Ngb-pt-0823-vol-09-text

From Rangjung Yeshe Wiki Texts
Revision as of 10:50, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-800-899/ngb-pt-0823-text.docx.wiki to Ngb-pt-0823-vol-09-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། གུ་རྒྱ་ཨ་པ་ར་ཙིསྟ་རཏྣ་སིདྷི་ནཱ་མ་ཏན་ཏྲ། བོད་སྐད་དུ། ཨཔར་ཙིལྟིའི་རྒྱུད་གསང་བ་ཕྱི་མ་རིན་པོ་ཆེ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་རི་རབ་རྩེ་ལ་འདུས་པའི་འཁོར་དང་བཞུགས་པ་ལ། གནོད་སྦྱིན་ཨ་པ་ར་ཙིསྟ་ཞེས་བྱ་བས་་རིག་པ་ཕུལ་ཏེ་དམ་ལ་བཏགས་སོ། །དེ་ནས་་བཅོམ་ལྡན་འདས་ཀྱིས། ཛམ་བྷ་ལ་སོགས་པའི་འཁོར་རྣམས་ལ་བཀའ་སྩལ་པ། ཨེ་མ་ཧོ་འདུས་པའི་འཁོར་རྣམས་ཀུན་ཉོན་ཅིག །གནོད་སྤྱིན་ནོར་བདག་ཨ་པ་ར། །འདི་ཉིད་བསྒྲུབ་ན་དངོས་གྲུབ་ཐོབ། །ཅེས་བཀའ་སྩལ་པ་དང་། །འཁོར་གྱི་ནང་ནས་ཛམ་བྷ་ལ་ཡིས་གསོལ་པ། ཀྱེ་ཀྱེ་ཁྲོ་རྒྱལ་བཅོམ་ལྡན་འདས། །གསང་བའི་བདག་པོ་རྡོ་རྗེ་འཆང་། །ཨ་པ་ར་ཡི་ལས་རྣམས་ཀུན། །བསྒྲུབ་པར་བྱ་བ་ཇི་ལྟར་ལགས། །དེ་སྐད་གསོལ་པའི་ཚིག་གསན་ནས། །གསང་བའི་བདག་པོས་བཀའ་སྩལ་པ། །གནོད་སྦྱིན་ཆེན་པོ་ཨ་པ་ར། །དངོས་གྲུབ་བདག་པོ་བསྒྲུབ་པའི་ཕྱིར། །མངོན་དུ་ཕྱག་ན་རྡོ་རྗེ་ཡི། །ཡིད་བཞིན་ནོར་བུ་ལྟ་བུའི་སྔགས། །ཡི་གེ་བཅུ་པས་བསྙེན་པར་བྱ། །དེ་ནས་ར་བ་བཞི་ཡི་དུས། །ཡང་ན་ཟླ་བ་གང་རུང་ལས། །མ་ནོར་ངེས་པའི་ཚེས་གཅིག་ལ། །མཎྜལ་བ་ཡི་རྣམ་ལྔས་བྱུགས། །མཆོད་པ་ལྔ་དང་བ་ལིང་བཤམ། །བདག་ཉིད་ཕྱག་ན་རྡོ་རྗེ་ནི། ཁེན་ཏུ་ཁྲོས་པའི་སྐུ་རུ་སྐྱེད། །མདུན་དུ་ཧྲི༔ནི་དཀར་པོ་ལས། །གནོད་སྤྱིན་བསྐྱེད