Ngb-pt-0263-vol-03-text

From Rangjung Yeshe Wiki Texts
Revision as of 08:13, 20 March 2020 by Move page script (talk | contribs) (Move page script moved page Ngb-pt-0263-vol2-text to Ngb-pt-0263-vol-03-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། སརྦ་བི་ནཱ་ཤ་ཏནྟྲ་ནཱ་མ། བོད་སྐད་དུ། དྲག་པོ་ཕུང་བྱེད་ཀྱི་རྒྱུད་ཅེས་བྱ་བ། དྲེགས་པ་ཆེན་པོ་ནར་གིརྟི་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། རི་ཀ་རི་ཀ་བྱ་རྐང་ཕུག་རོན་ཟངས་ཕུག་ཞེས་བྱ་བ་ན། དྲེགས་པ་ལྷའི་བདག་པོ་ཁ་ཐེ་ནག་པོ་ཞེས་བྱ་བ། མུ་སྟེགས་རྣམ་བཞི་གདུལ་བའི་དོན་ཆེད་དུ། དཀའ་ཐུབ་སྒྲིན་སྤོང་མཛད་པ་ལ། གདུག་པ་ཀླུ་གཉན་མང་པོའི་སྒྲ་སྒྲོག་པ་བྱུང་ཡང་། ཡིད་ཆགས་ཤིང་གཡོ་བ་མེད་དེ། ཀ་རི་ཀའི་བླ་ཐད་རྣམས་ནས་བསྐོར་བ་ལན་གསུམ་བྱས་ནས། རྡོ་རྗེའི་བརྐྱང་ཕྱག་བཙལ་ཏེ། མགྲིན་གཅིག་ཏུ་སྨྲས་པ། ཨེ་མའོ། །དྲེགས་པ་ཆེན་པོ་ལྷ་ཡི་གཙོ། །ཐབས་ལ་མཁས་པའི་ཐུགས་རྗེ་ཅན། །དྲེགས་པ་ཆེན་པོའི་བཀའ་བཞིན་བགྱིད། །ཅེས་སྨྲས་སོ། །དེ་ནས་དེ་མ་ཐག་ཏུ་བདུད་གཅོད་བྱེད་ནག་པོས། དྲག་པོ་མཚོན་ཆའི་ཆར་འདི་ཕབ་པོ། །ཏྲག་རསྒ་ཁ་ལ་ཡ༷་ཤུད། སྙིང་ལ་འདུས་འདུས། པྲ་ཙ་ལ་པྲ་ཙ་ལ་བབ་ཙིཀ་འུབ་ཙིཀ་ཕཊ། ཅེས་མཚོན་ཆའི་ཆར་འདི་ཕབ་སྟེ་འདི་སྐད་ཅེས་གསུངས་སོ། །དྲག་པོ་ཕུང་བ་འདི་བཟླས་ཀྱིས་མ་སྡངས་ཁྱེད་རྣམས་ཐམས་ཅད་ཀྱང་། དེང་འདིར་ལས་རྣམས་བཀའ་བཞིན་གྱིས། ཞེས་གསུངས་ཏེ་མི་སྣང་བར་གྱུར་ཏོ། དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། །དྲེགས་པའི་བདག་པོ་ལྷ་བདག་པོ། །རྫུ་འཕྲུལ་བདག་པོ་མཐུ་སྟོབས་ལྡན། །ཐོག་སེར་དྲག་སྔགས་རྣམ་པ་གཉིས། །ལུང་བསྟན་པ་ནི་གསུམ་ཡིན་ཏེ། །དྲག་པོ་དབབ་པ་ཇི་ལྟར་ལགས། །རྫས་ལ་བརྟེན་པ་ཇི་ལྟར་དབབ། །སེར་བའི་རྫས་རྣམས་ཇི་ལྟར་ལགས། །རྟེན་པའི་ལིདྷ་ཇི་ལྟར་བཅའ། །དྲེགས་པ་ཆེན་པོས་བཀའ་སྩལ་པ། །དྲག་པོ་དབབ་པ་གཉིས་ཡིན་ཏེ། །རི་གསུམ་རྩེ་འདུས་སྲིན་གྱི་དབྱིབས། །དེ་ནི་ང་རྒྱལ་བདུད་ཀྱི་གནས། །སྔགས་སྒོ་ཡན་པ་བདུད་སྲིན་གནོད་སྤྱིན་བསྔགས། །ཞེས་གསུངས་སོ། །ཡང་བཀའ་སྩལ་པ། སྐྲ་ཤད་སྐུད་པ་སུམ་བསྒྲིལ་ལ། །ཙ་ར་རོག་པོའི་སྲོག་རྩར་གདགས། །ཞག་གསུམ་བསྒྲུབས་ནས་ཙ་ར་གཉིས། །དར་གྱིས་མགོ་ཕུར་ཕྱོགས་སུ་བསྐྱལ། །སྔགས་ཀྱི་ནན་ཏན་སྐུད་པ་ལ། །ལིདྨ་སྔགས་ཀྱིས་བསྐོར་བ་བྲི། །སུམ་བསྒྲིལ་གསང་སྒོ་ཡིན་ཞེས་བཤད། །ར་ར་ཙ་ཤུ་ཏི་པ་ཙ་ཀ་ཙ་ལ་མི་མ་ཙ་ལ། རསྒ་ཛ་ལ་རསྒ་ཛ་ལ། ཏྲ་ཡ༷་དུ་ཤན་ཤང་ཀ་དུ་ཤང་དུ། རསྒ་སྲིན་གྱིས་མུ་རུས་ཁས་རྦད། དྲག་པོ་ཐོག་བསྒྲུབ་འདི་ཡིས་ནི། །ལས་རྣམས་འགྲུབ་པར་ང་ཡིས་བ་ཤད། །མཁར་ལ་ཕྱི་ཕྱིར་ཡུལ་ལྷ་དཔང་། །སྲོག་ཆགས་རྣམས་ལ་བྱ་བའི་ཕྱིར། །སྲོག་ལྷ་དགྲ་ལྷ་དཔང་དུ་གཟུག །དེ་བཞིན་རྫས་ལ་བརྟེན་བྱས་ཏེ། །རབས་ཆད་ནག་པོའི་མེ་ལོང་གཡོན། །གསེར་དངུལ་ར་གན་འཁར་བ་ཞིང་། །བཅུ་གཉིས་བདུན་ནོ་མན་ཆད་ཡིན། །དུམ་བུ་གསུམ་པའི་ནང་དུ་བསྲེག །ལིདྷ་གང་ལ་འདོད་པའི་དབྱིབས། །རྫས་ཆེན་པོས་ནི་བྲབ་ཅིང་དགུག །སྔགས་ཀྱི་ནན་ཏན་ཤེས་པར་བྱ། །དྲག་སེར་འདོད་པ་འདི་ལྟར་བྱ། །ཐབ་ནི་ཐོད་པ་སུམ་སྐྱེད་བཙུག །ཆུ་མིག་དཀར་པོ་ཅན་ནི་བསྒྲུབ་པའི་གནས། །བཤན་མ་ཟོར་ཐོགས་མ་བཞི་དྭགུག །རྫས་ནི་ཆུ་མིག་རྐ་མང་མགོ་རུ་བསྐྱལ། །ཐོག་སེར་ཇི་ལྟར་འདོད་པ་ཡི། །ལས་རྣམས་འགྲུབ་པར་བཅོལ་བའི་ཕྱིར། །བྲམ་ཟེ་ནག་པོ་མཆོད་པར་བྱ། །དགུག་པ་སྙིང་པོའི་སྔགས་ཀྱིས་བྱ། །གནོད་སྦྱིན་ལག་་ན་ཕོ་སོ་རྣོན་པ་དམར་པོ་ཡིས། །སྔགས་ཀྱི་དམ་ཚིག་འདི་བརྗོད་དོ། །རྣལ་འབྱོར་ཆེན་པོ་སྐལ་ལྡན་གཙོ། །ལས་དང་སྐལ་པར་ལྡན་པ་ཡིས། །གདེང་ཚུགས་རྭ་ཧུ་ལ་ལ་བྱ། །དེ་མིན་གྱིས་ནི་བྱ་བ་མིན། །བྱང་ནས་ལྷོ་ནི་གསང་ཆོག་ཡིན། །ཞེས་གསུངས་ཏེ། །དམ་ཚིག་འདི་གསུངས་སོ། །མ་མོ་གནོད་སྦྱིན་ཐམས་ཅད་ཀྱི་མཐུ་དང་བྱིན་གྱིས་རླབས་ཀྱིས། །ཇི་ལྟར་འདོད་པ་ལྟར་དུ་གྲུབ་པར་གྱུར་ཅིག །ཅེས་ནས་འདི་གསུངས་སོ། །ན་མོ་རུ་ཏྲ་ཡ། མི་ཧྲི་ཧི་རི་བྲི་ཤ་དུ། ཀྭ་ལ་ཙ་བ་ལ་ཏི་ཏི་ལི་ལིང་ཤར། མཛེར་ཏ་བ་ཧོ། སི་རི་ཤ་རི་བར་ཀ་ཏི། ཀྲུ༷་པ་ཏིང་། རསྒ་ཀྲི་བ་ཏ་ཡ། ཏ་ར་ཙ་ཏ་ར་ཙ། ཨི་ར་ཙེ་ཨི་ར་ཙེ། པ་སི་ར། ཤ་ལ༷་ཕོ་ཀ་ར། དུམ་ཤན་ཏྲི་དུ་ནན་དུ་དུ་ར་རྦད། ཀྭ་ལ་དུ་པ་ཙ་འདར་ཆུམས་ཆུམས། སྲིན་གྱི་བྱ་ར་སད་གྲྭ་ཧྭ། ཞེས་པས་གནོད་སྦྱིན་ཕོ་མོ་ལ་སོགས་པལམགྲིནགཅིགཏུསྨྲས་ནས་འདོད་དོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུདལས་ཐོག་སེར་དབབ་པ་དང་། དྲག་པོ་ཕུང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་འདི་སྐད་ཅེས་གསོལ་ཏོ། །དྲེགས་པའི་བདག་པོ་ལྷ་བདག་གཙོ། །སྲིད་པ་སྒྱུར་བྱེད་ཕྲིན་ལས་གང་། །ས་བསླང་དབབ་པ་དེ་བཞིན་བསྒྲུབ། །དེ་ཡི་རྫས་རྣམས་ཇི་ལྟར་བསོག །དྲེགས་བདག་ལྷ་ཡིས་བཀའ་སྩལ་པ། །སྲིད་པ་སྒྱུར་བྱེད་འཁོར་ལོ་ལ། །ལས་ཀྱི་མ་མོ་ཐམས་ཅད་རྫོགས། །འབྲས་བུ་ཐམས་ཅད་བཅུད་ལེན་མ། །ལོ་ནད་རིམས་ཀྱི་མངའ་བདག་མོ། །དེ་ཡི་དཀྱིལ་འཁོར་འདི་ལྟར་བྱ། །དུག་སྣ་ཚང་བར་བསོགས་བྱ་ཏེ། །གཙོར་ནི་མུ་ཟི་ནག་པོས་བྱ། །དེ་ཡི་ཕྱོགས་བཞིར་ཁྲུ་རེ་བརྐོ། །རུས་སྦལ་ཕོ་ཁོག་ནག་པོ་ལ། །དེ་བཞིན་ཡབ་ཡུམ་སྙིང་པོ་བྲི། །གླིང་བཞི་རི་རབ་མདངས་ཀྱིས་བརྒྱན། །ཕྱག་དང་དར་གྱི་གུར་ཕུབ་བཞག །འཛམ་གླིང་ཉི་མ་དགུ་འབུམ་བསྟོད་པ་བྱ། །ཞེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། ས་བསླང་དབབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །མཎྜལ་ཆ་བསྙམས་ཡིད་འོང་ལ། །རྩ་བ་ལྔ་ཡི་ལྡེ་གུས་བྱུག །དབུས་སུ་མཐིང་ནག་གྲུ་གསུམ་བྱ། །ཟུར་གསུམ་ལོགས་ལ་ཤེས་པར་བྱ། །དབུས་མ་གྲུ་གསུམ་རྩེ་མོ་སྲ །མིང་དང་མཚན་དང་རྟེན་རྣམས་ནི། །ག་གོན་གསུམ་ལས་ཤེས་པར་བྱ། །སྨན་གྱིས་གསོ་དང་རྟེན་དུ་བྱ། །ལིསྐོ་ནང་ལ་གདོད་པའི་དབྱིངས། །ག་གོན་ནང་དུ་གཞུག་པར་བྱ། །མཚན་ནི་སུམ་སྟོང་ཉུང་དཀར་ལ། །དྲག་པོའི་རྫས་སུ་བསྒྲུབ་པར་བྱ། །གནད་ལ་དབབ་ཅིང་ཆོ་འཕྲུལ་བསྟན། །དྲག་པོའི་ལྟས་ངན་སྣ་ཚོགས་སོགས། །དམ་ཚིག་དྲག་པོའི་ཆད་བྱུང་ཚེ། །འབྲས་བུ་སྣ་ཚོགས་མེ་ཏོག་རྩ་བ་ལྔ། །རྨ་བྱའི་རྒྱལ་མཚན་རུ་དར་དང་། །དེ་བཞིན་མཚན་ལྡན་བམ་གྱིས་བསྐང་། །རྫས་རྣམས་ལོངས་སྤྱོད་འཁོར་ལ་འབྱུག །གཞན་དབང་དེ་བཞིན་མི་འགྱུར་རོ། །དེ་བཞིན་བཅིངས་དང་ཆོ་འཕྲུལ་འབྱུང་། །ཞེས་གསུངས་སོ། །དྲག་པོ་་ཕུང་བྱེད་ཀྱི་རྒྱུད་ལས། སྔགས་སྲུང་ནག་མོའི་ཡོན་ཏན་ཕུང་བཟློག་གི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །སྲིན་མོ་ཕུང་བ་འདི་ལྟར་བཟློག ཁུ་གསུམ་མཐིང་ནག་དབུས་སུ་སྤྱད། །གྲུ་གསུམ་རྩེ་མོར་ཐོད་སྐམ་གཞག །རྩ་ར་ཨུརྡའི་སྡིག་བཤགས་ཏེ། །སྔགས་དང་ལིདྷ་སྤྲད་པར་བྱ། །གཤེགས་ཀྱི་ཁར་བཅུག་སྔོ་དམར་བཅིང་། །རི་ནག་རྩ་གཅིག་ཁྱུང་དུ་གནས། །སྲིན་མོ་བདུད་ཀྱི་སྔགས་ཀྱིས་བྱ། །དུར་དུར་ཤ་ལ་མུ་ཏྲ་ཧེབ་ཧེབ། དུན་ཤ་ཁྲག་ཁྲིག་ཁྲག་ལ་ཡུ། རྣལ་མ་རྣལ་ཏེ་གསོད་ལ་རྔམ། །སྲིས་ལ་མེར་མེར་ཆུམས་རྦད་ཛ་ཛ། དེ་བཞིན་དྲག་པོ་འདི་ཡིས་བཟློག །ཅེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། སྲིན་མོ་ཕུང་བཟློག་གི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཐམས་ཅད་བསྒྲུབ་པར་བྱ་བའི་ཕྱིར། །ཐབ་ཐོབ་ནག་རྨོ་་འདི་ལྟར་བཅའ། །དུར་ཁྲོད་ཐོད་པ་མཚན་ངན་ལ། །ཇི་ལྟར་འདོད་པའི་ལིདྷ་བཅའ། །སྨེ་བ་གསུམ་གྱི་སྙིང་ཁྲག་དང་། །དུག་སྣ་ཚང་མངར་བསོག་པར་བྱ། །དཀར་པོ་གསུམ་གྱི་སྒྱེད་པུ་གཟུག །ཚེས་བཞིའི་བསྣུར་སྨད་མན་ཆད་ནག །ཟླ་བ་ཟེར་ཀ་ཡན་ཆད་དུ། །དྲག་པོའི་ཤིང་ལ་མེ་སྤར་ཏེ། །དྲག་པོ་ཇི་ལྟར་འདོད་པར་བསྲེག །ཐོད་པ་ཕྱོགས་སུ་གྲིལ་ནས་ཀྱང་། །བསྙེན་དང་དབང་བསྐུར་སྔགས་ཀྱིས་བྱ། །བསྙེན་ཐུན་ཉིད་ནི་རྫས་དང་བྱ། །ཅེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས་སྙིང་ཐུན་ཟོར་གྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །དྲག་པོའི་དམར་ནག་གྲུ་གསུམ་ལ། །དབུས་སུ་དུ་རྟིའི་ཐོད་པ་གཞུག །མུ་ཟི་ནག་པོ་གཙོར་བྱས་ཏེ། །དུག་སྣ་ཚང་པ་བསོག་པར་བྱ། །གཙོར་ནི་མེ་ཡི་ཟིལ་པས་བྱ། །གཞན་ཡང་ཁྲག་སྣ་ཚང་བར་བསོག །དམེ་བ་རོག་པོའི་སྙིང་དང་གྲོད། །སྙིང་ནི་ཁམ་ཕོར་ནང་དུ་གཞུག །གྲོད་ང་ར་མཐུན་པའི་རྫས་རྣམས་བླུག །དབང་བསྐུར་སྔགས་ཀྱིས་བསྒྲུབ་པར་བྱ། །དྲག་དྲག་གུར་ལེན་སེར་སེར་ཏུབ་ཏུབ། ཨེ་བེ་ཤ་ཏྲ་བེ་ཤ། རུ་བེ་ཤ་ཁ་ཐུན་སྨྱོ། ས་ཐ༷་ས་ཐ༷། ཤོག་ཐེ་ཤོག་ཐ༷། བ༷་མུགས་ཐ༷་མུགས། ནི་ཏིགི་ཛ་ལ་ཁའི། དང་པོ་གསུམ་གྱི་སྔགས་ཀྱིས་བསྒྲུབ། །གདོང་པ་རྫས་ཀྱི་འཁོར་ལོ་གཞག །བདུན་དགུས་ཇི་ལྟར་འདོད་པ་འགྲུབ། །དལ་ཡམས་ཆེན་པོ་ཡོད་པར་འགྱུར། །ཞེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། མ་མོ་ཕུང་གསུམ་མེའི་དྲག་པོ་ཕུང་བཟློག་གི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །འབྲས་བུ་ནག་པོའི་རྫས་རྣམས་དང་། །ནག་པོ་མཐུན་པའི་ས་བླངས་ཏེ། །སྨེ་བ་ནག་པོའི་ཁྲག་དང་བསྲེས། །མཐུན་པ་ཙིཏི་གཏང་བར་བྱ །གང་ལ་མཐུན་པའི་ལིསྐོ་བྱ། །མི་རུས་ཐ་ལྟག་ཁྲག་གིས་བྲིས། །སྒག་བདུན་གྱིས་ནི་བསྐོར་བར་བྲི། ་༑ང་ཤུན་ཀ་རོ་ཀ་ལ་བྲི། །གྲུ་གསུམ་བྱས་ལ་ལྷ་མོའི་འོག །དེ་ལྟར་མཐུན་པའི་རྫས་རྣམས་ལ། །ལྷ་མོའི་ལིདྨ་ཁྲུ་གང་ངོ་། །གཡས་སུ་བུ་བ་ནག་པོ་ལ། །དད་པའི་སྙིང་པོ་བྲི་བར་བྱ། །གཡོན་དུ་དྲག་པོའི་ཕུར་པ་ལ། །བསད་པའི་སྔགས་དང་བཅས་པ་བསྐུར། །སྙིང་གར་བོད་པའི་སྙིང་པོ་བྲི། །མདོག་ནག་མོ་ཡི་ཆ་བྱད་དོ། །བཅུ་གཅིག་ནང་པར་སྤྱིན་བསྲེག་བྱ། །རྫས་དང་བསྲེག་པའི་ལྷ་མོ་ཡི། །བོད་རྦད་བསད་པས་བསྒྲུབས་གྱུར་ན། །དྲག་པོས་བསད་དང་ཕུར་བཟློག་འགྱུར། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། རེ་མ་ཏི་ཕུང་བཟློག་གི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ནག་མོ་ཕུང་གསུམ་མ། །དུག་སྦྲུལ་ནག་མོའི་བསད་པ་འདི་གསུངས་སོ། །དུག་གི་ཁུ་བས་སྦྲུལ་ནག་བྲི། ལིསྐོ་དེ་བཞིན་བྲི་བར་བྱ། །བསད་ན་མགོ་བོ་ཡན་ལག་ཁ། །ན་ན་རྐང་པ་གཡས་པ་བྲི། །སྨྱོ་ན་རྩིབས་ལོགས་གཡོན་པ་བྲིའོ། །ལིསྐོ་དྲག་སྔགས་འདི་ཡིས་བསྐོར། །ཨོ་བབ་ཤུ་ཤུ་མ་རབ་ཧུ༷་དྷ་ནཱ། འབྲུབ་ཁུང་ནང་དུ་གསད་པར་བྱ། །སྒྲུབ་པའི་སྙིང་པོ་འདི་ཡིས་བྱ། །ཧུ༷་ཙིསྟ་རསྒ། སྨྲི་ཏ་རག་མོ་ནི་ཤ་དུན་ཏེ་ཁ་ལ། རག་མོ་ཛ་ལ་ཛ་ལ། དུན་ཏི་ཧུ༷་སྨྱོ། མུ་ར་ཡ་རྦད། བསད་པ་གསུམ་གྱི་ཉི་ཤུ་པ། །མནན་ན་རབས་ཆད་ཐོད་ནག་གོ །བསད་ན་གསུམ་གྱི་སྦྱིན་བསྲེག་གོ །ཨོ་ས་མན་མུང་ཉུང་ཁ་ཡུལ་ཏེ། སྡེ་ཤིག་སྡེ་ཤིག་གྲ༷་ཡལ་གྲ༷་ཡལ་ནི་གྲྭ་ཧྭ། ཞེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས།དུག་སྦྲུལ་ནག་པོས་གསད་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །གདུག་བྱེད་བདུད་ཀྱིས་འདི་ལྟར་བསྒྲུབ། །གང་ཡང་རུང་བའི་གཞི་མོ་ལ། །ནུབ་ནས་ཤར་དུ་ཁ་བལྟས་ཏེ། །བ༷་སེ་ནག་ངོ།འི་རྫས་རྣམས་དང་། །མཐུན་པའི་རྫས་ཆེན་སྔོན་གཏོར་ལ། །སྨན་རྣམས་གུ་གུལ་དཀར་ནག་དང་། །ཀ་ཆེན་གཏོར་མ་བྱས་ནས་ནི། །དུམ་བུ་བཞི་པའི་ནང་དུ་བསྲེག །བསྟོད་མཆོད་དྲག་པོ་འདི་ཡིས་དབབ། །རྫས་ཆེན་འདི་ཡིས་རྦད་པར་བྱ། །དུས་ནི་ཉི་མ་བཟང་ཟེར་རོ། །དྲག་པོའི་ཟེར་ཆེན་འདི་ལྟར་རོ། ཁེན་ཏུ་དྲག་པོའི་སྣོད་ནང་དུ། །ཕྲིན་ལས་བཞི་ཡི་དཀྱིལ་འཁོར་བྲི། །བདུན་ལ་ཞི་བ་སྲིན་ལ་དབབ། །དེ་བཞིན་ཕྱོགས་ཆ་ཤེས་པར་བྱ། །ནང་དུ་ཡསྒ་མེ་དབལ་དགོད། །ལྷོ་བྱང་གཉིས་སུ་སྙིང་པོ་བྲི། །དབུས་སུ་གདུག་པའི་སྙིང་པོ་བྲི། །གསུམ་གྱི་བར་དུ་མིང་རུས་བྲི། །དབང་ལ་དེ་བཞིན་ལིདྷ་བྲི། །དྲག་པོའི་སྔགསཀྱིས་བསྒྲུབ་པར་བྱ། །ཐོད་པ་དུམ་མང་མཚན་ངན་དུ། །ཕྱིར་ནི་སོལ་ཆེན་ལང་ཁུན་བྱུག །ནང་དུ་དྲག་པོ་བྲི་བར་བྱ། །སྨེ་བའི་ཁྲག་རྣམས་གསོག་པར་བྱ། །མཚན་མར་འཛིན་པའི་བྱ་རྣམས་ལ། །སྦྲུལ་ལམ་སྦལ་པའི་སྙིང་ཁྲག་བསོག །སྔོ་དམར་བལ་གྱིས་ཁ་གཅད་ལ། །དྲག་སྔགས་འདི་ཡིས་བརྡེག་པར་བྱ། །་ག་རག་མོ་ཧྲིལ་ཤད་སེར་ཧྲིལ་ཤར་སྨྱོ། ཨོ་བ་ཤ་མི་ཀི་དུ་རུ་མ་ཤིག་ཀི་ཛ་ལ་ཧི། ཡ༷་ཨ་ཙི་ཏེ་གྲྭ་ཧྭ། བརྒྱབ་སྟེ་ཐོད་པར་གནན་པར་བྱ། །ཐུན་ནི་གཡས་སམ་ཕྱོགས་སུ་བརྡེག །ཆོ་འཕྲུལ་ཇི་ལྟར་འདོད་པ་འབྱུང་། །ཞེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས་ཕྲིན་ལས་ཆོ་འཕྲུལ་གྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་མི་རྒོད་ཆོ་འཕྲུལའདི་གསུངས་སོ། །དྲག་པོའི་རྫས་རྣམས་འདི་ལྟར་བསོག །ཡ་ཙ་དཀར་པོའི་ལྕགས་རྣམས་དང་། །བྱ་ལས་བྱུང་བའི་ཟིལ་པ་དང་། །མེ་ཡི་ཟིལ་པ་རྡོ་དང་ལྕགས། །སྦར་བ་ལག་ཏུ་བླངས་ནས་ནི། །མཐུན་པས་དེ་བཞིན་ས་བོན་དབྱུང་། །དེ་བཞིན་རྫས་མཐུན་བསྲེག་པར་བྱ། །གསུར་ཆེན་སོལ་བས་རྫས་དེ་ཞིབ་ཏུ་བཏགས། །ག་གོན་ནག་པོ་བསྒྲུབ་པའི་རྫས། །མེ་འོད་དཀར་པོ་གྲུ་གསུམ་བྲི། །དེ་བཞིན་རྫས་རྣམས་བླུག་པར་བྱ། །སྒྲུབ་པ་དེ་བཞིན་ཡ་ཙ་ལ། །རྫས་ཀྱི་དབང་བསྐུར་གཤེད་ཆེན་གདགས། །མངའ་བདག་གཙུག་ཕུད་ཅན་ལ་བསྟོད། །དེབཞིནདྲགཔོའིཆབྱད་བྱ། །སྐྱེད་ཤིང་སྲོག་ཤིང་དྲག་པོའི་ཤིང་རྣམས་ལ། །རྩེ་གསུམ་པ་ཡི་གྲི་གུག་བརྡེག །སྔགས་ཀྱིས་སྦར་བར་བྱ་བ་ཡིན། །ཞེས་དྲག་སྔགས་འདི་གསུངས་སོ། །སྨར་མ་སྨས་ཙར་དུ་ན་ར༷་ཙ་ག་རི་མ་ལ་མ་དུ་ན་ཡ༷། ཤིང་ར༷་དུ་རུ་ར་ཙ་ག་ལ༷།ཞེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། དྲག་པོ་སྟག་ཧོམ་གྱི་རྒྱུད་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །དྲག་པོའི་ནད་རིགས་བཅོ་བརྒྱད་ལ། །བཅོས་པར་བྱེད་པ་འདི་རྣམས་ཡིན། །གཞན་གྱི་དབང་གིས་གཅོད་པར་བྱ། །དེ་ནི་ཡན་ལག་འཁུམ་པར་འགྱུར། །གཞན་ཡང་ནལ་ལ་ཉེས་གྱུར་ན། །རིགས་ངན་དག་གིས་ཟིན་པ་ནི། །ཁ་མིག་ཡོ་དང་ཡན་ལག་འཁུམ། །མེ་དབལ་དྲག་པོ་ཐོར་པ་འབྱུང་། ཁྲ་བཀྲ་ཅན་རྣམས་བཅོས་པར་བྱ། །ཕོལ་ལམ་འབྲས་ལྟར་གྱུར་པ་ལ། །ཅིག་པར་སྐྱེ་ཤི་དེ་ལྟར་བརྗོད། །དེ་རྣམས་བཅོས་པ་འདི་ལྟར་བྱ། །དམ་ཚིག་བསྒྲུབ་པ་བྱས་ནས་ནི། །ཀ་རོ་ཀ་ཡམ་རོ་རྣམས་ལ། །སྦྲུལ་མགོ་དགུའམ་བདུན་པ་དང་། །ལྔ་པ་གསུམ་པ་དེ་བཞིན་བྲི། །གཞན་ཡང་ལོངས་སྤྱོད་སྣ་ཚོགས་བྲི། །ཤིང་སྣ་ཚང་བ་བསོག་པར་བྱ། །འབྲས་དང་མཚལ་དང་སྣ་ཚོགས་སྨན། །དེ་བཞིན་གཞན་ཡང་བསག་པར་བྱ། །གླང་བུ་དམར་ཁྲ་ཟལ་དམར་རམ། །གཞན་ཡང་ཟལ་ཆགས་དག་ལ་ནི། །མདངས་ལྡན་བརྒྱ་ཡིས་རྭ་ལ་བརྒྱན། །རྒྱ་ལོང་མེ་ལོང་དཔྲལ་བར་གདགས། །དར་སྣ་ཚང་བ་རྭ་ལ་བརྒྱན། །བྲིས་པའི་ལོངས་སྤྱོད་དེ་དག་གིས། །ལས་ཀྱི་འཁོར་ལོ་ནག་མོ་ལ། །དེ་བཞིན་མཆོད་དང་བསྟོད་པ་བྱ། །རྟེན་འབྲེལ་སྔགས་ཀྱིས་ཡང་དག་དགུག །དེ་ཉིད་བཟང་པོའི་རྒྱན་གྱིས་བརྒྱན། །གླང་མའམ་ནི་མོ་རིགས་ཤིང་། །བརྒྱའམ་བརྒྱད་ལ་རྟེན་མཆན་བྲི། །དེ་བཞིན་གླང་ལ་བསྐྱོན་པར་བྱ། །ཞག་བདུན་ནང་པར་ཕྱོགས་ངན་བསྐོར། །དེ་བཞིན་མིང་བྱང་བཀྲུ་བར་བྱ། །སུས་མ་ཚོར་བར་ཁྱིམ་དུ་གཞུག །མཁའ་ལྡིང་རྒྱལ་པོས་དབང་བསྐོར་རོ། །རྟེན་འབྲེལ་དྲག་པོའི་སྔགས་ཆུས་བཀྲུ། །ཞེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། འཁོར་ལོ་རྟེན་འབྲེལ་གྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་དམ་ཚིག་གི་སྔགས་འདི་གསུངས་སོ། །ཆུ་སྦྲུལ་ཐང་སྦྲུལ་གདུག་པ་ཡི། །ཁྲག་སྐམ་ཉུངས་དཀར་གུ་གུལ་ནག་པོ་ཡིས། །མིང་བྲི་བདུག་དང་བརྡེག་པར་བྱ། །དེ་བཞིན་གདུག་པའི་གསོབ་ཏུ་གཞུག །ཆུ་མིག་ནང་དུ་གཞུག་པར་བྱ། །རྩ་བའི་སྔགས་ཀྱིས་ནན་ཏན་བྱ། །སྒྲུབ་པ་དྲག་པོའི་སྔགས་འདི་བཟླས། །དུང་དུང་བྲེང་བྲེང་། ཤལ་ཡ༷། ཤོ་ལུབ་བྱེད། སྦུགས་ལོངས། སྲོག་ཆོད་རྩལ་འདུས་འདུས། སྙིང་ཤ་སྲོག་ལ་རྦད་རྦད། ཡ་ཡ་རྣལ་མ་རྣལ་མ་ཏྲི་ཛ།སྙིང་ལ་གྱུར་འདུས་རྦད་དྲི་ཛ། ཞེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། དྲག་པོ་ཕུང་བཟློག་གི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །དྲག་པོའི་དམུ་རྡོ་འདི་ལྟར་འཕང་། །རྡོ་བ་སྨིན་པའི་ནག་གྲུ་བཞི། །ལྕགས་དང་འཁར་བ་དཔུང་རུས་མགོ །དྲག་པོའི་སྣོད་དུ་བསོག་པར་བྱ། །ཐལ་བས་ཁ་བཅད་རང་གི་འོག །སྔགས་སྲུང་ནག་མོའི་དགུག་སྔགས་ཀྱིས། །དགུའམ་བ༷ཅུ༷་གཅིག་བསྒྲུབ་གྱུར་ན། །དེ་ཉིད་འཕར་དང་ལྡེག་པར་འགྱུར། །ཁ་དོག་ཚང་བའི་འབི་འབིར་བཞུགས། །དྲག་སྔགས་འདི་ཡིས་གདབ་པར་བྱ། །ཏྲག་ཏྲ༷་རསྒ་དྲལ་རྩིར་ནི་ཡ་བྲལ། མ་མ་་ག་བྲལ།ལྕག་རསྒ། དྲི་མ་ཆོ་ཆོ་ཕོབ། ལུབ་ལུབ་བིར་བ་ཤིག་ཤིག །བིར་བ་ནག་པོ་དེ་ལ་མ། །དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ག་གོན་ནང་དུ་ལིདྷ་གཞུག །དྲག་པོ་འདི་ཡིས་གཟིར་བར་བྱ། །དུག་སྣ་ཚང་བ་བསོགས་བྱས་ཏེ། །བྲབ་པ་ག་གོན་ཉིད་ལའོ། །བསྲེག་པ་དམ་ཚིག་ཀླུ་ཡི་སྔགས། །ཆུ་མིག་ངོ་རུ་བསྲེག་པར་བྱ། །ཞེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། དམུ་རྡོ་དབབ་པ་དང་། ཀླུའི་དྲག་སྔགས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁུའམ་ཤྭ་ནའི་ཁ་ནང་དུ། །དྲག་པོའི་སྔགས་ཀྱིས་གནན་པར་བྱ། །སྟག་སྦྱངས་ལས་ལ་མངགས་པ་ཡིན། །མཐུན་པའི་ལིསྐོ་དུག་གིས་བྲི། །ཁྱི་བྱ་ཁ་ཁྲིད་མིང་དང་སྤེལ། །དེབཞིནཀཀོའིགཟུགས་བྱས་ལ། །སྟག་སྦྱངས་ལས་ལ་བཏང་བའོ། །ཞེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། སྟག་སྦྱངས་ལས་ལ་བཏང་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །དཔལ་ནི་དྲག་པོས་གསད་པའི་ཕྱིར། །ལྷ་ཀླུ་མི་གནས་པ་ཉིད་དུ། དྲག་པོ་འི་ཚེར་མ་བསོག་པར་བྱ། །གཞུང་དང་མཐུན་པར་དཀྱིལ་འཁོར་བྲི། །དགྲ་བོའི་ལིདྷ་བྲི་བར་བྱ། །ཕུར་རྩང་ཉི་ཤུ་རྩ་གཅིག་ལ། །གུ་གུལ་ནག་པོའི་མར་གྱིས་བྱུག །དེ་བཞིན་བསྲེག་ཁང་ནང་དུ་གཞུག །གཡས་སུ་མེ་དང་གཡོན་དུ་མཚོན། །ཨག་ནི་མེ་ཡི་མངའ་བདག་ལ། །ཆུ་ཕུད་ཆང་ཕུད་ཨ་སྐྲོཏས། །མཆོད་པ་བྱས་ལ་གཡས་གཡོན་གཏོར། །དེ་བཞིན་མཚོན་ཆེན་བརྡེག་པར་བྱ། །ཨོ་ཨ་ཀ་ནི་ར༷། ཨོ་ཙིསྟ་ཤག་ར༷། ཏི་པ་རི། ཤག་ར༷། ཡ༷་ར༷་ཡ༷་ར༷། མ་ཀེ་ན་རི། ཧེ་ལ་ཧེ། ཤུ་ར༷། མ་ར༷་མ་ར༷། དེ་བཞིན་དུ་ནི་བསྲེག་པར་བྱ། །ཞེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། དྲག་པོ་ཧོམ་ནག་གི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །དྲག་པོའི་སྔགས་འདི་ལ་ཡང་གཉིས་ཏེ། དྲག་པོའི་དམག་སྔགས་བཟློག་པའི་ཕྱིར། །ཡསྒ་མེ་དབལ་བྲི་བར་བྱ། །རྩེ་གསུམ་པ་ལ་བཏགས་ནས་ཀྱང་། །དམག་དཔོན་ཆེན་