Ngb-pt-0626-vol-07-text

From Rangjung Yeshe Wiki Texts
Revision as of 10:45, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-600-699/ngb-pt-0626-text.docx.wiki to Ngb-pt-0626-vol-07-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ་ཨུརུ་མལྗ་ཤི་རཏྣ་གུ་རྒྱ་ཏན་ཏྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་རིན་པོ་ཆེ་གསང་བའི་རྒྱུད། བཅོམ་ལྡན་འདས་དཔལ་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རང་བཞིན་ལྷུན་གྱིས་གྲུབ་པའི་གནས། ཁྱབ་བརྡལ་ཆེན་པོའི་ཀློང་། རྒྱ་ཡོངས་སུ་མ་ཆད་པ་དུར་ཁྲོད་ཆེན་པོ་རབ་ཏུ་འཇིགས་པ་གཏུམ་པའི་ཚལ་བམ་རོ་བརྩེགས་པའི་ཕོ་བྲང་མཐིང་ནག་གྲུ་གསུམ་འབར་བའི་དབྱིངས་ན། །བཅོམ་ལྡན་འདས་དཔལ་ཁྲོ་མཆོག་ཡ་མན་ཏ་ཀ་ཟ་བྱེད་ཀྱི་ཡུམ་ཆེན་མོ་པེ་ཏ་ལི་དང་འཁྲིལ་ཏེ། གཉིས་སུ་མེད་པ་མཉམ་པ་ཆེན་པོའི་ངང་ལས། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བཅུད་བསྡུས་ནས། གཡོ་བ་མེད་པའི་ངང་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་དེའི་དུས་ན། ཉིད་ལས་མ་གཡོས་པའི་སྤྲུལ་པ་རྡོ་རྗེ་འཇིགས་བྱེད་དང་། དུས་གསུམ་གཅིག་པའི་སངས་རྒྱས་དང་། ས་དང་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། གདུག་པ་འདུལ་བྱེད་ཁྲོ་རྒྱལ་དྲེགས་པ་ཅན་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ། །འདི་ལྟར་ཡེ་ཤེས་ཀྱི་གཤེད་བཞི་དང་། ཁྲོས་པའི་ཡུམ་བཞི་དང་། ཐརབྱེདཆེནཔོབརྒྱདདང་། ཁྲམབདགཆེནཔོབཅུགཉིས་དང། ཤནཔཆེནཔོབརྒྱདདང་། མདངས་ལེན་གྱི་ཁྲོ་མོ་བརྒྱད་དང་། ཟ་བྱེད་ཀྱི་ཚོགས་དང་། འཇོམས་བྱེད་ཀྱི་ཚོགས་དང་། གསོད་བྱེད་ཀྱི་ཚོགས་དང་། ཁྲམ་ཐོགས་ཀྱི་བདུད་དང་། རྩིས་བྱེད་ཀྱི་གིང་དང་། ཟོར་ཐོགས་ཀྱི་མ་མོ་དང་ཤ་ཟའི་སྲིན་པོ་དང་། སྲིན་མོ་ལ་སོགས་པ་དྲེགས་པ་ཅན་ཐམས་ཅད་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ཡི་ཚེ་འཁོར་དེ་དག་གི་ནང་ནས་ཐུགས་ཀྱི་སྤྲུལ་པ་འཇིགས་བྱེད་ཆེན་པོ་བཞེངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཡེ་ནས་མ་སྐྱེས་ཆོས་སྐུ་དག་པ་ཡིས། །མི་རྟོག་མཉམ་པའི་ངང་ལས་མ་གཡོས་ཀྱང་། གདུག་པ་འདུལ་ཕྱིར་རྫོགས་པའི་སྐུར་བཞེངས་ལ། །ཐུགས་རྗེ་དྲག་པོས་འགྲོ་བའི་དོན་མཛོད་ཅིག །ཅེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཀྱིས། མཉམ་པ་ཆེན་པོའི་ངང་ལས། རོལ་པ་ཆེན་པོ་གཏུམ་པའི་སྐུ། དྲེགས་པ་ཅན་ཐམས་ཅད་ཟིལ་གྱིས་གནོན་བར་བཞེངས་ཏེ། གདུག་པ་གདུལ་བར་བྱེད་པ་དཔའ་བརྟུལ་འབར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ཡི་ཚེ་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་པར་གྱུར། རབ་ཏུ་འགུལ་ཞིང་ལྡེག་གོ །འཁོར་དུ་གཏོགས་ཤིང་འདུས་པ་རྣམས་འགྱེལ་ཏེ། རབ་ཏུ་གན་ཏེ་འགྱེལ་བར་གྱུར་ཏོ། །དེ་ནས་ཐུགས་ཀྱི་སྤྲུལ་པ་ཡ་མ་ར་ཛུས་གསོལ་པ། །ཀྱེ་མ་སངས་རྒྱས་ཀུན་གྱི་ངོ་བོ་རྡོ་རྗེ་འཆང་། །མཉམ་པའི་ངང་ལས་འཇིགས་པའི་སྐུ་ཁྲོས་པའི། །དཔའ་བརྟུལ་འབར་བྱེད་བརྟན་པ་ངོ་མཚར་ཆེ། །འཇིག་རྟེན་ཁམས་ཀུན་འུར་འུར་ཆེམ་ཆེམ་གཡོས། །འཁོར་དུ་གཏོགས་པ་རབ་ཏུ་བརྒྱལ་ཏེ་འགྱེལ། །འཁོར་རྣམས་སོ་སོ་སྲོག་དང་ལྡན་པར་མཛོད། །ཅེས་གསོལ་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། ཆོས་ཐམས་ཅད་ཅི་ཡང་མ་ཡིན་པ་ཞེས་བྱ་བ་མཉམ་པ་ཉིད་ཀྱི་ངང་ལ་སྙོམས་པར་ཞུགས་སོ། །དེ་མ་ཐག་ཏུ་འཁོར་ཐམས་ཅད་བརྒྱལ་བ་ལས་ལངས་ཏེ། བཅོམ་ལྡན་འདས་ལ་སྲོག་གི་སྙིང་པོ་དྲིལ་ཏེ་ཕུལ་ཏོ། །ཀྱེ་ཧོ་འཕགས་པའི་རྒྱལ་པོ་གཤིན་རྗེ་གཤེད། །རབ་ཏུ་ཁྲོས་པས་སེམས་ཅན་དྲན་པ་ཉམས། །རྫུན་འཕྲུལ་རྨད་བྱུང་ངོ་མཚར་ཆེ། །བདག་ཅག་འཁོར་དང་བཅས་པ་ཡིས། །རྣམ་ཤེས་སྲོག་སྙིང་དྲིལ་བའི་མཆོག །བསྟན་པ་བསྲུང་ཕྱིར་མདོངས་གསོལ་ཕུལ། །དཀྱིལ་འཁོར་ཆེན་པོའི་བསྲུངས་མ་བགྱིད། །ཨེ་ཡ་མ་མེ་ཏ་སྟེ། ར་ཛ་ས་ཏོ། རུ་ཎ་ཡོ་ནི། ར་ཡ་ཙ་ནི། ཞེས་པ་མདོངས་གསོལ་དུ་ཕུལ་ལོ། །དེ་ནས་ཡང་ཐུགས་ཀྱི་སྤྲུལ་པ་ཡ་མ་རྭ་ཛས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་འཇིགས་བྱེད་ཆེན་པོ་ལགས། །གཏུམ་རྔམ་འཁྲུགས་པའི་ང་རོ་ཡིས། །འཁོར་གྱི་དྲེགས་པ་དབང་བསྡུས་ནས། །འཇམ་དབྱངས་ཁྲོ་བོར་ཞུགས་པ་ཉིད། །གཤེད་བདག་དཔའ་་བོ་སྒྲུབ་པ་དང་། །འཁོར་གྱི་ཤན་པ་བཀོལ་བ་ཡི། །ལས་ཀྱི་རིམ་པ་བཤད་པར་མཛོད། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འགྲོ་བ་ཡོངས་སུ་བསྟན་པའི་ཏིང་ངེ་འཛིན་ལ་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །མི་རྟོག་མཉམ་པ་ཆེན་པོ་ལས། བསྟན་པའི་སྙིང་པོ་ངེས་པར་བཤད། །བྱིན་བརླབས་ལྡན་པ་གསང་བའི་བཅུད། །རྣལ་འབྱོར་ཆེན་པོ་རྩ་བའི་དོན། །བསྟན་པ་རིན་ཆེན་རྒྱ་ལམ་གཅིག །ཐབས་དང་ཤེས་རབ་སྙིང་པོའི་བཀའ། །ཉེ་བར་གྱུར་པ་གསང་བའི་དོན། །དངོས་གྲུབ་ཆེན་པོ་ཉེ་བའི་མཆོག །ལུས་གཅིག་ཡན་ལག་བཞི་དང་ལྡན། །མཐའ་སྡུད་ཁ་གསོ་ལས་ཀྱིས་སོ། །རྣལ་དང་ལྟོ་དཀྲུག་བཟློག་པ་ཡི། །བསྙེན་བསྒྲུབ་སྤོགས་དང་ཤི་ས་འགྲོ། །ཕྱི་དང་ནང་དང་གསང་བ་ཡིས། །ལས་ཀྱི་གཤིན་རྗེའི་གྲོང་ཁྱེར་དཀྲུག །ཡན་ལག་ཉེ་བ་ཤན་པའི་སོ། །གསང་སྔགས་དོན་གྱི་སྙིང་པོ་འདི། །རིགས་ལྡན་ཉེ་བའི་སྲས་ཀྱི་ཟུང་། །བགྲོད་པ་གསུམ་གྱིས་བཅུད་བླངས་ཏེ། །ཡུན་དུ་མི་གཏོང་རྣལ་འབྱོར་ཅན། །ཉིད་ཀྱི་ལྟ་སྤྱོད་གསང་བ་སྟེ། །བཀའ་བྱིན་རླབས་ཡུན་དུ་བདེ། །ཐབས་ཀྱིས་འགྲོ་བའི་ལམ་དུ་ཡང་། །སྨོད་པའི་རྒྱལ་པོ་ལམ་གྱི་མཆོག །ཞེ་སྡང་གཏུམ་ཁྲེའི་ངང་ཚུལ་ཅན། །ཉེ་བར་གྱུར་པའི་ལམ་དུ་བཤད། །འཇམ་དཔལ་གཤིན་རྗེ་གསང་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། ཁྲོ་བོ་འབྱུང་བ་ཞེས་བྱ་བ་ཉིད་ཀྱི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །རྟོག་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས། །དམིགས་མེད་མཁའ་མཉམ་བྱང་ཆུབ་སེམས། །དངོས་དང་མཚན་མར་མི་དམིགས་པས། །ཆོས་ཉིད་ངང་དུ་དབྱེར་མེད་མཉམ། །ཆུ་ཟླའི་དཀྱིལ་འཁོར་ཇི་བཞིན་དུ། །སྒྱུ་མའི་སེམས་ཉིད་དེ་དང་འདྲ། །མཁའ་ལ་གཞའ་ཚོན་སྣང་བ་ཡང་། །ནམ་མཁའ་ངང་དུ་རོ་གཅིག་མཉམ། །ཡོད་དེ་ཡོད་པ་མ་ཡིན་ཏེ། །གཟུགས་དང་ཁ་དོག་ཡུལ་ལས་འདས། །མེད་དེ་མེད་པ་མ་ཡིན་ཏེ། །སྟོང་པ་ཉིད་ལ་ཆོ་འཕྲུལ་འབྱུང་། །སེམས་ཉིད་འོད་ཀྱི་ཐིག་ལེ་ལས། །འོང་འཕྲོ་འདུས་ནས་ཧཱུཾ༷་དུ་གསལ། །ཧཱུཾ༷་ལས་འཁོར་ལོ་སྒྲུ༷་གྱི་སྒྲས། །རྣམ་པར་དག་པ་ཡུམ་གྱི་ཀློང་། །སྐྱེ་བ་མེད་པའི་དབྱིངས་ཉིད་ལས། །ཐུགས་ཀྱི་བྱིན་རླབས་ཆེན་པོ་ཡིས། །ཡེ་ཤེས་ལྷུན་གྲུབ་གཞལ་ཡས་ཁང་། །ཕྱི་ནང་མེད་པར་ཀུན་ཏུ་ནང་། །གསར་སྙིང་ཐོད་ཆེན་འབར་བས་གཏམས། །གྲུ་བཞི་རིན་ཆེན་རྒྱུ་དང་ལྡན། །སྒོ་བཞི་གྲུ་ཆད་བར་ཁྱམས་ལྡན། །རྟ་བབས་བཞི་ངང་རྟ་ར་ན། །དྲ་བ་དྲ་ཕྱེད་ཆུན་འཕྱང་སྦྲུལ། །ལྷ་བརྒྱད་ཀླུ་བརྒྱད་ཀ་བ་གདུང་། །ཉི་ཟླ་རིན་ཆེན་གདན་དང་བྲོ། །གཟའ་བརྒྱད་རྒྱུ་སྐར་ལྡན་པས་ཀླུབས། །རུས་སྦལ་སྦྲུལ་ནག་ཁྱུང་གིས་མཛེས། །བན་དྷ་ལྕང་ལོ་ཁ་བད་ཅན། །ཏ་ལའི་ཤིང་དང་རོ་མྱགས་འདམ། །དུར་ཁྲོད་པོའི་གནས་བརྒྱད་ལྡན། །བདེ་གཤེགས་ཀུན་གྱི་རང་བཞིན་གྱི། །ཡི་གེ་ཧཱུཾ༷་གི་བྱིན་རླབས་ལས། །ལྷུན་གྲུབ་གཞལ་ཡས་གསལ་བའི་དབུས། །མམོགཤིནརྗེདེདདཔོན་གྱིས། །དམ་ཚིག་དྲན་དེ་གདན་དུ་བསྣོལ། །ཡི་དྭགས་མ་ཧེའི་ཁྲི་སྟེངས་ན། །གྱད་ཀྱི་འཇིགས་ཚུལ་བརྗིད་པར་གནས། །སྔགས་ཀྱི་ཡི་གེ་བཅུ་བདུན་པོས། །ང་ཡི་གཟུགས་སུ་གྱུར་པར་བྱོས། །རོ་ལངས་ཁྲོ་མ་མཐིང་སྐྱའི་སྐུ། །ཏྲི་ཤུལ་བན་དམར་ཕྱག་ན་བསྣམས། །སྐྱེམ་མོའི་ཁྲོ་མོ་སྨུག་གཅིག་སྟེ། །མི་སྙིང་སྦྱང་མོར་འཛིན་པ་གནས། །ཡེ་ཤེས་ཐུགས་ཀྱི་ས་བོན་ལས། །སྨུགས་ནག་ཁྲོས་པའི་གཤིན་རྗེ་སྟེ། །འཇིགས་བྱེད་ཡ་མ་རྭ་ཛ་དང་། །ནག་མོ་ཁྲག་གི་མིག་ཅན་མ། །མངག་པ་ལས་ཀྱི་ཕོ་ཉར་བསམ། །ཐོད་ཁང་གཤིན་རྗེ་བདུད་དང་ནི། །སྲིན་པོ་གནོད་སྦྱིན་ཁྲོ་བོ་ལ། །ལྕགས་མཁར་ཁྲམ་བདག་བཅུ་གཉིས་ལྡན། །དུར་ཁྲོད་འབར་བའི་གནས་བརྒྱད་ནས། །བརྡ་དང་གར་བསྒྱུར་རྡོ་རྗེ་གདང་། །སྤྲུགས་པའི་གླུ་ལེན་དུང་འབུད་དང་། ་་ཟ་ཁྲག་སྐྱེམས་རྐན་བརྡབས་དང་། །ཁྲོ་དང་རྒོད་དང་དར་ནག་གཡབ་འདོར་དང་། །དུར་ཁྲོད་རོ་ལ་འཐུབ་ཞིང་ཟ་བ་དང་། །འཁོར་ལོ་གདེངས་དང་གནམ་ལྕགས་འཕེན། །འོ་དོད་འབོད་ཅིང་ཁྲག་ཆེན་འཐུང་། །འཛུམ་པའི་མདངས་འདོན་རྔམ་པའི་སྒྲ་ཆེན་སྒྲོགས། །ལྕེ་སྦྱང་ལིང་དུ་ཀང་ཀ་མཆུ་རིངས་སོགས། །དཔག་མེད་དུར་ཁྲོད་འབར་བའི་རྒྱན་དང་ལྡན། །དཀྱིལ་འཁོར་བསམ་འདས་རྟོག་མེད་རྫོགས་པ་ཆེན། །མི་རྟོག་དབྱིངས་ནས་ཐུགས་རྗེ་ཆེན་པོ་ཡིས། །འགྲོ་དྲུག་ཐབས་ཀྱིས་འདུལ་ཕྱིར་ཁྲོ་བོའི་སྐུ། །དབུ་གསུམ་ཕྱག་དྲུག་འཇིགས་ཤིང་རྔམ་པར་བགྲད། །རྟག་ཆད་འཛིན་རྟོག་མཐའ་ལས་འདས་པའི་སྐུ། །ཕྱག་རྒྱ་ཆེན་པོ་སྒྲོལ་བའི་ལམ་དུ་གསུངས། །འཇམ་དཔལ་གཤིན་རྗེ་གསང་བའི་རྒྱུད་ལས། སྐུའི་དཀྱིལ་འཁོར་མངོན་དུ་ཕྱུང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། དྲག་པོའི་ཚིམ་རྔམ་འབར་བས་གདུག་པ་འདུལ་བའི་ཕྱིར། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ཀྱི་གསུང་གི་དེ་ཁོ་ན་ཉིད་གསང་སྔགས་ཀྱི་ཡི་གེ་འདི་དག་གསུངས་སོ། །བསྙེན་དང་ཉེ་བ་རྒྱུན་གྱི་སྔགས། །དྲག་པོའི་མཚོན་ཆ་རྣོ་མྱུར་ལྡན། །ལྷ་སྲིན་སྲོག་གི་རྩ་བ་འདི། །མ་ཡེངས་ཏིང་འཛིན་འཕྲོ་འདུ་ཡིས། །མི་ཡུར་མི་