས་པ་དང། སྣང་ཚུལ་གྱི་དབང་དུ་བྱས་པ་དང་། དེ་དག་གི་དོན་ལ་འཇུག་ཚུལ་དང་གསུམ། དང་པོ། ཡང་དག་མ་ཡིན་ཀུན་སོགས༴ གཉིས་པ། དོན་དང་སེམས་ཅན་སོགས༴ གསུམ་པ་ལ། མཚན་ཉིད་གསུམ་གྱི་དོན་དུ་བསྟན་པ་དང་། དེ་ལ་འཇུག་ཚུལ་ལོ། །དང་པོ། བརྟགས་པ་དང་ནི་སོགས༴ གཉིས་པ། དམིགས་པ་དང་ནི་སོགས༴ གཉིས་པ་ཚུལ་ཇི་ལྟར་ཉོན་མོངས་པ་བཤད་པ་ལ། གང་གིས་ཉོན་མོངས་པར་བྱེད་པ་དང་། དེས་ཇི་ལྟར་ཉོན་མོངས་པར་བསྟན་པའོ། །དང་པོ། ཡང་དག་མ་ཡིན་སོགས༴ གཉིས་པ། སྒྲིིབ་པའི་ཕྱིར་དང་སོགས༴ གཉིས་པ་རྣམ་བྱང་གི་མཚན་ཉིད་ལ་མདོར་བསྟན་དང་། རྒྱས་བཤད་གཉིས། དང་པོ། སྟོང་པ་ཉིད་ནི་སོགས༴ གཉིས་པ་ལ། སྟོང་པ་ཉིད་ཀྱི་མཚན་ཉིད། མིང་གི་རྣམ་གྲངས། དེའི་དོན་བཤད་པ། དབྱེ་བ། དེ་ལ་དྲི་བཅས་དྲི་མེད་དུ་འཇོག་པའི་འཐད་བསྒྲུབ་དང་ལྔ་ལས། དང་པོ། གཉིས་དངོས་མེད་དང་སོགས༴ གཉིས་པ། སྟོང་པ་ཉིད་ནི་སོགས༴ གསུམ་པ། གཞན་མི་ཕྱིན་སོགས༴ བཞི་པ་དབྱེ་བ་ལ། གཉིས་སུ་དབྱེ་བ་དང་། བཅུ་དྲུག་ཏུ་དབྱེ་བའོ། །དང་པོ། ཀུན་ནས་ཉོན་མོངས་སོགས༴ གཉིསཔ། ཟ་བ་བཟའ་དང་སོགས༴ ལྔ་པ་སྒྲུབ་པ་ནི། གལ་ཏེ་ཉོན་མོངས་སོགས༴ ལེའུའི་མཚན་ནི། བསྟན་བཅོས་སོགས༴ གཉིས་པ་སྤང་བྱ་སྒྲིབ་པ་་ལ། སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པ། དོན་བསྡུ་བ་གསུམ་ལས། དང་པོ། ཁྱབ་དང་ཉི་ཚེ་སོགས༴ གཉིས་པ་ལ། ཐར་པ་ལ་སྒྲིབ་པ། དགེ་སོགས་བཅུ་ལ་སྒྲིབ་པ། གཉེན་པོ་གསུམ་ལ་སྒྲིབ་པ་དང་གསུམ། དང་པོ་ལ། སྒྲིབ་པ་དངོས་དང་། དེས་ཇི་ལྟར་སྒྲིབ་ཚུལ་གཉིས། དང་པོ། ཉོན་མོངས་མཚན་ཉིད་སོགས༴ གཉིས་པ། སྐྱོ་བ་དང་ནི་སོགས༴ གཉིས་པ་ལ། བསྟན་བཤད་གཉིས། དང་པོ་དགེ་ལ་སོགས་པ༴ གཉིས་པ་ལ། སྒྲིབ་བྱེད་སུམ་ཅུ། བསྒྲིབ་བྱ་བཅུ། དེ་དག་སྦྱར་ཏེ་བཤད་པ་གསུམ་གྱི། དང་པོ། སྦྱོར་བ་མེད་དང་སོགས༴ གཉིས་པ། དགེ་དང་བྱང་ཆུབ་སོགས༴ གསུམ་པ། དེ་དག་གི་ནི་སོགས༴ དེའི་རྗེས་སུ་བྱེད་རྒྱུ་བཅུ་ནི་སོགས་ཚིགས་བཅད་འདི་གཉིས་རྩ་བ་དངོས་མིན་ཀྱང་དབྱིག་གཉེན་གྱིས་གཞུང་འདིའི་འགྲེལ་པར་བཀོད་པ་འདིས་དགེ་སོགསབཅུའི་དོན་གསལ་བར་བྱེད་པ་ཡིན་པས་ན་རྒྱུ་བཅུ་དང་དེའི་དཔེ་བསྟན་ཏོ། །གསུམ་པ་གཉེན་པོ་གསུམ་གྱི་སྒྲིབ་པ་བཤད་པ་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོ། ཕྱོགས་དང་ཕ་རོལ་སོགས༴ གཉིས་པ་ལ། བྱང་ཕྱོགས་དང་། ཕར་ཕྱིན་དང་། སའི་སྒྲིབ་པ་དང་གསུམ། དང་པོ། གཞི་ལ་མི་མཁས་སོགས༴ གཉིས་པ། ཕྱུག་པོ་དང་ནི་སོགས༴ གསུམ་པ། ཀུན་ཏུ་འགྲོ་དོན་སོགས༴ གསུམ་པ་དོན་བསྡུ་བ། ཉོན་མོངས་པ་ཡི་སོགས༴ ལེའུའི་མཚན། བསྟན་བཅོས་སོགས༴ ༈ གསུམ་པ་རྟོགས་བྱ་དེ་ཁོ་ན་ཉིད་བཤད་པ་ལ། མདོར་བསྟན་དང་། རྒྱས་བཤད་གཉིས། དང་པོ། རྩ་བ་མཚན་ཉིད་སོགས༴ གཉིས་པ་ལ། མཚོན་བྱ་རྩ་བ་ངོ་བོ་ཉིད་གསུམ་གྱི་དེ་ཁོ་ན་ཉིད་དང་། དེ་གསུམ་གྱི་མཚན་ཉིད་བཤད་པ་དང་། དེ་དག་གི་རྣམ་བཞག་རྣམ་པ་བརྒྱད་བསྟན་པ་གསུམ། དང་པོ། ངོ་བོ་ཉིད་གསུམ་སོགས༴ གཉིས་པ། འདི་ལ་ཆོས་དང་སོགས༴ གསུམ་པ་ལ། བདེན་དོན་དུ་བཞག་པ། རྒྱུ་འབྲས་སུ་བཞག་པ། ཕྲ་རགས་སུ་བཞག་པ། གྲགས་པའི་དོན་བཞག་པ ། དག་ཡུལ་ཡིན་མིན་དུ་བཞག་པ། བསྡུ་བ་བཤད་པ། དབྱེ་བ་བཤད་པ། མཁས་བྱའི་གནས་བཅུར་བཞག་པ་དང་བརྒྱད་ལས། དང་པོ། མི་རྟག་དོན་ནི་སོགས༴ གཉིས་པ། དེ་ཕྱིར་སྡུག་བསྔལ་སོགས༴ གསུམ་པ་ལ། རགས་པ་ཀུན་རྫོབ་དང་། ཕྲ་བ་དོན་དམ་བཤད་པ་གཉིས། དང་པོ། བཏགས་པ་དང་ནི་སོགས༴ གཉིས་པ ་ལ། དངོས་དང་། དེའི་དབྱེ་བ་གཉིས། དང་པོ། དམ་པའི་དོན་གཅིག་སོགས༴ གཉིས་པ། དོན་དང་ཐོབ་དང་སོགས༴ བཞི་པ། གཅིག་གི་འཇིག་རྟེན་སོགས༴ ལྔ་པ། རྣམ་དག་སྤྱོད་ཡུལ་སོགས༴ དྲུག་པ། རྒྱུ་དང་རྣམ་པར་སོགས༴ བདུན་པ། མཇུག་དེ་ཁོ་ན་སོགས༴ བརྒྱད་པ་མཁས་པའི་དེ་ཁོ་ན་ཉིད་བཤད་པ་ལ། སྤང་བྱ་བདག་ལྟ་བཅུ་བཤད་པ་དང་། སྤོང་བྱེད་མཁས་བྱའི་གནས་བཅུ་བཤད་པ་གཉིས། དང་པོ། གཅིག་དང་རྒྱུ་དང་སོགས༴ གཉིས་པ་ལ། གནས་བཅུ་པོ་རང་བཞིན་གསུམ་དུ་འདུ་ཚུལ་དང་། གནས་སོ་སོར་མཁས་པར་བྱ་བའོ། དང་པོ། ཀུན་ཏུ་རྟོག་དང་སོགས༴ གཉིས་པ་ལ། ཕུང་པོ་ལ་མཁས་པ། ཁམས་ལ་མཁས་པ། སྐྱེ་མཆེད་ལ༴ རྟེན་འབྲེལ་ལ༴ གནས་དང་གནས་མ་ཡིན་པ་ལ༴ དབང་པོ་ལ༴ དུས་ལ༴ བདེན་པ་ལ༴ ཐེག་པ་ལ༴ འདུས་བྱས་འདུས་མ་བྱས་པ་ལ་མཁས་པ་དང་བཅུ་ལས། དང་པོ་ནི། ཐོག་མ་དུ་མ་སོགས༴ གཉིས་པ། འཛིན་དང་གཟུང་དང་སོགས༴ གསུམ་པ། ཚོར་དང་དོན་རྣམས་སོགས༴ བཞི་པ། རྒྱུ་དང་འབྲས་བུ་སོགས༴ ལྔ་པ། མི་འདོད་འདོད་དང་སོགས༴ ་དྲུག་པ། འཛིན་དང་གནས་དང་སོགས༴ བདུན་པ། འབྲས་བུ་རྒྱུ་རྣམས་སོགས༴ བརྒྱད་པ། ཚོར་བ་རྒྱུ་དང་སོགས༴ དགུ་པ། ཡོན་ཏན་སྐྱོན་དང་སོགས༴ བཅུ་པ། བཏགས་པ་རྒྱུར་བཅས་སོགས༴ ལེའུའི་མཚན། བསྟན་བཅོསདབུས་སོགས༴ ༈ གཉིས་པ་ཉམས་སུ་ལེན་པ་ལ། ལམ་གྱི་ཆོས་དང་། ལམ་གྱི་གནས་སྐབས་དང་། ལམ་གྱི་འབྲས་བུའོ། །དང་པོ་ལ། ལམ་ལྔ་ལ་བྱང་ཕྱོགས་ཀྱི་ཆོས་སོ་བདུན་རྣམ་པར་བཞག་པ་དང་། དེ་དག་གནས་སྐབས་གསུམ་དུ་ུདབྱེ་བ་དང་། བྱང་ཆུབ་སེམས་དཔའི་ལམ་གྱི་ཁྱད་པར་བཤད་པའོ། དང་པོ་ལ། ཚོགས་ལམ་ཆུང་ངུར་དྲན་པ་ཉེར་བཞག་བཞི་བཤད་༡པ། འབྲིང་པོར་ཡང་དག་སྤོང་བཞི༢། ཆེན་པོར་རྫུ་འཕྲུལ་གྱི་རྐང་པ༣་བཞི། སྦྱོར་ལམ་དྲོད་རྩེ་གཉིས་སུ་དབང་པོ་ལྔ༤། བཟོད་པ་ཆོས་མཆོག་གཉིས་སུ་སྟོབས་ལྔ༥། མཐོང་ལམ་དུ་བྱང་ཆུབ་ཡན་ལག་བདུན༦། བསྒོམ་ལམ་དུ་འཕགས་ལམ་ཡན་ལག་བརྒྱད་༧ བཤད་པ་དང་བདུན་ནོ། །དང་པོ། གནས་ངན་ལེན་ཕྱིར་སོགས༴ གཉིས་པ། མི་མཐུན་ཕྱོགས་དང་སོགས༴ གསུམ་པ་ལ། དགོས་པ་དང་བཅས་ཏེ་རྫུ་འཕྲུལ་རྐང་པ་སྐྱེད་ཚུལ་མདོར་བསྟན། དེ་དག་གི་དོན་རྒྱས་པར་བཤད་པའོ། །དང་པོ། དེར་གནས་ལས་སུ་རུང་སོགས། གཉིས་པ་ལ། སྤང་བྱ་ཉེས་པ་ལྔ། གཉེན་པོ་འདུ་བྱེད་བརྒྱད་བརྟེན་པའོ། །དང་པོ། ལེ་ལོ་དང་ནི་སོགས༴ གཉིས་པ། གནས་དང་དེ་ལ་སོགས༴ བཞི་པ། ཐར་པའི་ཆ་དང་སོགས༴ ལྔ་པ་ལ། དངོས་དང་། སྦྱོར་ལམ་དང་དབང་སྟོབས་སྦྱར་ཚུལ་གྱིས་མཇུག་བསྡུ་བ་གཉིས་། དང་པོ། མི་མཐུན་ཕྱོགས་ནི་སྲབ་སོགས༴ གཉིས་པ། དབང་པོ་རྣམས་དང་སོགས༴ དྲུག་པ། རང་བཞིན་ཡན་ལག་སོགས༴ བདུན་པ། ཡོངས་སུ་གཅོད་དང་སོགས༴ གཉིས་པ་གནས་སྐབས་གསུམ་དུ་ུདབྱེ་བ་ནི། རྗེེས་སུ་མཐུན་ལ་སོགས༴ གསུམ་པ་བྱང་ཆུབ་སེམས་དཔའི་ལམ་གྱི་ཁྱད་པར་བཤད་པ་ནི། བྱ་ཆུབ་སེམས་དཔའ་སོགས༴ གཉིས་པ་ལམ་གྱི་གནས་སྐབས་ལ། གནས་སྐབས་དགུར་བཞག་པ་དང་། གསུམ་དུ་བཞག་པ་གཉིས། དང་པོ་ལ་དངོས་དང་། དེའི་རྣམ་བཞག་བསྟན་པ་གཉིས། དང་པོ། རྒྱུ་བའི་གནས་སྐབས་སོགས༴ གཉིས་པ། མོས་པ་དང་ནི་སོགས༴ གཉིས་པ། ཆོས་ཀྱི་དབྱིངས་ལ་སོགས༴ གསུམ་པ་ལམ་གྱི་འབྲས་བུ་ལ། འབྲས་བུ་ལྔ་སྤྱིར་བསྟན། ལམ་གྱི་ངོས་ནས་བྱེད་བྲག་ཏུ་བཤད་པ་གཉིས། དང་པོ། སྣོད་གྱུར་རྣམ་པ་སོགས༴ གཉིས་པ། ཕྱིི་མ་ཕྱི་མ་སོགས༴ ལེའུའི་མཚན། བསྟན་བཅོས་སོགས༴ ༈ གཉིས་པ་ཐུན་མིན་ཐེག་པ་ཆེན་པོའི་ལམ་བཤད་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། བླ་མེད་ཉིད་ནི་སོགས༴ གཉིས་པ་ལ། སྒྲུབ་པ་བླ་མེད། དམིགས་པ་བླ་མེད། ཡང་དག་གྲུབ་པ་བླ་མེད་དང་གསུམ་་གྱི་དང་པོ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ། སྒྲུབ་པ་དག་ནི་སོགས༴ གཉིས་པ་ལ། གོང་གི་རིམ་པ་དང་མཚུངས་པར་དྲུག་ལས། དང་པོ་དམ་པའི་སྒྲུབ་པ་ལ། སྒྲུབ་ཚུལ་དམ་པ་བཅུ་གཉིས། བསྒྲུབ་བྱ་ཕར་ཕྱིན་བཅུའོ། །དང་པོ། དམ་པ་བཅུ་གཉིས་སོགས༴ གཉིས་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། དེ་ཕྱིར་དམ་པའི་སོགས༴ གཉིས་པ་ལ། ངོ་བོ་དང་། བྱེད་ལས་གཉིས། དང་པོ། སྦྱིན་དང་ཚུལ་ཁྲིམས་སོགས༴ གཉིས་པ། ལས་ནི་རྗེས་སུ་སོགས༴ གཉིས་པ་ཡིད་བྱེད་ལ། མདོར་བསྡུས་པ་ཤེས་རབ་གསུམ་གྱིས་ཡིད་ལ་བྱེད་ཚུལ་དང་། རྒྱས་པར་ཆོས་སྤྱོད་བཅུའི་ཚུལ་གྱིས་ཡིད་ལ་བྱེད་ཚུལ་གཉིས། དང་པོ་ལ། དངོས་དང་དེའི་བྱེད་ལས་གཉིས། དང་པོ། ཐེག་པ་ཆེན་པོར་སོགས༴ གཉིས་པ། ཁམས་བརྟས་བྱེད་དང་སོགས༴ གཉིས་པ་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོ། དེ་ནི་ཆོས་སྤྱོད་སོགས༴ གཉིས་པ་ལ། ཆོས་སྤྱོད་བཅུའི་ངོ་བོ་ཕན་ཡོན་དང་བཅས་པ་བསྟན་པ་དང་། ཐེག་པ་ཆེན་པོའི་ཆོས་སྤྱོད་ཀྱི་ཕན་ཡོན་ཁྱད་པར་དུ་བཤད་པ་གཉིས། དང་པོ། ཡི་གེ་འབྲི་མཆོད་སོགས༴ གཉིས་པ། ཁྱད་པར་ཕྱིར་དང་སོགས༴ གསུམ་པ་རྗེས་སུ་མཐུན་པའི་སྒྲུབ་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། མི་གཡེང་ཕྱིན་ཅི་སོགས༴ གཉིས་པ་ལ། མི་གཡེང་པ་ཞི་གནས་དང་། ཕྱིན་ཅི་མ་ལོག་པ་ལྷག་མཐོང་རྒྱས་པར་བཤད་པ་གཉིས། དང་པོ། ལྡང་དང་ཡུལ་སོགས༴ གཉིས་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། ཡི་གེ་དོན་དང་སོགས༴ གཉིས་པ་རྒྱས་བཤད་ལ་མདོར་བསྟན་དང་མཚུངས་པར་བཅུ་སྟེ། རྗོད་བྱེད་ཡི་གི་ལ་ཕྱིན་ཅི་མ་ལོག་༡པ། བརྗོད་བྱའི་དོན་ཀུན་བཏགས་རང་བཞིན་མེད་པ་ཕྱིན་ཅི་མ་ལོག་༢པ། གཉིས་སྣང་གི་རྒྱུ་གཞན་དབང་གི་རྣམ་རིག་ཙམ་དུ་ཡིད་ལ་བྱེད་པ་ལ་ཕྱིན་ཅི་མ་ལོག་༣པ། གཉིས་སུ་སྣང་ཡང་མི་བདེན་པ་སྒྱུ་མ་ལྟར་རྟོགས་པས་མཐའ་གཉིས་སུ་མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་༤པ། ཡོངས་གྲུབ་གཟུང་འཛིན་དང་བྲལ་བའི་རང་མཚན་ལ་ཕྱིན་ཅི་མ་ལོག་༥པ། གཉིས་སྟོང་གི་དེ་ཉིད་ལས་ཆོས་ཀུན་མི་འདའ་བར་ཤེས་པ་ཆོས་སྤྱི་ཡི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་༦པ། དེ་ཁོ་ན་ཉིད་རྟོགས་མ་རྟོགས་ལས་དག་མ་དག་ཏུ་འགྱུར་བ་ལ་ཕྱིན་ཅི་མ་ལོག་༧པ། རང་བཞིན་དག་པར་གནས་པའི་ཕྱིར་དག་མ་དག་ཏུ་སྣང་བ་ཡང་གློ་བུར་བར་ཤེས་པར་བྱས་པ་ལ་ཕྱིན་ཅི་མ་ལོག་༨པ། གདོད་ནས་དག་པས་ཀུན་ཉོན་འགྲིབ་པར་བྱེད་པ་ལ་མི་སྡངས་པ་ཕྱིན་ཅི་མ་ལོག་༩པ། རྣམ་བྱང་འཕེལ་བ་མེད་པས་ཡོན་ཏན་ལྷག་པ ས་ང་རྒྱལ་བ་མེད་པ་ལ་ཕྱིན་ཅི་མ་ལོག་༡༠པའོ། །དང་པོ། འབྲེལ་པའི་ཕྱིར་དང་སོགས༴ གཉིས་པ། གཉིས་སུ་སྣང་བ་སོགས༴ གསུམ་པ། རྟོག་པ་དེ་ཡི་སོགས༴ བཞི་པ། དོན་གྱིས་མེད་དང་སོགས༴ ལྔ་པ། རྟོག་པ་ཐམས་ཅད་སོགས༴ དྲུག་པ། ཆོས་ཀྱི་དབྱིངས་ནི་སོགས༴ བདུན་པ། ཕྱིན་ཅི་ལོག་གི་སོགས༴ བརྒྱད་པ། ཆོས་ཀྱི་དབྱིངས་ནི་སོགས༴ རྩ་བའི་ས་བཅད་དགུ་པ་དང་བཅུ་པ་ལྷན་ཅིག་ཏུ། ཆོས་རྣམས་དང་ནི་སོགས༴ ཕྱིན་ཅི་མ་ལོག་པ་དེ་བཅུའི་སྡོམ་མམ་ལུས་མདོར་བསྟན་པ་དང་། དེ་དག་ལ་རྡོ་རྗེའི་ཚིག་བཅུར་བཞག་པ་འགྲེལ་པས་ཁ་སྐོང་ནི། གང་ཞིག་གང་ལ་སོགས༴ བཞི་པ་མཐའ་གཉིས་སྤང་བའི་སྒྲུབ་པ་ལ། བདུན་ཚན་དང་པོ་དང་། བདུན་ཚན་གཉིས་པའོ། །དང་པོ། ཐ་དད་པ་དང་སོགས༴ གཉིས་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། རྣམ་པར་རྟོག་པ་སོགས༴ གཉིས་པ། དངོས་ཡོད་དངོས་མེད་སོགས༴ གོང་གི་ས་བཅད་ལྔ་པ་དང་དྲུག་པ་ལྷན་ཅིག་ཏུ། ཁྱད་པར་ཅན་དང་སོགས༴ ད་ནི་གཉིས་པ་དམིགས་པ་བླ་ན་མེད་པ་ནི། རྣམ་པར་བཞག་དང་སོགས༴ གསུམ་པ་ཡང་དག་པར་འགྲུབ་པ་བླ་ན་མེད་པ་ནི། མ་ཚང་མེད་དང་སོགས༴ བཞི་པ་འཇུག་གི་དོན་ལ། གཞུང་འདི་རྟོགས་དཀའ་ཞིང་ཡོན་ཏན་ཆེ་བར་བསྟན་པ་དང་། གཞུང་དེའི་མཛད་བྱང་དང་འགྱུར་བྱང་སྨོས་པ་དང་གསུམ། དང་པོ། དབུས་རྣམས་འབྱེད་པའི་སོགས༴ ལེའུའི་མཚན། བསྟན་བཅོས་སོགས༴ གཉིས་པ། བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་སོགས༴ གསུམ་པ། རྒྱ་གར་གྱི་མཁན་པོ་སོགས༴ རྟག་ཆད་ལས་གྲོལ་དབུ་མའི་དོན། །མ་ནོར་ཇི་བཞིན་ཡོངས་རྟོགས་ཏེ། །རྫོགས་སྨིན་སྦྱངས་བ་མཐར་ཕྱིན་ནས། །དོན་གཉིས་ལྷུན་གྱིས་གྲུབ་གྱུར་ཅིག །ཅེས་མདོ་ཁམས་འདི་ན་འགྲན་ཟླ་དང་བྲལ་བའི་མ་ག་དྷ་གཉིས་པར་གྲགས་པ་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭཆེན་པོར་མི་ཕམ་པས་སྦྱར་བས་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་མི་ཉམས་པར་འཕེལ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ་ཤུ་བྷཾ།།

༄༅། །ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་བསྡུས་དོན་ཡེ་ཤེས་སྣང་བའི་རྒྱན་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་མཉྫུ་ཤྲཱ་ཱིཡེ། བསམ་གྱིས་མི་ཁྱབ་མཉམ་པ་ཉིད་ཀྱི་དབྱིངས། །རྣམ་པར་མི་རྟོག་ཡེ་ཤེས་ཆོས་ཀྱི་སྐུ། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་འདུས་མ་བྱས། །སྙིང་གི་པད་མོར་དད་བརྒྱས་རྟག་ཏུ་བསྙེན། །དེ་ལ་འདིར་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་བསྟན་བཅོས་ཆེན་པོ་འདི་འཆད་པ་ལ། མཚན་དོན། འགྱུར་ཕྱག། གཞུང་དོན། མཇུག་དོན་བཞི། དང་པོ། རྒྱ་གར་སྐད་དུ་སོགས༴ གཉིས་པ། མགོན་པོ་བྱམས་པ་སོགས༴ གསུམ་པ་ལ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་དང་། བརྩམ་བྱ་བསྟན་བཅོས་ཀྱིི་ལུས་དངོས་གཉིས་ལས། དང་པོ། ཤེས་ནས ་གང་ཞིག་སོགས༴ གཉིས་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། མཚོན་པའི་དཔེས་མཇུག་བསྡུ་བ་གསུམ། དང་པོ་ལ། ང་ོབོ་ངེས་བཟུང་། དེའི་མཚན་ཉིད་སོ་སོར་བཤད། དེ་དག་གྲུབ་པའི་ཚུལ། དེ་གཉིས་གཅིག་ཐ་དད་བརྟག་པ་བཞི། དང་པོ། འདི་དག་ཐམས་ཅད་འདོར ་སོགས༴ གཉིས་པ་ལ། ཆོས་ཀྱི་མཚན་ཉིད་དང་། ཆོས་ཉིད་ཀྱི་མཚན་ཉིད་གཉིས། དང་པོ། དེ་ལ་ཆོས་ཀྱི་སོགས༴ གཉིས་པ། གཞན་ཡང་ཆོས་ཉིད་སོགས༴ གསུམ་པ། མེད་པ་སྣང་ཕྱིར་སོགས༴ བཞི་པ། གཉིས་པོ་དག་ནི་སོགས༴ གཉིས་པ་རྒྱས་པར་བཤད་པ་ལ། ཆོས་རྒྱས་པར་བཤད་པ་དང་། ཆོས་ཉིད་རྒྱས་པར་བཤད་པ་གཉིས་ལས། དང་པོ་ལ་སྡོམ་དུ་བཤད་པ་དང་། སོ་སོར་བཤད་པ་གཉིས། དང་པོ། རྣམ་པར་དྲུག་གིས་ཆོས་དག་སོགས༴ གཉིས་པ་སྡོམ་གྱི་དོན་སོ་སོར་བཤད་པ་ལ། དང་པོ་གསུམ་བཤད་ཟིན་པར་བསྟན་པ་དང་། ཕྱི་མ་གསུམ་སྐབས་འདིར་བཤད་པའོ། །དང་པོ། དེ་ལ་མཚན་ཉིད་སོགས༴ གཉིས་པ་ལ། གནས་གཉིས་པོ་བཤད་པ་དང་། གཟུང་འཛིན་མེད་པའི་དོན་ལ་འཇུག་ཚུལ་བཤད་པ་གཉིས། དང་པོ་ལ། ཐུན་མོང་དུ་མདོར་བསྟན། སོ་སོའི་དོན་རྒྱས་པར་བཤད་པ་གཉིས། དང་པོ། གང་ཞིག་གང་དུ་སོགས༴ གཉིས་པ་ལ། གནས་ཐུན་མོང་བ་བཤད་པ་དང་། ཐུན་མིན་བཤད་པའོ། །དང་པོ། དེ་ཡང་སྐྱེ་དང་སོགས༴ གཉིས་པ། གནས་དང་རྣམ་པར་སོགས༴ གཉིས་པ་ལ། ཕྱི་རོལ་གཟུང་བ་མེད་པར་རྣམ་པར་རིག་པ་ཙམ་གྱི་གྲུབ་མཐའ་བསྟན་པ་དང་། དེ་ལས་གཟུང་འཛིན་མེད་པའི་དོན་ལ་འཇུག་ཚུལ་གཉིས། དང་པོ་ལ། འཛིན་པ་ལས་ཐ་དད་པའི་གཟུང་བ་མེད་པར་བསྟན་པ་དང་། དེ་ལ་མ་ངེས་པ་སྤང་བ འོ། དང་པོ། ཕྱི་རོལ་གཟུང་བ་སོགས༴ གཉིས་པ། གཅིག་ཤེས་ཐུན་མོང་སོགས༴ གཉིས་པ། གཟུང་བར་སྣང་བ་མེད་སོགས༴ གཉིས་པ་ཆོས་ཉིད་རྒྱས་པར་བཤད་པ་ལ། སྡོམ་གྱིས་མདོར་བསྟན་པ་དང་། སྡོམ་དོན་རྒྱས་པར་བཤད་པ་གཉིས། དང་པོ། རྣམ་པ་དྲུག་གིས་ཆོས་ཉིད་སོགས༴ གཉིས་པ་སྡོམ་གྱི་དོན་བཞིར་དྲུག་པོ་དེ་སོ་སོར་བཤད་པ་ལ། དང་པོ། མཚན་ཉིད་མདོ་སོགས༴ གཉིས་པ། གནས་ནི་ཆོས་སོགས༴ གསུམ་པ། དེ་ལ་ངེས་པར་སོགས༴ བཞི་པ། རིག་པ་ཡང་དག་སོགས༴ ལྔ་པ། རྗེས་སུ་དྲན་པ་སོགས༴ དྲུག་པ་ལ། མཐར་ཐུག་གི་གནས་ཡོངས་སུ་གྱུར་པའི་ངོ་བོ་ངོས་བཟུང་བ་དང་། དེའི་ཁྱད་པར་གྱི་ཆོས་རྣམས་རྒྱས་པར་བཤད་པ་གཉིས། དང་པོ། དེ་ལ་དེ་ཡི་སོགས༴ གཉིས་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ། རྣམ་པ་བཅུས་གནས་ཡོངས་སོགས༴ གཉིས་པ་མདོར་བསྟན་གྱི་རིམ་པ་དང་མཚུངས་པར་རྒྱས་བཤད་བཅུ་ལས། དང་པོ། དེ་ལ་ངོ་བོར་སོགས༴ གཉིས་པ། དངོས་པོ་རྫས་ལ་སོགས༴ གསུམ་པ། གང་ཟག་དག་ལ་སོགས༴ བཞི་པ། ཁྱད་པར་ཅན་ལ་སོགས༴ ལྔ་པ། དགོས་པ་རྟོགས་ལ་སོགས༴ དྲུག་པ་རྟེན་ལ། མདོར་བསྟན། རྒྱས་བཤད་གཉིས་ལས། དང་པོ། གནས་སམ་རྟེན་ལ་སོགས༴ གཉིས་པ་ལ་མདོར་བསྟན་གྱིི་རིམ་པ་དང་མཐུན་པར་དེ་དྲུག་པོ་བཤད་པ་ལས། དང་པོ། དེ་ལ་དང་པོ་དམིགས་སོགས༴ གཉིས་པ། མཚན་མ་སྤངས་སོགས༴ གསུམ་པ། ཡང་དག་པ་ཡི་སོགས༴ བཞི་པ། དེ་ལ་མཚན་ཉིད་སོགས༴ ལྔ་པ། ཕན་ཡོན་འཇུག་སོགས༴ དྲུག་པ་ཡེ་ཤེས་དེའི་ཚུལ་ཡོངས་སུ་ཤེས་པ་ལ། མདོར་བསྟན་དང། རྒྱས་བཤད་གཉིས། དང་པོ། ཡོངས་སུ་ཤེས་ལ་སོགས༴ གཉིས་པ་རྒྱས་བཤད་ལ། གོང་གི་རིམ་པ་དང་མཚུངས་པར་བཞི་ལས། དང་པོ། དེ་ལ་གཉེན་པོ་སོགས༴ གཉིས་པ། མཚན་ཉིད་ཡོངས་སུ་སོགས༴ གསུམ་པ། ཁྱད་པར་ཡོངས་སུ་སོགས༴ བཞི་པ། ཐ་མ་ལས་ཡོངས༴ བདུན་པ། ཡིད་ལ་བྱེད་ལ་འཇུག་སོགས༴ བརྒྱད་པ། སྦྱོར་བའི་ས་ལ་སོགས༴ དགུ་པ། ཉེས་དམིགས་དག་ལ་སོགས༴ བཅུ་པ། བཟློག་ནས་ཕན་ཡོན་སོགས༴ གསུམ་པ་ཇི་སྐད་བཤད་པའི་ཆོས་དང་ཆོས་ཉིད་དེའི་དོན་དཔེས་བསྟན་པའི་སྒོ་ནས་མཇུག་བསྡུ་བ་ནི། མེད་པའི་ཆོས་རྣམས་སྣང་སོགས༴ བཞི་པ་མཇུག་དོན་ལ། མཛད་བྱང་དང་། འགྱུར་བྱང་གཉིས་ལས། དང་པོ། ཆོས་དང་ཆོས་ཉིད་སོགས༴ གཉིས་པ། ཁ་ཆེའི་མཁན་སོགས་སོ། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུལ། །རྣམ་པར་མི་རྟོག་ཡེ་ཤེས་ཉིད། །ཇི་བཞིན་ཡང་དག་རྟོགས་གྱུར་ཏེ། །ཕྱོགས་དུས་ཀུན་ཏུ་འཛིན་གྱུར་ཅིག །ཅེས་གདན་ས་ཆེན་པོ་དཔལ་ཀཿཐོག་པའི་ཆེས་སྡེ་ཆེན་པོར་མི་ཕམ་པས་བྲིས་པའི་དགེ་བས་ཡང་གསང་བླ་ན་མེད་པའི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་རྒྱས་པའི་རྒྱུར་གྱུར་ཅིག།

