Ngb-pt-0803-vol-09-text

From Rangjung Yeshe Wiki Texts
Revision as of 10:50, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-800-899/ngb-pt-0803-text.docx.wiki to Ngb-pt-0803-vol-09-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། བཛྲ་ཙཎྜཀྭ་ཡ་བཱ་ཀ་ཙིཉི་ཏན་ཏྲ་ཨ་ག་ནེ་པྲ་བྷ་སྲུ་ཏྲ། བོད་སྐད་དུ། རྡོ་རྗེ་གཏུམ་པོ་སྐུ་གསུང་ཐུགས་ཀྱི་རྒྱུད་མེ་འོད་འབར་བའི་མདོ། །རྡོ་རྗེ་ག་་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་གསང་བའི་བདག་པོ། བྱང་ཕྱོགས་གནོད་སྤྱིན་གྱི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་དུ། གནོད་སྤྱིན་རྡོ་རྗེ་གདོང་བཞི་པ་དང་། ཡཀྟ་འབར་བྱེད་དང་གནོད་སྤྱིན་ཀུ་བ་རེ་ལ་སོགས་ཏེ། གནོད་སྤྱིན་གྱི་ཚོགས་རྣམས་དང་། ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་ན་བཅོམ་ལྡན་འདས་རྡོ་རྗེ་འཆང་སྐུ་གསུང་ཐུགས་རྣམ་པར་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞུགས་མ་ཐག་ཏུ་རྡོ་རྗེ་འཆང་གི་གསུང་ལས་རྟ་མགྲིན་སྤྲུལ་ཏེ། ནུབ་ཕྱོགས་ཀླུའི་གནས་སུ་སྤྲུལ་པ་མཛད་ནས་གདུག་པ་བཏུལ་ཏེ། རྡོ་རྗེ་འཆང་གི་ལྗགས་ཀྱི་སྟེང་དུ་གནས་སོ། །ཐུགས་ལས་ཁྱུང་མཐིང་ནག་སྤྲུལ་ཏེ། འོག་གི་རྒྱ་མཚོར་སྤྲོས་ཏེ། མ་རྣམས་བཏུལ་ནས་ཐུགས་ཁར་ཐིམ་པར་མཛད་པས། འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་ཏེ། ཐམས་ཅད་མིང་གི་མཚན་ཉིད་ཙམ་དུ་གྱུར་ཏོ། །རྡོ་རྗེ་གཏུམ་པོ་མེ་འོད་འབར་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་གནོད་སྤྱིན་ལག་ན་རྡོ་རྗེ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟས་ནས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་སྐྱེས་མཆོག་གསང་བའི་བདག །རྡོ་རྗེ་འཆང་བ་ལོག་འདྲེན་གཤེད། །གདུག་པ་འདུལ་དཀའ་འདུལ་བ་བོ། །ཉིད་ཀྱི་ཆེ་བ་བཤད་དུ་གསོལ། །ཞེས་ཞུས་པས། །བཅོམ་ལྡན་འདས་ཀྱིས་གསུངས་པ། ང་ནི་ཐབས་ཀྱི་མཉེན་པ་མཁན། །འཁོར་བའི་ཆུ་བོར་རབ་མེད་ལས། །སྲིད་གསུམ་བསྒྲལ་བར་དམ་བཅས་པ། །ཐར་པ་འདོད་པ་ལམ་འདིར་ཤོག །ང་ནི་གསང་བདག་དཔའ་བོ་སྟེ། །གདུག་པ་ཀླུ་ཡིས་ཟིན་པ་ལ། །ཐར་པར་འདོད་པ་ལམ་འདིར་ཤོག །ང་ནི་ཡིད་བཞིན་དཔའ་བོ་སྟེ། །གང་ཞིག་གསོད་དང་མི་ལྡན་པ། །ཕུན་སུམ་ཚོགས་འདོད་ལམ་འདིར་ཤོག །ང་ནི་ཉོན་མོངས་ཞི་བྱེད་པ། །བསྒྲལ་བའི་ཞིང་བཅུ་སྒྲོལ་བྱེད་པ། །བསྟན་པ་བསྲུང་འདོད་ལམ་འདིར་ཤོག །ཅེས་གསུངས་པས། ལག་ན་རྡོ་རྗེ་གནོད་སྦྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །གསང་བདག་རྡོ་རྗེ་ག་་པོ་ཡི། །བསྙེན་པ་བྱ་ན་ཇི་ལྟར་བྱ། །སྔགས་དང་ཕྱག་རྒྱ་ཇི་ལྟར་ལགས། །ཏིང་འཛིན་ཇི་ལྟར་བསྒོམ་པར་བགྱི། །དེ་ཡིས་འཕྲིན་ལས་མཆོད་པ་དང་། །དབང་དང་དམ་ཚིག་ཇི་ལྟར་བསྟན། །ཞེས་གསོལ་ཏོ། །རྡོ་རྗེ་ག་་པོ་མེ་འོད་འབར་བའི་རྒྱུད་ལས། གླེང་བསླང་བའི་ལེའུ་སྟེ་གཉིས་བའོ། །དེ་ནས་ཡང་དག་བཤད་བྱ་བ། །བསྙེན་པའི་རིམ་པ་བྱ་བ་ནི། །ཕྱི་ནང་གསང་བའི་དབང་ཐོབ་དེས། །དབེན་ཞིང་དགའ་བའི་ས་ཕྱོགས་དེར། །འདུ་འཛི་སྤངས་ཏེ་བདེ་སྟན་ལ། །སྐད་ཅིག་ལྷ་ཡི་ང་རྒྱལ་བསྐྱེད། །གསང་སྔགས་སྦྱོར་བས་བགེགས་རྣམས་བསྐྲད། །ཨོ་བཛྲ་ཙཎྜམཧྭ་རོ་ཥ་ན་ཧྲི་པདྷ༷་ཏ་ཀྲི་ཏ་ཧ་ཡ་གྲི་བ་བཛྲ་རུ་ཌ་ཙ་ལེ་ཙ་ལེ་སརྦ་བིསྣན་ཨུ་ཙ་ཏ་ཡ་ཧུ༷་ཕཊ། དེ་ནས་སྟོང་ཉིད་སྙིང་རྗེ་བསྐྱེད། །སྤྲིན་འདྲ་ལྟ་བུའི་བྱིན་རླབས་ལས། །རླུད་སོགས་ས་བོན་ལས་བྱུང་བ། །བྲུ༷་ལས་གཞལ་ཡས་བསྐྱེད་པར་བྱ། །གདན་སྟེངས་སྐུ་གསུང་ཐུགས་ཀྱི་ལྷ། །རིགས་ལྔའི་ཁྱུང་དང་པདྨ་དང་། །ཐུགས་ཁར་ཐུགས་ཀྱི་བྱ་ཁྱུང་བསྐྱེད། །གསལ་ནས་ཡེ་ཤེས་སྤྱན་དྲངས་ཐིམ། །མཉེས་པའི་མཆོད་པ་དབུལ་བར་བྱ། །བཅུ་གཅིག་རྩ་གཉིས་བཅོ་ལྔ་དང་། །རྟགས་དང་གྲངས་སུ་ཐེམས་པ་དང་། །མེ་འབར་བསྒྲུབ་དང་སོ་སོ་ཡི། །རྩད་བཅད་ལས་ལ་སྦྱར་བར་བྱ། །རྡོ་རྗེ་གཏུམ་པོ་མེ་འོད་འབར་བའི་རྒྱུད་ལས། བསྙེན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཡི་གེ་འཁོར་ལོ་ཞེས་བྱ་བ་འདི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཧུ༷་ཧྲི་ཁྲོ ། ཁྲོ༷་ཁྲོ་ཁྲོ༷་ཁྲོ༷་ཁྲོ༷། ཨོ་བཛྲ་ཙཎྜ་མཧྭ་རོ་ཥ་ཎ་ཧུ༷་ཕཊ། ཧྲི་པསྙི༷་ཏ་ཀྲི་ཏ་ཧ་ཡ་གྲི་བ་བཛྲ་ཀྲོ་དྷ་ཧུ་ལུ་ཧུ་ལུ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ན་ཧཱུཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧུ༷་ཕཊ། ཨོ་བུདྷ་ག་རུ་ཌ་ཨོ། ཨོ་བཛྲ་ག་རུ་ཌ་ཧྲུ༷། ཨོ་རད་ག་རུ་ཌ་ཏྲ༷། ཨོ་པདྨ་ག་ཏུ་ཌ་ཧྲི། ཨོ་ཀརྨ་ག་རུ་ཌ་ཧ། ན་ག་སྲོག་ཚི་ག་ནན་རྦད། ལུས་རྡུལ་ནག་མྱ་ར་ཡ་རྦད། ར༷་ར༷་ཛ་ལ་ཛ་ལ། ཤི་ཤི་རྡུལ་བུན་ནཱ་ག་མྱ་ར་ཡ་རྦད་སྲོད། ཨོ་ནཱ་ག་ཤི་ནན་ན་ག་བྱེར། ནཱ་ག་རྭ་ཛུ་ཆི་ནཱ་ག་ཏྭ༷། ན་ག་སོད། ན་ག་གོ་ལ་ཡ། ནཱ་ག་རྭ་ཛ་མྱ་ར་ཡ་ཆིངས། ནཱ་ག་རྭ་ཛུ་སྲོག་སྙིང་རུལ། ནཱ་ག་རྭ་ཛུ་ཕཊ། ནཱ་ག་ཤུ་ཤུ་ནན། ནཱ་ག་རྭ་ཛུ་བྱེར། ནཱ་ག་ར་ཛ་སྲོག་སྙིང་ལ་རྩ་ལ་པ་སྲོག་རྦུད། པྲ་ཏི་ས་མ་ཡ་ཛ་ན་ག་སྙིང་ཚལ་པ་མ་འུ་ཆུད། དེ་ནི་དགུག་པའི་དྲག་སྔགས་སོ། །དེ་ནས་བཅིང་པའི་དྲག་སྔགས་བཟླས། གསད་པའི་དྲག་སྔགས་འདི་དག་ཡིན། །ཀླུ་ཆེན་རྩད་ནས་གཅད་པ་ནི། །ཨོ་ས་ཏི་ཏི་ཐ་ག་རུ་ན་བི་ཤ་དེ། ནཱ་ག་ནན་ནཱ་ག་ཁ་ཐམ་ཉི་མ་ས་ཟླ་ནན། ཀླད་པ་ནན། ཙིརྟི་ཀུ་ལི་ནན། ཀུ་ནན་ཤི། ཙ་མུ་བཟློག་བྱེར། ནཱ་ག་ཤིག་ནཱ་ག་རྭ་ནཱ་ག་གོ་ལ་ནན། ནཱ་ག་རྭ་ཛ་བྱེར་བྱེར་ཕཊརྦད། །དེ་ནས་ཡང་ཀླུ་བཙན་གདུག་པ་ཅན་རྩད་ནས་བཅད་པ་འདི་གསུངས་སོ། །ཡ་མ་ཤུ་ཤུ་སོད། ཡ་མ་ཤུ་ཤུ་རྦད། ཡ་མ་ཤུ་ཤུ་ནན། ཡ་མ་ཤུ་ཤུ་ནན་རྦད། དེ་ནས་ཡང་ཀླུ་བདུད་ནག་པོ་རྩད་ནས་བཅད་པ་འདི་གསུངས་སོ། །ནག་པོ་ཤུ་ཤུ་མགོ་ལ་ནན་ལ། ནག་པོ་ཤུ་ཤུ་རྦད། ནག་པོ་ཤུ་ཤུ་རྦུད། ནག་པོ་ཤུ་ཤུ་ནན་རྦད། དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སའི་བདག་པོ་རྩད་ནས་བཅད་པའི་འདི་གསུངས་སོ། །ས་དོམ་ནག་པོ་སོད། ས་དོམ་ནག་པོ་ནན། ས་ཀྲ་སྨྱུ་ར་ལ་རྦད། དེ་ནས་ཡང་བཅོས་ལྡན་འདས་ཀྱིས་མ་མོ་རྩད་ནས་བཅད་པ་འདི་གསུངས་སོ། །མ་མ་ཡ༷་ཏྲི་རྦུད། མ་མ་ཡ༷་ཏྲི་སད། མ་མ་ཡ༷་ཏྲི་རྦད། མ་མ་ཡ༷་ཏྲི་ནན། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གཉན་རྩད་ནས་བཅད་པ་འདི་གསུངས་སོ། །ཙཀྲ༷་དུསྦྱི་རྦད། ཙཀྲ་ཏྲ༷་དུསྦྱི་སོད། པུ་སེ་མྱ་ར་ཡ་རྦད། དེ་ནས་ཡང་རྒྱལ་འགོང་རྩད་ནས་བཅད་པའི་འདི་གསུངས་སོ། །རྭ་ཛ་ཐང་ཤི་ཤི་རྦད། ཏྲ༷་རིལ་ཏྲ༷་རིལ་ཐུ།ཀྱི་མ་ཐང་ཀྱི་མ་ཐང་། ཁུག་ཁུག་ཤེལ་ཤེལ། རྭ་ཛ་ཡ་ར་ཡ་ར་རྦད། སོ་སོའི་སྡེ་དང་དབྱེ་བ། ནཱ་་་ང་་ཏྲེ་ སུ་མེ་སུ་ནེ། རྭ་ཤ་ར་ཛ་མ་ར་ཡ། ཤག་ཤག་ཕཊ་རྦད། གདུག་པའི་དྲག་སྔགས་ཐུན་གྱིས་གསད། ཁྲག་སྣ་ཚོགས་པའི་ཐུན་ཁྲག་སྦྱར། བན་ཏྲས་ཏྲག་ཐུ༷་ནི་ལ་རྦད། ཨ་ན་ས་སུ་ར་ཡ་ན་སུ་མེ་ཕ་ཏྲ། ན་ག་རག་ཤ་ཚལ་པ་མ་ར་ཡ། མ་ར་ཡ་ཕཊ་རྦད། ནཱ་ག་ས་ཏེ་པུ་ནེ་ན་ག་རག་ཤ་ཚལ་པ་མ་ར་ཡ་ཕཊ་རྦད། གདུག་པའི་ཤིང་ལ་ཐུན་ཕུར་བྱ། ཀི་ལི་ཀི་ལི་ཡ་ནཱ་ག་ས་ཏྲི་ཕུ་མེ། རག་ཤ་སརྦ་བིསྒྱུན་བ༷་ཧུ༷་ཕཊ་རྦད། རྡོ་ཕྱེས་གཞི་བྱས་ལྕགས་ཕྱེས་བྲབ། བི་ཤ་ཀུ་རུ་ན། ནཱ་ག་ས་ཀྲ་སུ་མ། རསྒ་རྭ་ཛ་མུ་ར་ཡ་ཕཊ་རྦད། སྔགས་ཀྱི་གྲོང་ཁྱེར་འདི་ཕྱུང་བས། འཕྲིན་ལས་ཀྱིས་འགྲོ་བ་འདུལ་བར་གྱུར་ཏོ། །རྡོ་རྗེ་གཏུམ་པོ་མེ་འོད་འབའ་བའི་རྒྱུད་ལས། གསང་སྔགས་བསྟན་པའི་ལེའུ་བཞི་པའོ།། །།དེ་ནས་གསང་བའི་བདག་པོ་རྡོ་རྗེ་འཛིན་པས། ཉིད་ཀྱི་ཆེ་བའི་གསང་སྔགས་ཀླུ་རིགས་བཞི་ལས་འབྱུང་བར་བཞེད་ནས། དབང་དུ་བསྡུས་ལ་གསད་པ་འདི་གསུངས་སོ། །ཨོ་ནཱ་ག་རྭ་ཛ་བན་དུར་མྱ་ར་ཡ་ནཱ་ག་ཐུ༷་རིལ་རིལ། །མྱོགས་མྱོགས་རྦད་རྦད། ནཱ་ག་མྱ་ར་ཡ་ཕཊ།ཅེས་གསུངས་པས། རྒྱལ་རིགས་རྩད་ནས་བཅད་དོ། །ཨོ་ནཱ་ག་ཡ༷་ཏྲིག་ནན། ན་ག་དུ་མ་ར་ཡ་ཛ་ལ་ཛ་ལ། དི་རིང་དི་རིང་ཕུར་ཕུར་སོད། ཅེས་གསུངས་པས་བྲམ་ཟེའི་རིགས་མེས་བསྲེགས་སོ། །ཨོ་ན་ག་མ་ར་ཡ་ཐུམ་ཐུམ་ཤིག་ཤིག་རྦད། ཅེས་གསུངས་པས། རྗེ་རིགས་རྣམས་མེས་བསྲེགས་སོ། །ཨོ་མ་ཏི་ཡ་མ་ན། ན་ག་མ་ར་ཡ་ཐུམ་རིལ། ཞུང་ཞུང་མྱོག་རྦད། ཅེས་གསུངས་པས། གདོལ་པ་ཡིད་ཀྱིས་མྱོས་སུ་བཅུག་གོ །སྔགས་ཀྱི་འཕྲེང་བ་དེ་རྣམས་བྱུང་བས། རིགས་བཞིའི་ནད་ཀྱིས་ཟིན་པ་རྟོག་པ་ལས་གྲོལ་ལོ། །མེ་འོད་འབར་བའི་རྒྱུད་ལས། རིགས་བཞི་གསང་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་གསང་བའི་བདག་པོ་ག་་པོས་གསང་སྔགས་དོན་ཡོད་པར་བྱ་བའི་ཕྱིར། །ཏིང་ངེ་འཛིན་འདི་ཆེད་དུ་བརྗོད་དོ། །དང་པོ་སྟོང་པ་བྱང་ཆུབ་སེམས། །གཉིས་པ་རྡོ་རྗེ་ཁྱབ་བརྡལ་ལོ། །གསུམ་པ་རྒྱུ་ཡིག་རང་བྱུང་ཧུ༷། །ཡུམ་ལྔའི་དཀྱིལ་འཁོར་བརྡལ་ཁྱབ་པས། །རིན་ཆེན་འབར་བའི་གཞལ་ཡས་ཁང་། །ཡེ་ཤེས་ཕྱོགས་བཞི་དབུས་འོད་འབར། །གདན་སྟེངས་རང་བཞིན་ཧུ༷་ལས་ནི། །འཕྲོས་འདུས་རྡོ་རྗེ་རྩེ་ལྔ་པ། །དེ་ལས་ཕྲ་མོ་ལྔ་རབ་འདུས་པ་ལས། །རྡོ་རྗེ་འཆང་བ་བསང་བའི་བདག །མཐིན་ནག་འཇིགས་ཚུལ་རྡོ་རྗེ་གཡས། །གདུག་པ་འཇིགས་བྱེད་སྡིགས་མཛུབ་གཡོན། །ལོངས་སྤྱོད་འཁོར་ལོ་འདབ་བཞི་ལ། །དམར་པོ་འཇིགས་བྱེད་རྟ་མགོ་ལྗང་། །ཐུགས་དཀར་རི་བོང་ཅན་སྟེངས་སུ། །ཁྲོ༷་ལས་ཐུགས་ཀར་ཁྱུང་ནག་པོ། །གདུག་པ་གདོལ་པ་ཟས་སུ་ཟ། །དཔལ་བེའུ་འོད་འབར་ཡིག་འབྲུ་གསུམ། །འདོད་པ་དོན་བྱས་དངོས་གྲུབ་བསུལ། །འདོད་པས་གཟི་བྱིན་བདག་ལ་ཐིམ། །བདེ་ཆེན་འཁོར་ལོ་རིགས་ལྔའི་ཁྱུང། །རིགས་བཞིའི་ལུས་སྲོག་དབང་དུ་སྡུད། །འབུར་ལྷ་རྒྱན་ཆ་སྙན་ཆ་མགུར། །རང་ལུས་སྐུ་གསུང་ཐུགས་སུ་གསལ། །ལྟེ་བ་མཛོད་པུ་གནས་དག་ཏུ། །ར༷་དྲུག་མེ་ཡི་ས་བོན་གྱིས། །རང་བྱུང་མེ་འབར་གདུག་པ་བསྲེག ཁུ།་གསུམ་དྲག་པོ་ཧོམ་ཁུང་དུ། །གདུག་པ་བཀུག་ལ་བསྡམ་ཞིང་བསྟིམ། །ཐུགས་ལ་རྡོ་རྗེ་ལྕགས་ཀྱུ་ཡིས། །རྫས་ལ་བཀུག་ལ་ཨ་ཡིས་བསྟིམ། །རྩད་བཅད་སྔགས་གཟེར་མེ་ཡི་ཐུན། །གང་ལ་བྱ་བ་བསྲེག་པའོ། །གསོ་གསད་དགུག་གཞུག་ལས་སྣ་ཚོགས། །ཏིང་འཛིན་འདི་ཡིས་བྱེད་པ་ཡིན། །ཞེས་གསུངས་སོ། །མེ་འོད་འབར་བའི་རྒྱུད་ལས། གཏུམ་པོ་མེ་འབར་གྱི་དགོངས་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་སྤྱན་སྔར་གནོད་སྦྱིན་ཡསྒ་འབར་བྱེད་ཀྱིས་རང་གི་སྲོག་གི་སྙིང་པོ་འདི་ཕུལ་ལོ། །ཨོ་མ་ཧྭ་ཡསྒ་ཨ་ཏི་ཕ་ཏི་ན་དན་ཀུ་པ་ཕཊ། ཅེས་མདངོས་གསོལ་དུ་ཕུལ་ཏེ། ལྕགས་ཕྱེ་ཟངས་ཕྱེ་ལ་སྔགས་ཏེ་གདུག་པ་ལ་བྲབ་ན་མྱུར་དུ་སྒྲོལ་བར་འགྱུར་རོ། །དེ་ནས་གནོད་སྦྱིན་ཀུ་བེ་རས་རང་གི་སྲོག་གི་སྙིང་པོ་ཕུལ་བ། ཨོ་མ་ཧྭ་ཡསྒ་རད་ན་ས་ཏི་སྤྲུརྨྱེ་གྲྭ་ཧྭ། ཞེས་གདོངས་གསོལ་དུ་ཕུལ་ལོ། །གའུའི་ནང་དུ་ཟས་ཀྱི་བྱེ་བྲག་ལ་སྔགས་ཏེ་ཟོས་ན་ནོར་དང་ལྡན་ཞེས་བྱའོ། །མེ་འོད་འབར་བའི་རྒྱུད་ལས། འཁོར་གྱིས་སྲོག་སྙིང་ཕུལ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །མནན་པ་ལས་ཀྱི་ཆོ་ག་ལས། །དེ་ཡི་སྦྱོར་བ་འདི་ལྟར་བྱ། །འཁོར་ལོ་རྡོ་རྗེ་ལྟེ་བར་བྲི། །འོག་ཏུ་གང་ཡིན་མིང་དུ་གཟུགས། །སྟེང་དུ་རི་རབ་མུ་ཁྱུད་བསྐོར། །ཨོ་ལམ་ལྟེ་བར་བྲི་བར་བྱ། །མུ་ཁྱུད་སྔགས་མགོ་ནང་བསྟན་བྲི། །དེ་སྟེང་རྡོ་རྗེ་རྒྱ་གྲམ་བྲི། །གཉན་པའི་ས་ལ་མནན་པ་བྱ། །མཆོད་རྟེན་སྔོན་པོ་ཁྲུ་གང་བྱ། །དེ་ལ་ལྷ་བསྐྱེད་ཡིག་འབྲུ་དགོད། །རབ་གནས་བྱས་ལ་དེ་ཡིས་མནན། །བདག་ཉིད་ལྷ་ཡི་ང་རྒྱལ་བྱ། །གོམ་གསུམ་བོར་ལ་བདག་རྗེས་གཅད། །བསྐལ་པའི་མཐར་ཡང་ཐར་པ་མེད། །མེ་འོད་འབར་བའི་རྒྱུད་ལས། མནན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྤྱིན་སྲེག་ལས་ཀྱི་ཆོ་ག་ནི། ཁུ།་གསུམ་རྡོ་རྗེ་ཐལ་ཆེན་བླུགས། །ཚེར་ནག་ཡམ་ཤིང་དུག་དང་ཁྲག །རྫས་རྔས་དགྲ་བོའི་གཟུགས་བྱས་ལ། །གདུལ་བྱ་བཀུག་ལ་གཟུགས་ལ་བསྟིམ། །མེ་ལྷ་བསྐྱེད་ལ་དགུག་གཞུག་བྱ། །མཆོད་གསོལ་བྱིན་བརླབས་དབང་བསྐུར་རོ། །ལས་མཐུན་སྦྱིན་སྲེག་སྔགས་འདི་ལས། །སརྦ་ཤ་ཏྲུ༷་ཆེ་གེ་མོ་མ་ར་ཡ་རྦད། འཇིག་རྟེན་ལྷ་ལ་གཏོར་མས་མཆོད། །ཐལ་བ་ཆུ་བོའི་གཞུང་ལ་འོ། །རྡོ་རྗེ་འཆང་ཡང་སྲེག་ནུས་ན། །གདུག་པ་གཞན་ལྟ་སྨོས་ཅི་དགོས། །མེ་འོད་འབར་བའི་རྒྱུད་ལས། སྦྱིན་སྲེག་གི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་འཆང་ལ་དབང་བསྐུར་ན། །སྔོན་དུ་བསྙེན་པ་རྫོགས་པ་ཡིས། །སློབ་མ་ཐེག་པ་མཆོག་དགའ་ལ། །སློབ་དཔོན་སྔགས་དང་རྒྱུད་མཆོག་ཤེས། །དང་པོ་ས་སྦྱང་བསྲུང་བ་བྱ། །ལྷ་དང་ལས་ཀྱི་བུམ་པ་རྣམས། །སྔོན་དུ་སྟ་གོན་ལ་གནས་པས། །དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་བྲི། །དབུས་སུ་གཏུམ་པོ་རྩིབས་ལ་ཁྱུང་། །སྐུ་གསུང་ཐུགས་ཀྱི་གཟུགས་ཀྱང་དགོད། །བུམ་པ་མཆོད་རྫས་ཁྲེམ་པ་དང་། །དཀྱིལ་འཁོར་བསྐྱེད་ལ་སློབ་མ་གཞུག །ལྷ་དབབ་ནན་ཏན་དམ་ཚིག་བསྒྲག །ཨོ་རྡོ་རྗེ་འཆང་ལ་གསང་བའི་བདག །ལོག་འདྲེན་འདུལ་བྱེད་བགེགས་ཀྱི་གཤེད། །རྡོ་རྗེ་སྐུ་ཡི་གཙོ་བོར་ཤོག །ཨོ་བཛྲ་ཙཎྜ་མ་ཧྭ་རོ་ཥ་ན་ཀ་ཡ་ཨ་སྟི་ཥརྩི་ཨོ། ནུབ་ཕྱོགས་ཀླུ་ཡི་ཕོ་བྲང་དུ། །གར་དབང་རྡོ་རྗེ་གསུང་གི་བདག །རྡོ་རྗེ་འཆང་བས་དབང་བསྐུར་བས། །རྡོ་རྗེ་གསུང་གི་གཙོ་བོར་ཤོག །ཧ་ཡ་གྲི་བ་པདྷ༷་ཏ་ཀྲིཏ་ཨ་སྟི་ཤིརྩི་ཨ༷། གདུག་བྱེད་ཀླུ་ཡི་གཉེན་པོར་ནི། །ཐུགས་ལ་བྱ་ཁྱུང་སྤྲུལ་པ་ཡིས། །རིགས་བཞིའི་ཀླུ་རྣམས་དབང་སྡུད་པ། །སྐུ་རྣམས་འདུལ་བའི་གཉེན་པོར་ཤོག །ཨོ་བཛྲ་ག་རུཌཨ སྙིཁི྅ཧུ༷། དེནསབུམ་ཆུས་རིགས་ལྔའི་ཁྱུང་། །རང་གི་རིགས་ཀྱི་དབང་བསྐུར་བྱ། །རྡོ་རྗེ་དྲིལ་བུ་ཅོད་ཅན་དང་། །ཕྱག་རྒྱ་སྔགས་ཀྱི་རྗེས་གནང་དང་། །ཐབས་དང་ཤེས་རབ་བདེ་བའི་རྒྱུན། །ཐིག་ལེ་འབྲུ་ཚུགས་དབབ་པའོ། །རང་གི་ཐིག་ལེ་གནང་བ་སྤྱིན། །དུས་འདི་ཐམས་ཅད་ཚེ་རིང་དང་། །གདོན་དང་འབྱུང་པོ་ཞི་བ་དང་། །ཀླུ་ཡང་དེ་ཡི་དབང་དུ་འདུས། །ལྷ་ཡང་དེ་ཡིས་བསྒོ་བ་ཉན། །བགེགས་རིགས་རྣམས་ཀྱང་ཚུལ་བཞིན་གུས། །གནོད་སྦྱིན་རྣམས་ཀྱིས་ནོར་འབུལ་འགྱུར། །དམ་མེད་སློབ་དཔོན་བརྙས་བྱེད་པ། །དམྱལ་བ་ཆེན་པོར་དེ་ལྟུང་ངོ་། །མེ་འོད་འབར་བའི་རྒྱུད་ལས། དབང་བསྐུར་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་དཀྱིལ་འཁོར་དེ་དག་ལ། །ཚིག་གིས་མཉེས་པར་བྱ་བའི་ཕྱིར། །ཆེད་དུ་བརྗོད་པ་འདི་བརྗོད་དོ། །དེ་ནས་ནཱ་ག་པུ་ཙ་ཡ། །ཉི་མ་ལྟ་བུའི་འོད་མཆོག་གིས། །ཡི་གེ་རབ་མཆོག་མཐིང་ཁ་ཡི། །ར༷་དང་ཡ༷་གིས་སྲེག་སྦྱངས་ཏེ། །སྔོན་དང་དམར་དང་དཀྱིལ་འཁོར་ཉིད། །དེ་སྟེངས་ཐོད་མཆོག་ཀ་བཱ་ལ། །གསང་བའི་ཡི་གེ་བཅུ་ལས་ནི། ཁྲ་ལྔ་བདུད་རྩི་རྣམ་པ་ལྔ། །ཡེ་ཤེས་རང་བྱུང་གྲུབ་པའི་རྫས། །བདག་དང་མཉམ་པའི་ཚོགས་ལ་དབུལ། །མེ་ཏོག་སྔོ་དང་འདོད་ཡོན་དང་། །བཟའ་དང་བཅའ་བའི་ཚོགས་རྣམས་ནི། །གསང་བདག་གཏུམ་པོ་གནོད་སྦྱིན་ཚོགས། །མཉེས་པའི་ཁ་ཟས་སྦྱིན་པར་བྱ། །ཀླུ་རྣམས་ལ་ཡང་དཀར་གསུམ་སྦྱིན། །གནོད་སྦྱིན་རྣམས་ལ་བཟའ་དང་བཏུང་། །ལོངས་སྤྱོད་ལྷབ་ལྷུབ་རྒྱན་གྱིས་མཆོད། །མཉེས་ན་འདོད་པ་སྦྱིན་པར་བྱ། །མེ་འོད་འབར་བའི་རྒྱུད་ལས། །མཆོད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་གསང་བདག་ཉིད་ཀྱིས་གཞིའི་ཚིག་འདི་ཆེད་དུ་བརྗོད་དོ། །དངོས་གྲུབ་གཞི་འཛིན་བླ་མ་དམ་པ་བཀུར། །སྔགས་དང་ཕྱག་རྒྱ་མི་ཤིག་ཅིང་། །མི་སྨིན་རྣམས་ལ་གསང་མི་བསྒྲགས། །ལྕགས་ཀྱུ་ལྔ་དང་གྲུབ་པ་བཅུ་རྣམས་བཟའ། །ཕྱག་རྒྱ་མི་འགོམ་མཉེས་པ་མི་གཅག་གོ །མེ་ཏོག་སྔོ་དང་བདུག་པ་ཀུན་བྱེད་ཚོགས། །ང་རྒྱལ་ལྡན་པས་ཐུན་མཚམས་རྟག་ཏུ་གཟུང་། །དེ་ལ་གནས་ན་འབྲས་བུ་མྱུར་དུ་བྱེད། །དེ་ལ་འདས་ན་ངན་འགྲོར་འཚིག་པར་འགྱུར། །མེ་འོད་འབར་བའི་རྒྱུད་ལས། དམ་ཚིག་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བསྲུང་བ་བྱ་བ་ནི། །དུས་ཚོད་ཤིས་དང་འཁོར་ལོའི་རྒྱུ། །འབྲུ་གསུམ་ཤོ་ཤ་དབང་ཆེན་ཁྱུང་། །རིགས་བཞིའི་ཁྱུང་དང་རྟེན་འབྲེལ་སྔགས། །ཨུ་ལི་ཀྭ་ལིས་བསྐོར་བ་དང་། །ཡེ་ཤེས་སྤྱན་དྲངས་བཀུག་བསྟིམ་ལ། །སྔགས་ཀྱི་གཟུགས་སུ་བྱུང་བ་དང་། །མཆོད་ཅིང་གསང་སྔགས་བརྒྱ་རྩ་བརྒྱད། །གསོལ་བཏབ་གྲིལ་ལ་མགུལ་དུ་གདགས། །ཆོས་སྲུང་རྣམས་ཀྱིས་སྲུང་བར་འགྱུར། །མེ་འོད་འབར་བའི་རྒྱུད་ལས། །སྲུང་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་དེ་དག་གི་ཕྱག་རྒྱ་འདི་དག་གསུངས་སོ། །རྡོ་རྗེ་བསྡམས་པ་ལས་གུར་ཆུང་གཞིབས། །ཁྲོ་མོ་གུང་ཚིགས་བར་པ་དགུག །ཐེ་བོང་མཐེ་ཆུང་རྩེ་ལྔ་བསྒྲེང་། །ག་་པོ་ཆེན་པོའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་ལ་གུང་ཚིགས་བཅག །རྟ་གདོང་ཆོས་ཀྱི་ཕྱག་རྒྱའོ། །མཐེ་བོ་ལྟོ་སྦྱར་ཁྲིགས་གཉིས་བརྣོལ། །རྡོ་རྗེ་ཁྱུང་གཤོག་ཕྱག་རྒྱའོ། །རྡོ་རྗེ་དམ་ཚིག་སྐུ་གསུངས་ཐུགས། །ཉིན་རེ་ཕྱག་རྒྱ་ལན་གསུམ་བཅའ། །མེ་འོད་འབར་བའི་རྒྱུད་ལས། །ཕྱག་རྒྱའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་རྡོ་རྗེ་གནོད་སྦྱིན་རྣམས་ཀྱིས་ཉིད་ཀྱི་སྐུ་ལ་བསྟོད་པ། །ལྕང་ལོ་ཅན་གྱི་ཕོ་བྲང་ན། །གསང་བདག་ག་་པོ་གོས་སྔོན་ཅན། །ལྷ་སྲིན་འཇིགས་པའི་འཁོར་གྱིས་བསྐོར། །ཁྲོ་རྒྱལ་སྐུ་ལ་ཕྱག་འཚལ་ལོ། །དཔའ་བོ་ཆེན་པོ་ཐབས་བརྙེས་པ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །རྡོ་རྗེ་མཆོག་གི་ལམ་སྟོན་པ། །རྡོ་རྗེ་རྒྱལ་པོ་ཕྱག་འཚལ་བསྟོད། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཐེག་ཆེན་རྟོགས་པ་ཁོང་དུ་ཚུད། །གསང་བའི་