འ་ས་བསམ་གཏན་གྱིས། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་ཏེ། །ཀུ་ཤའི་སྟན་ལ་འདུག་ནས་ནི། །གཤིན་རྗེའི་སྐུ་ལ་བལྟ་ཞིང་བསྒོམ། །མྱུར་བ་མ་ཡིན་བུལ་བ་མིན། །དེ་བཞིན་ཡི་གེ་འདྲེས་པ་མིན། ཁེན་ཏུ་གསལ་ཞིང་དག་པར་སྨྲ། །ཡིད་བཞིན་ནོར་བུའི་འཕྲེང་བ་སྟེ། །རྣམ་པ་ཡི་གེ་ངོ་བོ་ལྷ། །རང་བཞིན་སྟོང་པ་ནུས་པ་མེ། །ཡ་མན་ཏ་ཀའི་ངོ་བོ་ཉིད། །ཨོ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཧ་ན་མ་ཐ་བྷརྫི་ཧཱུཾ༷་ཕཊ། འཕགས་བའི་ནང་ནས་འཇམ་དཔལ་ཉིད། །འཆི་བདག་གཤིན་རྗེ་བཤན་རྗེ་བཤན་པའི་ཚོགས། །རྡོ་རྗེ་ཁྲོ་མོ་ཁྲག་མིག་མ། །ནག་མོ་རལ་པ་འབེབས་པའི་ཚོགས། །བསྙེན་ཅིང་བསྒྲུབས་ན་གང་ཡང་འགྲུབ། །ཨོསམཡམསྣྲུཤིམུཏྲ། སམན་ཏ་ཀ་པ་ཙ་ཏེ་རོ་ནི་ཧཱུཾ༷ཛ། ཨོསམཡམསྣྲུཤིཡམནཏཀ་ཡ་མ་རྭ་ཛ། མ་མ་ཨེ་ཀ་ཛ་ཞི་ཛ་ཛ། ཏྲཀ་རགི་ཤ་མུ་ཏྲ་སྙིང་ཁ་རག་མ་སྨྱོ། རག་མོ་ཏེ་ཀུ༷་ཛ་ཛ། ཁ་ལ་ཁ་ལ་མ་ཧི་སྨྱོ་སྨྱོ། ཡ་མ་ལོན་ཙིན་དན་མ་ལ་སྨྱོ་ཛ། སྙིང་ཁར་རག་སྲོག་ལ་སྨྱོ་སྨྱོ། འཆི་བདག་གཤིན་རྗེའི་སྨོད་པ་སྟེ། །མཚོན་ཆའི་ཡ་གི་དུག་གི་ངར། །ཡེ་ཤེས་ལྷ་དང་ལས་བྱེད་དང་། །སྲོག་གི་རྩ་བའི་འདི་ལྟ་བུ། །ཨོ་ཡ་མན་ཏ་ཀ་ཡ་མ་རྭ་ཛ་ས་ཧོ་མེ་ཡ། ཡ་མེ་ཏོ་རུ་ཎ་ཡོ་ཏོ་ཡ། ཡ་ཏ་ཡོ་ན་ར་ཡསྟེ་ཡ། ཡཁྲེ་ཡ་ཙ་ནི་ར་མ་ཡ་ཧཱུཾ༷་ཕཊ། ཨོ་ཨོ་ཡ་མ་རྭ་ཛ་ས་ཏོ་མེ་སྨྱོ། རུ་ལུ་རུ་ལུ་ཆེ་གེ་མོ་ཧཱུཾ༷་ཕཊ། བ༷་རི་ལི་ལི་རྦད་ནན།ཨོ་ནུབ་དུར་ནུབ་དུར། ཆེ་གེ་མོ་ཚལ་པ་ཚལ་བ་ནན། ཨོ་སྙིང་གཤོགས་སྙིང་མེ་ཁ་ལ་མུ་ལོ་ཙ་ཐུན་ནན། ཨོ་ས་ཏི་རུ་རུ་གོང་བཀྲ་ར་ཙ་ནན། ཆེ་གེ་མོ་མྱ་ར་ཡ་ནན། ཨོ་ཨ་ཀྲོ་ཏེ་ཀ་མསྣྲུ་ཤི་ཀསྟོལ་དུ་པ་ཤ་ཡ་ནན། བ༷་རྦད་རུ་ལུ་རུ་ཧཱུཾ༷་ཛ། རུ་ལུ་ཚལ་པ་ཡིན། སྟ་ཤ་རུ་ནི་ནན་ཆེ་གེ་མོ་མྱ་ར་ཡ་ནན། ཨོ་ཡ་མན་ཏ་ཀེ་ཨརུ་ཨ་ཙ་ལ་ཀྟ༷ །ཨོ་མ་དུག་ཙ་ཙ། ཚལ་པ་ཚལ་པ་རྦད་རྦད། མ་དུག་ཀྟ༷། ཡ་མན་ཀྟ༷། ཆེ་གེ་མོ་སྲོག་རྩ་མུགས་ཏི་རྦད།ཙ་ཙ་ར་ཛ་རྦད། མ་མོ་ཁྲག་ལ་གཤིན་རྗེ་ཁྲམ། དུན་ཏིང་རྔུབས། སྲིན་པོ་རུས་ལ་ཆོམ་ཆོམ་ཚལ། ལྷན་ལྷན་ཐོབ། དགྲ་བོ་ཁྲམ་ཀ་ཁྲ༷་རི་ལི་ལི་ནི་ཛ་རྦད། ཨོ་མུ༷་ཡ། ཨོ་མུགས་ཏེ་སུབས། ཆེ་གེ་མོ་ལ་ཆོ་ཆོ། བལ་ཧུབ་བལ་ཧུབ། བལ་ཡུ་བལ་ཡུ། སྙིང་མགོ་མ་ཐུན་ནན། མ་ཐུན་ནན། ཆེ་གེ་མོ་ནན། ཁྲག་ཐུན་ཁོང་ཁྲེག་ལ་ཡ། རཀ་མོ་ཤེན་པ་མྱ་ར་ཡ། མགོ་འཕྱངས་མ་ཛ་ཛ། དུག་མུན་བླ་རྩ་ལ་ཛ་ཛ། རྩ་བོ་ཆེ་ལ་དུན་རྨུགས་ནང་ཁྲོལ་སྨད་ལ་ལྔ་རྩ་བ་ཐུན་བ༷། ཐུམས་རི་ལི་ལི་རྦད་རྦད། གསང་བའི་ཁ་ཐུན་བརྣག་པའི་སོ། །ཁྲག་དང་ཕུར་བ་ཉུངས་ཀར་སྔགས། །འཁོར་ལོ་གཅོད་པའི་སྔགས་སུ་འགྱུར། །སྔགས་ཀྱི་གྲོང་ཁྱེར་སྒྲེལ་བྱས་པ། །སྤྱི་རྒྱུགས་དུས་མཐའ་བརྟུལ་བར་བྱེད། །གསང་སྔགས་དྲག་པོ་ཐུན་གྱིས་སོ། །ཞེས་གསུངས་སོ། །འཇམ་དཔལ་གཤིན་རྗེ་གསང་བའི་རྒྱུད་ལས། གསང་བ་སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། འབར་བའི་དཀྱིལ་འཁོར་ལ་བསྟོད་པ་འདི་གསུངས་སོ། །ཧཱུཾ༷། ག་་ཆེན་དྲེགས་པ་ཆེན་པོ་ཐམས་ཅད་འཇོམས་པའི་ལྷ། །དབང་བྱེད་བདུད་འདུལ་དུར་ཁྲོད་ཆས་ཀྱིས་བརྒྱན། །ཁྲོ་རྔམ་གདུག་པར་སྲིད་གསུམ་ཐལ་བར་རློག །སྒྲོལ་བྱེད་སྐུ་མཆོག་མ་མོ་འབངས་སུ་འཁོལ། །ག་་ཆེན་རབ་འབར་གཤིན་རྗེ་འཇོམས་མཛད་ལྷ། །འཇིགས་བྱེད་ཡ་མ་རྭ་ཇོའི་སྐུ་ལ་ཕྱག་འཚལ་བསྟོད། །ཉི་མ་འབུམ་བས་ལྷག་པའི་འོད་སྟོང་ཕྱོགས་བཅུར་འགྱེད། །གདུག་བྱེད་མཚོན་ཆ་མང་པོ་བསྐལ་པའི་མེ་ལྟར་འབར། །རབ་བརྗིད་གཤིན་རྗེ་འཇོམས་ལ་ཕྱག་འཚལ་ལོ། །རྡོ་རྗེའི་སྐུ་ལ་སྐུ་དབང་རབ་བརྒྱན་ཅིང་། །གཅན་གཟན་གདུག་པའི་ལྤགས་རློན་ན་བཟར་གསོལ། ཁྲ་ཟ་འུག་པའི་ཚོམ་བུས་དབུ་ཡི་ཐོད་དུ་བཅིངས། །ཁྲོ་བོའི་རྒྱལ་པོ་ཞལ་གསུམ་ཕྱག་དྲུག་ཧཱུཾ༷་སྒྲ་ཅན། །ཕཊ་ཀྱིས་ཁམས་གསུམ་སྟོང་མཛད་ཞབསདྲུག གཤིན རྗེའཇོམས། །བརྐྱང་བསྐུམ་བརྗིད་པས་གཤིན་རྗེ་ཡ་བ་ཏིའི་སྙིང་ཁ་གནན། ལྗགས་འདྲིལ་ཚེམས་ཀྱི་གསེབ་ནས་ཐོག་ཕབ་བས། །འཁོར་གྱི་མ་མོ་རྣམས་ཀྱང་བྲན་དུ་འཁོལ། །ཚམ་རྔམ་ཁྲོ་བོའི་རྐན་སྒྲ་བརྡབས་པ་ཡིས། །འཁོར་གྱི་མ་་མོ་རྣམས་ཀྱང་འདར་ཅུག་བཅུག །ཚངས་པ་འཁོར་བཅས་རྡུལ་གྱི་ཐིགས་འཛག་ཅིང་། །ལྷ་ཆེན་ཁྱབ་འཇུག་མཧྭ་དེ་བ་གནོན། །ཕྱག་ན་བན་དྷ་རློན་པ་རབ་བསྣམས་ཤིང་། །དངོས་གྲུབ་འཁྲུག་ཅིང་ཀླད་ཁྲག་ཞལ་དུ་གསོལ། །ཁྱུང་དང་འུག་པ་ལྟ་བུའི་ཁྲག་བསྣམས་ཤིང་། །དམ་ལས་ལྡོག་པ་རྣམས་ལ་གཏོང་པར་མཇོད། ཨེ་ཀ་ཛ་གི་གུ་ཡ་རལ་གཅིག་མ། །མི་ཕམ་ཁྲོ་གཉེར་གཡུ་ཡི་རལ་གཅིག་མ། །རལ་པ་སྤྲུགས་པའི་སྐྲ་གསེབ་རེ་རེ་ནས། །ཁྲོ་ཆུང་ཞལ་གསུམ་ཕྱག་དྲུག་སྟོང་ཁམས་ཁེངས་པར་འགྱེད། །ཀུན་ཀྱང་མི་བཟད་འཇིགས་བྱེད་ལྕགས་ཀྱུ་ཅན། །ལྕགས་ཀྱུ་བཏབ་པས་དགྲ་བོའི་རྩ་བ་གཅོད། །གཏུམ་ཁྲོ་འཇིགས་བྱེད་ཡབ་ཡུམ་ཚོགས་ལ་བསྟོད། །ཅེས་བསྟོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འབར་བའི་དཀྱིལ་འཁོར་དེ་དག་ལ། མཆོད་པ་འབུལ་བ་འདི་དག་གསུངས་སོ། །མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །མཐིང་ནག་ཁམ་པ་རལ་པ་གྱེན་དུ་འཁྱིལ་བའི་ལྷ། །རལ་པ་ཁམ་ནག་གྱེན་དུ་འཁྱིལ་བ་ཡིས། །སུམ་ཅུ་རྩ་གསུམ་ལྷ་རྣམས་ཀུན་ཀྱང་འདར་སྒྱུག་སྒྱུག །སྤྱན་དགུ་སྡང་མིག་གྱེན་དུ་བཟློག་པ་ཡིས། །ཕྱོགས་བཅུའི་ཁྲོ་བོ་ཀུན་ཡང་གན་བུབ་བསྲེ། །སྨིན་མ་གློག་སྟོང་འོད་དུ་འབར་བ་ཡིས། །སྤྲུལ་པའི་ཕོ་ཉས་སྲིད་གསུམ་གང་བར་འགོངས། །མཆེ་བ་ཟླ་ཚེས་དཀར་པོ་གཙིགས་པ་ཡིས། །དམ་ཉམས་དགྲ་བོའི་སྲོག་རྩ་གཙོད་པར་མཛད། །ཞལ་ནས་ཁྲོ་བོའི་གད་རྒྱངས་བསྒྲགས་པ་ཡིས། །ཁམས་གསུམ་སྲིད་གསུམ་འགུལ་ཞིང་ལྡེག །ཕྱག་དྲུག་མཚོན་ཆ་མང་པོས་དགྲ་བགེགས་ཐལ་བར་ལྷོགས། །ཐུགས་དམ་བསྐུལ་གྱིས་གནས་འདིར་གཤེགས་སུ་གསོལ། །འཇིགས་བྱེད་ཡ་མ་རྭ་ཛའི་ཐུགས་དམ་དགྱེས་བསྐུལ་མ། །ཨེ་ཀ་ཛ་གི་འཇིགས་བྱེད་དཔལ་གྱི་ཡུམ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་མ་གཅིག་རྡོ་རྗེ་ལྷ་མོ་དམ་ཚིག་མ། །སྐུ་སྟོད་གཡུ་ཡི་དྲིལ་བུ་འབུམ་གྱིས་བརྒྱན། །སྐུ་སྨད་སྟག་ལྤགས་རློན་པ་འབུམ་གྱི་ཆ་ག་ཅན། །གཡུ་ཡི་རལ་པས་དུར་ཁྲོད་ཁམས་ཀུན་ཁྱབ། །འཇིགས་བྱེད་ཡ་མ་རྭ་རྫའི་ཐུགས་དམ་བསྐང་ཕྱིར་གཤེགས་སུ་གསོལ། །ཤ་ཁྲག་དམར་གྱི་མཆོད་པ་བསྣམས་སུ་གསོལ། །བདུད་རྩི་སྨན་གྱི་མཆོད་པ་དང་། །རཀྟ་དམར་གྱི་གཏོར་མ་འབུལ། །འཇམ་དཔལ་གཤིན་རྗེ་གསང་བའི་རྒྱུད་ལས། ཕོ་བྲང་དཀྱིལ་འཁོར་ཆེན་པོ་ལ་བསྟོད་པ་དང་མཆོད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། ལས་ཀྱི་རུ་ཏྲ་བསྒྲལ་བའི་ཕྱིར། འཕྲིན་ལས་ཀྱི་རྒྱལ་པོ་ཡི་དགས་འཁོར་ལོ་ནག་པོ་གསད་པ་ལས་ཀྱི་སྤུ་གྲི་འདི་གསུངས་སོ། །ཐོག་མར་ཤེས་བྱ་བློ་སྦྱངས་ཤིང་། །དད་དང་དམ་ཚིག་ལྡན་པ་ཡིས། །ལྟ་སྤྱོད་གདེང་ལྡན་རྣལ་འབྱོར་གྱིས། །དུར་ཁྲོད་ཆེན་པོ་རབ་འཇིགས་པའི། །གསར་རྙིང་མི་རོ་སྐྲུངས་པ་འམ། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་པའི། །བྲག་རི་ནག་པོ་ཧ་ལའི་མདོག །འཆི་བདག་ཕོ་མོ་སྒྲུབ་པའི་གནས། །སྔོན་དུ་བསོད་ནམས་རྫོགས་པ་ཡིས། །དུར་ཁྲོད་ས་ལ་མཎྜལ་བྱ། །རྨེ་བའི་ཁྲག་གིས་རབ་བྱུགས་ལ། །བྱང་ཆུབ་སེམས་དང་རབ་ལྡན་པས། །མི་སྨྲ་མི་ཡུར་མི་འ་་པར། །བཟླས་པའི་ཡི་གེ་བཅུ་བདུན་ནོ། །བྱེ་བ་སྔོན་དུ་རྫོགས་པར་བྱ། །ཁྱད་པར་གཤིན་རྗེ་བསྒྲུབ་པའི་དུས། །སྣང་སྲིད་རཀྟའི་གཞལ་ཡས་སུ། །དཔལ་དང་ཡ་མའི་གཏོར་མ་དང་། །གཤིན་རྗེ་ཕོ་མོའི་དམ་རྫས་བཤམ། །སྣང་སྲིང་མ་མོ་འདུ་བའི་ཕྱིར། །རཀྟ་དམར་གྱི་ཨརྒ་དགྲམ། །སྔགས་པ་ཆས་གོས་ལྡན་པ་ཡིས། །ལྷ་ཡི་ཏིང་འཛིན་གསལ་བའི་རྟེན། །བུ་དོན་ལྷོ་ཡི་ཕྱོགས་སུ་དགྲམ། །ཏིང་འཛིན་རྣམ་གསུམ་རིམ་པས་བསྒོམ། །ཡ་མན་ཏ་ཀ་འཁོར་བཅས་བསྒོམ། །དབྱིངས་ནས་སྤྱན་དྲངས་མཆོད་པ་དབུལ། །དེ་ནས་དྲག་པོའི་སྦྱོར་བ་ནི། །དྲག་པོའི་འཁོར་ལོ་བསྐོར་བའི་དུས། །དུར་ཁྲོད་རས་ལ་སྔགས་བསྟིམས་ཏེ། །ལས་ལ་སྦྱོར་ཀའི་བསྙེན་པ་བྱ། །རས་ལ་དུག་དང་སྨེ་ཁྲག་བྱུག །སྲིད་གསུམ་ལྟོ་ན་ཡོད་རྟགས་སུ། །འཁོར་ལོ་རིམ་པ་གསུམ་དུ་བསྐོར། །དབུས་སུ་མུ་ལའི་ཡི་གེ་ཡ། །ཕྱོགས་བཞིར་མ་མེ་ཏ་སྟེ་བྲི། །ཕྱི་རིམ་ཁང་པ་བཅུ་གཉིས་སུ། །མེ་དབལ་ཡི་གེ་བཅུ་གཉིས་དགོད། །ཡ་ལོགས་ཁང་པ་བཅུ་དྲུག་ལ། །སྔགས་ཀྱི་རྒྱལ་པོ་བཅུ་པ་བྲི། །ནག་པོ་འཇིགས་པའི་ལྟོ་བར་གཞུག །ཕྱི་རིམ་སྨོད་པ་ནག་པོའི་མཚོན། །སྡེ་བརྒྱད་དུག་གི་སྐྲུ་གྲི་དགོད། །རྒྱ་ཆེན་ས་ཡི་དཀྱིལ་འཁོར་ཡང་། །རྨེ་ཁྲག་གསུམ་གྱིས་རབ་བྱུགས་ལ། །ཐིག་བཞི་བཏབ་བའི་ལེའུ་ཚེ་དགུ། །ཕྱི་རིམ་འཁོར་ལོ་རྩིབས་བཅུ་གཉིས། །ཐལ་ཆེན་གྱིས་ནི་བྲི་བར་བྱ། །དུག་དང་མཚོན་ཆའི་ཡི་གེ་དགོད། །ཡི་དགས་རོ་ཡི་གོས་བླངས་ལ། །བླ་སེམས་ཆགས་ཤིང་ཉམས་པར་བྱེད། །དམིགས་པའི་ལུས་ནི་ཅི་འདྲར་བྲི། །རྣམ་ཤེས་གནད་ཀྱིས་དགུག་པའི་ཕྱིར། །ཛ་ཡི་བར་དུ་ཡི་གེ་དྲི། །བོད་པར་བྱེད་པའི་མིང་རུས་བྲི། །རྣམ་ཤེས་བཀུག་ལ་གཟུགས་ལ་བསྟིམ། །གུ་གུལ་སྦྱར་མའི་དུད་པས་བདུག །ལྷ་བསྐྲད་བྱ་ཕྱིར་ཞབས་མས་བསྡམ། །སྔོ་དམར་སྐུད་པས་སྐེ་ནས་གདགས། །དུར་ཁྲོད་ཁྲག་གི་མཎྜལ་དུ། །འཁོར་ལོ་རྩང་དམར་ཁ་ལ་སྐྱོན། །ཡི་དྭགས་གཤིན་རྗེ་ནག་པོར་བསྐྱེད། །བདག་ཉིད་ཏིང་འཛིན་ལྡན་པ་ཡིས། །ས་གཞི་གཤགས་ཅིང་རྒྱ་མཚོ་དཀྲུག །ལསཀྱིགཤིནརྗེབཀུག་ལ་བསྟིམ། །དངོས་ནི་འཆི་བདག་བདུད་ཆེན་ཡིན། །དབང་དུ་བསྡུས་ལ་དམ་རྫས་སྤྱིན། ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། ཉིན་བཞི་འཁོར་ལོ་བསྐོར་བའི་གསང་སྔགས་འདི་དག་གསུངས་སོ། །ཨ་མ་ཛ་ར་ས་ཏོ་མེ་ཡ། ཆེ་གེ་མོ་ཞིག་ཨ་མུ་ཀ་པྲ་མ་ཡ་ཧཱུཾ༷་ཕཊ། ཡ་མེ་ཏོ་རུ་ན་ཡོ་ད་ཡ། ཆེ་གེ་མོ་ཞིག་ཨ་མུ་ཁམ་མུར་ཙ་ཡ་ཧཱུཾ༷་ཕཊ། ཡད་ཡོ་ནི་ར་ཡསྣེ་ཡ་ཆེ་གེ་མོ་ཞིག་ཨ་མུ་ཀ་རཀྟ་ཙ་ར་ཡ་ཧཱུཾ༷་ཕཊ། ཡསྟེ་ཡ་ཙ་ནི་ར་མ་ཡ་ཆེ་གེ་མོ་ཞིག་ཨ་མུ་ཀ༷་མྱ་ར་ཡ་ཧཱུཾ༷་ཕཊ། ཉིན་བཞིག་དགོངས་ཀྱི་ཁ་སྐོངས་སུ། །ཐུན་སྔགས་ཉིན་བཞིར་ཕྱེད་ལ་བཟླས། །སྤྱི་རྒྱུགས་སྔགས་ཀྱི་ཕུ་སྤྲུགས་ཀྱང་། །སྟོང་སྟོང་བར་དུ་དྲིལ་ལ་དྲང་། །རེག་ཆོད་དྲག་སྔགས་དྲིལ་བ་ཡིས། །འཁོར་ལོ་གཅོད་པའི་གྲོགས་སུ་འགྱུར། །མཚན་མོ་རྒྱུན་འཛབ་ཐུན་དུ་དྲིལ། །གལ་ཏེ་གྲུབ་པར་མ་གྱུར་རམ། །ལས་ཀྱི་ཐུས་ཀའི་དུས་དག་ཏུ། །སྔགས་རྣམས་བཟློག་ཅིང་ཨར་ལ་གཏད། །ཚོགས་དྲུག་གཞོམ་ཞིང་ལྔ་ཕུང་གཅད། །དུག་གསུམ་ཤེས་པ་ཨར་ལ་གཏད། །འཁོར་ལོ་རྫོགས་དང་གནན་སྔགས་བཟླས། །ཚེས་གཅིག་དག་ཏུ་བརྩིས་པ་ཡི། །ཉི་མ་དམར་ཐག་ཆད་པ་ལ། ཁྲེས་པའི་ས་འམ་གདོན་ཡོད་སར། །འཁོར་ལོ་མནན་པའི་ཆོ་ག་བྱ། །དྲག་པོའི་འཁོར་ལོ་ལས་སྦྱར་མཐར། །ཐུན་གྱི་ཁ་གསོ་རྒྱུན་མ་གཅད། །དུས་མཐའ་མྱུར་དུ་བརྟུལ་བར་བྱེད། །ཅེས་གསུངས་སོ། །འཇམདཔལགཤིནརྗེགསང་བའི་རྒྱུད་ལས། ཡི་དགོས་འཁོར་ལོ་ནག་པོའི་ལས་བསྟེན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། ལས་མྱུར་དུ་བྱ་བའི་ཕྱིར། འཆི་བདག་ཐོད་པ་ནག་པོ་གསང་བའི་ཁ་ཐུན་འདི་གསུངས་སོ། །གདེང་གསུམ་ལྡན་པའི་སྔགས་པ་ཡིས། །དུར་ཁྲོད་གདུག་པའི་གནས་ཕྱིན་ལ། །དུར་ཁྲོད་ས་ལ་མཎྜལ་བྱ། །རྨེ་བའི་ཁྲག་གིས་རབ་བྱུགས་ལ། །དབུས་སུ་འབྲུ་བ་ཁུང་བརྩེག་ཅིང་བྲུ། །ཁ་སྒྱེར་དུག་ཤིང་རྩང་གིས་བསྐོར། །གཏོར་མ་གསུམ་དང་རཀྟ་དང་། །འཆི་བདག་ཕོ་མོའི་དམ་རྫས་བསག །ལྷོ་ཡི་ཕྱོགས་སུ་ཁ་བལྟས་ལ། །ཏིང་འཛིན་གསུམ་པོ་རིམ་པ་ཡིས། །གཤེད་བདག་ཁྲོ་བོ་ཡབ་ཡུམ་བསྐྱེད། །ཡང་དང་ཡང་དུ་གསལ་བར་བསྒོམ། །འཇམ་དབྱངས་རྡོ་རྗེ་ཧཱུཾ༷་རིངས་ཀྱིས། །སྐུ་རྒྱན་གཅིག་པའི་དཀྱིལ་འཁོར་ལ། །བསྟོད་ཅིང་གསོལ་གདབ་བྱིན་རླབས་ཀྱིས། །གདུག་པའི་དགྲ་བགེགས་བསྒྲལ་བའི་ཕྱིར། །དྲག་པོ་སྔགས་ཀྱི་ཚམ་རྔམ་བརྗོད། །གྲུ་གསུམ་མཐིང་ནག་དཀྱིལ་འཁོར་ནས། །ཡ་མརྙ་ཀ་འཁོར་དང་བཅས། །དབྱིངས་ནས་སྤྱན་འདྲེན་དབྱེར་མེད་བསྟིམ། །མཆོད་ཅིང་བསྟོད་པ་དག་ཀྱང་བྱ། །རྒྱུན་དུ་གསང་སྔགས་དྲིལ་ལ་བཟླས། །ལྷ་རྟགས་མངོན་དུ་གྱུར་པའི་ཚེ། །དངོས་གྲུབ་བླང་བའི་ཆོ་ག་བྱ། །དེ་ནས་དྲག་པོའི་ལས་ལ་འཇུག །རབས་ཆད་མོན་དང་མུ་སུ་ར། །ཐོད་པ་ནག་པོ་དེ་བླངས་ལ། །གུག་རྒྱལ་ཆུ་དང་དྲི་ཡིས་གསང་། །མ་ནོར་ཐོད་པ་གཤགས་པར་བྱ། །ལྟག་པའི་ཕྱོགས་་ན་གནས་པའི་བདུད། །འཆི་བདག་གདུག་པ་སེང་གེ་མགོ །ཞལ་བགྲད་མཆེ་བ་གཙིགས་པ་སྟེ། །སྲིད་པ་གསུམ་པོ་ལྟོ་ན་འཆང་། །དེ་ཡི་གཟུགས་བརྙན་ལེགས་བརྟགས་ལ། །རིམས་དང་ཁྲག་ཏུ་སྦྱར་བ་ཡིས། །གཤིན་རྗེའི་ཞལ་ནི་དབྱུང་བར་བྱ། །དངོས་ནི་བྱེ་བ་གུང་རིངས་སོ། །དེ་ཡི་སྙིང་ཁར་ཡི་གེ་ཡ། །རྡོ་སོལ་ནག་པོས་བྲི་བར་བྱ། །ཞལ་ནས་ཁ་ཐུན་གཡས་བསྐོར་དུ། །འཆི་བདག་མཐའ་མ་འཁོར་བར་བྲི། །ཞལ་གྱི་སྨོད་པ་ནག་པོ་ཡིན། །ཐོད་པ་གོང་མའི་ནང་དག་ཏུ། །རོ་ལངས་ལྟོ་བར་མུ་ཁྱུད་གསུམ། །གློང་དགུ་བཅུ་གཉིས་ལྕགས་ཁང་དུ། །དྲག་པོའི་ཡི་གེ་བཅུ་བདུན་དགོད། །རག་ཤ་ནག་པོ་འཇིགས་བྱེད་མ། །དངོས་ནི་སྲིན་མོ་ནག་མོ་སྟེ། །དུས་མཐའ་བརྟུལ་བྱེད་མ་རུ་གསུངས། །དེ་ནས་འཁོར་ལོ་ཁ་སྦྱར་ཏེ། །འབྲུབ་གནས་བཞི་རུ་ལིང་ཁ་བྲི། །ཐོད་པ་ནག་པོའི་རྩང་ལ་བསྐྱོན། །གསང་བའི་དྲག་སྔགས་རྒྱུན་དུ་དྲང་། །ཟླ་བ་ནག་པོ་ཐ་ཆུང་ལ། །དྲག་པོ་ཐུན་གྱི་འཁོར་ལོ་བསྐོར། །མཚན་མོ་ཐུན་གྱིས་བྲབ་པར་བྱ། །ཁྲམ་ལ་གདབ་དང་ཐུན་གྱིས་གསང་། །ཉིན་མཚན་སྔགས་ནི་མ་ནོར་བར། །བླ་རྐུན་སྔགས་ཀྱིས་བླ་འགུགས་ཏེ། །སྤྱི་རྒྱུགས་སྔགས་ཀྱིས་དུས་མཐའ་བརྟུལ། །འཁོར་ལོ་ནག་པོ་མྱ་ར་ཡ། །གསང་བའི་ལས་སུ་འདི་ཤེས་བྱ། །ཡ་མ་མེ་ཏ་སྟེ། ནི་ར་ཙ་ས། ཏོ་རུ་ན་ཡོ་ནི་ར་ཡ་ཛ། དགྲ་བོ་ནཱ་ར་ཡ་ཧཱུཾ༷་ཕཊ། ཡ་མ་སྟེ་ཏ་མེ། ཛ་ར་ནི་ར། ཡ་ར་ནི་ཡོ། ན་རུ་ཏོ་ས། ཆེ་གེ་མོ་ཨ་མུ་ཀ༷་མ་ར་ཡ་ཧཱུཾ༷་ཕཊ། ཡ་མ་མེ་ཏ་སྟེ། ནི་ར་ཡ་ཙ། ནི་ར་ས་ཏོ། རུ་ན་ཡོ་ཛ། ཆེ་གེ་མོ་ཨ་མུ་ཀ༷་མྱ་ར་ཡ་ཧཱུཾ༷་ཕཊ། ཡ་མ་སྟེ་ཏ་མེ། ན་རུ་ཏོ་ས། ཛ་ར་ནི་ཡ། རི་ནི་ཡོ་ཛ། ཆེ་གེ་མོ་ཨ་མུ་ཀ༷་མ་ར་ཡ་ཧཱུཾ༷་ཕཊ། ཉིན་གྱི་འཁོར་ལོ་དེ་ལྟར་བསྐོར། །དུག་ཤིང་ཁྲམ་བྱང་དག་ལ་ཡང་། །ཁྲམ་སྔགས་བྲིས་ལ་ཁྲམ་ལ་གདབ། །མཚན་མོ་རྒྱུན་འཛབ་ཁོབ་ཕུབ་ལ། །ཁ་ཐུན་སྔགས་ཀྱིས་བྲབ་པར་བྱ། །སྔགས་ཀྱི་བརྒྱ་བར་སྟོང་བར་དུ། །ཁྲག་ཐུན་དབབ་པའི་ལས་ཀྱང་བྱ། ་་་ཀར་སྔགས་ཀྱིས་བླ་དགུག་ཅིང་། །འཆི་བདག་བཤན་པའི་དམག་དཔུང་དབབ། །གལ་ཏེ་ལས་དེ་མ་གྲུབ་ན། །འཁོར་ལོ་དཀྲུག་ཅིང་ཤི་ས་བསྟན། །འཆི་བདག་ཡ་མ་རྭ་ཛ་དང་། །