༄༅། །དབུ་མ་ལ་འཇུག་པའི་ས་བཅད་དྲི་མེད་ཤེལ་གྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། ཨོཾ་སྭ་སྟི། རྒྱལ་བ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། །རྒྱལ་ཚབ་མི་ཕམ་པ་རྒྱལ་བའི་སྲས་འཇམ་ད པལ་དང་རྒྱལ་བ་ཡི། །སློབ་མའི་ཤཱ་རའི་བུ་གཙོ་དང་རྒྱལ་བའི་བརྒྱུད་འཛིན་ ཀླུ་སྒྲུབ་པ། །ཕྱོགས་ཟླ་གྲགསསོགས་ལས་རྣམ་པར་རྒྱལ་ཀུན་རྒྱལ་གྱུར་ཅིག །འདི་ན་རྟོགས་པ་བཞི་ཡི་གཏན་ཚིག་ལས། །དང་པོར་གྱུར་པ་ཆོས་རྣམས་ཚུལ་གཅིག་ཏུ། །སྟོན་པ་ཡང་དག་རིགས་པའི་ལམ་གསལ་བའི། །བསྟན་བཅོས་གཞུང་གི་བསྡུས་དོན་རྣམ་པར་བཀོད། །དེ་ལ་འདིར་སངས་རྒྱས་གཉིས་པ་དཔལ་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་མཐར་ཐུག་པ་གསལ་བར་བྱེད་པ། བསྟན་བཅོས་ཐམས་ཅད་ཀྱི་རྒྱལ་པོ་དབུ་མ་ལ་འཇུག་པ་འདི་འཆད་པ་ལ། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་དང་བཞི་ལས། དང་པོ། རྒྱ་གར་སྐད་དུ༴ གཉིས་པ། འཕགས་པ་འཇམ་དཔལ༴ གསུམ་པ་ལ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་མཆོད་པར་བརྗོད་པ། བརྩམ་བྱ་བསྟན་བཅོས་ཀྱི་ལུས་དངོས། བརྩམ་པ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ། བྱང་སེམས་ཀྱི་རྒྱུ་གསུམ་སྤྱིར་བསྟན་པ་དང་། དེ་ལས་བྱེད་བྲག་ཏུ་སྙིང་རྗེ་ལ་བསྟོད་པ་གཉིས། དང་པོ། ཉན་ཐོས༴ གཉིས་པ་ལ། སྙིང་རྗེ་ཆེན་པོ་ལ་སོ་སོར་མ་ཕྱེ་བར་བསྟོད་པ་དང་། ཕྱེ་སྟེ་ཕྱག་འཚལ་བ་གཉིས། དང་པོ། གང་ཕྱིར་བརྩེ་ཉིད༴ གཉིས་པ་ལ། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ་བསྟོད་པ་དང་། ཆོས་དམིགས་པ་མེད་པའི་སྙིང་རྗེ་བསྟན་པ་གཉིས། དང་པོ། དང་པོར་ང་ཞེས༴ གཉིས་པ། འགྲོ་བ་གཡོ་བའི༴ གཉིས་པ་བརྩམ་བྱ་བསྟན་བཅོས་ཀྱི་ལུས་དངོས་ལ། གནས་སྐབས་ཀྱི་ས་བཤད་པ་དང་། མཐར་ཐུག་གི་ས་བཤད་པ་གཉིས། དང་པོ་ལ། ས་བཅུ་སོ་སོར་བཤད་པ་དང་། སའི་ཡོན་ཏན་བཤད་པ་གཉིས། དང་པོ་ལ་རབ་དགའ་སོགས་ལྔ་བཤད་པ་དང་། ས་དྲུག་པ་མངོན་དུ་གྱུར་པ་བཤད་པ། རིང་དུ་སོང་བ་སོགས་བཞི་བཤད་པའོ། །དང་པོ་ལ་ས་དང་པོ་རབ་ཏུ་དགའ་བ་བཤད་པ། གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་པ་འོད་འཕྲོ་བ། ལྔ་པ་སྦྱངས་དཀའ་བ་བཤད་པ་ལྔ། དང་པོ་ལ། ས་དང་པོ་དངོས་བཤད་པ་དང་། ལེའུའི་སྐབས་བསྡུ་བ་གཉིས། དང་པོ་ལ། ཁྱད་བཞི་སའི་ངོ་བོ་མདོར་བསྟན ། ཁྱད་ཆོས་སའི་ཡོན་ཏན་རྒྱས་པར་བཤད་པ། སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་གསུམ། དང་པོ། རྒྱལ་བའི་སྲས་པོ༴ གཉིས་པ་ལ། རང་གི་རྒྱུད་མཛེས་པར་བྱེད་པའི་ཡོན་ཏན། གཞན་གྱི་རྒྱུད་ཟིལ་གྱིས་གནོན་པའི་ཡོན་ཏན། ས་དང་པོར་ལྷག་པའི་ཡོན་ཏན་བསྟན་པ་དང་གསུམ། དང་པོ་ལ་དོན་ལྡན་གྱི་མཚན་ཐོབ་པའི་ཡོན་ཏན། རིགས་སུ་སྐྱེས་པ་སོགས་བླང་བྱའི་ཁྱད་པར་ཐོབ་པའི་ཡོན་ཏན། ངན་སོང་སོགས་སྤང་བྱ་འགག་པའི་ཡོན་ཏན་གསུམ། དང་པོ། དེ་ནས་བཟུང་སྟེ༴ གཉིས་པ་ལ། རིགས་ཀྱི་ཡོན་ཏན། སྤང་པའི་ཡོན་ཏན། རྟོགས་པའི་ཡོན་ཏན། ནུས་པའི་ཡོན་ཏན། གོང་དུ་འཕེལ་བའི་ཡོན་ཏན་ལྔ། དང་པོ། འདི་ནི་དེ་བཞིན༴ གཉིས་པ། འདི་ནི་ཀུན་ཏུ༴ གསུམ་པ། བྱང་ཆུབ་སེམས་དཔའ༴ བཞི་པ། འཇིག་རྟེན་ཁམས་བརྒྱ༴ ལྔ་པ། ས་ནས་ས་གནོན༴ གསུམ་པ་ལ་དངོས་དང། དེ་དཔེས་བཤད་པ་གཉིས། དང་པོ། དེ་ཚེ་འདི་ནི༴ གཉིས་པ། འདི་ནི་འཕགས་པ༴ གཉིས་པ་གཞན་ཟིན་གྱིས་གནོན་ཚུལ་ལ། དངོས་དང་། འཕྲོས་དོན་གཉིས། དང་པོ། རྫོགས་པའི་བྱང་ཆུབ༴ གཉིས་པ། རིང་དུ་སོང་བ༴ གསུམ་པ་ས་དང་པོར་ལྷག་པའི་ཡོན་ཏན་ལ། ས་འདིར་སྦྱིན་པའི་ཕར་ཕྱིན་ལྷག་ཚུལ། སྦྱིན་པའི་བསྔགས་པ། སྦྱིན་པའི་དབྱེ་བ་གསུམ། དང་པོ། དེ་ཚེ་དེ་ལ༴ གཉིས་པ་ལ། སྦྱིན་པའི་བསྔགས་པ་དངོས་དང་། བསྔགས་པ་དེ་ལྡན་གྱི་སྦྱིན་པ་ལ་བྱང་སེམས་རྣམས་གུས་པའི་ཚུལ་གཉིས། དང་པོ་ལ་རྟེན་དམན་པའི་སྦྱིན་པ་ལ་བསྔགས་པ། བྱང་སེམས་རྣམས་ཀྱི་སྦྱིན་པ་ལ་བསྔགས་པ། དེ་ལྟར་བསྔགས་པའི་མཇུག་བསྡུ་བ་གསུམ། དང་པོ་ལ། རྟེན་དམན་པ་ལ་སྦྱིན་པ་དགོས་ཚུལ་དང་། སྦྱིན་པ་བྱིན་པའི་ཕན་ཡོན་གཉིས། དང་པོ། སྐྱེ་བོ་འདི་ཀུན༴ གཉིས་པ་ལ། སྦྱིན་པས་འཁོར་བའི་བདེ་བ་ཐོབ་ཚུལ་དང་། སྦྱིན་པས་མྱང་འདས་ཀྱི་བདེ་བ་ཐོབ་ཚུལ་གཉིས། དང་པོ། སྙིང་རྗེ་དམན་ཅིང༴ གཉིས་པ། དེ་ཡང་སྦྱིན་པའི༴ གཉིས་པ་བྱང་སེམས་ཀྱི་སྦྱིན་པ། འགྲོ་ལ་ཕན་པར༴ གསུམ་པ་བསྔགས་པའི་མཇུག་བསྡུ་བ། དེ་ཕྱིར་རྩེ་བདག༴ གཉིས་པ་བསྔགས་པ་དེ་ལྡན་གྱི་སྦྱིན་པ་ལ་བྱང་སེམས་རྣམས་གུས་ཚུལ་ལ། སྦྱིན་པ་ལ་ཇི་ཙམ་གུས་པའི་ཚུལ་དང་། དེ་ལྟར་གུས་ནས་སྦྱིན་པ་གཏོང་ཚུལ་གཉིས། དང་པོ། ཇི་ལྟར་བྱིན་ཅིག༴ ་གཉིས་པ། ལུས་སྦྱིན་པ་ལ་ཤིན་ཏུ་དགའ་བའི་བློ་སྐྱེས་པ་ན། མཆན། བཅང་སྟེར་ཞིང་༴ གསུམ་པ་སྦྱིན་པའི་དབྱེ་བ། སྦྱིན་པ་སྦྱིན་བྱ༴ གསུམ་པ་སའི་མཇུག་བསྡུ། དེ་ལྟར་རྒྱལ་བའི༴ གཉིས་པ་ལེའུའིསྐབས་བསྡུ་བ། དབུ་མ་ལ་འཇུག་པ་ལས༴ ༈ གཉིས་པ་དྲི་མ་མེད་པ་བཤད་པ་ལ། དངོས་དང་། ལེའུའི་སྐབས་བསྡུ་བ་གཉིས། དང་པོ་ལ། ཁྱད་གཞི་སའི་ངེས་ཚིག། ས་དེའི་ཁྱད་པར་གྱི་ཆོས། སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་གསུམ། དང་པོ། དེ་ཚུལ་ཕུན་ཚོགས༴ གཉིས་པ་ལ། ས་འདིར་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལྷག་ཅིང་དག་པར་བསྟན་པ། ཚུལ་ཁྲིམས་ཀྱི་བསྔགས་པ། ཚུལ་ཁྲིམས་ཕར་ཕྱིན་གྱིི་དབྱེ་བ་གསུམ། དང་པོ་ལ་དངོས་དང་། ཚུལ་ཁྲིམས་དག་ཚུལ་བཤད་པ་གཉིས། དང་པོ། དགེ་བའི་ལམ་འདི༴ གཉིས་པ། གལ་ཏེ་དེ་ནི༴ གཉིས་པ་ཚུལ་ཁྲིམས་ཀྱི་བསྔགས་པ་ལ། བསྔགས་པ་དངོས་། བསྔགས་པ་དེ་ལྡན་གྱི་ཚུལ་ཁྲིམས་ལ་བྱང་སེམས་རྣམས་གནས་ཚུལ་གཉིས། དང་པོ་ལ་རྟེན་དམན་པ་ལ་ཡང་ཚུལ་ཁྲིམས་དགོས་ཚུལ་དང་། ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་འགྱུར་ཚུལ་གཉིས། དང་པོ་ལ། ཚུལ་ཁྲིམས་དང་བྲལ་བའི་ཉེས་དམིགས་དང་། ལྡན་པའི་ཕན་ཡོན་གཉིས། དང་པོ་ལ། ཚུལ་ཁྲིམས་དང་བྲལ་ན་བདེ་འགྲོ་མི་ཐོབ་པའི་སྐྱོན་དང་། བདེ་འབྲས་ལན་གཅིག་ཏུ་ཟད་པའི་སྐྱོན་དང་། ངན་སོང་ལས་ཐར་དཀའ་བའི་སྐྱོན་དང་། སྐྱོན་དེ་རྣམས་བསལ་ཕྱིར་སྦྱིན་པའི་རྗེས་སུ་ཚུལ་ཁྲིམས་བསྟན་པའི་ཚུལ་བཞི། དང་པོ། སྦྱིན་པས་ལོངས་སྤྱོད༴ གཉིས་པ། སྐྱེད་བཅས་དངོས་འདུ༴ གསུམ་པ། གང་ཚེ་རང་དབང༴ བཞི་པ། དེ་ཕྱིར་རྒྱལ་བས༴ གཉིས་པ། ཡོན་ཏན་ཚུལ་ཁྲིམས༴ གཉིས་པ་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གྱུར་ཚུལ། སོ་སོའི་སྐྱེ་བོ༴ གཉིས་པ་བསྔགས་པ་དེ་ལྡན་གྱི་ཚུལ་ཁྲིམས་ལ་བྱང་སེམས་རྣམས་གནས་ཚུལ། ཇི་ལྟར་རྒྱ་མཚོ༴ གསུམ་པ་དབྱེ་བ། གང་གིས་གང་ཞིག༴ གསུམ་པ་འཇུག་བསྡུ། རྒྱལ་སྲས་ཟླ་བ༴ གཉིས་པ་སྐབས་བསྡུ་བ། དབུ་མ་ལས་འཇུག་པ་ལས༴ ༈ གསུམ་པ་ས་གསུམ་པ་འོད་བྱེད་པ་བཤད་པ་ལ། ཁྱད་གཞི་སའི་ངེས་ཚིག་བཤད་པ། ཁྱད་ཆོས་སའི་ཡོན་ཏན། སའི་ཡོན་ཏན་བརྗོད་པའི་མཇུག་བསྡུ་བ་གསུམ། དང་པོ། ཤེས་བྱའི་བུད་ཤིང༴ གཉིས་པ་ཁྱད་ཆོས་ས་ཡི་ཡོན་ཏན་ལ། ས་འདིར་ལྷག་པར་བཟོད་པའི་ཕར་ཕྱིན་བཤད་པ་དང་། ས་འདིར་འབྱུང་བའི་ཡོན་ཏན་གཞན་བཤད་པ་གཉིས། དང་པོ་ལ། ས་འདིར་བཟོད་པ་ལྷག་ཚུལ་དང་། བཟོད་པ་བསྒོམ་ཚུལ། བཟོད་པའི་དབྱེ་བ་གསུམ། དང་པོ། གལ་ཏེ་གནས་མིན༴ གཉིས་པ་བཟོད་པ་བསྒོམ་ཚུལ་ལ། དོན་དམ་པའི་སྒོ་ནས་བཟོད་པ་བསྒོམ་ཚུལ་དང་། ཀུན་རྫོབ་ཀྱི་སྒོ་ནས་བཟོད་པ་བསྒོམ་ཚུལ་གཉིས། དང་པོ། བདག་མེད་ལྟ་བའི༴ གཉིས་པ་ལ་ཁང་ཁྲོ་བའི་སྐྱོན་ལ་བསམ་སྟེ་བཟོད་པ་བསྒོམ་ཚུལ་དང་། བཟོད་པའི་ཕན་ཡོན་ལ་བསམ་སྟེ་བཟོད་པ་བསྒོམ་ཚུལ་དང་། ཐུན་མོང་དུ་མཇུག་བསྡུ་བ་གསུམ། དང་པོ་ལ། དོན་མེད་པས་ཁྲོ་བ་མི་རིགས་པར་བསམ་པ། ཕན་བྱེད་གནོད་པར་བསྒྱུར་མི་རིགས་པར་བསམ་སྟེ་བཟོད་པ་བསྒོམ་པ། ཁོང་ཁྲོ་སྡིག་པ་ཤིན་ཏུ་སྟོབས་ཆེ་བར་བསམ་སྟེ་བཟོད་པ་བསྒོམ་པ། འདི་ཕྱིར་འབྱུང་བའི་སྐྱོན་དུ་མར་བསམ་སྟེ་བཟོད་པ་བསྒོམ་ཚུལ་བཞི། དང་པོ། གནོད་པར་བྱས་པས༴ གཉིས་པ། སྔོན་བྱས་ས་ཡི༴ གསུམ་པ། གང་ཕྱིར་རྒྱལ་སྲས༴ བཞི་པ། མི་སྡུག་གཟུགས་སུ༴ གཉིས་པ་བཟོད་པའི་ཕན་ཡོན་ནི། བཟོད་པས་བཤད་ཟིན༴ གསུམ་པ་མཇུག་བསྡུ་བ། སོ་སོའི་སྐྱེ་བོ༴ གསུམ་པ་དབྱེ་བ། རྫོགས་སངས་རྒྱས་ཀྱི༴ གཉིས་པ་ས་འདིར་འབྱུང་བའི་ཡོན་ཏན་གཞན་ནི། ས་དེར་རྒྱལ་སྲས༴ གསུམ་པ་མཇུག་བསྡུ་ལ། ཕར་ཕྱིན་སྔ་མ་གསུམ་ཐུན་མོང་དུ་མཇུག་བསྡུ་བ་དང་། བྱེ་བྲག་ས་འདིའི་མཇུག་བསྡུ་བ་གཉིས། དང་པོ། སྦྱིན་སོགས་ཆོས་གསུམ༴ གཉིས་པ། རྒྱལ་བའི་སྲས་པོ༴ གཉིས་པ་ལེའུའི་མིང་། དབུ་མ་ལ༴ ༈ བཞི་པ་འོད་འཕྲོ་བཤད་པ་ལ་གསུམ། ས་འདིར་བརྩོན་འགྲུས་ལྷག་པ། སའི་ངེས་ཚིག །སྤང་བའི་ཁྱད་གསུམ། དང་པོ། ཡོན་ཏན་མ་ལུས༴ གཉིས་པ། དེ་ཚེ་བདེ་གཤེགས༴ གསུམ་པ། རང་དུ་ལྟ་བ༴ ༈ ལྔ་པ་སྦྱངས་དཀའ་བ་བཤད་པ་ལ། ཁྱད་གཞི་སའི་ངེས་ཚིག་དང་། ཁྱད་ཆོས་སའི་ཡོན་ཏན་གཉིས། དང་པོ། བདག་ཉིད་ཆེ་སྟེ༴ གཉིས་པ། བསམ་གཏན་ལྷག་ཅིང༴ ༈ གཉིས་པ་ས་དྲུག་པ་མངོན་དུ་གྱུར་པ་བཤད་པ་ལ། ཡུལ་ཅན་སའི་ངོ་བོ་མདོར་བསྟན། ཡུལ་སྟོང་ཉིད་རྒྱས་པར་བཤད། སའི་ཡོན་ཏན་བརྗོད་པའི་མཇུག་བསྡུ་བ་གསུམ། དང་པོ། མངོན་དུ་ཕྱོགས༴ གཉིས་པ་ལ། སྟོང་པ་ཉིད་ཀྱི་ཆེ་བ་བརྗོད་པ་དང་། ཆེ་བ་དེ་ལྡན་གྱི་སྟོང་ཉིད་དངོས་བཤད་པ་གཉིས། དང་པོ། ཇི་ལྟར་ལོང་བའི༴ གཉིས་པ་ལ། ཇི་ལྟར་བཤད་པའི་ཚུལ་དང་། གང་ལ་བཤད་པའི་སྣོད་དང་། གང་བཤད་པའི་ཆོས་གསུམ། དང་པོ། ཇི་ལྟར་དེ་ཡི༴ གཉིས་པ་ལ། གང་ལ་བཤད་པའི་སྣོད་ངེས་བཟུང་བ་དང་། དེ་ལ་བཤད་ན་ཡོན་ཏན་འབྱུང་ཚུལ་གྱི་སྒོ་ནས་ཉན་པར་བསྐུལ་བ་གཉིས། དང་པོ། སོ་སོའི་སྐྱེ་བོའི༴ གཉིས་པ་ལ། ཀུན་རྫོབ་ཐབས་ཀྱི་ཡོན་ཏན་འབྱུང་ཚུལ་དང་། དོན་དམ་ཡེ་ཤེས་ཀྱི་ཡོན་ཏན་འབྱུང་ཚུལ་གཉིས། དང་པོ། དེ་ལ་དེ་ཡི༴ གཉིས་པ། ཟབ་ཅིང་རྒྱ་ཆེའི༴ གསུམ་པ་གང་བཤད་པའི་ཆོས་ལ། སྟོང་པ་ཉིད་རིགས་པས་གཏན་ལ་ཕབས་པ་དང་། གཏན་ལ་ཕབས་པའི་སྟོང་ཉིད་ཀྱི་དབྱེེ་བ་བཤད་པ་གཉིས། དང་པོ་ལ། ཆོས་ཀྱི་བདག་མེད་རིགས་པས་གཏན་ལ་ཕབས་པ་དང་། གང་ཟག་གི་བདག་མེད་རིགས་པས་གཏན་ལ་ཕབས་པ་གཉིས། དང་པོ་ལ། རང་བཞིན་གྱིས་སྐྱེ་བ་རིགས་པས་དགག་པ་དང་། དེའི་ཕྱིར་ན་སྐྱེ་བ་རྟེན་ནས་འབྱུང་བ་ཙམ་གྱི་དོན་དུ་རིགས་པས་གྲུབ་ཚུལ། རིགས་པས་དཔྱད་པ་བྱས་པའི་འབྲས་བུ་ངེས་བཟུང་བ་གསུམ། དང་པོ་ལ་མཐའ་བཞིའི་སྐྱེ་བ་བདེན་པ་གཉིས་ཆར་དགག་པ། དེ་ལྟར་བཀག་པ་ལ་རྩོད་པ་སྤང་བ་གཉིས། དང་པོ་ལ། མཐའ་བཞིའི་སྐྱེ་བ་མེད་པའི་དམ་བཅའི་སྒོ་ནས་མདོར་བསྟན་པ། དེ་རིགས་པའི་སྒོ་ནས་རྒྱས་པར་བཤད། དེ་ལྟར་གྲུབ་པའི་དོན་གྱིས་མཇུག་བསྡུ་བ་གསུམ། དང་པོ། དེ་ཉིད་དེ་ལས༴ གཉིས་པ་ལ། བདག་ལས་སྐྱེ་བ་དགག་པ། གཞན་ལས་སྐྱེ་བ་དགག་པ། གཉིས་ཀ་ལས་སྐྱེ་བ་དགག་པ། རྒྱུ་མེད་དུ་སྐྱེ་བ་དགག་པ་བཞི། དང་པོ་ལ། འགྲེལ་པ་སངས་རྒྱས་བསྐྱང་དང་ཟླ་བ། མཆན། མཛད་པའི་རིགས་པས་དགག་པ་དང་། བསྟན་བཅོས་ཀླུ་སྒྲུབ་མཛད་པའི་རིགས་པས་དགག་པ་གཉིས། དང་པོ་ལ། དེ་ཁོ་ན་ཉིད་དུ་ུབདག་སྐྱེ་དགག་པ་དང་། འཇིག་རྟེན་ཐ་སྙད་དུ་ཡང་བདག་སྐྱེ་མེད་པར་བསྟན་པ། དེ་གཉིས་ཀའི་གྲུབ་དོན་བསྡུ་བ་གསུམ། དང་པོ་ལ། རང་དང་ངོ་བོ་གཅིག་པའི་རྒྱུ་ལས་སྐྱེ་བ་དགག་པ་དང་། རྒྱུ་འབྲས་ངོ་བོ་གཅིག་པ་དགག་པ་གཉིས། དང་པོ་ལ། སྐྱེ་བ་དོན་མེད་དུ་ཐལ་བས་དགག་པ། སྐྱེ་བར་མི་རིགས་པས་དགག་པ། འབྲས་བུ་སྐྱེ་བ་སྐབས་མི་ཐོབ་པར་ཐལ་བས་དགག་པ། ས་བོན་ཐུག་མེད་དུ་སྐྱེ་བ་ཐལ་བས་དགག་པ་བཞི། དང་པོ། དེ་ནི་དེ་ལ༴ གཉིས་པ། སྐྱེས་པར་གྱུར་པ་སླར་ཡང། གསུམ་པ། སྐྱེས་ཟིན་སླར་ཡང༴ བཞི་པ། ས་བོན་སྲིད་མཐར༴ གཉིས་པ་རྒྱུ་འབྲས་ངོ་བོ་གཅིག་པ་དགག་པ་ལ། རྒྱུ་འབྲས་ངོ་བོ་གཅིག་ན་གནས་སྐབས་ཐ་དད་དུ་མི་དམིགས་པར་ཐལ་བས་དགག་པ་དང་། གནས་སྐབས་ཐ་དད་པར་དམིགས་ན་རྒྱུ་འབྲས་ངོ་བོ་མི་གཅིག་པར་ཐལ་བས་དགག་པ་གཉིས། དང་པོ་ལ། རྒྱུ་འབྲས་རྣམ་པར་འགྱུར་བ་མི་འཐད་པ་དང་། དེས་ན་དབྱིབས་སོགས་ཐ་དད་མེད་པར་ཐལ་བས་དགག་པ་གཉིས། དང་པོ། ཇི་ལྟར་དེ་ནི༴ གཉིས་པ། བྱེད་རྒྱུ་ས་བོན༴ གཉིས་པ་ལ། གནས་སྐབས་ཐ་དད་ན་ངོ་བོ་གཅིག་ཏུ་མི་འ ཐད་པ་དངོས་དང་། དེ་ལྟར་འཐད་ན་གནས་སྐབས་གཉིས་སུ་གཉིས ཀ་འཛིན་མི་འཛིན་མཚུངས་པར་ཐལ་བས་དགག་པ་གཉིས། དང་པོ། གལ་ཏེ་སྔར་གྱི༴ གཉིས་པ། གལ་ཏེ་ཁྱོད་ཀྱི༴ གཉིས་པ་འཇིག་རྟེན་ཐ་སྙད་དུ་ཡང་བདག་སྐྱེ་བ་མེད་པར་སྟོན་པ། གང་ཕྱིར་རྒྱུ་ཞིག༴ གསུམ་པ་གྲུབ་དོན་བསྡུ་བ། དེ་ཕྱིར་དངོས་པོ༴ གཉིས་པ། བསྟན་བཅོས་རྩ་ཤེས་ཀྱི་རིགས་པས་དགག་པ་ནི། བདག་ལས་སྐྱེ་བར༴ ༈ གཉིས་པ་གཞན་སྐྱེ་དགག་པ་ལ། གཞན་སྐྱེ་འདོད་པ་སྤྱིར་དགག་པ་དང་། སེམས་ཙམ་པའི་ལུགས་བྱེ་བྲག་ཏུ་དགག་པ་གཉིས། དང་པོ་ལ། དེ་ཁོ་ན་ཉིད་དུ་གཞན་སྐྱེ་འདོད་པའི་ལུགས་སྤྱིར་དགག་པ་དང་། ཐ་སྙད་དུ་རང་བཞིན་གྱིས་སྐྱེ་བ་ཡོད་པར་འདོད་པའི་ལུགས་བྱེ་བྲག་ཏུ་དགག་པ་གཉིས། དང་པོ་ལ། གཞན་སྐྱེ་དགག་པ་དངོས། བཀག་པ་ལ་འཇིག་རྟེན་གྱིས་གནོད་པ་སྤང་པ། དེ་ལྟར་བཀག་པའི་ཡོན་ཏན་བསྟན་པ་གསུམ། དང་པོ་ལ། གཞན་སྐྱེ་སྤྱིར་དགག་པ། གཞན་སྐྱེ་བྱེ་བྲག་ཏུ་དགག་པ། འབྲས་བུ་ལ་མུ་བཞིར་དཔྱད་ནས་དགག་པ་གསུམ། དང་པོ་ལ། ཧ་ཅང་ཐལ་བས་དགག་པ། སྐྱོན་སྤོང་གི་ལན་དགག་པ་གཉིས། དང་པོ། གཞན་ལ་བརྟེན་ནས༴ གཉིས་པ་ལ་སྐྱོན་སྤང་གི་ལན་དང་། ལན་དེ་དགག་པ་གཉིས། དང་པོ། རབ་ཏུ་བྱ་བར༴ གཉིས་པ། ཇི་ལྟར་ནས་དང༴ གཉིས་པ་བྱེ་བྲག་ཏུ་དགག་པ་ལ། རྒྱུ་འབྲས་སྔ་ཕྱི་པ་ལ་གཞན་སྐྱེ་དགག་པ། རྒྱུ་འབྲས་དུས་མཉམ་པ་ལ་གཞན་སྐྱེ་དགག་པ་གཉིས། དང་པོ་ལ་བཀག་པ་དངོས་དང་། སྐྱོན་སྤང་གི་ལན་དགག་པ་གཉིས། དང་པོ། མྱུ་གུ་ས་བོན༴ གཉིས་པ་ལ། ལན་དང་། དེ་དགག་པ་གཉིས། དང་པོ། ཇི་ལྟར་སྲང་གི། གཉིས་པ། གལ་དམ་བཅའ་རིགས་པ་འབྲས་བུ་དངོས་མེད་ཀྱང་དེ་སྐྱེ་བའི་བྱ་བ་ཡོད་སྙམ་པ་དགག་པ་གསུམ། མཆན། ཏེ་གཅིག་ཚེ༴ གཉིས་པ་རྒྱུ་འབྲས་དུས་མཉམ་པ་ལ་གཞན་སྐྱེ་དགག་པ་ནི། གལ་ཏེ་མིག་གི༴ གསུམ་པ་འབྲས་བུ་མུ་བཞིར་དཔྱད་ནས་དགག་པ། སྐྱེད་པར་བྱེད་པ༴ གཉིས་པ་དེ་ལྟར་བཀག་པ་ལ་འཇིག་རྟེན་གྱིས་གནོད་པ་སྤང་ལ། འཇིག་རྟེན་གྱིས་གནོད་པའི་རྩོད་པ་བཀོད་པ་དང་། དེའི་ལན་བསྟན་པ་གཉིས། དང་པོ། གང་གི་རང་ལྟ༴ གཉིས་པ་ལ། འཇིག་རྟེན་པའི་གཞན་སྐྱེ་ཁས་བླངས་ཀྱང་འཇིག་རྟེན་པ་དེ་མི་གནོད་པའི་ཚུལ་དང་། འཇིག་རྟེན་ཐ་སྙད་དུ་ཡང་རང་བཞིན་གྱིས་གྲུབ་པའི་གཞན་སྐྱེ་མེད་པས་འཇིག་རྟེན་པའི་མི་གནོད་པའི་ཚུལ་གཉིས། དང་པོ་ལ། ཡུལ་དང་ཡུལ་ཅན་ཕྱིན་ཅི་མ་ལོག་པ་དང་ལོག་པའི་དབྱེ་བས་བདེན་པ་གཉིས་ཀྱི་རྣམ་གཞག་མདོར་བསྟན་པ། དེ་ཉིད་རྒྱས་པར་བཤད་པ། དེ་དག་གིས་ཕྱིར་ན་ཡུལ་གང་ལ་འཇིག་རྟེན་གྱིས་མི་གནོད་པ་དང་གནོད་པའི་ཁྱད་པར་བསྟན་པས་མཇུག་བསྡུ་བ་གསུམ། དང་པོ། དངོས་ཀུན་ཡང་དག༴ གཉིས་པ་ལ། ཡུལ་ཅན་ཚད་མའི་སྒོ་ནས་འཇིག་རྟེན་གྱིས་མི་གནོད་པའི་ཚུལ་དང་། ཡུལ་བདེན་གཉིས་ཀྱི་སྒོ་ནས་འཇིག་རྟེན་གྱིས་མི་གནོད་པའི་ཚུལ་གཉིས། དང་པོ་ལ། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་བསྟན་པ་དང་། དེས་དོན་དམ་དཔྱོད་བྱེད་ཀྱི་ཚད་མ་ལ་མི་གནོད་པའི་ཚུལ་གཉིས། དང་པོ་ལ། ཡུལ་ཅན་ཚད་མ་དང་ཚད་མིན་གྱི་དབྱེ་བ་དང་། དེས་ཡུལ་འཇལ་ཚུལ་གཉིས། དང་པོ། མཐོང་བ་རྫུན་པའང༴ གཉིས་པ་ལ། ཡུལ་ཡང་ལོག་གི་ཁྱད་པར་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་ུཞེན་ཡུལ་མ་འཁྲུལ་བའི་ཞེན་ཡུལ་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་དེའི་ངོར་ཡང་བདེན་པར་མི་འགྲུབ་པའི་ཚུལ་གཉིས། དང་པོ། གནོད་པ་མེད་པའི༴ གཉིས་པ། མི་ཤེས་གཉིད་ཀྱི༴ གཉིས་པ་དེས་དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་དྲི་མེད་ལ་མི་གནོད་ཚུལ། མིག་ནི་རབ་རིབ༴ གཉིས་པ་ལ་ཡུལ་ཕྱིན་ཅི་ལོག་པ་ཀུན་རྫོབ་བདེན་པ་ངེས་ཚིག་གི་སྒོ་ནས་བཤད་པ་དང་། ཕྱིན་ཅི་མ་ལོག་པ་དོན་དམ་བདེན་པ་དཔེའི་སྒོ་ནས་བསྟན་པ་གཉིས། དང་པོ། གཏི་མུག་རང་བཞིན༴ གཉིས་པ། རབ་རིབ་མཐུ་ཡི༴ གསུམ་པ་མཇུག་བསྡུ་བ་ལ། དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་སུ་འཇིག་རྟེན་གྱིས་མི་གནོད་པའི་ཚུལ་དང་། འཇིག་རྟེན་རང་གི་དོན་ལ་འཇིག་རྟེན་གྱིས་གནོད་ཚུལ་གཉིས། དང་པོ་ལ། འཇིག་རྟེན་ཚད་མར་མི་རིགས་པའི་ཚུལ་དང་། དེས་ན་ཚད་མིན་གྱིས་ཚད་མ་ལ་མི་གནོད་པར་བསྟན་པ་གཉིས། དང་པོ། གལ་ཏེ་འཇིག་རྟེན༴ གཉིས་པ། རྣམ་ཀུན་འཇིག་རྟེན༴ གཉིས་པ། འཇིག་རྟེན་དོན་ནི༴ གཉིས་པ་འཇིག་རྟེན་ཐ་སྙད་དུ་ཡང་རང་བཞིན་གྱི་གཞན་སྐྱེ་མེད་པར་སྟོན་པ། གང་ཕྱིར་འཇིག་རྟེན༴ གསུམ་པ་དེ་ལྟར་བཀག་པའི་ཡོན་ཏན། གང་ཕྱིར་མྱུ་གུ༴ གཉིས་པ་ཀུན་རྫོབ་ཙམ་དུའང་རང་བཞིན་གྱིས་སྐྱེ་བ་མེད་པར་སྟོན་པ་ལ། ཀུན་རྫོབ་ཏུ་ཡང་རང་བཞིན་གྱི་སྐྱེ་བ་བཀག་པ་དང་། དེ་ལྟར་བཀག་པས་ཕན་ཡོན་གཉིས། དང་པོ་ལ། བཀག་པ་དངོས་དང་། དེ་ལ་རྩོད་པ་སྤང་པ་གཉིས། དང་པོ་ལ། འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བས་དགག་པ། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བས་དགག་པ། དོན་དམ་པའི་སྐྱེ་བ་མི་ཁེགས་པར་ཐལ་བས་དགག་པ་གསུམ་ལས། དང་པོ། གལ་ཏེ་རང་གི༴ གཉིས་པ། གང་ཕྱིར་དངོས་པོ༴ གསུམ་པ། དེ་ཉིད་སྐབས་སུ༴ གཉིས་པ་རྩོད་སྤང། དངོས་པོ་སྟོང་པ༴ གཉིས་པ་ཐ་སྙད་དུ་ཡང་རང་བཞིན་གྱིས་སྐྱེ་བ་དགག་པའི་ཕན་ཡོན་ལ། རྟག་ཆད་ཀྱི་ལྟ་བ་ཤིན་ཏུ་ཕྲ་བ་སྤང་བའི་ཡོན་ཏན་དང་། ལས་འབྲས་ཀྱི་འབྲེལ་བ་ཆེས་འཐད་པའི་ཡོན་ཏན་གཉིས། དང་པོ། བདེན་པ་གཉིས་སུའང༴ གཉིས་པ་ལ། ཀུན་གཞི་སོགས་མེད་ཀྱང་ལས་འགག་པ་ལས་འབྲས་བུ་འབྱིིན་ནུས་པའི་ཚུལ་དང་། དེ་ལྟར་བསྟན་པ་ལ་རྩོད་པ་སྤང་བ་གཉིས། དང་པོ་ལ་དངོས་དང་དཔེ་བསྟན་པའོ། །དང་པོ། གང་ཕྱིར་རང་བཞིན་གྱིས༴ གཉིས་པ། རྨི་ལམ་དམིགས་པའི༴ གཉིས་པ་རྩོད་སྤང་ལ། རྣམ་སྨིན་ཐུགས་མེད་དུ་འབྱིན་པའི་རྩོད་སྤང་དང་། ཀུན་གཞི་ཡོད་པར་གསུང་པའི་ལུགས་དང་འགལ་བའི་རྩོད་སྤང་གཉིས། དང་པོ་ལ། དོན་གཉིས་མཚོན་པའི་དཔེ་བསྟན་པ་དང་། དཔེ་ཅན་ལས་ཀྱི་འབྲས་བུ་བསྐྱེད་ཚུལ་དངོས་གཉིས། དང་པོ། ཇི་ལྟར་ཡུལ་ནི༴ གཉིས་པ་ལ་རྣམ་སྨིན་ཐུག་མེད་དུ་མི་འབྱིན་པའི་ཚུལ་དང་། འབྲས་བུ་འཆོར་བར་མི་འབྱིན་པའི་ཚུལ་གཉིས་། དང་པོ། དེ་བཞིན་སྨིན་ལས༴ གཉིས་པ། དེ་ཕྱིར་རྣམ་སྨིན༴ གཉིས་པ་ལ། ལུང་དེ་འདྲ་བ་དྲང་དོན་་དུ་ུབསྟན་པ་དང་། དེ་དག་གི་དཔེ་བསྟན་པ་གཉིས། དང་པོ། ཀུན་གཞི་ཡོད་ཅིང༴ གཉིས་པ། འཇིག་ཚོགས༴ ༈ གཉིས་པ་སེམས་ཙམ་གྱི་ལུགས་བྱེ་བྲག་ཏུ་དགག་པ་ལ། ཕྱོགས་སྔ་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ། གཟུང་བ་མེད་པར༴ གཉིས་པ་ལ། རིགས་པས་དགག་པ་དང་། སེམས་ཙམ་དུ་གསུང་པའི་ལུང་གི་དགོངས་དོན་བཤད་པ་གཉིས། དང་པོ་ལ་ཕྱི་རོལ་མེད་པ་ཤེས་པ་རང་བཞིན་གྱིས་གྲུབ་པ་དགག་པ་དང་། གཞན་དབང་རང་བཞིན་གྱིས་གྲུབ་པ་དགག་པ་གཉིས། དང་པོ་ལ། ཕྱི་རོལ་མེད་པའི་ཤེས་པ་རང་གི་ངོ་བོ་དགག་པ་དང་། དེ་ལས་བེམས་པོར་སྣང་བའི་བག་ཆགས་སྨིན་པའི་ཚུལ་བཤད་པ་དགག་པ། དེ་ལྟར་བཀག་པའི་མཇུག་བསྡུ་བ་གསུམ། དང་པོ་ལ། ཕྱི་རོལ་མེད་པར་ཤེས་པ་རང་བཞིན་གྱིས་གྲུབ་པའི་དཔེ་དགག་པ། བག་ཆགས་ཀྱི་ནུས་པ་ལས་དོན་གྱིས་སྟོང་པའི་ཤེས་པ་སྐྱེ་བའི་དོན་དགག་པ་གཉིས། དང་པོ་ལ། རྨི་ལམ་གྱི་དཔེ་དགག་པ་དང་། སྐྲ་ཤད་མཐོང་བའི་དཔེས་དགག་པ་གཉིས། དང་པོ་ལ། དྲི་བ་དང་། འདོད་པ་དེ་དགག་པ་གཉིས། དང་པོ། ཕྱི་རོལ་མེད་སེམས༴ གཉིས་པ་ལ། རྨི་ལམ་གྱི་དཔེས་ཤེས་པ་རང་བཞིན་གྱིས་ཡོད་པར་མི་འགྲུབ་པར་བསྟན་པ། རྨི་ལམ་གྱི་དཔེས་སད་དུས་ཀྱི་ཕྱི་རོལ་མེད་པར་མི་འགྲུབ་པར་བསྟན་པ། དེ་ཡི་ཕྱིར་ན་རྨི་ལམ་གྱི་དཔེས་དངོས་པོ་ཐམས་ཅད་རྫུན་པར་གྲུབ་ཚུལ་བསྟན་པ་གསུམ། དང་པོ། གང་ཚེ་ང་ལ༴ གཉིས་པ་ལ། འདོད་པ་བཀོད་པ་དང་། དེ་དགག་པ་གཉིས། དང་པོ། གལ་ཏེ་གཉིད་ནང༴ གཉིས་པ། ཇི་ལྟར་ཁྱོད་ཀྱི༴ གསུམ་པ། འདི་ན་ཇི་ལྟར༴ གཉིས་པ་སྐྲ་ཤད་ཀྱི་དཔེ་དགག་པ། དབང་པོ་རབ་རིབ༴ གཉིས་པ་དོན་སྟོང་གི་ཤེས་པ་སྐྱེ་ཚུལ་དགག་པ་ལ། མཚམས་སྦྱར་བའི་སྒོ་ནས་གཞན་ལུགས་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ། གང་ཕྱིར་མཐོང་བ༴ གཉིས་པ་དེ་དགག་པ་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོ། ནུས་དེ་མེད་པས༴ གཉིས་པ་ལ། རྣམ་ཤེས་ད་ལྟ་བ་ལ་ནུས་པ་རང་བཞིན་གྱིས་ཡོད་པ་དགག་པ། མ་འོང་པ་ལ་ཡོད་པ་དགག་པ། འདས་པ་ལ་ཡོད་པ་དགག་པ་གསུམ། དང་པོ། སྐྱེས་ལ་ནུས་པ༴ གཉིས་པ་ལ། སྤྱིར་དགག་པ་དང་། སྐྱོན་སྤང་གི་ལན་དགག་པ་གཉིས། དང་པོ། མ་སྐྱེས་ངོ་བོ༴ གཉིས་པ། གལ་ཏེ་འབྱུང་བར༴ གསུམ་པ་འདས་པའི་ནུས་པ་དགག་པ་ལ། བཀག་པ་དངོས་དང་། དེའི་ཉེས་སྤང་གི་ལན་དགག་པ་གཉིས། དང་པོ། གལ་ཏེ་དགག་པའི༴ གཉིས་པ་ལ། ལན་དང་། དེ་དགག་པ་གཉིས། དང་པོ། གལ་ཏེ་དེ་ནི༴ གཉིས་པ། འདི་ནི་བསྒྲུབ་བྱ་ཞིག༴ གཉིས་པ་ཤེས་པ་དེ་ལས་བེམས་པོར་སྣང་བའི་བག་ཆགས་སྨིན་ཚུལ་དགག་པ་ལ། ཕྱོགས་སྔ་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ། མིག་བློ་སྐྱེ་བ༴ གཉིས་པ་ལ། བཀག་པ་དངོས་དང་། ཤེས་པ་ལས་དོན་སྣང་སྐྱེ་བའི་སྒྲུབ་བྱེད་ལྷག་མ་རྣམས་ཀྱང་དོན་མེད་པར་བསྟན་པ་གཉིས། དང་པོ་ལ་ཕྱི་རོལ་མེད་པར་ཤེས་པ་ཁོ་ན་དོན་སྣང་གི་རྣམ་པར་སྐྱེ་ན་སད་དུས་སུ་ལོང་བ་ལ་གཟུགས་སྣང་བར་ཐལ་བས་དགག་པ། སད་དུས་སུ་ནུས་པ་མ་སྨིན་པར་འདོད་ན་རྨི་ལམ་གྱི་ཚེ་ཡང་གཟུགས་སྣང་མི་སྐྱེ་བར་ཐལ་བས་དགག་པ། དེས་ན་ཡུལ་དབང་ཤེས་གསུམ་བདེན་རྫུན་མཉམ་པར་བསྟན་པ་གསུམ། དང་པོ། ཇི་ལྟར་མིག་མེད༴ གཉིས་པ། གལ་ཏེ་ཁྱོད་ལྟར༴ གསུམ་པ། དེ་ཕྱིར་རྨི་ལམ༴ གཉིས་པ་སེམས་ཙམ་པའི་སྒྲུབ་བྱེད་གཞན་དོན་མེད་པར་སྟོན་པ་ལ་རིགས་པས་སྒྲུབ་བྱེད་མེད་པ། ལུང་གི་སྒྲུབ་བྱེད་མེད་པ་། དཔེས་སྒྲུབ་བྱེད་མེད་པ་གསུམ། དང་པོ། འདི་ཡིས་ལན་ནི༴ གཉིས་པ། སངས་རྒྱས་རྣམས་ཀྱིས་ནི༴ གསུམ་པ་ལ་དཔེ་གཞན་མི་སྡུག་པ་བསྒོམ་པའི་ཡིད་ངོར་ཀེང་རུས་སྣང་བའི་དཔེས་སྒྲུབ་པ་དང་། ཡི་དྭགས་རྣམས་ཀླུང་ལ་རྣག་ཏུ་མཐོང་བའི་དཔེས་བསྒྲུབ་པ་དོན་མེད་པར་བསྟན་པ་གཉིས། དང་པོ། རྣལ་འབྱོར་པ་ཡི༴ གཉིས་པ། རབ་རིབ་དང་། གསུམ་པ་མཇུག་བསྡུ་བ། མདོར་ན་ཇི་ལྟར༴ གཉིས་པ་གཞན་དབང་རང་བཞིན་གྱིས་གྲུབ་པ་དགག་པ་ལ། གཞན་དབང་རང་བཞིན་གྱིས་ཡོད་པར་མི་འཐད་པར་བསྟན་པ། དེས་ན་སེམས་ཙམ་པའི་ལུགས་བདེན་པ་གཉིས་ཆར་ལས་ཉམས་པར་བསྟན་པ། བདེན་གཉིས་མ་ནོར་བ་ཀླུ་སྒྲུབ་ཀྱི་ལུགས་ཁོ་ནར་བསྟན་པ། གཞན་དབང་ཁས་ལེན་པ་དང་འཇིག་རྟེན་ཐ་སྙད་ཙམ་དུ་ཁས་ལེན་པ་མི་མཚུངས་པར་བསྟན་པ་བཞི། དང་པོ་ལ། གཞན་དབང་གི་སྒྲུབ་བྱེད་དྲི་བའི་ཚུལ་གྱིས་དགག་པ་མདོར་བསྟན་པ། དེ་རྒྱས་པར་བཤད་པ་གཉིས། དང་པོ། གལ་ཏེ་གཟུགས་མེད༴ གཉིས་པ་ལ། གཞན་དབང་ཡོད་པར་རྟོགས་པའི་ཚད་མ་རང་རིག་དགག་པ་དང་། དེ་བཀག་པས་ཚད་མ་མེད་པར་གཞན་དབང་ཡོད་པར་མི་འགྲུབ་པའི་ཚུལ་གཉིས། དང་པོ་ལ་་དམ་བཅའི་སྒོ་ནས་མདོར་བསྟན། དེ་རིགས་པའི་སྒོ་ནས་རྒྱས་པར་བཤད་པའོ། དང་པོ། དེ་ཉིད་ཀྱིས་དེ༴ གཉིས་པ་ལ་རང་རིག་རྗེས་དཔག་གི་སྒོ་ནས་མི་འགྲུབ་ཚུལ་དང་། རང་རིག་མངོན་སུམ་གྱི་ཚད་མས་མི་འགྲུབ་ཚུལ་གཉིས། དང་པོ་ལ། གཏན་ཚིག་བཀོད་པ་དང་། དེ་བཀག་པ་གཉིས། དང་པོ། གལ་ཏེ་ཕྱི་དུས༴ གཉིས་པ་ལ། དྲན་པ་རང་རིག་བསྒྲུབ་པའི་གཏན་ཚིག་ཏུ་མ་གྲུབ་པས་དགག་པ་དང་། རང་རིག་ཡོད་དུ་ཆུག་ཀྱང་དེ་དྲན་པས་དྲན་པར་མི་རིགས་པས་དགག་པ་གཉིས། དང་པོ། མ་གྲུབ་གྲུབ་པར༴ གཉིས་པ་ལ་དངོས་དང་། ཞར་བྱུང་རང་ལུགས་ལ་རང་རིག་མེད་ཀྱང་དྲན་པ་སྐྱེ་ཚུལ་གཉིས། དང་པོ་ལ། འགོག་པའི་རིགས་པ་དངོས་བཤད་པ་དང་། རིགས་པ་དེས་ལན་གྱི་ཁྱད་པར་གཞན་རྣམས་ཀྱང་འཇོམས་པར་བསྟན་པའོ། །དང་པོ། རང་རིག་པ་ནི༴ གཉིས་པ། གཏན་ཚིག་འདིས་ནི༴ གཉིས་པ་རང་ལུགས། གང་ཕྱིར་གང་གིས༴ གཉིས་པ་རང་རིག་མངོན་སུམ་གྱིས་མི་འགྲུབ་པའི་ཚུལ། དེ་ཕྱིར་རང་རིག་ཡོད་པ༴ གཉིས་པ་ཡོད་པར་ངེས་པའི་ཚད་མ་མེད་བཞིན་དུ་ཡོད་པར་ཁས་ལེན་མི་རིགས་ཚུལ། གལ་ཏེ་སྐྱེ་བ་མེད༴ གཉིས་པ་བདེན་གཉིས་ལས་ཉམས་པར་བསྟན་པ། གང་ཚེ་གཞན་དབང༴ གསུམ་པ་ལ། ཐར་འདོད་ཀྱི་ལམ་རྣམ་དག་ཀླུ་སྒྲུབ་ཀྱི་ལུགས་ཁོ་ནར་བསྟན་པ་དང་། དེའི་འཐད་པ་བསྒྲུབ་པ་གཉིས། དང་པོ། སློབ་དཔོན་ཀླུ་སྒྲུབ་ཞབས༴ གཉིས་པ་ལ། བདེན་གཉིས་ཀྱི་རྣམ་བཞག་མ་ནོར་བ་ཁོང་དུ་མ་ཆུད་པར་མི་གྲོལ་བའི་ཚུལ་དང་། བདེན་གཉིས་ཇི་ལྟ་བ་བཞིན་མ་ཤེས་པར་དེ་ཁོ་ན་ཉིད་མི་རྟོག་པར་བསྟན་པ་གཉིས། དང་པོ། དེ་དག་ཀུན་རྫོབ༴ གཉིས་པ། ཐ་སྙད་བདེན་པ༴ བཞི་པ། ཇི་ལྟར་ཁྱོད་ཀྱི༴ གཉིས་པ་སེམས་ཙམ་དུ་གསུངས་པའི་ལུང་གི་དོན་བཤད་པ་ལ། མདོ་སྡེ་ས་བཅུ་པ་ལས་གསུངས་པའི་ལུང་གི་དོན་བཤད་པ་དང་། ལང་ཀར་གཤེགས་པ་ལས་གསུངས་པའི་ལུང་གི་དོན་བཤད་པ་གཉིས། དང་པོ་ལ་ལུང་གི་དོན་བཤད་པ་དང་། དེ་འཐད་པས་བསྒྲུབ་པ་གཉིས། དང་པོ། མངོན་གྱུར་མངོན་ཕྱོགས༴ གཉིས་པ་ལ། ལུང་གི་བསྒྲུབ་པ་དང་། རིགས་པས་བསྒྲུབ་པ། དེ་ལྟར་གྲུབ་པའི་མཇུག་བསྡུ་བ་གསུམ། དང་པོ་ལ། མདོ་གང་ལས་གསུངས་པའི་ཚུལ་དང་། ཇི་ལྟར་གསུང་བའི་ཚུལ་གསལ་བར་བཤད་པ་གཉིས། དང་པོ། དེ་ཕྱིར་བློ་ལྡན༴ གཉིས་པ། ཇི་བཞིན་རང་གི༴ གཉིས་པ་ལ། ཙམ་གྱི་སྒྲ་ཕྱི་རོལ་འགོག་པའི་དོན་མིན་པར་སེམས་གཙོ་བོར་གྱུར་པ་ཡིན་པར་སྟོན་པ། དེ་ལྟར་འཐད་པའི་ཚུལ་བཤད་པ་གཉིས། དང་པོ། དེ་ཉིད་རྒྱས་ལ༴ གཉིས་པ་ལ་ཙམ་གྱི་སྒྲས་ཕྱི་རོལ་འགོག་པར་འདོད་པ་མི་འཐད་པའི་ཚུལ་དང་། གཙོ་བོར་འདོད་པ་འཐད་པའི་ཚུལ་གཉིས། དང་པོ། གལ་ཏེ་འདི་དག༴ གཉིས་པ་ལ་སེམས་གཙོ་བོ་ཡིན་པའི་ཚུལ་དང་། གཞན་དེ་ཙམ་དུ་མི་གཙོ་བའི་ཚུལ་གཉིས། དང་པོ། སེམས་ཉིད་ཀྱིས་ནི༴ གཉིས་པ། གལ་ཏེ་གཟུགས་ཡོད༴ གསུམ་པ་མཇུག་བསྡུ་བ། འཇིག་རྟེན་པ་ཡི༴ གཉིས་པ་ལང་གཤེགས་ལས་གསུངས་པའི་དགོངས་པ་བཤད་པ་ལ། ལུགས་དེ་འདྲ་བ་དྲང་དོན་དུ་སྟོན་པ་དང་། དེ་ལྟར་ངེས་པའི་སྒྲུབ་བྱེད་བཀོད་པ་གཉིས། དང་པོ། མདོ་སྡེ་གང་ལ༴ གཉིས་པ་ལ། དྲང་དོན་དུ་ལུང་རིགས་་ཀྱིས་འགྲུབ་པ་དང་། དེ་ལྟར་གསུང་པའི་དགོངས་པ་བཤད་པ། ཚུལ་དེ་ལྟ་བུའི་སྒོ་ནས་མདོ་གཞན་གྱི་དྲང་ངེས་ཀྱང་རྟོགས་པར་གདམས་པ་གསུམ། དང་པོ། འདི་ནི་སྟོན་པས༴ གཉིས་པ། ཤེས་བྱ་མེད་ན༴ གསུམ་པ། དེ་ལྟར་ལུང་གི༴ ༈ གསུམ་པ་གཉིས་ཀ་ལས་སྐྱེ་བ་དགག་པ་ལ། གོང་གི་རིགས་པ་རྣམས་ཀྱིས་ཁེགས་པར་སྟོན་པ་དང་། གོང་མ་གཉིས་ལས་ཀྱང་མི་འཐད་པར་སྟོན་པ་གཉིས། དང་པོ།་གཉིས་ལས་སྐྱེ་བའང༴ གཉིས་པ། འདི་ནི་འཇིག་རྟེན༴ བཞི་པ་རྒྱུ་མེད་དགག་པ་ལ། ཕྱོགས་སྔ་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ། གལ་ཏེ་རྒྱུ་མེད༴ གཉིས་པ་ལ་རྒྱུ་མེད་སྤྱིར་དགག་པ་དང་། འཇིག་རྟེན་ཕ་རོལ་མེད་པ་བྱེ་བྲག་ཏུ་དགག་པ་གཉིས། དང་པོ་ལ། འབྲས་བུ་འདི་རྣམས་ཡོད་ན་རྟག་ཏུ་ཡོད་པ་སོགས་ཀྱིས་དགག་པ་དང་། རྒྱུ་མེད་ན་རྟག་ཏུ་མེད་པ་སོགས་ཀྱིས་དགག་པ་གཉིས། དང་པོ་ལ། རྟག་ཏུ་ཡོད་པ་དང་། ཐམས་ཅད་ལས་འབྱུང་བའི་སྐྱོན་གཉིས། དང་པོ། དེ་ཚེ་མཐའ་དག་རྟག་ཏུ། ཞེས་པས་བསྟན། གཉིས་པ། ཐམས་ཅད་ལས་ཀྱང་སྐྱེ་འགྱུར་ཞིང་། །ཞེས་པས་བསྟན། གཉིས་པ་ལ་འབྲས་བུའི་ཆེད་དུ་རྒྱུ་མི་སོགས་པར་ཐལ་བས་དགག་པ་དང་། འཇིག་རྟེན་གྱི་དངོས་པོ་ཐམས་ཅད་ནམ་མཁའི་མེ་ཏོག་ལྟར་རྟག་ཏུ་མེད་པར་ཐལ་བས་དགག་པ་གཉིས། དང་པོ། འབྲས་འབྱུང་ཆེད་དུ༴ གཉིས་པ། གལ་ཏེ་འགྲོ་བ༴ གཉིས་པ་འཇིག་རྟེན་ཕ་རོལ་མེད་པ་དགག་པ་ལ། རྒྱང་འཕེན་པའི་བློ་འཇིག་རྟེན་ཕ་རོལ་མེད་པར་རྟོགས་པ་ལ་ཚད་མ་མིན་པར་སྟོན་པ། ཕྱིན་ཅི་ལོག་གི་བློ་ཡིན་པར་སྟོན་པ་གཉིས། དང་པོ། འབྱུང་བ་དེ་དག༴ གཉིས་པ་ལ། རྒྱང་འཕེན་པའི་བློ་དེ་འདྲ་བ་དངོས་པོའི་གནས་ཙུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་བློ་ཡིན་པར་བསྒྲུབ་པ་དང་། དེའི་དཔེ་ལ་རྩོད་པ་སྤང་བ་གཉིས། དང་པོ། འཇིག་རྟེན་ཕ་རོལ༴ གཉིས་པ། འབྱུང་བ་དེ་དག༴ གསུམ་པ་དེ་ལྟར་གྲུབ་པའི་དོན་གྱིས་མཇུག་བསྡུ་བ་ནི། གང་གི་ཕྱིར་ན༴ གཉིས་པ་དེ་ལྟར་བཀག་པ་ལ་རྩོད་པ་སྤང་བ་ལ། རང་བཞིན་དེ་ལྟར་ཡིན་ན་ཐམས་ཅད་ཀྱིས་མཐོང་བར་ཐལ་བའི་རྩོད་སྤང་དང་། སྣང་གཞི་མེད་ན་ཐ་སྙད་དུ་ཡང་མི་སྣང་བར་ཐལ་བའི་རྩོད་སྤང་གཉིས། དང་པོ་ལ། རང་བཞིན་མི་སྣང་བའི་རྒྱུ་བསྟན་པ་དང་། རྒྱུ་ཡང་རང་བཞིན་མེད་པར་བསྟན་པ་དང་གཉིས། དང་པོ་ལ། རྒྱུ་གང་གིས་རང་བཞིན་མི་མཐོང་ཚུལ་དང་། དེ་དཔེས་བསྒྲུབ་པ་གཉིས། དང་པོ། གང་གིས་སྤྲིན་ཚོགས༴ གཉིས་པ། ཇི་ལྟར་རབ་རིབ༴ གཉིས་པ་རྒྱུ་དེ་ཡང་རང་བཞིན་མེད་པར་བསྟན་པ་ནི། གལ་ཏེ་གཏི་མུག༴ གཉིས་པ། དེ་ལྟར་གཞི་ཅུང་ཟད་ཀྱང་མེད་ན་ཐ་སྙད་དུ་ཡང་མི་སྣང་བར་ཐལ་བའི་རྩོད་སྤང་ལ། རྩོད་པ་དང་། དེའི་ལན་གཉིས། དང་པོ། གལ་ཏེ་དངོས་རྣམས༴ གཉིས་པ་ལ་དཔེའི་སྒོ་ནས་རྩོད་པ་དེ་མ་ངེས་པར་སྟོན་པ་དང་། དོན་དུ་རང་བཞིན་གྱིས་མ་སྐྱེས་པ་དང་ཐ་སྙད་དུ་སྣང་བ་མི་འགལ་བར་སྟོན་པ་གཉིས། དང་པོ་ལའང་། བསྟན་བཤད་གཉིས། དང་པོ། གང་དག་རབ་རིབ༴ གཉིས་པ་ལ། གཟུགས་བརྙན་སོགས་མི་སྣང་བར་ཐལ་བ་འཕེན་པ་དང་། དེའི་ཕྱིར་ན་གཏན་ཚིགས་དེ་མ་ངེས་པར་སྟོན་པ་གཉིས། དང་པོ། གལ་ཏེ་རྨི་ལམ༴ གཉིས་པ། དེ་ཉིད་དུ་འདི༴ གཉིས་པ་ལ། རང་བཞིན་གྱིས་སྐྱེ་བ་བདེན་པ་གཉིས་ཆར་མེད་པར་སྟོན་པ། སྐྱེ་བ་མེད་ཀྱང་སྣང་བར་མི་འགལ་བར་སྒྲུབ་པ་གཉིས། དང་པོ་ལ། རང་བཞིན་གྱིས་སྐྱེ་བ་མེད་པར་བསྟན་པ་དངོས་དང་། ལུང་གིས་ཀྱང་དེ་ལྟར་བསྟན་ཚུལ་གཉིས། དང་པོ། མོ་གཤམ་བུ་ལ༴ གཉིས་པ། དེ་ཕྱིར་འདི་ལྟར༴ གཉིས་པ་རང་བཞིན་གྱིས་མ་སྐྱེས་ཀྱང་སྣང་བར་མི་འགལ་བ་ནི། བུམ་སོགས་འདི་དག༴ འདི་རྣམས་ལ་གོ་བ་དཔྱིས་ཕྱིན་པ་ཆགས་ན་སྟོང་བ་རྟེན་འབྱུང་དུ་འཆར་བ་ལ་ཡིད་ཆེས་ནས་སྣང་སྟོང་ཟུང་འཇུག་གི་གནད་ལ་ངེས་ཤེས་སྐྱེ་བས་ཤིན་ཏུ་རྩད་ཆོད་ཅིག །མཆན། ༈ གཉིས་པ་སྐྱེ་བ་རྟེན་འབྱུང་ཙམ་དུ་སྟོན་པ་ལ། མཐའ་བཞིར་མི་སྐྱེ་བའི་གནད་ཀྱིས་ཆོས་རྣམས་རྟེན་འབྱུང་ཙམ་དུ་བསྟན་པ་དང་། རྟེན་འབྱུང་གི་རིགས་པ་དེ་ཡིས་ལྟ་ངན་མ་ལུས་པ་གཅོད་པའི་བསྔགས་པ་གཉིས། དང་པོ། གང་ཕྱིར་རྒྱུ་མེད༴ གཉིས་པ། གང་ཕྱིར་དངོས་པོ༴ གསུམ་པ་རིགས་པས་དཔྱད་པ་བྱས་པའི་འབྲས་བུ་ངོས་བཟུང་བ་ལ། དཔྱད་པའི་འབྲས་བུ་བསྟན་པ་དང་། འབྲས་བུ་དེའི་རྒྱུ་དཔྱད་པ་དགོས་ཚུལ་བཤད་པ་གཉིས། དང་པོ་ལ། རྟོག་རྣམས་ལྡོག་པའི་རྒྱུ་མཚན་དང་། རྒྱུ་མཚན་དེ་ལྡན་གྱི་རྟོག་ལོག་པ་དེ་དཔྱོད་པའི་འབྲས་བུར་བསྟན་པ་གཉིས། དང་པོ། རྟོག་རྣམས་དངོས་པོ༴ གཉིས་པ། སོ་སོའི་སྐྱེ་བོ༴ གཉིས་པ་ལ། དེ་ཁོ་ན་ཉིད་དཔྱོད་པ་ལ་སྐྱོན་མེད་པས་ན་དཔྱད་དགོས་ཚུལ་དང་། ཡོན་ཏན་ཡོད་པས་ན་དཔྱད་དགོས་ཚུལ་གཉིས། དང་པོ། བསྟན་བཅོས་ལས་དཔྱད༴ གཉིས་པ། རང་གི་ལྟ་ལ༴ ༈ གཉིས་པ་གང་ཟག་གི་བདག་མེད་རིགས་པས་གཏན་ལ་ཕབས་པ་ལ། ཐར་འདོད་ཀྱིས་ཐོག་མར་བདག་དགག་དགོས་པའི་ཚུལ་དང་། དེ་འགོག་བྱེད་ཀྱི་རིགས་པ་བསྟན་པ་གཉིས། དང་པོ། ཉོན་མོངས་སྐྱོན་རྣམས༴ གཉིས་པ་ལ། བདག་རྫས་ཡོད་དུ་འདོད་པའི་ལུགས་དགག་པ་དང་། བདག་བརྟེན་ནས་བཏགས་པ་ཙམ་དུ་བསྟན་པ་གཉིས། དང་པོ་ལ། བདག་ཕུང་ཐ་དད་དུ་འདོད་པ་དགག་པ། བདག་ཕུང་གཅིག་ཏུ་འདོད་པ་དགག་པ། བདག་ཕུང་གཅིག་ཐ་དད་གང་དུའང་བརྗོད་དུ་མེད་པར་དགག་པ་གསུམ། དང་པོ་ལ་ཕྱོགས་སྔ་མའི་ལུགས་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ། ཟ་བོ་རྟག་དངོས༴ གཉིས་པ་ལ། རྟག་དངོས་ཀྱི་བདག་དེ་འདྲ་བ་མི་སྲིད་པས་དགག་པ་དང་། ཕུང་པོ་ལས་ཐ་དད་མེད་པས་དགག་པ་གཉིས། དང་པོ་ལ། འགོག་བྱེད་ཀྱི་རིགས་པ་སྤྱིར་བསྟན་པ་དང་། དེས་རྟག་དངོས་ཀྱི་བདག་འདོད་པའི་བྱེ་བྲག་མི་འདྲ་བ་ཀུན་ཀྱང་འཇོམས་པར་བསྟན་པ་གཉིས། དང་པོ། མོ་གཤམ་བུ་ལྟར༴ གཉིས་པ། གང་ཕྱིར་བསྟན་བཅོས༴ གཉིས་པ་ཕུང་པོ་ལས་ཐ་དད་དུ་མེད་པས་དགག་པ་ནི། དེ་ཕྱིར་ཕུང་པོ༴ གཉིས་པ་བདག་ཕུང་གཅིག་ཏུ་འདོད་པ་དགག་པ་ལ། ཕྱོགས་སྔ་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ། ཕུང་པོ་ལས་གཞན༴ གཉིས་པ་ལ་བདག་ཕུང་གཅིག་པ་སྤྱིར་དགག་པ་དང་། ཕུང་པོ་དང་འབྲེལ་བར་བདག་ཏུ་རྟོག་ཚུལ་གཞན་དགག་པ་གཉིས། དང་པོ་ལ། ཕུང་པོ་བདག་ལྟའི་དམིགས་པར་མི་འཐད་པའི་རིགས་པ་བརྗོད་པ་དང་། ཕུང་པོ་ལ་དམིགས་པར་གསུང་བའི་དོན་བཤད་པ་གཉིས། དང་པོ་ལ། བདག་ཕུང་གཅིག་པ་སྤྱིར་དགག་པ་དང་། ཕྱོགས་སྔའི་འདོད་པ་དང་ནང་འགལ་བའི་སྒོ་ནས་ཁྱད་པར་དུ་དགག་པ་གཉིས། དང་པོ། གལ་ཏེ་ཕུང་པོ་བདག༴ གཉིས་པ་ལ་ཕྱོགས་སྔ་བ་རང་གི་འདོད་པ་དང་འགལ་བ། ལུང་དང་འགལ་བ། རིགས་པ་དང་འགལ་བ་གསུམ། དང་པོ་ལ། བཀག་པ་དངོས་དང་། དེ་ལྟར་བཀག་པའི་མཇུག་བསྡུ་བ་གཉིས། དང་པོ་ལ། བདག་ཏུ་འཛིན་པ་ཕྱིན་ཅི་ལོག་མ་ཡིན་པ་ཐལ་བས་དགག་པ། བདག་ཆད་པར་ཐལ་བས་དགག་པ། མྱང་འདས་བསྒྲུབ་པ་དོན་མེད་དུ་ཐལ་བས་དགག་པ། ལས་འབྲས་ཀྱི་རྣམ་གཞག་མི་འཐད་པས་དགག་པ་བཞི་ལས། དང་པོ། བདག་ནི་རྫས་སུ༴ གཉིས་པ། མྱ་ངན་འདས་ཚེ༴ གསུམ་པ༴ མྱ་ངན་འདས་སྔོན༴ བཞི་པ་ལ་དངོས་དང་། དེའི་ལན་དགག་པ་གཉིས། དང་པོ་ལ། ལས་བྱས་པ་ཆུད་ཟ་བའི་སྐྱོན་དུ་ཐལ་བ་དང་། མ་བྱས་པ་དང་འཕྲད་པར་ཐལ་བས་དགག་པ་གཉིས། དང་པོ། བྱེད་པོ་མེད་པས༴ གཉིས་པ། གཞན་གྱིས་བསགས་ལ༴ གཉིས་པ་ཉེས་སྤོང་གི་ལན་དགག་པ། དེ་ཉིད་དུ་རུང༴ གཉིས་པ་མཇུག་བསྡུ་བ། དེ་ཕྱིར་ཕུང་པོ༴ གཉིས་པ་ལུང་དང་འགལ་བ། འཇིག་རྟེན་མཐའ་ལྡན༴ གསུམ་པ་རིགས་པ་དང་འགལ་ཚུལ་ལ། ཕུང་པོ་བདག་ལྟའི་དམིགས་པ་ཡིན་ན་བདག་མེད་མཐོང་ཚེ་དངོས་རྣམས་མེད་པར་ཐལ་བས་དགག་པ། ཕུང་སོགས་ཡོད་ན་བདག་ཀྱང་མི་ཁེགས་པས་ཆགས་སོགས་མི་ལྡོག་པར་ཐལ་བས་དགག་པ་གཉིས། དང་པོ་ལ། དངོས་དང་། དེའི་ཉེས་སྤོང་གི་ལན་དགག་པ་གཉིས། དང་པོ། ཁྱོད་ཀྱི་རྣལ་འབྱོར༴ གཉིས་པ། རྟག་བདག་སྤོང་ན༴ གཉིས་པ་ཆགས་སོགས་ཀྱང་མི་ལྡོག་པར་ཐལ་བ་ནི། ཁྱོད་ཀྱི་རྣལ་འབྱོར༴ གཉིས་པ་མདོ་ལས་ཕུང་པོ་བདག་ལྟའི་དམིགས་པར་གསུང་བའི་དོན་བཤད་པ་ལ། ལུང་གི་དོན་ཕུང་པོ་བདག་ཏུ་འདོད་པ་མིན་པར་བསྟན་པ། རྟེན་ནས་བཏགས་པའི་བདག་ཙམ་ཡིན་པར་སྟོན་པ་གཉིས། དང་པོ་ལ། ལུང་དོན་ཕུང་པོ་བདག་ཏུ་བཞེད་པར་འདོད་པ་ཕྱོགས་སྔའི་ལུགས་བཀོད་པ་དང་། དེ་བཀག་པ་གཉིས། དང་པོ། གང་ཕྱིར་སྟོན་པས༴ གཉིས་པ་ལ། ལུང་གི་དགོངས་པ་དགག་བྱ་གཅོད་ཕྱོགས་ནས་ཡིན་པར་བསྟན་པ། གལ་ཏེ་བསྒྲུབ་ཕྱོགས་ནས་ཡིན་དུ་ཆུག་ཀྱང་དེས་ཕྱོགས་སྔའི་འདོད་པ་ལ་མི་ཕན་པའི་ཚུལ་གཉིས། དང་པོ་ལ། བསྟན་བཤད་གཉིས། དང་པོ། བདག་ནི་ཕུང་ལས༴ གཉིས་པ། གང་ཕྱིར་གཟུགས་ཚོར༴ གཉིས་པ་ལ། ཕུང་པོ་བདག་ཡིན་ན་ཚོགས་པ་ལས་རེ་རེ་པ་མིན་ཚུལ་དང་། དེ་ལྟར་ན་ཕྱོགས་སྔའི་འདོད་པ་དང་འགལ་ཚུལ་གཉིས། དང་པོ། ཕུང་པོ་བདག་ཏུ༴ གཉིས་པ་ལ་ཇི་ལྟར་འགལ་ཚུལ་དང་། དེའི་ཉེས་སྤོང་གི་ལན་དགག་པ་གཉིས། དང་པོ། མགོན་མིན་འདུལ་བ༴ གཉིས་པ་ཚོགས་དང་ཚོགས་ཅན་ངོ་བོ་གཅིག་པས་སྐྱོན་དེ་མེད་དོ་ཞེས་པའི་ཉེས་སྤོང་གི་ལན་ལ། མདོ་ཡི་ལུང་དོན་དང་མི་འབྲེལ་བས་དགག་པ་དང་། རིགས་པ་དང་འགལ་བས་དགག་པ་གཉིས། དང་པོ་ལ། དཔེ་དཔེ་ཅན་གྱི་སྒོ་ནས་ཚོགས་ཙམ་བདག་ཡིན་པར་དགག་པ་དང་། དེའི་ཉེས་སྤོང་གི་ལན་དགག་པ་གཉིས། དང་པོ་ལ། ཚོགས་ཙམ་བདག་ཡིན་ན་དཔེ་ཤིང་རྟའི་ཡན་ལག་ཚོགས་པ་ཤིང་རྟར་ཐལ་བས་དགག་པ། དཔེ་དེ་བཞིན་དཔེ་ཅན་བདག་ཀྱང་ཕུང་པོ་ལ་བརྟེན་ནས་བཏགས་པར་གསུང་བའི་ཚོགས་ཙམ་བདག་མིན་པར་བསྟན་པ་གཉིས། དང་པོ། དེ་ཚེ་དེ་ཡི༴ གཉིས་པ། མདོ་ལས་ཕུང་པོ༴ གཉིས་པ་ཉེས་སྤོང་གི་ལན་ཚོགས་ཙམ་མིན་གྱི་ཚོགས་པའི་སྐབས་སུ་དབྱིབས་ཁྱད་པར་བ་ཞིག་འགྲུབ་པ་དེ་ཡིན་ཞེ་ན། དེ་དགག་པ་ལ། དབྱིབས་ཞེ་ན་དེ༴ གཉིས་པ་རིགས་པ་དང་འགལ་བ་ལ། འགལ་བ་བརྗོད་པ་དང་། དེའི་ཉེས་སྤོང་གི་ལན་དགག་པ་གཉིས། དང་པོ། ལེན་པོ་རང་ཉེར༴ གཉིས་པ། བྱེད་པོ་མེད་ལས༴ གཉིས་པ་མདོ་ལས་བདག་བཏགས་པར་གསུང་བ་ལ། མདོ་ལས་ཕུང་སོགས་བདག་ཏུ་མ་གསུང་ཞིང་དེ་རྣམས་ལ་བརྟེན་ནས་བཏགས་པར་ཇི་ལྟར་གསུང་ཚུལ་དང་། གསུང་པ་ལྟར་ངར་འཛིན་ལྷན་སྐྱེས་ཀྱིས་ཀྱང་དེ་རྣམས་ཐུན་མོང་དང་། རེ་རེ་ལ་ཚོགས་པ་གསུམ་གང་ཡང་བདག་ཏུ་མི་དམིགས་པའི་ཚུལ་དང་། ངར་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་དེ་སུན་མ་ཕྱུང་བར་བདག་མེད་རྟོགས་པར་དོད་པའི་ལུགས་འབྲེལ་མེད་དུ་བསྟན་པ་གསུམ། དང་པོ། གང་ཕྱིར་ཐུབ་པས༴ གཉིས་པ། དེ་ཕྱིར་ངར་འཛིན༴ གསུམ་པ་ལ། དོན་དང་། དེའི་དཔེ་གཉིས། དང་པོ། བདག་མེད་རྟོག་ཚེ༴ གཉིས་པ། རང་ཁྱིམ་རྩིག་ཕུག༴ གཉིས་པ་ཕུང་པོ་དང་འབྲེལ་བར་བདག་ཏུ་རྟོག་ཚུལ་གྱི་ལྷག་མ་དགག་པ་ལ། སྔར་མ་བཤད་པའི་ལྷག་མ་གསུམ་དགག་པ་དང་། ཐུན་མོང་དུ་མཇུག་བསྡུ་བ་གཉིས། དང་པོ་ལ་རྟེན་དང་བརྟེན་པར་གྲུབ་པ་དགག་པ་དང་། བདག་ལ་ཕུང་པོ་ལྡན་པར་འདོད་པ་དགག་པ་གཉིས། དང་པོ། ཕུང་པོར་བདག་ཡོད༴ གཉིས་པ། བདག་ནི་གཟུགས་ལྡན༴ གཉིས་པ་ལ། འཇིག་ལྟ་ཉི་ཤུ་བསྡོམས་ཏེ་བཤད་པ་དང་། དེ་རྣམས་རྩ་བའི་འཇིག་ལྟ་ལ་གནས་ཤིང་ཀུན་བཏགས་ཡིན་པར་བསྟན་པ་གཉིས། དང་པོ། གཟུགས་བདག་མ་ཡིན༴ གཉིས་པ། ལྟ་རི་བདག་མེད༴ ༈ གསུམ་པ་བརྗོད་མེད་ཀྱི་བདག་དགག་པ་ལ། ཕྱོགས་སྔ་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ། ཁ་ཅིག་དེ་ཉིད༴ གཉིས་པ་ལ། དངོས་པོར་གྲུབ་ན་བརྗོད་དུ་ཡོད་པར་ཐལ་བས་དགག །བརྗོད་དུ་མེད་ན་དངོས་པོར་མེད་པར་ཐལ་བས་དགག །དེས་ན་དངོས་པོའི་ཆོས་གཉིས་དང་བྲལ་བས་དངོས་པོ་མི་འགྲུབ་བས་དགག་པ་གསུམ། དང་པོ། གང་ཕྱིར་གཟུགས་ལས༴ གཉིས་པ། གང་ཕྱིར་ཁྱོད་བུམ༴ གསུམ་པ། ཁྱོད་ཀྱི་རྣམ་ཤེས༴ གཉིས་པ་བདག་བརྟེན་ནས་བཏགས་པ་ཙམ་དུ་བསྟན་པ་ལ། བདག་མཐའ་བདུན་དུ་མེད་ཀྱང་བརྟེན་ནས་བཏགས་པ་ཤིང་རྟ་དང་འདྲ་བ་བསྟན་པ། དེས་དངོས་པོ་གཞན་ཀྱང་དེ་འདྲ་བའི་བཏགས་པར་བསྟན་པ་གཉིས། དངོ་པོ་ལ། བརྟེན་ནས་བཏགས་ཚུལ་དངོས་དང་། དེ་ལྟར་ཤེས་པའི་ཕན་ཡོན་གཉིས། དང་པོ་ལ། དཔེ་ཅན་བདག་མེད་ཚུལ་དང་། དེའི་དཔེ་ཤིང་རྟའི་ཚུལ་དང་སྦྱར་བ་གཉིས། དང་པོ། དེ་ཕྱིར་ངར་འཛིན༴ གཉིས་པ་ལ། སྤྱི་དང་། བྱེ་བྲག་གཉིས། དང་པོ། ཤིང་རྟ་རང་ཡན༴ གཉིས་པ་ཚོགས་དབྱིབས་བྱེ་བྲག་ཏུ་དགག་པ་ལ། ཚོགས་ཙམ་ཤིང་རྟར་འདོད་པ་དགག་པ་དང་། དབྱིབས་ཙམ་ཤིང་རྟར་འདོད་པ་དགག་པ་གཉིས། དང་པོ། གལ་ཏེ་ཚོགས་ཙམ༴ གཉིས་པ་ལ། ཡན་ལག་གི་དབྱིབས་སོ་སོ་བ་ཤིང་རྟར་འདོད་པ་དགག་པ་དང་། ཚོགས་པའི་དབྱིབས་ཤིང་རྟར་འདོད་པར་དགག་པ་གཉིས། དང་པོ་ལ། ཡན་ལག་གི་སྔར་གྱི་དབྱིབས་ཁོ་ན་ཤིང་རྟར་འདོད་པ་དགག་པ་དང་། སྔར་ལས་གཞན་པའི་དབྱིབས་ཤིང་རྟར་འདོད་པ་དགག་པ་གཉིས། དང་པོ། ཁྱོད་དབྱིབས་ཡན་ལག༴ གཉིས་པ། ད་ལྟ་གལ་ཏེ༴ གཉིས་པ་ཚོགས་ཙམ་གྱི་དབྱིབས་ཤིང་རྟར་འདོད་པ་དགག་པ་ལ། ཚོགས་པ་ཙམ་གྱི་དབྱིབས་ཤིང་རྟར་འདོད་པ་བཀག་པ་དང་། རིགས་པ་དེས་རྒྱུ་སྟོང་པ་ལས་འབྲས་བུ་འབྱུང་བར་འཐད་པར་བསྟན་པ་གཉིས། དང་པོ། གང་ཕྱིར་ཁྱོད་ཀྱི༴ གཉིས་པ་ལ། སྤྱིར་བསྟན་པ་དང་། བྱེ་བྲག་ཕྱེ་སྟེ་བཤད་པ་གཉིས། དང་པོ། ཁྱོད་ཀྱི་འདིར་ནི༴ གཉིས་པ་ལ། འདིས་ནི་གཟུགས་སོགས༴ གཉིས་པ་བཏགས་པ་ཙམ་དུ་རྟོགས་པའི་ཕན་ཡོན་ལ་དཔེ་ཤིང་རྟ་དང་སྦྱར་ཏེ་བཤད་པ་དང་། དཔེ་ཅན་བདག་ལ་སྦྱར་ཏེ་བཤད་པ་གཉིས། དང་པོ་ལ། ཐ་སྙད་ཀྱི་རྣམ་བཞག་མི་འཇིག་པར་ཤིན་ཏུ་འཐད་པའི་ཡོན་ཏན་དང་། དོན་དམ་པ་བདེ་བླག་ཏུ་རྟོགས་པའི་ཕན་ཡོན་གཉིས། དང་པོ་ལ་མཐའ་བདུན་དུ་མེད་ཀྱང་མ་དཔྱད་པར་གྲགས་པ་ཙམ་དུ་ཡོད་པར་བསྟན་པ་དང་། རང་བཞིན་མེད་ཀྱང་ལྟོས་ཏེ་བཏགས་པའི་ཐ་སྙད་དེས་དོན་གྲུབ་པའི་ཚུལ་གཉིས། དང་པོ། དེ་ནི་དེ་ཉིད༴ གཉིས་པ། དེ་ཡི་ཡན་ལག༴ གཉིས་པ་ལ། དངོས་དང་། དོགས་སྤང་གཉིས། དང་པོ། རྣམ་བདུན་གྱིས་མེད ༴ གཉིས་པ་ཡན་ལག་ཅན་མེད་ཀྱང་ཡན་ལག་ཡོད་པར་དོགས་ན། ཤིང་རྟ་ཡོད་ཉིད༴ གཉིས་པ་དཔེ་ཅན་དགག་པ་ལའང་། རང་བཞིན་མེད་ཀྱང་ཐ་སྙད་ཀྱི་རྣམ་གཞག་ཤིན་ཏུ་འཐད་པའི་ཚུལ་དང་། དོན་དམ་པ་མངོན་དུ་འགྱུར་ཚུལ་གཉིས། དང་པོ། དེ་བཞིན་འཇིག་རྟེན༴ གཉིས་པ་ལ། ལམ་རྟག་ཆད་དང་བྲལ་བའི་ལྟ་བ་རྟོགས་པ་དང་། འབྲས་བུ་རྣམ་གྲོལ་ཐོབ་པར་བསྟན་པ་གཉིས། དང་པོ། དངོས་ཡོད་མིན་ཕྱིར༴ གཉིས་པ་ལ། བཏགས་པ་ཙམ་ཡིན་པས་ངར་འཛིན་ལྷན་སྐྱེས་ཀྱི་ཡུལ་སུན་ཕྱུང་ནུས་པ་དང་། དེ་སུན་ཕྱུང་བས་བདག་གི་བ་ཡང་མེད་ཚུལ། དེ་གཉིས་ཀ་མེད་ན་རྣམ་པར་གྲོལ་བ་འཐད་ཚུལ་གསུམ། དང་པོ། གང་ཕྱིར་རྟག་ཏུ༴ གཉིས་པ། གང་ཕྱིར་བྱེད་པོ༴ གསུམ་པ། དེ་ཕྱིར་བདག་དང་ འདིར་གོ་བ་ཆགས་ན་ཆོས་ཐམས་ཅད་མིང་དུ་བཏགས་པ་ཙམ། ཞེས་པའི་དོན་ལ་ཡིད་ཆེས་་བས་ཤིན་ཏུ་རྩད་ཆོད། ལར་མཆན་གང་ཡོད་པ་འདི་སྐོར་གཞུང་འདིའི་སྙིིང་པོ་ཡིན་ནོ། །མཆན། གཉིས་པ་བདག་དང་ཤིང་རྟ་བཏགས་པ་ཙམ་དུ་བསྟན་པའི་རིགས་པ་དེ་གཞན་ལ་བསྒྲེ་བ་ལ་བུམ་སྣམ་སོགས་ཆ་དང་ཆ་ཅན་སོགས་ལ་བསྒྲེ་བ་དང་། རྒྱུ་འབྲས་ལ་བསྒྲེ་བ་གཉིས། དང་པོ། བུམ་པ་སྣམ་བུ༴ གཉིས་པ་ལ། དངོས་དང་། དེ་རང་ལ་མཚུངས་པའི་རྩོད་སྤང་གཉིས། དང་པོ་ལ། རྒྱུ་འབྲས་རང་བཞིན་གྱིས་གྲུབ་ན་གང་སྔ་དྲིས་ནས་དགག་པ་དང་། རྒྱུ་འབྲས་འཕྲད་དམ་མ་འཕྲད་པར་སྐྱེད་དྲིས་ནས་དགག་པ། རྒྱུ་འབྲས་གཅིག་མ་གྲུབ་ན་ཅིག་ཤོས་ཀྱང་མ་གྲུབ་པར་སྟོན་པ། རྩོད་པ་དེ་རང་ལ་མི་མཚུངས་པའི་ཚུལ་དང་བཞི། དང་པོ། གལ་ཏེ་རྒྱུ་ཡིས༴ གཉིས་པ། གལ་ཏེ་ཁྱོད་ཀྱི༴ གསུམ་པ། ཅི་སྟེ་ཁྱོད་ཀྱི༴ བཞི་པ། གང་ཕྱིར་འདི་དག༴ གཉིས་པ་ཐལ་བ་དེ་རང་གི་སུན་འབྱིན་ལ་ཡང་མཚུངས་པའི་རྩོད་སྤང་ལ། རྩོད་པ་དང་། དེའི་ལན་གཉིས། དང་པོ་ལ། ཕྲད་སོགས་རང་ལ་མཚུངས་བར་ཐལ་བས་རྩོད་པ་དང་། ཐལ་བ་དེ་འདྲ་བ་གཏན་ཚིགས་ཡང་དག་མིན་པའི་རྩོད་པ་དང་། རང་ཕྱོགས་མེད་པའི་སུན་ཅི་ཕྱིན་དུ་རྒོལ་བ་ཡིན་པའི་རྩོད་པ་གསུམ། དང་པོ། སུན་འབྱིན་པས་སུན༴ གཉིས་པ། གང་ཕྱིར་རང་གི༴ གསུམ་པ། གང་གི་ཕྱིར༴ ཁྱོད་ལ་རང་ཕྱོགས་སོགས༴ གཉིས་པ་ལན་ལ་ཕྲད་སོགས་ཀྱི་ལན་བསྟན་པ་དང་། ལན་ལྷག་མ་གོང་དུ་བཤད་ཟིན་པར་བསྟན་པ་གཉིས། དང་པོ་ལ། རྩོད་པ་དེ་གཞན་ཕྱོགས་ལ་འགྱུར་གྱི་རང་ཕྱོགས་ལ་མི་འགྱུར་བའི་མདོར་བསྟན། དེ་རིགས་པས་རྒྱས་པར་བཤད་པ་གཉིས། དང་པོ། སུན་འབྱིན་པས་སུན༴ གཉིས་པ་ལ། དཔེ་བསྟན་པ། དོན་བསྒྲུབ་པ། ཇི་ལྟར་བརྗོད་ཀྱང་རང་བཞིན་མེད་པའི་ཕྱོགས་སུན་འབྱིན་མི་ནུས་པའི་ཚུལ་གྱིས་མཇུག་བསྡུ་བ་གསུམ། དང་པོ་ལ། གཟུགས་བརྙན་གྱི་དཔེ་སྤྱིར་བསྟན་པ་དང་། གཟུགས་བརྙན་མི་བདེན་ཀྱང་དེ་ལ་བརྟེན་ནས་གདོང་གི་དྲི་མ་སྦྱོངས་ནུས་པའི་དཔེ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། ཇི་ལྟར་ཉི་མའི༴ གཉིས་པ། མི་བདེན་བཞིན་དུ༴ གཉིས་པ་དོན། གལ་ཏེ་རང་གི༴ གསུམ་པ་མཇུག་བསྡུ་བ། དངོས་རྣམས་མཐའ་དག༴ གཉིས་པ་ལྷག་མ་ཞལ་འཕང་བ། སུན་འབྱིན་ལྷག་མ༴ ༈ གཉིས་པ་རིགས་པས་གཏན་ལ་ཕབས་པའི་སྟོང་ཉིད་ཀྱི་དབྱེ་བ་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོ། བདག་མེད་འདི་ནི༴ གཉིས་པ་ལ། རྒྱས་པར་བཅུ་དྲུག་ཏུ་དབྱེ་བ་དང་། བསྡུས་ཏེ་བཞིར་དབྱེ་བ་གཉིས། དང་པོ་ལ། ནང་སྟོང་པ་ཉིད་སོགས་བཞི་བཤད་པ་དང་། ཆེན་པོ་སྟོང་པ་ཉིད་སོགས༴ མཐའ་ལས་འདས་པ་སྟོང༴ ཆོས་ཐམས་ཅད་སྟོང་པ་ཉིད་སོགས་བཞི་བཤད་པ་དང་བཞི། དང་པོ་ལ། ནང་སྟོང་པ་ཉིད༴ ཕྱི་སྟོང་པ༴ ཕྱི་ནང་སྟོང་པ༴ སྟོང་པ་ཉིད་སྟོང་པ་ཉིད་བཞི་ལས། དང་པོ། གང་ཕྱིར་དེ་ཡི༴ གཉིས་པ། གང་ཕྱིར་དེ་ཡི༴ གསུམ་པ། གཉིས་ཆར་རང་བཞིན༴ བཞི་པ། ཆོས་རྣམས་རང་བཞིན༴ གཉིས་པ་ལ། ཆེན་པོ༴ དོན་དམ༴ འདུས་བྱས༴ འདུས་མ་བྱས་སྟོང་བཞི་ལས། དང་པོ། སེམས་ཅན་སྣོད་ཀྱི༴ གཉིས་པ། དེ་ནི་དགོས་པ༴ གསུམ་པ། རྐྱེན་ལས་བྱུང་ཕྱིར༴ བཞི་པ། གང་ལ་སྐྱེ་གནས༴ གསུམ་པ་ལ། མཐའ་ལས་འདས་སྟོང༴ ཐོག་མ་དང་ཐ་མ་མེད་སྟོང༴ དོར་བ་མེད་སྟོང ༴ རང་བཞིན་སྟོང་པ་ཉིད་བཞི་ལས། དང་པོ། གང་ལ་མཐའ་ནི༴ གཉིས་པ། ཐོག་མ་དང་པོ༴ གསུམ་པ། དོར་བ་ཞེས་བྱ༴ བཞི་པ། འདུས་བྱས་ལ་སོགས༴ བཞི་པ་ལ། ཆོས་ཐམས་ཅད་སྟོང་པ༴ རང་གི་མཚན་ཉིད༴ དམིགས་པ་མེད་པ༴ ངོ་བོ་མེད་པའི་ངོ་བོ་ཉིད་སྟོང་པ་བཞི་ལས། དང་པོ། ཁམས་བཅོ་བརྒྱད༴ གཉིས་པ་ལ་བསྟན་བཤད་བསྡུ་གསུམ། དང་པོ། གཟུགས་རུང་ལ་སོགས༴ གཉིས་པ་ལ། གཞི་ཡི་ཆོས་ཀྱི་རང་མཚན། ལམ་གྱི་ཆོས་ཀྱི་རང་མཚན། འབྲས་བུ་ཆོས་ཀྱི་རང་མཚན་གསུམ། དང་པོ། གཟུགས་ནི་གཟུགས་རུང༴ གཉིས་པ། གཏོང་པ་སྦྱིན་པའི༴ གསུམ་པ། སྟོབས་རྣམས་ཤིན་ཏུ༴ གསུམ་པ་དོན་བསྡུ་བ། གང་ཞིག་འདུས་བྱས༴ གསུམ་པ། ད་ལྟ་བ་འདི༴ བཞི་པ། རྐྱེན་ལས་བྱུང་ཕྱིར༴ གཉིས་པ་ལ། དབྱེ་བ་དངོས་དང་། ཞར་བྱུང་སྟོང་ཉིད་ཉི་ཤུ་པོའི་མཇུག་བསྡུ་བ་གཉིས། དང་པོ་ལ། དངོས་པོ་སྟོང་པ། དངོས་མེད་སྟོང་པ། རང་གི་ངོ་བོ་སྟོང་པ། གཞན་གྱི་ངོ་བོ་སྟོང་པ་བཞི། དང་པོ། དངོས་པོའི་སྒྲ་ནི༴ གཉིས་པ། མདོར་བསྡུས་ན་ནི༴ གསུམ་པ། རང་བཞིན་ངོ་བོ༴ བཞི་པ། སངས་རྒྱས་རྣམས་ནི༴ གཉིས་པ་མཇུག་བསྡུ་བ། ཤེས་རབ་ཕ་རོལ༴ གསུམ་པ་སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་ནི། དེ་ལྟར་བློ་གྲོས༴ ༈ གསུམ་པ་རིང་སོང་སོགས་བཞི་བཤད་པ་ལ། ས་བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་བཤད་པ་བཞི། དང་པོ། རིང་དུ་སོང་འདིར༴ ༈ གཉིས་པ་ལ་ས་བརྒྱད་པ་ཐོབ་ཚུལ། ས་དེར་སྨོན་ལམ་གྱི་ཕར་ཕྱིན་ལྷག་ཚུལ། ས་དེའི་ཡོན་ཏན་གྱི་ཁྱད་པར་བསྟན་པ་གསུམ། དང་པོ། ཡང་ཡང་སྔར་དགེ༴ གཉིས་པ། འདི་ཡི་སྨོན་ལམ༴ གསུམ་པ་ལ། སྲིད་པ་འགག་པའི་ཡོན་ཏན་དང་། འགགས་ཀྱང་སྲིད་པར་སྤྲུལ་པ་སྟོན་པའི་ཡོན་ཏན་གཉིས། དང་པོ་ལ། སྲིད་པར་མཚམས་སྦྱོར་བ་ཡོངས་སུ་སྤངས་ཀྱང་སྲིད་པར་རྣམ་རོལ་སྟོན་པའི་ཆོས་ཐོབ་པར་དེ་བཞིན་གཤེགས་པས་བསྐུལ་བ་དང་། དྲི་མ་ཡོངས་སུ་སྤང་བའི་ཡོན་ཏན་གཉིས། དང་པོ། རྒྱལ་བ་རྣམས་ཀྱིས༴ གཉིས་པ། ཆགས་པ་མེད་པའི༴ གཉིས་པ། སྲིད་པ་འགག་ཀྱང༴ ༈ གསུམ་པ། དགུ་པ་ལ་ནི༴ ༈ བཞི་པ་ས་བཅུ་་པ་ལ། ས་དེའི་ཁྱད་པར་གྱི་ཡོན་ཏན། ཡེ་ཤེས་ཀྱི་ཕར་ཕྱིན་དག་ཚུལ། སའི་ངེས་ཚིག་དང་མཐུན་པའི་ཡོན་ཏན་གསུམ། དང་པོ། བཅུ་པའི་ས་ལ༴ གཉིས་པ། ཡེ་ཤེས་ལྷག་པར༴ གསུམ་པ། ཆར་སྤྲིན་རྣམས་ལས༴ གཉིས་པ་སའི་ཡོན་ཏན་ལ། ས་དང་པོར་བྱུང་བའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ་བཤད་པ་དང་། དེ་ས་གཞན་ལ་བསྒྲེ་ཚུལ་གཉིས། དང་པོ། དེ་ཚེ་འདིས་ནི༴ གཉིས་པ་ལ་མ་དག་པའི་ལྷག་མ་དྲུག་ལ་གོང་གི་གྲངས་འགྱུར་གྱིས་བསྒྲེ་བ་དང་། དག་པ་གསུམ་ལ་རྡུལ་གྲངས་ཀྱིས་བསྒྲེ་བ་གཉིས། དང་པོ། དེ་བཞིན་ཁོ་ན༴ གཉིས་པ་ལ། བརྒྱད་པའི་ཡོན་ཏན། དགུ་པའི་ཡོན་ཏན། བཅུ་པའི་ཡོན་ཏན་གསུམ། དང་པོ། མི་གཡོའི་སར་གནས༴ གཉིས་པ། ལེགས་པའི་བློ་གྲོས༴ གསུམ་པ་ལ། ཡོན་ཏན་བཅུ་གཉིས་པོ་བཤད་པ་དང་། ཡོན་ཏན་གཞན་ཡང་བསྟན་པ་གཉིས། དང་པོ། རེ་ཞིག་བཅུ་པ༴ གཉིས་པ། བ་སྤུའི་ཁུང་བུར༴ ༈ གཉིས་པ་མཐའ་ཐུག་སངས་རྒྱས་ཀྱི་ས་བཤད་པ་ལ། དང་པོར་བྱང་ཆུབ་བརྙེས་པའི་ཚུལ། ཐོབ་བྱ་བྱང་ཆུབ་ཀྱི་ངོ་བོ། བྱང་ཆུབ་བརྙེས་ནས་སྤྲུལ་པས་གཞན་དོན་མཛད་ཚུལ་གསུམ། དང་པོ་ལ་དངོས་ཀྱི་དོན་དང་། དེ་ལ་རྩོད་པ་སྤང་བ་གཉིས། དང་པོ་ལ། དུས་ནམ་གྱི་ཚེ། གནས་གང་དུ། ཚུལ་ཇི་ལྟར་བརྙེས་པ་གསུམ། དང་པོ། གང་ཕྱིར་ནམ་མཁའ༴ གཉིས་པ། འོག་མིན་དུ་ནི༴ གསུམ་པ། ཇི་ལྟར་སྣོད་ཀྱི༴ གཉིས་པ་ལ། རྩོད་པ་དང་། ལན་གཉིས། དང་པོ་ལ། ཡུལ་སྐྱེ་མེད་རྟོགས་པར་མི་འཐད་པར་རྩོད་པ་དང་། ཡུལ་ཡུལ་ཅན་རོ་གཅིག་ན་ཡུལ་དེ་མཁྱེན་ནས་གཞན་ལ་སྟོན་པར་མི་འཐད་པས་རྩོད་པ་གཉིས། དང་པོ། གང་ཚེ་ཞི་བ༴ གཉིས་པ། མཁྱེན་པོ་མེད་པར༴ གཉིས་པ་ལན་ལ། ཡུལ་སྐྱེ་མེད་རྟོགས་པར་འཐད་པའི་ལན་དང་། ཡུལ་ཡུལ་ཅན་ཐ་དད་དུ་མི་རྟོགས་ཀྱང་ཆོས་སྟོན་པར་འཐད་པ་གཉིས། དང་པོ། གང་ཚེ་སྐྱེ་མེད༴ གཉིས་པ་ལ་དངོས་དང་། དེའི་དཔེ་འགོད་པ་གཉིས། དང་པོ། དེ་ཡི་ལོངས་སྤྱོད༴ གཉིས་པ། ཇི་ལྟར་རྫ་མཁན༴ གཉིས་པ་བརྙེས་བྱ་བྱང་ཆུབ་ཀྱི་ངོ་བོ་ལ། རྟེན་སྐུའི་རྣམ་བཞག་དང་། བརྟེན་པ་ཡོན་ཏན་གྱི་ཁྱད་པར་གཉིས། དང་པོ་ལ། ཆོས་སྐུ། ལོངས་སྐུ། རྒྱུ་མཐུན་པའི་སྐུ་གསུམ་ལས། དང་པོ། ཤེས་བྱའི་བུད་ཤིང༴ གཉིས་པ། ཞི་སྐུ་དཔག་བསམ༴ གསུམ་པ་ལ་སྐུའི་བ་སྤུའི་ཁུང་བུར་རང་གི་སྤྱོད་པ་ཀུན་སྟོན་ཚུལ། གནས་དེར་གཞན་གྱི་སྤྱོད་པ་ཀུན་སྟོན་ཚུལ། བཞེད་པ་ཕུན་ཚོགས་ལ་མངའ་དབང་བསྒྱུར་ཚུལ་གསུམ། དང་པོ། ཐུབ་དབང་དུས་གཅིག༴ གཉིས་པ། སངས་རྒྱས་གང་དག༴ གསུམ་པ་ལ། ཡུལ་གྱི་དབང་དུ་བྱས་པ་དང་། དུས་ཀྱི་དབང་དུ་བྱས་པ་གཉིས། དང་པོ། དག་པ་འདི་ནི༴ གཉིས་པ། རྣམ་རྟོག་མི་མངའ༴ གཉིས་པ་ཡོན་ཏན་ལ། ཡོན་ཏན་གྱི་གཙོ་བོ་སྟོབས་བཅུ་བཤད་པ། ཡོན་ཏན་ཀུན་བརྗོད་མི་ནུས་པའི་ཚུལ། ཡོན་ཏན་དེ་དག་ཤེས་པའི་ཕན་ཡོན་གསུམ། དང་པོ་ལ་བསྟན་བཤད་གཉིས། དང་པོ། གནས་དང་གནས་མིན༴ གཉིས་པ། རྒྱས་བཤད་བཅུ་པོ་རེ་རེ་ཞིང་ཚིགས་བཅད་མཐར་སྟོབས་ཞེས་ཡོད་པ་ལྟར་བཤད་དོ། །གཉིས་པ་ལ། ཡོན་ཏན་ཀུན་བརྗོད་མི་ནུས་པའི་ཚུལ་དང་། འདིར་ནི་ཅུང་ཟད་བརྗོད་པ་ལའང་ལུང་ལ་བརྟེན་ནས་ཡིན་ཚུལ་གཉིས། དང་པོ། ནམ་མཁའ་མེད་པར༴ གཉིས་པ། དེ་ཕྱིར་བདག་འདྲས༴ གསུམ་པ། ཟབ་མོ་སྟོང་པ༴ གསུམ་པ་བྱང་ཆུབ་བརྙེས་ནས་སྤྲུལ་པས་འགྲོ་དོན་མཛད་ཚུལ་ལ། སྟོན་པ་མཆོག་གི་སྦྲུལ་པའི་སྐུའི་རྣམ་པར་སྟོན་པ། བསྟན་པ་མཐར་ཐུག་ཐེག་པས་གཅིག་ཏུ་གྲུབ་པ། སྟོན་པ་དེ་ཉིད་མངོན་པར་བྱང་ཆུབ་པ་དང་བཞུགས་པའི་དུས་ཀྱི་སྒོ་ནས་ཚད་མེད་པར་བསྟན་པ་གསུམ། དང་པོ། སླར་ཡང་མི་གཡོ༴ གཉིས་པ་ལ་མཐར་ཐུག་ཐེག་པ་གཅིག་ཏུ་རིགས་པས་གྲུབ་ཚུལ་བརྗོད་པ་དང་། ཐེག་པ་གསུམ་དུ་བསྟན་པ་དྲང་དོན་དུ་བསྟན་པ་གཉིས། དང་པོ། གང་ཕྱིར་འདི་ན༴ རྟོགས་དཀའ་བ་འདི་ཤེས་ན་ནང་གསལ་གྱི་ཡེ་ཤེས་ལ་ཡིད་ཆེས་ཁྱད་པར་ཅན་དུ་སྐྱེ་བ་སོགས་མདོ་སྔགས་གང་ལའང་འདི་ལས་གལ་ཆེ་བ་མེད། མཆན། གཉིས་པ། གང་ཕྱིར་འགྲོ་ལ༴ གསུམ་པ་ལ། མངོན་པར་བྱང་ཆུབ་པའི་དབང་དུ་བྱས་པ་དང་། རྟག་ཏུ་སྲིད་པར་བཞུགས་པའི་དབང་དུ་བྱས་པ་གཉིས། དང་པོ། བདེ་བར་གཤེགས་པ༴ གཉིས་པ་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོ། རྒྱལ་བ་ཇི་སྲིད༴ གཉིས་པ་ལ། འགྲོ་ལ་ཐུགས་བརྩེ་ཚད་མེད་པ་མངའ་ཚུལ་དང་། དེས་ཡུལ་སྡུག་བསྔལ་ཅན་གྱི་སེམས་ཅན་ཟད་པ་མེད་པས་མྱ་ངན་ལས་མི་འདའ་བའི་ཚུལ་གཉིས། དང་པོ། གཏི་མུག་སྐྱོན་གྱི༴ གཉིས་པ། གང་གི་ཕྱིར་འདི༴ ༈ གསུམ་པ། མཇུག་མཐར་ཕྱིན་པའི་བྱ་བ་ལ། ཇི་ལྟར་བརྩམས་པའི་ཚུལ་དང་། དེ་ལྟར་བརྩམས་པའི་དགེ་བ་བསྔོ་བ་གཉིས། དང་པོ་ལ། བརྩམ་ཚུལ་དངོས་དང་། དེ་ལྟར་བརྩམས་པའི་དགོས་པ་གཉིས། དང་པོ་ལ། གང་ལ་བརྟེན་ནས་བརྩམ་ཚུལ་དང་། དེ་ལྟར་བརྩམས་པའི་བསྟན་བཅོས་འདི་ཐུན་མོང་མ་ཡིན་པར་སྟོན་པ་གཉིས། དང་པོ། ལུགས་འདི་དགེ་སློང༴ གཉིས་པ། འདི་ལས་གཞན་ན༴ གཉིས་པ་དགོས་པ་ལ། དངོས་དང་། དགོས་པ་དེ་ལྡན་གྱི་གཞུང་འདི་ཁོ་ན་འཛིན་པར་གདམས་པ་གཉིས། དང་པོ། ཀླུ་སྒྲུབ་བློ་མཚོ༴ གཉིས་པ། དེ་ཉིད་བཤད་ཟིན༴ གཉིས་པ་དགེ་བསྔོ། སློབ་དཔོན་ཀླུ་སྒྲུབ་ལུགས༴ ༈ བཞི་པ་མཇུག་གི་དོན་ལ་སློབ་དཔོན་གང་གིས་མཛད་པ་དང་། ལོ་ཙཱ་བ་གང་གིས་བསྒྱུར་ཚུལ་གཉིས། དང་པོ། དབུ་མ་ལ་འཇུག་པ༴ གཉིས་པ། ཁ་ཆེའི་ཡུལ་གྱིས༴ དེ་ལྟར་ན་སོ་སྐྱེའི་སའི་ཆོས་གསུམ་མཆོད་བརྗོད་ཀྱི་སྐབས་སུ་བསྟན་ཅིང་འཕགས་པ་སློབ་པའི་ས་བཅུ་དང་། མི་སློབ་པའི་ས་སྟེ། རྒྱུ་ལམ་འབྲས་བུའི་རྣམ་པར་བཞག་པས་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པའོ། །འདིར་སྨྲས་པ། ཡོད༷་ཅེ༷ས་བྱ༷་དང་མེ༷ད་ཅེ༷ས་བྱ༷་བའི༷་མཐ༷འ། །གཉིས་པོ་རྣམ་པར་སྤང་བ་དབུ་མའི་ཚུལ། །མ་ནོར་རྟོགས་པའི་ཤེས་རབ་དྲི་མེད་ཀྱིས། །དམིགས་བཅས་ལྟ༷་བ་ཀུ༷ན་གྱི་ཟུག་རྔུ་འབྱིན༷། །ལ་ལས་འདི་མེད་གཞན་ནི་ཡོད་ཅེས་དང་། །ལ་ལས་འདི་ཀུན་མེད་པ་ཉིད་དོ་ཞེས། །ཡོད་མེད་ཕྱོགས་རེར་ཞེན་པའི་འཛིན་སྟང་གིས། །དམིགས་མེད་བསྒོམ་པ་ད་དུང་དམིགས་དང་བཅས། །ཡོད་པར་རྟོག་གམ་མེད་དོ་སྙམ་པ་ཡི། །ཞེ ན་ཡུལ་རྟེན་འབྱུང་རིགས་པས་སུན་ཕྱུང་བས། །སྣང་སྟོང་མཉམ་པར་ངེས་ཤེས་རྫོགས་པ་ཆེ། །ཀླུ་སྒྲུབ་གཞུང་ལུགས་བཟང་པོ་ཁོ་ནས་མཐོང་། །དེ་ལྟར་ཡང་དག་རིགས་པས་དྲང་བ་ཡིས། །ལྟ་བའི་རྒྱལ་པོ་ཤིན་ཏུ་གཏིང་ཟབ་པས། །བློ་ཆུང་རྣམས་ཀྱི་སྤོབས་པ་འཕྲོག་ན་ཡང་། །རྒྱལ་ཀུན་དགོངས་པའི་ཆུ་ཀླུང་འདི་ན་འཁྱིལ། །དེ་ཕྱིར་ལམ་ཟབ་དེ་ལ་མོས་པ་ཡིས། །སྐལ་བཟང་རྣམས་ཀྱིས་དང་པོར་རྟོགས་བྱ་བ། །འདི་ཉིད་ཁོ་ན་ཡིན་པར་རིགས་ནས་ནི། །ཐོས་དང་བསམ་པས་འདི་དོན་མྱོང་བར་མཛོད། །ས་བཅད་ཕལ་ཆེར་རྩི་བགྲང་ཙམ་དུ་ཟད། །ལ་ལ་གཞུང་གི་སྙིང་པོ་འདྲ་བའང་ཡོད། །འདི་ནི་སྔ་མ་ཀུན་ལས་ཁྱད་འཕགས་པར། །བློ་གྲོས་གསལ་བ་རྣམས་ཀྱིས་མཐོང་བ་ཡིན། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པ་དང་བཅས་པའི་བསྡུས་དོན་འདི་ཡང་ལུང་རིགས་སེང་གེའི་ང་རོ་སྒྲོགས་པ་ཁམས་རྫོགས་ཆེན་གྱི་སློབ་གྲྭར་གཏོགས་པ་ལྔ་རིགས་སྨྲ་བ་མ་ཏིས་སྡོམ་བརྩོན་སྡེ་སྣོད་འཛིན་པ་དབང་པོའི་གྲངས་ལ་དབུ་མ་འཇུག་པའི་གཞུང་རྒྱས་པར་འཆད་པའི་སྐབས་སུ་ཡི་གེར་བྲིས་པའི་དགེ་བས་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་ཕྱོགས་དུས་ཐམས་ཅད་དུ་རྒྱས་པའི་རྒྱུར་གྱུར་ཅིག། །།མངྒ་ལཾ།། །།