་དེ་སྤྱན་དྲངས་བསྟིམ། །མཆོད་བསྟོད་བྱས་ལ་གསང་སྔགས་བཟླས། །ཉ་ཡི་བར་དུ་ཟླ་ཕྱེད་བྱ། །དེ་མ་གྲུབ་ན་སྟོང་དུ་བསྐྱར། །དེས་མ་གྲུབ་ན་ཕྱི་མ་ཡི། །ཉ་ཡི་བར་དུ་བསྒྲུབ་པར་བྱ། །དེས་ནི་གྲུབ་འགྱུར་ཐེ་ཚོམ་མེད། །ཅེས་གསུངས་སོ། །གནོད་སྦྱིན་གྱི་རྒྱུད་ཕྱི་མ་རིན་པོ་ཆེ་ལས། སྐབས་དང་པོའོ།། །།དེ་ནས་གཞན་ཡང་བཀའ་སྩལ་པ། །གསང་སྔགས་རིམ་པ་འདི་ལྟར་སྟེ། །ཨོ་ཧྲི༷་ཛ་ཨ་པ་ར་ཙིཀྟ་ཛ་ཛུ། བོད་པའི་རྩ་བའི་སྔགས་སོ། །ཨི་ཧྲི༷་ཛ་ཨ་པ་ར་ཙིསྟ་ས་མ་ཡ་ཙིལྟི་ཛ་ཛུ། ཞེས་པ་ནི་མ་གྲུབ་ན་ལན་གཉིས་སུ་བསྐྱར་བའི་སྔགས་སོ། །ཡི་ཧྲི༷་ཛ་ཨ་པ་ར་ཙིརྟི་ས་མ་ཡ་བཛྲ་ཛ་ཛུ་ཧྲི༷་ཛུ། ཞེས་པ་ནི་མ་གྲུབ་ན་ལན་གསུམ་དུ་བསྐྱར་བའི་སྔགས་སོ། །ཨོ་ཤི་ཧུ༷་ཛ་ཛུ་སྲིང་མོའི་སྔགས་སོ། །དེ་ལ་གནོད་སྤྱིན་ཆེན་པོ་གྲུབ་ནས་དངོས་གྲུབ་བླང་བའི་སྔགས་སོ། །ཨོ་ཧྲི༷་ཛ་ཨ་པ་ར་ཙིཀྟ་ཛ་ཛུ་སརྦ་ཕལ་སིརྙི་ཧུ༷་ཛུ། ཞེས་པ་ནི་དངོས་གྲུབ་བླང་བའི་སྔགས་སོ། །ཨོ་ཧྲི༷་ཛ་ཨ་པ་ར་ཙིསྟ་ཛ་ཛ། ཆེ་གེ་མོའི་ཙིསྟ་གྲི་ཛ་ཊ་ཤ༷་ཀུ་རུ་སིརྙི་ཕ་ལ་ཧུ༷་ཧུ༷་ཛ་ཛ།ཞེས་པ་ནི་གཞན་འདུན་པར་དབང་དུ་བྱ་བའི་སྔགས་སོ། །ཨོ༷་རྒི༷་ཛ་ཨ་པ་ར་ཙིལྟི་སརྦ་སིརྙི་ཕ་ལ་དུན་ཛ་ཛུ། ཆེ་གེ་མོའི་ཧྲི༷་ཧྲི༷་ཧུ༷་ཧུ༷་ཛ་ཛུ། ཞེས་པ་ནི་ཚོང་རྒྱལ་བར་བྱེད་པའི་སྔགས་སོ། །ཨི་ཧྲི༷་ཛ་ཨ་པ་ར་ཙིཀྟ་ཛ་ཛུ་བ་ལིང་ཨི་ད༷་གྲིཏྣ་གྲིཏྣ་ཁ་ཁ་ཁའ་ཧི་ཁུ་ཧི། ཞེས་པ་ནི་གཏོར་མ་དབུལ་བའི་སྔགས་སོ། །སྔགས་འདི་བཟླས་ན་ཁྲོས་པས་འཆི་བར་འགྱུར་རོ། །ཡིཧྲི་ ༷་ཛ་ཨ་པ་ར་ཙིསྟ་ཛ་ཛ་སརྦ་དུ་་མུ་ར་ཡ་ཧྲི་ཛ་ཧུ༷་ཕཊ། ཅེས་པ་ནི་འགྲན་སེམས་ཅན་འདུལ་བ་དང་ཚར་གཅད་པའི་སྔགས་སོ། །ཞེས་གསུངས་སོ། །གནོད་སྤྱིན་གྱི་རྒྱུད་ཆེན་པོ་ཆེ་ལས། སྐབས་གཉིས་པའོ།། །།དེ་ནས་རིམ་པར་བཀའ་སྩལ་པ། །གནོད་སྤྱིན་ཆེན་པོ་བསྒྲུབ་པའི་ཕྱིར། །རང་བཞིན་གནས་ཀྱི་ཕོ་བྲང་ནས། །སྤྱན་དྲངས་མཆོད་ལ་བརྟན་པར་བྱ། །ཨོ་དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་གནོད་སྤྱིན་ཨ་པ་ར། །ཕྱག་ན་རྡོ་རྗེའི་དམ་ཚིག་བཞིན། །ཐུགས་དམ་བཞིན་དུ་གཤེགས་སུ་གསོལ། །ཨོ་ཨུ༷༷ཧྭ༷་སྙི༷་ཛ་ཨ་པ་ར་ཙིལྟི་ཛ་ཛུ་ས་མ་ཛ་ཛུ་ཧུ༷་བ༷་ཧོ། གནོད་སྦྱིན་ཆེན་པོ་ནོར་གྱི་བདག །ཡིད་བཞིན་ནོར་ལྟར་རེ་འདོད་སྐོར། །བདག་གི་བསམ་པ་སྒྲུབ་པའི་ཕྱིར། །དགེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོ༷་ཧྲི་རྗོ་ཨ་པ་ར་ཙིསྟ་ཛ་ཛུ་ཏིཁྱི་བཛྲ་ཧཱུཾ། གནོད་སྦྱིན་ཁྱབ་བདག་ཆེན་པོ་ཉིད། །ཕྱག་ན་རྡོ་རྗེའི་བཀའ་ཉན་པ། །དམ་ཚིག་ཅན་གྱི་གྲོགས་བྱེད་ཕྱིར། །བདག་གི་བཀའ་ཉན་བསམ་པ་སྒྲུབ། །ཡི་ཐི༷་ཛ་ཨ་པ་ར་ཙསྟ་ཧུ༷་ཨ། དེས་ནས་མཆོད་པ་དབུལ་བྱས་ཏེ། །ཨསྙེ༷་བདུག་སྤོས་མེ་ཏོག་མར་མེ་དྲི། །ཞལ་ཟས་མཆོད་དང་བཅས་པའི་མཆོད་པ་འདི། །གནོད་སྤྱིན་ཆེན་པོ་ཨ་པ་ར་ལ་དབུལ། །བཞེས་ནས་བདག་ལ་དངོས་གྲུབ་མྱུར་དུ་སྩོལ། །ཨོ་བཛྲ་པྲརྫེ་རྙུ་པེ་ཨ་ལོ་ཀེ་གན་དྷི་ནེ་ཝེ་བྱེ་མ་ཧྭ་པུ་ཙ་ཧོ། །དེ་ནས་གཏོར་མ་སྡེ་བཟང་དབུལ་བ་ནི། །གནོད་སྦྱིན་ཆེན་པོ་ཨ་པ་ར། །སྡེར་བཟང་དམ་པ་འདི་ཉིད་དང་། །མཆོད་པའི་གཏོར་མ་འདི་བཞེས་ལ། །ནོར་གྱི་དངོས་གྲུབ་བདག་ལ་སྩོལ། །ཨོ༷་པྲུ་ཙ་བ་ལིང་ཁའ་ཧི། དེ་ནས་བསྟོད་པ་དག་ཀྱང་བྱ། །དེ་ནས་དངོས་གྲུབ་བླང་བ་ནི། །འདོད་ཡོན་ལྔ་ལ་ལོངས་སྤྱོད་དང་། །ཅི་བསམ་ལྷུན་གྱིས་གྲུབ་པ་ཡི། །དངོས་གྲུབ་བསྒྲུབ་པའི་དུས་ཉིད་དུ། །མཎྜལ་བ་ཡི་རྣམ་ལྔས་བྱུག །པདྨ་འདབ་བརྒྱད་དཀྱིལ་འཁོར་བྲི། །མཆོད་པ་ལྔ་དང་གཏོར་མ་ལ། །བརྟེན་ལ་བསྒྲུབ་པར་བྱ་བ་ཡིན། །ནང་ལྟར་བསྒྲུབ་པའི་དུས་ཉིད་དུ། །མཎྜལ་བ་ཡི་རྣམ་ལྔས་བྱུག །མེ་ཏོག་ཚོམ་བུ་དགོད་པར་བྱ། །བུམ་པ་མཚན་དང་ལྡན་པར་ནི། །འཁོར་ལོ་བླ་རྡོ་བརྟེན་ལ་བསྒྲུབ། །གསང་ལྟར་བསྒྲུབ་པའི་དུས་ཉིད་དུ། །མཎྜལ་བ་ཡི་རྣམ་ལྔའི་སྟེང་། །གནོད་སྤྱིན་སྐུར་བ་བཞེངས་པ་ལ། །རི་བོང་སྙིང་གི་ནང་དུ་གཞུག །ཟ་འོག་དག་གིས་རབ་དྲིལ་ལ། །གོང་གི་འཁོར་ལོ་བཅང་བར་བྱ། །ཡང་གསང་ཉིད་དུ་བསྒྲུབ་པ་ནི། །གནོད་སྦྱིན་སྣང་བ་རང་གི་སེམས། །ཡེ་ནས་ཤེས་པ་ཆོས་ཀྱི་སྐུ། །ཞེས་གསུངས་སོ། །གནོད་སྤྱིན་གསང་བ་ཕྱི་མའི་རྒྱུད་ཀྱི་ལེའུ་སྟེ་དང་པོའོ།། །།དེ་ནས་གསང་བའི་བདག་པོས་བཀའ་སྩལ་པ། རྣལ་འབྱོར་པས་གནོད་སྤྱིན་བསྒྲུབ་པའི་དུས་སུ། །ཨོ་ཙཎྜ་མ་ཧྭ་རོ་ཥ་ཎ་ཧུ༷་ཕཊ། ཅེས་འབུམ་བཟླས་ལ། དེ་ནས་ཞག་ཏུ་རྡོ་རྗེ་གོ་ཆའི་སྔགས་འགོད་དོ། །ཨོ་ཧ་ན་བཛྲ་ཧུ༷། ཨོ་ད་ཧ་བཛྲ་ཧུ༷། ཨོ་དྷི་བ་ཏ་བཛྲ་ཧུ༷། ཨོ་བཛྲ་རོ་ཥ་ཧུ༷། ཨོ་བཛྲ་དྲི་ཧ་བཛྲ་ཧུ༷། ཨོ་ཧ་ན་ད་ཧ་པ་ཙ་ཧུ༷། ཨོ་བཛྲ་ཀྲོ་དྷ་བཛྲ་ཧུ༷། ཨོ་མ་ཡ་བཛྲ་ཧུ༷། ཨོ་ཨ་སྟ་ཧུ༷། ཞེས་བཀོད་ལ། ཨོ་ཙཎྜ་མ་ཧྭ་རོ་ཥ་ཧ་ན་ད་ཧ་པ་ཙ་ཀྲོདྷ། སརྦ་དུ་་མ་ར་ཡ་ཧུ༷་ཕཊ། ཅེས་སྟོང་བཟླས་སོ། །དེས་ནི་ཨ་པ་ར་བསྒྲུབ་པ་ལ་ཁ་སྐུན་པར་ཆོད་སེལ་བར་འགྱུར་རོ། །ཞེས་གསུངས་སོ། །རྒྱུད་ཕྱི་མའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བཀའ་སྩལ་པ། རྣལ་འབྱོར་བ་དང་པོ་ཚེས་གཅིག་ལ་ཞུགས་ནས། ཉའི་བར་དུ་བསྒྲུབ་པར་བྱ་བའི་སྙིང་པོ་ནི། །ཨོ་ཧྲི༷་ཛ་ཨ་པ་ཙིསྟ་ཛ་ཛུ་ཞེས་པའོ། །རང་གི་འཁོར་དུ་བར་ཆད་བསྲུང་བ་ནི། ཡི་ཧྲི༷་ཛ་ཨ་པ་ར་ཙིཀྟ་ཛ་ཛུ་མ་མ་ས་པ་རི་ཝ་ར། རཀྟ་ཀུ་རུ་སྲུང་ཞིག་སྲུང་ཞིག་གྲྭ་ཧྭ། དངོས་གྲུབ་མྱུར་དུ་བསྐུལ་བ་ནི། ཨོ་བྱུ་ཏ་ཏྲི་ཨ་པ་ར་ཙིསྟ། རད་ན་སབོ་མ་ནི་ཤ་རེ་ཏྲི་ས་མ་བ་ཏེ་གྲྭ་ཧྭ། སྲིང་མོ་འབྱུང་མོ་རྣམ་རྒྱལ་མ་འབྲེངས་པར་བྱ་བ་ནི། ཨོ་ཕྲི་ཧུ༷་ཛ་ཛུ་སརྦ་འདུན་པར་གྱིས་འདོད་པའི་དོན་ལ་ཁོལ་མོར་གྱིས་༄༅། ཁེག་གྲྭ་ཧྭ་ཞེས་བཟླས་པ་བྱའོ། །བརྒྱུད་ཕྱི་མའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་བཀའ་སྩལ་པ། འདི་ཉིད་བསྒྲུབ་པའི་དུས་སུ་ནི། ཁ་ཟས་དཀར་གསུམ་དང་མངར་གསུམ་བཟའ་ཞིང་མཆོད་པ་བྱས་ན་ནམ་ལང་ཀར་སྔོན་དུ་འོང་ངོ་ཅོག །ཉའི་ནུབ་མོ་གུ་གུལ་དུད་པ་བཏང་སྟེ་བར་མ་ཆད་པར་བྱ་སྟེ། གུ་གུལ་དཀར་པོ་ནི་མཆོད་པའི་རྫས་སུ་འགྱུར་ལ། ནག་པ་ནི་བར་ཆད་སེལ་བར་བྱེད་པར་འགྱུར་རོ། །ཅི་འདོད་དངོས་སུ་ཟེར་ན་ཐམས་ཅད་འདུན་པར་གྱིས་ཤིག །ངའི་བཀའ་ཉན་དུ་གྱིས་ལ་དངོས་གྲུབ་བླང་ཞིག་ཅེས་བྱ་ལ། གྲུབ་ནས་རིག་པའི་རྒྱལ་པོས་ཡིད་དབང་སྟེར་རོ། །བཀྲ་ཤིས་པར་བྱེད་དོ། །ཚེ་ཟད་ན་ཡང་ལྷའི་ཡུལ་དུ་སྐྱེལ་ལོ། །ཕྱག་རྒྱ་ནི་སོར་མོ་བསྣོལ་ནས་གུང་མོ་པདྨ་ལྟར་བྱའོ། །འདི་བླ་མ་དང་དམ་ཚིག་མ་ཉམས་པར་གྱུར་ན། །རྫུན་ལ་དགའ་བ་དང་། ཁྲིམས་མེད་དང་། ནོར་མེད་དང་། ཕོ་དང་མོ་དང་།གང་གིས་ཀྱང་འགྲུབ་པར་འགྱུར་རོ། །དངོས་གྲུབ་བསྐུལ་བའི་སྔགས་འབུམ་བཟླས་ན། ཐམས་ཅད་ཀྱི་མི་རྫི་བར་ཟིལ་གྱིས་གནོན་ཅིང་དངོས་གྲུབ་ཐོབ་པར་འགྱུར། །དེའི་ཕྱིར་ན་རྒྱུད་འདི་ཡོངས་སུ་བཟུང་བར་བྱའོ། །ཞེས་གསུངས་སོ། །གནོད་སྤྱིན་ཨ་པ་རའི་རྒྱུད་ཕྱི་མ་ཞེས་བྱ་བ་རྫོགས་སོ། །རྒྱ་རྒྱ་རྒྱ།། །།