བདུད་ཀྱི་ལྕམ་མོ་རྟག་ཏུ་རྦད། །སྤྱི་རྒྱུགས་སྔགས་ཀྱི་ཆར་ཕབ་ལ། །འཁོར་ལོ་ཐོད་པ་རེ་བས་དྲིལ། ཁེས་པའི་ས་འམ་ཀླུ་གནས་མནན། །ཐུན་གྱི་ཁ་གསོ་རྒྱུན་དུ་བྱ། །དེ་ལྟར་བྱས་ན་ལྷ་ཡང་འཆི། །འཇམ་དཔལ་གཤིན་རྗེ་གསང་བའི་རྒྱུད་ལས། ཐོད་པ་ནག་པོ་འཆི་བདག་ཁ་ཐུན་གྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་ཆེན་པོ་དེས། འཕྲིན་ལས་ཀྱི་རྒྱལ་པོ་གཤེད་ཆེན་པོ་མ་ཏྲ༷་གསང་བའི་ལས་རིམ་འདི་དག་གསུངས་སོ། །ལྷ་ཡི་རྣལ་འབྱོར་ལྡན་པ་ཡིས། །དཔའ་བརྟུལ་ཅན་གྱི་སྔགས་པ་དེས། །དུར་ཁྲོད་གདུག་པའི་གནས་ཕྱིན་ལ། །དཔའ་བོ་གྲི་རུ་ཤི་བ་ཡིས། །ཞིང་ཆེན་པགས་པ་རབ་བཤུས་ལ། །གསང་བ་སྔགས་ཀྱི་འཁྲུལ་འཁོར་ཡང་། །དུག་ཁྲག་རྡོ་སོལ་སྦྱར་བ་ཡིས། །མི་རྐང་རྒྱུས་པ་སྐྲ་ཤད་པ་རི་ལྡན་པས་འཁོར་ལོ་བྲི་བར་བྱ། །བཅུ་གཉིས་བར་དུ་ཨ་མུ་ཀ༷ །མཁས་པ་དག་གིས་བྲི་བར་བྱ། །འཆི་བདག་གཤིན་རྗ་ནག་པོ་ཡི། །ཞལ་ཕྱག་ལྡན་པས་ཤེས་པར་བྱ། །རབས་ཆད་ནག་པོའི་ཐོད་པར་གཞུག །ལྷོ་ཡི་ཕྱོགས་སུ་ཕྱག་རྒྱའི་རྟེན། །མིག་གི་རྟེན་དུ་མངོན་པར་དགྲམ། །ཞིང་ལྤགས་གཞི་འམ་ཡན་ལག་ལ། །སྨུ་ནག་སེར་ནག་དམར་ནག་ལྗང་། །ཞིང་དབྱུག་འཁོར་ལོ་བསྣམས་པ་ཡིས། །གཤེད་བདག་ཁྲོ་བོ་འཇིགས་པ་བཞི། །ཚོན་རྩི་སྤྱིན་མེད་དམ་ལྡན་པས། །མཁས་པས་བྲིས་ལ་ཕྱོགས་བཞིར་དགྲམ། །མི་རྟོགས་དབྱིངས་ནས་ཐུགས་རྗེའི་སྐུ། །བསྐྱེད་དེ་དབྱིངས་ནས་སྤྱན་དྲང་མཆོད། །གཉིས་སུ་མེད་པའི་ཡང་སྙིང་ལ། །མི་སྨྲ་རྒྱུན་གྱི་བསམ་གཏན་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་མ་ཏྲ༷་ནག་པོ་གསང་སྔགས་ཀྱི་འཁྲུལ་འཁོར་འདི་གསུངས་སོ། །ཡ་མ་རྭ་ཛ་ས་ཏོ་མེ་ཡ། ནག་པོ་རག་ཤ་ཆེ་གེ་མོ་བ༷་རིལ་རྦད་ཡ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ནག་པོ་རཀ་ཤ་ཆེ་གེ་མོ་སྙིང་བ༷་རིལ་རྦད་ཡ། ཡ་ཏ་ཡོ་ནི་ར་ཡསྟེ་ཡ། ཨརུ་ཆེ་གེ་མོ་རྦད་ཡ། ཡསྣེ་ཡ་ཙ་ནི་ར་མ་ཡ། རཀ་ཤ་ཆེ་གེ་མོ་ཐུམ་རིལ་རྦད་ཡ། སྔགས་དང་འཁོར་ལོའི་བར་དག་ཏུ། །བོད་པར་བྱེད་པའི་མིང་རྣམས་གཞུག །ཉིན་བཞིའི་འཁོར་ལོའི་སྔགས་སུ་གསུངས། །མཚན་མོའི་སྲོག་སྔགས་མ་བཞི་ཡིས། །གསང་བའི་ཐུན་གྱིས་བྲབ་པར་བྱ། །རེ་མ་ཏི་དང་སྙིང་འཕྲོག་མ། །ཛ་གི་མ་དང་རཀ་ཤ་མ། །གསང་བའི་ཡང་སྙིང་འདི་ལྟ་སྟེ། །ཨོ་ར་མ་ཏི་རུང་ཏྲག་ཁ་རག་མོ་སྙིང་ཁ་རག་ཏྲག་ར་ཀཤ །དམ་ཉམས་ཆེ་གེ་མོ་སྲིན་མོ་རུ་སྨྱོ། ཨོ་ཙ་དུ་ཁ་ཤ་ཀ་སྙིང་ལ་རྦད། ཙ་དུ་སྨྱུ་ར་ཡ་ཆེ་གེ་མོ་ལྕེ་ལྡིབས། རཀ་ཤ་ཚལ་པ་ལ་པྲ་་མ་ཡ། ཨོ་ཛ་ཏི་ཀ་མ་རུ་རཀ་ཤ་ག་ཏ་ཆེ་གེ་མོ་ཏྲ༷་ཏྲ༷་སྲིན་མོ་ཁ་ལ་རྦད། ཨོ་རག་མོ་རུ་རུ་ཙ་པ་ལ་ཏྲག་་ག་མོ་ཀྲོ་དྷི་ཤྭ་རི་སྙིང་ལ་རྦད་ཡ། གསང་བ་རག་ཤ་ནག་པོ་སྟེ། །མ་ཏྲ༷་ནག་པོ་གསད་པའི་མཚོན། །ཉུངས་ཀར་གསང་བ་བླ་དགུག་ཅིང་། །ཁྲམ་ལ་གདབ་དང་ཁྲག་ཐུན་དབབ། །གཤེད་བཞི་ཁྲམ་བདག་བསྐུལ་བ་དང་། །སྤྱི་རྒྱུགས་ལས་ཀུན་རྫོགས་པར་བྱ། །དགོངས་དང་ཐོ་རངས་དུས་དག་ཏུ། །རྨད་དུ་བྱུང་བའི་གཏོར་མ་གཏང་། །མཚན་མོའི་དུས་སུ་ཡང་སྙིང་དང་། །སྲིན་མོ་བཞི་ཡི་སྨོད་པས་གདབ། །ཐུན་དབབ་སྲོག་ཕུར་སྔགས་ཀྱིས་བྲབ། ཁེས་པའི་ས་རུ་མཁས་པས་མནན། །གལ་ཏེ་ལས་དེ་གཡེལ་བ་ན། །འཁྲུལ་བྱེད་རོ་ལངས་དྲིལ་བའི་སྔགས། །མཚན་མོ་བཞི་ལ་བཟླས་པ་བྱ། །ལས་འཇུག་འཁོར་ལོས་བཟློག་ཅིང་གཟིར། །འཁྲུག་པའི་གསང་སྔགས་འདི་དག་བཟླས། །ཡ་མ་རྭ་ཛ་སྙིང་རོ་ཤན། ས་ཏོམེ་ཡ་ཀྲོདྷི་ཤྭ་རི། ཡ་མོ་ཏོ་རུ་ཙིཏི་རོ་ལ་ཤན་ཏིང། ན་ཡོ་ཏ་ཡ་ས་མ་ཡ་ཛ། ཡ་ཏ་ཡོ་ནི་རོ་ཙ་རྨུགས། ར་ཡཁྲེ་ཡ་ས་མ་ཡ་ཛ། ཡསྟེ་ཡ་ཙ་སྙིང་ཁྲག་ཆོད། ནི་ར་མ་ཡ་སྲོག་སྲོག་མྱ་ར་ཡ་ཕཊ། སྙིང་རྩ་དགྲ་བོ་མྱ་ར་ཡ། བརྣག་བའི་རྒྱལ་པོ་གསང་བ་སྟེ། །རོ་ལངས་རྣོ་མྱུར་ལྡན་པ་འདི། །འཇིག་རྟེན་མགོན་གྱིས་གསང་བར་གདམས། །འཇམ་དཔལ་གཤིན་རྗེ་གསང་བའི་རྒྱུད་ལས། རག་ཤ་ནག་པོ་མ་ཏྲ༷་བསྒྲལ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པ་དེས། །འཕྲིན་ལས་ཀྱི་བརྣག་པ་སྲོག་བདག་གཡང་གཞི་ལ་སྒྲུབ་པའི་སྦྱོར་བ་འདི་གསུངས་སོ། །དུར་ཁྲོད་བདག་པོའི་གནས་དག་ཏུ། །བདུད་བཅད་ས་ལ་མཎྜལ་བྱ། །ར་རོ་ཁྲག་གིས་ཆག་ཆག་གདབ། །དབུས་སུ་གྲུ་གསུམ་རྒྱ་བཅད་དེ། །ནི་རང་ཤུ་དང་དུག་གིས་བྲི། །འཁྲུལ་མིག་བཅུ་བདུན་གསང་སྔགས་དགོད། །ཟག་པ་ཟད་པའི་རྫས་བ་་ལ། །ར་ཁྲག་སྦྱར་ཏེ་ཤོག་ཤོག་ལ། །དམིགས་བ་ཅི་འདྲའི་ལིང་ག་བྲི། །གནང་དང་མཚོན་ཆའི་ཡི་གེ་དགོད། །ཕོ་ཉ་གཏང་ཞིང་བླ་ཚེ་དགུག །རྣམ་ཤེས་བཀུག་ལ་གཟུགས་ལ་བསྟིམ། །ལྷ་ལྔ་བསྐྲད་ཕྱིར་རྫས་རྒོད་སྲེག །སྔོན་དམར་ཐག་པས་རབ་བཏགས་ལ། །ལྷོ་ཕྱོགས་གཤིན་རྗེ་ཉིད་ལ་གདགས། །རོག་པོ་ལྟེ་དཀར་དམིགས་པའི་རྟེན། །ཁྲག་བྱང་བཅུ་གསུམ་མར་ལ་གདགས། །ཏིང་འཛིན་གསུམ་ལས་གཤེད་པོ་བསྐྱེད། །མཆོད་དང་བསྟོད་པ་རྫོགས་པ་དང་། །དྲག་སྔགས་འཁོར་ལོ་བསྐོར་བར་བྱ། །སྲོད་དང་ཐོ་རངས་དགོངས་ཁ་རྣམས། །འཕྲིན་ལས་བཅོལ་བའི་ལས་ཀྱང་བྱ། །ཉི་མ་རི་ལ་བབས་པའི་ཚེ། །ཉི་མ་བཞི་པའི་འཁོར་ལོ་བསྐོར། །རྫོགས་དང་ར་བསྒྲལ་གཡང་གཞི་བཤུ། །དབུས་སུ་ཨེ་ལའི་ཡི་གེ་ནི། །ཕྱི་རོལ་འཁྲུལ་འཁོར་རྫོགས་བྲིས་ལ། །སྙིང་དང་ལིང་ཁ་གཡང་གཞིར་བཤུ། །དམར་ནག་དྲག་སྔགས་དྲིལ་བ་བཟླས། །རྫོགས་དང་འཁོར་ལོ་མནན་པ་བྱ། །ཐུན་གྱི་ཁ༷་གསོ་ཤེས་པར་བྱ། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་གསང་སྔགས་འདི་དག་གསུངས་སོ། །ཡ་མ་རྭ་ཛ་ས་ཏོ་མེ་ཡ། ཡ་མེ་དོ་རུ་ན་ཡོ་ད་ཡ། ཡ་ཏ་ཡོ་ནི་ར་ཡསྟེ་ཡ། ཡསྟེ་ཡ་ཙ་ནི་ར་མ་ཡ། ཆེ་གེ་མོ་པྲ་མ་ཡ་ཧཱུཾ༷་ཕཊ། རཀ་ཏ་ཙ་ར་ཡ། མུ་ར་ཙ་ཡ་མྱ་ར་ཡ་ཧཱུཾ༷་ཕཊ། རྣལ་མ་རྣལ་ཏོ་གཤོད་ལ་རྔམ་གསོལ་ལ་མེར་མེར། སྤྲིས་ལ་ཆུམ། ཐུ་པིས་ཐུ་པིས།ལྕགས་ཀྱི་དགྲ། དགྲ་བོ་མྱ་ར་ཡ་དྲི་རྦད། ཉིན་མཚན་སྔགས་ཀྱི་འཁྲུལ་འཁོར་དབྱེ། །ཉིན་ནི་སོ་སོར་གཏོར་བ་སྟེ། །མཚན་མོ་དྲིལ་ལྭ་མྱ་ར་ཡ། །རྣལ།་མ་རྣལ་ཏེའི་སྔགས་ཀྱིས་གདབ། །བླ་དགུག་མྱོས་པའི་ཁྲག་གིས་བྲན། །གཤིན་རྗེ་ནག་པའི་ཁྲམ་ལ་གདབ། །གསང་བའི་འཁོར་ལོ་རྫོགས་པ་དང་། །གཡང་གཞི་ལིང་ག་ཀུན་དྲིལ་ཏེ། །ལམ་པོ་ཆེ་འམ་དུར་ཁྲོད་ཁྱིམ། །སྟག་གི་ཁ་འམ་ཀླུ་གནས་སུ། །མཁས་པས་གཏད་བའི་རིམ་པ་བྱ། །རྫོགས་དང་ར་ཁྲག་དུག་རྫས་བསྲེ། །ཁ་ཐུན་སྔགས་ཀྱིས་ཁ་གསོས་ལ། །བརྣག་པའི་ཕྱོགས་སུ་འཕང་བར་བྱ། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །བཀྲ་ཤེས་ཚེ་ཡི་ཆོ་ག་བྱ། །ལས་ཀྱི་རྣམ་སྨིན་སྦྱང་བའི་ཕྱིར། །བསྐང་གསོའི་ཆོ་ག་རྒྱ་ཆེར་བྱ། །ཞེས་གསུངས་སོ། །འཇམ་དཔལ་གཤིན་རྗེ་གསང་བའི་རྒྱུད་ལས། སྲོག་བདག་གཡང་གཞི་ལ་རྟེན་ཏེ་སྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་བོ་ཡིས རོ་ལངས་ནག་མོ་གསང་བའི་འཁྲུལ་འཁོར་འདི་དག་གསུངས་སོ། །ལས་རྣམས་ཀུན་གྱིས་མ་གྲུབ་ན། །འཁྲུག་བྱེད་དུས་མཐའ་བརྟུལ་བྱེད་མའི། །འཁོར་ལོ་ཐུན་བསྡེབས་བརྣག་པའི་ལས། །ལས་ཀྱི་ཐུས་ཀར་རོ་ལངས་བསྒྲུབ། །དུར་ཁྲོད་འཇིགས་པའི་གནས་དག་ཏུ། །དུར་ཁྲོད་ས་ལ་མཎྜལ་བྱ། །ཁྲག་གིས་བྱུག་ལ་དམ་རྫས་དགོད། །དུར་ཁྲོད་རོ་ཡི་གོས་བླངས་ལ། །ནི་རང་སུ་ཡིས་མདོག་བཏོན་ལ། །སྨེ་ཁྲག་དུག་སྦྱར་གནག་ཚ་ཡིས། །གཤིན་རྗེའི་ལྟོ་བར་འཁོར་ལོ་བྲིས། །མུ་ཁྱུད་རིམ་པ་གསུམ་པ་ཡིས། །དངོས་སུ་ལྕགས་མཁར་གླིང་དགུ་བྱ། །ཕྱི་རིམ་ལྕགས་ཁང་བཅུ་དྲུག་ཏུ། །ཐ་མ་རེ་ཆ་དྲུག་དང་ལྡན། །དེ་ལ་གནས་པའི་རིམ་པ་ནི། །དབུས་སུ་མུ་ལའི་ཡི་གེ་སྟེ། །མཚོན་བྱའི་ཡི་གེ་འབྲུ་བརྒྱད་དགོད། །བཅུ་དྲུག་མཁའ་འགྲོ་རྩ་བའི་སྔགས། །ཁང་པ་དྲུག་ཏུ་ཐུན་དྲུག་བྲི། །མཎྜལ་དབུས་སུ་རྩང་ལ་བསྐྱོན། །རབས་ཆད་མོན་གྱི་ཐོད་པ་སྲ །སྙིང་ཁྲག་དུག་སྦྱར་ཐུན་ཡང་སྦྱར། །འཁོར་ལོ་ཡིག་འབྲུ་ལྷར་བསྐྱེད་ལ། །མཆོད་དང་འཕྲིན་ལས་དག་ཀྱང་བཅོལ། །ཉི་ཤུ་བདུན་ནས་གནམ་སྟོང་དུ། །ཉི་མ་བཞི་པའི་འཁོར་ལོ་བསྐོར། །དམོད་པ་དྲག་པོ་དམོ་བ་དང་། །སྔགས་ཀྱི་ཕུ་སྤྲུགས་དག་ཀྱང་བྱ། །མཚན་མོ་དྲིལ་དང་ཐུན་དྲུག་སྔགས། །མཚོན་ཆ་བསྣོལ་མ་བརྒྱ་ཕྲག་གདེག །ཁྲག་ལ་གདབ་ཅིང་ཁྲག་ཐུན་དབབ། །འཁོར་ལོ་ཐོད་པ་རེ་བས་དྲིལ། །བི་རོ་ཙན་གྱི་ཁུ་བ་འམ། །ཀླུ་ཡི་ཕོ་བྲང་ཡོད་སར་མནན། །གལ་ཏེ་གྲུབ་པར་མ་གྱུར་ཅིང་། །རོ་ལངས་ལས་ལ་གཡེལ་བ་ན། །འཁོར་ལོ་བཟློག་ཅིང་དཀྲུག་པར་བྱ། །དེ་ལྟར་བྱས་ན་ལྷ་ཡང་འཆི། །དེ་ནས་བཅོམ་ལྡན་འདས་ཀྱིས་རོ་ལངས་ནག་མོ་གསང་བའི་སྔགས་ཀྱི་འཁྲུལ་འཁོར་འདི་དག་གསུངས་སོ། །ཨོསམཡམསྣྲུ་ཤིཡམརྭཛ། མ་མ་ཨེ་ཀ་ཞི་ཛ་ཛ། ཏྲཀ་རག་ཤ་མ་ཏྲ་སྟིང་ཁ་རག་མ་སྨྱོ། སྲོག་ལ་རྦད། ཉི་ཡ་ཡ་ལོན་ཙིན་དན་མ་མ་སྨྱོ། སྙིང་ཁ་རག་སྲོག་ལ་སྨྱོ་སྦྱོ། ཡ་དུམ་ཤམ་དུན་མན་ཙིལྟི་རཀྟ། ར༷་ཐུན་གཟེར་སྙིང་། རྩ་རོ་མྱགས་ཨུད། ཆེ་གེ་མོ་ཨ་མུ་ཀ །སྲོག་ལ་ཐུམ་ཤག་ནཱ་ར་ཡ་རྦད། ཉིན་མཚན་སྔགས་ནི་དྲིལ་གཏོར་སྡེབ། །མ་མ་ཙིསྟ་ཁ་ལ་རཀྟ་དུན་སྨྱོ། མ་མ་དུམ་བུ་དུམ་བུ་ཚལ་པ་ཚལ་པ། ཧ་ན་ཧ་ན་ཐུན་སྨྱོ། མ་མ་ཧུར་ཡ༷་ལིང་རྦད་ཐུན་སྨྱོ། མ་མ་བྲག་བྲག་ནི་མི་ནི་ལི་ཐུན་སྨྱོ། མ་མ་ཐུམ་ཐུ༷་རུབ་རུབ། ཙིཉི་ཡ༷་ཤཀ་ཐུན་སྨྱོ། མ་མ་ཁ་ལ་རཀློ་ཙ་ལ་བྲེང་ཤག་ཐུན་སྨྱོ། ཡང་ཨུད་རོ་མྱགས་ཙ། ཡང་སྙིང་གཟེར་ཐུན་རི། ཡ་ཏ་རཀྟ་ཙི། ཡ་མན་དུམ་ཤན་དུམ། ཨ་མུ་ཀ་སྲོག་ཐུམ་ཤག་ནཱ་ར་ཡ་རྦད། ཡ་མ་མེ་ཏེ་མ་སྨྱོ་རུ་ལུ་རྦད། རོ་ལངས་ལས་ལ་གཡེལ་བ་ན། །བཟློག་ཅིང་དཀྲུག་བའི་གསང་སྔགས་ཏེ། །ཡ་བ་ཤ་ཡི་ལས་སུ་གསུངས། །འཇམ་དཔལ་གཤིན་རྗེ་གསང་བའི་རྒྱུད་ལས། རོ་ལངས་གསང་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོས་སྲོག་ཏིག་ཕུར་ཟོར་ནག་པོ་ཞེས་བྱ་བ། མཁའ་འགྲོ་གསང་བའི་ལས་འདི་གསུངས་སོ། །གསུང་དང་མཐུན་པའི་གནས་དག་ཏུ། །མཎྜལ་ལེགས་པར་བཤམས་ནས་ཀྱང་། །ཕོ་བྲང་གསང་བའི་ཞལ་ཕྱུང་ལ། །དྲག་པོའི་ཟོར་ཀྱང་རྫོགས་པར་བྱ། །མཁའ་འགྲོ་གསང་བའི་དམ་རྫས་བསག །སྔགས་པ་ཆས་གོས་ནག་པོ་གོན། །ཡ་མརྙ་ཀར་གསལ་བྱས་ལ། །གཉིས་སུ་མེད་པའི་ཡང་སྙིང་བཟླས། །ཕུར་གདབ་ཟོར་འཕང་མནན་པ་བྱ། །སྒྱུག་པའི་གླུ་བླང་མ་མོ་བོད། །རྫ་རྔ་བརྡུང་སྟེ་གཤིན་རྗེ་རྦད། །རཀྟ་དམར་གྱི་ཨརྒ་སྦྲེང་། །བླ་རྟགས་ལོན་དང་ཕུར་བུས་གདབ། །གྲུབ་རྟགས་བྱུང་ནས་ཟོར་ཡང་འཕང་། །དེ་ནས་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས། གཉིས་སུ་མེད་པའི་ཡང་སྙིང་ཁྱད་པར་དུ་བཟླས་པ་འདི་དག་གསུངས་སོ། །ཨོ་ས་མ་ཡ་མསྣྲུཤིཡམརྙཀཡ་མྱ་རྭ་ཛ། མ་མ་ཨེ་ཀ་ཛ་གི་ཛ་ཛ། རཀློ་ཏེ་ཀུན་ཛ་ཛ། ཁ་ལ་མ་ཧི་སྙོ་སྨྱོ། སྙིང་ཁ་རག་ཆེ་གེ་མོ་སྲོག་ལ་སྨྱོ་སྨྱོ། ནག་མོ་བ༷་རི་ལི་ལི། ནག་མོ་ཁྲག་ལ་རི་ལི་ལི། ནག་མོ་སྙིང་ལ་རི་ལི་ལི། ནག་མོ་སྲོག་ལ་རི་ལི་ལི། ནག་མོ་སྲོག་ལ་ཆོ་ཆོ། ནག་མོ་བ༷་རི་ལི་ལི། ཛ་ཛ་རེ་མ་ཏི་པ་ཤ་ཙ་པ་ལ་ཛ་ཛ། ནག་མོ་དགྲ་བོའི་སྙིང་ལ་ཐུམ་རིལ་རྦད། ནག་མོ་དགྲ་བོའི་རྩ་ལ་བ༷་རིལ་རྦད། ནག་མོ་དགྲ་བོའི་སྲོག་ལ་ཧུར་ཐུམས་རྦད། ནག་མོ་དགྲ་བོའི་ཁྲག་ལ་ཐུམ་རིལ་རྦད། པ་ཙ་པ་ཙ་མྱ་རྭ་ཡ་ཐུམ་རིལ་རྦད། ནག་མོ་སྙིང་ལ་ཐུ༷་རིལ་རྦད། ནག་མོ་སྲོག་ལ་བ༷་རིལ་རྦད། ནག་མོ་ཤ་ལ་སྟ༷་པ་རིལ་རྦད། ནག་མོ་རྩ་ལ་ཁུག་རིལ་རྦད། ནག་མོ་དབུགས་ལ་ཧུར་ཐུམས་མྱ་ར་ཡ་རྦད། སྲོག་ཕུར་གསང་བའི་ཡང་སྙིང་སྟེ། །གསང་བའི་བརྣག་པར་ཡང་དག་བཤད། །འཇམ་དཔལ་གཤིན་རྗེ་གསང་བའི་རྒྱུད་ལས། མཁའ་འགྲོ་གསང་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། ཡོགས་སུ་བསྐོར་བའི་འཁོར་རྣམས་ལ་གསང་བའི་རྒྱུད་འདི་གཏད་དོ། །ཉོན་ཅིག་འཁོར་དུ་འདུས་བའི་ཚོགས། །ཨེ་མ་ཡང་གསང་རྣལ་འབྱོར་ཆེ། །དབྱིངས་དང་ཡེ་ཤེས་རོལ་བའི་དོན། །ཉེ་བར་གྱུར་པ་གསང་བའི་རྒྱུད། །འཁོར་ལོ་ཐུན་བསྡེབས་བསྒྲལ་བའི་ལུང་། །བརྣག་པའི་རྒྱལ་པོ་གསང་བའི་བཅུད། །གནས་དང་སྲིད་པ་སྤྲུལ་པ་གཅོད། །གནས་པའི་འཁོར་ལོ་སེམས་ལ་འདུས། །སེམས་ལས་སེམས་བྱུང་ཆོས་ཀྱི་སྐུ། །གསུམ་གཉིས་ལྔ་དང་གཉིས་སུ་ཡང་། །གཉིས་མེད་གཉིས་སུ་མེད་པར་རྫོགས། །སྤྲུལ་པའི་འཁོར་ལ་རྐང་ལ་འདུས། །གོམ་པ་བགྲོད་པས་འགྲོ་དྲུག་གནས། །སྲིད་པའི་འཁོར་ལོ་ལུས་ལ་ཏེ། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །གཅོད་པའི་འཕྲིན་ལས་དངོས་ཉིད་དེ། །སྟོང་ཕྲག་བདུན་དང་བརྒྱ་ཕྲག་བརྒྱད། །ཡེ་ཤེས་སྒྲོལ་བའི་རྟགས་ཀྱིས་སྒྲོལ། །འཕྲིན་ལས་དུ་མར་ཤར་བའོ། །གནང་དགུ་གཟེར་ཆེན་རྒྱུ་དང་ནི། །བཅུ་གཉིས་ཚུལ་དང་འགྲོས་ལུགས་བརྒྱད། །ཕྱི་དང་ནང་དང་གསང་བ་དང་། །འོད་ཟེར་བརྒྱད་ཀྱིས་ཡང་དག་རྫོགས། །དེ་དག་དངོས་གྲུབ་ཉེ་བའི་མཐར། །དུས་ཉིད་རང་འབྱུང་རྩོལ་བ་ལ། །བསྐུལ་བ་རྣམ་བཞི་སྦྱོར་བ་གསུམ། །བགྲོད་སྟོབས་ཕྱག་རྒྱ་ལྡན་པས་བརྩམ། །ཙཀྲ་སྨུབྱ་ཡ་མ་ཀར། །མཧྭ་གུ་རྒྱ་མནྟྲ་སྟེ། །ཕྱི་ནང་འཁོར་ལོ་གསང་བར་འདུས། ཁུ་རྐྱེན་དགྲ་ལས་བཅའ་བའི་ཐབས། །ཡུལ་ལ་ཕྱིན་ནང་གསང་བ་གསུམ། །དབང་པོ་དོད་པའི་ངོ་བོ་ལུས། །རྒྱུ་བཅས་སྒྲ་ལས་ལྔ་ཡི་མཚོན། །དེ་བཞིན་གསང་སྔགས་འབྱུང་བའི་རྒྱུ། །ངོ་བོ་སྒྲ་དང་དྲང་དང་དཀྲུག །ལས་དང་གདགས་པ་མཐའ་རུ་སྦྱར། །ཕྱི་ནང་གསང་བ་གསུམ་དུ་བཤད། །དེ་ལྟར་བུ་རྒྱ་གསུམ་དང་ལྡན། །སྒྲ་དང་ངོ་བོ་གནས་དང་ལས། །རྒྱུ་བའི་ཚུལ་དེས་ཉི་མ་བཤད། །གཤིན་རྗེ་གསུམ་ལུས་ཐུགས་ཀྱི་བདག །རང་གི་ངོ་བོ་རྒྱུད་དང་སྒྲ། །གནས་དང་ལས་དེ་གསོད་པའི་ཚུལ། །དེཡིསགཤིནརྗེའིགྲོང་ཁྱེར་དུ། །འགྲོ་བ་བཀུག་ནས་ཁྲིད་ཅིང་འཆང་། །སྲིད་གསུམ་ཁྱམསཁངགཤིནརྗེའིགནས། །བྱིན་རླབས་འབྱུང་ཕྱིར་ཏིང་འཛིན་གཙོར། །མུ་ར་ཡ་ཡི་བརྡ་སྒྲས་འཇོམས། །དེ་དག་གཤིན་རྗེ་ནག་པོ་ཡིས། །འཁོར་ལོ་ཐུན་བསྡེབས་བསྒྲལ་བའི་ལས། །བརྣག་པའི་རྒྱལ་པོ་གསང་བའི་དོན། །འཁོར་གྱི་ཁྲོ་བོ་དྲེགས་པ་དང་། །ལྷ་དང་མཁའ་འགྲོ་རྣམས་ལ་གཏད། །དམ་ཚིག་སྲུང་དང་ཐུགས་བརྩེའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ངོ་། །འཇམ་དཔལ་གཤིན་རྗེ་གསང་བའི་རྒྱུད་ལས། རྒྱུད་གཏད་ཅིང་རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།འཇམ་དཔལ་རིན་པོ་ཆེ་གསང་བའི་རྒྱུད་རྫོགས་སོ།། །།བལ་པོའི་རྒྱལ་པོ་བྷ་སུ་དྷ་ར་དང་། བོད་ཀྱི་ལོསྣྲོ་བ་སྣུབས་བན་སངས་རྒྱས་རིན་པོ་ཆེས། བལ་ཡུལ་བྷ་ར་སའི་བྲག་ཕུག་ཏུ་བསྒྱུར་བའོ།། །། རྒྱ་གར་སྐད་དུ། ཨུརུ་མཉུ་ཤི་ཀྲོ་དྷ། རཏྣ་གུ་ཡ་ཏནྟྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་ཁྲོ་བོ་རིན་ཆེན་གསང་བའི་རྒྱུད། བཅོམ་ལྡན་འདས་དཔལ་