པོར་དབང་བསྐུར་ཏེ། །ཡསྒ་མེ་དབལ་ཉིད་ཀྱི་སྔགས། །བདུད་ཀྱི་རྫས་ལ་བསྒྲུབས་ཏེ་རྦད། །དེ་བཞིན་ཐུམ་པོ་བྱས་ནས་ནི། །སྐྲ་དང་སོར་མོ་དུ་རུ་བླུགས། །དེ་བཞིན་ལུས་བསྲུང་བྱ་བ་ནི། ཨོ་ཧུ༷་ཡེ་མ་ལྟེ་བ་སྤྱི། །གཡས་སུ་ང་རྒྱལ་ང་བྲིས་ཏེ། །གཡོན་དུ་མ་དང་ཏྲང་གཉིས་བྲི། །ཞེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། གནོད་སྦྱིན་ཉི་མ་མིག་དམར་གྱིས། ལྷ་མིན་གྱི་གཡུལ་བཟློག་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷ་མིན་གཡུལ་ངོ་བཟློག་པའི་ཕྱིར། །དྲག་པོ་སྔགས་ཀྱི་ཐུན་ནག་འདི། །ལས་ཀྱི་འཁོར་ལོ་ཉིད་ལ་བཅའ། །མཎྜལ་མདའ་གང་འཕངས་སུ་མཉམ། །ལས་ཀྱི༷་འཁོར་ལོ་དབུས་སུ་དགོད། །སྔགས་སྲུང་ནག་མོ་ལ་སོགས་རྫོགས། །སྔགས་རྣམས་སོ་སོས་དེ་བཞིན་བསྒྲུབ། །གཡས་སུ་ལས་ཀྱི་འཁོར་ལོ་བྲི། །མིང་རུས་ཧྲི་ཡི་བར་དུ་གཞུག །གཡོན་དུ་པདྨ་འདབ་བརྒྱད་བྲི། །ཀློ་ཧྲིའི་བར་དུ་མིང་རུས་གཞུག །དེ་བཞིན་ཁ་སྤྲོད་སོ་སོའི་སྔགས་ཀྱིས་དབྱེ། །རྫས་ནི་གུ་གུལ་དཀར་ནག་དང་། །མོ་ཞབས་པ་རུ་བསྲེགས་པ་ཡི། །ལིསྐོ་ལམ་ཆེན་མདོ་རུ་སྦ། །ཞེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། ལྷ་དང་ནང་དབྱེ་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ཡང་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །དྲག་པོ་ཕུང་བའི་ལས་ནི་གང་། །མི་སྣང་རྐང་མགྱོགས་གང་གིས་འགྲུབ། །གཅན་གཟན་ཁ་འཆིང་གནོད་པ་ཇི་ལྟར་བསལ། །ཞེས་ཞུས་ནས་འཁོད་དོ། །དེ་ནས་དྲེགས་པའི་བདག་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕྲིན་ལས་རྣམས་ནི་འདི་ལྟར་བྱ། །ཞིང་ལ་རི་བོང་ཟ་བ་དང་། །གང་ཡང་རུང་སྟེ་རི་དྭགས་རྣམས། །རྫས་ལ་བརྟེན་ཏེ་དཀར་རྩིས་བསྐོར། ཁེང་ཏོག་ཁ་དོག་ཉི་ཤུ་གཅིག །ཁ་འཆིང་སྔགས་ཀྱིས་གཟུག་པར་བྱ། །མཁྲིས་ཆེན་ཐལ་ཆེན་ཀྱུང་ཀའི་སྒོ་ང་དང་། །གཡའ་སྤང་མཚམས་ཀྱི་སྦལ་ཆུང་མཆོངས་པོ་ཆེ། །དེ་རྣམས་དཔྲལ་བར་ཐིག་ལེ་ནི། །བྱས་ན་ལུས་མི་སྣང་བར་འགྱུར། །རྣ་བ་དག་ལ་བསྐུས་གྱུར་ན། །སྒྲ་ནི་ཅི་ཟེར་ཐོས་པར་འགྱུར། །རྡོ་སྔོན་དག་ལ་རི་མོ་བྲི། །རྡོག་པ་བརྒྱབ་ན་དེ་བཞིན་འགྱུར་རོ། ཁྲེང་གི་ཕུར་བུ་ལ་གང་འདོད་པའི་མིང་བྲིས་ནས། ཇི་ལྟར་འདོད་པ་བཞིན་དུ་ཞི་བར་འགྱུར་རོ། །རྨ་བྱའི་ཐལ་བ་དང་བག་ཕྱེ་དྲོད་ལ་བབ་པར་སྦྱར་ཏེ། རྟ་སྔོན་པོའི་རྔ་མའམ་གྲོ་བོའི་རྔ་མ་ལ་བསྐྱོན་ནས། ཆུ་མིག་གམ་ལྟེང་ཀ་ལ་བསྐྱལ་ན། དེ་སྦྲུལ་དུ་འགྱུར་རོ། །འབུ་སྲིན་ཟ་ན་ཡང་བདུན་བ་་ཏེ་ར་རུའི་ནང་དུ་བཅུག་ལ། བག་ཕྱེས་ཁ་བཅད་ལ། ཚོན་སྣ་ལྔས་དཀྲིས་ལ། ཞིང་དཀྱིལ་དུ་སྦས་ན། དེ་བཞིན་དུ་ཞི་བར་འགྱུར་རོ། །ཨོ་ཏྲང་ཏི་ཏིང་ཏིག་ཏིག །གྲ་ཐ་བྲག་ཤིག །ཏ་ཐ་ཡ་ཏ། ཙ་ལེ་ཧེ་དུ་ཧུ༷་ཕཊ། སྲིན་ནད་དུ།སོང་། ཤཱརྙི་རཀྟའ། ཤན་མུ་རུ་ཁ་ཤ་བ༷་ཧུ༷་ཕཊ། སྲིང་དང་གར་ག་ཏ་ཡ། པྲལ་ཡ་ཆུ་ཚན་དུ་བ་ཤཱརྙེ། ཏི་ས་ར་ནི་ས་ར་ནི་ཧཱུཾ༷་ཕཊ། ཅེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། ལས་ཐམས་ཅད་འགྲུབ་པའི་ཐབས་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྨྲས་པ། དྲེགས་པ་ཕུང་བྱེད་བྱ་བའི་ཕྱིར། །རྫས་ཆེན་རྣམས་ནི་ཇི་ལྟར་བསྒྲུབ། །ཅེས་གསོལ་ཏོ། །དྲེགས་པ་ཆེན་པོས་བཀའ་སྩལ་པ། །དུམ་བུ་བཞི་པའི་ཁ་རྒྱན་ཅན། །ཕྲིན་ལས་བཞི་ཡི་དཀྱིལ་འཁོར་བྲི། །རྫས་ཆེན་རྣམ་པ་ལྔ་ཡིན་ཏེ། །རི་རུལ་འདྲེ་ཅན་མཆེད་པའི་ས། །སྦས་ཏེ་དེ་དགུ་ལྔའམ་བདུན། །ར་བ་བཞི་ཡི་ཚེས་བཞི་ལ། །རྫས་ཆེན་སྦས་པ་བྱས་ཏེ་བསྒྲུབ། །གཟུངས་ཐག་བཏགས་ཏེ་ཞག་བདུན་བསྒྲུབ་པ་བྱ། །མ་སྨིན་བར་དུ་སྦ་ཞིང་གབ། །ག་ཡ་ཆེན་པོ་དབྱེན་ཕྱིར་རོ། །གལ་ཏེ་རྣལ་འབྱོར་སྲིད་བསྒྲུབ་འདོད། །གོང་མོ་གསར་པར་རིལ་བུ་གཞུག །རྡོ་བ་དཀར་ནག་ཉི་ཤུ་རེ། །དེ་ཡི་ནང་དུ་བགྲང་རླུད་བྱ། །མཚོན་ཆེན་ཉི་ཤུ་རྩ་གཅིག་ལ། །རྦད་པ་བདུད་ཀྱི་སྙིང་པོ་ཡིན། །ཕོ་གཡས་མོ་གཡོན་ཟེར་བའི་འོག །ནས་དང་གྲོ་དང་སོ་བའི་ཐལ། །མཚོན་ཆེན་སྐོར་ལ་མནན་བྱས་ན། །ཇི་ལྟར་འདོད་པ་འགྲུབ་པར་འགྱུར། །གཡོན་གྱི་མཐེབ་སྲིན་གདུག་བྱེད་བདུད། །བར་དུ་བགེགས་ཀྱི་སྙིང་པོ་གཞུག །བཟླས་པ་བདུད་དང་མ་མོ་ཡིན། །བཛྲ་མོ་པོ་ཡ། མར་ཞུང་ཞུང་ཡ། བཛྲ་བུ་ཧ་ནི་ཀྟ་དྷ་ཡ། བཛྲ་ཏི་ཙ་པ་ལ་ཡ། བཛྲ་ས་ཏུ་ཡ། རྫས་ཆེན་བསྒྲུབ་པ་བྱས་གྱུར་ན། །ཇི་ལྟར་འདོད་པ་བཞིན་དུ་འགྲུབ། ཅེས་གསུངས་ཏེ། དམ་ཚིག་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། དེ་བཞིན་དུ་མི་སྣང་བར་གྱུར་ཏོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། རྫས་ཆེན་སྒྲུབ་པ་དང་སྲིད་བཙལ་བའི་ཐབས་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་དམ་ཚིག་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དགྱེས་པས་ཧོ་ཞེས་གསུངས་ནས། རིན་ཆེན་མེ་ཏོག་གཏོར་ཏེ། པྲ་ཏི་ས་མ་ཡ་ཧོ། ཞེས་གསུངས་ཏེ་དེ་ཉིད་ན་འཁོད་དོ། །ཧོ་རྡོ་རྗེ་གསང་བའི་གྲལ་ན་འདུག །ང་རྒྱལ་དྲེགས་པ་བཏུལ་ནས་ནི། །བཟོད་ཅིག་ཡང་དག་བང་ཆེན་ཏེ། །བཅོམ་ལྡན་ཐུགས་མཆོག་བསྟན་ལ་གནས། །ང་རྒྱལ་འདུལ་ཕྱིར་དེ་ཡི་ཆེད་བཟུང་སྟེ། །ཡུན་རིང་དུས་ན་འཚོ་བར་འགྱུར། །དེ་ནས་སྐལ་མཆོག་ལས་རབ་ལ། །དེ་ཉིད་དུ་ནི་གནས་པར་འགྱུར། །བསྟན་པ་བསྲུང་མཛད་དབང་དང་ལྡན། །གསང་མཆོག་དང་པོའི་ས་ལ་གནས། །གཙོར་ནི་དེ་བཞིན་དམ་ཚིག་འཛིན། །རྒྱ་མཚོའི་གཏིང་གི་ཕ་བོང་བཞིན། །བསྐལ་པ་ཡུན་དུ་ཁར་མེ་དབྱུང་། །དགོས་འདོད་དེ་བཞིན་འབྱུང་བར་འགྱུར། །སེང་གེ་དཀར་མོའི་འོ་མ་ནི། །གསེར་དངུལ་བྱ་གང་ནང་དུ་བླུག །ཁམ་པ་གྱོ་མོའི་ནང་བླུགས་ན། །སྣོད་འཆག་འོ་མ་འབོ་བར་འགྱུར། །དེ་བཞིན་མན་ངག་དམ་པ་འདི། །ལས་རབ་གཅིག་ལ་གནས་གྱུར་ཅིག །ཅེས་ཆེད་དུ་བརྗོད་ནས་མི་སྣང་བར་གྱུར་ཏོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ཀྱི་རྟོག་པ་ཕྱི་མ་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།མུན་ཙ་མུན་ཏྲ་ཨ་ལ་ཏྲ་མཆོད་རྟེན་ནག་པོའི་རྒྱུད་ལས། རྟོག་པ་ཕྱི་མ་དྲག་པོ་ཕུང་བྱེད་ཀྱི་རྒྱུད་ཅེས་བྱ་བ། བརྩམས་པས་འགྲུབ་པའི་རྒྱུད་རྫོགས་སོ། །