རྒྱལ་པོ་གསང་སྔགས་འཛིན། །གསང་བའི་བདག་པོའི་སྐུ་ལ་བསྟོད། །སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །གདུག་པ་འདུལ༷་དཀའ་འདུལ་མཛད་པ། །བཅོམ་ལྡན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་བསྟོད། །ཧྲི་གསུང་ལས་རྟ་མགྲིན་སྤྲུལ་པ་ནི། །ཡེ་ཤེས་རིག་པ་ཉིད་ལས་སྐྱེས་པའི་ལྷ། །རང་བྱུང་ཐུགས་རྗེའི་དཔལ་ལ་ཕྱག་འཚལ་བསྟོད། །ཁྲོ་ཐུགས་ལས་བྱང་ཁྱུང་བསྐྱེད་པ་ནི། །གདུག་པ་མ་ལུས་ཀུན་འདུལ་བ། །མཐུ་སྟོབས་དཔལ་ལྡན་རྡོ་རྗེ་ཁྱུང་། །མཁའ་ལྡིང་རྒྱལ་པོ་ཚངས་པའི་བྱ། །མཁའ་ལྡིང་ཉིད་དུ་སྐུ་སྤྲུལ་ནས། །གདུག་པའི་ཀླུ་རྣམས་འདུལ་མཛད་པ། །ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་པས་མཉེས་པ་ཆེན་པོས་ཁྱབ་པར་གྱུར་ཏོ། །མེ་འོད་འབར་བའི་རྒྱུད་ལས། བསྟོད་པའི་ལེའུསྟེ་བཅོ་ལྔ་པའོ།། །།དེ་ནས་སྲིན་མོ་གློག་འཕྲེང་ཅན། །ནག་མོ་འཇིགས་མ་དྲེལ་ཞོན་མ། །མགྲིན་བཅུ་དང་ནི་འབོད་འགྲོགས་དང་། །ཨུ་པ་ཀར་ནི་ལ་སོགས་དང་། །བུ་རྣམས་ལྔ་བརྒྱའི་འཁོར་གྱིས་བསྐོར། །ཙིསྟའིམེ་ཏོག་འཕྲེང་བ་ཡིས། །རྡོ་རྗེ་འཆང་ལ་མཆོད་བྱས་ནས། །རང་གི་སྙིང་པོ་འདི་ཕུལ་ལོ། །རག་མོ་ཙབ་མོ་ཐང་མུ་ལེ་པི་སྟི་ཏ་རུ་ལུ་ནི་ཐུན་སྨྱོ། དེ་དག་སྲོག་གི་སྙིང་པོ་སྟེ། །དམོད་པའི་དྲག་སྔགས་འདི་དག་གོ །མ་མ་རག་ཤ་མུ་ར་ཡ། མ་ར་ལི་ཤ་ཡ། གྲིཎྜ་གྲིཎྜ་ཛ་ཛ། པྲ་མ་ཏ་ན་མི་པྲ་སད་བཛྲ་ཀྱི་མོན་ཏ། ཨ་ཧང་པྲ་ཧ་ར་པྲ་ཀུ་མ། ཁུ་མ་མོ། ཐ་ད་མུ་ཏྲ་བག་ཤ་ནན། །ཧུ༷་མཐའ་དྷ་ཤ་འདྲི་བ་རསྣ་ཐུན་སྨྱོ་རྒྱོབ། ཀ་མ་རུ་རུ་མ་ར་ཡ་པྲ༷། ཆེ་གེ་མོ་ཐུན་ཁས་རྦད་རྦད་འདི་དག་དུག་གི་སྐྲུ་གྲི་སྟེ། །རྡོ་རྗེ་འཛིན་པ་ཞེས་སུ་གསོལ། །མེ་འོད་འབར་བའི་རྒྱུད་ལས། སྲིན་མོ་གློག་འཕྲེང་གི་དྲག་སྔགས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །།ཨེ་མ་དཔའ་བོ་རྡོ་རྗེ་འཆང་། །གཞན་ཡང་བདག་ནི་དུག་ལྔའི་བདག །ལྔ་ལྔ་ཉོན་མོངས་ལྔ་འཕེལ་བྱེད། །མཚོནི་ལྔས་བསྲུང་དང་ཐུན་དང་དབབ། །འདོད་ཆགས་ཁྲག་མཚོ་ཞེ་སྡང་དུག །གཏི་མུག་བདུད་རྩི་ཕྲག་དོག་སྨན། །ང་རྒྱལ་རིན་ཆེན་སྣ་ཚོགས་མཚོ། །རྒྱལ་བློན་འབངས་ཀྱི་གཙོ་བོ་ནི། །མཚོ་ལྔ་ལ་ཡང་གསུམ་གསུམ་མོ། །དེ་ལ་འདོད་ཆགས་ཁྲག་མཚོ་ནི། །སྐྱེས་པའི་གྲི་ཁྲག་རྒྱལ་པོ་སྟེ། །ཁྱི་དམར་ཁྲག་ནི་བློན་པོའོ། །རྟ་ནག་ཁྲག་ནི་འབངས་ཡིན་ཏེ། །དེ་ལ་སོགས་པ་རྙེད་ཚད་དམངས། །འདོད་ཆགས་ཁྲག་གི་ཐུན་ཆེན་དབབ། །གདུག་པ་ཞེ་སྡང་དུག་གི་མཚོ། །རིན་ཆེན་་བར་འཁྲག་རྒྱལ་པོ་སྟེ། ཁྲ་ལ་ནག་པོ་བློན་པོའོ། །སྤྱང་དུག་པ་ནི་དེ་ཡི་དམངས། །གཞན་ཡང་དུག་སྣ་ཚོགས་ཚད་དོ། །ཞེ་སྡང་དུག་གི་ཐུན་ཆེན་དབབ། །གཏི་མུག་ཆེན་པོ་བདུད་རྩི་ཡི། །སྐྱེད་བྱེད་དཀར་དམར་རྒྱལ་པོ་སྟེ། །རྒྱལ་རིགས་རྣམ་སྣང་བློན་པོའོ། །དགེ་སྦྱོར་མི་སྐྱོང་དེ་ཡིས་དམངས། །ཀླད་གཞུངས་ལ་སོགས་འཚོགས་ཚང་བསོག །གཏི་མུག་ཆེན་པོའི་ཐུན་ཆེན་དབབ། །ཕྲག་དོག་སྨན་གྱི་ཐུན་ལ་ནི། །སྨན་གྱི་རྒྱལ་པོ་གུ་གུལ་ཏེ། །བློན་པོ་གླ་རྩི་ཤིང་ཀུན་དམངས། །འབྲས་གསུམ་ལ་སོགས་ཚ་བ་གསུམ། །གཞན་ཡང་སྨན་དུ་གྲགས་ཚད་བསོག །ཕྲག་དོག་ཆེན་པོའི་ཐུན་དབབ་པའོ། །ང་རྒྱལ་རིན་ཆེན་སྣ་ཚོགས་ཐུན། །རིན་ཆེན་རྒྱལ་པོ་ཐེག་ལྕགས་ཏེ། །དེ་ཡི་བློན་པོ་གྲི་ལྕགས་སོ། །དམངས་ནི་ཁྲོ་ཆུ་ནག་པོ་སྟེ། །དེ་ལ་སོགས་པ་རིན་ཆེན་དང་། །གབ་གཟན་སྡེར་མོ་མཆེ་བ་རྭ། །ང་རྒྱལ་ཆེན་པོའི་ཐུན་དབབ་སྟེ། །མ་ཧེ་རྭ་འམ་མཛོ་རུ་འམ། །ཟངས་ལྕགས་སྨྱུག་དོང་ནང་དུ་བླུག །བསྲུང་དང་ཐུན་ནི་དབབ་པ་ལ། །བསྲི་དང་བཞུགས་པ་སྐབས་ཀྱིས་ཤེས། །རྡོ་རྗེ་འཛིན་པ་ཆེན་པོ་ཡིས། །འཁོར་རྣམས་བསྲུང་བ་ཞེས་སུ་གསོལ། །དེ་ནས་གསང་བའི་བདག་པོ་ཡིས། །རྡོ་རྗེ་མེ་སྟག་རབ་འཕྲོ་བ། །རྡོ་རྗེ་སྲིན་མོའི་འཁོར་བཞག་ནས། །རིག་པའི་རྒྱལ་པོ་འདི་བྱོན་ནོ། །ན་མོ་བུཏོ་ཡ། ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཙརྙ་ཙ྅་མི་ལི་མི་ལི་བསྟོ་བརྙ་ནཱ་ག་བརྙ་ནི་གྲྭ་ཧྭ། རྡོ་རྗེ་སྲིན་མོ་ཁྱོད་ཀྱིས་དུག་ལྔའི་མཚོ་ལྔ་ལས་རྡོ་རྗེ་འཛིན་པའི་སྔགས་དེ་ནི། །ཕོ་མོ་གང་བསྲུང་ཁྲི་ཚོ་རེ། །གཤོན་ནུ་རྣམས་ལ་སྟོང་ཚེ་རེ། །བྱོལ་སོང་རྣམས་ལ་བརྒྱ་བཟླས་ལ། །དྲི་དང་མི་འབྲེལ་རྟག་ཏུ་འགྲོགས། །ཞོ་ཆང་བསྲུང་སོགས་ཉི་ཤུ་གཅིག །གང་ལ་བཏགས་པ་དེ་དག་ནི། །བསྐལ་པའི་མེ་དཔུང་འབར་བར་མཐོང་། །སྡེ་བརྒྱད་གང་ཡང་འདའ་མི་ནུས། །ཀླུ་དང་ས་བདག་སྨོས་ཅི་དགོས། །ཧོམ་ཟོར་སྤྱིན་སྲེག་མནན་གཏད་དང་། །དབབ་བཅད་སྨྱོ་འབོག་འདུལ་བ་དང་། །རྡོ་རྗེ་མེ་འཐབ་བྱེད་པ་དང་། །དྲེགས་པ་ཕོ་མོ་འཁོལ་བ་རྣམས། །འདི་ལས་ལྷག་པ་གཞན་མེད་དོ། །རྡོ་རྗེ་ག་་པོ་མེ་འོད་འབར་བའི་རྒྱུད་ལས། སྲིན་མོ་ནམ་གྲུ་མཚོ་ལྔའི་ལེའུ་སྟེ་བཅུ་བདུན་པའོ།། །།རྡོ་རྗེ་གཏུམ་པོ་མེ་འོད་འབར་བ་རྡོ་རྗེ་གནམ་ལྕགས་ཐོག་འབེབས་ཀྱི་རྒྱུད། ཕྱག་ན་རྡོ་རྗེ་བརྒྱ་རྩ་གཉིས་པའི་ལེའུ་སྟེ་ཕྱུང་བའོ། །རྡོ་རྗེ་གཏུམ་པོ་སྐུ་གསུང་ཐུགས་ཀྱི་རྒྱུད་མེ་འོད་འབར་བ་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་གསང་བའི་བདག་པོས་གསུངས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བདེ་བའི་མྱུ་གུ་དང་།ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བའོ། །ཨོ་རྒྱན་ཐོར་ཅོག་ནག་པོ་དང་། རྒྱ་གར་ད་ན་ད་ལ་དང་། བལ་པོ་བ་སུ་ད་ར་ལས། བོད་ཀྱི་ལོ་ཙ་བ་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་བསྒྱུར་རོ།། །།རྒྱ་གར་སྐད་དུ། བྷ་ཏྭ་བི་ན་ཀ་ར་ཏན་ཏྲ་རྭ་ཛ་ནཱ་མ། བོད་སྐད་དུ། འབྱུང་པོ་འདུལ་བྱེད་ཅེས་བྱ་བ་རྒྱུད་ཀྱི་རྒྱལ་པོ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །༢དི་སྐད་རྣམ་པར་བཤད་པའི་དུས་