Ngb-pt-0241-vol-03-text

From Rangjung Yeshe Wiki Texts
Revision as of 08:13, 20 March 2020 by Move page script (talk | contribs) (Move page script moved page Ngb-pt-0241-vol2-text to Ngb-pt-0241-vol-03-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། བྷ་ག་ལྷུནཱ་ག་ཏ་སརྦ་ཀྭ་ཡ་ལྷུ་སྤྱིལྟི། སྙུ་ཡ་གཉའ་ན་གསྟོ་སརྦ་པ་རི་པྱུ་རི་ཏྭ་ས་མྱ་ཛ་ཤི་སྟུ་ཡ་ས་མུ་དྭ་ཡ་མ་ཧྭ་ཏརྙ་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བ་ཡེ་ཤེས་ཀྱི་སྙིང་པོ་ཐམས་ཅད་ཡོངས་སུ་རྫོགས་ཤིང་འདུས་པ། དཔལ་གསང་བ་འདུས་པའི་རྒྱུད་ཆེན་པོ་ཞེས་བྱ་བ། ཐམས་ཅད་སྟོན་པ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྐུ་གསུང་ཐུགས་རྡོ་རྗེ་རྣམ་དག་གསང་བ་ཡོངས་སུ་རྫོགས་པ་མཆོག་གི་གནས། རྒྱ་ཆད་ཕྱོགས་ལྷུང་ཚད་ལས་འདས་པ། རང་བྱུང་འོད་ཀྱི་གཞལ་ཡས་ཁང་ན། སྟོན་པ་བཅོམ་ལྡན་འདས་དཔལ་ཀུན་ཏུ་[No Page 3 found]སེར་དུ་གསལ། ཀེ་ལས་རྟེན་བྱེད་རུས་པའི་རི་རབ་དཀར་པོར་གསལ། །དེ་ལས་གཟུགས་མེད་སྐྱེ་མཆེད་མུ་བཞི་ཡོངས་སུ་རྫོགས་པར་ཤར། དེ་ལྷར་འབྱུང་བ་ལྔ་བརྩེགས་པའི་སྟེང་དུ། སྡུ༷་ལས་ཡེ་ཤེས་ལྔ་ལྡན་བྷརྙ་གསར་རྙིང་གནམ་ལྕགས་གཟེར་ཆེན་འབར་བའི་གཞལ་ཡས་ཁང་ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ཅན་གཅིག་གི་དབུས་སུ། དཔལ་གྱི་ཕོ་བྲང་དགུ་ཡོངས་སུ་རྫོགས་པ། དུར་ཁྲོད་འབར་བའི་ཀློཛི་། དེ་ལ་ལྷ་བརྒྱད་ཀྱི་ཀ་བ་ཚངས་པའི་གདུང་དང་བཅས་པ། །ཀླུ་བརྒྱད་ཀྱི་ཀ་གདན་རྒྱུ་སྐར་གྱི་དྲལ་གྲབ་ཅན། ནང་སྒོ་ཟང་ཐལ་ཡེ་ཤེས་ཀྱི་སྒོ་བཞི་དང་ལྡན་པ་ཀ་བ་བཞིས་བདུད་བཞི་བཅོམ་པ། ཞི་ལྤགས་ཀྱི་ཐོག །ཞིང་ཆེན་རློན་པའི་འཕན་གདུགས་འཕྱར་བ། རྒྱུ་མའིལྡལྡིཙིསྟའི་ཕོལྷོ། ཐོད་པའིདྲ་བ། རཏྣའི་ཕ་གུ སེག་ནའི་དྲ་ཕྱེད་བརྒྱན་པ། མྱ༷་སའི་རི་ཕུང་། རཀྟའི་རྫིང་བུ། རུས་པའི་གྲམ་པ་དང་ལྡན་པ། ཐོད་པའི་རྟ་བབས་དང་། ཆོས་ཀྱི་འཁོར་ལོ་ཆུ་སྲིན་གྱིས་བརྒྱན་པ། །སྒོ་ཡང་སྦྲུལ་གྱི་སྐྱེས་བུ། ཆུ་སྲིན་གྱི་ཡ་ཐེམ། རུས་སྦལ་གྱི་མ་ཐེམ། ཞིང་ཆེན་གྱི་སྒོ་ལོགས་བྱས་པ། སྒོ་ཁང་རྒྱན་དགུས་སྤྲས་པ། རྡོ་རྗེའི་རྭ་བ་མེ་རི་དམར་ནག་གིས་བསྐོར་བ། ཐེག་པ་མཐའ་དག་ཡོངས་སུ་རྫོགས་པ། རྡོ་རྗེའི་བྲག་ཆེན་ལ་པདྨ་དམར་པོ་་ང་ལྡན་དུ་བརྡལ་ཏེ། རྩིབས་་ང་འཁོར་ལོའི་གུར་ཕུབ་པ་ནི་རྣལ་འབྱོར་གསུམ་གྱི་ཐེག་མཆོག་ཡོངས་སུ་རྫོགས་པ། ཕོ་བྲང་དབུས་ཀྱི་གདན་ཡང་། མ་ཆགས་པདྨའི་གདན་སྟེང་། ཐབས་ཤེས་རབ་ཉི་ཟླའི་ཁར། ལྷ་བརྒྱད་ཀླུ་བརྒྱད་ཀྱི་ཆིངས་སུ་བསྣོལ་བའི་གདན་སྟེངས་སུ། མི་འཇིགས་སེང་གེ་དང་། དཔའ་བརྟུལ་སྟག་དང་། རྔམ་པ་གཟིག་དང་། གཏུམ་པ་དོམ་དང་། སྟོབས་ལྡན་གླང་པོ་ཆེ་དང་། བརྗིད་པ་མ་ཧེ་དང་། འཇིགས་པ་ཆུ་སྲིན་དང་། ཞེ་སྡང་སྦྲུལ་དང་། བྱོལ་སོང་ཆེན་པོ་བརྒྱད་ཀྱི་ཁྲི་སྟེངས་སུ། འཁོར་བ་རྒྱུན་གཅོད་གསེར་གྱི་འཁོར་ལོ་རྩིབས་བཅུ་གཉིས་པའི་སྟེངས་སུ། ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུ་དཔལ་ཆེ་མཆོག་ཧེ་རུ་ཀ་ཞེས་བྱ་བ། དུས་གསུམ་རྒྱལ་བའི་ས་ཉི་ཤུ་རྩ་གཅིག་ཡོངས་སུ་རྫོགས་པའི་བརྡར། དབུ་ཉི་ཤུ་རྩ་གཅིག་ཏུ་བསྟན་པ། ཆགས་པ་ཅན་གྱི་འགྲོ་བ་འདུལ་བའི་ཕྱིར་ཕྱག་བཞི་བཅུ་ཞེ་གཉིས་ན། ཞི་བའི་ལྷ་བཞི་བཅུ་ཞེ་གཉིས་ཡབ་ཡུམ་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་བསྣམས་པ། ཞེ་སྡང་ཅན་གྱི་འགྲོ་བ་འདུལ་བའི་ཕྱིར།དཔལ་གྱི་ཆས་བཅུས་སྐུ་ལ་སྤྲས་པ། སངས་རྒྱས་ཐམས་ཅད་ཀྱི་རྗེ་བཙན་དུ་གྱུར་པ། གར་དགུའི་ཚུལ་དུ་བཞུགས་པ། ཡུམ་ཁྲོ་མོ་གནམ་ཞལ་མ། དབུ་དགུ་ཕྱག་བཅོ་བརྒྱད་ནི། ཐེག་པ་དགུ་དང་སྟོང་པ་བཅོ་བརྒྱད་ཡོངས་སུ་རྫོགས་ཚུལ་དུ་བཞུགས་པ། གཡས་པ་གཙོ་བོ་ལ་འཁྱུད་པ། གཡོན་དུང་དམར་གཙོ་ལ་སྟོབ་པ། ཐབས་ཤེས་རབ་ཡོངས་སུ་རྫོགས་བརྡར། ཡབ་ཡུམ་གཉིས་མེད་དུ་སྦྱོར་ཞིང་། གཞལ་ཡས་ཁང་གདན་དང་བཅས་པ་ལ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་ངང་ལས་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་ཆུབ་སེམས་ཀྱི་སྤྲིན་ལས། སྤྲུལ་སྐུའི་ཁྲོ་བོ་འཆོལ་པ་ཕྱོགས་བཅུར་འཕྲོས། ལྷ་ཆེན་པོ་ལ་སོགས་དྲེགས་པ་ཅན་ཐམས་ཅད་བཏུལ་ཚར་བཅད་དེ། ཕྱོགས་མཚམས་བརྒྱད་དུ་བཏིང་བ་ལས། སྤྲུལ་པ་སྐུའི་དཀྱིལ་འཁོར་བཀོད་དེ། ཤར་དུ་བཛྲ་ཧེ་རུ་ཀ་ཐུགས་ལས་སྤྲུལ་ཏེ་བཞུགས། ལྷོར་གཤིན་རྗེ་གཤེད་པོ་སྐུ་ལས་སྤྲུལ་ཏེ་བཞུགས། ནུབ་ཏུ་རྟ་མགྲིན་དབང་ཆེན་གསུང་ལས་སྤྲུལ་ཏེ་བཞུགས། བྱང་དུ་རྡོ་རྗེ་གཞོན་ནུ་ཕྲིན་ལས་ལས་སྤྲུལ་ཏེ་བཞུགས། ཤར་ལྷོར་གཟི་བརྗིད་ལས་སྤྲུལ་བླ་མེད་ཧེ་རུ་ཀ་བཞུགས། ནུབ་བྱང་དུ་འཇིགས་བྱེད་ལས་སྤྲུལ་དཔལ་དྲེགས་པ་ཀུན་འདུལ་བཞུགས། བྱང་ཤར་དུ་སྟོབས་ལས་སྤྲུལ་པ་སྟོབས་ལྡན་ནག་པོ་བཞུགས། །ལྷོ་ནུབ་ཏུ་རིགས་པ་ལས་སྤྲུལ་པའི་སྐུ། རིག་འཛིན་རྡོ་རྗེ་ཆོས་བཞུགས་སུ་གསོལ། །དེ་དག་ལ་ཡང་སོ་སོའི་སྤྲུལ་པ་ཡང་སྤྲུལ་སུམ་སྤྲུལ་ཁྲོ་བོ་དང་། ཁྲོ་མོ་དང་བཅས་ཏེ། ཕོ་བྲང་དགུ་ལ་གར་དགུ་དང་ལྡན་པས་ཁམས་གསུམ་འཇིགས་བྱེད་དཔལ་གྱི་ཆས་ཡོངས་སུ་རྫོགས་པར་ཡབ་ཡུམ་གྱི་མཁའ་གསང་ལས་སྤྲུལ་ཏེ། ཉིད་ལས་མི་གཞན་པའི་འཁོར་ཡེ་ཤེས་རང་ ང་གི་ལྷ་ཚོགས་དང་བཅས་པ་རྣམས་དང་ལྷན་ཅིག་ཏུ་འཁོད་དོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོཆེ་མཆོགཧེ་རུ་ཀ་ལ། འཁོར་རིགས་བཞིའི་ཧེ་རུ་ཀ་ལ་སོགས་པ་ཁྲོ་བོ་དང་ཁྲོ་མོ་རྣམས་དང་། གསང་བའི་བདག་པོ་རྡོ་རྗེ་ཆོས་ཀྱིས་ཕྱག་དང་བསྐོར་བ་མཛད་དེ། མགྲིན་གཅིག་ཏུ་འདི་སྐད་བསྟོད་དེ་ཞུས་པ། ཨེ་མ་ཧོ། །ཆོས་དབྱིངས་སྤྲོས་བྲལ་ནམ་མཁའི་ཐུགས་ཀློང་ནས། །བྱམས་པའི་སྤྲིན་འཕེལ་ཞི་དངཁྲོ་གར་མཛད། །ཕྲིན་ལས་ཡོངསརྫོགས་ཆར་གྱིས་འགྲོ་བ་འདུལ། །ཕྱག་འཚལ་སངས་རྒྱས་ཀུན་གྱི་ཡང་རྗེ་ལའོ། །ཨེ་མ་གསང་བདག་དཔལ་ཆེན་ཧེ་རུ་ཀ །འགྲོ་བའི་དུག་གཤོམ་ཡང་དག་ལམ་གཟུད་ཕྱིར། །བདེ་གཤེགས་ཡོངས་རྫོགས་དཔལ་ཆེན་ཐུགས་གསང་བ། ཀུན་འདུས་ཤིན་ཏུ་རྣལ་འབྱོར་རྒྱུད་ཆེན་སྩོལ། །ཞེས་བསྟོད་དེ་གླུས་བསྐུལ་ཅིང་གསོལ་བ་བཏབ་པ་ལས་ཡབ་ཀྱི་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀས། །རྡོ་རྗེའི་གད་རྒྱངས་བསྒྲགས་ཏེ་སྩོལ་པ།ཀྱེ་ཧོ། །ཉོནཅིག་སྲས་མཆོག་རིགས་འདུས་ཧེ་རུ་ཀ །ཡབ་ཡུམ་འཁོར་བཅས་ལེགས་པར་ཉོན། །མུན་ལ་ཉི་བཞིནདུག་སེལ་བ། །གསང་བའདུས་པའི་རྒྱུད་ཆེན་བཤད། །མདོར་ན་ཆོས་སྒོ་བསམ་ཡས་ཀུན། །འདི་རུ་འདུས་ཕྱིརདངོས་པོ་བཅུ། །བསྟན་རིམ་ཐེག་པའི་རྣམ་གཞག་དང་། །ལྟ་སྒོམ་སྤྱོད་པ་འབྲས་བུ་དང་། །བསྙེན་དང་བསྒྲུབ་པ་ཆེན་པོ་དང་། །དབང་བསྐུར་དམ་ཚིག་མཐའ་རྒྱས་སུ། ཁུད་རྣམ་ཀུན་གྱི་གསང་བ་འདུས། །སྐལ་ལྡན་འཁོར་ལ་ཡོངས་རྫོགས་བསྟན། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། གནང་བའི་སྐབས་ཕྱེ་བ་གླེང་བླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ཐམས་ཅད་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །རྒྱུད་དོན་བསྟན་པའི་རྣམ་གཞག་དེ། །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །དེ་སྐད་ཅེས་ནི་གསོལ་པ་དང་། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །ཀྱེ་ཧོ་འདུས་པའི་འཁོར་རྣམས་རྩེ་གཅིག་ཉོན། །རྒྱུད་དོན་བསྟན་པའི་རྣམ་གཞག་བཤད། །ཐོག་མར་ཀུན་གཞི་བཅོས་བསླད་མེད། །ཅིར་ཡང་རྒྱ་ཆད་ཕྱོགས་ལྷུང་བྲལ། །སྟོང་ཁྱབ་ནམ་མཁའ་ལྟ་བུ་ལ། །རང་རྩལ་འགྱུ་བྱེད་རླུད་གིས་གཡོས། །མ་རིག་རྟོག་པའི་གཟུང་འཛིན་གྱིས། །ནན་གྱིས་མཁའ་ལ་མདུད་པ་བོར། །རྩལ་ལ་རང་དབང་མ་ཐོབ་པས། །འགྱུས་དྲན་ཟིན་དང་ཆགས་དབང་གིས། །ཁམས་གསུམ་འཁོར་ཅིང་རྒྱུད་དྲུག་འཁྱམས། །མ་རྟོགས་ལོག་པར་རྟོགས་པ་ལས། །རྩལ་ལ་དབང་ཐོབ་ཀུན་བཟང་གིས། །གྲོལ་ཐབས་ཐེག་པ་སྣ་ཚོགས་བསྟན། །བསྡུ་ན་ཐེག་པ་རིམ་དགུ་སྟེ། །ཉན་ཐོས་རང་རྒྱལ་བྱང་སེམས་གསུམ། །གང་ཟག་དབང་པོ་དམན་ལ་དགོངས། །ཀྲི་ཡ་ཡོ་ག་ཨུ་པ་གསུམ། །གང་ཟག་དབང་པོ་འབྲིང་ལ་དགོངས། །བསྐྱེད་དང་རྫོགས་པ་ཨ་ཏི་གསུམ། །གང་ཟག་དབང་པོ་རབ་ལ་དགོངས། །དབྱེ་ན་དབང་པོ་རིམ་དགུས་ཆེད། །རེ་རེ་ལ་ཡང་ངོ་བོ་དང་། །ངེས་ཚིག་དབྱེ་བ་རང་འདོད་ཀྱིས། །འཇུག་སྒོ་ལྟ་སྤྱོད་སྒོམ་པ་དང་། །ཕྲིན་ལས་འབྲས་བུའི་རིམ་པ་བསྟན། །རྒྱལ་དགོངས་ཐེག་པ་སྣ་ཚོགས་ཀྱང་། །གོང་མ་གོང་མའི་ལྟ་བ་ཡིས། །འོག་མ་འོག་མ་རྣམས་ལ་གནོད། །དེ་ཕྱིར་རིམ་གྱིས་གོང་མ་འཕགས། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །དེ་ལ་འཁོར་འདས་ཡོངས་རྫོགས་པས། །མཐར་ཐུག་རྣལ་འབྱོར་ངེས་པའི་དོན། །མངོན་སུམ་རྗེས་རིག་ཚད་དུ་དག །ཡི་གེ་གསུམ་གྱིས་མངོན་སངས་རྒྱས། །དེ་ཕྱིར་ཡོངས་རྫོགས་རྒྱུད་ཆེན་འདིར། །རྒྱུད་ལུང་མན་ངག་ཡོངས་སུ་རྫོགས། །ཐུན་མོང་མ་ཡིན་ཐུགས་ཀྱི་རྒྱུད། །འདི་ལས་གསང་བའི་ངེས་དོན་མེད། །ཅེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། བསྟན་པའི་རིམ་པ་ཐེག་པའི་རྣམ་གཞག་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས། སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཡང་དག་དོན་་ན་ཀུན་ཏུ་བཟང་། །བླ་མེད་ཆེ་མཆོག་ཧེ་རུ་ཀ ཁུད་དོན་ལྟ་བའི་རྒྱལ་པོ་དེ། །བདག་ཅག་རྣམས་ལ་བཀའ་སྩལ་ཞུ། །དེ་སྐད་གསོལ་པ་ཐུགས་དགོངས་ཏེ། །སྟོན་པ་ཆེན་པོས་བཀའ་སྩལ་པ། །འདུས་པའི་འཁོར་ཚོགས་རྩེ་གཅིག་ཉོན། ཁུད་དོན་ལྟ་བའི་རྒྱལ་པོ་ནི། །གཞི་རྩ་མེད་པའི་སེམས་ཉིད་འདི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །འཁོར་དང་མྱངན་འདས་པའི་ཆོས། །ཡེ་ནས་མ་བཅོས་ཆོ་ཀྱི་སྐུ། །དུ་གསུམ་བདེ་གཤེག་ཐམས་ཅད་ཀྱི། །ཐུགས་དགོངས་ལྟ་བ་མཐར་ཐུག་པ། །སྣང་སྲིད་གཞིར་བཞེངས་ལྟ་བ་སྲ །འཁོར་འདས་གཉིས་མེད་ཡོངས་སུ་རྫོགས། །ཧེ་རུ་ཀ་ལས་གཞན་མ་ཡིན། །ཐིག་ལེ་སྙིང་པོ་བྱང་སེམ་བརྡལ། །ཡང་དག་དོན་གྱི་གནས་ལུགས་ཏེ། །སྤྲོས་བྲལ་ཐིག་ལེ་གཅིག་ཏུ་རྫོགས། །རང་བྱུང་རང་ཤར་རང་གྲོལ་བས། །རང་བཞིན་མ་བཅོས་སྤྲོས་བྲལ་བཞག །ཁྱུང་ཆེན་ནམ་མཁར་ལྡིང་བ་བཞིན། །སྣང་སྲིད་སྤྱི་རྒྱ་རླབས་ཀྱི་ཆོད། །སེམ་ལ་ཀུན་འབྱུང་བདེ་གཤེག་སེམས། །རང་ལས་སངས་རྒྱས་གཞན་ན་མེད། །བལྟས་པས་དཔལ་ཆེན་ཞལམམཐོང་། །ཚིག་མཚོན་དཔེར་བྱ་ཀུན་ལས་འདས། །བརྗོད་དང་བརྗོད་བྲལ་གཉི་སུ་མེད། །བལྟ་བྱ་མ་འགགས་ལྟ་བྱེད་མེད། །གཉི་མེད་དོན་རྟོག་ཆོས་ཀྱི་སྐུ། །རང་རིག་སེམས་ལ་སེམས་ཀྱིས་ལྟོས། །ངོས་བཟུང་མ་ བ་ངོ་བོས་་ང་། །་ང་པ་ཉིད་དེ་རང་གསལ་ལ། །གསལ་བའི་དུས་ན་དངོས་པོ་མེད། །དངོས་མེད་དེ་ཉིད་གསལ་བར་ ར། །དེ་ཕྱིར་གསལ་་ང་གཉིས་སུ་མེད། །ས་ལེ་ཧྲིག་གེ་འཛིན་ཞེན་མེད། །དེལདགོངས་པ་ཡོངས་རྫོགས་ཏེ། །ཀུན་གྱིས་མ་རྟོགས་གསང་བ་དག །རང་ལ་འདུས་ཕྱིར་གསང་བ་འདུས། །ཐེག་པ་ཀུན་གྱི་རྒྱལ་པོ་ཡིན། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། ལྟ་བ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས། །སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། རང་བཞིན་མ་བཅོས་ཀུན་ཏུ་བཟང་། །འགྱུར་མེད་ཆེ་མཆོག་ཧེ་རུ་ཀ ཁུད་དོན་བསྒོམ་པའི་རྒྱལ་པོ་དེ། །བདག་ཅག་རྣམས་ལ་བཀའ་སྩལ་ཞུ། །དེ་སྐད་གསོལ་པ་ཐུགས་དགོངས་ཏེ། །སྟོན་པ་ཆེན་པོས་བཀའ་སྩལ་པ། །འདུས་པའི་འཁོར་ཚོགས་རྩེ་གཅིག་ཉོན། ཁུད་དོན་བསྒོམ་པའི་རྒྱལ་པོ་ནི། །མི་བསྒོམ་བསྒོམ་དོན་དེ་ཤེས་ནས། །སྒོ་གསུམ་མ་བཅོས་སོར་འཇོག་པ། །བདེ་གཤེགས་ཡོངས་རྫོགས་བསྒོམ་པ་ཡིན། །གདོད་ནས་ཆོས་སྐུ་རང་གི་སེམས། །ལྟ་བས་སྟོང་གསལ་དབྱེར་མེད་རྟོགས། །གདེང་འོག་ཆུད་ནས་རྒྱུན་དུ་གསལ། །དེ་ནི་དཔལ་ཆེན་བསྒོམ་པ་ཡིན། །གྱབས་ཀྱིས་ཆོད་པའི་ལྟ་བ་ཡིས། །སྣང་སྲིད་དཔལ་ཆེན་སྐུ་རུ་བསྒོམ། །གསལ་སྟོང་གཉིས་མེད་བསྒོམ་པའི་མཆོག །སྒྲ་རུ་གྲག་ཚད་ངོ་བོས་སྟོང་། །གྲག་སྟོང་གཉིས་མེད་བསྒོམ་པའི་མཆོག །ཡིན་ནི་འགྱུ་དྲན་ངོ་བོས་སྟོང་། །དྲན་སྟོང་གཉིས་མེད་བསྒོམ་པའི་མཆོག །དབྱིངས་དང་ཡེ་ཤེས་གཉིས་མེད་ཅིང་། །ཐབས་ཤེས་གཉིས་མེད་བསྒོམ་པའི་མཆོག །སངས་རྒྱས་སེམས་ཅན་གཉིས་མེད་ཅིང་། །འཁོར་འདས་གཉིས་མེད་བསྒོམ་པའི་མཆོག །ཡུལ་དང་དབང་པོ་གཉིས་མེད་ཅིང་། །བདེ་སྡུག་གཉིས་མེད་བསྒོམ་པའི་མཆོག །རང་རིག་དཔལ་དང་གཉིས་མེད་ཅིང་། །ལྟ་སྤྱོད་གཉིས་མེད་བསྒོམ་པའི་མཆོག །རྣམ་རྟོག་ཆོས་སྐུ་གཉིས་མེད་ཅིང་། །མཚན་མ་ཟིལ་གནོན་བསྒོམ་པའི་མཆོག །གཉིས་མེད་དོན་ལ་དབང་ཐོབ་ན། །ཏིང་འཛིན་ཡོངས་རྫོགས་བསྒོམ་པ་ཡིན། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། བསྒོམ་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས། །སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། རང་བྱུང་རིག་པ་ཀུན་ཏུ་བཟང་། །བདེ་སྤྱོད་ཆེ་མཆོག་ཧེ་རུ་ཀ །རྒྱུད་དོན་སྤྱོད་པའི་རྒྱལ་པོ་ནི། །བདག་ཅག་རྣམས་ལ་བཀའ་སྩལ་ཞུ། །དེ་སྐད་གསོལ་པ་ཐུགས་དགོངས་ཏེ། །སྟོན་པ་ཆེན་པོས་བཀའ་སྩལ་པ། །འདུས་པའི་འཁོར་ཚོགས་རྩེ་གཅིག་ཉོན། ཁུད་དོན་སྤྱོད་པའི་རྒྱལ་པོ་ནི། །གང་ལྟར་ལྟ་སྒོམ་དབྱེར་མེད་པའི། །ངང་ལས་འབྲལ་མེད་སྤྱོད་པའི་མཆོག །ཉིན་སྣང་རྟོགས་་འི་དོན་བསྟན་ནས། །རྨི་ལམ་བདེ་བ་སྤྱོད་པའི་མཆོག །རིགས་པ་གར་འགྱུས་ལྟ་བ་དྲན། །རང་སྣང་འཛིན་མེད་སྤྱོད་པའི་མཆོག །འཛིན་པ་གྲོལ་བས་སྣང་བ་དག །སྣང་བ་ཡན་ཐུབ་སྤྱོད་པའི་མཆོག །ཚོགས་དྲུག་ཡུལ་ཞེན་རྩད་ཆོད་ནས། །འཁོར་བ་རྒྱས་ཐེབས་སྤྱོད་པའི་མཆོག །ཉམས་ལེན་གོམས་པས་རྣམ་རྟོགས་ཡལ། །དུས་བཞི་མཉམ་སྦྱོར་སྤྱོད་པའི་མཆོག །མཉམ་རྗེས་རྟོག་ལངས་དུས་གསུམ་དུ། །ཆོས་སྐུར་གྲོལ་བ་སྤྱོད་པའི་མཆོག །འཁོར་འདས་སྤང་བླང་རང་གྲོལ་ནས། །དུས་གསུམ་བདེ་གཤེགས་སྤྱོད་པའི་མཆོག །སྣང་གྲག་དྲན་རྟོག་ཐམས་ཅད་ཀུན། །དཔལ་ཆེན་སྐུ་གསུང་ཐུགས་སྤྱོད་པ། །རྒྱལ་པ་ཡོངས་རྫོགས་སྤྱོད་པ་ཡིན། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། སྤྱོད་པ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ཀྱིས། །དཔལ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། །ཀྱེ་ཀྱེ་ཀྱེ། སྐུ་གསུམ་ཡོངས་རྫོགས་ཀུན་ཏུ་བཟང་། །བདག་ཉིད་ཆེ་མཆོག་ཧེ་རུ་ཀ །རྒྱུད་དོན་འབྲས་བུའི་རྒྱལ་པོ་དེ། །བདག་ཅག་རྣམས་ལ་བཀའ་སྩལ་ཞུ། །དེ་སྐད་གསོལ་པ་ཐུགས་དགོངས་ཏེ། །སྟོན་པ་ཆེན་པོས་བཀའ་སྩལ་པ། །འདུས་པའི་འཁོར་རྣམས་རྩེ་གཅིག་ཉོན། །རྒྱུད་དོན་འབྲས་བུའི་རྒྱལ་པོ་ནི། །ལྟ་བ་མངོན་གྱུར་སྒྲིབ་གཡོགས་བྲལ། །ཀུན་བཟང་རྒྱལ་པོའི་འབྲས་བུ་ཡིན། །སྨིན་གྲོལ་མཐར་ཕྱིར་མི་བཟློག །དུས་གསུམ་བདེ་གཤེགས་འབྲས་བུ་ཡིན། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །ལྟ་བ་ཡོངས་རྫོགས་འབྲས་བུ་ཡིན། །ཡོངས་སུ་རྫོགས་དོན་དེ་སྤྲོས་དང་བྲལ། །སྐྱེ་མེད་ཆོས་སྐུའི་འབྲས་བུ་ཡིན། །ཐུགས་རྗེ་འགག་མེད་ཞི་ཁྲོར་ཤར། །བདེ་ཆེན་ལོངས་སྐུའི་འབྲས་བུ་ཡིན། །གཉིས་མེད་ངང་ནས་ཅིར་ཡང་སྤྲུལ། །འགྲོ་འདུལ་སྤྲུལ་སྐུའི་འབྲས་བུ་ཡིན། །རྟོགས་ན་བཅོས་མེད་སྙིང་པོའི་དོན། །ཡེ་ནས་རང་སྣང་འབྲས་བུ་ཡིན། །སྣང་དང་མི་སྣང་གཉིས་སུ་མེད། །ཐ་དད་དབྱེར་མེད་འབྲས་བུ་ཡིན། །བཅོས་དང་མ་བཅོས་གཉིས་སུ་མེད། །ཐ་དད་དབྱེར་མེད་འབྲསབུ་ཡིན། །ལྟ་སྒོམ་སྤྱོད་འབྲས་གཉིས་སུ་མེད། །ཐ་དད་དབྱེར་མེད་འབྲས་བུ་ཡིན། །ཕྱོགས་ལྷུང་མ་ལྷུང་གཉིས་སུ་མེད། །ཐ་དད་དབྱེར་མེད་འབྲས་བུ་ཡིན། །རྒྱ་ཆད་མ་ཆད་གཉིས་སུ་མེད། །ཐ་དད་དབྱེར་མེད་འབྲས་བུ་ཡིན། །དབུ་མ་མཐའ་མ་གཉིས་སུ་མེད། །ཐ་དད་དབྱེར་མེད་འབྲས་བུ་ཡིན། །རང་བྱུང་གཞན་བྱུང་གཉིས་སུ་མེད། །ཐ་དད་དབྱེར་མེད་འབྲས་བུ་ཡིན། །འཁོར་དང་མྱང་འདས་གཉིས་སུ་མེད། །ཐ་དད་དབྱེརམེད་འབྲས་བུ་ཡིན། །མཐར་ཕྱིན་སྐུ་དང་ཡེ་ཤེས་ཚོགིས། །ཐམ་ཅད་ཡོངས་རྫོགས་འཁྲུལ་པ་མེད། །ཧེ་རུ་ཀ་ཡི་འབྲས་བུ་ཡིན། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། འབྲས་བུ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས། སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། དཀྱིལ་འཁོར་བདག་ཉིད་ཀུན་ཏུ་བཟང་། །ལྷག་པའི་ལྷ་མཆོག་ཧེ་རུ་ཀ །རྒྱུད་དོན་ཡོངས་རྫོགས་ལྷ་བསྙེན་སྒྲུབ། །བདག་ཅག་རྣམས་ལ་བཀའ་སྩལ་ཞུ། །དེ་སྐད་གསོལ་པ་ཐུགས་དགོངས་ཏེ། །སྟོན་པ་ཆེན་པོས་བཀའ་སྩལ་པ། །འདུས་པའི་འཁོར་རྣམས་རྩེ་གཅིག་ཉོན། །ཞི་ཁྲོ་ཡོངས་རྫོགས་བསྙེན་སྒྲུབ་ནི། །གཞལ་ཡས་ཁང་རྟེན་སྐུ་གསུང་ཐུགས་ཡོངས་རྫོགས། །ཐོགས་མཐའ་སྤྲོས་བཅད་བསྒྲུབ་ལུགས་མོས་བློར་སྦྱང་། །ཆོས་སྐུ་སྐྱེ་བ་མེད་པའི་རང་བཞིན་ལས། །ལོངས་སྐུ་སྐྱེ་བའི་ཆོ་འཕྲུལ་གཞལ་ཡས་ལྷ། །ཞི་ཁྲོ་བདེ་གཤེགས་སྤྲུལ་སྐུ་བསམ་མི་ཁྱབ། །བདེ་གཤེགས་མཁར་མཉམ་ཡོངས་རྫོགས་རྩ་བའི་ལྷ། །བཅོམ་ལྡན་དཔལ་ཆེན་སྤྱི་མེས་གཙུག་གི་རྒྱན། །ཐབས་ཤེས་ཟུང་འཇུག་སངས་རྒྱས་མཉམ་སྦྱོར་བས། །སྦྱང་གཞི་སྦྱོང་བྱེད་བདེ་ཆེན་གཡུང་དྲུང་ལྷ། །རིགས་བརྒྱ་ཞེ་གཉིས་ལྔ་གསུམ་ཡོངས་རྫོགས་སྐུ། །ཆགས་ཅན་འདུལ་ཕྱིར་ཐབས་གསང་རང་བྱུང་བ། །འབྱུང་བཞི་དབང་ཆེན་གཞལ་ཡས་འཁྱིལ་བའི་དབུས། །རིན་ཆེན་འོད་ཀྱི་དཀྱིལ་འཁོར་རྩིབས་བཞི་པ། །གྲུ་ཆད་གློ་འབུར་བར་ཁྱམས་རིམ་པར་བརྩེགས། །སྒོ་ཁྱུད་ཀ་བརྒྱད་རྟ་བབས་རྒྱན་སོགས་མཛེས། །ཨ་དཀར་གསལ་འཚེར་ཞི་བའི་རྟེན་མཐར་ཐུག །སེང་གེ་གླང་ཆེན་རྟ་དང་རྨ་བྱ་ཁྱུང་། །རིན་ཆེན་ཁྲི་རྐང་པད་སྡོང་བར་དུ་འཁྱིལ། །པདྨ་ཟླ་བ་ཉི་མའི་གདན་ ང་གསལ། །མི་བསྐྱོད་མཐིང་ག་རྡོ་རྗེ་དྲིལ་བུ་འཛིན། །སྣང་མཛད་དཀརཔོ་འཁོར་ལོ་དྲིལ་བུ་འཛིན། །རིན་འབྱུང་སེར་པོ་ནོར་བུ་དྲིལ་བུ་འཛིན། །མཐའ་ཡས་དམར་པོ་པདྨ་དྲིལ་བུ་འཛིན། །དོན་གྲུབ་ལྗང་གུ་རྒྱ་གྲོམ་དྲིལ་བུ་འཛིན། །ཀུན་ཀྱང་རྫོགས་སྐྱིལ་གཉིས་མེད་ཡུམ་ཆེན་ནི། །བཟང་མོ་སྤྱན་དང་མྱ་མ་གོས་དཀར་སྒྲོལ། །གཡས་པ་རིགས་འཛིན་གཡོན་དྲིལ་ཡབ་ལ་འཁྱུད། །ཀུན་བཟང་ཡིད་མཐིང་རྡོ་རྗེ་དྲིལ་བུ་བསྣམས། །བཟང་མོ་ཆོས་མཐིང་མཉམ་གཞག་ཕྱག་རྒྱ་གསལ། །སྤྲུལ་འཁོར་ས་སྙིང་ནམ་མཁའི་སྙིང་པོ་དང་། །སྤྱན་རས་གཟིགས་དབང་ཕྱག་ན་རྡོ་རྗེ་མིང་། །ལྭ་པྱེ་མུ་ལེ་གིརྟི་ནིརྟི་སྲིང་། །ཀུན་བཟང་བྱམས་པ་སྒྲིབ་སེལ་འཇམ་དབྱངས་མིང་། །མེ་ཏོག་བདུད་སྤྲོས་མར་མེ་དྲི་ཆབ་སྲིང་། །ལྷ་དབང་ཐགས་བཟང་ཤཀྭ་ཐུབ་སེར་རབ་བརྟན། །ཁ་འབར་ཆོས་རྒྱལ་ལ་སོགས་ཐུབ་པ་དྲུག །གཤིན་རྗེ་སྟོབས་ཆེན་རྟ་མགྲིན་བདུད་རྩི་འཁྱིལ། །རོ་ལངས་མི་འཕམ་རལ་གཅིག་ཁྲོ་གཉེར་ཡུམ། །འཁོར་རྣམས་ཉི་མའི་ཟེར་ལྟར་རང་བཞིན་འདུ། །རིན་ཆེན་རྒྱན་རྫོགས་ཚུལ་དགུའི་གར་ལྡན་མཛེས། །དེ་ལས་སྤྲོ་བསྡུ་ཆོ་འཕྲུལ་ཅིར་ཡང་བདེ། བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །བསམ་གྱིས་མི་ཁྱབ་བདེར་འདུས་རིགས་བརྒྱ་ཡོངས། །རྩ་བ་ལྔར་རྫོགས་དེ་ཉིད་ཀུན་རྫོགས་པ། །གཅིག་དང་ཐ་དད་་ང་ཉིད་ ང་རྗེ་བ ན། །བདག་ཉིད་རྡོ་རྗེ་སེམས་དཔའ་ཤེལ་གྱི་མདོག །རྒྱལ་བའི་ང་གཟུགས་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་བསྣམས། །གཡོན་པས་དངུལ་དཀར་དྲིལ་བུ་དཀུ་ལ་བརྟེན། །ཞབས་གཉིས་སྐྱིལ་ཀྲུང་ཉི་ཟླ་པད་དཀྱིལ་བཞུགས། །ཞི་ཚུལ་རྒྱན་ཆས་འོད་ཟེར་སྣ་ཚོགས་འབར། །དུང་ཁང་འཁོར་ལོ་ལྗགས་པད་ཐུགས་རྡོ་རྗེ། །ཨོ་དཀར་ཨུ༷༷དམར་ཧུ༷་མཐིང་འཕྲོ་འདུར་བཟླས། །གྱེན་དུ་བདེ་གཤེགས་སྐུ་གསུང་ཐུགས་མཆོད་བསྐུལ། །ཐུར་དུ་སྣོད་བཅུད་ལུས་ངག་ཡིད་སྒྲིབ་སྦྱང་། །ཚུར་འདུས་སྐུ་གསུང་ཐུགས་བཅུད་དངོས་གྲུབ་བསྡུ། །རང་སེམས་རྣམ་དག་རྡོ་རྗེ་སེམས་དཔའ་ཡིས། །སྐུ་གསུང་ཐུགས་སུ་བདེ་བར་གཤེགས་པར་བསྟན། །རྒྱུད་ལུང་མན་ངག་ཡོངས་རྫོགས་སྒོ་ནས་བསྒྲུབ། །དགྲ་གསུམ་བདུད་བཞི་འགྲོ་དྲུག་གཡང་ས་བཅད། །སུམ་ཅུ་ཕྲག་དྲུག་གིས་འགྲུབ་ལས་རྣམས་འགྲུབ། །སྐུ་དང་ཡེ་ཤེས་ཡོངས་རྫོགས་ལྷུན་གྱིས་གྲུབ། །རང་བཞིན་ཞི་བའི་དཀྱིལ་འཁོར་རྣམ་བཀོད་ལ། །བདེ་གཤེགས་རྒྱལ་བ་ཡོངས་གྱིས་དབུ་རྒྱན་ནོ། །དེ་ལྟར་ཕྱོགས་བཅུའི་རྒྱལ་བ་ཡོངས་རྫོགས་རྣམས། །གདུག་པ་འདུལ་ཕྱིར་ཁྲོ་བོ་རོལ་པར་བསྟན། །རབ་ཏུ་གདུལ་དཀའ་ཁྲོ་ཞིང་གཏུམ་པ་ལ། །ཞི་དེས་ལྕུག་པས་ཕན་པར་མི་འགྱུར་ཕྱིར། །ཞི་ཚོགས་དབུ་ཡི་གཙུག་ཏུ་རབ་བསྡུས་ནས། །བཅོམ་ལྡན་དེ་གཤེགས་རྒྱལ་བ་ཡོངས་རྫོགས་པ། །རབ་འཇིགས་ཁྲོ་བོ་རོལ་པའི་དཀྱིལ་འཁོར་བསྟན། །སྟོང་གསལ་རྒྱུ་ལས་རང་བྱུང་གཞལ་ཡས་ནི། །ཆོས་དབྱིངས་མི་འགྱུར་མཐིང་ནག་གྲུ་གསུམ་ཨེ། །སྟོབས་ཆེན་གཡོ་བྱེད་ལྗང་ནག་ཁ་གདེངས་ཡ༷། །ཐུགས་རྗེའི་རླན་གྱིས་ཀུན་སྡུད་དམར་ནག་ར། །རབ་བརྟན་ཀུན་ཤོང་བཅུ་གསུམ་རྫོགས་བྱེད་སུ༷། །འོད་གསལ་སྨིན་བྱེད་དངོས་འཇོམས་དམར་སེར་ར༷། །རྡོ་རྗེ་སྲ་མཁྲེགས་རུས་པའི་རི་རབ་སྟེངས། །ཕྱི་དང་ནང་གསལ་རིན་ཆེན་ཡོངས་རྫོགས་྅༷། །གཞལ་ཡས་བཀོད་པ་ཚད་མེད་རྣམ་དག་དབུས། །ཐེག་པ་དགུ་རྫོགས་དཔལ་ཆེན་དཀྱིལ་འཁོར་དགུ། །འཁོར་འདས་དབྱེར་མེད་ཡེ་ཤེས་སྒོ་དགུར་གསལ། །ཡེ་ཤེས་ལྔ་རྫོགས་རྩིབས་བཞི་ལྟེ་བར་བཅས། །ཐུ་གས་རྗེའི་ཟེར་ལྡན་སྤྲོས་བྲལ་མུ་ཁྱུད་མཛེས། །ཡོན་ཏན་མ་བཀག་རིན་ཆེན་ཟུར་བརྒྱད་ལྡན། །མཚན་ཉིད་བཞི་རྫོགས་གྲུ་ཆད་རྣམ་བཞིས་སྤྲས། །དེ་བཞིན་ཕོ་བྲང་དགུ་ལ་ཕྲིན་ལས་རྫོགས། །བདུད་འཇོམས་ཀ་བཞི་ཆུ་སྲིན་གདན་སྟེངས་བཙུགས། །ཐབས་ཤེས་ཉི་ཟླའི་ཀ་ཞུས་ཞིང་གདུང་བཏེགས། །ཐུགས་རྗེས་གདལ་ཁྱབ་དུ་ཏྲའི་ལྤགས་ཐོག་ཕུབ། །སྐུ་གསུམ་ལྷུན་གྲུབ་ཐོད་ཚར་སུམ་བརྩེགས་ལ། །གནམ་ལྕགས་རིག་རྩལ་གཟེར་གྱིས་རབ་ཏུ་བསྡམས། །ཡེ་ཤེས་བཞི་ལྡན་ཟང་ཐལ་ནང་སྒོ་བཞི། །ཡེ་ཤེས་ཟེར་ལྔས་གླིང་དགུའི་བར་མཚམས་བྲེས། །ཆགས་པའི་ཐུགས་རྗེས་རཀྟའི་ཞམ་ཆུ་འབབ། །སྙིང་པོའི་དོནརྟོགསཙིཀྟའིཕོལྟོསབརྒྱན། །ཆོས་སྐུ་མཉམ་རྫོགས་བར་ཁྱམས་འཁོར་ཡུག་བརྡལ། །དགོས་འདོད་རེ་སྐོང་རིན་ཆེན་སྣ་ལྔས་བརྩིགས། །ཚད་མེད་བཞི་ལྡན་སྒོ་བཞི་ཕྱོགས་བཞིར་བགྲད། །རྣམ་ཐར་བརྒྱད་ཀྱི་ཐེམ་སྐས་རིམ་པར་བརྟན། །ཐུགས་རྗེས་འཛིན་ཕྱིར་ཆུ་སྲིན་ཡ་ཐེམ་མཛེས། །འབྱུང་པོ་སྲི་འདུལ་མ་ཐེམ་རུས་སྦལ་བརྗིད། །གདུག་པ་ཚར་གཅོད་སྦྲུལ་ནག་སྐྱེས་བུ་བཙུགས། །འཁོར་བ་རྒྱུན་གཅོད་ཞིང་ལྤགས་སྒོ་ལོགས་བཅད། །ཆོས་ཀྱི་གརྙིའ་ཅོང་དང་དྲིལ་བུ་བསྒྲགས། །ཡུལ་བརྒྱད་འཛིན་བཅོམ་ཀླུ་བརྒྱད་ཀ་གདན་སྟེངས། །ཚོགས་བརྒྱད་རང་དག་ལྷ་བརྒྱད་ཀ་བར་བཙུགས། །ཐབས་ཤེས་བརྒྱད་ལྡན་གཟའ་བརྒྱད་ཀ་ཞུར་བསྐལ། །བཅུ་དྲུག་རོལ་པའི་ཞིང་སྨུག་གདུང་ཆེན་བཀྲམ། །འགྱུ་བྱེད་རང་འགྲོལ་ཀུན་གྲོལ་རྒྱུ་སྐར་དྲལ་གྲབ་བཀྲམ། །བཟང་ངན་མེད་མཉམ་ཞིང་ཆེན་ལྤགས་ཐོག་བཀྲམ། །མ་རིག་མུན་སེལ་ཉི་ཟླའི་སྐར་ཁུང་མཛེས། །འཁོར་འདས་སྤྱི་ཆིངས་ཆོས་སྐུའི་བྲེ་བུམ་པ། །སྐྱོན་གྱིས་མ་གོས་བུམ་སྟན་པདྨར་གསལ། །ས་ལམ་ཡོངས་རྫོགས་འཁོར་འདེགས་འཁོར་ལོ་བརྩེགས། །ཀུན་ཁྱབ་ཐེག་པའི་ཡོངས་རྩེར་གདུགས་ཏོག་རྔམ། །བསྟན་པའི་སྤྱི་ཕུད་བྱ་རུ་དར་དཔྱངས་བརྒྱན། །ཕྲིན་ལས་བཞི་རྫོགས་རཏྣའི་རྟ་བབས་བརྩེགས། །ཆགས་བྲལ་པད་སྟེངས་ཆོས་འཁོར་རབ་ཏུ་མཛེས། །རྒྱ་ཆད་ཕྱོས་སུ་མ་ལྷུང་ཞིང་གདུགས་ཕུབ། །རང་བྱུང་མི་ནུབ་མི་མགོའི་རིན་ཆེན་ཏོག །རིག་སྟོང་དབྱེར་མེད་རི་དྭགས་ཆུ་སྲིན་མཛེས། །དབྱིངས་རིག་ཡོངས་འབྲེལ་སྤྲིན་ནག་གྲིབ་སོ་གཏིབས། །དབྱིངས་ལས་རྩལ་ཤར་སྒོ་ཁང་རྒྱན་དགུས་མཛེས། །འདོད་ཡོན་ཞེན་མེད་སྤྱོད་ཕྱིར་འདོད་ཁྱམས་བསྐོར། །དབྱིངས་ནས་ཀུན་སྣང་མུ་ཏིག་ཐོད་རས་སྤྲས། །མ་འདྲེས་ཡོངས་རྫོགས་ཤེལ་གྱི་མཆོད་རྟེན་དཀྲིགས། །སྣ་ཚོགས་འོད་གསལ་མཆོག་ཕྲན་ད་རུ་ཀ །མ་རིག་སྒྲིབ་སེལ་བཅུ་གཅིག་རྡོ་རྗེ་གསེང་། །ཐབས་ཀྱིས་སྒྲིབ་སེལ་ཟླ་ཕྱེད་རྡོ་རྗེས་བརྒྱན། །བདུད་འཇོམས་ཞིང་དྲང་ལྷ་ཆེན་རྒྱལ་མཚན་བརྒྱད། །འཁོར་བའི་གཡུལ་རྒྱལ་ཞིང་ཆེན་འཕན་བརྒྱད་ཕྱར། །དོན་རྟགས་བརྒྱད་ལྡན་དུར་ཁྲོད་བརྒྱད་ཀྱིས་བསྐོར། །ཚུལ་བཅུའི་མཐའ་གྲོལ་ཧེ་རུའི་གནས་བཅུས་གཏམས། །ཁམས་གསུམ་ཟིལ་གནོན་རྒྱ་གྲམ་རྭ་བཞིས་མནན། །མ་ཆགས་ཕྲིན་ལས་ཀུན་ཁྱབ་པད་སྟོང་བརྡལ། །སངས་རྒྱས་སྟོང་རྫོགས་འཁོར་ལོ་རྩིབས་སྟོང་ཕུབ། །གསང་སྔགས་སྙིང་པོ་འགྱུར་མེད་བྲག་རིས་གཏམས། །གཉེན་པོས་མི་ཤིགས་རྡོ་རྗེའི་ར་བས་བསྐོར། །གཟུང་འཛིན་ནགས་སྲེག་ཡེ་ཤེས་མེ་ལྔ་འབར། །བྱོལ་སོང་དྲེགས་པ་ཉི་ཟླ་པད་གདན་བརྗིད། །དགོས་འདོད་ཀུན་འབྱུང་གཏེར་བུམ་དཔག་བསམ་རྒྱས། །སྣང་སྲིད་ཡོངས་རྫོགས་གཞལ་ཡས་ཁང་ཆེན་གསལ། །ཕྱི་ནང་འཁོར་ལོ་རིན་ཆེན་གསང་བ་ཨེ། །ཞི་ཁྲོའི་རྒྱན་སོགས་དབྱེའམ་ཡོངས་རྫོགས་པ། །གང་ལ་གང་འདུལ་དཀྱིལ་འཁོར་འཕྲུལ་ཤེས་བྱ། །གཞལ་ཡས་དེ་དག་རྣལ་འབྱོར་རང་ལུས་ལ། །ཡོངས་རྫོགས་སྒྲུབ་རྟེན་མཆོད་རྫས་དུར་ཁྲོད་རྫོགས། །དེ་ཡང་རང་རིག་སེམས་ཀྱི་དཀྱིལ་འཁོར་དུ། །ཡོངས་རྫོགས་ཐིག་ལེ་ཉག་གཅིག་ངོ་མཚར་ཏེ། །རྒྱ་ཆད་ཕྱོགས་ལྷུང་ཀུན་བྲལ་གཞལ་མཐའ་ཡས། །དཀྱིལ་འཁོར་ཡོངས་རྫོགས་ཀུན་གྱི་མཐར་ཐུག་ཡིན། །སྒྲུབ་རྫས་རྟེན་གྱི་རིམ་པ་མཆོད་བཅས་ནི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་དམིགས་པའི་རྟེན། །སྐུ་རྟེན་གཟུགས་ལ་གསུང་རྟེན་སྙིང་པོ་དགོད། །ཡོན་ཏན་བདུད་རྩི་ཕྲིན་ལས་ཕུར་པ་བཤམ། །སྒོས་རྟེན་ཞི་བ་མཐར་ཐུག་ཨ་དཀར་ལ། །ཆེ་མཆོག་ཡོངས་རྫོགས་སྒྲུབ་རྟེན་བུམ་མཐར་ཐུག །དེ་བཞིན་ཡང་དག་མེ་གཅིག་གཤིན་རྗེ་ཕྲམ། །པདྨ་རྟ་ཐོད་རྟ་ཞལ་ཕྲིན་ཕུར་གཅིག །མ་མོ་ནལ་སྙིང་རིག་འཛིན་སྐུ་གཅིག་མ། །དྲེགས་པ་སྐུ་གཅིག་དྲག་སྔགས་བྱང་གཅིག་སྟེ། །རྟེན་རྣམས་ཡོངས་རྫོགས་སྒྲུབ་རྫས་རང་ལུས་ཡིན། །རིག་པའི་སེམས་ཉིད་སྒྲུབ་རྟེན་ཀུན་མཐར་ཐུག །འདོད་ཡོན་རྫས་འཇོམ་ཕྱི་ཡི་མཆོད་པས་ཏེ། །རང་ལུས་རང་བྱུང་བདུད་རྩི་ནང་མཆོད་རྫས། །རྟོག་ཚོགས་རང་བྱུང་རང་གྲོལ་གསང་མཆོད་དེ། །ཡིད་ཆོས་དབྱེར་མེད་ངང་དྭངས་མཆོད་མཐར་ཐུག །དཀྱིལ་འཁོར་ལྟེ་དབུས་ཟླ་ཁམ་ཨེ་ཡི་དཀྱིལ། །ཆོས་དབྱིངས་ཨ་ལས་རང་བྱུང་ལྷུན་གྲུབ་ལྷ། །ཀུན་བཟང་ཆེ་མཆོག་ཁྲོ་རྒྱལ་ཧེ་རུ་ཀ །མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་བཞད་གཤེ་རྔམ། །གཡས་གསུམ་རྩེ་དགུ་རྩེ་ལྔ་རྩེ་གསུམ་བསྣམས། །གཡོན་གསུམ་བྷསྡོ་དུང་དམར་ཐོད་ཁྲག་བསྣམས། །རྡོ་རྗེའི་གཤེག་གཡས་རིན་ཆེན་གཤོག་གཡོན་གདེངས། །སྐུ་གསུང་ཐུགས་ལྡན་སྲོག་གི་ཡེ་ཤེས་གསལ། །དཔལ་གྱི་ཆས་བཅུ་དུར་ཁྲོད་རྒྱན་ཡོངས་སྤྲས། །ཞབས་བཞི་དོར་སྟབས་གཡས་བརྐྱངས་གཡོན་བསྐུམས་ཚུལ། །གནམ་ཞལ་ཡུམ་ཆེན་ཞལ་གཅིག་ཕྱག་གཉིས་མཐིང་། །ཕྱག་གཡས་རྩེ་གསུམ་གཙོར་ཁྱུད་གཡོན་དམར་སྟོབ། །ཞབས་གཡས་ཡབ་འཁྲིལ་གཡོན་བརྐྱང་གཙོ་ལ་སྦྱོར། །རིགས་ལྔས་དབུ་རྒྱན་དུར་ཁྲོད་རྒྱན་དྲུག་གསོལ། །གཉིས་མེད་རབ་འཇིགས་མེ་དཔུང་ཀློང་ན་བརྗིད། །བརྡས་བསྐུལ་མཁའ་གསང་རབ་སྦྱོར་སྤྲུལ་སྲས་འགྱེད། ཁྲར་གྱི་རྩིབས་སྟེངས་རསྒ་ཧེ་རུ་ཀ །སྨུག་ནག་ཞལ་གཅིག་ཕྱག་གཉིས་འཁོར་ལོ་གཡས། །གཡོན་པ་ཐོད་ཁྲག་ཞབས་གཉིས་བརྐྱང་བསྐུམ་འགྱིངས། །རཀྟ་ཀྲོ་ཏི་ཤྭ་རྡི་ཆ་ལུགས་ཡབ་འདྲ་འཁྲིལ། །ལྷོ་རྩིབས་ལྷུ་ཡ་ཧེ་རུ་ཀ་སེར་ནག །ཞལ་གཅིག་ཕྱག་གཉིས་རིན་ཆེན་ཐོད་ཁྲག་བསྣམས། །ལྷུ་ཡ་ཀྲོ་ཏི་ཤྭ་རྡི་ཡབ་འདྲ་འཁྲིལ། །ནུབ་རྩིབས་བི་ཤཱ་ཧེ་རུ་ཀ་དམར་ནག །ཞལ་གཅིག་ཕྱག་གཉིས་པདྨ་ཐོད་ཁྲག་བ མས། །བི་ཤཱ་ཀྲོ་ ་ཤྭ་རྡི་ཡབ་འདྲ་འཁྲིལ། །བྱང་རྩིབས་ཡ ་ཧེ་རུ་ཀ་ལྗང་ནག །ཞལ་གཅིག་ཕྱག་གཉིས་རྒྱ་གྲམ་ཐོད་ཁྲག་ཐོགས། །ཡཀྟ་ཀྲོ་དྷི་ཤྭ་རྡི་ཡབ་འདྲ་འཁྲིལ། །དུར་ཁྲོད་ཆས་གསོལ་བརྡ་རྟགས་གཙོ་དང་འདྲ། །ཉི་དང་ཟེར་བཞིན་སྤྲུལ་པའི་འཁོར་ཚོགས་ནི། །ཕྱོགས་སྐྱོང་དྲེགས་འདུལ་ཁྲོ་བོ་ཆེན་པོ་བཅུ། །ཏ་ཀྲིཏ་སྒོ་སྐྱོང་ཕོ་ཉ་བསྟན་སྲུང་བཅས། །ཆེ་མཆོག་ཡོན་ཏན་ཡོངས་རྫོགས་རང་བྱུང་ཤར། །ཕྱོགས་མཚམས་ཕོ་བྲང་བརྒྱད་དུ་ཐུགས་ཀྱི་སྲས། །དཀྱིལ་འཁོར་ཤར་དབུས་ཟླ་ཁམ་ཨེ་ཡི་དཀྱིལ། །རུ་དྲ་ཉི་ཟླ་པདྨ་འོད་འབར་སྟེང་། །བཅོམ་ལྡན་ཐུགས་མཆོག་བཛྲ་ཧེ་རུ་ཀ །མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་བཞད་རྔམ་གཤེ། །གཡས་གསུམ་རྡོ་རྗེ་ཁ་ཊ༷་རྔེ་ཆུང་བསྣམས། །གཡོན་གསུམ་དྲིལ་བུ་བྷན་དམར་རྒྱུ་ཞགས་བསྣམས། །གཤོག་གཉིས་ཞབས་བཞི་བརྐྱངས་བསྐུམས་དོར་སྟབས་ཚུལ། །སྐུ་གསུང་ཐུགས་སྲོག་དུར་ཁྲོད་ཆས་རྣམས་རྫོགས། །ཀྲོ་དྷི་ཤྭ་རྡི་ཡུམ་ཆེན་སྐུ་ལ་འཁྲིལ། །ཕྱག་ཞབས་ཆས་སོགས་བརྡས་བསྐུལ་གཙོ་དང་འདྲ། །ཤར་གྱི་རྩིབས་སྟེངས་བུརྙ་ཧེ་རུ་ཀ །སྨུག་ནག་གཡས་པ་རྡོ་རྗེ་གཡོན་རྒྱུ་ཞགས། བུརྙ་ཀྲོ་དྷི་གཡས་འཁྱུད་གཡོན་དམར་སྟོབ། །ལྷོ་ཡི་རྩིབས་སྟེང་རཏྣ་ཧེ་རུ་ཀ །སེར་ནག་གཡས་གཡོན་རཏྣ་སྟོང་གསུམ་བསྣམས། །རཏྣ་ཀྲོ་ཏི་གཡས་འཁྱུད་གཡོན་དམར་སྟོབ། །ནུབ་ཏུ་རྩིབས་སྟེང་པདྨ་ཧེ་ཧུ་ཀ །དམར་ནག་གཡས་པ་པདྨ་ཏི་ར་བསྣམས། །པདྨ་ཀྲོ་དྷི་གཡས་འཁྱུད་གཡོན་དམར་སྟོབ། །བྱང་གི་རྩིབས་སྟེངས་ཀརྨ་ཧེ་རུ་ཀ །ལྗང་ནག་གཡས་གཡོན་རྒྱ་གྲམ་རི་རབ་བསྣམས། །ཀརྨ་ཀྲོ་དྷི་གཡས་འཁྱུད་གཡོན་དམར་སྟོབ། །སྤྲུལ་འཁོར་ཀོ་རི་མ་བརྒྱད་སིདྷ་བརྒྱད། །སྒོ་སྐྱོང་བཀའ་སྲུང་ཡང་དག་ཐུགས་རྫོགས་ཤར། །དཀྱིལ་འཁོར་ལྷོ་དབུས་ཟླ་ཁམ་ཨེ་ཡི་དཀྱིལ། །ཆུ་གླང་ཉི་ཟླ་པདྨ་འོད་འབར་སྟེང་། །བཅོམ་ལྡན་སྐུ་མཆོག་འཇམ་དཔལ་གཤིན་རྗེ་གཤེད། །མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་བཞད་གཤེ་རྔམ། །གཡས་གསུམ་འཁོར་ལོ་རལ་གྲི་དགྲ་སྟ་བསྣམས། །གཡོན་གསུམ་སྡིག་མཛུབ་མདུང་དང་བྷན་དམར་བསྣམས། །གཤོག་གཉིས་ཞབས་བཞི་བརྐྱངས་བསྐུམས་དོར་སྟབས་བགྲད། །སྐུ་གསུང་ཐུགས་སྲོག་དུར་ཁྲོད་ཆས་རྣམས་རྫོགས། །སྦྱོར་ཡུམ་བེ་ཏྭ་སྙི་ནི་སྐུ་ལ་འཁྲིལ། །སྒྲོལ་ཡུམ་ཙ་ཏི་ཏྲི་ཤཱལ་བྷན་དམར་བསྣམས། །ཕྱག་ཞབས་ཆས་རྫོགས་བརྡས་བསྐུལ་གཙོ་དང་འདྲ། ཁྲར་རྩིབས་གསོད་བྱེད་ཡ་མ་རྭ་ཛ་མཐིང་། །གཡས་པ་འཁོར་ལོ་གཡོན་པ་དགྲ་སྟ་བསྣམས། །ནག་མོ་རལ་གཅིག་གཡས་འཁྱུད་གཡོན་དམར་སྟོབ། །ལྷོ་རྩིབས་མྱོས་བྱེད་འབར་བ་སེར་ནག་ལ། །གཡས་པ་བེ་ཅོན་གཡོན་པ་དགྲ་སྟུ་བསྣམས། །གཏུམ་མོ་དུག་ཧྲུལ་གཡས་འཁྱུད་གཡོན་དམར་སྟོབ། །ནུབ་རྩིབས་ཨུརུ་མེ་རུ་ཙེ་དམར་པོ། །གཡས་པ་དུང་ཁྲག་གཡོན་པ་དབྱུག་ཏོ་བསྣམས། །འོད་ཟེར་ཅན་མ་གཡས་འཁྱུད་གཡོན་དམར་སྟོབ། བྱང་རྩིབས་རལ་པ་ཚར་དགུ་ལྗང་ནག་ལ། །གཡས་པ་གཏུན་ཤིང་གཡོན་པ་དུང་དམར་བསྣམས། །ནག་མོ་རེ་ཏི་གཡས་འཁྱུད་གཡོན་དམར་སྟོབ། །སྤྲུལ་འཁོར་ཕྱོགས་སྐྱོང་ཆེན་པོ་བཅུ་གཉིས་དང་། །སྒོ་སྐྱོང་བཀའ་སྲུང་འཇམ་དཔལ་སྐུ་རྫོགས་ཤར། །དཀྱིལ་འཁོར་ནུབ་དབུས་ཟླ་གམ་ཨེ་ཡི་དཀྱིལ། །ཀླུ་བརྒྱད་ཉི་ཟླ་པདྨ་འོད་འབར་སྟེང་། །བཅོམ་ལྡན་གསུང་མཆོག་པདྨ་དབང་ཆེན་སྐུ། །དམར་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་སྔོ་དབུས་དམར་བཞད་གཤེ་རྔམ། །གཡས་གསུམ་རྡོ་རྗེ་ཁ་ཊ༷་སྦྲུལ་ཞགས་བསྣམས། །གཡོན་གསུམ་དྲེལ་ཆེན་བྷན་དམར་ལྕགས་སྒྲོག་བསྣམས། །གཤོག་གཉིས་ཞབས་བཞི་བརྐྱངས་བསྐུམས་དོར་སྟབས་ཚུལ། །སྐུ་གསུང་ཐུགས་སྲོག་དུར་ཁྲོད་ཆས་ཀུན་རྫོགས། །པདྨ་གཟི་ལྡན་བདེ་ཆེན་ཡུམ་མཆོག་འཁྲིལ། །ཕྱག་ཞབས་ཆས་རྫོགས་བརྡས་བསྐུལ་གཙོ་དང་འདྲ། ཁྲར་རྩིབས་སྟེང་དུ་རྡོ་རྗེ་དབང་ཆེན་དཀར། །གཡས་པ་རྡོ་རྗེ་གཡོན་པ་ཐོད་ཁྲག་བསྣམས། །རྡོ་རྗེ་དབང་ཕྱུག་གཡས་འཁྱུད་གཡོན་དམར་སྟོབ། །ལྷོ་རྩིབས་སྟེང་དུ་རིན་ཆེན་དབང་ཆེན་སེར། །གཡས་པ་རིན་ཆེན་གཡོན་པ་ཐོད་ཁྲག་བསྣམས། །རཏྣ་དབང་ཕྱུག་གཡས་འཁྱུད་གཡོན་དམར་སྟོབ། །ནུབ་རྩིབས་སྟེང་དུ་པདྨ་དབང་ཆེན་དམར། །གཡས་པ་པད་དཀར་གཡོན་པ་ཐོད་ཁྲག་བསྣམས། །པདྨ་དབང་ཕྱུག་གཡས་འཁྱུད་གཡོན་ཁྲག་སྟོབ། །བྱང་རྩིབས་སྟེང་དུ་ཀརྨ་དབང་ཆེན་ལྗང་། །གཡས་པ་རྒྱ་གྲམ་གཡོན་པ་ཐོད་ཁྲག་བསྣམས། །ཀརྨ་དབང་ཕྱུག་གཡས་འཁྱུད་གཡོན་དམར་སྟོབ། །སྤྲུལ་འཁོར་ཟིལ་གནོན་ཁྲོ་བོ་ཡབ་ཡུམ་བརྒྱད། །སྒོ་སྐྱོང་བཀའ་སྲུང་པདྨ་གསུང་རྫོགས་ཤར། །དཀྱིལ་འཁོར་བྱང་དབུས་ཟླ་གམ་ཨེ་ཡི་དབུས། །ལྷ་ཆེན་ཉི་ཟླ་པདྨ་འོད་འབར་སྟེངས། །བཅོམ་ལྡན་ལས་མཆོག་རྡོ་རྗེ་གཞོན་ནུའི་སྐུ། །མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་བཞད་གཤེ་རྔམ། །གཡས་གཡོན་དང་པོ་རྩེ་དགུ་མེ་དཔུང་བསྣམས། །བར་གཉིས་རྩེ་ལྔ་ཁ་ཊ༷་མཐར་ཕུར་འདྲིལ། །གཤོག་གཉིས་ཞབས་བཞི་བརྐྱངས་བསྐུམས་དོར་སྟབས་ཚུལ། །སྐུ་གསུང་ཐུགས་སྲོག་དུར་ཁྲོད་ཆས་རྣམས་རྫོགས། །འཁོར་ལོ་རྒྱབ་འདེབས་ཡུམ་ཆེན་སྐུ་ལ་འཁྲིལ། །ཕྱག་ཞབས་ཆས་ཛོགས་བརྡས་བསྐུལ་གཙོ་དང་འདྲ། ཁྲར་རྩིབས་སྲས་མཆོག་བུརྙ་ཀི་ལ་དཀར། །གཡས་པ་ཕུར་པ་གཡོན་པ་ཐོད་ཁྲག་བསྣམས། །ཡུམ་གཅིག་སངས་རྒྱས་གཡས་འཁྱུད་གཡོན་དམར་སྟོབ། །ལྷོ་རྩིབས་སྲས་མཆོག་རཏྣ་ཀི་ལ་སེར། །གཡས་པ་དགྲ་སྟུ་གཡོན་པ་ཐོད་ཁྲག་བསྣམས། །ཡུམ་ཆེན་རིན་ཆེན་གཡས་འཁྱུད་གཡོན་དམར་སྟོབ། །ནུབ་རྩིབས་སྲས་མཆོག་པདྨ་ཀི་ལ་དམར། །གཡས་པ་གྲི་གུག་གཡོན་པ་ཐོད་ཁྲག་བསྣམས། །ཡུམ་གཅིག་པདྨ་གཡས་འཁྱུད་གཡོན་དམར་སྟོབ། །བྱང་རྩིབས་སྲས་མཆོག་ཀརྨ་ཀི་ལ་ལྗང་། །གཡས་པ་མདུང་ཐུང་གཡོན་པ་ཐོད་ཁྲག་བསྣམས། །ཡུམ་གཅིག་ལས་བྱེད་གཡས་འཁྱུད་གཡོན་དམར་སྟོབ། །སྤྲུལ་འཁོར་ཁྲོ་བཅུ་ཡབ་ཡུམ་ཟ་གསོད་བཅས། །སྒོ་སྐྱོང་བཀའ་སྲུང་ཕྲིན་ལས་ཕུར་ཚོགས་ཤར། ཁྲར་ལྷོའི་དཀྱིལ་འཁོར་ཟླ་གམ་ཨེ་དབུས་སུ། །མ་མོ་ཉི་ཟླ་པདྨ་འོད་འབར་སྟེང་། །དཔལ་ཆེན་བླ་མེད་གསང་བ་མངོན་རྫོགས་སྐུ། །མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་བརྗིད་དང་ལྡན། །གཡས་གསུམ་རྡོ་རྗེ་ཁྱུང་ཁྲ་སྦྲུལ་ཞགས་བསྣམས། །གཡོན་གསུམ་བྷན་དམར་ཞིང་དབྱུག་དུང་ཆེན་བསྣམས། །ཀུན་བཟང་ཉིད་བཞི་བདེ་མཆོག་སྐུ་ལ་འཁྲིལ། །གཡས་པ་དྲིལ་བུ་གཙོ་འཁྱུད་གཡོན་དམར་སྟོབ། །ཡབ་ཡུམ་སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས། །འཁོར་ལོའི་རྩིབས་ཤར་རྣམ་སྣང་གསལ་དཀར་མོ། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ཐོད་ཁྲག་བསྣམས། །འཁོར་ལོའི་ལྷོ་རྩིབས་འོད་གསལ་འབར་སེར་མོ། །ཞལ་གཅིག་ཕྱག་གཉིས་རིན་ཆེན་ཐོད་ཁྲག་བ མས། །འཁོར་ལོའི་ནུབ་རྩིབས་གཉན་གསལ་འབར་དམར་མོ། །ཞལ་གཅིག་ཕྱག་གཉིས་པདྨ་ཐོད་ཁྲག་བ མས། །འཁོར་ལོའི་བྱང་རྩིབས་ཡང་གསལ་གཡས་སྔོན་མོ། །ཞལ་གཅིག་ཕྱག་གཉིས་རྒྱ་གྲམ་ཐོད་ཁྲག་བསྣམས། །དཔལ་ཆེན་མདུན་ཟུར་བཀྲག་གསལ་མཉམ་མཐིང་ནག །ཞལ་གཅིག་ཕྱག་གཉིས་འཁོར་ལོ་ཐོད་ཁྲག་བསྣམས། །སྤྲུལ་འཁོར་རྗེ་མོ་སྨན་མོ་བདུན་ཆུ་གཉིས། །སྒོ་སྐྱོང་བཀའ་སྲུང་རྦོད་གཏོང་ཡོངས་རྫོགས་ཤར། །ལྷོ་ནུབ་དཀྱིལ་འཁོར་ཟླ་གམ་ཨེ་ཡི་དབུས། །སེང་ཆེན་དར་གྱི་ཕོ་ལོང་པད་བརྩེགས་སྟེང་། །དཔལ་ཆེན་རྡོ་རྗེ་ཐོད་པ་རྩལ་མཆོག་སྐུ། །ཞལ་ཕྱག་སྐུ་མདོག་ཕྱག་མཚན་སྣ་ཚོགས་ཀྱང་། །མི་རྣམས་འདུལ་ཕྱིར་ཞལ་གཅིག་ཕྱག་གཉིས་གསལ། །གཡས་པ་རྡོ་རྗེ་གཡོན་པ་དྲིལ་བུ་འཁྲོལ། །གཉིས་མེད་ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་འཁྲིལ། །ཡབ་ཡུམ་སྐུ་ལ་རིན་ཆེན་རུས་པས་བརྒྱན། །དབང་གི་ཐོར་ཚུགས་ལྡེམ་པ་དར་དམར་བཅིངས། །འཁོར་ལེའི་རྩིབས་ཤར་ལྷུན་གྲུབ་རིག་འཛིན་དཀར། །རྩིབས་ལྷོར་ཕྱག་རྒྱ་ཆེན་པོའི་རིག་འཛིན་སེར། །ནུབ་རྩིབས་ཚེ་ལ་དབང་བའི་རིག་འཛིན་དམར། །བྱང་རྩིབས་རྣམ་པར་སྨིན་པའི་རིག་འཛིན་ལྗང་། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཐོར་ཚུགས་ཅན། །རིན་ཆེན་རུས་པ་དར་སྣའི་རྒྱན་གྱིས་སྤྲས། །སྤྲུལ་འཁོར་གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད། །སྒོ་སྐྱོང་བཀའ་སྲུང་རིག་འཛིན་ཡོངས་རྫོགས་ཤར། །ནུབ་བྱང་དཀྱིལ་འཁོར་ཟླ་གམ་ཨེའི་དབུས་སུ། །ལྷ་ཆེན་ཉི་ཟླ་པདྨ་འོད་འབར་ ང་། །དཔལ་ཆེན་དྲེགས་པ་ཀུན་འདུལ་འཇིགས་བྱེད་སྐུ། །མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་རྔམ་ལ་འཇིགས། །གཡས་གསུམ་རྡོ་རྗེ་ལྷ་བརྒྱད་མགོ་བོ་འཛིན། །གཡོན་གསུམ་བྷན་དམར་ཀླུ་བརྒྱད་མགོ་བོ་བསྣམས། །སྲིད་པ་སྤྱི་འདུལ་སྐུ་ལ་དགྱེས་པར་འཁྲིལ། །འཁོར་རྩིབས་ཤར་དུ་ཡ་མ་རྭ་ཛ་ནག །གཡས་པ་བེ་ཅོན་གཡོན་པ་ཐོད་དབྱུག་བསྣམས། །སྒྲོལ་བྱེད་ཡུམ་ནག་འཁོར་ལོ་ཐོད་ཁྲག་སྟོབ། །འཁོར་རྩིབས་ལྷོ་རུ་སྐོས་རྗེ་དྲང་དཀར་ནག །གཡས་པ་ཁྲམ་ཤིང་གཡོན་པ་ཐོད་ཁྲག་བསྣམས། །ནག་མོ་རེ་ཏི་ཁྲམ་ཤིང་ནད་རྐྱལ་ཐོགས། །འཁོར་རྩིབས་ནུབ་ཏུ་སྲིན་པོ་གློག་ཕྲེང་ནག །གཡས་པ་གློག་ཕྲེང་གཡོན་པ་སེར་བ་ཐོགས། །སྦལ་མགོ་ཁྲག་མིག་ཕུར་པ་མི་མགོ་འཛིན། །འཁོར་རྩིབས་བྱང་དུ་གནོད་སྦྱིན་མེ་དཔལ་ནག །གཡས་པ་རིན་ཆེན་གཡོན་པ་ཟངས་གྲི་བསྣམས། །གནོད་སྦྱིན་སྔོན་མོ་སྐྲུ་གྲི་གཡུ་སྦྱང་ཐོགས། །སྤྲུལ་འཁོར་སྡེ་དཔོན་ཉི་ཤུ་རབ་འཇིགས་བསྐོར། །ཡང་སྦྲུལ་མགོ་སྐྱོང་འཇིག་རྟེན་དྲེགས་ཚོགས་ཤར། །བྱང་ཤར་དཀྱིལ་འཁོར་ཟླ་གམ་ཨེ་ཡི་དབུས། །དགྲ་བགེགས་ཉི་ཟླ་པདྨ་འབར་བའི་སྟེང་། །དཔལ་ཆེན་དྲག་པོ་སྟོབས་ལྡན་ནག་པོའི་སྐུ། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་དོར་སྟབས་བགྲད། །དབུ་གསུམ་མཐིང་ནག་ནག་དང་ནག་འཚེར་ཁྲོས། །གཡས་གསུམ་རྡོ་རྗེ་ལྷ་བརྒྱད་ཙིཏི་བསྣམས། །གཡོན་གསུམ་ཐོད་ཁྲག་ཀླུ་བརྒྱད་ཙིལྟི་འཛིན། །འབྱུང་ལྔའི་བདག་མོ་གཟུགས་འདེགས་འདོད་ཁམས་གནོན། །རྩིབས་ཤར་གཤིན་རྗེ་འཆི་བདག་ནག་པོའི་སྐུ། །གཡས་པ་གྲི་གུག་གཡོན་པ་ཐོད་ཁྲག་བསྣམས། །གསོད་བྱེད་ནག་མོ་ཟངས་གྲི་ཙིསྟ་འཛིན། །རྩིབས་ལྷོར་བདུད་ནག་མེ་ཡི་ཁ་རླངས་ཅན། །གཡས་པ་ཁ་ཊ༷་གཡོན་པ་ཏྲི་ཤཱལ་ཐོགས། །བདུད་མ་ནག་མོ་ཁྲམ་ཤིང་ཐོད་རློན་འཛིན། །ནུབ་རྩིབས་སྲིན་པོ་གསོད་བྱེད་འབར་བ་སྨུག །གཡས་པ་རལ་གྲི་གཡོན་པ་ཐོད་ཁྲག་ཐོགས། །ཟ་བྱེད་ནག་མོ་གྲི་གུག་ཐོད་ཁྲག་ཐོགས། །བྱང་རྩིབས་གནོད་སྤྱིན་གང་བ་བཟང་པོ་སྔོ། །གཡས་པ་རལ་གྲི་གཡོན་པ་དར་ནག་འཕྱར། ཁྲ་ཟ་སྔོན་མོ་དར་ནག་མི་ལྤགས་ཐོགས། །སྒྲུལ་འཁོར་སྡེ་དཔོན་འཇིགས་བྱེད་བཅུ་ཡིས་བསྐོར། །སྔགས་བདག་དྲེགས་པ་ཡོངས་རྫོགས་དྲག་པོ་ཤར། །ཀུན་ཀྱང་ཁྲོ་རྔམ་སྒེག་པ་དཔའ་ལ་འཇིགས། །སྙིང་རྗེའི་སྤྱན་ལྡན་གར་དགུའི་ཆས་རྫོགས་གསལ། །དཀྱིལ་འཁོར་ཆེན་པོའི་ཕྱི་ཁྱམས་འཁོར་ཡུག་ཏུ། །སྤྲུལ་འཁོར་ཡང་སྤྲུལ་བཀའ་ཉན་ཕོ་ཉ་སྟེ། །སྤྲུལ་འཁོར་གོང་སྨོས་སྲས་མིན་བདེ་བརྗོད་རྣམས། །མངོན་སྤྱོད་ལས་ཀྱིས་གདུལ་དཀའི་འགྲོ་འདུལ་ཕྱིར། །སྐུ་མདོག་སྣ་ཚོགས་གདབ་ཕུར་བརྒྱ་རྩར་གསལ། །མཁའ་འགྲོ་གིང་གཙོ་བཞི་བཞི་མ་སྲིང་ཤར། །སྒོ་བཞི་སྐྱོང་མཛད་ཁྲོ་རྒྱལ་ཡབ་ཡུམ་བརྒྱད། །ཡ་ནཱརྙ་ཀྲིཏ་དཀར་པོ་ཐོད་དབྱུག་ལྕགས་ཀྱུ་ཐོགས། །པྲ་སྐོརྙ་ཀྲིཏ་སེར་པོ་རྩེ་གསུམ་ཞགས་པ་ཐོགས། །པདྷརྙ་ཀྲིཏ་དམར་པོ་ཐོད་སྦྲུལ་ལྕགས་སྒྲོག་ཐོགས། །བི་རྙ་ཀྲིཏ་ལྗང་གུ་རྒྱ་གྲམ་དྲིལ་བུ་ཐོགས། །རྟ་གདོང་དཀར་མོ་ཕག་ནག་སྤྲེའུ་དམར་སྦྱོང་གདོང་ལྗང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །སྡིགས་མཛུབ་སྒོ་འདབ་གཡས་གཡོན་ནང་ངོས་ཤར། །ཕྱི་རིམ་ལྕགས་རིའི་སྐོར་དུ་དབང་ཕྱུག་མ། །ཉེར་བརྒྱད་ཌའ་ཀི་སུམ་ཅུ་རྩ་གཉིས་དང་། །གིང་ཆེན་བཅོ་བརྒྱད་ལསྐོ་བརྟན་མ་དང་། །ཕོ་ཉ་དྲུག་ཅུ་རྩ་བཞི་སྤྱིན་ལྟར་བསྐོར། །སྣང་སྲིད་ཡོངས་རྫོགས་ལྷར་གསལ་རྣམ་པར་དག །ཆོས་སྐུའི་རང་རྩལ་ཞི་དང་ཁྲོ་གར་བསྒྱུར། །ཞི་ལྷ་བསམ་ཡས་དམ་པ་རིགས་བརྒྱར་འདུས། །དེ་ཉིད་བཞི་བཅུ་རྩ་གཉིས་ལྷ་ལ་ཐུག །དེ་དག་རྒྱལ་བ་སྐུ་ལྔར་ཡོངས་རྫོགས་ཤིང་། །དེ་ཡང་གསངཆེནཡངནནམགསུམ་གཅིག་རྡོ་རྗེ་སེམས་དཔར་ཐུག །དེ་བཞིན་བདེ་གཤེགས་ཡོངས་རྫོགས་སྐུ་བསྒྲུབ་མཐའ། །བསམ་འདས་འཇམ་དཔལ་གཤིན་རྗེ་གཤེད་ལ་ཐུག །གསུང་བསྒྲུབ་ལྷ་མཐའ་རྟ་མགྲིན་དབང་ཆེན་ལ། །ཐུགས་བསྒྲུབ་ལྷ་རྣམས་བཛྲ་ཧེ་རུའི་སྐུ། །ཡོན་ཏན་ལྷ་ཚོགས་ཆེ་མཆོག་ཉིད་ལ་ཐུག །ཕྲིན་ལས་ལྷ་ཚོགས་རྡོ་རྗེ་གཤོན་ནུ་ཉིད། །རྦོད་གཏོང་བསྒྲུབ་མཐའ་བླ་མེད་ཧེ་རུར་ཐུག །རིག་འཛིན་བསྒྲུབ་མཐའ་རྡོ་རྗེ་ཐོད་པ་རྩལ། །འཇིག་རྟེན་བསྒྲུབ་མཐའ་དྲེགས་པ་ཀུན་འདུལ་ཏེ། །དྲག་སྔགས་བསྒྲུབ་མཐའ་སྟོབས་ལྡན་ཉིད་ལ་ཐུག །ཐམས་ཅད་ཡོངས་རྫོགས་ཚོམ་དགུར་བདེ་གཤེགས་འདུས། །དྲིལ་བསྒྲུབ་ཁྲོ་རྒྱལ་ཀུན་གྱི་ཐུག་མཐའ་ཡིན། །སྐུ་ཡི་རང་བཞིན་ཤེས་ན་ཡང་དག་སྐུ། །སྐུ་ཡི་རྣམ་བཀོད་དེ་ཉིད་རབ་བསྟན་ནས། །གསང་བ་སྔགས་ཀྱི་དེ་ཉིད་བསྟན་པར་བྱ། །བདེ་གཤེགས་ཡོངས་རྫོགས་རྣམ་དག་ཆོ་འཕྲུལ་ནི། །ཐབས་ཤེས་མ་འགགས་རང་བྱུང་ཡི་གེར་གྲགས། ཀ་ཁ་ག་བྷ་ང་། ཙ་ཚ་ཛ་རྙོ་ཉ། ཊ་ཋ་ཌ་རྟེ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྟ༷༷། གསལ་བྱེད་ཐབས་ཀྱི་ཡི་གེ་ཡབ་ཏུ་ཤར། ཨ་ཨུ། ཨི་སྙི། །ཨུ་སྤུ། རེ་རྡི། ལི་རྣ། ཨེ་ཨེ། ཨོ་ཨོ། ཨ༷་ཨ༷༷། ཤེས་རབ་དབྱིངས་ཀྱི་ཡི་གེ་ཡུམ་དུ་ཤར། །ཐབས་ཤེས་ཡབ་ཡུམ་གཉིས་མེད་རོལ་པའི་མཐུས། །སྔགས་ཀྱི་སྒྲ་སྐད་མ་འགགས་སྣ་ཚོགས་སྒྲོགས། །ཆོས་སྒྲས་འཇིག་རྟེན་ཡོངས་ཁྱབ་ངོ་མཚར་ཆེ། །ཐབས་ཀྱི་རྡོ་རྗེ་གསལ་བྱེད་ཤེས་རབ་པདྨར་སྦྱར། །ཟུང་འཇུག་སྦྱོར་མཚམས་ནས་བྱུང་སྔགས་ཐེམ་ནི། །སྔགས་རྣམས་དང་པོ་དབྱངས་ཀྱི་འབྲུ་དང་བགོ ཁྲེས་རབ་བཅུ་གསུམ་སྟེང་བཞག་བཅོ་ལྔའི་མགོ་བོས་བརྒྱན། །ཡེ་ཤེས་ལྔ་ལྡན་ཀུན་དབུར་དྲང་བྱ་ཨོ། །གསལ་བྱེད་གསུམ་གསུམ་དབྱངས་ཡིག་དྲུག་མཇུག་འཐུད། ཤེས་རབ་བཅོ་ལྔའི་མགོ་སྟེང་བརྒྱན་པ་ཧུ༷། །ཐབས་ཡིག་སོ་གཉིས་ཉེར་དགུ་ཕྱེད་བརྒྱན་གྲྭ། ཁྲེས་རབ་གཉིས་པའི་ཨུ་དང་ཐབས་ཀྱི་སོ་གསུམ་པ། །མཇུག་ལ་ཤེས་རབ་དང་འོག་བཏགས་པ་ཧྭ། །ཞི་བ་ཡོངས་རྫོགས་རིགས་ལྔའི་ཡང་སྙིང་ཡིན། །ཨོ་ཨུ༷༷རྒྱུ༷་གྲྭ་ཧྭ། ཨོ་དངཧྭཡིག་ཐོག་མཐའ་བརབཅུདྲུག །དམ་པ་རིགསབརྒྱ་འདུས་པའི་ཡང་སྙིང་ཡིན། ཨོ་ཨུ་ལི་ཀྭ་ལི་ཙྭ་ན་པ྅་སཏྭ་ཀྲོ་དྷ་མུ་ན་ཡེ་སྲུ་ཧྭ། ཨོ་དང་ཧྭ་ཡི་བར་ན་བཅུ་གཉིས་པ། བཞིབཅུརྩ་གཉིསཞི་བའི་སྙིང་པོ་ཡིན། ཨོ་བོདྷི་ཙིརྟིམ་ཧྭ་སུ་ཁ་ཙྭ་ན་དྷ་ཏུཨ། ཨོ་དང་ཧུ༷་བརརང་བྱུང་འབྲུ་གཅིག་ཨུ༷༷གནས་པ། ཨོ་ཨུ༷༷ཧུ༷་སངས་རྒྱས་ཀུན་འདུས་རིགས་གཅིག་ཡངསྙིང་ཡིན། །དེ་བཞིན་ཧུ༷ ནི་བདེགཤེགསཀུན་འདུས་ཡང་སྙིང་མཐའ། །ཨོ་ཕཊ་བར་ན་ཡི་གེ་བཅུགནས་པ། །ཨོ་བཛྲཀྲོདྷ་མ་ཧྭ་ཤི་ཧེརུ་ཀཧུ༷་ཕཊ། །ཆེ་མཆོག་ཡོན་ཏན་ཡོངས་རྫོགས་སྙིང་པོ་ཡིན། །ཨོ་ཕཊ་བར་ན་ཡི་གེ་བདུནགནས་པ། །ཨོ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷ ཕཊ། ཡངདག་ཐུགས་མཆོགཡོངས་རྫོགས་སྙིང་པོ་ཡིན། །ཨོ༷་ཕཊ་བར་ན་ཡི་གེ་བཅོ་ལྔཔ། །ཨོ༷་ཨུ་ཀྲོ་ཏེ་ཀ་ཡ་བཱརྙ་ཀ་ཧ་ན་མ་ཐ་བྷརྫི་ཧྭ༷་ཕཊ། གཤིན་རྗེ་གཤེད་པོ་ཡོངས་རྫོགས་སྙིང་པོ་ཡིན། །ཨོ་ཕཊ་བར་ནཡི་གེ་བཅུ་བདུན་པ། །ཨོ་པདྷརྙ་ཀྲིཏ་མ་ཧྭ་ཀྲོ་དྷ་ཧཡ་རྒི་བ་ཧུ་ལུཧུ་ལུ་ཧུ༷ ཕཊ། པདྨ་དབང་ཆེན་ཡོངས་རྫོགས་སྙིང་པོཡིན། །ཨོ་ཕཊ་བར་ན་ཡི་གེ་བཅུ་གཉིས་པ། །ཨོ་བཛྲ་ཀི་ལི་ཀེ་ལ།སརྦབིལྷུ༷་བ༷་ཧུ༷་ཕཊ། ཕུར་པའཕྲིནལས་ཡོངས་རྫོགསསྙིང་པོ་ཡིན། །ཨོཕཊ་བརན་ཡིགེ་རྩ་དགུཔ། །ཨོ༷ གུརྒྱ་ཙྭ་ན་ཤིཧེ་རུ་ཀ །གུ་རྒྱ་ཙྭ་ན་ཀྲོདྷི་ཤྭ་རྡི་སྟུ༷། མ་མ་ཡོགི་ནི་རུ་ལུ་རུ་ལུཧུ༷་སྨྱོ་ཧུ༷་ཕཊ། རྦོད་གཏོངམམོ་ཡོངས་རྫོགས་སྙིང་པོ་ཡིན། །ཨོ་ཕཊ་བར་ན་ཡི་གེ་བརྒྱད་གནས་པ། །ཨོ་བཛྲ་མ་ཧྭ་གུ་རུ་སརྦ་ཧུ༷་ཕཊ། རིག་འཛིན་སློབ་དཔོན་ཡོངས་རྫོགས་སྙིང་པོ་ཡིན། །ཨོ་ཕཊ་བར་ན་ཡི་གེ་བརྒྱད་གནས་པ། །ཨོ་བཛྲ་ཙཎྜསརྦ་དུཁུ་ཧུ༷་ཕཊ། འཇིག་རྟེན་མཆོད་བསྟོད་ཡོངས་རྫོགས་སྙིང་པོ་ཡིན། །ཨོ་ཕཊ་བར་ན་ཡི་གེ་དྲུག་གནས་པ། །ཨོ་བཛྲ་སརྦ་དུཁུ་ཧུ༷་ཕཊ། དམོད་པ་དྲག་སྔགས་ཡོངས་རྫོགས་སྙིང་པོ་ཡིན། །ཐབས་ཤེས་འོད་ཟེར་སྲས་ཀྱི་དགོས་སྔགས་ནི། །ཨོ་ཤི་མ་ཧྭ་རསྒ་ཧེ་རུ་ཀ་ཧུ༷་ཕཊ། ཨོ་རསྒ་ཀྲོ་དྷི་ཤྭ་རྡི་ཧུ༷་ཕཊ། ཨོ་ཤི་མ་ཧྭ་གུ་རྒྱ་ཧེ་རུ་ཀ་ཧུ༷་ཕཊ། ཨོ་གུ་རྒྱ་ཀྲོ་དྷི་ཤཱ་རི་ཧུ༷་ཕཊ། ཨོ་ཤི་མ་ཧྭ་བི་ཤཱ་ཧེ་རུ་ཀ་ཏཱ༷་ཕཊ། ཨོ་བི་ཤྭ་ཀྲོ་དྷི་ཤྭ་རི་ཧུ༷་ཕཊ། ཨོ་མ་ཧྭ་ཡཀྟ་ཧེ་རུ་ཀ་ཧུ༷་ཕཊ། ཨོ་ཡཀྟ་ཀྲོ་དྷི་ཤཱ་རྡི་ཧུ༷་ཕཊ། ཆེ་མཆོག་སྲས་བཞི་ཧེ་རུ་ཀ་ཡབ་ཡུམ་གྱི་སྙིང་པོའོ། །ཨོ་བྲརྙ་ཤི་ཧེ་རུ་ཀ་ཧུ༷་ཕཊ། ཨོ་བྲརྙ་ཀྲོ་དྷི་ཤཱ་རྡི་ཧེ་རུ་ཀ་ཧུ༷་ཕཊ། ཨོ་རཏྣ་ཤི་ཧེ་རུ་ཀ་ཧུ༷་ཕཊ། ཨོ༷་རཏྣ་ཀྲོ་དྷི་ཤྭ་རྡི་ཧུ༷་ཕཊ། ཨོ་པདྨ་ཤི་ཧེ་རུ་ཀ་ཧུ༷་ཕཊ། ཨོ་པདྨ་ཀྲོ་དྷི་ཤཱ་རྡི་ཧུ༷་ཕཊ། ཨོ་ཀརྨ་ཤི་ཧེ་རུ་ཀ་ཧུ༷་ཕཊ། ཨོ་ཀརྨ་ཀྲོ་དྷི་ཤྭ་རྡི་ཧུ༷་ཕཊ། བཛྲ་ཧེ་རུ་ཀའི་སྲས་བཞི་རིགས་བཞི་ཧེ་རུ་ཀ་ཡབ་ཡུམ་གྱི་སྙིང་པོའོ། །ཨོ་ཡ་མ་རྭ་ཛ་པྲེ་ཏ་ཐོ་ལི་ཧུ༷་ཕཊ། ཨོ་རཀློ་རཀློ་སྙིང་རྩ་ལ་ཤ་མ་སྨྱོ། །ཨོ་ཡ་མ་རྭ་ཛ་པྲེ་ཏ་བི་དི་མརྡ་ཀ་ཧུ༷་ཕཊ། ཨོ་རཀློ་རཀློ་ཁྲག་ལ་མུ་ཤ་མ་སྨྱོ། ཨོ་ཡ་མ་རྭ་ཛ་པྲེ་ཏ་ཛ་ལ་ཧུ༷་ཕཊ། ཨོ་རཀློ་ཏིང་ལ་མ་མ་སྨྱོ། ཨོ་ཡ་མ་རྭ་ཛ་ཀྭ་ལ་ཁྲེ་པྲེ་ཏོད་ཀ་ཊ་ཧུ༷་ཕཊ། ཨོ་རཀློ་རཀློ་ཏིང་ཀ་ལ་མ་སྨྱོ། །གཤིན་རྗེ་གཤེད་སྲས་རིགས་བཞིའི་ཡབ་ཡུམ་གྱི་སྙིང་པོ་ཡིན་ནོ། །ཨོ་པདྨ་ཀྲོ་དྷ་ཧ་ན་ཧ་ན་ཧུ༷་ཕཊ། ཨོ་བཛེ་ཤྭ་རྡི་ཀྲོ་དྷི་ཧུ༷་ཕཊ། ཨོ་རསྣེ་པདྨ་ཀྲོ་དྷ་ད་ཧ་ད་ཧ་ཧུ༷་ཕཊ། ཨོ་རཏྣ་ཤྭ་རྡི་ཀྲོ་དྷི་ཧུ༷། ཨོ་པདྨ་ཀྲོ་དྷ་པ་ཙ་པ་ཙ་ཧུ༷་ཕཊ། ཨོ་པརླེ་ཀྲོ་དྷི་ཤྭ་རྡི་ཧུ༷་ཕཊ། ཨོ་ཀརྨ་པདྨ་ཀྲོ་དྷ་བན་དྷ་བན་དྷ་ཧུ༷་ཕཊ། ཨོ་ཀརྨ་ཤྭ་རྡི་ཧུ༷་ཕཊ། པདྨ་དབང་ཆེན་སྲས་རིགས་བཞི་ཡབ་ཡུམ་གྱི་སྙིང་པོའོ། །ཨོ་བུརྙ་ཀི་ལི་ཀི་ལ་ཡ་ཧུ༷་ཕཊ། ཨོ་བུརྙ་ཀྲོ་དྷི་ཤྭ་རྡི་ཧུ༷། ཨོ་རཏྣ་ཀི་ལི་ཀི་ལ་ཡ་ཧུ༷་ཕཊ། ཨོ་རཏྣ་ཀྲོ་དྷི་ཤྭ་རྡི་ཧུ༷། ཨོ་པདྨ་ཀི་ལི་ཀི་ལ་ཡ་ཧུ༷་ཕཊ། ཨོ་པདྨ་ཀྲོ་དྷི་ཤྭ་རྡི་ཧུ༷། ཨོ་ཀརྨ་ཀི་ལི་ཀི་ལ་ཡ་ཧུ༷་ཕཊ། ཨོ་ཀརྨ་ཀྲོ་དྷི་ཤཱ་རྡི་ཧུ༷། རྡོ་རྗེ་གཞོན་ནུ་སྲས་བཞི་ཡབ་ཡུམ་གྱི་སྙིང་པོའོ། །ཨོ་སྒྲི་ས་མུ་ཧུ༷་གྲྭ་ཧྭ། ཨོ་ཛ་ལ་ར༷་པ་ཧ། ཨོ་སྟི་ཤ་སརྙི་ཧ། །ཨོ་སྟི་ར་ཡ༷་ལ༷་ཏེ་ཧ། ཨོ་མ་ཧྭ་ལ༷་ཏེ་ཧ། བླ་མེད་ཧེ་རུ་ཀའི་ཡུམ་རྟག་པའི་རྒྱལ་མོ་ལྔའི་སྙིང་པོའོ། །ཨོ་བྲརྙ་གུ་རུ་མ་ཧྭ་ཧུ༷། ཨོ་རཏྣ་གུ་རུ་མ་ཧྭ་ཧུ༷། ཨོ་པདྨ་གུ་རུ་མ་ཧྭ་ཧུ༷། ཨོ་ཀརྨ་གུ་རུ་མ་ཧྭ་ཧུ༷། རིག་འཛིན་བཞིའི་སྙིང་པོའོ། །ཡ་མ་རྭ་ཛ་སྨྱོ། ཡ་མ་དན་ཏི་ཡ་ཛ་སྨྱོ། དུ་ཕྲག་དུ་ཛ་སྨྱོ། དུན་ཏིང་དུ་ཛ་སྨྱོ། རཀྟ་ར་ཛ་སྨྱོ། རཀློ་ར་ཛ་སྨྱོ། ཡཀྟ་ཀྟ་ཛ་སྨྱོ། ཡཀློ་ཀྟ་ཛ་སྨྱོ། དྲེགས་པ་ཀུན་འདུལ་སྲས་ཕོ་ཉ་ཡབ་ཡུམ་གྱི་སྙིང་པོའོ། །ཡ་མ་རྭ་ཛ་ཙིསྟ་ཧྲི་ཧྲི་སྦྱོ། རཀྟ་ར་ཙིསྟཧྲི་ ་ཧྲི་སྨྱོ། རཀློ་ར་ཙིསྟ་ཧྲི༷་ཧྲི་ཛ་སྨྱོ། ཡཀྟ་ཀྟ་ཙིསྟ་ཧྲི༷་ཧྲི༷་ཛ་སྨྱོ།ཡཀློ་ཀྟ་ཙིཀྟ་ཛ་སྨྱོ་མ་མ་རུ་ལུ་ཙིསྟ་ཧྲི༷་ཧྲི༷་ཛ་སྨྱོ། དུ་ཕྲག་དུ་ཙིསྟ་ཧྲི༷ཧྲི་༷་ཛ་སྨྱོ། དུན་ཏིང་དུ་ཙིལྟི་ཧྲི༷་ཧྲི༷་སྨྱོ། སྟོབས་ལྡན་ནག་པོ་སྲས་སྔགས་བདག་རིགས་བཞིའི་སྙིང་པོའོ། །ཨོ༷་ཨ་ཀྲོ་ཏེ་ཀ་ཡ་མྱརྙ་ཀ་ཧ་ན་མ་ཐ་བྷརྫི་ཧྲུ༷་ཕཊ།ཡ་མ་རྭ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡ་སྟེ་ཡ། ཡསྟེ་ཡསྣྲོ་ནི་རྭ་མ་ཡ། ཆེ་གེ་མོ་མྱ་ར་ཡ་ཧུ༷་ཕཊ། གཤིན་རྗེ་ཡོངས་རྫོགས་ཀྱི་དྲག་སྔགས་སོ། །ཨོ་པདྨརྙ་ཀྲིཏ། ཧ་ཡ་རྒི་ཝ། མ་ཧྭ་ཀྲ་་དྷ། ཨེ་ཀ་ཛ་རྟི། ས་མ་ཡ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷། ཨ་ར་ལི་ཛ། ཀྲོ་དྷ་བྲ་བེ་ཤ ཚལ་པ་ཚལ་པ། དུམ་བུ་དུམ་བུ་ཧུ༷་ཕཊ། པདྨ་དབང་ཆེན་ཡོངས་རྫོགས་ཀྱི་སྙིང་པོའོ། །ཨོ་རུ་ལུ་རུ་ལུ་ཧུ༷་སྣྲོ་ཧུ༷། ཨོ་ཨུ་ཧུ༷་ཧ་ཧེ་ཧུ༷་ཕཊ། ཧུ༷་ནི་མ་ཙིརྟི།རྡུལ་ཕྲན་རྡུལ་ཕྲན། ཀེ་ཀེ་རཀྟ། མ་རུ་ཙེ་སྙིང་ལ་ཤད་ཤད། ཙིན་དྷ་མ་རུས་ལ་ཀེ་ཀེ། རུ་ཏི་ཤ་རྦད། ཛ༷༷ཧུ༷་བ༷་ཧོ༷༷། དབུགས་ལ་ལུབ་ལུབ། ཨ་ཧུ༷་མ་མ་སྨྱོ་ཛ། རུ་ལུ་རུ་ལུ་རཀློ་སྨྱོ་ཛ་ཛ། ཡང་དག་ཡོངས་རྫོགས་དྲག་སྔགས་སོ། །ཨོ༷་ཤི་མ་ཧྭ་ས་མ་ཡ། བཛྲ་ཡཀྟ་ཧེ་ཧ་ཧུ༷། ཨོ་བི་ཤྭ་ཀྲོ་དྷ་ཀྲོ་དྷ་ཛ་ལ་མཎྜ་ལ་ཧུ༷། མ་ཧྭ་སྲོག་ཤ་ཁ་ཐུན་ཧ་ལ་ཧ་ལ་ཧུ༷་ཕཊ། ཛ༷༷ཛ༷༷། ཆེ་མཆོག་ཡོངས་རྫོགས་དྲག་སྔགས་སོ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཨོ་སརྦ་བི༷་བ༷་༷་ཕཊ། མ་མ་རཀློ་ཡཀློ་ཀྭ་ལ་དུ་པ་ ང་རྩ་ལ་ཡ༷་ཡ༷། སྲོག་ལ་ཡ༷་ཡ༷། ང་ལ་ཕྲིལ་ཕྲིལ། སྲོག་ལ་ཆུ༷་ཆུ༷། ཙི ་སྲོག་ལ་ཏུང་ཏུང་། ང་ཁྲག་ཤད་ཛ། ཐུམ་རི་ལི་ལི། སྙིང་ཙེག་ཙེག་འུར་འུར། ཤིག་ཤིག གུལ་གུལ། མྱགས་མྱགས། སོད་སོད། དྷ་དྷི་མ་མ། ཀརྨ་ཤི་སྨྲ༷་ཀ་རྭ་ཡ། རྭ་ར་སེ་ན་ཕྲ་མརྡ་ནཱ་ཡ་ཧུ༷་ཕཊ། ཕུར་པ་ཡོངས་རྫོགས་དྲག་སྔགས་སོ། །ཨོ་བཛྲ་ནི་ལ་ཁ་ཊ༷་ག་ཀྲོ་དྷི་ཤྭ་རྡི། བྷ་ག་པདྨ་རྒྱ་བདེ་ཀློང་ཤོན་མ་ཛ༷༷ཛ༷༷སྨྱོ་སྨྱོ། མ་མ་རཀྟ་མ་མ་རཀྟ་རུ་ལུ་རུ་ལུ། རཀློ་སྙིང་ཁྲག་ལ་མ་སྨྱོ། ཏྲག་རཀྟ་མ་མ་སྲོག་ཐུན་སྤྱོ། ཆེ་གེ་མོ་དྲི་དུག་སྙིང་བཱ་ར་ཡ་ཕཊ། བཛྲ་ཏ་ཚ་ཁྲིམ་མུགས་ཤ་མུགས་ཤ །རྦད་ད་ར་རྦད་ད་ར། མུགས་ཏེ་མྱོགས་ཤར་སོད། ཙི་སོད་སྙིང་ལ་ཐུམ་རིལ་ཡུ། མིག་དཀྱུས་ནས་ཕྱུང་ཞིག །རྒྱུངས་པ་རྩད་ནས་ཆོད་ཅིག ལྕེ་ལྐོག་ནས་དྲོངས་ཤིག མ་མོ་ཡོངས་རྫོགས་དྲག་སྔགས་སོ། །ཨོ་བཛྲ་མ་ཧྭ་གུ་རུ་སརྦ་ཧུ༷་ཕཊ། ཨོ་ཀྭ་ལ་དུ་པ་ཆེ་གེ་མོ་མུ་ར་ཡ་ཧུ༷་ཕཊ། རིག་འཛིན་ཡོངས་རྫོགས་དྲག་སྔགས་སོ། །ཨོ་བཛྲ་ཙཎྜ་སརྦ་དུ྅ན་ཧུ༷་ཕཊ། གིང་ཀ་ར་བདུད་ཏྲི་མྱ་ར་ཡ་ཧུ༷། ཨ་བི་ཤུ་བ་ཤ་མི་ཀི་ནཱ་ག་ཡཀྟ། རཀྟ་མ་མ་ཆེ་གེ་མོ་མྱ་ར་ཡ་རྦད། འཇིག་རྟེན་ཡོངས་རྫོགས་དྲག་སྔགས་སོ། །ཨོ་བཛྲ་སརྦ་དུཁུ་ཧྭ༷་ཕཊ། ཡ་མ་ནཱ་ག་དེ་ག་རྭ་ཧུ་ལ། ཡཀྟ་རཀྟ་དྷ་ཤ་སྒྲི་ཝ། ཆེ་གེ་མོ་མྱ་ར་ཡ་རྦད། དམོད་པ་ཡོ༷ ངས་རྫོགས་དྲག་སྔགས་སོ། །ཨོ་ཨུ༷༷ཧུ༷་གྲྭ་ཧྭ། མུ༷་སྙི༷༷ཧུ༷་ཨ༷༷། ཨོ་བཛྲ་ཉི་མ་ཧྭ་ཀྲོ་དྷ་ཧུ༷། ཤི་ཧེ་རུ་ཀ །ཡ་མྱརྙ་ཀ །ཧྲི་པདྷརྙ་ཀྲིཏ། ཧུ༷་བཛྲ་ཀི་ལི་ཀི་ལ་ཡ། མ་ཧྭ་ཡཀྟ། ཀྭ་ལ་རྭ་བ། ཡཀྟ་ཀྲོ་དྷ། བཛྲ་སརྦ་དུསྐྱིན། ཨོ་ཛ་ཁྲོ་བཛྲ་ག་རུ་རྟ། མ་མ་ཀྲོ་དྷི་ཤྭ་རྡི། ཀརྨ་ར༷་ར༷། ཛ་ལ་ར༷་ར༷། ཧུ༷་ཧུ༷་ཕཊ་ཕཊ། ཞི་ཁྲོ་བདེ་གཤེགས་ཡོངས་རྫོགས་བསྙེན་བསྒྲུབ་ལས་སུ་བཅས་པའི་ནུས་འདྲིལ་ཆེན་མོའི་སྔགས་སོ། །ཨོ་བཛྲ་མ་ཧྭ་ཀྲོ་དྷ། པདྨ་ཀྲོ་དྷི་ཤྭ་རྡི་བཛྲ་ཀི་ལ་ཡ། མ་ཧྭ་ཡཀྟ་ཀྭ་ལ་དུ་པ། ཀརྨ་ར༷་ར༷་ཛ་ལ་ར༷་ར༷་ཧུ༷་ཕཊ།ཡོངས་རྫོགས་ནུས་པ་དྲིལ་བ་བསྙེན་བསྒྲུབ་ལས་སུ་བཅས་པའི་སྔགས་སོ། །ཨོ་ཡ་བཱརྙ་ཀྲིཏ་ཕཊ། བཛྲ་ཨ༷་ཀུ་ཤ་ཛ༷༷། ཨོ་པྲཙྭརྙ་ཀྲི་ཏ་ཕཊ། བཛྲ་བཱ་ཤ་ཧུ༷། ཨོ་པདྨན་ཏ་ཀྲིཏ་ཕཊ། བཛྲ་སྤྲོ་ཊ་བ༷། ཨོ་བིསྣྲུརྙ་ཀྲིཏ་ཕཊ།བཛྲ་གརྙི་ཧོ༷༷། སྒོ་བ་ཡབ་ཡུམ་བརྒྱད་ཀྱི་སྙིང་པོའོ། །ཐབས་ཤེས་གསལ་དབྱངས་དག་ལས་སྤྲོས་པ་ཡི། །གཞན་ཡང་ལས་བྱེད་སྙིང་པོ་གང་གང་དག །འདི་ཉིད་རྒོང་འོག་ཡན་ལག་ཀུན་ཤེས་འཕྲུལ། །ཐབས་ཤེས་ཨུ་ཀི་ཀྭ་ལིའི་དོན་ཤེས་ནས། །སྒྲར་གྲགས་ཐམས་ཅད་ཡོངས་རྫོགས་སྔགས་སྙིང་རང་ཤར་བས། །རྒྱུ་འཇུག་གནས་དེ་ཡི་གེ་གསུམ་གྱི་དངོས། །འགྱུས་དྲན་འཛིན་ཆགས་རང་གྲོལ་དོན་སྙིང་ཧུ༷། །བདེ་གཤེགས་ཡོངས་རྫོགས་གསུང་སྒྲུབ་ཐུགས་མཐའ་ནི། །ཞི་བ་མ་ལུས་སྙིང་པོ་གསུང་གི་མཐའ། ཨུ་ལི་བཅོ་བརྒྱད་སྔགས་ལ་ཡོངས་སུ་རྫོགས། །དེ་ཡང་བཞི་བཅུ་རྩ་གཉིས་སྙིང་པོའི་མཐའ། བོ་དྷི་བཅུ་བཞི་པ་ལ་ཡོངས་སུ་རྫོགས། །དེ་ཉིད་རིགས་ལྔའི་ཡང་སྙིང་འབྲུ་ལྔར་རྫོགས། །སྐུ་གསུམ་རིགས་གཅིག་གསུང་མཐའ་འབྲུ་གསུམ་སྟེ། །ཇི་ལྟར་ཇི་སྙེད་ཆོས་ཀུན་མཐར་ཐུག་དེ་ཉིད་ཡིན། །ཧུ༷་དུ་ཀུན་འདུས་ཡོངས་སུ་རྫོགས་པའི་དཔལ། །དེ་བྱིན་ཁྲོ་བོའི་གསང་སྔགས་མཐའ་ཡས་ལས། །ཆེ་མཆོག་སྔགས་འདུས་ཡི་གེ་བཅུ་གཉིས་ཏེ། །གཤིན་རྗེ་གཤེད་པོའི་སྔགས་མཐའ་བཅུ་བདུན་པ། །བཛྲ་ཧེ་རུའི་གསུང་མཐའ་འབྲུ་དགུ་མཆོག །དབང་ཆེན་གསུང་མཐའ་ཡིག་འབྲུ་བཅུ་དགུར་འདུས། རྡོ་རྗེ་གཞོན་ནུའི་གསུང་མཐའ་བྲུ་བཅུ་བཞི། བླ་མེད་ཧེ་རུའི་གསུང་མཐའ་སུམ་ཅུ་པ། རིགས་འཛིན་གསུང་མཐའ་ཡི་གེ་བཅུ་པར་ཐུག །དེ་བཞིན་དྲེགས་པ་ཀུན་འདུལ་གསུང་མཐའ་འབྲུ་བཅུ་པ། །སྟོབས་ལྡན་ནག་པོའི་གསུང་མཐའ་ཡི་གེ་བརྒྱད། །ཞི་ཁྲོ་ཡོངས་དྲིལ་སྔགས་མཐའ་དོན་བརྒྱད་ཡིན། །ཁྲོ་རྒྱལ་ཡོངས་རྫོགས་དྲག་སྔགས་སོ་ལྔར་འདུས། །དེ་ཉིད་གསུང་སྲོག་ཡི་གེ་ཧུ༷་ལ་རྫོགས། །གསུང་གི་རང་བཞིན་ཤེས་པས་གསུང་མཐའ་ཐུག །བདེ་གཤེགས་མ་ལུས་ཡོངས་རྫོགས་དགོངས་པའི་མཐའ། །བྱེ་བྲག་དང་ནི་ཡོངས་རྫོགས་ཡང་དག་བཤད། མ་རིག་འཆིང་བཟློག་འཆི་བདག་བདུད་ཆེན་པོ། །ཀུན་གཞི་ཡེ་ཤེས་སྙིང་པོ་རྟོགས་ནས་སངས། །མ་བཅོས་སྤྲོས་མེད་ངང་དངས་ལྷུག་པར་ཞོག །སྣང་སྲིད་ཁྲམ་འདེབས་གཤིན་རྗེ་གཤེད་དགོངས་ཡིན། །འཁོར་འདས་སྣང་སྟོང་དབྱེར་མེད་ ་སྐད་གསུམ། །རང་སེམས་དྲི་མེད་རྣམ་དག་ས་ལམ་བཅད། ། ང་་ང་དྲན་སྟོང་གྲག་སྟོང་སོ་མར་ཞོག །འཁོར་འདས་ཟིལ་གནོན་རྟ་སྐད་དགོངས་པ་ཡིན། །ཆོས་ཀུན་སེམས་སུ་ཡང་དག་གནས་ལུགས་ཏེ། །རང་བཞིན་རྣལ་འབྱོར་སྤྲོས་བྲལ་སྐུ་གསུམ་རྫོགས། །མ་བཀག་རང་འབྱུང་མ་འབྲེང་རང་ཞིར་ཞོག །གཟུང་འཛིན་མུན་གསལ་མེ་གཅིག་དགོངས་པ་ཡིན། །མ་རིག་རྣམ་རྟོག་ཉོན་མོངས་དུག་མཚོའི་ནང་། །རང་བྱུང་ཡེ་ཤེས་རྩི་བཅུད་ཐིག་ལེས་གཞོམ། །མ་སྤངས་མི་གནས་འདོད་ཡོན་རྣམ་དག་ཞོག །བདུད་རྩི་འཆི་མེད་དགོངས་པ་མཐར་ཐུག་ཡིན། །ང་བདག་གཟུང་འཛིན་དགྲ་བགེགས་ལིསྐོ་ལ། །རང་རིག་ཡེ་ཤེས་ཕུར་པས་ཁྱབ་པར་གདབ། །རྟོགས་པ་ཐལ་ཕྱུང་གསུམ་མཐའ་གཅིག་ཏུ་བཞག །ཕུར་པ་ཐལ་ཕྱིན་དགོངས་པ་ཆེན་པོ་ཡིན། །མ་གཅིག་ཀུན་གཞི་ཀུན་ཏུ་བཟང་མོ་ལ། །སྙིང་པོ་རིག་པའི་ཡེ་ཤེས་ཐམས་ཅད་མཁྱེན། །མ་ནོར་མ་བཅོས་ཀུན་ཁྱབ་མ་བསླབ་ཞོག །ཀུན་ཁྱབ་མ་ཆེན་དགོངས་པའི་མཐར་ཐུག་ཡིན། །ཐབས་ཤེས་ཀུན་ལྡན་ཡེ་སྟོང་བདག་ཉིད་རིག །མི་བསྒོམ་མ་ཡེངས་རིག་པ་དབྱིངས་སུ་འཛིན། །བརྗོད་མེད་ཤེས་རབ་གཡོ་མེད་རང་གྲོལ་ཞོག །རིག་འཛིན་རང་གྲོལ་དགོངས་པ་ཆེན་པོ་ཡིན། །འཁོར་འདས་ཆོས་ཀུན་ཡེ་གྲོལ་ཕ་མཐའ་ཡས། །འཛིན་མེད་རང་གྲོལ་གཟའ་གཏད་འཁྲུལ་པ་ཞིག །ལྷ་འདྲེ་རང་སྣང་རང་གྲོལ་ཆེནཔོརཞོག །འཇིག་ ན་ཀུན་གྲོལ་དགོངས་པ་མཐར་ཐུག་ཡིན། །སྲིད་རྩ་ཉེས་རྒྱུ་ཧ་ལ་བདག་་ག་དུག །རྩ་བྲལ་ ང་པོའི་སྔགས་ཀྱིས་དུག་རང་བསད། །དུག་ལྔ་ཡེ་ཤེས་ལྔ་རུ་རང་གྲོལ་བཞག །དུག་ལྔ་རང་གཤེད་མཐའ་བྲལ་དགོངས་པ་ཡིན། །དེ་དག་ཡོངས་རྫོགས་སེམས་ཉིད་ཆོས་ཀྱི་སྐུ། །སྣང་སྲིད་གཞིར་བཞེངས་འཁོར་འདས་དབྱེར་མེད་རྫོགས། །གསང་བ་བླ་མེད་བྱང་ཆུབ་སྙིང་པོས་ཁྱབ། །འཁོར་འདས་དབྱེར་མེད་ཐིག་ལེ་ཉག་གཅིག་ལས། །མ་འགགས་རོལ་པ་སྣ་ཚོགས་རྩིས་གདབ་བྲལ། །རང་བཞིན་མེད་གྲོལ་སྐྱེ་མེད་དབྱིངས་སུ་དག །མ་འདྲེས་ཡོངས་རྫོགས་རང་བྱུང་ཡེ་ཤེས་དང་། །བདེ་གཤེགས་དགོངས་པ་རྩིས་གདབ་བརྗོད་མེད་རྫོགས། །སྐུ་གསུང་ཐུགས་མཐའ་ཁོག་དཀྲུལ་སྤྲོས་བཅད་ནས། །རྣལ་འབྱོར་བློ་མཐུན་བསྒྲུབ་ལུགས་རྩ་ལག་གཉིས། །འདི་ནི་ཡོངས་རྫོགས་བསྒྲུབ་ཆེན་དྲེལ་བ་དང་། །ཞི་ཁྲོ་རྐྱང་དང་སྐུ་གསུམ་ཡང་དྲིལ་ལས། །ཡན་ལག་སྔགས་བསྒྲུབ་བརྒྱད་ལས་འདིར་མ་སྨོས། །འདི་དག་སྤྲོས་བཅས་སྤྲོས་ཆུང་ཤིན་ཏུ་ཆུང་། །སངས་རྒྱས་བསྟན་བསྲུང་ཆེད་གཉེར་དོན་དུ་བསྟན། །མདོར་ན་ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །བདེ་གཤེགས་འདུས་དང་ཡོངས་རྫོགས་ཀུན་དྲིལ་དང་། །ཀུན་རིག་ཀུན་གསལ་ཀུན་ཆུབ་གསང་འདུས་སོགས། །སྣ་ཚོགས་ཕུན་སུམ་ཐམས་ཅད་མ་ལུས་སྒྲ། །ཐུགས་དགོངས་ལྷད་མེད་རྒྱུད་དེར་མཚོན་ཚིག་ལས། མིང་ཕྱོགས་བློ་མཐས་ཕྱོགས་རིས་ལྟོས་མི་བྱ། །སྒྱུ་མ་སྨིག་རྒྱུ་རྨི་ལམ་གཟུགས་བརྙན་དང་། །དྲི་ཟའི་གྲོང་ཁྱེར་བྲག་ཆ་ཆུ་ཟླ་དང་། །ཆུ་སྦུར་དམིགས་རྐྱེན་སྤྲུལ་པ་ལ་སོགས་ཏེ། ཁྲེས་བྱ་བཅུ་ཚུལ་གསང་སྔགས་ཉམས་སུ་བླངས། །དཀྲུགས་བཅུས་གབ་སྩོགས་རས་ཆོད་བཟློག་ཕྱིར་སྟོན། །ངས་སྤྲུལ་ཕྱི་རབས་རིག་འཛིན་དམ་པས་བསྡེབ། །མན་ངག་དབང་ཐོབ་གདེང་ལྡན་རྣལ་འབྱོར་པས། །ཡིད་འོང་དབེན་པའི་བསྒྲུབ་གནས་སུ། །མཎྜལ་ཕྱི་ནང་མཆོད་པ་བཤམ། །ཡན་ལག་བཅུ་ཡིས་ཚོགས་ཆེན་བསག །གཞན་ཡང་སྟ་གོན་ཅི་རིགས་བྱ། ཕྱི་ནང་གསང་བའི་མཚམས་བསྡམས་ཏེ། །གནས་དང་མཚམས་ཀྱི་དཀྱིལ་འཁོར་བཞེངས། །བདུད་རྩི་ལྔ་ཡིས་ཆག་ཆག་གདབ། །ཐིག་ཚོན་གྲུབ་ཆེན་སྐབས་དང་མཚུངས། །བྲི་ཐབས་དབུས་མཐིང་གྲུ་གསུམ་ལ། །ཟླ་གམ་གནམ་སྒོ་ཐོད་ཟླུམ་བསྐོར། ཁུ་ཆད་སྒོ་ཁྱུད་ཡོངས་རྫོགས་བྲི། །དེ་དབུས་རཏྣ་རྫའི་བུམ་པ། །བྲེ་ཚད་ནང་དུ་རྣམ་རྒྱལ་དང་། །ཨ་མྲི་ཏ་ཡི་རིལ་བུས་དགང་། ཁ་རྒྱན་གཟུངས་ཐག་རྒྱན་གྱིས་སྤྲས། །དེ་སྟེང་མཚན་ལྡན་ཀ་བཱ་ལ། །དཔལ་ཆེན་གྲིས་སྐུ་དམིགས་པའི་རྟེན། །ལྕགས་ཕུར་མཚན་ལྡན་ཁྲོ་ཞལ་ཅན། །གུ་གུལ་གྱིས་བདུག་དར་གྱིས་སྤྲས། །དཔལ་ཆེན་སྐུར་བསྐྱེད་ཨེ་ལ་གཟུག །སྨན་རག་གཏོར་ཆེན་ལ་སོགས་པ། །ཕྱི་ནང་གསང་བའི་མཆོད་པས་བསྐོར། །མཚམས་གཅད་སྒོ་དབྱེ་བརྡའ་ཕྱག་འཚལ། །བྱིན་དབབ་དམ་བཤགས་མཆོད་རྫས་དབུལ། །དེ་ལྟར་ལས་བདུན་ཡོངས་རྫོགས་ནས། །ཁྱད་པར་ཕྲིན་ལས་དེ་བཞིན་ཉིད། །ཀུན་སྣང་རྒྱུ་ལས་འབྱུང་རིམ་བརྩེག །གཞལ་ཡས་གདན་བསྐྱེད་རྒྱུ་ཧུ༷་ལས། །བདག་ཉིད་ཆེ་མཆོག་ཧེ་རུ་ཀ །མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །གཡས་གྱི་ཕྱག་གསུམ་རྡོ་རྗེ་ལ། །གཡོན་གྱི་ཕྱག་གསུམ་བྷན་དམར་བསྣམས། ཞབས་བཞི་བརྐྱངས་བསྐུམས་དོར་ཐབས་བགྲད། །རྡོ་རྗེ་རིན་ཆེན་གཤོག་པ་གདེངས། །དུར་ཁྲོད་ཆས་རྫོགས་ཡུམ་ཆེན་མོ། །གནམ་ཞལ་ཞལ་གཅིག་ཕྱག་གཉིས་འཁྲིལ། །གཡས་པ་ཁ་ཊ༷་གཡོན་དུང་དམར། །སྐུ་མདོག་རྒྱན་རྣམས་ཡབ་དང་མཚུངས། །ཀུན་གྱི་བདག་ཉིད་རྩ་བའི་ལྷའོ། །དཔལ་གྱི་སྤྱི་གཙུག་མགྲིན་པ་དང་། །ཐུགས་ཀ་ལྟེ་བ་འཁོར་ལོ་བཞིར། །འཇམ་དཔལ་སྤྱན་རས་གཟིགས་དབང་དང་། །རྡོ་རྗེ་སེམས་དཔའ་རིག་པའི་བདག །རིམ་པ་བཞིན་བསྒོམ་རིགས་ལྔ་ཡིས། །དབུ་ལ་བརྒྱན་ཏེ་ཡན་ལག་ལྷའོ། །དེ་ནས་སྲས་མཆོག་གོ་ཆའི་ལྷ། །དཔྲལ་བར་འཇམ་དཔལ་གཤིན་རྗེ་གཤེད། །མགྲིན་པར་རྟ་མགྲིན་དབང་གི་ལྷ། །ཐུགས་ཀར་བཛྲ་ཧེ་རུ་ཀ །ལྟེ་བར་རྡོ་རྗེ་གཤོན་ནུ་ཆེ། གསང་བར་བླ་མེད་ཧེ་རུ་ཀ །སྤྱི་བོར་རིག་འཛིན་འདུས་པའི་སྐུ། །ཞབས་ཀྱི་པུས་མོ་གཡས་གཡོན་སྟེང་། །དྲེགས་པ་ཀུན་འདུལ་ཆེན་པོ་དང་། །འཇིགས་བྱེད་སྟོབས་ལྡན་ནག་པོ་བསྐྱེད། །རྡོ་རྗེ་རིན་ཆེན་གཤོག་དཔུང་རྩེར། །ཀླུ་འདུལ་ཁྱུང་ཆེན་དཀར་ནག་བསྐྱེད། །སོ་སོའི་འཁོར་ཚོགས་ཁྲོ་བོ་དང་། །ཁྲོ་མོ་ཡང་སྤྲུལ་སུམ་སྤྲུལ་བཅས། །འབར་ཁྲོ་རྔམ་བརྗིད་གསལ་བརྟན་ནས། །བྱིན་བརླབ་དབང་བསྐུར་སྤྱན་དྲང་བསྟིམ། །མཆོད་བསྟོད་ཚོགས་འཁོར་དུས་བཞིར་དབུལ། །དེ་དག་སེམས་ཀྱི་ཆོ་འཕྲུལ་ཏེ། །རང་བཞིན་སྐྱེ་མེད་ཆོས་ཀྱི་སྐུ། །ལྷ་ཉིད་སྣང་སྟོང་གཉིས་སུ་མེད། །རོལ་པ་མ་འགག་ལོངས་སྤྱོད་སྐུ། །ཐུགས་རྗེའི་འཕྲོ་འདུས་འགྲོ་བ་འདུལ། །ཕྲིན་ལས་ལོངས་སྤྱོད་སྤྲུལ་པའི་སྐུ། །སྐུ་གསུམ་རང་ལ་ངོ་སྤྲད་ནས། །བླ་མེད་རོལ་པའི་འཕྲོ་འདུ་ཡིས། །བདུད་བཞི་གཞོམ་དང་དགྲ་གསུམ་བསད། །འགྲོ་དྲུག་གཡང་ས་གཅད་བྱའི་ཕྱིར། །ཕྲོག་སྙིང་རྫོང་དང་འཕྲད་གནད་ཀྱིས། །ཡང་དག་ངེས་དོན་རབ་ལྡན་པས། །སྣང་སྟོང་གྲག་སྟོང་བདེ་སྟོང་གི །ངང་ལ་བྱིང་རྒོད་གཉིས་སྤངས་ཏེ། །ཀུན་གྱི་གསང་སྲོག་ཧུ༷་གི་བསྙེན། །འཛབ་བསྟོད་དབྱངས་བཅས་རིག་རྩལ་སྦྱང་། །དེ་ནས་བདེ་གཤེགས་ཡོངས་རྫོགས་པའི། །གསང་སྔགས་འདུས་པ་ཉེ་བ༷ར་བསྟེན། །ཨོ་ཨུ༷༷ཧུ༷་གྲྭ་ཧྭ། །མྱུ༷་ཧི༷༷ཧུ༷་ཨ༷༷། ཨོ་བཛྲ་ཤི་མ་ཧྭ་ཀྲོ་དྷ། ཨོ་ཤི་ཧེ་རུ་ཀ ཡ་མྱརྙ་ཀ །སྙི༷༷པདྷརྙ་ཀྲིཏ། ཧུ༷་བཛྲ་ཀི་ལི་ཀི་ལ་ཡ། བཛྲ་མ་ཧྭ་ཡཀྟ། ཀྭ་ལ་རྭ་པ། ཡཀྟ་ཀྲོ་དྷི། བཛྲ་ས་བ་དུ་ན། ཨེ་ཛ་སྨྱོ། ཁྲོ་བཛྲ་ག་རུ་ཌ། མ་མ་ཀྲོ་དྷི་ཤྭ་རྡི། ཀརྨ་ར༷་ར༷། ཛ་ལ་ར༷་ར༷་ཧུ༷་ཧུ༷་ཕཊ་ཕཊ། གསང་བ་འདུས་པའི་དྲག་སྔགས་འདི། །མགར་གྱི་ཚ་ཚ་ལྟ་བུར་བཟླས། །ཐུན་མཚམས་བསྟོད་ཅིང་ཕྲིན་ལས་བཅོལ། །སྨོན་ལམ་བཏབ་ཅིང་རྫོགས་རིམ་བསྒོམ། །གྲངས་འབུམ་བསྙེན་ཅིང་རྟགས་ལ་སྦྱར། །ཞལ་མཐོར་ལུང་སྟོན་དངོས་གྲུབ་སྟེར། །རྫས་ལ་འོད་དང་དུ་བ་འབྱུང་། །རྨི་ལམ་མགོ་ལ་ཉི་མ་ཤར། །མཆོད་རྟེན་རྩེ་ལ་སྡོད་པ་དང་། །བུད་མེད་ཚོགས་འདུས་བསྙེན་བཀུར་བྱེད། །ལུས་བདེ་ངག་ནུས་སེམས་རྟོགས་འཆར། །བུམ་པའི་རྫས་ལ་དངོས་གྲུབ་བླང་། ཁུན་དུ་ཟ་ཚོགས་དྲང་ཞིང་རྟེན། །བདེ་གཤེགས་གཅིག་གྲུབ་ཀུན་གྱི་ངང་། །དེ་བཞིན་བསྒྲུབ་ཆོས་ལས་སྦྱོར་སྩོགས། །གསང་སྔགས་རྒྱུད་སྡེ་བསམ་ཡས་ཀྱི། །ལས་སྦྱོར་ལ་སོགས་གང་དང་གང་། །གང་ལ་བརྩམས་ཀྱང་ཐེ་ཚོམ་མེད། །དཀྱིལ་འཁོར་བསྡུས་ཏེ་རྒྱུན་སྤྱོད་བྱ། །ཞི་ཁྲོ་ཡོངས་རྫོགས་བསྙེན་བསྒྲུབ་འདིར། །དུས་གསུམ་བདེ་གཤེགས་གསང་བ་འདུས། །བདག་གཞན་ཡོངས་ཀྱི་དཔལ་ཆེན་པོ། །མཆོག་གི་དམ་པ་འདི་བསྒྲུབས་པས། །བདག་སྲུང་རྩ་བའི་བསྙེན་པའོ། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། ཞི་ཁྲོ་ཡོངས་རྫོགས་འདུས་པའི་བསྙེན་བསྒྲུབ་གཞི་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ཀྱིས། སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། །ཀྱེ་ཀྱེ་ཀྱེ། ཚོགས་ཀྱི་སློབ་དཔོན་ཀུན་ཏུ་བཟང་། །ཚོགས་རྗེ་ཚོགས་བདག་ཧེ་རུ་ཀ །རྒྱུད་དོན་ཡོངས་རྫོགསབ བཆེནཔོ། །བདག་ཅག་འཁོར་ལ་བཀའ་སྩལ་ཞུ། །དེ་སྐད་གསོལ་པར་ཐུགས་དགོངས་ཏེ། །་ནཔཆེནཔོསབཀའསྩལ་པ། །འདུས་པའི་འཁོར་རྣམས་རྩེ་གཅིག་ཉོན། །བདེ་གཤེགས་ཞི་ཁྲོ་ཡོངས་རྫོགས་པའི། །རྒྱུད་དོན་གསང་བའི་བསྒྲུབ་ཆེན་ལ། །བཞི་སྟེ་ཕུན་སུམ་ཚོགས་གཞི་བཟུང་། །སྟ་གོན་རིམ་པས་སྒྲོམ་དུ་གཞུག །དངོས་གཞི་བསྙེན་སྒྲུབ་གཞུང་བསྲངས་ཏེ། །མཐའ་རྒྱས་ཆོ་གས་རྗེས་བསྐྱང་ངོ་། །བསྒྲུབ་གཞི་ཕུན་སུམ་ཚོགས་བདུན་དཔྱད། །བསྒྲུབ་རྐྱེན་བླ་མ་ཕུན་ཚོགས་ནི། །བདེ་གཤེགས་བཀའ་བབས་བསྒྲུབ་རྒྱུད་ཟིན། །དབང་རྣམས་ཡོངས་རྫོགས་དམ་ལ་གནས། །བལྟ་བས་ཐག་ཆོད་ཏིང་འཛིན་གསལ། །སྤྱོད་པ་བླང་དོར་མན་ངག་ཅན། །གསང་སྔགས་མཐའ་དྲུག་རྫོགས་པ་ལ། །ཐོས་པས་རྒྱུད་གྲོལ་སྙིང་རྗེ་ཡིས། །འགྲོ་འདུལ་ཐབས་མཁས་དེ་ཉིད་བསྟེན། །སྒྲུབ་རྟེན་སློབ་མ་ཕུན་ཚོགས་ནི། །དམ་གཙང་དཔའ་བརྟན་སྙིང་རུས་ཆེ། །བློ་ཆེ་ཤེས་རབ་མཆོག་ཏུ་བཟང་། །བསྒྲུབ་དང་ཕྲིན་ལས་བརྩོན་འགྲུས་ཅན། །བཟོ་མཁས་རིག་གསལ་དད་ལྡན་གཅེས། །བསྒྲུབ་གནས་ཕུན་སུམ་ཚོགས་པ་ནི། །བཀྲ་ཤིས་གངས་རྒྱུད་རི་བཟངས་འདབ། །གནམ་ས་པད་འཁོར་ཁ་སྦྱར་འདྲ། །སྔོན་ཡང་གྲུབ་ཐོབ་རྐྱེན་ཐུབ་པར། །བསྒྲུབ་ཁང་ཕོ་བྲང་ལྟ་བུར་བརྩིག །བསྒྲུབ་པའི་གྲོགས་འཁོར་ཕུན་ཚོགས་ནི། ཁུད་ཞི་ཤ་ཚ་བློ་གསལ་ཞིང་། །མི་བ ་གསང་ཐུབ་ང་ལོ་ཡང་། །དེ་འདྲའི་རྒྱལ་ཐེབས་ཀརྨ་དང་། ལས་བརྒྱ་མཛེས་ ག་ཡིད་འོང་བ། །རིགསདངམཚནལྡནའདྲིསཐུབ་ ན། ། བ་པའི་ཡོ་བྱད་ཕུན་ཚོགས་ནི། །རྟེན་རྫས་མཆོད་རྫས་དངོས་གྲུབ་རྫས། །འཆོ་བ་ཟས་དང་རྐྱེན་ཟློག་སྨན། །སྣ་ཚོགས་རེ་སྐོང་ཡོ་བྱད་སོགས། །བསྒྲུབ་པའི་དུས་ཚོད་ཕུན་ཚོགས་ནི། །སྤྱིར་ན་ལོ་ཟླ་གཟའ་སྐར་དང་། །ཞག་དུས་དར་དང་ཡར་ངོ་གཅེས། །བྱེ་བྲག་ཞི་རྒྱས་དབང་དྲག་གམ། །བསྙེན་བསྒྲུབ་ལས་སྦྱོར་དུས་ཀུན་བརྩི། །སྒྲུབ་ཆོས་ཕུན་སུམ་ཚོགས་པ་ནི། །མ་ཧོརེ་རྒྱུད་དང་ཨ་ནུའི་ལུང་། །ཨ་ཏི་མན་ངག་སྐོར་ལ་སོགས། ཁྲེས་བྱ་ཀུན་ལ་མཁས་པར་སྦྱང་། །མདོར་ན་བདེ་གཤེགས་གསང་འདུས་པའི། །ཡོངས་རྫོགས་འདི་ཉིད་འཛོམ་པར་བྱ། །སྒྲོམ་འཇུག་སྟ་གོན་རིམ་པ་བཅས། །ས་བརྟག་གཟུང་སྦྱང་དཀྱིལ་འཁོར་བརྩིག །སྤྱི་བཤགས་བསྐང་བྱ་ཕྱི་མཚམས་བཅད། །སྲི་མནན་སྒོ་སྲུང་བྱང་བུ་གདགས། །མ་ཏྲ༷་མནན་ཅིང་ཕྱིན་གྱིས་བརླབ། །སྒྲུབ་རྫས་བྱིན་བརླབ་ཆག་ཆག་གདབ། །ཐིག་གདབ་ས་ཚོན་བྱིན་གྱིས་བརླབ། །གཟུགས་བརྙན་དཀྱིལ་འཁོར་བྲི་བྱ་སྟེ། །ཐིག་བཞི་བཏབ་པས་ལིང་ཚེ་དགུའི། །ཁ་དོག་ཕྱོགས་མཚོན་ཐོད་པ་བརྩིག །དབུས་ནས་བརྩམས་ཏེ་ལིང་ཚེ་དགུའི། །ཟླ་གམ་སྒོ་གཅིག་ཨེ་དགུས་མཚོན། །སྒོ་སྒོར་འཁོར་ལོ་རྩིབས་བཞི་བར། །མུ་ཁྱུད་དང་བཅས་རེ་རེ་དགོད། །ཀུན་ལ་རིན་ཆེན་ཟུར་བརྒྱད་དེ། །མདོ་མཚམས་ཀ་བཞི་སྒོ་ཟང་ཐལ། །སྤྲོས་ལ་དགའ་ན་སྒོ་རྫོགས་པ། །ཀུན་ཏུ་དགུ་རུ་མཛེས་པར་བྲི། །ཀུན་གྱི་ཕྱི་རུ་ཁྱམས་སྒོ་བཞི། །ཕོ་ཉ་རེག་མཐིང་དཀར་སེར་ལེབ་ལྗང་། །འདོད་ཡོན་ཕ་གུ་དྲ་བ་དང་། །ཕྲ་ཕྱེད་མདའ་ཡབ་དེ་རུ་ཀ །ཀ་བརྒྱད་རྟ་བབས་ཆོས་འཁོར་སོགས། །ཞི་ཁྲོ་ཡོངས་རྫོགས་དཀྱིལ་འཁོར་ཕྱིར། །ཀུན་ལ་རིན་ཆེན་དུར་ཁྲོད་བརྒྱན། །སྤེལ་ཏེ་མཁས་པས་བྲི་བར་བྱ། །མུ་ཁྱུད་པད་འཁོར་བྲག་ཆེན་དང་། །རྡོ་རྗེ་མེ་རི་འཁོར་ཡུག་བསྐོར། །ཕྱི་གྲུ་ནང་ཁྱུད་དུར་ཁྲོད་བརྒྱན། །མཚམས་བཞིར་དཔག་བསམ་བུམ་པ་བྲི། །བསྲེ་བསྣན་བྱ་ཞིང་ཆས་གོས་གསོལ། །གྲལ་བཅས་སྨན་བསྡུ་བརྡའ་སྒོ་དབྱེ། །བརྡའ་ཡི་ཕྱག་བཙལ་རྟགས་མཆོག་གདབ། །དམ་བཅའ་བཤགས་པ་བྱིན་ཆེན་དབབ། །དཀྱིལ་འཁོར་ལྷ་དང་རྒྱན་དགོད་དེ། །གླིང་དགུར་བྷན་དྷ་དགུའམ་ནི། །བུམ་གཅིག་མེ་གཅིག་ཁྲམ་གཅིག་དང་། །ཏ་ཞལ་ཕུར་གཅིག་སྙིང་གཅིག་དང་། སྐུ་གཅིག་སྐུ་རྟེན་དྲག་སྔགས་དགོད། །ཡང་ན་མཚན་ལྡན་གཅིག་ནང་དུ། །ཆེ་མཆོག་སྐུ་བྲི་ཁ་ཁྱེར་ལ། །དཔལ་ཆེན་དགུ་ཡི་སྙིང་པོ་བྲི། །སྐུ་དང་གསུང་གི་རྟེན་ཡིན་པས། དམིགས་པའི་རྟེན་དུ་དབུས་སུ་དགོད། །ཐུགས་རྟེན་རྡོ་རྗེ་རྩེ་ལྔ་དགོད། །ཡོན་ཏན་རྟེན་དུ་ཨ་མྲི་ཏ། །ཕྲིན་ལས་བསྒྲུབ་ཕྱིར་ལྕགས་ཕུར་དགུ །སྲས་ཀྱི་སྔགས་ཕུར་བཞི་བཞིས་བསྐོར། །སྒོ་བཞི་ཕུར་པ་བཞི་ཡང་དགོད། །གདབ་ཕུར་བརྒྱ་དང་རྩ་བརྒྱད་ཀྱིས། །མཐའ་སྐོར་ཡོངས་རྫོགས་འཁོར་དུ་བསྐྱེད། །སྒོ་འབྱེད་མར་མེ་དགུ་ཡང་དགོད། །གཞན་ཡང་ཕྱོགས་བཞི་མཚམས་བརྒྱད་དུ། །གྲི་བཞི་མདའ་བཞི་མེ་ལོང་བཞི། །ཕུར་བཞི་ཚོན་སྐུད་དྲ་བས་སྤྲས། །བླ་བྲེ་གདུགས་དང་དར་དབྱངས་འཕན། །དཔལ་ཆེན་གཏོར་ཆེན་དགུ་ཡང་དགྲམ། །སྨན་རག་དྷ་ཀའི་མཆོད་གཏོར་སོགས། །ཕྱི་ནང་མཆོད་པས་བཀླུབས་ལ་དགང་། །དེ་ནས་དངོས་གཞི་བསྙེན་བསྒྲུབ་བཤད། །དང་པོ་ཕྱི་ནང་གསང་མཚམས་བཅད། །ཨོ་བཛྲ་ཀྲོ་དྷ་སུ་བྷ་ཝ་ས་མ་ཡ་རུ་ལུ་རུ་ལུ་ཧུ༷་ཕཊ། ཧུ༷་ཧུ༷་བི་ཤྭ་བཛྲ་ཙཀྲ་ཛ་ལ་མ་དྷ་ལ། ཧ་ལ་ཧ་ལ། ཧུ༷་ཕཊ། དེ་ནས་བརྡའ་སྒོ་དབྱེ་བར་བྱ། སྡུ༷་པྲ་བེ་ཤ་ཕཊ། དེ་ནས་བརྡ་ལི་ཕྱག་ཀྱང་བཙལ། ཧུ༷་ཧེ་རུ་ཀ་ཨ་ཏི་པུ་ཧོ། པྲ་ཏི་སྣྲོ་ཧོ། དེ་ནས་དམ་བཅའ་ཡོངས་སུ་གཟུང་། །ཧུ༷་བཛྲ་ས་མ་ཡ་ཧུ༷། དེ་ནས་བྱིན་ཆེན་དབབ་པར་བྱ། ཨོ་ཤི་བཛྲ་ཀྲོ་དྷ་དེ་བ་དུཁུཤུ་དྷ་ཀི་ནི་ས་མ་ཡ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧྲུ༷། ཨུ་བེ༷ ་ཤ་ཡ་ཨ་ཨ། དེ་ནས་མཆོད་པ་བྱིན་བརླབས་འབུལ། །ཨོ་ཨུ༷༷ཧུ༷། བཛྲ་པྲསྤྲོ་ཧུ༷།བཛྲ་དྷ་པེ་ཧུ༷། བཛྲ་ཨུ་ལོ་ཀེ་ཧུ༷། བཛྲ་གསྟེ་ཧུ༷། བཛྲ་ནེ་བི་ཏེ་ཧུ༷། བཛྲ་ཤསྟ་ཧུ༷། བཛྲ་སརྦ་པུ་ཛ་མེ་ཀྟ་ཧུ༷། །ར༷་ཡ༷་ཁ༷༷། ཨོ༷༷ཨུ༷༷ཧུ༷། མ་ཧྭ་བ་ལི་ཏ་ཏེ་ཛོ་བ་ལི་ཏེ། བ་ལ་བ་ཏ། གུ་རྒྱ་ས་མ་ཡ་གྲྭ་ཧྭ། ཨོ་ཨུ༷༷ཧུ༷། སརྦ་པརྩི་ཨ་གྲོ་ཏ་ཧཱུཾ་ཧྲི་ཐ། ཨོ་ཨུ༷༷ཧུ༷། མ་ཧྭ་རཀྟ་ས་མརྙ་མཎྜལ་ཧུ༷་ཕཊ། ཨོ་སརྦ་ཏ་ཐུ་ག་ཏ་མ་ཧྭ་པུ་ཛ། མ་ཧྭ་པ྅་མ་ཧྭ་བ་ལི་ཏ། མ་ཧྭ་རཀྟ། ཨ་ཧོ་སུ་ཁ་ཧོ། །ས་མ་ཡ་སྲུ་ཧྭ། དེ་ནས་ཉམས་ཆག་གནོང་འགྱོད་བཤགས། །ཨོ་ཨུ༷༷ཧུ༷་གྲྭ་ཧྭ། ས་མ་ཡ་ཛ། ན་ར་ཀ །བྲེ་ཏ་ཀ །ཏིར་ཡ་ཀ །མ་ནུ་ཁྲ དེ་ཝ། ཨ་དེ་ཝ། ཨ་ལི་བི་ཤུསྟེ། དག་ཤ་ཀ །བྲརྙེ་ཤུརྙེ་གྲྭ་ཧྭ། སྦྱང་གཞི་སྦྱོང་བྱེད་ཐབས་ཆེན་པོ། །ཁྱད་པར་བསྐྱེད་རྫོགས་འདི་ལྷར་བསྒོམ། །ཧུ༷་སྤྲོས་མེད་ཡང་དག་དེ་བཞིན་ཉིད། །མཉམ་ཡངས་ཕྱོགས་བྲལ་ཀུན་ཏུ་བདལ། །མ་ནོར་མ་བཅོས་ཆོས་ཀྱི་སྐུ། །རང་བཞིན་ལྷུན་གྲུབ་ངང་གིས་གསལ། །ཨོ་མ་ཧྭ་ཤཱ་རྒྱ་ཏྭ་ཙྭ་ནཱ་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། དེ་བཞིན་ཀུན་ཁྱབ་ཀུན་ཏུ་སྣང་། །མ་རིག་འཁྲུལ་སྣང་འཁོར་བའི་ཀློང་། །གཟུང་འཛིན་བག་ཆགས་རབ་ཏུ་འཐས། །མ་རྟོགས་སེམས་ཅན་སྙིང་རེ་རྗེ། །ཨོ་དྷརྨ་དྷ་ཏུ་སྭ་བྷ་ཝ་བི་ཤུཟློ་མཎྜལ་ཧུ༷། ཧཱུཾ་ཆོས་རྣམས་རང་བྱུང་རྟེན་འབྲེལ་ཏེ། ཁུ་ལས་མ་བྱུང་གང་ཡང་མེད། །ཧུ༷་ནི་ཐམས་ཅད་སྐྱེད་པའི་རྒྱུ། །དགོས་གོརྐངའདིམེདཔའང་ག འདོད་འབྱུང་བའི་ཡི་གེ་བསྒོམ། །རང་རིག་དོན་གྱི་སྙིང་པོ་ཧུ༷། ཙིསྟ་བཛྲ་ཧུ༷། ར༷་ཡ༷་ཁ༷། བསྐལ་པ་གསུམ་གྱི་འཇིག་རྟེན་སྟོངས། །ཡེ་ནས་དག་པའི་ངང་ཉིད་ལས། །སྣོད་བཅུད་སྦྱང་ཕྱིར་འབྱུང་རིམ་བརྩེག །ཨེ་ཡ༷་ར་སུ༷་ཀེར༷་྅༷། ཨེ་ལས་ནམ་མཁའ་མཐའ་དབུས་མེད། །ཡ༷་ལས་རླུད་གི་དཀྱིལ་འཁོར་ཏེ། །ར་ལས་རཀྟའི་རྒྱ་མཚོ་འཁྱིལ། །སུ༷་ལས་ཞིང་ཆེན་ས་གཞི་བརྡལ། །ཀེ་ལས་རུས་པའི་རི་རབ་སྟེང་། །ར༷་ལས་བསྐལ་པའི་མེ་དཔུང་འབར། ༷་ལས་ཡེ་ཤེས་གཞལ་ཡས་ཁང་། དུར་ཁྲོད་རབ་འཇིགས་དཀྱིལ་འཁོར་སྐྱེད། །༷་བི་ཤྭ་བི་ཤུདྷི། །བྷསྡོ་གཉའ་ན་ཨེ་ཙཀྲ་མཎྜལ་ཧུ༷་སྒྱུ༷། ཟླ་གམ་ཡེ་ཤེས་འཆར་སྒོའི་དབུས། །ཆོས་སྐུ་འགྱུར་མེད་ཨེ་རུ་གསལ། །བྷསྡོ་སྐམ་རློན་ཕོ་བྲང་བརྩེག །རིན་ཆེན་མཛེས་པའི་གླིང་དགུ་ལ། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །གྲུ་ཆད་བར་ཁྱམས་སྒོ་ཁྱུད་རྫོགས། །རང་བྱུང་ལྷུན་གྲུབ་ངོ་མཚར་ཆེ། །དྲེགས་པ་ཉི་ཟླ་པདྨའི་གདན། །གཙོ་དང་འཁོར་བཅས་འཚམས་པར་གསལ། །རྒྱུ༷་རུ་དྲ་ཀྲོ་དྷི་ཏི་ར་བ༷། མ་སྒུབྱ་མཎྜལ་ཨ་ཙསྡོ་མཎྜ་ལ། བ༷་པདྨ་མཎྜལ། ཧུ༷་རྒྱུ་ཡི་ཡི་གེ་གདན་ལ་བབས། །བདག་ཉིད་ཆེ་མཆོག་ཧེ་རུ་ཀ །མཐིང་ནག་དབུ་གསུམ་ཕྱག་དྲུག་པ། །ཞབས་བཞི་གྱད་ཀྱི་དོར་སྟབས༄་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །སྐུ་མཆོག་རིགས་ལྔ་དབུ་ལ་རྫོགས། །སྤྱན་དགུ་ཞལ་བགྲད་མཆེ་བ་གཙིགས། །གཡས་ཀྱི་ཕྱག་གསུམ་རྡོ་རྗེ་བསྣམས། །གཡོན་གྱི་ཕྱག་གསུམ་བྷན་དམར་བསྣམས། །དུར་ཁྲོད་འཇིགས་པའི་ཆས་ཀྱི་བརྒྱན། །གནམ་ཞལ་ཡུམ་མཆོག་ཀུན་བཟང་སྦྱོར། །གཡས་པ་གཙོ་འཁྱུད་ཁ་ཊ༷་བསྣམས། །གཡོན་པ་ཆགས་པའི་དུང་དམར་སྟོབ། །སྐུ་མདོག་རྒྱན་ཆ་ཡབ་དང་འདྲ། །བསྐལ་པའི་མེ་དཔུང་ཀློང་ན་བ གས། །ཨོ་བཛྲ་ཀྲོ་ ་མ་ཧྭ་ཤི་ཧེ་རུ་ཀ་༷་ཕཊ། མ་ཧྭ་ཀྲོ་ ་ཤྭ་རྡི ༷། ༷ དཔལཆེནཡབཡུམཐུགས་ཀ་ནས། །ཕྱོགས་བཞི་མཚམས་བཞིའི་དཀྱིལ་འཁོར་དུ། །མཐིང་ནག་༷་ཆེན་ཡི་གེ་སྤྲོ། །ཁྲག་འཐུང་ཡབ་ཡུམ་སྲས་བཅས་བསྐྱེད། །ཧུ༷་ཧུ༷། ཧུ༷་༷ཧུ༷།༷ཧུ༷༷ཧུ༷། ཧུ༷ ཧུ༷། ཧུ༷ ཧུ༷། ཧུ༷ ཧུ༷། ཧུ༷་ཧུ༷། ཧུ༷་ཧུ༷། ཨོ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷་ཕཊ། ཨོ་ཨ་ཀྲོ་ཏེ་ཀ་ཡ་མྱརྙ་ཀ་ཧ་ན་མ་ཐ་བྷརྫི་ཧུ༷་ཕཊ། ཨོ་པདྷརྙ་ཀྲིཏ། མ་ཧྭ་ཀྲོ་དྷ་ཧ་ཡ་སྣྲི་བ། ཧུ་ལུ་ཧུ་ལུ་ཧུ༷་ཕཊ།ཨོ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིསྣ་བ་ཧུ་ཕཊ། ཨོ་གུ་རྒྱ་གཉའ་ན་ཤི་ཧེ་རུ་ཀ །གུ་རྒྱ་ཙྭ་ན་ཀྲོ་དྷི་ཤྭ་རྡི་སྟུ༷། མ་མ་ཡོ་གི་ནི། རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷་ཕཊ། ཨོ་བཛྲ་མ་ཧྭ་གུ་རུ་སརྦ་ཧུ༷་ཕཊ། ཨོ་བཛྲ་ཙཎྜསརྦ་དུཁུ་ཧུ༷་ཕཊ། ཨོ་བཛྲ་སརྦ་དུསྒྲོན་ཧུ༷་ཕཊ། ཧུ༷་རྒྱུ་ལས་བསྐྱེད་པའི་སྔགས་བརྗོད་པས། །ཁྲོ་རྒྱལ་དཀྱིལ་འཁོར་ལྷུན་གྱིས་གྲུབ། །བསྐལ་པ་མེ་ལྟར་འབར་ཀློང་ནས། །རང་བྱུང་ཡེ་ཤེས་ཁྲོ་ཚོགས་ཤར། །ཤར་དུ་བཛྲ་ཧེ་རུ་ཀ །བཛྲ་ཀྲོ་དྷི་ཤཱ་རྡི་ཡུམ། །རིགས་བཞི་ལ་སོགས་འཁོར་བཅས་གསལ། །ལྷོ་རུ་འཇམ་དཔལ་གཤིན་རྗེ་གཤེད། །ཟ་བྱེད་བེ་ཏྭ་ནག་མོ་ཡུམ། །རིགས་བཞི་ལ་སོགས་འཁོར་བཅས་གསལ། །ནུབ་ཏུ་དབང་ཆེན་རྟ་མགྲིན་རྒྱལ། །པདྨ་གཟི་ལྡན་ཁྲོ་མོ་ཡུམ། །རིགས་བཞི་ལ་སོགས་འཁོར་བཅས་གསལ། །བྱང་དུ་རྡོ་རྗེ་གཞོན་ནུ་ཆེ། །འཁོར་ལོ་རྒྱས་འདེབས་དཔལ་གྱི་ཡུམ། །རིགས་བཞི་ལ་སོགས་འཁོར་བཅས་གསལ། ཁྲར་ལྷོར་བླ་མེད་ཧེ་རུ་ཀ །ཉིད་བཞི་བདེ་མཆོག་ཡུམ་ཆེན་་ར། །མ་ལྔ་ལ་སོགས་འཁོར་དང་བཅས། །ལྷོ་ནུབ་རིག་འཛིན་རྡོ་རྗེའི་ ། །བདེ་ཆེན་རྡོ་རྗེ་རྣལ་འབྱོར་འཁྲིལ། །རིགས་བཞི་ལ་སོགས་འཁོར་བཅས་གསལ། །ནུབ་བྱང་དྲེགས་པ་ཀུན་འདུལ་དཔལ། །ཁམས་གསུམ་སྲིད་པ་སྤྱི་འདུལ་འཁྲིལ། །རིགས་བཞི་ལ་སོགས་འཁོར་བཅས་གསལ། །བྱང་ཤར་སྟོབས་ལྡན་ནག་པོ་ཆེ། །འབྱུང་བ་ལྔ་ཡི་བདག་མོ་ཡུམ། །རིགས་བཞི་ལ་སོགས་འཁོར་བཅས་གསལ། །ཉི་མ་དང་ནི་འོད་ཟེར་བཞིན། །དཔལ་ཆེན་སོ་སོའི་སྤྲུལ་འཁོར་བཅས། །ཕྱི་རོལ་སྒོ་བ་རིགས་བཞི་ནི། །ཡ་མུན་པྲཙྭ་པདྨ་བིག །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །ཚོམབུ་དགུ་ཡི་ལྷ་ཚོགས་རྣམས། །སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས། །མ་འདྲེས་ཡོངས་སུ་རྫོགས་པར་གསལ། །ཧུ༷་རང་བྱུང་དཀྱིལ་འཁོར་དཔལ་ཆེན་སྣོགས༷། །༷མཐུ་རྩལ་ཡོངས་སུ་རྫོགས་བྱའི་ཕྱིར། །སྐུ་གསུང་ཐུགས་སུ་བྱིན་བརླབ་ཅིང་། །ཡེ་ཤེས་ལྔ་ཡི་དབང་བསྐུར་རོ། །ཨོ་ཨུ༷༷ཧུ༷། ཨོ་ཧུ༷་གྭ་སྙི༷༷ཧྭ། དེ་ནས་རང་བཞིན་སྤྱན་དྲངས་ཏེ། ཨེ་གྱེ་ཧི། ཛ༷༷ཧུ༷་བ༷་ཧོ༷༷། ས་མ་ཡཧྲི་ ་རྙི་ཛ༷༷། དེ་ནས་དམ་ཚིག་བདག་ལ་བསྟིམ། ས་མ་ཡ་ཨུ་བེ་ཤ་ཡ་ཏིཁྱི་ལྷན། །དེ་ནས་ཕྱག་གི་མཆོད་པ་ནི། །ཨ་ཏི་པུ་ཏོ། ན་མ་ཡ་ཏེ། དེ་ནས་ཕྱག་རྒྱ་གར་གྱི་མཆོད། །མ་ཧྭ་པུ་ཛ་མུ་དྲ་ཧོ༷༷། །དེ་ནས་ཡེ་ཤེས་གླུ་ཡིས་མཆོད། །མ་ཧྭ་ཙྭ་ན་ཏེ་ན་ཧུ༷། ཏེ་ན་ཧུ༷། ཏེ་ན་ཏེ་ཏེ་ཧུ༷། དེ་ནས་ཕྱི་ནང་རྣམ་ལྔས་མཆོད། །ཨོ་པ་ན་པེ། པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐུ་ག་ཏ་སིརྙི་ཧུ༷། ས་མ་ཡོ་ཏ་མུ། ཨོ་ཨུ༷༷ཧྲུ༷། མ་ཧྭ་པ྅་བ་ལི༷་ཏ་རཀྟ་ཁུ་ཧི། ཨོ་ཤི་བཛྲ་རྭ་ག་ཧཱུཾ་པེ་ཧཱུཾ། པྲསྤྲོ་བུ། ཨུ་ལོ་ཀེ་སྙི༷༷།གརྙེ་གན། ནེ་བིབྱུ་ཨུ། གིརྟི་ཧྲུ༷། དེ་ནས་བདུད་རྩི་སྨན་མཆོད་འབུལ། །ལྷ་རྣམས་སོ་སོའི་རྩ་སྔགས་ལ། །ཨོ་སརྦ་ཏ་ཐུ་ག་ཏ་ཨ་མྲི་ཏ་ཁ་ར༷་ཁུ་ཧི། དེ་ནས་བདུད་རྩིའི་དངོས་གྲུབ་བླང་། །ཀྭ་ཡ་སིདྷི་ཨོ། ལྷུ་ཀ་སིརྙི་ཨུ༷༷།ཙིཀྟ་སིརྙི་ཧུ༷། སརྦ་སིརྙི་སྙི༷༷། དེ་ནས་བདུད་རྩི་གསང་ནན་མཆོད། མ་ཧྭ་པ྅་ཨ་མྲི་ཏ་ཁུ་ཧི། དེ་ནས་མ་ཆགས་གཏོར་ཆེན་མཆོད། །ལྷ་རྣམས་ཀུན་གྱི་རྩ་སྔགས་ལ། མ་ཧྭ་བ་ལི་ཏ་ཁ་ར༷་ཁུ་ཧི། ལྷ་རྣམས་ཀུན་གྱི་སྔགས་མཇུག་ལ། །མ་ཧྭ་རཀྟ་ཁ་ར༷་ཁུ་ཧི། དེ་ནས་ཡབ་ཡུམ་སྦྱོར་མཆོད་འབུལ། །ཛ༷༷ཧུ༷་བ༷་ཧོ༷༷། པདྨ་ཡོ་གི་ནི། ས་མ་ཡ་པྲ་བེ་ཤ་ཡ་ཕཊ། དེ་ནས་སྒྲོལ་བའི་མཆོད་པ་བྱ། ཨོ་མ་ཧྭ་ཤི་ཧེ་རུ་ཀ །མ་ཏྲ༷་རུ་དྲ་པྲ་བྷ་ན་ཙཀྲ་ཧུ༷་ཕཊ།པྲ་བེ་ཤ་ཡ་ཧུ༷་ཕཊ། ཏི་ཧུ༷་ཨ་སྤ་ར་ཎ་ཕཊ། དེ་ནས་ཡིག་བརྒྱས་བཤགས་ཤིང་བསྐང་། །ཨོ་ཨུ༷༷ཧུ༷་སྲུ་ཧྭ། ཨོ་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་བཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏེ་ནོ་པ་ཏིམོ དྲིརྙོ་མེ་བྷ་ཝ། སུ་ཏོ་སྩོ་མེ་བྷ་ཝ། ཨ་ནུ་རལྟོ་མེ་བྷ་ཝ། སུ་པོ་སྩོ་མེ་བྷ་ཝ་སརྦ་སིརྙི་སྨེ་པྲ་ཡསྒོ སརྦ་ཀརྨ་སུ་ཙ་མེ། ཙིསྟ༷་ཐྲེ་ལྭ༷། ཀུ་རུ་ཧུ༷། ཧ་ཧ་ཧ་ཧ་ཧོ། བྷ་ག་ལྷུན། སརྦ་ཏ་ཐུ་ག་ཏ། བཛྲ་ཧེ་རུ་ཀ །མ་མེ་མུལྒ བརྡོ་བྷ་ཝ། མ་ཧྭ་ས་མ་ཡ། བཛྲ་ཧེ་རུ་ཀ་ས་ཏྭ་ཨ། དེ་ནས་དགྱེས་པའི་བསྟོད་མཆོད་བྱ། །ཨོ་མཉམ་ཉིད་སྐུ་ཡི་རང་བཞིན་ཡིན། །ཀུན་བཟང་ཟག་པ་མེད་པར་བདེ། །སེམས་ཅན་དོན་ལ་བདེ་བར་གཤེགས། །ཐུགས་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །ཨུ༷་རྩོལ་མེད་རང་བྱུང་ཆོས་སྐུའི་སྒྲ། །མ་འགགས་རང་གསལ་འཛིན་པ་མེད། །ཆགས་མེད་སྐྱོན་བྲལ་པདྨའི་གསུང་། །ཡང་དག་གསུང་ལ་ཕྱག་འཚལ་བསྟོད། །ཧུ༷་སྤྲོས་པ་མེད་པའི་དབྱིངས་ཀྱི་ངང་། །མ་སྐྱེས་འཇིག་མེད་རྡོ་རྗེའི་ཐུགས། །བླང་དོར་མེད་པ་ཆོས་ཀྱི་དབྱིངས། །འགྱུར་མེད་ཐུགས་ལ་ཕྱག་འཚལ་བསྟོད། །གྲྭ་ཆོས་དབྱིངས་རོལ་པ་ཆེན་པོ་ལས། །རྩལ་དང་རོལ་པ་མི་དམིགས་ཀྱང་། །ནམ་མཁའ་མཛོད་ཀྱི་ཆོ་འཕྲུལ་གྱིས། །ཡོན་ཏན་རེ་སྐོང་ཕྱག་འཚལ་བསྟོད། །ཧྭ་རང་བཞིན་ཅིར་ཡང་མ་ངེས་ཀྱང་། །དཀྱིལ་འཁོར་ཆེན་པོའི་ཆ་བཟུང་ནས། །རྟོག་མེད་དྲེགས་པ་ངང་གིས་འདུལ། །ཕྲིན་ལས་༷མཛད་ལ་ཕྱག་འཚལ་བསྟོད། །གཞན་ཡང་དོན་མཐུན་ཅི་རིགས་བསྟོད། །ཨོ་ཨུ༷་ཧུ༷་སྲུ་ཧྭ། ན་མོཙྭ་དྭ་ཡ། དེ་ནས་ལྷ་ཚོགས་མཚན་དོན་ནས། །ལས་བཞི་ལ་སོགས་བཅོལ་བསྐུལ་བྱ། །ཨོ་ཤིརྙ༷་ཀུ་སྲ སྲུ་བྲེརྙུ་ཀུ་སྲ ཨཱོཾ་བ་ཤ༷་ཀུ་སྲ ཧྭ་ནཱ་ར་ཡ། ཧྭ༷་སརྦ་སིརྙི་ཀུ་རུ་ཧུ༷། དེ་ནས་བདེ་གཤེགས་ཀུན་གྱི་གསང་། འདུས་པའི་སྙིང་པོ་འཛབ་བཟླས་ཏེ། །ཞི་བས་བསྙེན་ཅིང་ཁྲོ་བོར་བསྒྲུབ། །ཐོག་མར་ཞི་བའི་འཛབ་བཟླས་ཏེ། །བདེ་གཤེགས་ཡོངས་རྫོགས་སྙིང་པོ་འདིའོ། །ཨོ་བོ་དྷི་ཙིསྟ་མ་ཧྭ་སུ་ཁ་གཉའ་ན་དྷ་ཏུ་ཨ། དེ་ཡང་འདི་སྐད་བསྐུལ་ཞིང་བསྙེན། །ཧུ༷་གསང་བ་ཡོངས་རྫོགས་དཀྱིལ་འཁོར་དུ། །ཆེ་མཆོག་དཔལ་དགུའི་དབུ་རྒྱན་ནང་། །ཐབས་ཤེས་ཉི་ཟླ་འོད་ཀྱི་དཀྱིལ། །མ་ཆགས་པདྨའི་གེ་སར་ལ། །མི་བསྐྱོད་རྣམ་པར་སྣང་མཛད་དང་། །རིན་འབྱུང་མཐའ་ཡས་དོན་ཡོད་གྲུབ། །ཡུམ་ཆེན་ཀུན་བཟང་སངས་རྒྱས་སྤྱན། །མྱ་མ་གོས་དཀར་དམ་ཚིག་སྒྲོལ། །རྒྱལ་བ་རིགས་ལྔ་ཡབ་ཡུམ་བཅས། །ཀུན་བཟང་ཡབ་ཡུམ་དགྱེས་པར་སྦྱོར། །སྲས་མཆོག་སེམས་དཔའ་སེམས་མར་བཅས། །སྤྲུལ་སྐུ་ཐུབ་དྲུག་མཐར་བྱེད་བརྒྱད། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར། དབུ་རྒྱན་ཕྲེང་བ་ཅོད་པན་དང་། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །རིན་ཆེན་དར་དཔྱངས་ཆས་རྣམས་རྫོགས། །གསུང་གི་སྙིང་པོ་སྔགས་སྒྲ་སྒྲོགས། །ཐུགས་ནི་རང་བྱུང་ཡེ་ཤེས་གསལ། །འཛབ་ཀྱིས་སྐུ་གསུང་ཐུགས་རྒྱུད་བསྐུལ། །སྤྲོས་པས་སྟོང་གསུམ་སྐུ་ཡིས་གང་། །སྐུ་ལས་གསུང་བྱུང་སྔགས་འབྲུག་ལྡིར། །བསྡུས་པས་ཆོས་དབྱིངས་མཁའ་ལ་ཐིམ། །མ་གསལ་བར་དུ་བསྐྱེད་ཅིང་བསྒོམ། །ཨོ་བོ་དྷི་ཙིཏི་མ་ཧྭ་སུ་ཁ་གཉའ་ན་དྷ་ཏུ་ཨ། བརྒྱ་སྟོང་ཁྲི་འབུམ་བྱེ་བ་སོགས། །བསྙེན་པ་སུམ་ཆ་དེ་ལ་བསྐྱལ། །སྟོང་ཚིག་ཡན་ལག་བདུན་མཆོད་བྱ། །ཚོགས་ཀྱི་འཁོར་ལོ་དུས་དྲུག་བཏང་། །དེ་ནས་བདེ་གཤེགས་ཀུན་གྱི་གསུང་། །ཚོམ་བུ་དགུ་ཡི་སྙིང་པོ་བསྐུལ། །ཨོ་བཛྲ་ཀྲོ་དྷ་མ་ཧྭ་ཤི་ཧེ་རུ་ཀ་ཧུ༷་ཕཊ། ཨོ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷་ཕཊ། ཨོ་སྤྱི༷༷སྒྱི༷་བིཀྲི་ཏ་ན་ན་ཧུ༷་ཕཊ། ཨོ་རྒྱ་རྒི་བ་ཧུ་ལུ་ཧུ་ལུ་ཧུ༷་ཕཊ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཧུ༷་ཕཊ། ཨོ་གུ་རྒྱ་གཉའ་ན་ཤི་ཧེ་རུ་ཀ་ཀྲོ་དྷི་ཤྭ་རྡི་ཧུ༷་ཕཊ། ཨོ་བཛྲ་མ་ཧྭ་གུ་རུ་སརྦ་ཧུ༷་ཕཊ། ཨོ་བཛྲ་ཙཎྜ་སརྦ་དུསྐྱིན་ཧུ༷་ཕཊ། ཨོ་བཛྲ་སརྦ་དུ་ན་ཨེ་ཛ༷༷སྤྱོ་ཧུ༷་ཕཊ། ཁྲོ༷་ག་རུ་ཌ་ཧུ༷་ཕཊ། སརྦ་ཌའ་ཀི་ནི་ས་མ་ཡ་ཧྲི༷་ཧྲི༷་ཧུ༷་ཕཊ། དེ་ཡང་འདི་ལྟར་བསྐུལ་ཅིང་བསྒྲུབ། །ཧུ༷་དབུས་ཕྱོགས་འཁོར་ལོའི་གཞལ་ཡས་ནས། །ཟླ་གམ་དབང་ཆེན་ཨེ་ཡི་དབྱིབས། །བྱོལ་སོང་གཙོ་བརྒྱད་དྲེགས་པའི་སྟེང་། །ཐབས་ཤེས་ཉི་ཟླ་འོད་ཀྱི་དཀྱིལ། །མ་ཆགས་པདྨའི་གེ་སར་ལ། །བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །ཡུམ་ཆེན་གནམ་ཞལ་དབྱིངས་ཕྱུག་མ། །གཉིས་མེད་འཁྲིལ་སྦྱོར་སྲསཆལུགསགངཡངའཁོར་བཅས། །སྒེག་པ་དཔའ་བ་འཇིགས་སུ་རུང་། །དགོད་དང་གཤེ་དང་སྙིང་རྗེ་རྔམ། །འབར་ཁྲོ་ཞི་ཚོགས་གར་དགུ་ལྡན། །སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས། །གསུང་ནི་དྲག་པོའི་སྔགས་སྒྲ་སྒྲོགས། །ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས། །འཛབ་ཀྱི་རྒྱུད་བསྐུལ་སྐུ་གསུང་ཐུགས། །ཕཊ་ཀྱི་སྤྲོས་པས་སྟོང་གསུམ་གང་། །བསྡུས་པས་ཡུམ་གྱི་མཁའ་ལ་འཁྱིལ། །གསང་བའི་སྦུབས་ནས་ཐུགས་ཀར་ཐིམ། །མ་གསལ་བར་དུ་བསྐྱེད་ཅིང་བསྒོམ། །མ་འགྲུབ་བར་དུ་མི་གཏོང་ངོ་། །བཛྲ་ཀྲོ་དྷ་མ་ཧྭ་ཤི་ཧེ་རུ་ཀ་ཧུ༷་ཕཊ། བརྒྱ་སྟོང་ཁྲི་འབུམ་བྱེ་བས་བསྒྲུབ། །སྟོང་ཚིག་ཡན་ལག་བཅུ་པ་བྱ། །དེ་བཞིན་ཁྲོ་བོ་ཀུན་ལ་སྦྱར། །དུས་དྲུག་ཚོགས་ཀྱི་འཁོར་ལོ་བསྐོར། །སྒྲུབ་པ་སུམ་གཉིས་དེ་ལ་བསྒྲུབ། །དེ་ནས་ལས་སྦྱོར་སུམ་ཆའི་བར། །དགོངས་པ་གསུམ་གྱིས་མཐར་འགྱུར་ཏེ། །བདག་ཉིད་ཡོངས་རྫོགས་དཔལ་དུ་བསྐྱེད། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀུན། །ཆོས་ཉིད་དོན་ལ་འགྱུར་མེད་ཕྱིར། །ཐམས་ཅད་སྐུ་མདོག་མཐིང་ནག་ལ། །རྡོ་རྗེ་ཕུར་པ་འདྲིལ་ཞིང་འདེབས། །དགྲ་བགེགས་ལས་རྒྱུན་གཅོད་པར་བསམ། །རྣལ་འབྱོར་དུར་ཁྲོད་ཆས་གསོལ་ཏེ། །བསྒྲུབ་ཕུར་རྣམས་ལ་དྲག་ཏུ་བསྟིམ། །ཨོ་བཛྲ་མ་ཧྭ་ཀྲོ་དྷ། པདྨ་ཀྲོ་དྷི་ཤྭ་རྡི། བཛྲ་ཀི་ལི་ཀི་ལ་ཡ། །མ་ཧྭ་ཡཀྟ། ཀྭ་ལ་རྭ་པ་ཀརྨ་ར༷་ར༷། ཛ་ལ་ར༷་ཧུ༷་ཕཊ། བདེ་གཤེགས་ཁྲོ་རྒྱལ་འདུས་པ་ཡི། །དྲགས་སྔགས་གནམ་ཐོག་དྲག་ཏུ་བཟླས། །སྟོང་སྟོང་ཚིག་ཏུ་ཁྲོ་རྒྱལ་བསྐུལ། །དགྲ་བགེགས་ཁུགས་པའི་རྟགས་མཐོང་ཚེ། །ཨེ་དབུས་མཚན་ངན་ཐོད་པ་སྲ །ལིང་ག་འཁོར་ལོའི་རྩིབས་ལ་བསྐྱོན། །གུ་གུལ་གྱིས་བདུག་ལྷ་དང་དབྱེ། །དཔང་གསོལ་ཕྱག་རྒྱ་བཞི་ཡིས་བཅིངས། །དྲི་ཏྲི་ཆེ་གེ་མོ་ཛ༷༷ཧུ༷་བ༷་ཧོ༷། ཨུ་བེ་ཤ་ཡ་ཨ་ཨ། ཕྲིན་ལས་རྟེན་གྱི་ཕུར་པ་བསྣམས། །གུ་གུལ་བྱིན་བསྐྱེད་ཁྲག་དབང་བསྐུར། །ཡུངས་ཀར་བྲབ་ཅིང་ཕྲིན་ལས་བཅོལ། །ཚེ་ལུང་ཁྲུས་ཀྱི་དགོངས་པ་བྱ། །ཆེ་མཆོག་ཕུར་པ་སྲོག་རྩར་གདབ། །བཛྲ་ཧེ་རུ་ ང་གརགདབ། །གཤིནརྗེགཤེདཔོདཔྲལ་བར་གདབ། ། ་མགྲིན་དབང་གི་ལྕེ་ལ་གདབ། །་རྗེགཤོན བརགདབ། །བླ་མེད་ཧེ་རུ་གསང་ ནས་ དབ། །དྲེགས་པ་ ན་འདུལ་བརླ་གཡས་གདབ། །སྟོབས་ལྡན་ནག་པོ་བརླ་ཡོན་གདབ། །རིག་འཛིན་དྲག་པོ་སྤྱི་བོར་གདབ། །གདབ་པའི་སྔགས་དགུ་འོག་ནས་སྟོན། །སོ་སོའི་འཁོར་གྱིས་ཁྱབ་པར་གདབ། །ཡུངས་ཀར་དུག་ཁྲག་ཐུན་གྱིས་བྲབ །དྲག་སྔགས་ཐམས་ཅད་ཕུར་དཀྲུགས་ཕུསྤྲུགས། ཀྱངཏེ། །མངག་ཕུར་གདབ་ཕུར་ཁྱབ་པར་གདབ། །གདབ་བརྡེག་མནན་པས་ལས་ཁ་བསྡུ། །བདག་དང་ཕུར་པ་འབེན་དང་གསུམ། །ཐ་མི་དད་དེ་གྲུབ་མཐའ་གཅིག །ཆོས་ཀྱི་དབྱིངས་སུ་གཟུང་འཛིན་སྒྲོལ། །སྲིད་པ་གསུམ་ཡང་དུས་གཅིག་སྒྲོལ། །ཁྲོ་རྒྱལ་འདུས་པའི་ཕྲིན་ལས་སོ། །དེ་ནས་སྐབས་སུ་ཚོགས་མཆོད་བྱ། །ཨོ་ཨུ་ཙུསྨ། བེ་ཏྭ་སྙི། ཀྲོ་དྷ་སརྦ་དྲ་བྱ༷་བི་ཤྭ་དྷ་ན་སྲུ་ཧྭ། ར༷་ཡ༷་ཁ༷། ཨོ་ཨུ༷་ཧྭ༷། ཨི་ན་མ་སརྦ་ཏ་ཐུ་ག་ཏེ་སྨྱོ་དེ་བྲི་ཀྲོ་དྷ་སརྦ་བ་ལི་ཏ་ཁུ་ཧི་ཁུ་ཧི། ཨོ་ཨུ༷་ཧུ༷། མ་ཧྭ་བ་ལི་ཏ་ཁུ་ཧི། དེ་ནས་ལྷག་མས་མཆོད་པ་བྱ། །ཨོ་ཨུ༷་ཧུ༷། ཨུ་སྣྲིཛི་བཛྲ་ཨསྟི་སྟ། ས་མུན་ཤ་ཀྲ་མ། ས་མ་ཡ་ཧུ༷་ཕཊ། ཧུ༷་ཧུ༷་ཧུ༷། ཧྲི༷་ཧྲི་ཧྲི༷། སྨྱོ་སྨྱོ་སྨྱོ། ཨུ་ར་ལི་ཛ། དེ་ནས་མན་ངག་འཁྲུལ་འཁོར་བཤད། །གདུལ་བྱའི་བློ་རིགས་ཐ་དད་པས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །བྱེ་བྲག་བསྒྲུབ་ལ་མོས་ན་ཡང་། །འདི་ཡི་བསྙེན་བསྒྲུབ་སྐབས་དང་སྦྱོར། །བདེ་བར་གཤེགས་ལ་རང་རྒྱུད་མེད།།གང་ལྟར་མོས་པ་དེ་ལྟར་འགྲུབ། །རྒྱུད་འདི་ཏན་ཏྲ་བཅོ་བརྒྱད་ཀྱི། །ཉམས་ལེན་རྩ་བ་ཡོངས་རྫོགས་ཕྱིར། །དབུ་ཞབས་ཀུན་ཏུ་མན་ངག་གང་། །མདོ་ལས་ཞིབ་རྒྱས་མ་ཚང་ནའང་། །ཉིད་ལས་མི་གཞན་རིག་འཛིན་གྱིས། །རིགས་པར་སྒྲོལ་བར་བཀའ་གནང་གིས། །རྒྱུད་གཞན་ཀུན་ནས་ཁ་བསྐང་བྱ། །ཡང་དག་ངེས་པའི་དོན་ལ་སྦྱར། །འཁོར་ལ་བཀའ་བསྒོ་དགེ་སྦྱོར་བསྐུལ། །བར་ཆོད་ཉུལ་ལེ་བརྟགས་ཏེ་བཟློག །རྒྱུན་དུ་འབྱུང་བའི་དངོས་གྲུབ་བླང་། །བསྒྲུབ་པའི་གེགས་ཡིན་རྣམ་རྟོག་བསལ། །དེ་ལྟར་བསྒྲུབས་པའི་གྲུབ་རྟགས་བཤད། །བསྙེན་པ་རྫོགས་པའི་རྟགས་སུ་ནི། །དཔལ་ཆེན་ལ་སོགས་བདེ་བར་གཤེགས། །གང་ན་གང་གི་ཞལ་མཐོང་ཞིང་། །ངག་གི་བདེན་པ་གྲུབ་པ་དང་། །ཉམས་སྣང་མཁའ་འགྲོའི་ལུང་བསྟན་འབྱུང་། །མི་མང་འདུས་ནས་ཕྱག་འཚལ་དང་། །མགོ་ལ་ཉི་མ་ཤར་བ་དང་། །མཆོད་རྟེན་རྩེ་ལ་འདུག་པ་དང་། །གྲོང་ཁྱེར་ཉམས་དགའ་མཐོང་བ་དང་། །རིགས་ལྔའི་ཕྱག་མཚན་རྙེད་པ་དང་། །བཅུད་འཐུང་མེ་ཏོག་ཟོས་པ་དང་། །དམག་དཔོན་དེད་དཔོན་བྱས་པ་དང་། །བསྒྲུབ་པ་གྲུབ་པའི་རྟགས་དག་ནི། །གངས་དཀར་རྩེ་ལ་འཛེགས་པ་དང་། རི་བོའི་རྩེ་ལ་འདུག་པ་དང་། །དར་གདུགས་རྒྱལ་མཚན་འཕྱར་བ་དང་། །བུད་མེད་ཚོགས་འདུས་སྐོར་བ་བྱེད། །ལུས་ལ་ཁྲག་འཛག་སེམས་ཅན་ཐོན། །བྷསྡོ་ཕུར་པ་ལྡེག་ཅིང་འཕར། །སྐུ་དང་འོད་སྒྲ་ལྷ་མོར་སྟོན། །དམ་རྫས་ཁོལ་ལམ་དུ་བ་འབྱུང་། །ལས་སྦྱོར་གྲུབ་པའི་རྟགས་སུ་ནི། །ཞི་བས་འཇིགས་པ་བརྒྱད་སྐྱོབ་ནུས། །རྒྱས་པས་འབྱོར་དྲུག་སྤེལ་བར་ནུས། །དབང་གིས་བདུད་བཞི་དབང་སྡུད་ནུས། །དྲག་པོས་དགྲ་བགེགས་མྱུར་བསྒྲལ་ནུས། །ཉམས་སུ་བླ་ཁུགས་དམིགས་པས་གསོད། །བསམས་པའི་དོན་གྲུབ་ཞག་དུས་ཐེབས། །རྨི་ལམ་དུ་ཡང་དུད་འབུད་དང་། །རྔ་སོགས་རོལ་མོ་སྒྲོགས་པ་དང་། །སྨྱོགས་འཕང་ཧོམ་སྤར་རྫིང་བརྟོལ་དང་། །མཆོད་རྟེན་ལྷ་ཁང་མཁར་སྦེའུ་བརྩིག །བསོས་བཏབ་མི་རྣམས་བྲན་དུ་འཁོལ། །མཚན་རྟགས་དེ་དག་ཐམས་ཅད་ཀྱང་། །རབ་དངོས་ཡང་ཡང་བརྟག་ཐུབ་ཅིང་། །འབྲིང་དུ་ཐུན་ཁོལ་བདུད་རྩི་ཁོལ། །འོད་སོགས་ཉམས་ལ་སྣང་བ་ཡིན། །ཐ་མ་རྨི་ལམ་བརྟན་པོ་འབྱུང་། །མ་གྲུབ་རང་ལ་ངན་སྲིད་ན། །ཉམས་དམའ་དཔའ་ཆུང་སྟོབས་ཞན་དང་། །མདོག་ལྡོག་སྐད་འགག་མི་མི་ཉན། །རྨི་ལམ་དུ་ཡང་གྲོགས་མེད་འ་ས། །གོས་མེད་མཚོན་སོགས་ཚུར་སྒྱོགས་འབྱུང་། །གཏོར་མ་དུས་ཡོལ་ཆག་ཡོད་ན། །ཁྲལ་འདོད་ཉེ་དྲུང་ཐམས་ཅད་འཁང་། །སྒོ་ནོན་རང་ཡང་ལྟོགས་སྙམ་སེམས། །ཉམས་གྲིབ་མི་གཙང་གོས་སྲིད་ན། །ཡུགས་ས་མཛེ་ཅན་གཉེན་ཁྲོས་དང་། །ནམ་ངན་ཁ་བ་བུ་ཡུག་འཚུབ། །འདམ་རྫབ་དུ་བ་མུན་གླིང་འབྱམས། །བསྐང་དང་བཤགས་པ་རྒྱུན་དུ་བྱ། །དེ་ལྟར་མཚན་མ་བཟང་དང་ངན། །གང་ལྟར་སྣང་ཡང་བཏང་སྙོམས་འདུག །རློམས་སེམས་རྟོག་པ་མི་སྐྱེ་བར། །དངོས་གྲུབ་བླང་ཞིང་ངན་པ་བཟློག །དངོས་གྲུབ་ལེན་ཁར་བྲོ་བཤགས་བྱ། །ཞག་གྲངས་ཐེམ་མམ་རྟགས་བཟང་ན། །དངོས་གྲུབ་བཅུད་སྨན་ཟས་བཟང་དང་། །ཀ་བཱ་ལ་ཡི་བདུད་རྩི་དང་། །རྒྱལ་བ་ཞི་ཁྲོའི་མཚན་དོན་ནས། །དངོས་གྲུབ་བླང་པའི་ཆོ་ག་བྱ། །སློབ་མ་བཟང་ལ་དབང་ཡང་བསྐུར། །དེ་ནས་དངོས་གྲུབ་དབང་རྫས་རོལ། །བསྒྲུབ་པའི་སྐབས་སྐབས་ཤིས་པ་བརྗོད། །དེ་ལྟར་བསྙེན་སྒྲུབ་རིམ་པ་དག །རབ་ཏུ་ལོ་བསྒྲུབ་རྟགས་དང་སྦྱར། །འབྲིང་ལ་ཟླ་དྲུག་གྲངས་དང་སྦྱར། །ཐ་མ་ཞག་བདུན་དག་ལ་བསྡུས། །དད་བརྩོན་དྲག་པོས་བསྒྲུབས་གྱུར་ན། །མཚམས་མེད་ལྔ་སྤྱད་ཟིན་མིས་ཀྱང་། །དངོས་གྲུབ་ཐོབ་པ་གསང་སྔགས་ཁྱད། །དམ་ལྡན་རྣམས་ལ་སྨོས་ཅི་དགོས། །དེ་ནས་མཐའ་སྡུད་ཆོ་ག་ཡི། །རིམ་པ་བསྒྲུབ་ཆེན་རྗེས་ཀྱང་བཤད། །སྦྱོར་རམ་སྒྲོལ་ན་གདབ་ལས་བྱ། །མྱུར་དུ་སྒྲུབ་བྱེད་སྦྱིན་བསྲེག་བྱ། །གཏོར་མ་གཏོང་ཁར་ཆ་གསུམ་བགོ །དང་པོ་གཏེར་དུ་སྦ་བྱ་སྟེ། །ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །གཏེར་སྦེད་ཆོ་ག་རྒྱས་པར་བྱ། །ཆ་གཅིག་སྦྱིན་བསྲེགས་གསེབ་ཏུ་གདབ། །ཐ་མའི་ཆ་ཡིས་སྐྱོང་མ་མཆོད། །གཏོང་གཤོང་འོག་ཏུ་དམ་སྲི་བྲུབ། །ཕྲིན་ལས་རྣམ་བཞིའི་བྲོ་ཡིས་མནན། །བཀྲ་ཤིས་ཚེ་ཡི་ཆོ་ག་བྱ། །དཀྱིལ་འཁོར་བསྡུ་ཞིང་ལྷག་ཆད་བསྐང་། །བཟོད་པར་གསོལ་ཞིང་བླ་མ་ལ། །གཏོང་རག་རྒྱ་ཆེན་ལེགས་པར་གཏོང་། །མར་མེ་ཐོགས་ལ་སྨོན་ལམ་གདབ། །ལུས་བསྲུང་རྒྱུན་གྱི་ཏིང་འཛིན་གཅེས། །དུས་མཚམས་སྒྲོལ་བའི་གཏོར་མ་གཏང་། །སྤྱིན་གཏོང་བསྒྲུབས་ཚར་བསྔོ་བ་བྱ། །ཕྱོགས་བཅུ་དུས་བཞིའི་རྒྱལ་བ་རྣམས། །ཡོངས་རྫོགས་གསང་བའི་བསྒྲུབ་ཆེན་གྱི། །མདོ་དོན་མཚོན་པ་དེ་ལྟར་ཡིན། །ཉིད་ལས་མི་གཞན་རྗེས་འཇུག་གིས། །དེ་ལ་སྤྲོ་བསྡུ་ཅི་རིགས་པ། །དུས་དང་བློ་སྦྱོང་ཆོ་གའི་ཁྲིགས། །དྲང་བའི་དོན་དུ་འཕྲུལ་ཤེས་བྱ། །མཐར་ཐུག་ཡང་དག་ས་ལ་སྦྱོར། །ཕུན་ཚོགས་གསང་བའི་བསྒྲུབ་ཆེན་འདི། །སྐུ་གསུམ་ཡོངས་རྫོགས་ས་ལ་སྦྱོར། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོ་ལས། ཞི་ཁྲོ་ཡོངས་རྫོགས་གསང་བ་བསྒྲུབ་ཆེན་གྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ཀྱིས། །ཀུན་འདུས་སྟོན་པ་ཧེ་རུ་ཀར། །རྒྱུད་དོན་བསྐྱེད་རྫོགས་རབ་བསྡུས་དག །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ནས། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། ཀྱེ་འདུས་པའི་འཁོར་རྣམས་རྩེ་གཅིག་ཉོན། །རྒྱུད་དོན་བསྐྱེད་རྫོགས་ཡང་འདྲིལ་བཤད། །ཞི་ཁྲོ་བདེ་གཤེགས་ཡོངས་རྫོགས་ཀུན། །སྐུ་གསུང་ཐུགས་ཀྱི་བསྒྲུབ་པར་འདུས། །སྔོན་འགྲོ་རྫོགས་པའི་རྣལ་འབྱོར་པས། །རྡོ་རྗེ་སེམས་དཔའ་ཞི་དང་ཁྲོ། །ཡབ་ཡུམ་རྐྱང་སྤག་གང་བདེ་བའི། །བསྐྱེད་རྫོགས་ཟུང་འཇུག་གསལ་བསྒོམས་ཏེ། །ཨོ་ཨུ༷༷ཧུ༷། སྐུ་གསུང་ཐུགས་ལྡན་ཡོངས་རྫོགས་པའི། །འཁོར་འདས་སྲོག་སྙིང་འབྲུ་གསུམ་ལྡན། །བདུད་གཞོམ་དགྲ་བསད་གཡང་ས་གཅད། །བསྙེན་རྫོགས་ལས་རྣམས་མ་ལུས་འགྲུབ། །རྫོང་འཕྲང་སྲོག་གི་ཚད་ལྡན་ཏེ། །དེ་ལྟར་སྐུ་གསུང་ཐུགས་བསྒྲུབས་ཀྱང་། །བླ་མེད་ཡང་དག་ཡི་གེ་ཧྲུ༷། །ཟབ་མོ་ཐུགས་ཀྱི་བསྒྲུབ་པར་རྫོགས། །དེ་ཉིད་ཉམས་ལེན་བསྒྲུབ་པར་འདུས། །དཀོན་མཆོག་བླ་མ་བདེ་གཤེགས་ལ། །སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་བྱ། །ཡན་ལག་བཅུ་པས་ཚོགས་ཀྱང་བསག །སྙིང་རྗེ་བྱམས་དགའ་བཏང་སྙོམས་བསྒོམ། །ལྟར་གསལ་ཐུགས་འོད་འཕྲོ་འདུ་ལས། །སྲུང་མཚམས་ཁྲོ་བཅུའི་འཁོར་ལོ་བསྒོམ། །ཁྲོ་བ་་སྤྲུལ་པས་གདུག་པ་བསྒྲལ། །ཨོ་སུ༷་བྷ་ནི་སུ༷་བྷ་ཧུ༷། །གྲོ་ཎྜ་གྲི་ཎྜ་ཧུ༷། སྙི་༔་པ་ཡ་གྲོ་སྦྱི་པ་ཡ་ཧཱུཾ། ཨུ་ན་ཡ་ཧ། བྷ་ག་ལྷུན་བིདུ་རྭ་ཛུ་ཡ་ཧུ༷་ཕཊ། ཨོ་ན་མ༷༷ས་མརྙ་བཛྲ་ཀྭ་ཡ་ལྷུ་ཀ་ཙིསྟ་ནཱ༷། བྷ་བྷ། བྷ་ཏ་ཡ་བྷ་ཏ་ཡ། སརྦ་དུ་༷་ཧུ༷་ཕཊ། ཀི་ལི་ཀི་ལ་ཡ་སརྦ་བཱ་པ༷་ཕཊ། བཛྲ་ཀི་ལི་ཀི་ལ་ཡ་ཧུ༷་ཕཊ། དེ་ཡིས་བགེགས་བསྲུང་རབ་སྦྱངས་ཏེ། །སྙིང་གའི་ཧུ༷་འོད་རྡོ་རྗེའི་གུར། །རབ་གཏམས་མེ་འོད་འབར་བར་བསམ། །སྙིང་གའི་ཧུ༷་ལས་སྒྲི་འཕྲོས་ཞུ། །དེ་ལས་གཞལ་ཡས་ཁང་སྒོ་བཞི། ། ་བབས་འདོད་ཡོན་ཕ་གུ་དང་། །དྲ་བ་པུ་ཤུད་དར་ཁད་དང་། །འཕན་དངརྒྱལམཚནདུརཁྲོདམཛེས། །ཕོ་བྲང་ར ་ཟུར་བརྒྱད་དབུས། །ཉི་ཟླ་པདྨ་བརྩེགས་༄པའི་ ང་། །ཚངས་པ་རྒྱ་བྱིན་བ་ལ་བའི་ཁར། །ཉི་ཟླའི་གའུ་ཁ་སྦྱོར་དབུས། །རྡོ་རྗེ་རྩེ་ལྔའི་ལྟེ་བ་ལ། །རང་རིག་ཧུ༷་མཐིང་གཅིག་ཏུ་བསམ། །གྲིབ་མའི་ཚུལ་དུ་དྲིལ་བུ་བསྐྱེད། །དེ་ལས་བདེ་གཤེགས་ཡོངས་རྫོགས་སྐུ། །ཡབ་ཡུམ་འཁྲིལསྦྱོར་ཞིག་ཏུ་བསྐྱེད། །དེ་ཡང་ཡབ་ཀྱི་མིང་འདོགས་ནི། །དགྱེས་མཛད་རྡོ་རྗེ་ཞེས་ཀྱང་བྱ། །བླ་མེད་ཧེ་རུ་ཞེས་ཀྱང་བྱ། །བདེ་མཆོག་འཁོར་ལོ་ཞེས་ཀྱང་བྱ། །ཆེ་མཆོག་ཧེ་རུ་ཞེས་ཀྱང་བྱ། །བདེ་གཤེགས་འདུས་པའི་སྐུ་མཆོག་ཉིད། །སྐུ་མདོག་མཐིང་ནག་ཞལ་གཅིག་པ། །ཕྱག་གཡས་རྡོ་རྗེ་དུང་དམར་འཁྲུགས། །ཞབས་གཉིས་བརྐྱངས་བསྐུམས་ལྷ་ཆེན་བརྫིས། །ཀྲོ་དྷི་ཡུམ་ཆེན་ཡབ་འདྲ་འཁྲིལ། །ཡུམ་ཆེན་དེ་ཡི་མིང་འདོགས་ཀྱང་། །ཀུན་བཟང་ཕ་རོལ་ཕྱིན་མ་དང་། །རྡོ་རྗེ་ཕག་མོ་རྣལ་འབྱོར་མ། །འཁོར་ལོ་རྒྱས་འདེབས་ཁྲོས་ནག་མོ། །ཨེ་ཀ་ཛ་རྟི་གནམ་ཞལ་མ། །དེ་ལྟར་ཡབ་ཡུམ་ཞལ་སྦྱོར་ལ། །དུར་ཁྲོད་ཆས་བརྒྱད་རྫོགས་པར་བསྒོམ། །ཨོ་ཨུ༷་ཧུ༷། ཨོ་ཧུ༷་གྲྭ་སྙི༷༷ཧྭ། སྐུ་གསུང་ཐུགས་སུ་བྱིན་བརླབ་ཅིང་། །ཡེ་ཤེས་ལྔ་ཡིས་དབང་ཡང་བསྐུར། །སྤྱན་དྲངས་སྟིམ་མཆོད་བསྟོད་སོགས་བྱ། །ལྷ་གསལ་གྱད་དུ་གྱུར་པ་ན། །ཕྲ་མོའི་ཏིང་འཛིན་གསལ་བསྒོམས་ཏེ། །ཀུན་གྱི་སྤྱི་སྲོག་ཧུ༷་གིས་བསྙེན། །འཛབ་དབྱང་ཟབ་མོས་ཉམས་རྟོགས་སྤར། །རྫོགས་རིམ་ལྷ་ཉིད་སེམས་སུ་བརྟག །ལྷ་ཉིད་རང་ལ་རང་ཉིད་ལྷ། །དབྱེར་མེད་ཆོས་ཉིད་མིང་དང་བྲལ། །རྫོགས་རིམ་གསུམ་གྱིས་གོལ་ས་སྦྱང་། །སྒོ་གསུམ་རྟགས་ལ་སྦྱར་ཅིང་བསྒྲུབ། །ཕྲིན་ལས་རིག་པའི་ཁ་བསྒྱུར་བྱ། །འབྲས་བུ་བདེར་འདུས་ཕྱག་རྒྱ་ཆེ། །སྐུ་གསུམ་ལྷུན་གྲུབ་ངང་དུ་གྲོལ། །ཕྱོགས་བཅུ་དུས་བཞིའི་རྒྱལ་བ་དང་། །ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས་རྣམས། །ཆེ་མཆོག་དཔལ་གྱི་སྐུ་རུ་འདུས། །ཆེ་མཆོག་ཧེ་རུ་ཀའི་ངོ་བོ། །མ་ནོར་མ་བཅོས་ཆོས་ཀྱི་དབྱིངས། །ཆོས་སྐུ་ཟིག་ལེ་ཉག་གཅིག་ཡིན། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། །བསྐྱེད་རྫོགས་ཡང་དྲིལ་གྱི་སྒྲུབ་ཐབས་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་འདུས་པའི་འཁོར་རྣསམ་ཀྱིས་མགྲིན་གཅིག་ཏུ། སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཆོས་ཀྱི་དབང་ཕྱུག་ཀུན་ཏུ་བཟང་། །དབང་ཆེན་ཆེ་མཆོག་ཧེ་རུ་ཀ ཁུད་དོན་དབང་བསྐུར་རིམ་པ་དག །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ནས། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །འདུས་པའི་འཁོར་ཚོགས་རྩེ་གཅིག་ཉོན། ཁུད་དོན་དབང་བསྐུར་རིམ་པ་ལ། །ལྔ་སྟེ་ངོ་བོ་ངེས་ཚིག་དང་། །དབྱེ་བ་སྐུར་ཐབས་དགོས་ཆེད་དོ། །ངོ་བོ་རང་རིག་དབང་ཚུགས་ཐུབ། །ངེས་ཚིག་སེམས་ཉིད་རྩལ་དབང་བསྐུར། །དབྱེ་ན་ཁྱད་པར་ཐུན་མོང་སྟེ། །ཁྱད་པར་ཕྱི་ནང་གསང་དབང་གསུམ། །ཐུན་མོང་ཕན་དང་ནུས་དབང་ཡིན། །དབང་ཆེན་སྐུར་ཐབས་རིམ་པ་ནི། །བླ་མ་གང་གིས་སློབ་མ་ནི། །གང་ལ་བསྐུར་ཕྱིར་སྣོད་བཅུད་བསྟན། །ཇི་ལྟར་སྐུར་ཐབས་ཕྱི་ནང་གསང་། །ཕན་ནུས་ཡོངས་རྫོགས་དག་ཡིན་ཏེ། །དཀྱིལ་འཁོར་རྫས་རྣམས་བསྒྲུབ་དང་མཚུངས། །ཁྱད་པར་དབང་གི་སྒེར་རྫས་ནི། །རཏྣའི་བུམ་དགུ་ཕྱག་མཚན་བྲི། །སྨན་དང་རིན་ཆེན་འབྲུ་སོགས་སྩལ། །འབྲས་ལྡན་ཁ་རྒྱན་དར་སྣས་བཅིང་། །སྣ་ལྔའི་གཟུངས་ཐག་རྡོ་རྗེས་བསྲུང་། །ཕྱི་ཞི་ནང་ཁྲོ་རིགས་ལྔས་བརྒྱན། །དཀྱིལ་འཁོར་ལྷ་ཚོགས་བྲིས་སྐུ་གཟུག །ཕྱག་མཚན་བྲིས་པའི་པྲོག་ཞུ་དང་། །མེ་ལོང་ཤེལ་བཅས་རྡོར་དྲིལ་དང་། །ཞི་རྒྱན་ཁྲོ་ཚོགས་རུས་རྒྱན་སོགས། །དབང་རྫས་རིམ་པ་ཐམས་ཅད་བསག །མཚན་ལྡན་མུ་དྲ་ཡིད་འོང་བཤམ། །སྟ་གོན་རྫོགས་བྱ་དལ་དུ་གཞུག །མདོར་ན་དབང་གི་སྔོན་འགྲོ་རྗེས། །བསྒྲུབ་ཆེན་བསྙེན་བསྒྲུབ་ཁོག་ཕུབ་ལ། །ལས་དང་དབང་གི་སྦྱོར་བས་ཏེ། །ལྷ་རྣམས་བསྙེན་བསྒྲུབ་སྔགས་གཞུག་ལ། །དབང་གི་གསང་སྔགས་འདི་གདགས་བསྙེན། །ཀྭ་ཡ་ལྷུ་ཀ་ཙིསྟ་ཨ་སྟི་ཁི྅་ཨུ། །འོད་ཟེར་སྤྲོ་བསྡུའི་སྦྱོར་བ་ཡིས། །བསྒྲུབ་རྫས་ལྷར་གསལ་བདུད་རྩིར་བསྒྱུར། །སློབ་བུའི་སྒོ་གསུམ་སྒྲིབ་པ་སྦྱང་། །དུས་དྲུག་ཚོགས་ཀྱི་འཁོར་ལོ་བསྐོར། །ལྔ་བདུན་ཉེར་གཅིག་ཞག་ཏུ་བསྒྲུབ། །དེ་ནས་ཅོད་པན་དབང་བསྐུར་ཏེ། །ཞུ་འབུལ་རྗེས་གནང་ཅོང་པན་དོར། །ཨོ་བཛྲ་པྲ་ཏི་གྲོ་ཎྜ་ཧོ། །ཨུ་བེ་ཤ་ཡ་ཨ་ཨ། ལྷ་ངོས་བཟུང་ཞིང་གསང་མཚན་གདགས། །སློབ་བུས་གསལ་གདབ་བླ་མ་ཡིས། །གསང་བའི་སྔགས་འདིས་བྱིན་ཆེན་དབབ། །ཨོ་ཨུ༷༷ཧུ༷་བཛྲ་གུ་རུ་སརྦ་ས་མ་ཡ། ཨུ་བེ་ཤ་ཡ་ཨ་སྙི་ཁི྅་ཨ་ཨ། དེ་ནས་སྦྱི་གཙུག་བུམ་དབང་བསྐུར། །ཨོ་ཨུ༷༷ཧུ༷་སྲུ་ཧྭ། སརྦ་ཏ་ཐུ་ག་ཏ་ཤི་ཧེ་རུ་ཀ །བཛྲ་ཀ་ལ་ཤ །ཀྭ་ཡ་ལྷུ་ཀ་ཙིསྟ་ཨ་སྟི་ཁེ྅་ཧུ༷། སུ་ར་ཏ་སྟུ༷། དེ་རྗེས་དབུ་རྒྱན་དབང་བསྐུར་ཏེ། །རིགས་ལྔའི་ཕྱག་མཚན་ཐོད་སྤྲས་ལ། །ཨོ་ཨུ༷༷ཧུ༷་སྲུ་ཧྭ། བཛྲ།བྲརྙ། རཏྣ། པདྨ། ཀརྨ་མུ་ཀུ་ཊ་ཧྭ༷་ཨ་སྟི་ཁེ྅་ཧུ༷། དེ་རྗེས་ཕྲེང་ཚོགས་ཞི་རྒྱན་དབང་། །གནས་སུ་བཀོད་དེ་དབང་བསྐུར་ནི། །ཨོ་བོདྷི་ཙིསྟ་མུ་དྲ་རུ་ཙི་ར་མ་ཁེ་པྲ་བརྟ་ཡ་གྲྭ་ཧྭ། ཨ་སྟི་ཁེ྅་ཧུ༷། དེ་ནས་དཔལ་གྱི་ཆས་གོས་རྣམས། །གནས་སུ་བཀོད་དེ་དབང་བསྐུར་ནི། །ཨོ་ཤི་ཧེ་རུ་ཀ་སརྦ་ཡོ་གི། ཨ་སྟི་ཁེ྅་ས་མ་ཡ་ཤི་ཡེ་ཧུ༷་ཨ། དེ་རྗེས་དམ་རྫས་མཆོད་པའི་ཚོགས། །སྤྱི་བོར་བཞག་ནས་དབང་བསྐུར་བ། །ཨོ་ཨུ༷་ཧུ༷་སརྦ་པ྅་ཨ་མྲི་ཏ་བ་ལི་ཏ་རཀྟ་སརྦ་པྲུ་ཛ་ས་མ་ཡ་ཨ་སྟི་ཁི྅་སིརྙི་ཨ་སྟི་ཁི྅་ཨ་ཨ། དེ་ལྟར་ཕྱི་དབང་ཡོངས་རྫོགས་ནས། །ནང་གི་ལྷ་དབང་བསྐུར་བ་ནི། །རིགས་ལྔ་ཁྲག་འཐུང་ལྔར་བཅས་པའི། །སྐུ་གཟུགས་ལ་བསྟིམ་དམིགས་པས་བསྟིམ། །སྤྱི་བོའི་གཙུགས་ནས་བསྐུར་བར་བྱ། །ཨོ་ཨུ༷་ཧུ༷་གྲྭ་ཧྭ། མྱུ༷་ལྭ༷་བཱ༷་བཱ༷་ཏྭ༷། བཛྲ་ས་ཏྭ་ཙྭནཨ སྟིཁི྅ཨ། བྲརྙཙྭནཨ སྟིཁི྅ཨ། རཏྣཙྭནཨ སྟིཁི྅ཨ། པདྨཙྭནཨ སྟིཁི྅ཨ། ཀརྨཙྭན་ཨ་སྙི་ཁི྅་ཨ། བཛྲ་ཤི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རྡི་ཨ་སྙི་ཁེ྅་ཨ། བྲརྙ་ཤི་ཧེ་རུ་ཀ་བུརྙ་ཀྲོ་དྷི་ཤྭ་རྡི་ཨ་སྙི་ཁི྅་ཨ། རཏྣ་ཤི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རྡི་ཨ་སྙི་ཁེ྅་ཨ། པདྨ་ཤི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རྡི་ཨ་སྟི་ཁེ྅་ཨ། ཀརྨ་ཤི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རྡི་ཨ་སྟི་ཁི྅་ཨ། དེ་ནས་རྒྱལ་བ་རིགས་བཞིའི་དབང་། །སྤྱི་བོར་འཇམ་དཔལ་ཡེ་ཤེས་སེམས། །ཨོ་བཱ་གི་ཤྭ་རི་མུ༷། མགྲིན་པར་སྤྱན་རས་གཟིགས་དབང་ཕྱུག །ཨུརྭ་བ་ལོ་ཀི་ཏེ་ཤྭ་རྭ་ཡ། ཐུགས་ཀར་གསང་བདག་རྡོ་རྗེ་སེམས། བཛྲ་ས་ཏྭ་ཧུ༷། ལྟེ་བར་དྲུག་པ་རྡོ་རྗེ་འཆང་། །མ་ཧྭ་བཛྲ་དྷ་ར་ཨ་སྟི་ཁི྅་ཨ། དེ་རྗེས་དཔལ་ཆེན་ཁྲག་འཐུང་དགུའི། །ཆ་ལུགས་གསལ་གདབ་དབང་བསྐུར་ཏེ། །སློབ་བུའི་སྤྱི་བོར་ཆེ་མཆོག་བསྟིམ། །ཨོ་བཛྲ་ཀྲོ་དྷ་མ་ཧྭ་ཤི་ཧེ་རུ་ཀ་ཧུ༷། སརྦ་ས་མ་ཡ། ཨ་སྟི་ཁི྅་ཨ། དཔྲལ་བར་གཤིན་རྗེ་གཤེད་པོ་བསྟིམ། །ཨོ་ཧྲི༷༷རྨྱི༷བི་ཀྲི་ཏྭ་ན་ན་ཧུ༷་སརྦ་ས་མ་ཡ། ཨ་སྟི་ཁི྅་ཨ། མགྲིན་པར་པདྨ་དབང་ཆེན་བསྟིམ། །ཨོ་ཧ་ཡ་རྒི་ཝ་ཧུ་ལུ་ཧུ་ལུ་ཧུ༷། སརྦ་ས་མ་ཡ་ཨ་སྟི་ཁི྅་ཨ། སྙིང་གར་བཛྲ་ཧེ་རུ་བསྟིམ། །ཨོ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷། སརྦ་ས་མ་ཡ་ཨ་དྷི་ཁི྅་ཨ། ལྟེ་བར་རྡོ་རྗེ་གཞོན་ནུ་བསྟིམ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་༷ སརྦ་ས་མཡཨ སྙིཁི྅ཨ། གསངབར་བླ་མེད་ཧེ་རུ་བ མ། །ཨོ་གུ་རྒྱ་གཉའ་ན་ཤི་ཧེ་རུ་ཀ་ཀྲོ་ ་ཤྭ་རྡི་༷། སརྦ་ས་མཡཨསྟིཁི྅ཨ། རིགའཛིན་རྒྱལ་པོ་ང་བོར་བ མ། །ཨོ་བཛྲ་མ་ཧྭ་གུ་རུ་སརྦ་ས་མ་ཡཨ་སྟི་ཁི྅་ཨ། བརླ་གཡས་དྲེགས་པ་ཀུན༷་འདུལ་བསྟིམ། །ཨོ་བཛྲ་ཙཎྜསརྦ་དུསྒྲོན་ཧུ༷། སརྦ་ས་མ་ཡ་ཨ་སྟི་ཁེ྅་ཨ། བརླ་གཡོན་སྟོབས་ལྡན་ནག་པོ་བསྟིམ། །ཨོ་བཛྲ་སརྦ་དུ་་ཧུ༷། སརྦ་ས་མ་ཡ་ཨ་སྟི་ཁེ྅་ཨ།དཔུང་གཉིས་ཁྱུང་ཕོ་ཁྱུང་མོ་བསྟིམ། །ཨོ་ཁྲོ་ག་རུ་ཌ་ཧུ༷། སརྦ་ས་མ་ཡ་ཨ་སྟི་ཁི྅་ཨ། དེ་ནས་སྐུ་གསུང་ཐུགས་དབང་བསྐུར། །འབྲུ་གསུམ་སྙིང་པོ་གནས་སུ་བསྟིམ། །ཨོ་སརྦ་ཏ་ཐུ་ག་ཏ་མ་ཧྭ་ཀྭ་ཡ་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅ཧེ། ཨོ་སརྦ་ཏ་ཐུ་ག་ཏ་བཱ་ཀ་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། ཨོ་སརྦ་ཐུ་ག་ཏ་ཙིསྟ་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། དེ་ནས་ཡེ་ཤེས་ལྔས་དབང་བསྐུར། །ཨོ་ཨུ༷་ཧུ༷་གྲྭ་ཧྭ། དེ་རྗེས་ལྷ་དང་དབྱེར་མེད་པར། །རབ་ཏུ་གནས་པའི་དབང་བསྐུར་བ། །ཨོ་ཧུ༷་གྲྭ་ཧི༷༷ཧྭ། ཡེ་དྷརྣ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུརྙེ་༩རྙ་ཐུ་ག་ཏོ་རྒྱ་ཝ་དཏ། ཏི་ཥའརྩི་ཡོ་ནི་རོདྷ་ཨེ་ཝ༷་བཱ་དི་མ་ཧྭ་བྲ་མ་ཎ་གྲྭ་ཧྭ། ས་མ་ཡ་ཏིཛི་ལྷན། ཨ་སྟི་ཁེ྅་ཨ། ས་མ་ཡ་ཧོ། དེ་རྗེས་ལྷ་དབང་མངའ་གསོལ་ཕྱིར། །ཞལ་ཟས་ཚོགས་ཀྱི་དབང་བསྐུར་ཏེ། །བཛྲ་ཨུ་ཡུའ་ཁོ ཧུ༷་྅༷་སྤོ་ཛ༷༷ཨ་སྟི་ཁི྅་ཨ། སིརྙི་ཕ་ལ་སརྦ་ཨ་སྟི་ཁེརྩི་ཧུ༷་ཨ། དེ་རྗེས་སྣང་སྲིད་དྲེགས་པ་ཡི། །སྲོག་དབང་མཐུ་རྩལ་དབང་བསྐུར་བ། །སློབ་མ་མཐུ་སྟོབས་བདག་པོར་བསྐྱེད། །བསྒྲུབ་ཕུར་བསྡུས་ལ་ལག་ཏུ་གཏད། །ཧེ་རུ་ཀ་གུའི་སྔགས་གཞུག་ཏུ། །དྲག་སྔགས་དགུ་པོ་བཏགས་ལ་བསྐུར། །ཨོ་བཛྲ་ཙཎྜ་སརྦ་དུ་། ཏ་ཀ་ཧ་ན་ད་ཧ་པ་ཙ་མ་ཐ་ཧུ༷་ཕཊ། ཀྭ་ཡ་ལྷུ་ཀ་ཙིཀྟ་ཨ་སྙི་ཁི྅་ཧུ༷་ཨ། སྡེ་བརྒྱད་གཟུགས་ལ་དམིགས་པས་བསྟིམ། །སློབ་བུའི་ཞབས་འོག་བྲན་དུ་གཏད། །ཨོ་ཨུ༷་ཧུ༷་བཛྲ་སརྦ་དུཁུ་ཏྲིག་ནནཨེ་ཧུར་ཐུམས་ཛ། མྱ་ར་ཡ་རྦད། ཙིསྟ་རྦད་ནན། ཡ་མ་རྭ་ཛ་ས་མ་ཡ་ཛ། བ་ཤ༷་ཀུ་རུ་ཧུ༷་ཕཊ། ཏྲག་རསྒ་ཁ་མུན་ཏྲ་ཛ༷༷། བ་ཤ༷་ཀུ་རུ་ཧུ༷་ཕཊ། ཏྲི་དུ་རུ་བརའདིམེདཔཡངརྭགཧྲི་དུ་རུ་དུ་རུ་ཧར་ཏི་ཛ༷༷། བ་ཤ༷་ཀུ་རུ་ཧུ༷་ཕཊ། ཤུ་ལ་རྭ་ཛ་ཏྲི་ན་ཏྲ༷་ཤ་ཡ་ཛ༷༷། བ་ཤ༷་ཀུ་རུ་ཡེ་ཧུ༷་ཕཊ།བཛྲ་སྭ་རྙུ་ས་མ་ཡ་རྭ་ཛ་ཏྲི་ཡ་ཙཡངཛ༷༷། བ་ཤ༷་ཀུརུ་ཡེ་ཧུ༷་ཕཊ།྅་བཛྲ་ཡཀྟ་བཛྲ་རྒི་ཧྲི་ཛ༷༷། བ་ཤ༷་ཀུ་རུ་ཡེ་ཧུ༷་ཕཊ། ནཱ་ག་རྭ་ཛ་ས་མ་ཡ་ཕུ་ཛ༷༷། བ་ཤ༷་ཀུ་རུ་ཡེ་ཧུ༷་ཕཊ། བྲན་དུ་གྱུར་ནས་ཕུད་ཀྱིས་གསོ། །ཨོ་ཨུ༷་ཧུ༷། ས་མ་ཡ་ཨ་མྲི་ཏ་ཁ་ཁ་ཁུ་ཧི་ཁུ་ཧི། དེ་རྗེས་སློབ་བུ་ཁྲི་ལ་བཞག །རབ་འབྱམས་བཀའ་ཡི་དབང་བསྐུར་ཏེ། །རྡོ་རྗེ་སློབ་དཔོན་ནུས་པའི་དབང་། །སློབ་དཔོན་བཀའ་རྟགས་རྫས་གཏད་ཅིང་། །ངག་གིས་རྗེས་གནང་ལེགས་པར་སྦྱིན། །ཨོ་སརྦ་ཏ་ཐུ་ག་ཏ་གུ་རུ་གུ་རྒྱ་ཤྭ་རི་བཛྲ་སྭ་བྷ་བ་ཨུཏྣ་ཀོ྅ཧ༷། དེ་ནས་གདུགས་ཀྱིས་དབང་བསྐུརབ། །ཨོ་སྲུརུ་ཤར་ཎ་ཨ་སྟི་ཁི྅་ཨ་ཧོ། །དེ་ནས་རྡོ་རྗེས་དབང་བསྐུར་བ། །ཙྭ་ན་པ྅བཛྲ་ཨུ་བེ་ཤ་ཡ་ཨ། དེ་ནས་དྲིལ་བུས་དབང་བསྐུར་བ། །དྷརྨདྷ་ཏུ་ཨ་སྟི་ཁི྅ཨུཏྣ་ཀོ྅ཧ༷། དེ་ནས་ཉན་པའི་དབང་བསྐུར་བ། །ཨོ་དྷརྨུ་བྲ་བཎ་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། དེནས་འབྲིབའི་དབང་བསྐུར་བ། །དྷརྨ་ལེ་ཁ་ན་ཨུ་ལི་ཀྭ་ལི་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། དེ་ནས་ཆོས་འཆད་དབང་བསྐུར་བ། །ཨོ་སརྦ་ཏ་ཐུ་ག་ཏ་བྷ་ཥ་ན་དྷརྨ་སྭ་བྷ་བ་ཨུཏྣ་ཀོ྅ཧ༷། དེ་ནས་བསྒྲུབ་པའི་དབང་བསྐུར་བ། །ཨོ་སརྦ་ཡོ་ག་སརྦ་ཏ་ཐུ་ག་ཏ་མ་ཧྭ་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། དེ་ནས་ཙཎྜསྙིས་དབང་བསྐུར། །ཚྭ་གསུམ་ཚ་སྣ་བུ་རམ་སྦྱར། །ཆང་བཅས་བླུད་དེ་སྔགས་འདིས་བསྐུར། །ཨོ་བཛྲ་ཙཎྜ་སྙི་ར༷། སརྦ་ཏ་ཐུ་ག་ཏ་ཤ་ར་སུ་བྷ་ཝ་ཨུཏྣ་ཀོ྅ཧ༷། དེ་ནས་རབ་འབྱམས་དོན་དབང་ནི། །འཔྲུལ་ཆེན་ལྔ་བཅུ་བརྗོད་ལ་བསྐུར། །དེ་ནས་ཕྲིན་ལས་ནུས་དབང་བསྐུར། །བཛྲ་ཀི་ལི་ཀི་ལ་ཡ། སརྦ་ཨ་སྟི་ཁི྅་ཧུ༷་ཨ། དེ་ལྟར་ནང་དབང་ཡོངས་རྫོགས་ནས། །རྣལ་འབྱོར་གསང་བའི་དབང་བསྐུར་ནི། །མཚན་ལྡན་བཀྲ་ཤིས་ཡིད་འོང་མ། །པད་དུང་གླང་སྣ་གང་རུང་ལྡན། །བཅུ་དྲུག་ལོན་པའི་རིག་མ་ནི། །གདན་ཁར་རིགས་ཀྱི་ཡུམ་དུ་བསྐྱེད། །རང་ཉིད་རིགས་ཀྱི་ཡབ་ཏུ་གསལ། །མཁའ་གསང་བརྡའ་ཡིས་བྱིན་གྱིས་བརླབ། །ཕྱག་རྒྱ་བཞི་གདམས་པདྨའི་དབུས། །རྡོ་རྗེ་སྙོམས་འཇུག་དལ་གྱིས་བསུབ། །ཡབ་ཡུམ་གཉིས་མེད་བདེ་བ་སྐྱེ། །གཉིས་མེད་བདེ་བ་ཧུ༷་དུ་བསམ། །ཧུ༷་རིང་ཧུ༷་ཐུང་སྣ་ནས་བགྲང་། །མཁའ་གསང་བར་ནས་ཧུ༷་སྤྲོས་པ། །སློབ་བུ་གཟུངས་མ་དང་བཅས་པའི། ཁྲེས་རྒྱུད་དུག་ལྔ་སྦྱང་བར་བསམས། །ཡུལ་གསུམ་གསལ་བ་རབ་ཏུ་གཅེས། །ཕྱི་ཡུལ་ལུས་ལ་བདེ་བ་སྐྱེ། །ཐ་མལ་ལུས་སུ་ཚོར་བ་མེད། །ནང་ཡུལ་དབུགས་ལ་འགྱུ་མི་ཚོར། །ཐ་མལ་རླུད་གི་རྟོག་པ་འགག །གསང་ཡུལ་སེམས་ལ་བདེ་གསལ་འབར། ཐ་མལ་ཉོན་མོངས་འདོད་ཆགས་མེད། །དེ་ལྟར་ཡུལ་གསུམ་གསལ་བ་དང་། །གསང་བའི་དགྲ་གསུམ་སོད་དུས་མཉམ། །ཕྱོགས་བྲལ་དམིགས་པ་མེད་པ་ཡིས། །ཕྱི་དགྲ་གཟུང་དང་འཛིན་པ་གསད། །འདོད་ཆགས་བདེ་ཆེན་ཡེ་ཤེས་འབར། །ནང་དགྲ་དུག་ལྔ་དུག་གསུམ་གསད། །རྣམ་རྟོག་བག་ཆགས་མཚན་མ་ཞི། །གསང་དགྲ་ང་བདག་རྟོག་པ་གསད། །སྐྱེ་ཤི་གཉིས་ཀྱི་འཕྲང་ལས་སྒྲོལ། །ཏིང་འཛིན་དེ་ཡིས་བདུད་བཞི་བཅོམ། །ཡབ་ཡུམ་སྐུ་ལ་རྡོས་མེད་པར། །རེག་བྱ་ཕུང་པོའི་བདུད་ཀྱང་བཅོམ། །བདེ་བ་སྐྱེས་པས་ཉོན་བདུད་སྒྲོལ། །བར་གཅོད་ལྷ་ཡི་བུའི་བདུད་བཅོམ། །ཡབ་ཡུམ་ཐབས་དང་ཤེས་རབ་ལ། །སྐྱེ་འཆི་མི་མངའ་རྡོ་རྗེའི་སྐུ། །འཆི་བདག་བདུད་བཅོམ་རྫོགས་སངས་རྒྱས། །ལས་དང་བག་ཆགས་ཉོན་མོངས་དང་། །འགྲོ་དྲུག་སྐྱེ་མཁན་སྐྱེ་གནས་མེད། །དེ་ཕྱིར་འགྲོ་དྲུག་གཡང་ས་ཆོད། །དེ་ནས་ཡུམ་ཉིད་ཁ་སྦུབ་པའི། །མཁའ་ནས་བྱང་སེམས་དཀར་དམར་བླང་། །མཚན་ལྡན་ཀ་བཱ་ལའི་ནང་དུ། །ཛ་གད་བདུད་རྩི་མངར་གསུམ་སྦྱར། །དེ་ནས་བླ་མ་ལྷ་རྣམས་ཀྱིས། །བྱང་སེམས་དམིགས་པས་དབབ་ཅིང་བསྟིམ། །རང་སྔགས་བརྗོད་དེ་ངག་ལ་བསྐུར། །ཨོ་སྙོ་དྷི་ཙིསྟ་ཀ་མ་ལ་སིརྙི་ཧུ༷་མ་ཧྭ་སུ་ཁ་ཧོ། །ཨ་སྟི་ཁི྅་ཨ། དེ་ནས་བུ་ལ་ཡུམ་གཏད་དེ། །ཧུ༷་ཤེས་རབ་མཚན་ལྡན་བཀྲ་ཤིས་ཡུམ། །བདེན་པ་དབྱེར་མེད་བདེ་ཆེན་བསྐྱེད། །འཁོར་ལོའི་གནས་བཞིར་དབབ་བཟུང་ལ། །བརྟེན་ནས་ཆོས་ཉིད་དོན་རྟོགས་བྱོས། །ཨོ་སརྦ་ཏ་ཐུ་ག་ཏ་གུ་རྒྱ་པྲཙྭ་ཤ་ར་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། ཨ་ཧོ་སུ་ཁ་བྷརྫི་མོཀྟ་ཧོ༷༷། དེ་ནས་རས་ཀྱི་ཡོལ་བའི་ཕྱིར། །སློབ་བུ་ཡབ་ཡུམ་ལྷར་གསལ་གདབ། །རྩ་རླུད་ཐིག་ལེའི་གནད་བསྟན་ལ། །མཁའ་གསང་བྱིན་བརླབ་དབབ་གཟུང་བཟློག །དགྲམ་དང་རྒྱས་གདབ་འཁྲུལ་འཁོར་གྱིས། །བདེ་མཆོག་ལྷན་སྐྱེས་རྟོགས་གོམས་སྦྱང་། །སེམས་ཀྱི་དྲི་མ་དེས་དག་པས། །བདེ་ཆེན་ལམ་བསྒོམ་རྗེས་གནང་སྤྱིན། །དེ་ལྟར་ཡབ་ཡུམ་སྦྱོར་བའི་ཚེ། །ཡུལགསུམ་གསལ་བར་གྱུར་མ་གྱུར། །གསང་བའི་དགྲ་གསུམ་སོད་མ་སོད། །འཇིགས་པའི་བདུད་བཞི་ཆོམ་མ་ཆོམས། །འགྲོ་དྲུག་གཡང་ས་ཆོད་མ་ཆོད། །ཚད་དང་ལྡན་ནམ་བླ་མས་བརྟག །ལྡན་ན་ཉོན་མོངས་མ་སྤངས་དག །རང་བྱུང་ཡེ་ཤེས་རང་ཤར་ཏེ། །ས་རྣམས་ནོན་ཏེ་ཕྱིར་མི་ལྡོག །གོ་འཕང་དབང་གིས་བགྲོད་པར་བྱེད། །དེ་ནས་རིག་པའི་དབང་བསྐུར་ཏེ། །ལག་ཏུ་རྡོ་རྗེ་དྲིལ་བུ་གཏད། །མེ་ལོང་ཤེལ་བཅས་བརྡའ་རུ་འཕྱར། །ཚིག་གིས་མཚོན་པའི་དོན་ངོ་སྤྲད། །ཧུ༷་སེམས་ཉིད་གསལ་ལ་འཛིན་རྟོག་མེད། །ཀ་དག་ལྷུན་གྲུབ་ཡེ་ཤེས་སྐུ། །གཉིས་མེད་འཛིན་བྲལ་ཐུགས་རྗེའི་གསུང་། །རང་རིག་ཡང་དག་རྡོ་རྗེའི་ཐུགས། །ཙྭ་ན་པ྅་དྷརྨ་ཀྭ་ཡ་ཨ། དེ་ལྟར་གསང་དབང་ཡོངས་རྫོགས་ནས། །ཡང་གསང་ལྟ་བ་སྤྱི་འབྱམས་དབང་། །ཡོངས་རྫོགས་རྒྱལ་ཐབས་འདི་ཉིད་དེ། ཁོ།ས་རབ་མིག་ལྡན་གཅིག་ལ་བསྐུར། །སློབ་དཔོན་མཉམ་གཞག་ཕྱག་རྒྱའི་མཐིལ། །ཨ་དཀར་གསལ་འཚེར་གཅིག་ལ་གཞག །དགོངས་པ་ཆོས་ཉིད་ངང་ལ་གཞག །སློབ་བུས་ནོར་བུ་རིན་ཆེན་ཐོགས། །དཔོན་དང་སློབ་བུ་ཡབ་ཡུམ་ཀུན། །ཀུན་བཟང་ཡབ་ཡུམ་སྐུར་གསལ་གདབ། །ཧུ༷་ཐམས་ཅད་ལྷུན་གྲུབ་ཀུན་ཏུ་བཟང་པོ་དངོས། །རང་བཞིན་བརྗོད་མེད་ཀུན་ཏུ་བཟང་མོའི་ངང་། །གཉིས་མེད་ཐབས་ཀྱི་རྒྱལ་པོས་ཡོངས་ལ་ཁྱབ། །དབྱེར་མེད་ཆོས་ཀྱི་དབྱིངས་སུ་དབང་བསྐུར་བས། །ཀུན་ཏུ་བཟང་པོ་རང་བྱུང་བཅོམ་ལྡན་འདས། །ཆོས་ཀྱི་དབྱིངས་ལ་གཅིག་ཏུ་བཞུགས་པ་ཡི། །རང་རིག་བྱང་ཆུབ་སེམས་ཀྱི་ལྷ་ཡིན་ཏེ། །དོན་དམ་སེམས་ཀྱི་ལྷ་ལ་བདག་ཕྱག་འཚལ། །ཕྱག་གཡས་ཨར་བཅས་སློབ་བུའི་སྤྱི་གཙུག་གཞག །ཧུ༷་ཀུན་ཏུ་བཟང་པོ་དྲི་མ་མེད་པ་ཡི། །ཡོངས་ལ་དབང་བསྒྱུར་ཡེ་ཤེས་རྒྱལ་པོར་ཤར། །རང་སེམས་རྣམ་དག་ལྟ་བའི་རྒྱལ་པོར་ཤར། །བྱང་ཆུབ་སྙིང་པོ་བདེ་བ་ཆེན་པོར་ཤར། །ཐམས་ཅད་མ་ལུས་ལྷུན་གྲུབ་ཆོས་ཀྱི་ ། ཆོས་རྣམས་ཐམས་ཅད་རང་གི་སེམས་སུ་འདུས། །སེམས་ཀྱི་བདག་ཉིད་ཅི་ཡང་མ་ཡིན་པས། །ཐིག་ལེ་སྤྲོས་པ་མེད་པའི་རང་བཞིན་ཉིད། །མཉམ་པའི་རྒྱལ་པོ་ཀུན་ལ་དབང་བསྒྱུར་ཏེ། །ཆོས་ཉིད་རིག་པའི་རྒྱལ་པོ་རྫོགས་པ་ཆེ། །མ་འདྲེས་ཅིར་ཡང་སྟོན་པ་ཐེག་པའི་མཆོག །འདི་དག་མ་ལུས་མྱུར་དུ་རྫོགས་བྱའི་ཕྱིར། །སྤྱི་བླུགས་ལྷ་བའི་དབང་མཆོག་འདི་བསྐུར་བས། །ཡོངས་ཀྱི་དབང་རྫོགས་སྟོབས་ཀྱི་རྒྱལ་པོར་འགྱུར། །ཨོ་སརྦ་ཏ་ཐུ་ག་ཏ་པ་ལ་པ་ཏྲ། སྟུ་རྒྱ་རྭ་ཛ་ཏ་ན་ཤ་སརྦ་ཨུཏཱ་ཀོ྅ཧ༷། དེ་ནས་ལྟ་བའི་དབང་བསྐུར་ཏེ། སློབ་མའི་མིག་མདུན་མཁའ་ལ་གཏད། །ཧུ༷་ལྟོས་ཤིག་ལྷོས་ཤིག་རིགས་ཀྱི་བུ། །མདུན་གྱི་ནམ་མཁའ་འདི་ལ་ལྟོས། །གསལ་ལ་དྭངས་པ་མཐའ་དང་བྲལ། །གང་ལའང་འཛིན་མེད་བདེ་ཆེན་འདི། །ལྟ་བ་ཕྱོགས་ལྷུང་བྲལ་བ་ཡིན། །འདི་ཉིད་དོན་ལ་གནས་པར་གྱིས། །དུས་གསུམ་སངས་རྒྱས་དགོངས་པ་ཡིན། །ཨ་ཏི་ཧོ། །དེ་ནས་བསྒོམ་པའི་དབང་བསྐུར་ཏེ། ཧུ༷་ལྟོས་ཤིག་ལྟོས་ཤིག་རིགས་ཀྱི་བུ། །རང་གི་སེམས་ལ་ནང་དུ་ལྷོས། །གསལ་ལ་མི་རྟོག་མ་ཡེངས་པ། །མར་མེ་རླུད་གིས་མ་བསྐྱོད་འདྲ། །བསྒོམ་པ་རང་གསལ་འཛིན་མེད་ཡིན། །འདི་ཡི་དོན་ལ་རྟག་ཏུ་སྒོམས། །དུས་གསུམ་སངས་རྒྱས་བསྒོམ་ཉམས་ཡིན། །ཨ་ཏི་ཧོ། །དེ་ནས་འབྲས་བུའི་དབང་བསྐུར་ཏེ། །ཧུ༷་ལྟོས་ཤིག་ལྟོས་ཤིག་སྐལ་ལྡན་ཁྱོད། །ཆོས་སྐུ་འགྱུར་མེད་དོན་ལ་ལྟོས། །སྨྲ་བསམ་བརྗོད་པའི་མཐའ་ལས་འདས། །མཁུར་བ་ཆུས་བཀང་སྨྲ་འདོད་འདྲ། གང་ཡང་མ་གྲུབ་སྟོང་པའི་ངང་། །མི་སྐྱེ་མི་འགག་ཆོས་ཀྱི་སྐུ། །འབྲས་བུ་མི་འགྱུར་གདེང་ལྡན་ཡིན། །འདི་ཡི་དོན་ལ་གནས་པར་གྱིས། །དུས་གསུམ་སངས་རྒྱས་འདི་ལ་གནས། །ཨ་ཏི་ཧོ། དེ་ནས་སྤྱོད་པའི་དབང་བསྐུར་ཏེ། །ཧུ༷་ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ། །རང་བྱུང་ཡེ་ཤེས་རོལ་པ་ལ། །མ་འགགས་ཐབས་ཀྱི་རྒྱལ་པོ་ཡིས། །གང་སྣང་སངས་རྒྱས་མཛད་སྤྱོད་ལ། །ཅི་བདེར་སྤྱོད་པ་རང་སར་གྲོལ། །སྤྱོད་པ་སྤྱི་འབྱམས་ཡངས་དོག་མེད། །དུས་གསུམ་སངས་རྒྱས་དགོངས་སྤྱོད་ཡིན། །ཨ་ཏི་ཧོ། །དེ་ལྟར་ལྟ་བསྒོམ་སྤྱོད་འབྲས་བཞི། །སུས་ཐོབ་དོན་ལ་རབ་གནས་ན། །ཐེག་པ་སྤྱི་འབྱམས་དབང་ཆེན་འཐོབ། །དབང་རྣམས་དེ་ལས་རབ་ཏུ་འཕྲོས། །དེ་ཕྱིར་དབང་གི་རྒྱལ་པོ་ཡིན། །ཧུ༷་བསྐྱེད་དང་རྫོགས་དང་རྫོགས་པ་ཆེ། །འདི་ལས་འཕྲོས་པས་གྲོལ་ལམ་སྟེ། །ཏིང་འཛིན་གསུམ་དང་དབང་ཆེན་གསུམ། །ཆོ་ག་གསུམ་དང་ལྷར་གསལ་གདབ། །བྱིན་བརླབ་དབང་བསྐུར་ཡེ་ཤེས་བསྟིམ། །ཕྱི་ནང་གསང་བ་ཕྱག་རྒྱས་མཆོད། །བསྟོད་བསྐུལ་འཛབ་བསྙེན་དབུལ་ལ་སོགས། །བསྐྱེད་རིམ་གྲོལ་བའི་ལམ་ཡིན་ཏེ། །ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན། །རང་སེམས་རྩལ་སྦྱོང་ཆེན་པོའོ། །ཧུ༷་ལྷ་རྣམས་གནས་སུ་རྫོགས་རིམ་ནི། །ཡིད་ནི་ཡབ་ལ་ཆོས་ནི་ཡུམ། །ཕུང་པོ་ཡབ་ལ་འབྱུང་བ་ཡུམ། །རྣམ་ཤེས་ཡབ་་ཐ་ཡུལ་ལྔ་ཡུམ། །དབང་པོ་ཡབ་ལ་དུས་བཞི་ཡུམ། །ཉོན་མོངས་དྲུག་ནི་སྤྲུལ་པའི་སྐུ། །ལུས་ཆོ་ས་ཡབ་ལ་མུ་བཞི་ཡུམ། །ཐབས་ནི་ཡབ་ལ་ཤེས་རབ་ཡུམ། །རང་བཞིན་དེ་ལྷར་ཤེས་པས་ན། །མ་བསྲུངས་མ་བསྒྲུབས་རང་ལྷར་གནས། །རང་བྱུང་གནས་འགྱུར་རྫོགས་རིམ་ཡིན། །རང་བྱུང་ལྷུན་རྫོགས་རྫོགས་ཆེན་ནི། །སངས་རྒྱས་ཐབས་མཁས་ཐུགས་རྗེ་ཡིས། །ཐེག་སྒོ་བསམ་མི་ཁྱབ་གསུངས་ཀྱང་། །ཐམས་ཅད་བློ་ཡི་འབྲིང་ཐབས་ཡིན། །ཆོས་རྣམས་ཐམས་ཅད་སེམས་སུ་རྫོགས། །ཆོས་ཀུན་བདེན་པ་དབྱེར་མེད་པས། །ཐམས་ཅད་ཡིན་ལ་གང་ཡང་མིན། །སངས་རྒྱས་མཐར་ཐུག་ཆོས་ཀྱི་སྐུ། །ཀུན་ལ་རྫོགས་ཏེ་ངོ་མ་ཤེས། །ཧོ༷༷འཁོར་བ་དང་ནི་མྱ་ངན་འདས། །འཁྲུལ་སྣང་འཛིན་པ་གཉིས་སུ་བྱུང་། །ཡང་དག་དོན་ལ་དབྱེ་བ་མེད། །གཉིས་ཀ་རང་གི་སེམས་ལ་རྫོགས། །ཧོ༷ཆོས་སུ་འཛིན་པ་ཐམས་ཅད་ནི། །སྤྲོས་པ་བློ་ཡི་ཆོས་ཡིན་ཕྱིར། །སྐུ་གསུམ་རང་ཡང་གྲངས་སུ་ཟད། །འདུས་བྱས་ཆོས་ཀྱིས་སངས་མི་རྒྱ། །ཧོ༷སངས་རྒྱས་ཆོས་སུ་འཛིན་པ་ནི། །མཐར་ཐུག་འཁྲུལ་བློ་ཆེན་པོ་ཡིན། །སངས་ནི་ཆོས་མིན་གཅིག་གིས་རྒྱ། །བློ་ལས་འདས་པ་རྫོགས་ཆེན་ཡིན། །ཧོ༷༷རྒྱས་བསྡུས་རིམ་པར་རང་ལུས་བཞིན། །རིམ་པ་དབང་གིས་བགྲོད་པར་བྱ། །ས་མ་ཡ་ནི་ཤེལ་གོང་ལྟར། །གཞི་ནི་དམ་ཚིག་གཙང་མས་བཟུང་། །ཏིང་འཛིན་ལུས་དང་གྲིབ་མ་ལྟར། །ཉམས་སུ་ཏིང་ངེ་འཛིན་གྱིས་ལོང་། །མན་ངག་གར་ཆང་འཐུང་བ་ལྟར། །དོན་ནི་མན་ངག་ཟབ་མོས་བསྒྲུབ། །ལྟ་བ་ནམ་མཁའི་མདུང་སྐོར་བཞིན། །ཐག་དང་འཕང་ནི་ལྟ་བས་བཅད། །སྤྱོད་པ་མི་ཤ་རློན་པ་བཞིན། །ལ་ནི་སྤྱོད་པས་དོར་བར་བྱ། །ཟུང་དུ་འབྲེལ་ལ་གོལ་ས་མེད། །ཚིག་ཏུ་རྟོག་ལ་མ་བརྟེན་པར། །སྐུ་གསུམ་དོན་པོ་གཅིག་ཏུ་དྲེལ། །མཐའ་དྲུག་རྒྱུད་ལ་རྫོགས་པར་གྱིས། །མཐར་ཐུག་དོན་དམ་ནང་ནས་འཆར། །ནམ་མཁའ་ལ་ནི་ནམ་མཁའ་བཞིན། །ཐམས་ཅད་སྟོང་པའི་ངང་ལ་གནས། །ཧོ༷༷དེ་ལྟར་དབང་རྣམས་ཡོངས་རྫོགས་པར། །བསྐུར་བའི་ཡོན་ཏན་བསམ་མི་ཁྱབ། །གསང་སྔགས་དངོས་གྲུབ་དབང་ལས་འབྱུང་། །ཐོབ་རྟགས་མཁའ་འགྲོས་ལུང་བསྟན་ཅིང་། །ལྟས་སུ་ཡིད་བཞིན་གཙུག་ན་འཆང་། །མགོ་ལ་ཉི་ཤར་དམག་དཔོན་བྱེད། །མགོ་དང་རོ་སྟོད་ཡང་ལ་བདེ། །བུམ་བཅུད་འཐུང་དང་ཟས་བཅུད་ཟོས། །རང་རིག་རྩལ་ལ་དབང་བསྒྱུར་ནུས། །དབང་མ་ཐོབ་པའི་ཉེས་པ་ནི། ཤེས་རབ་གསུམ་རློམ་ལས་བསོག་ཀྱང་། །འབྲས་བུ་མེད་ཅིང་རླག་པར་བྱེད། །དབང་ཡོན་མ་ཕུལ་ཤིན་ཏུ་ཉམས། །དེ་ནས་དབང་ཡོན་དབུལ་བ་ནི། །བྱིན་རློབས་དབང་གི་བླ་མ་ལ། །རྒྱལ་སྲིད་ཡུལ་འཁོར་རང་གི་ལུས། །བུ་དང་ཆུང་མ་ནོར་དབྱིག་དབུལ། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། གསང་བ་ཡོངས་རྫོགས་ཀྱི་དབང་བསྐུར་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་མགྲིན་གཅིག་ཏུ། སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། དམ་ཚིག་ཆེན་པོ་ཀུན་ཏུ་བཟང་། །རྡོ་རྗེ་འཆང་ཀུན་ཡོངས་ཀྱི་རྗེ། རྒྱུད་དོན་དམ་ཚིག་ཆོས་ཀྱི་སྲོག །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་བར་དོན་དགོངས་ནས། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །འདུས་པའི་འཁོར་རྣམས་རྩེ་གཅིག་ཉོན། །རྒྱུད་དོན་དམ་ཚིག་བསྲུང་བྱ་བ། རྩ་བ་སྐུ་གསུང་ཐུགས་དང་ནི། །ཡན་ལག་ཉི་ཤུ་རྩ་ལྔ་ལས། །སྤྲོས་ན་བསམ་གྱིས་མི་ཁྱབ་ཀྱང་། །རྩ་བ་ཡན་ལག་ཉམས་མི་བྱ། །ཡང་ན་མཉམ་རྫོགས་ཆེན་པོར་གནས། །སྐུ་ཡི་དམ་ཚིག་རྡོ་རྗེ་སྟེ། །སློབ་དཔོན་མཆེད་དང་ལྕམ་དྲལ་ལ། །བརྡེག་བཙོག་སྐུར་བ་ནམ་ཡང་མིན། །ངན་སེམས་འཕྱ་སེམས་གཅིག་མི་བྱ། །གསུང་གི་དམ་ཚིག་དབང་ཐོབ་ནས། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཀྱི། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །བླ་མེད་ཐེག་མཆོག་མི་སྤང་ངོ་། །ཐུགས་ཀྱི་དམ་ཚིག་གསང་བ་བཅུ། །གནས་དང་དུས་གྲོགས་ཐམས་ཅད་གསང་། །སྒྲུབ་རྫས་ལག་ཆ་ཐམས་ཅད་གསང་། །མ་གསང་མུ་སྟེགས་འཆལ་བར་འགྱུར། །སྨན་དང་གཏོར་མ་མཆོད་རྫས་གསང་། །དེ་མ་གསང་ན་དངོས་གྲུབ་ཉམས། །སྤྱི་འཛབ་རྩ་བའི་སྙིང་པོ་གསང་། །མ་གསང་མཐུ་དང་བྱིན་བརླབས་ཉམས། །སྔགས་པ་སྔགས་དང་ཕྱག་རྒྱ་གསང་། །དེ་མ་གསང་ན་སྨྱོན་པར་འགྱུར། །སྦྱོར་དང་སྒྲོལ་བའི་ལག་ལེན་གསང་། །མ་གསང་སྐྱེ་བོའི་ཡ་གར་འགྱུར། །ཕྲིན་ལས་མཛད་སྤྱོད་ཀུན་ཀྱང་གསང་། །དེ་མ་གསང་ན་རས་བརཡངཆོད་འགྱུར། །རྒྱུད་དང་སྒྲུབ་ཐབས་མན་ངག་གསང་། །མ་གསང་མཁའ་འགྲོའི་བཀའ་ཆད་འོང་། །མདོར་ན་གསང་བ་འོས་རིགས་གསང་། །དེ་མ་གསང་ན་ལྐུགས་པར་འགྱུར། །ཆེད་དུ་གཉེར་གཏད་མན་ངག་གསང་། །མ་གསང་ཉམས་པ་ཆེན་པོར་འགྱུར། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། །ཉམས་ན་བསྐལ་པ་གཅིག་གཉིས་གསུམ། །རྡོ་རྗེ་དམྱལ་བར་གདོན་མི་ཟ། ཁྲེས་བྱ་ལྔ་དང་སྤྱད་བྱ་ལྔ། །མི་སྤང་ལྔ་དང་བསྒྲུབ་བྱ་ལྔ། །དང་ལེན་ལྔ་ནི་ཡན་ལག་སྟེ། ཉམས་ན་མནར་མེད་དམྱལ་བར་འགྲོ། །གཞན་ཡང་ཁྱད་པར་དམ་ཚིག་དང་། །བླ་མ་བཀུར་ཞིང་གསུང་མི་བཅག །ཐུན་བཞིའི་རྣལ་འབྱོར་ཡེངས་མི་བྱ། །ལྷ་དང་སྔགས་ལ་ཐེ་ཚོམ་སྤངས། །མཆེད་ལྕམ་ཀུན་ལ་གདུང་སེམས་བསྐྱེད། །སེམས་ཅན་ཀུན་ལ་སྙིང་རྗེས་བསྐྱང་། །ང་རྒྱལ་རློམ་སེམས་ཞེ་སྡང་དང་། །འདོད་ཆགས་ཕྲག་དོག་ཁར་མི་བཏང་། །གསང་སྔགས་ལྟ་སྤྱོད་ཟུང་དུ་སྦྲེལ། །བསྐྱེད་རྫོགས་བསྙེན་བསྒྲུབ་མཐའ་རུ་དབྱུང་། །ལེ་ལོ་གཉིད་དང་ཆང་དབང་སྤང་། །ཡང་དག་དོན་གྱི་དམ་ཚིག་ཏུ། །འཁོར་འདས་ཆོས་རྣམས་རང་རིག་སེམས། །གདོད་ནས་རང་བྱུང་ཆོས་སྐུའི་ངང་། །དེ་ཉིད་ཡེ་ནས་བསྲུང་ཉམས་ནི། །མི་བསྲུང་བློ་ཡིས་དོར་དུ་མེད། །ཉམས་སྐྱོན་ཐོབ་བྱའི་འབྲས་བུ་མེད། །མ་སྤངས་མི་གནས་གཟུང་འཛིན་འདས། །སྐྱེ་མེད་གཉེན་པོས་མི་ཤིགས་དམ། །མུ་སྟེགས་བདག་ཏུ་འཛིན་པ་ཚིག །སྔ་རབས་འདས་པའི་སངས་རྒྱས་ཀྱང་། །དམ་ཚིག་དག་ལ་བརྟེན་ཏེ་རྒྱས། །ད་ལྟར་བཞུགས་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་རབ་ཏུ་གནས། །སླད་ཀྱིས་འབྱོན་པའི་སངས་རྒྱས་ཀྱང་། །དམ་ཚིག་དག་ལ་བརྟེན་ནས་རྒྱ། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། དམ་ཚིག་དག་ལ་བརྟེན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། སྤྲུལ་པའི་སྐུ་མཆོག་ཀུན་ཏུ་བཟང་། །སྐྱེ་མེད་ཆོས་ཏེ་སྣ་ཚོགས་སྟོན། །རྒྱུད་དོན་མཐའ་རྒྱས་ཡིད་བཞིན་གཏེར། །བདག་ཅག་རྣམས་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ཏེ། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །རྒྱུད་དོན་མཐའ་རྒྱས་ཆ་དང་རྐྱེན། །མན་ངག་ལ་སོགས་བསམ་ཡས་ཀྱང་། །དགོས་པ་མདོ་ཙམ་བཤད་པར་བྱ། །ཇི་ལྟར་འདོད་པའི་དོན་རྗོད་ཅིག །དེ་སྐད་རྗེས་སུ་གནང་བ་དང་། །གསང་བའི་བདག་པོ་རྡོ་རྗེ་ཆོས། །དགའ་ཞིང་མགུ་ནས་ཐལ་མོ་སྦྱར། །ཀྱེ་ཧོ་དཔལ་ཆེན་ཡིད་བཞིན་མཛོད། །བདེགཤེགསཞིཁྲོཡོངས་རྫོགས་པའི། །གསང་བ་འདུས་པའི་རྒྱུད་མཆོག་གི །ཉམས་ལེན་མདོར་བསྡུས་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་གསུངས་པ། །བདེ་གཤེགས་ཡོངས་རྫོགས་གསང་རྒྱུད་ཀྱི། །མདོར་བསྡུས་ཉམས་ལེན་སྒྲུབ་ལུགས་གསུམ། །སྐྱེ་དང་རྫོགས་དང་རྫོགས་ཆེན་ཏེ། །གཅིག་ལ་གཅིག་བརྟེན་གཅིག་གི་ངང་། །ཕྱི་དང་ནང་དང་གསང་བའི་ཚུལ། །ཕྱི་ནི་རྡུལ་ཚོན་དཀྱིལ་འཁོར་ལ། །བརྟེན་ནས་སྐྱེད་པའི་རྣལ་འབྱོར་ནི། །གོང་དུ་བསྟན་པའི་སྒྲུབ་ཆེན་ཡིན། །དེ་ཡང་གང་ཟག་བློ་རིགས་ཀྱིས། །རབ་ཏུ་སྤྲོས་ལ་མི་དགའ་བས། །སྐུ་གསུང་ཐུགས་ཀྱི་སྒྲུབ་པའམ། །ཡང་ན་ཞི་ཁྲོ་དགོས་སྒྲུབ་བམ། །ཆེ་མཆོག་ཡབ་ཡུམ་གཉིས་སུ་དྲིལ། །ཐུགས་སྒྲུབ་ཧུ༷་དུ་བསྒྲུབ་ཀྱང་རུང་། །རྒྱུད་འདི་སོར་གཞག་ཁོ་ན་ལྟར། །བདེ་གཤེགས་རྩ་བ་ཡོངས་རྫོགས་པས། །རིགས་ལྔ་ཞི་ཁྲོ་བཀའ་བརྒྱད་གཙོ། །རྩ་བའི་ལྷ་ཚོགས་གོ་གཅིག་སྐྱེད། །ཉི་མ་དང་ནི་ཟེར་བཞིན་དུ། །འཁོར་རྣམས་རང་བཞིན་ལྷན་སྐྱེས་རུང་། །མདོར་ན་སྐུ་མདོག་ཕྱག་མཚན་སོགས། །ཞལ་ཕྱག་མང་ཉུང་བསམ་ཡས་ཀྱང་། །ཡེ་ཤེས་ལྷ་ལ་རང་རྒྱུད་པར། །རྩིས་གདབ་ཁྲིགས་སུ་གཅད་པ་མེད། །གདུལ་བྱའི་བློ་དང་གང་མཐུན་པར། །ཆོས་སྐུའི་རང་རྩལ་ཅིར་ཡང་སྣང་། །ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན། །དཀྱིལ་འཁོར་ལྷ་སྔགས་ཏིང་ངེ་འཛིན། །རྒྱས་བསྡུས་གང་ལྟར་བསྒོམ་ཡང་རུང་། །ཉམས་ལེན་བདེ་ལ་དོན་མི་འགྱུར། །དེ་ཕྱིར་བདེ་ཆེན་གཡུང་དྲུང་ལྷ། །འདུ་འབྲལ་མེད་པའི་དཀྱིལ་འཁོར་ཡིན། །སེམས་འཛིན་སེམས་ཀྱི་རྩལ་སྦྱངས་པས། །དེ་ཕྱིར་སྒྲུབ་ཆེན་བསྐྱེད་པ་ཡིན། །ནང་ནི་ལུས་ཀྱི་དཀྱིལ་འཁོར་འདི་ཉིད་ལ། །བརྟེན་ནས་རྫོགས་པའི་རྣལ་འབྱོར་བསྟན་པ་ནི། སྔོན་འགྲོའི་ལས་རྣམསཀྱངགསུམ་སྔོན་དུ་སོང་བྱས་ནས། །མ་བསྐྱེད་རྫོགས་པའི་ལྡན་ཚུལ་ལྷ་བསྒོམ་པ། །ཡེ་ནས་ཀུན་གཞི་སྟོང་གསལ་དེ་བཞིན་ཉིད། །དེ་ཉིད་ཀུན་ཁྱབ་ཀུན་སྣང་སྙིང་རྗེའི་ངང་། །འགག་མེད་རོལ་བ་ཧུ༷་ནི་ཀུན་གྱི་རྒྱུ། །མ་བསྐྱེད་རྫོགས་པའི་ཏིང་འཛིན་རྣམ་གསུམ་བསྒོམ། །དེ་བཞིན་འབྱུང་བ་རིམ་པ་ལྔ་བརྩེག་ཀྱང་། །མ་བསྐྱེད་རང་ལ་རྫོགས་ཚུལ་འདི་ལྟར་བསྒོམ། །སེམས་ཉིད་ནམ་མཁའ་སྟོང་གསལ་ཨེ་ཡི་ངང་། །འགྱུ་བྱེད་འཐོར་རླུད་སྐྱོད་བྱེད་སྟོབས་ལྡན་ཡ༷། །སྡུད་བྱེད་ཁྲག་གྱི་རྒྱ་མཚོ་ཆུ་ཡིན་ར། །གཟུགས་ནི་རབ་བརྟན་ཤ་ནི་ས་ཡིན་སུ༷། །སྨིན་བྱེད་དྲོད་ཀྱི་རང་བཞིན་མེ་ཡིན་ར༷། །སྒལ་ཚིགས་རུས་པའི་རི་རབ་བརྩེགས་པས་ཀེ། །ཁོག་པ་གཞལ་ཡས་ཁང་གི་རང་བཞིན་སྡུ༷།ཡབ་ཡུམ་བྱང་སེམས་དཀར་དང་དམར་མཐིང་གིས། །སྲོག་རྩ་དབུ་མ་དྲང་པོ་ཚངས་པའི་ཐིག །འཁོར་ལོ་བཞི་ཡི་ཚངས་ཐིག་ཆ་བཞིར་བགོ །རྩེ་ཆུང་གཉིས་རྩེ་ཚངས་པའི་རྩ་ལ་ཟུག །དེ་སྨད་རྩེ་ཆེན་ལོང་རྩ་གཉིསི་ལ་ཟུག །ལག་གཉིས་བལྟ་རྩ་བླ་རྩ་རྣམ་པ་གཉིས། །ཕན་ཚུལ་བསྣོལ་ནས་འབྲེལ་པ་རྩ་གཉིས་ཏེ། །དེ་བཞིན་སྲོག་པའི་རྩ་ལ་རབ་ཏུ་གྱེས། །ཕོ་བྲང་ལིང་ཚེ་དགུ་ཡི་ཚུལ་དུ་ཚང་། །ལིང་ཚེ་རེ་ལ་རྩ་ཡི་འདབ་བཞི་བཞི། །ཕྱོགས་བཞིར་གྱེས་པས་འཁོར་ལོ་རྩིབས་བཞིའི་ཚུལ། །རྩ་ཡི་རྒྱལ་པོ་སྲོག་པའི་རྩ་དེ་ལས། །རྩ་ཆེན་བཞི་གྱེས་རྩ་ཆེན་ཆ་གཅིག་ནི། །ཨ་ཝ་ལ་ཐུག་དབང་པོ་འཆར་བྱེད་རྩ། །རྩ་བྲན་ལྔ་བརྒྱའི་འཁོར་དང་འདུ་འཕྲོ་བྱེད། །རྩ་ཆེན་གཅིག་དང་གཉིས་འབྲེལ་དབང་པོ་རྒྱུ། །རྩ་བྲན་ལྔ་བརྒྱའི་འཁོར་དང་འདུ་འཕྲོ་བྱེད། །རྩ་ཆེན་གཅིག་དང་དེ་ལྟར་འབྲེལ་བྱེད་པའི། །འཁོར་ལོ་སྒྱུར་བྱེད་རྒྱུཡངརྩ་སྟེ་ལྔ་བརྒྱར་ལྡན། །རྩ་ཆེན་གཅིག་དང་གསང་འབྲེལ་འབྱུང་བྱེད་རྩ། །རྩ་བྲན་ལྔ་བརྒྱའི་འཁོར་དང་འཕྲོ་འདུ་བྱེད། །དེ་ཡང་ཀླད་པའི་ཨ་ཝ་དྷ་ཏི་ལས། །མཚོན་རྩ་དགུ་བཅུ་ཕྱི་ནང་རྟེན་འབྲེལ་གྱིས། །དབང་པོ་རྒྱུ་བྱེད་རྩ་ལ་དེ་བཞིན་པས། །འཁོར་ལོ་སྒྱུརཡངརྒྱུ་བྱེད་རྩ་ལ་དེ་བཞིན་པས། །འབྱུང་བ་སྐྱེད་བྱེད་རྩ་ལ་དེ་བཞིན་ནོ། །བརྒྱ་དང་ཉི་ཤུ་ལྤགས་པའི་རྨིཚོན་རྩ་ཡིན། །བརྒྱ་དང་ཉི་ཤུ་རུས་པའི་མཚོན་རྩ་ཡིན། །བརྒྱད་དང་ཉི་ཤུ་གདགས་སྲིབས་མཚོན་པའི་རྩ། །རྩ་བའི་རྩ་བཞི་སྲོག་པའི་རྩ་དང་ལྔ། །དེ་ལྟར་བདུན་བརྒྱ་ཉི་ཤུ་རྩ་ལྔ་པོ། །བདེ་གཤེགས་བདུན་བརྒྱ་ཉེར་ལྔའི་ཕོ་བྲང་ཡིན། །མ་བསྐྱེད་རང་རྩལ་ཡོངས་སུ་རྫོགས་པ་སྟེ། །དེ་བཞིན་བྷསྟོའི་གཞལ་ཡས་རང་གི་མགོ །སྙིང་ནང་ཟླ་གམ་ཡེ་ཤེས་དགུ་འཆར་བས། །ཟླ་གམ་སྒོ་དགུ་དངོས་གྲུབ་ཡིད་བཞིན་གཏེར། །ཙིསྟའི་ཕོ་ལོང་བ་སུའི་དྲ་ཕྱེད་དང་། །ཞིང་ལྤགས་བླ་བྲེ་རཀྟའི་རྒྱ་མཚོ་དང་། ཁྲ་ཆེན་ཀེང་རུས་དྲི་ཆེན་དྲི་ཆུ་དང་། །ནང་གི་དུར་ཁྲོད་གནས་བརྒྱད་རང་ལ་ཚང་། །ཉི་ཟླའི་སྐར་ཁུང་རང་གི་མིག་གཉིས་ལ། །ཁ་སྣ་གསང་བཤད་དཀྱིལ་འཁོར་སྒོ་བཞི་ཡིན། །དེ་ལྟར་གཞལ་ཡས་ཡེ་ནས་རང་ལ་རྫོགས། །ལྷ་རྣམས་རང་ལ་ཡོངས་རྫོགས་འདི་ལྟར་བསྒོམ། །སྲོག་རྩ་ལུས་ཀྱི་དཀྱིལ་འཁོར་དབུས་ཡིན་ཏེ། །ཀུན་གཞི་སེམས་ཀྱི་རང་བཞིན་དེ་ལ་བརྟེན། །དེ་ཕྱིར་ཆེ་ཆོག་ཡབ་ཡུམ་རང་རྫོགས་བསྒོམ། །སྲོག་རྩའི་ཤར་ཕྱོགས་སྙིང་ཡིན་རིག་པ་ཤར། །ཐུགས་མཆོག་བཛྲ་ཧེ་རུ་ཡབ་ཡུམ་བསྒོམ། །སྲོག་རྩའི་ལྷོ་མགོ་དབང་པོ་ཡོན་ཏན་རྒྱས། །སྐུ་མཆོག་གཤིན་རྗེ་གཤེད་པོ་ཡབ་ཡུམ་བསྒོམ། །སྲོག་རྩའི་ནུབ་མགྲིན་རྩ་འདུས་རོ་མཆོག་ནུབ། །གསུང་མཆོག་པདྨ་དབང་ཆེན་ཡབ་ཡུམ་བསྒོམ། །སྲོག་རྩའི་བྱང་སྟེ་སྲིད་པ་ལྟེ་ནས་ཆགས། །ཕྲིན་ལས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་བསྐྱེད། །སྲོག་རྩའི་ཤར་ལྷོ་གསང་གནས་བདེ་བ་འབར། །བླ་མེད་ཧེ་རུ་ཀ་ཆེན་ཡབ་ཡུམ་བསྒོམ། །སྲོག་རྩའི་ལྷོ་ནུབ་སྤྱི་བོ་དབང་གི་གནས། །རིག་འཛིན་བླ་མ་རྡོ་རྗེ་ཐོད་རྩལ་བསྒོམ། །སྲོག་རྩའི་ནུབ་བྱང་རྐང་གཡས་ངར་གདོང་དུ། །རབ་འཇིགས་དྲེགས་པ་ཀུན་འདུལ་ཡབ་ཡུམ་བསྒོམ། །སྲོག་རྩའི་བྱང་ཤར་རྐང་གཡོན་ངར་གདོང་དུ། །བདུད་འདུལ་སྟོབས་ལྡན་ནག་པོ་ཡབ་ཡུམ་བསྒོམ། །ཕྱི་ལྤགས་ཁྱམས་ཡིན་ལུས་ཁྱབ་རབ་ཏུ་གཏུམས། །པགས་པའི་རྩ་བྲན་བཀའ་སྡོད་ཕོ་ཉར་བསྒོམ། །པགས་པའི་གཉེར་སུལ་རྡོ་རྗེ་རྭ་བ་སྟེ། །བ་སྐྲུ་རྣམས་ནི་བསྐལ་པའི་མེ་རིའོ། །དེ་ལྟར་གསང་བ་ཡོངས་རྫོགས་ལྷ་རྣམས་ཀྱང་། །རང་རྒྱུད་ཕྱོགས་རིས་དངོས་པོར་འཛིན་མེད་པས། །ཚོམ་བུ་གཙོ་རྐྱང་ཡབ་ཡུམ་གང་གསལ་རུང་། །དབུ་དང་ཕྱག་ཞབས་མང་ཉུང་དབྱིབས་ཁ་དོག །ཇི་ལྟར་མོས་པའི་རྗེས་འབྲེང་རིག་རྩལ་ཡིན། །དེ་ལྟར་ཡེ་རྫོགས་དོན་ཤེས་རང་གསལ་ན། །སྦྱན་དྲངས་བསྟིམ་མཆོད་བསྟོད་བཤགས་བྱ་བ་རྫོགས། །འཛབ་ཀྱང་རླུད་གི་སྒྲ་སྐད་རང་སྒྲར་ལྡན། །ཧུ༷་རིང་ཧུ༷་ཐུང་ཁྲོ་རྒྱལ་ཀུན་འདུས་སྔགས། །རང་བྱུང་རྡོ་རྗེའི་གླུ་ཡིས་བཟླས་པའི་ཚེ། །ཁྲོ་ཚོགས་ཀུན་གྱིས་དིར་དིར་སྒྲོགས་པར་བསམ། །འོད་ཟེར་མར་འཕྲོས་སྒོ་གསུམ་སྒྲིབ་པ་སྦྱང་། །འོད་ཟེར་གྱེན་རྫོགས་རྫོགས་པའི་རིམ་པ་བསྒོམ། །རྩོལ་མེད་རང་རྫོགས་རྩལ་སྦྱངས་པས། །དེ་ཕྱིར་རྫོགས་པ་ནང་སྒྲུབ་ཡིན། །གསང་བ་སེམས་ཀྱི་དཀྱིལ་འཁོར་ལ། །བརྟེན་ནས་རྫོགས་ཆེན་རྣལ་འབྱོར་ནི། །གཉིས་ཏེ་དཀྱིལ་འཁོར་རང་རིག་ལ། །རྫོགས་པའི་ཚུལ་དང་ཉམས་ལེན་ནོ། །རང་རིག་སེམས་སུ་ལྷ་རྫོགས་ཚུལ། །སྙིང་པོ་རང་རིག་འཁྲུལ་མཚམས་ཆོད། །ང་བདག་དགྲ་བགེགས་མིང་མེད་རྫོགས། །རང་སེམས་རྩ་བྲལ་རང་རིག་པས། ། གས་བྱ་འཆགས་བྱེད་མེད་པར་རྫོགས། །་ས་བྲལ་བྱིན་གྱིས་ཡེ་ ས་ཕེབས། །བྱིན་རླབས་རང་ ང་ཆེན་པོར་རྫོགས། །རིག་པ་ཡེ་ ས་འཆར་་་ཕྱེ། །བ འ་་་དབྱེར་མེད་ངང་དུ་རྫོགས། །ཆོས་མིན་དོན་དང་རང་རིག་མཇལ། །བརྡ་ཕྱག་བཙལ་དུ་མེད་པར་རྫོགས། །རང་སེམས་རྫས་མཆོག་འདོད་དགུར་བསྒྱུར། །མཆོད་རྫས་བཤམ་དུ་མེད་པར་རྫོགས། །སྐྱེ་འགག་གཉིས་མེད་རང་བྱུང་ལྷའི། །ཏིང་འཛིན་དབྱེ་བསལ་མེད་པར་རྫོགས། །འབྱུང་བ་ལྔ་ཉིད་བཅོམ་ལྡན་འདས། །དབང་ཆེན་ཡུམ་ལྔ་དབྱེར་མེད་རྫོགས། །དོན་གྱི་སྙིང་པོ་ཚད་ལས་འདས། །གཞལ་ཡས་གསལ་འགྲིབ་མེད་པར་རྫོགས། །བདེ་གསལ་མི་རྟོག་དབྱེར་མེད་པས། །ཉི་ཟླ་པད་གདན་མཚོན་མེད་རྫོགས། །ཀུན་གཞི་མ་བཅོས་ཀློང་ཡངས་སུ། །ཡིད་བྱེད་དྲན་པ་རྣམ་པར་དག །ཡེ་ཤེས་སེམས་དཔའ་ཆོས་སྐུར་རྫོགས། །བདག་མེད་རང་རིག་བྱང་ཆུབ་སེམས། །གཏི་མུག་རྣམ་དག་ཆོས་ཀྱི་དབྱིངས། །ཡེ་ཤེས་རང་ཤར་བདེ་ཆེན་དོན། །ཆེ་མཆོག་ཧེ་རུའི་ངོ་བོར་རྫོགས། །ཞེ་སྡང་རང་རྒྱུད་རང་དག་གིས། །ཡེ་ཤེས་རང་ཤར་བདེ་གཤེགས་ཐུགས། །བཛྲ་ཧེ་རུའི་ངོ་བོར་རྫོགས། །ང་རྒྱལ་རང་དག་མཉམ་ཉིད་ཀྱི། །ཡེ་ཤེས་རང་ཤར་བདེ་གཤེགས་སྐུ། །གཤིན་རྗེ་གཤེད་པོའི་ངོ་བོར་རྫོགས། །འདོད་ཆགས་རང་དག་ཀུན་རྟོག་གི །ཡེ་ཤེས་རང་ཤརབདེགཤེགསགསུང་། །དབང་ཆེན་ ་མགྲིན་ངོ་བོར་རྫོགས། །ཕྲག་དོག་རང་དག་ནན་ཏན་གྱི། །ཡེ་ཤེས་རངཤརབདེགཤེགསཕྲིན། །རྡོརྗེགཤོནནུའིངོབོརརྫོགས། །བག་ཆགས་མངོན་གྱུར་བྱང་ཆུབ་སེམས། །ཆོས་ཀྱི་སྐུར་སྣང་བརྗིད་པའི་སྟོབས། །བླ་མེད་ཧེ་རུའི་ངོ་བོར་རྫོགས། །རྣམ་རྟོག་འགྱུ་བྱེད་ཡིད་དག་པས། །ལོངས་སྤྱོད་རྫོགས་སྐུ་འཇིགས་པའི་སྟོབས། །དྲེགས་པ་ཀུན་འདུལ་ངོ་བོར་རྫོགས། །དུག་ལྔ་ཕྲག་དོག་རྣམ་དག་པས། །སྤྲུལ་སྐུ་སྣ་ཚོགས་གྱད་ཀྱི་སྟོབས། །སྟོབས་ལྡན་ནག་པོའི་ངོ་བོར་རྫོགས། །སྒྱུ་ལུས་རྡོས་བཅས་རྣམ་དག་པས། །རྒྱལ་བ་རིག་འཛིན་ཐོགས་མེད་སྟོབས། །རྡོ་རྗེ་སློབ་དཔོན་ངོ་བོར་རྫོགས། །འཇིག་རྟེན་འཛིན་རྟོག་རྣམ་པར་དག །བསྟན་པ་བསྲུང་མཛད་མཐུན་ཆེན་སྟོབས། །དཔལ་གྱི་བཀའ་སྲུང་ངོ་བོར་རྫོགས། །དེ་ལྟར་ཡོངས་རྫོགས་རྒྱལ་བ་རྣམས། །ཅིར་ཡང་སྣང་ཐབས་ཡབ་ཀྱི་ཚུལ། ཁོ༑ས་རབ་མོན་འདས་ཡུམ་གྱི་ངང་། །ལྷ་ཚོགས་དེ་དག་ཐམས་ཅད་ཀྱང་། །ཡེ་ཤེས་མཚོན་ཕྱིར་མིང་དུ་བཏགས། །དོན་ལ་རང་བྱུང་ཡེ་ཤེས་སྐུ། །མ་བཅོས་ཐིག་ལེ་ཉག་གཅིག་ཡིན། །ཡེ་ནས་རང་དང་ལྷན་ཅིག་གནས། །སྤྱན་དྲང་བཞུགས་གསོལ་མི་དགོས་རྫོགས། །བཟང་ངན་མེད་མཉམ་གཉིས་མེད་མཆོད། །ཕྱག་དང་མཆོད་པ་མི་དགོས་རྫོགས། །རང་རྩལ་ཐབས་ཀྱིས་འགྲོ་དོན་མཛད། །ཕྲིན་ལས་བསྟོད་བསྐུལ་མི་དགོས་རྫོགས། །མཐའ་བྲལ་སྙིང་པོ་བརྗོད་དུ་མེད། །བསྙེན་སྒྲུབ་འཛབ་བཟླས་མི་དགོས་རྫོགས། །རང་རིག་དྲི་མེད་འོད་གསལ་ལྷ། །ཆོས་སྐུ་ལྷུན་གྲུབ་འབྲས་བུ་ཡིན། །དེ་ལྟར་རྫོགས་པའི་དོན་ཤེས་ན། །གསང་བའི་ཉམས་ལེན་མཐར་ཐུག་པས། །རྫོགས་པ་ཆེན་པོའི་སྡོམ་བཞི་ཡིན། །གཟའ་གཏད་མེད་པའི་ལྟ་བ་ཡིས། །ཡིན་པ་མེད་པར་རང་ངོ་སྤྲད། །དམིགས་གཏད་མེད་པའི་སྒོམ་པ་ཡིས། མི་ནང་མེད་པར་ཉམས་སུ་བླངས། །བླང་དོར་མེད་པའི་སྤྱོད་པ་ཡིས། །ཡིན་མིན་མེད་པར་འགག་ཀྱང་བསྡམ། །སྤང་ཐོབ་མེད་པའི་འབྲས་བུ་ཡིས། །རེ་དང་དོགས་པའི་གོལ་ས་བཅད། །ལྟ་བའི་ངོ་སྤྲོད་དོན་གསུམ་སྟེ། །ཆོས་རྣམས་མཉམ་ཉིད་ངོ་སྤྲོད་ཅིང་། །གྲུབ་མཐའི་ཕྱོགས་འཛིན་གྲོལ་བ་དང་། །ཕྱོགས་རིས་མེད་པར་ལ་བཟླའོ། །མཉམ་ཉིད་རང་ངོ་སྤྲད་པ་ནི། །འཁོར་འདས་ཆོས་ཀུན་ཅིར་སྣང་ཡང་། །སྣང་བ་ཆོས་ཉིད་མ་ཡིན་པར། །སྟོང་པ་ཆོས་ཉིད་ཡིན་པའམ། །ཆོས་ཅན་མ་ཡིན་ཆོས་ཉིད་གཅིག །ལོགས་ནས་འབྱུང་བར་འདོད་པའམ། །ཡོད་མིན་མེད་མིན་ཡིན་སེམས་མམ། །རང་མིན་གཞན་མིན་རྟོག་པའམ། །རྫུན་མིན་བདེན་པ་མིན་ཞེ་ན། །དེ་ལྟར་ཐ་དད་མ་ཡིན་ཏེ། །ཆོས་རྣམས་རང་བྱུང་ཡེ་ཤེས་ཉིད། །ཆོས་མིན་གཏད་མེད་ཉིད་སྣང་བ། །སྣང་ན་རང་སྣང་སྟོང་རང་སྟོང་། །སྣང་དང་སྟོང་པ་ཡེ་ནས་མཉམ། །ཆོས་ཅན་ཉིད་ན་ཆོས་ཉིད་པས། །ཆོས་ཅན་ཆོས་ཉིད་ཡེ་ནས་མཉམ། །ཡོད་པའི་དུས་ན་རང་བཞིན་མེད། །ཡོད་དང་མེད་པ་ཡེ་ནས་མཉམ། །རང་མི་སྣང་བར་གཞན་མི་སྣང་། །རང་དང་གཞན་དུ་ཡེ་ནས་མཉམ། །རྫུན་པ་ཉིད་ན་དོན་ཉིད་བདེན། །རྫུན་དང་བདེན་པར་ཡེ་ནས་མཉམ། །ཅི་ཕྱིར་ཞེ་ན་སེམས་ཉིད་ཀྱི། །ངོ་བོ་ཕྱོགས་ལྷུང་གང་ཡང་མིན། །དེ་ཕྱིར་ཆོས་མིན་གཏད་མེད་དེ། །དཔེར་ན་ག་པུར་སྨན་དུག་བཞིན། །ཡེ་ནས་མཉམ་ཉིད་རང་ངོ་སྤྲད། །གྲུབ་མཐའི་ཕྱོགས་འཛིན་གྲོལ་བ་ཡིན། །ཆོས་རྣམས་མཉམ་ཉིད་མཐའ་གྲོལ་ལ། །བྱིས་པས་རང་རྒྱུད་བཟུང་བ་འཁྲུལ། །ཆད་པས་སྟོང་པར་བཟུང་བས་ལོག །ཐེག་དམན་སྣང་བ་དགྲར་བལྟས་གོལ། །བྱང་སེམས་གཉེན་པོས་སྦྱངས་པས་བསྒྲིབས། །མཐའ་དབུས་སྟོང་པར་སྒྲོ་འདོགས་འབྱམས། །སྔགས་ལ་ཕྱི་ནང་དག་སྣང་དུ། །བསྒྱུར་བས་ཆོས་མིན་གཏིང་མ་རྟོགས། །མདོར་ན་ཕྱོགས་འཛིན་ལྷ་བའི་བདུད། །གཟའ་གཏད་མེད་པའི་ལྟ་བ་ཡིས། །ཆོས་མིན་རྟོགས་པས་ཕྱོགས་འཛིན་གྲོལ། །ཕྱོགས་རིས་མེད་པའི་ལ་བཟླ་ནི། །ཆོས་ཅན་དངོས་པོ་གང་རུང་ལ། །བྱུང་ཚུལ་མིང་གཟུགས་མཚན་དཔེ་དང་། །ལས་དང་ཁ་དོག་དབྱིབས་སུ་བྲལ། །བསམ་པས་བརྟགས་ན་འདི་ཡིན་མེད། །ཡོད་པའི་ཕྱོགས་སུ་མ་ལྷུང་ཞིང་། །ཅིར་ཡང་སྣང་བས་མེད་པ་ཡི། །ཕྱོགས་སུ་ཡང་ནི་རྒྱ་མ་ཆད། །གཉིས་ཀའི་ངོས་ནས་རང་སྣང་བའི། །གཉིས་མེད་ཕྱོགས་སུ་མ་ལྷུང་བས། །མཉམ་ཉིད་རྒྱ་ཆད་རིས་མེད་པར། །ཡང་དག་དོན་གྱི་ལ་བཟླའོ། །བསྒོམ་པའི་ཉམས་ལེན་ལ་གསུམ་སྟེ། །བདག་འཛིན་རོ་དང་དབྲལ་བ་དང་། །བདེན་རྫུན་འཁྲུལ་པ་གཞིག་པ་དང་། །ཡིན་མིན་བློ་དང་དབྲལ་བའོ། །བདག་འཛིན་རོ་དང་དབྲལ་བ་ནི། །སྒོམ་བྱེད་མཁན་པོ་ང་བདག་སྟེ། །བསྒོམ་བྱ་སྒོམ་བྱེད་དམིགས་པས་འཁོར། །ང་བདག་ཉིད་ཀྱིས་ཉིད་ལ་བརྟག །ངོ་བོ་ལུས་སེམས་གང་གིས་བྱས། །ལུས་ཀྱིས་བྱས་ན་མགོ་ཡན་ལག །དོན་ལྔ་སྣོད་དྲུག་ཤ་རུས་ལྤགས། །གང་གིས་བྱས་ཏེ་དེར་མི་སྣང་། །གལ་ཏེ་སེམས་ཀྱིས་བྱས་སེམས་ན། །ངོ་བོ་སྟོང་པས་བྱེད་མཁན་མེད། །རང་བཞིན་གསལ་ཡང་གཞི་རྩ་བྲལ། །མཚན་ཉིད་འགྱུ་དྲན་འཛིན་ཆགས་ཞི། །གང་ཡང་མ་གྲུབ་བདག་མ་རྙེད། །དེ་མ་རྙེད་པས་བསྒོམ་བྱ་ཡི། །ཆོས་དང་སྤང་བྱའི་སྣང་བ་ཞིག །དེ་ཕྱིར་དམིགས་གཏད་ཀུན་དང་བྲལ། །བདག་འཛིན་རོ་མེད་ངོ་སྤྲོད་དོ། །བདེན་རྫུན་འཁྲུལ་པ་ཞིག་པ་ནི། །ཕྱི་ཡི་སྣང་ཡུལ་རང་རྒྱུད་པར། །བདེན་ཅིང་གྲུབ་པ་མེད་པར་ངེས། །བདེན་ན་རིགས་དྲུག་ལྟར་སྣང་དང་། །མུ་སྟེགས་རྟག་ཆད་ཐེག་དགུ་ཡི། །མཐོང་སྣང་ཐ་དད་ཅི་ལ་རིགས། །དེ་ཕྱིར་ཆོས་མིན་རང་སྣང་ཞིང་། །སྣང་བའི་བྱེད་མཁན་མ་གྲུབ་པས། །སྣང་ཡུལ་བདེན་རྫུན་འཁྲུལ་སྣང་ཞིག །གཉིས་འཛིན་འཁྲུལ་པ་གཞི་རྩ་བྲལ། །ཡིན་མིན་བློ་དང་ཕྲལ་བ་ནི། །དེ་ལྟར་འཁྲུལ་གཞི་རྩ་བྲལ་བས། །བསྒྲུབ་བྱ་འདི་ཡིན་བསྒྲུབ་ཏུ་མེད། །སྤང་བྱ་འདི་མིན་སྤང་དུ་མེད། །ཐམས་ཅད་ཡུལ་མེད་རིག་པ་ཉིད། །ཕྱོགས་མེད་རང་སྣང་ཡུལ་མེད་གྲོལ། །ཡིན་མིན་བློ་དང་དེར་བྲལ་མོད། །སྤྱོད་པའི་འགག་སྡོམ་ལ་ཡང་གསུམ། །ཆོས་བྱས་གཟུང་འཛིན་གཅད་བྱ་ཞིང་། །མ་བཅད་ལྷུན་གྲུབ་རྫོགས་པ་དང་། །སྒྱུ་མ་མཉམ་ཉིད་འགག་བསྡམ་མོ། །ཆེད་བྱས་གཟུང་འཛིན་བཅད་པ་ནི། །གཟའ་གཏད་མེད་པའི་ལྟ་བ་ཡིས། །ཡིན་པ་མེད་པའི་ཕྱོགས་ལས་གྲོལ། །དམིགས་གཏད་མེད་པའི་བསྒོམ་པ་ཡིས། །མིན་པ་མེད་པར་གྲོགས་སུ་འཆར། །བླང་དོར་མེད་པའི་སྤྱོད་པ་ཡིས། །ཡིན་མིན་མེད་པས་ཅི་ཡང་སྤྱད། །ཆོས་ཉིད་ཀློང་ལས་འདས་པ་མེད། །དགེ་བཅུ་ཕ་རོལ་ཕྱིན་དྲུག་དང་། །ཆོས་སྤྱོད་བཅུ་སོགས་འདི་བླང་བྱ། །མི་དགེ༄་དང་མཚམས་མེད་ལྔ། །རྣམ་སྨིན་སྡིག་ཆེ་འདི་སྦྱང་བྱ། །མཚན་མ་རང་དག་གཞི་མེད་པས། །བླང་དོར་གཟུང་འཛིན་མིང་མེད་དེ། །ཡིན་མིན་གཉིས་ཀྱི་ཆོས་ལས་འདས། །མ་སྤྱད་ལྷུན་གྲུབ་རྫོགས་ཚུལ་ནི། །དེ་ལྟར་ལྟ་སྒོམ་ཆོས་ཉིད་ཀྱི། །ངང་ལས་འགྲོ་ས་མ་རྙེད་པས། །མི་དགེ་བཅུ་དང་སྒྲིབ་གཉིས་སོགས། །མ་སྤངས་ཆོས་མིན་ལྷུན་གྱིས་གྲུབ། །དགེ་བཅུ་ཆོས་སྤྱོད་ཚོགས་ཆེན་གཉིས། །མ་བཙལ་ཆོས་མིན་ལྷུན་གྱིས་གྲུབ། །བསྒྲུབ་བྱ་སྐུ་དང་ཡེ་ཤེས་སོགས། །མ་སྒྲུབས་ལྷུན་གྱིས་རྫོགས་པའོ། །སྒྱུ་མ་མཉམ་ཉིད་འགག་བསྡམ་ནི། །འཁོར་འདས་ཀྱིས་བ ས་ཆོས་ཐམས་ཅད། ། ་མའི་དཔེ་དགུ་ཇི་བཞིན་དུ། །ཡོད་ནས་ ང་བ་མ་ཡིན་ཏེ། །ཡོད་པ་ཉིད་ནས་རང་ ང་ཕྱིར། །སྐྱེ་བ་མེད་པས་ཐམས་ཅད་སྐྱེ། །སྐྱེས་ཙམ་ཉིད་ནས་སྐྱེ་མེད་དེ། །སྣང་བའ་དུས་ན་སྣང་བར་མཉམ། །སྟོང་པའ་དུས་ན་སྟོང་པར་མཉམ། །གཉས་གའ་དུས་ན་གཉས་སུ་མཉམ། །གཉས་མེད་གཉས་སུ་མེད་པར་མཉམ། །མཉམ་ཉད་ཕྱོགས་ལས་གྲོལ་བས་ན། །སྒྱུ་མ་ལྷ་བུར་འགག་བསྡམ་མོ། །འབྲས་བུའི་ལ་བཟླ་ལ་ཡང་གསུམ། །རྒྱུ་འབྲས་ཡུལ་འདས་ཐག་གཅད་ཅིང་། །སྤང་ཐོབ་མཚན་མེད་གཏན་ཚིགས་དང་། །བསྒྲུབ་མེད་ཡེ་རྫོགས་ལ་བཟླའོ། །རྒྱུ་འབྲས་ཡུལ་འདས་ཐག་གཅོད་ནི། །གོང་བཞིན་བདག་འཛིན་རོ་བྲལ་བས། །རྒྱུ་ནི་སེམས་ཅན་ཡུལ་ལས་འདས། །ཆོས་ཉིད་ཅི་ཡང་མ་ཡིན་པས། །འབྲས་བུ་སངས་རྒྱས་ཡུལ་ལས་འདས། །མཉམ་ཉིད་ཕྱོགས་བྲལ་འཛིན་མེད་པས། ཁུསྣྲུ་འབྲས་གཉིས་ཀྱི་ཡུལ་ལས་འདས། །འདས་མ་འདས་ཀྱི་བློ་གྲོལ་བས། །གཉིས་མེད་ཀྱི་ཡང་ཡུལ་ལས་འདས། །སྤང་ཐོབ་མེད་པའི་གཏན་ཚིགས་ནི། །བསྒོམ་པ་མིན་པ་མེད་པས་ན། །གང་སྣང་ཐམས་ཅད་གྲོགས་སུ་ཤར། །དེ་ལ་སྤང་བྱའི་ཡུལ་མེད་པས། །ལྟ་བ་ཡིན་པ་མེད་པས་ན། །ཕྱོགས་ལས་གྲོལ་ཏེ་ཐོབ་ཡུལ་མེད། །དེ་ཕྱིར་སྤང་ཐོབ་མཚན་མ་མེད། །བསྒྲུབ་མེད་ཡེ་རྫོགས་ལ་ཟློ་ནི། །ལྟ་བ་ཡིན་པ་མེད་པར་རྟོགས། །མངོན་དུ་གྱུར་པས་ཆོས་ཀྱི་སྐུ། །སྒོམ་པ་ཡིན་པ་མེད་པ་རུ། །རང་སར་གྲོལ་བས་ལོངས་སྤྱོད་སྐུ། །སྤྱོད་པ་མིན་པ་མེད་པ་རུ། །འགྲོ་དོན་རྫོགས་པ་སྤྲུལ་པའི་སྐུ། །གཉིས་ཀ་ཆོས་ཉིད་དེ་བཞིན་ཉིད། །གཅིག་ཏུ་རྫོགས་པས་ངོ་ཉིད་སྐུ། །ཕྱོགས་བྲལ་ཀུན་རྫོགས་ཆེན་པོ་སྲ །ལ་ཟློས་ཆོས་ཟད་བདེ་ཆེན་སྐུ། །དེ་ལྟར་ཀློང་གྱུར་མ་བཙལ་བར། །ཡེ་ནས་ལྷུན་གྱིས་ཡོངས་རྫོགས་པས། །རེ་དོགས་གནས་མེད་ལ་བཟླའོ། །དེ་ལྟར་ཉམས་སུ་ལེན་པ་ནི། །ཡོངས་རྫོགས་ཨ་ཏིའི་དགོངས་པ་སྟེ། །རྒྱུད་མཆོག་འདི་ཡི་ཁོང་སྙིང་ཡིན། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། །གསང་བ་ཉམས་ལེན་ཡོངས་རྫོགས་མདོར་བསྡུས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་མགྲིན་གཅིག་ཏུ། །སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། སྲིད་པའི་རྒྱལ་པོ་ཀུན་ཏུ་བཟང་། །རྩ་བའི་ཆེ་མཆོག་ཧེ་རུ་ཀ །ལུས་གནད་རྩ་ཡི་མན་ངག་གནད། །བདག་ཅག་རྣམས་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་བའི་དོན་དགོངས་ནས། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །སྤྱིར་ན་རྣལ་འབྱོར་ལུས་གནད་རྩ། །སྟོང་ཕྲག་ཕྱེད་དང་བཞི་བརྒྱར་འདུས། །དེ་ལས་བསྡུ་ན་སྟོང་ཕྲག་གཅིག །བདུན་ཅུ་རྩ་གཉིས་དེ་བསྡུ་ན། །ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད། །དེ་ཡང་བསྡུ་ན་འཁོར་ལོ་བཞི། །དེ་བསྡུས་ལ་ལ་ར་ས་ནཱ། །ཨ་ཝཧཱུཾ་ཏི་དང་གསུམ་མོ། །རྩ་རྣམས་ལུས་ལ་གནས་ཚུལ་ནི། །དྲ་བ་གཡོགས་བཞིན་འབྲེལ་ནས་གནས། །རགས་པ་འཁོར་ལོ་བཞི་ཡི་རྩ། །སྤྱི་གཙུག་ཀླད་པ་བདེ་ཆེན་གྱི། །འཁོར་ལོ་རྩ་འདབ་སོ་གཉིས་པ། །གདུགས་རྩིབས་ལྟར་གནས་དེ་དབུས་ན། །ཡི་གེ་ཧ༷་མགོ་ཐུར་བསྟེན་གནས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ཨུ༷༷། །རྩ་འདབ་བཅུ་དྲུག་གནས་ལུགས་ནི། །བུམ་སྐེའི་དྲ་བ་ལྟ་བུར་གནས། །སྙིང་ག་ཆོས་ཀྱི་འཁོར་ལོ་ན། །རྩ་བརྒྱད་འདབ་བརྒྱད་པདྨ་འདྲ། །དེ་དབུས་ཡི་གེ་ཧུ༷་དུ་གནས། །ལྟེ་བ་སྤྲུལ་པའི་འཁོར་ལོ་ན། །རྩ་འདབ་དྲུག་ཅུ་རྩ་གཉིས་ནི། །གསེར་ཁྲི་ལྟ་བུར་གནས་པའི་དབུས། །རྩིབས་བཞིའི་དབུས་ན་མ་ཨཡངགནས་སོ། །ཕྱི་ནི་འཁོར་ལོ་རྩིབས་བཞིའི་ཚུལ། །དབུས་ན་ཡེ་ཤེས་རྩ་གནས་པ། །དེ་མདུན་གཏི་མུག་གཡས་ཞེ་སྡང་། །གཡོན་ན་ང་རྒྱལ་ཕྲག་དོག་ཟུར། །རྒྱབ་ན་འདོད་ཆགས་རྩ་གནས་སོ། །དབུས་ཀྱི་རྩ་མཆོག་ཨ་དྷ་ཏི། །གཡས་ཀྱི་རྩ་མཆོག་ལ་ལ་ནཱའོ། །གཡོན་ཀྱི་རྩ་མཆོག་ར་ས་ནཱའོ། དྷ་ཏི་རང་ལ་གསུམ་ཡིན་ཏེ། །ཐབས་ཀྱི་དྷ་ཏི་རྒྱུངས་པ་སྟེ། །དེ་ནས་བྱང་སེམས་དཀར་པོ་རྒྱུ། ཤེས་རབ་དྷ་ཏི་སྲོག་པའི་རྩ། །དེ་ནས་བྱང་ཛོམས་དམར་པོ་རྒྱུ། །གསང་བ་ཨ་ཝ་དྷ་ཏིའི་རྩ། །རྩ་གཉིས་བར་ན་དྲང་པོར༄་གནས། །དེ་ནི་དཔེར་ན་བ་ཐག་ལ། །ཉི༄་ཟེར་ཕོག་པ་ལྟ་བུར་ཡོད། །དེ་ཉིད་རྩ་བ་མཚན་མར་ཟུག །རྩེ་རྨོ་སྤྱི་གཙུག་འཁོར་ལོའིདབུས། །ཚངས་པའི་བུ་གའི་ནང་ན་གནས། །དེ་་ནས་སོར་གསུམ་ཀླད་པའི་དབུས། །བདེ་བ་ཆེན་པོའི་འཁོར་ལོ་སྟེ། །རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི། །དབུས་ན་དེ་ཉིད་གནས་པ་ཡིན། །དེ་འོག་བཅུ་གསུམ་སོར་འོག་ན། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ཡི། །རྩ་འདབ་བཅུ་དྲུག་དབུས་ན་ཡང་། །དེ་ཉིད་ཟང་ཐལ་གནས་པ་ཡིན། །དེ་ནས་ཨན་སྟོང་རུས་པ་ཡི། །ཚིགས་གཉིས་བར་ནས་མདུན་དུ་འཁྱོག །སྙིང་ག་ཆོས་འཁོར་རྩ་འདབ་བརྒྱད། །དེ་ཉིད་དབུས་ན་ཟང་ཐལ་ཏེ། །ལྟེ་བ་སྤྲུལ་འཁོར་རྩ་འདབ་ནི། །དྲུག་ཅུ་རྩ་གཉིས་དབུས་ཟང་ཐལ། །དཔེར་ན་འཁོར་ལོའི་སྲོག་ཤིང་འདྲ། །གཡས་ཀྱི་ལ་ལ་ནཱ་ཡི་རྩ། །དབུ་མའི་གཡས་འགྲིམས་ཡར་ཕྱུང་སྟེ། །མིག་གཡས་ལྕིབས་ལ་སླེབས་ནས་སུ། །སྣ་སྒོ་གཡས་ནས་རླུད་རྒྱུ་བའི། །ལས་ཀྱང་དེ་ཡིས་བྱེད་པ་ཡིན། །དེ་རྩ་ལྟག་པ་གཡས་སུ་འཁྱོག །ཨན་སྟོང་རུས་པའི་དྷ་ཏི་ལ། །འཁྲིལ་ནས་དྷ་ཏིའི་གཡས་འགྲིམས་ཏེ། །སྐྲུ་ནི་ནག་གུའི་མཚམས་སུ་སླེབ། །གཡོན་ཕྱོགས་ར་ས་ནཱའི་རྩ་ཡང་། །ཡར་འགུག་མིག་གཡོན་ལྕིབས་སུ་སླེབ། །སྣ་སྒོ་གཡོན་ནས་རླུད་རྒྱུ་བའི། །ལས་ཀྱང་དེ་ཡིསི་བྱེད་པ་ཡིན། །དེ་རྩ་ལྟིག་པའི་ཨན་སྟོང་ནས། དྷ་ཏི་དང་གཤིབས་སྐྲུ་ནག་གུའི། །དཀྱིལ་དུ་སླེབས་ནས་གནས་པ་ཡིན། །དེ་ལྟར་གཡས་གཡོན་མར་སྣ་གཉིས། །དྷ་ཏིའི་སྒོར་ཚུད་དེའི་ཡོན་ཏན། །རྩ་རླུད་བསྒོམས་པས་དྷ་ཏིར་རླུང་། །ཚུད་པས་ཕྱག་རྒྱ་ཆེརྣོ་པོར་འཆར། །དེ་བཞིར་ཧཱུཾ་ཏིར་རླུད་ཚུད་ཚེ། །རྟོག་པ་རང་འགག་ཡེ་ཤེས་འཆར། ཁུགས་ཀྱིས་ཧཱུཾ་ཏིར་རླུ་་ཚུད་ཚུལི། །ཕོ་མོ་བདེ་བ་སྤྱད་རྗེས་སུ། །བྱང་སེམས་ཕེབས་ཚེ་༄་ཏིར་ཚུན། །དྲན་མེད་བདེ་ལ་སྨ་མི་ཤེས། །དེ་བཞིན་བརྒྱ་ལམ་འཆི་ཁར་ཡང་། དྷ་ཏིར་རླུད་ཚུད་ཅང་མི་དྲན། །དེ་ཕྱིར་ཨ་ཝ་དྷ་ཏི་ནི། །མི་རྟོག་ཆོས་དབྱིངས་ཡེ་ཤེས་རྩ། །དེ་ནས་རྩ་གནས་རིམ་པའོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། །ལུས་ལ་རྩ་གནས་ཡོངས་རྫོགས་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། འབྱུང་བའི་རང་རྩལ་ཀུན་ཏུ་བཟང་། །ཐབས་ཆེན་རྒྱལ་པོ་ཧེ་རུ་ཀ །འགྱུ་བྱེད་སྟོབས་ལྡན་རླུད་གི་གནད། །བདག་ཅག་རྣམས་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་བའི་དོན་དགོངས་ནས། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །འཁོར་འདས་བཟང་མོཟབམོཡངཀུན་གཞི་དང་། །མ་རིག་འགྱུ་བྱེད་རླུད་དབང་གིས། །མངའ་སྒོར་ཁུ་ཁྲག་སྟོར་ཆགས་ནས། །ལོ་གཅིག་ཟླ་བ་བཅུ་གཉིས་བར། །ཞག་རེ་ལ་ནི་རྩའི་བྱེ་བྲག །ཉིས་བརྒྱ་ཉིས་བརྒྱ་སྐྱེད་འཕེལ་བས། །སྟོང་ཕྲག་བདུན་བཅུ་རྩ་གཉིས་རྩ། །རིམ་གྱིས་ཆགས་ཤིང་དེ་བསྐྱེད་དེ། །རྩ་ཡི་གཙོ་བོ་སྲོག་པའི་རྩ། །འགྱུ་བ་རླུད་གིས་སེམས་དེ་གྲངས། །ཉི་ཁྲི་ཆིག་སྟོང་རླུད་རྒྱུས་པས། །དེ་ལས་འབྲས་བུ་བརྒྱད་ཁྲི་དང་། །བཞི་སྟོང་དག་ཏུ་རང་ཤར་ཅིང་། །དེ་ཉིད་རྣམ་གྲངས་མང་གིས་ཀྱང་། །རྩ་བར་བསྡུས་ན་སྡེ་བརྒྱད་དེ། །ཕྱི་རླུད་ནང་རླུད་གསང་རླུད་དང་། །རླུད་ལ་ཉམས་ལེན་གོམས་རྟགས་དང་། །གེགས་སེལ་རླུད་གི་ཡོན་ཏན་ནོ། །དེ་ཡང་ཕྱི་ནི་རླུང་བརྒྱད་དེ། །ལུས་འདེགས་རླུད་དང་འབྱུང་སྙོམ་རླུད་། །ཕུང་པོ་འཇིག་རླུད་རྒྱུན་གཅོད་རླུ་་། །འབྱིན་བྱེད་རླུད་དང་ལས་བྱེད་རླུང་། །འབིགས་བྱེད་རླུད་དང་ཁྱབ་རླུད་ངོ་། །ནང་ནི་ཡང་ནི་རླུད་བརྒྱད་དེ། །གྱེན་རྒྱུ་ཐུར་དུ་སེལ་བའི་རླུད་། །དྭངས་སྙིགས་འབྱེད་རླུང་བཀྲག་གཟི་སྐྱེད། །སྙིང་རྗེ་མེ་དང་མེ་མཉམ་རླུང་། །དྭངས་སྙིགས་ཕྱིར་འབྱེད་ཤེས་རབ་རླུད་། །གསང་རླུད་ཀུན་གཞི་བྱང་ཆུབ་སེམས། །རླུད་གིས་ལས་ནི་ཞག་གཅིག་ལ། །ཉི་ཁྲི་དང་ནི་ཆིག་སྟོང་རྒྱུ། །བསྡུ་ན་ཉོན་མོངས་ཡེ་ཤེས་རླུད་། །ཞག་རེ་ལ་ཡང་རླུང་དེ་གཉིས། །ཁྲི་ཚོ་རེ་དང་ལྔ་བརྒྱ་རྒྱུ། །དེ་ཡང་འབྱུང་འཇུག་གནས་པ་ཡི། །རླུང་གསུམ་དག་ཏུ་འདུས་པ་ཡིན། །འབྱུང་བའི་རླུང་ནི་སོར་བཅུ་དྲུག །ཕྱིར་འབྱུང་ནང་རླུང་སོར་བཅུ་དྲུག །ནང་འཇུག་གནས་རླུང་སྐད་ཅིག་ཙམ། །ལྟེ་བ་དག་ན་གནས་པ་ཡིན། །རླུང་ལ་ཞོན་ནས་ཡིད་འགྱུ་བས། །འཁོར་བ་སྐྱེད་བྱེད་རླུང་ཡང་ཡིན། །དེ་ཕྱིར་རིགས་དྲུག་རང་ལ་ཚང་། །དེ་ནས་རྩ་རྣམས་འབྲི་ཚུལ་ཡང་། །ལོ་གཅིག་ལོན་ནས་ལོ་བརྒྱའི་བར། །ཞག་རེ་ལོན་ནས་རྩ་གཉིས་གཉིས། །བྲི་ནས་ལོ་བརྒྱས་ནུས་པ་འཇིག །དེ་ཚེ་རིགས་པ་བྱང་ཆུབ་སེམས། ། ང་རྗེ་མེད་པའི་རླུད་ལ་ཞོན། །གསང་བ་ནས་ཐོན་དམྱལ་བར་སྐྱེ། །རིག་པ་ཐུར་རྒྱུའི་ ་ལ་ཞོན། །བཤང་ལམ་ནས་ཐོན་ཡི་དྭགས་སྐྱེ། །རིགས་པ་མེ་མཉམ་རླུང་ལ་ཤོན། །ལྟེ་བ་ནས་ཐོན་བྱོལ་སོང་སྐྱེ། །ཡང་ན་རིག་པ་བྱང་ཆུབ་སེམས། །བཀྲག་དང་གཟི་མདངས་རླུད་ལ་ཞོན། །མིག་གཡས་ནས་ཐོན་ལྷ་གནས་སྐྱེ། །རིག་པ་དྭངས་སྙིགས་འབྱེད་རླུད་ཞོན། །ཁ་སྣ་ནས་ཐོན་མི་རུ་སྐྱེ། །རིགས་པ་ཕྱིར་འབྱེད་རླུད་ལ་ཞོན། །ལྟག་རྩ་ནས་ཐོན་ལྷ་མིན་སྐྱེ། །ཡང་ནི་རིག་པ་བྱང་ཆུབ་སེམས། །གྱེན་དུ་རྒྱུ་བའི་རླུད་ལ་ཞོན། །ཚངས་བུག་ནས་ཐོན་བཅུ་གསུམ་ནོན། །རིག་པ་ཤེས་རབ་རླུད་ལ་ཤོན། །སྙིང་གའི་དབུས་ནས་ཡེ་ཤེས་ལམ། །མིག་གཡོན་འབྲས་བུ་རང་ངོ་ཤེས། །ཐམས་ཅད་རང་བྱུང་ཡེ་ཤེས་འཆར། །དེ་ལྟར་རླུད་དང་རིག་པ་གཉིས། །དོན་བྱེད་གཅིག་ལ་མཚན་ཉིད་གཉིས། །རང་རིག་མཚན་ཉིད་དྲན་ཞིང་གསལ། །རླུ་་གི་མཚན་ཉིད་བསྐྱོད་འཁྲུགས་སེམསཀྱངའབེབས། །དེ་གཉིས་བསྡང་བའི་དཔེར་བརྗོད་ནི། །རིག་པ་འཕྱེ་བོ་མིག་ཅན་འདྲ། །རླུད་ནི་རྟ་ལོང་རྐང་ཅན་འདྲ། །དེ་གཉིས་བསྡོངས་པས་ཕྱོགས་བཅུར་བགྲོད། །དེ་ཕྱིར་རྣམ་ཤེས་རླུད་གིས་བསྐྱོད། །སྒོ་ལྔའི་ཡུལ་སོགས་ཀུན་ཏུ་རྒྱུ། །རིག་པའི་རྒྱུ་དང་རླུད་རྐྱེན་འཛོམ། །འཁོར་བའི་བྱ་བ་ཐམས་ཅད་བྱེད། །མི་ ་བྲལ་ན་འགྲོ་རྒྱུ་མེད། །དེབཞིནལམགྱིརྣལའབྱོར་པས། ་ཏིར་རླུད་བཟུང་བ་མ་པའི་ཚེ། ། ་མེད་འཕྱེ་བོ་དང་འདྲ་བའི། །རིག་པ་རླུད་མེད་གཡོ་འགུལ་མེད། །རིག་པ་ལས་སུ་རུང་བ་ཡིན། །མིག་མེད་རྟ་ཕོ་དང་འདྲ་བའི། །སྤྱོད་བྱེད་རླུད་རྟ་རིག་མེད་པའི། །འགྲོ་བར་མི་ནུས་རང་དབང་ཐོབ། །དེ་ཚེ་ཡང་དག་རང་ངོ་སྤྲོད། །རླུད་རིག་རང་དྭངས་དེར་སངས་རྒྱའོ། །དེ་ཕྱིར་རླུད་འཛིན་ཉམས་ལེན་ནི། །སྔོན་དུ་ཚོགས་བསག་བླ་མ་མཆོད། །བགེགས་བསྲུང་སྐྱབས་འགྲོ་སེམས་བསྐྱེད་བྱ། །ཁམས་གསོ་བཅུད་ཀྱི་སྨན་མར་སྦྱར། །དངོས་གཞིའི་དུས་སུ་འབྲེལ་མཚམས་གཅད། །དབེན་པར་འབོལ་བའི་སྟན་ལ་འདུག །ལྷ་གསལ་ང་རྒྱལ་མོས་པ་བྱ། །རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅའ། །སྒལ་ཚིགས་གསེར་གྱི་དོང་ཙེ་བསྲང་། །སེང་ལྟར་སྟོད་འགྱིངས་ཡིད་དགྱེར་བྱ། །རྨ་བྱའི་མགྲིན་བཞིན་ཡིད་དགུག་པ། །ལག་གཉིས་མཉམ་གཞག་ལྡེར་ཚོ་འདྲ། །མིག་འབྲས་སྣ་ཡི་རྩེ་ལ་དབབ། །ལུས་གནད་དྲུག་ལ་ལེགས་གོམས་ནས། །དག་རླུད་འབྲུ་གསུམ་འཁོར་ལོ་ནི། །རྔུབ་བསྐྱིལ་འཕང་དང་བསྐོར་བས་ཏེ། །བདེ་གཤེགས་རྣམས་ཀྱི་ཡང་སྙིང་མཆོག །རྔུབ་རླུད་ཨོ་ལ་བསྐྱིལ་གནས་ཨུ༷༷། །འཕང་བ་ཧུ༷་ཡིན་རླུད་གསུམ་གྱི། །གནས་པ་ཨུ༷༷ལ་ཟིན་ནན་བསྐྱེད། །འཁོར་ལོ་བསྐོར་བ་གང་ཞེ་ན། །སྣ་བུག་གཡས་ནས་རླུད་རྒྱུ་ཚེ། །ཐབས་རླུང་ཉོན་མོངས་རླུད་ཡིན་ཕྱིར། །མི་བཟུང་བཟུང་ན་རླུད་ལོག་འོང་། །སྣ་བུག་གཡོན་ནས་རྒྱུ་བའི་ཚེ། ཁྲེས་རབ་ཡེ་ཤེས་རླུད་ཡིན་ཕྱིར། །བཟུང་ན་སྐྱོན་མེད་ཉམས་རྟོགས་འཕེལ། །སྣ་བུག་གཉིས་ནས་མཉམ་རྒྱུའི་ཚེ། །ཐབས་ཤེས་གཉིས་སུ་མེད་པའི་རླུད་། །ཨ་ཝ་དྷ་ཏིའི་སྒོར་ཚུད་པས། །འདི་དུས་འབད་ན་ཡེ་ཤེས་འཆར། །དེ་ཕྱིར་རླུད་བཟུང་གནད་འདི་སྟེ། །གྲུ་གུ་འཆམས་པོས་བཤང་སྒོ་བསྡམ། །སྔོན་དུ་འོག་རླུང་བསྡམས་ཏེ་འཐེན། །ཧུ༷་རིང་གསུམ་གྱིས་རླུད་དུག་ཕྱུང་། །རྔོག་རླུ་་བསྡམས་ཏེ་སྟེང་རླུད་ནི། །རྔུབ་ཅིང་མནན་ཏེ་བསྐྱིལ་བར་བྱ། །ཚད་དུ་སླེབས་ཚེ་མདའ་ལྟར་དུ། །སྣ་ནས་མངའ་གང་ཚད་དུ་འཕང་། །ཡང་རྔུབ་ཡང་བསྐྱིལ་ཡང་འཕངས་ཏེ། །གནས་པའི་རླུད་དེ་བསྐྱིལ་ཡུན་བསྲིང་། །འབྱོངས་ཚེ་དྷ་ཏིར་རླུད་ཚུད་ནས། །སྐྱོད་བྱེད་རླུད་རྟ་གཡོ་འགུལ་བྲལ། །རིག་པ་གར་སྦྱིན་སྦྲང་འབྱར་འདྲ། །དེ་ཚེ་རླུད་ཉིད་ལས་རུང་བས ཐ་མལ་ཤེས་པ་སྙིང་དབུས་སད། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །མ་བཅོས༄་བྱང་ཆུབ་སེམས་རྟོགས་པས། །ཉོན་མོངས་རང་སངས་ཡེ་ཤེས་རྒྱས། །གསང་རླུད་ངོས་ཟིན་ངོ་མཚར་ཆེ། །དེ་ལྟར་ཀླུང་བསྒོམས་འབྱོངས་རྟགས་གསུམ། །ཕྱི་དང་ནང་དང་གསང་བའི་ཚུལ། །ཕྱི་རྟགས་དྲོད་སྐྱེ་འཕར་དང་འདར། །འགྲོ་མགྱོགས་ཡང་ལ་འཇིགས་པ་མེད། །ནང་རྟགས་སྣང་བ་སྒྱུ་མར་རྟོགས། །དབུགས་འགྱུ་མི་ཚོར་དབུགས་མི་འགྱུ། །ལྟོ་གོས་ཆེད་མེད་ལ་སོགས་འབྱུང་། །གསང་རྟགས་བདེ་གསལ་འཛིན་པ་མེད། །མ་བཅོས་བདེ་ཆེན་འགྱུར་མེད་བརྟན། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ནོ། །བླ་མའི་མན་ངག་མ་ཐོབ་ན། །རླུད་རོ་ལུས་ནས་གེགས་སུ་འགྱུར། །མདོར་ན་རྔུབ་དགང་འཕེན་ལ་སོགས། །གཏོང་རན་བཟུང་ཚད་མ་ཤེས་ཤིང་། །འཁོར་ལོའི་གོ་རིམ་ལོག་ཀྱང་གེགས། །འགྱུར་ཚུལ་སྲོག་རྩར་རླུང་འགྲིམས་ཏེ། ཁོར་བ་སྲིད་ན་སྨྱོ་ནས་འགྲོ། །ཤ་མདངས་བར་དུ་རླུད་ཤོར་ན། །མཛེ་འབྲས་དམུ་ཆུ་ཤིག་ནད་འབྱུང་། །སྙིང་ལ་ཤོར་ན་སྙིང་རླུད་འབྱུང་། །ཐུར་རླུང་ལོག་ན་ཕྱི་ས་དང་། །བྱང་སེམས་དཀར་དམར་འཛག་པ་ཡིན། །གྱེན་དུ་ལོག་ན་མགོ་འཁོར་ཞིང་། །འཁྲུགས་དང་སྟོད་གཟེར་སྣ་གཟེར་འོང་། །དེ་སོགས་རླུད་སྐྱོན་བསམ་ཡས་ཀྱང་། །མུན་ལ་ཉི་བཞིན་དུག་སེལ་ཐབས། །རླུད་བསྒོམ་ཐུན་མཚམས་ཐམས་ཅད་དུ། །ཧུ༷་རིང་གསུམ་བུས་རྗེས་སུ། །ཧ་དྲག་ཡང་ཡང་བསྟུད་ཅིང་གདབ། །རོ་སྟོད་ཡང་སྙམ་སེམས་ན་གཞག །དེས་ནི་རླུང་སྐྱོན་འོང་མི་སྲིད། །ཆིག་ཆོད་ཐབས་ཀྱི་རྒྱལ་པོ་ཡིན། །དེ་ལྟར་གེགས་བསལ་རླུད་བསྒོམས་པས། །ཡོན་ཏན་མངོན་ཤེས་རྣམ་དྲུག་དང་། །སྤྱན་ལྔ་ཆགས་པ་མེད་པ་འབྱུང་། །སེམས་མ་ཟིན་པ་ཟིན་པར་འགྱུར། །ཟིན་པ་བརྟན་གྱུར་རིག་རྩལ་སྦྱང་། །མཁའ་སྤྱོད་འཕོ་བ་གྲོང་འཇུག་དང་། །ཆུ་ལ་མི་འབྱིང་བྲག་རྗེས་ཐོན། །རྐང་མགྱོགས་ལྷ་སྲིན་བྲན་དུ་འཁོལ། །རང་རིག་རྩལ་དབང་ངེས་པར་འཐོབ། །ཚེ་དབང་རིག་འཛིན་ལ་སོགས་པའི། །ཡོན་ཏན་བརྗོད་ཀྱིས་མི་ལང་ངོ་། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས།འགྱུ་བྱེད་སྟོབས་ལྡན་རླུང་གནད་ཡོངས་རྫོགས་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ཀྱིས། །མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ།ཀྱེ་ཀྱེ་ཀྱེ། ཐིག་ལེ་ཆེན་པོ་ཀུན་ཏུ་བཟང་། །བྱམས་ཆེན་རྒྱལ་པོ་ཧེ་རུ་ཀ །ཐིག་ལེ་བྱང་སེམས་གཏུམ་མོའི་གནད། །བདག་ཅག་རྣམས་ལ་བཀའ་སྩོལ་མཛོད། །དེ་སྐད་གསོལ་བའི་དོན་དགོངས་ནས། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །བྱང་སེམས་ཐིག་ལེའི་མན་ངག་གནད། །གསང་སྔགས་གྲོལ་ལམ་རྒྱུ་ཡིན་ཅིང་། །ཐབས་ལམ་ཀུན་གྱི་མཐར་ཐུག་ཡིན། །རྩ་གནས་ལུས་ལ་རབ་བརྟེན་པའི། །བྱང་སེམས་སྟོང་ཕྲག་བྱེ་བ་དང་། །ཕྱེད་དང་བཞི་བརྒྱ་ཡོད་ན་ཡང་། །བསྡུ་ན་དྭངས་སྙིགས་ཕྲོག་འཛིན་གསུམ། །དྭངས་མ་ལས་གྱུར་བྱང་སེམས་ནི། །བཟའ་བཏུང་བཅུད་ཟོས་དྭངས་འགྱུར་ཚུལ། །ཞག་བདུན་ལོན་ནས་ཆུ་སེར་འགྱུར། །བདུན་ཕྲག་ཤ་ལ་བདུན་ན་ཚིལ། །བདུན་ཕྲག་བཞི་ན་རྐང་མར་འགྱུར། །བདུན་ལྔ་རྒྱུངས་པ་བདུན་དྲུག་ཀླད། །དེ་ནས་བདུན་ན་བྱང་ཆུབ་སེམས། །ཐིག་ལེ་དཀར་པོ་ཉིད་དུ་འགྱུར། །བྱང་ཆུབ་སེམས་ཀྱི་སྙིགས་མ་ནི། །ངར་སྣབས་ལུད་པ་ལ་སོགས་ཡིན། །སྲོག་འཛིན་པ་ཡི་བྱང་སེམས་ནི། །སྙིང་དབུས་ཁྲག་གི་དྭངས་མ་སྟེ། །བྱིའུ་ལེན་མའི་སྒོང་ཚད་ཀྱི། །དཀྱིལ་ནང་འོད་ཀྱི་གོང་བུ་ནི། །སྲན་མའི་གའུ་ཁ་སྦྱར་ཚད། །དེ་དབུས་དྲན་བྱེད་ཤེས་པ་གནས། །དེ་ལྟར་གནས་ལུགས་ལེགས་ཤེས་ནས། །དེ་ཉིད་ཉམས་ལེན་གལ་ཆེ་སྟེ། །ལུས་ལ་རྩ་གནས་རྩ་ནང་ན། །བྱང་སེམས་གནས་ཏེ་དེ་ཞུ་ནས། །བདེ་མཆོག་ཡེ་ཤེས་འཁོར་ལོ་འབར། །དེ་ཕྱིར་བྱང་སེམས་འཇུ་བའི་ལས། །གཏུམ་མོ་ཉིད་ཅེས་དེ་ལ་ལྔ། །ཕྱི་ནང་གསང་བ་འབར་འཛག་གནད། །ངོ་སྤྲོད་འབྲས་བུ་འཐོབ་འཚུལ་ཏེ། །ཕྱི་ནི་རྫས་ཀྱི་གཏུམ་མོ་བསྟན། །གཡག་རྒོད་མཁྲིས་པ་དྲོན་མོ་མྲ །སྒ་སྐྱ་པི་ལིང་ཕོ་བ་རིས། །ཚྭ་སྣ་ཚོགས་ཆད་ཞིབ་བཏགས་བསྲུབ། །སྐམ་ཐག་ཆོད་པར་མཉེས་ཟིན་ནས། བུ་རམ་མགོ་བསྡུས་སྲན་ཚད་དྲིལ། །སྲན་ཚད་གསུམ་གྱིས་ཞག་གཅིག་དྲོས། །དྲོད་བུལ་སྲིད་ན་སྒ་དམར་སྦྱར། །བསྐུ་མཉེ་བྱས་པས་སེར་སྤོངས་ཏེ། །བདེ་དྲོད་མེ་ལྟར་འབར་བར་ངེས། །ནང་ནི་བསྐྱེད་རིམ་གཏུམ་མོས་ཏེ། །མེ་དབང་ཐོབ་པའི་རྣལ་འབྱོར་པས། །ལུས་ནི་ལྷ་ཡི་གཞལ༷་ཡས་ཁང་། །སྒོང་སྐོགས་ལྟ་བུའི་སྟོང་ར་བསྒོམ། །ནང་ཁྲོལ་མེད་པར་དམར་སང་དེ། །རྒྱ་རྫ་མེར་བསྲེགས་ལྟ་བུར་བསྒོམ། །སེམས་ཉིད་ཆེ་མཆོག་ཕྱག་རྒྱ་རྐྱང་། །མེ་རིའི་ཀློང་ན་བཞུགས་པར་བསྒོམ། །ངག་གིས་ཨོ་ཨུ༷༷ཧུ༷་དང་གསུམ། །རྡོ་རྗེའི་བཟླས་པ་ཡིད་ཀྱིས་བྱ། །ལུས་བདེ་ངག་ནུས་སེམས་རྟོགས་པས། །སྒོ་གསུམ་བདེ་དྲོད་འབར་བར་ངེས། །གསང་བ་ ་བཟུང་གཏུམ་མོ་ནི། །ཞབྲུལ་འཁོར་གསུམ་གྱི་་་གསུམ་གཟིར། །བཅའ་བ་ལུས་ཀྱི་འཁྲུལ་འཁོར་ནི། །བདེ་བའི་གདན་ལ་ཙོག་པུར་འདུག །རྐང་གཡོན་བོལ་གོང་གཡས་མཐིང་མནན། །གྲུ་གུ་འབོལ་བས་འཕོངས་སྟེགས་བྱ། །གཡས་གཡོན་བསྣོལ་བའི་ལག་མགོ་ཡིས། །བར་ལྷུ་གཉིས་ཀྱིས་འཕར་རྩ་བསྡམ། །དེ་ཁོངས་པུས་མོ་གཉིས་པོ་བསྡམ། །བརླ་ཆེན་ནང་ཤ་སྤོཀྱངསྤེ་ཤ་དང་། །རྩ་བོ་ཆེ་བཞི་ཆ་བསྒྲིམས་ལ། །སེམས་ཀློང་མེ་ཡི་འཁོར་ལོ་བསྐོར། །རོ་སྟོད་གཡས་སུ་བསྐོར་ཅིང་བཞུ། །སེང་གིས་གཡེངས་པས་རྩ་མིག་དགྲམ། །དེ་འོག་ངག་བ་་འཁྲུལ་འཁོར་ནི། །ལྟེ་བའི་ལྐོག་ན་མེའི་ས་བོན། །ར༷་གནས་དེ་ལ་ར༷་བརྗོད་པས། །མེ་འབར་བདེ་དྲོད་འབར་བར་བསམ། །དེ་ནས་ཡིད་ཀྱི་འཁྲུལ་འཁོར་ནི། །ཡིད་གསལ་མ་ཡེངས་ངར་དང་བཅས། །སྟེང་རླུ་་མནན་ཅིང་འོག་རླུང་འཐེན། །ཁྱབ་བྱེད་བར་གྱི་རླུད་དཀྲུགས་ཏེ། །ཨ་ལོང་ཁ་ནི་ནེམ་ཙམ་བསྡམས། །རང་ལུས་རྡོ་རྗེར་གསལ་བ་ཡི། །ལྟེ་བ་བདེ་བས་གང་བ་ལ། །ལུས་བྱིངས་མེ་རུ་འབར་བར་བསྒོམ། །དུག་དབྱུང་གེགས་སེལ་རླུང་དང་མཚུངས། །རླུད་ཉིད་ལས་རུང་དྲོད་སྦར་བས། །ཐིག་ལེ་ཞུ་ནས་བདེ་དྲོད་འབར། །དེ་ཡི་མན་ངག་འབར་འཛག་གནད། །སྟེང་འོག་གཉིས་ཀྱི་རླུད་ཡང་ནི། །ཧ་ཅང་བསྡམས་དྲགས་མ་ཡིན་ཏེ། །སྐབས་སུ་གསང་ཞིང་མཚམས་པར་མནན། ། ང་རླུད་ཐབས་ཀྱི་རང་བཞིན་ལས། །དཀར་པོ་འཁྱིལ་བ་སྤྲིན་དང་འདྲ། །འོག་རླུད་ཤེས་རབརངབཞིནཉིད། །ཡར་ལ་དམར་པོ་འཁྱིལ་བ་ནི། །ལྟེ་བ་སྤྲུལ་པའི་འཁོར་ལོ་སྲ །སྤྲུལ་བཞིན་དཀར་དམར་འདྲེས་འཁྱིལ་བས། །ལྟེ་འོག་སོར་བཞི་ཆོས་འབྱུང་ནས། །དོན་དམ་གཏུམ་མོ་རྒྱ་ཁབ་ཙམ། །དམར་གསལ་གྱེན་དུ་འབར་བ་ཡིས། །རྩ་བར་ར༷་དམར་གཅིག་ཏུ་གནས། །རང་ཉིད་ལུས་ཀྱི་སྟོང་ར་ནི། །རྫ་བསྲེགས་ཐུར་ལ་སྦུབ་པ་འདྲ། །གསང་གནས་ཡི་གེ་ཡ༷་དཀར་ལས། །རླུད་གི་འོད་ཟེར་གྱེན་དུ་འགྱུས། །དོན་དམ་ཙཎྜསྙི་ལ་ཕོག །ར༷་ཉིད་མེ་འབར་ལྟེ་བ་ཡིས། །སྤྲུལ་པའི་འཁོར་ལོ་འོད་དུ་འབར། །དེ་རྟགས་ལུས་ནི་བེམ་བེམ་བྱེད། །སེམས་ཀྱང་བག་ཙམ་གནས་པ་འབྱུང་། །དེ་ནས་མེ་ཉིད་སྙིང་གང་སླེབ། །ཆོས་ཀྱི་འཁོར་ལོ་འོད་དུ་འབར། །ཕུང་པོ་ལྔ་ཡི་རྟོག་པ་དང་། །དུག་ལྔ་བསྲེགས་པས་བདེ་དྲོད་འབར། །ལུས་འདར་འཕར་དང་སྤྲུག་པ་འོང་། །དེ་ནས་མེ་ལྕེ་མགྲིན་པར་སླེབ། །དེ་རྟགས་དགོད་དང་ཨ་ཨི་ཟེར། །དེ་ནས་མེ་ལྕེ་ཀླད་དཀྱིལ་དྲང་། །ཀླད་པ་བདེ་ཆེན་འཁོར་ལོ་དྲོས། །ལྟེ་བའི་ཐིག་ལེ་བྱང་ཆུབ་སེམས། །ཧ༷་མགོ་ཐུར་ལ་བསྟན་པ་དེ། །འོད་དུ་ལྟེམ་གྱིས་ཞུ་ནས་ཀྱང་། །བྱང་སེམས་ཐིག་ལེ་བཅུ་དྲུག་འཛག །དེ་ལས་བདེ་ཆེན་སྐྱེ་ཚུལ་ནི། །ཀླད་དཀྱིལ་བབས་པ་ས་དགའ་བ་སྐྱེ། །དེ་ཕྱིར་མགྲིན་པའི་འཁོར་ལོ་འཛག །དེ་ཡིས་བདེ་བ་མཆོག་དགའ་སྐྱེ། །དེ་ཕྱིར་སྙིང་གར་བཞི་འཛག་པས། །དགའ་བྲལ་བདེ་སྟོང་དགའ་བ་སྐྱེ། །དེ་ཕྱིར་ལྟེ་དབུས་གཉིས་འཛག་པས། །ལུས་མེད་བསམ་པའི་བདེ་བ་སྐྱེ། །བདེ་སྟོང་དབྱེར་མེད་བདེ་བའི་མཆོག །ལྷན་སྐྱེས་ཡེ་ཤེས་དགའ་བ་སྐྱེ། །བདེ་ཉམས་འདི་འདྲ་སྨྲ་མི་ཤེས། །དེ་ཉིད་ངོས་བཟུང་བསྒོམ་བྱས་ན། །བདེ་སྟོང་དབྱེར་མེད་རྒྱུན་འཐོབ་འགྱུར། །ཐིག་ལེ་བྱང་སེམས་ངོ་སྤྲད་གསུམ། །སེམས་བཟུང་ངོ་སྤྲོད་ཞེན་བཟློག་སྟེ། །དང་པོ་བྱང་སེམས་གཟུང་ཐབས་ནི། །སྤྱི་གཙུག་བདེ་ཆེན་འཁོར་ལོར་ཨོ། །མགྲིན་པ་ལོངས་སྤྱོད་འཁོར་ལོར་ཨུ༷༷། །སྙིང་ག་ཆོས་ཀྱི་འཁོར་ལོར་ཧུ༷། །ལྟེ་བ་སྤྲུལ་པའི་འཁོར་ལོར་ཧྭ༷། །བྱང་སེམས་འཁོར་ལོར་བསྒོམ་པ་ཡ༷། །དེ་ལས་འོད་ཟེར་གྱེན་དུ་སྡུད། །འཁོར་ལོ་བཞི་ཡི་ཡི་གེ་བཞི། །འོད་ཞུ་འོད་ཀྱི་ཐིག་ལེ་བཞི། །དེ་ལ་སེམས་གཏད་མི་འཕྲོ་ན། །སྙིང་གར་དྲག་ཏུ་གཏད་ལ་བཟུང་། །དེ་ལས་འཕྲོས་ན་འཕྲོས་སར་གཏད། །དར་ཅིག་གློད་ལ་རྗེས་ངོས་གཟུང་། །རང་རིག་སྤྲིན་མེད་བར་སྣང་བཞིན། །དངས་ལ་གསལ་བ་རང་སོར་ཞོག །མེ་ལོང་ནང་གི་གཟུགས་བརྙན་ལྟར། །སལ་ལེ་ཧྲིག་གེ་འཛིན་མེད་ཞོག །དེ་ཉིད་ངོ་སྤྲོད་བསྟན་པ་ནི། །དེ་ལྟར་སྲོག་འཛིན་བྱང་ཆུབ་སེམས། །བདེ་སྟོང་ཙིསྟའི་དབུས་སུ་བསད་སདཀྱང། །ཐམས་ཅད་ཡེ་ཤེས་རྩལ་དུ་ཤེས། །ལྷན་སྐྱེས་ཡེ་ཤེས་ངོས་ཟིན་ཚེ། ཁྲེས་པ་བདེ་གསལ་མི་རྟོག་གསུམ། །རང་བྱུང་ཤུགས་ལས་འཆར་བ་ཡིན། །དེ་ཡང་ཉོན་མོངས་མེད་པས་བདེ། །མ་འགགས་མི་འཛིན་མི་རྟོག་པའོ། །དེ་ལྟར་ངོ་སྤྲོད་ངོ་བོ་རིག །རང་བཞིན་དངས་ལ་རིག་པ་གཡེར། །སྔར་མ་མཐོང་བའི་དོན་མཐོང་རིག །ཆོས་ཉིད་མ་བསླད་རང་བཞིན་དྭངས། །གསལ་ལ་མ་འགགས་འཛིན་མེད་བདེ། །དེ་ལྟར་ངེས་རྟོགས་ལྟ་བ་སྟེ། །དེ་ལས་མི་ཡེངས་སྒོམ་པ་ཉིད། །དེ་ཉིད་མི་ཉམས་སྤྱོད་པ་ཡིན། །དེ་ཉིད་མཐར་ཕྱིན་འབྲས་བུའོ། །མཐའ་རུ་ཞེན་པ་བཟློག་པ་ཡང་། །ལྟ་བ་རྟོགས་པའི་ངང་ཤུགས་ལ། །ཆགས་པའི་བློ་མེད་འཁྲི་བ་ཆོད། །གཟུང་འཛིན་སེམས་བྲལ་མི་ཕོད་བརྫིས། །མངོན་ཞེན་ཀུན་བཟློག་ཡང་དག་དོན། །དེ་ལྟར་ཉམས་སུ་ལོན་པའི་ཚེ། །འདའ་ཀར་འབྲས་བུ་དོན་སྤྱོད་ཚུལ། །གོང་བསྟན་སྲོག་འཛིན་བྱང་སེམས་གཉིས། །མ་རིག་ལངས་ཟད་སྐྱེ་མེད་དང་། །རང་བྱུང་རང་ཤར་ཡེ་ཤེས་བསྟན། །སྤྲོས་བྲལ་འགག་མེད་འགྲོ་དོན་མཛད། །སྐུ་གསུམ་ལྷུན་གྲུབ་ངོ་མཚར་ཆེ། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། ཐིག་ལེ་འབར་འཛག་ཙཎྜ་སྙིའི་གནད་ཡོངས་སུ་རྫོགས་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ། སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། །ཡེ་ཤེས་ལྔ་བདག་ཀུན་ཏུ་བཟང་། །ཁྱབ་བདག་ཆེན་པོ་ཧེ་རུ་ཀ །རིམ་ལྔ་གདན་གཅིག་ཡོངས་རྫོགས་དོན། །བདག་ཅག་རྣམས་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ཏེ། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀའི། །བསྐྱེད་རིམ་རྒྱས་བསྡུས་ཞིག་བསྒོམས་ཏེ། །རྫོགས་པའི་རིམ་ལྔ་གདན་གཅིག་ལ། །བསྒོམ་པའི་དོན་རབ་འདི་ལྟ་སྟེ། །སྔགས་སེམས་ལུས་དང་འོད་གསལ་དང་། །ཟུང་འཇུག་དག་ནི་བསྒོམ་པར་བྱ། །རྡོ་རྗེའི་བཟླས་པ་སྲོག་རྩོལ་རླུད་། །ཨོ་དང་ཨུ༷༷ཧུ༷་ཡི་གེ་གསུམ། །འབྱུང་འཇུག་གནས་དང་ལྡན་པར་བསམ། །གནས་པ་རྒྱུན་བསྲིང་དབུ་མར་འཇུག །འདི་ལས་ཁྱད་འཕགས་སྔགས་མེད་ཕྱིར། །རྡོ་རྗེའི་སྔགས་བཟླས་རིམ་པའོ། །སེམས་ལ་དམིགས་པའི་རིམ་པ་ནི། །ལྷར་གསལ་སྙིང་དབུས་འདབ་བརྒྱད་ལ། །དགོད་བྱའི་ཡིག་འབྲུ་འདི་དག་སྟེ། །ཡང་དག་སྐྱེ་མེད་སྙིང་པོ་ཨ། །ཨ་ཨུ། ཨི་སྙི། །ཨུ་ལྤུ། རེ་རྣ། ལི་སྙི། ཨེ་ཨེ། ཨོ་ཨོ། ཨ༷་ཨ༷༷། ཀ་ཁ་ག་བྷ་ང་། ཙ་ཚ་ཛ་རྙོ་ཉ། ཊ་ཋ་ཌ་རྟེ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྟ༷༷། དངུལ་དཀར་ལུགས་ནས་ཕྱུང་འདྲར་གསལ། །གསལ་བྱེད་ཕྱིར་ལ་དམིགས་པ་གཏད། །སྣང་བའི་བྱང་ཆུབ་སེམས་བསྐྱེད་དེ། །རྟགས་ནི་ཉི་ཟེར་འོད་འདྲ་འབྱུང་། །དབྱངས་ཡིག་ནང་ལ་དམིགས་པ་གཏད། །སྣང་བ་མཆེད་པའི་ཡེ་ཤེས་སྐྱེ། །དེ་རྟགས་ཟླ་འོད་ཟེར་འདྲ་འབྱུང་། །དབུས་ཀྱི་ཨ་དཀར་ལ་དམིགས་ན། །སྣང་བ་ཉེར་ཐོབ་ཡེ་ཤེས་ཀྱི། །རྟགས་ནི་མི་རྟོག་མུན་ལྟ་བུ། །བདེ་སྟོང་ཉིད་འཆར་སེམས་དབེན་ཡིན། །སྒྱུ་ལུས་བསྒོམ་པའི་རིམ་པ་ནི། །སྙིང་ནང་ཨ་ལས་འོད་དཀར་འཕྲོས། །རང་ལུས་སྒྲིབ་བདག་རླུད་སེམས་འདྲེས། །རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར། །གཡས་པ་རྩེ་ལྔ་གཡོན་དྲིལ་བུ། །སེང་ཁྲི་པད་ཟླ་ཉི་སྟེང་ན། །སྐྱིལ་་ཀྲུང་འོད་ལྔའི་སྐུ་ཡོལ་མཛེས། །སྒྱུ་མ་རྨི་ལམ་འཇའ་འདྲར་བསྒོམ། །སྣང་ལ་དངོས་པོ་མ་གྲུབ་པས། །བདེན་སྣང་མི་བདེན་སྒྱུ་ལུས་ཡིན། །འོད་གསལ་བསྒོམ་པའི་རིམ་པ་ཡང་། །རྡོར་སེམས་དཔྲལ་བར་ཨ་དཀར་བསམ། །ཨ་ལས་འོད་དཀར་ལུས་ཁྱབ་འཕྲོས། །སྒྱུ་ལུས་འོད་ཞུ་ཨ་ལ་འདུས། །ཨ་རྣི་སྐྱེ་བ་མེད་པའི་སེམས སེམས་ལས་སེམས་བྱུང་སེམས་ཉིད་དོན། །སྟོང་པར་ཐིམ་ནས་འོད་གསལ་གནས། །རྟགས་ནི་དུ་འདྲ་རང་བཞིན་མེད། །ཟུང་འཇུག་བསྒོམ་པའི་རིམ་པ་ཡང་། །སྣང་བའི་རྣམཔཡངཆ་ནས་སྒྱུ་ལུས་དང་། །རང་བཞིན་ཆ་ནས་འོད་གསལ་གཉིས། །ཟུང་འཇུག་དབྱེར་མེད་སྐུ་ཡིན་ཏེ། །སྟོང་པ་ཉིད་ལས་གཟུགས་གཞན་མེད། །གཟུགས་ལས་གུད་པའི་སྟོང་པ་མེད། །ནམ་མཁའི་ངང་ནས་འཇའ་སྤྲིན་བཞིན། །ཟུང་འཇུག་མཉམ་བཞག་དེ་ལྟར་བསྒོམ། །རིམ་ལྔ་ཐུན་བཞིའི་རྣལ་འབྱོར་པས། །འདའ་ཀ་ཆོས་ཉིད་འོད་གསལ་གྱི། །བར་དོར་ཟུང་འཇུག་ལོངས་སྐུར་བཞེངས། །སྨོན་ལམ་་བས་ཀྱིས་འགྲོ་དོན་འབྱུང་། །གསང་སྔགས་རྒྱུད་སྡེ་རྒྱ་མཚོ་ཡི། །བཅུད་མཆོག་ཉམས་ལེན་རིམ་ལྔ་ཡིན། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱ་རྒྱལ་པོ་ལས། རམ་ལྔ་གདན་གཅག་ལ་ཡོངས་སུ་རྫོགས་པ་བསྒོམ་པ་གསང་སྔགས་ལག་ལེན་གྱ་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་འདུས་པའ་འཁོར་རྣམས་ཀྱས་མགྲན་གཅག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཟུང་འཇུག་བདེ་ཆེན་ཀུན་ཏུ་བཟང་། །སྦྱོར་བའི་བདག་ཉིད་ཧེ་རུ་ཀ །སྦྱོར་བ་བདེ་མཆོག་ཆགས་པའི་ལམ། །བདག་ཅག་རྣམས་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ནས། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །གསང་སྔགས་ཆགས་སྡུད་སྦྱོར་བ་ཡིན། །རྣལ་འབྱོར་ཆགས་པ་ཅན་གྲོལ་ཕྱིར། །བདེ་མཆོག་སྦྱོར་ལམ་སྤྱད་འདོད་ན། །རང་གི་བདེ་བ་སྔོན་དུ་སྦྱང་། །ཞིང་སྐྱེས་སྔགས་སྐྱེས་མ་སྲིང་སོགས། །མཚན་ལྡན་ཡོངས་རྫོགས་མུ་དྲ་མ། །བཅུ་དྲུག་ལོན་པ་རབ་ཏུ་ཤིས། །དབབ་དང་བཟུང་བཟློག་དགྲམ་པ་དང་། །གེགས་བསལ་ཚད་དང་ལྡན་ནམ་བརྟག །མཚན་ལྡན་ཤ་རྒྱས་སྣ་བུག་གི། །གཡས་སྟེང་ཡང་ན་སྙིང་ག་མྲ །སྨེ་བ་ཡོད་ན་དེ་ཡི་མཁར། །དུང་ཅན་རྩ་ཞེས་བྱ་བ་གནས། །རྩ་དེས་རྡོ་རྗེ་འཇིབ་བསྡམ་ཤེས། །དེ་བཞིན་རིགས་ལྡན་གང་དུ་དག །ཁྲུས་བྱས་རྒྱན་གདགས་ཟས་བཅུད་གཏང་། །བདུད་རྩི་སྨན་དང་དྲི་ཞིམ་བྱུགས། །ཟས་ངན་སྐྱེས་པ་གཞན་བསྟེན་སྤང་། །རྒྱུ་འབྲས་ཆོས་བཤད་སྤྲོ་བ་བསྐྱེད། །ཆགས་པ་གཡོ་བྱེད་གཏམ་བརྗོད་པས། །རྟོག་པ་གཞན་འགགས་ཆགས་བདེ་སྐྱེད། །ཡང་ནི་བསྐྱེད་ཕྱིར་འོ་འཁྱུད་བྱ། །སྟེང་རླུད་མནན་ཅིང་འོག་རླུད་བསྟེན། །ཏིང་འཛིན་མི་ཡེངས་དལ་གྱིས་བསྲུབ། །སྤྱི་གཙུག་བདེ་ཆེན་འཁོར་ལོ་ནས། །རིམ་གྱིས་དབབ་ཅིང་ཐད་ཀར་གཟུང་། །དེ་ཡང་ཨ་ཝ་དྷ་ཏིའི་རྩ། །ཡར་སྣ་སྤྱི་གཙུག་མར་གྱི་སྣ། །རྡོ་རྗེའི་སྦུ་གུར་ཟུག་པ་ལས། །གཡས་གཡོན་རྩ་གཉིས་མིག་སྒོ་ནས། །ལྟག་པའི་ངོས་སུ་འཁྱོག་པ་ལས། །མགྲིན་པ་དགྱེ་བར་བསྲངས་པ་ཡིས། །ཨན་སྟོང་རུས་ཀྱི་་ གས་པར་སྦྱར། །རྩ་གསུམ་དེར་འདུས་རང་བཞིན་གྱིས། །བསྡམས་པ་དེ་ལ་གཟུང་བ་ནི། །འོག་རླུད་བསྡམས་ཏེ་ཤེས་པ་གསེང་། །ཐིག་ལེ་གྱེན་དུ་འཁྱིལ་བར་བསམ། །གཡོ་དུས་སྐབས་འདིར་མ་བཟུང་ན། །འོག་མ་རྣམས་ནི་ཟིན་པར་དཀའ། །མགྲིན་པར་བབས་པའི་ཚེ་ན་ཡང་། །མགྲིན་པར་དགྱེ་བྱས་ཚིགས་གཉིས་སྦྱར། །རྩ་གསུམ་འདུས་པའི་ཤུགས་ཀྱིས་བསྡམ། །དེ་བཞིན་སྙིང་ག་ལྟེ་འཁོར་དང་། །གསང་འཁོར་རྡོ་རྗེའི་རྩེ་མོར་ཡང་། །ཐིག་ལེ་ཕེབས་ཚེ་ཤེས་པ་གསེང་། །འོག་རླུ་་བསྡམས་ཏེ་བསྐྱིལ་ཞིང་བཟུང་། །དེས་མི་ཐུབ་ན་རྡོ་རྗེ་ཡི། །རྩ་བར་ལག་གཡོན་སྲིན་མཐེབ་ཀྱིས། །ཚིར་གྱིས་མནན་ལ་རླུད་ཡར་འཐེན། །བདེ་བ་རབ་སྐྱེ་མི་རྟོག་བསྒོམ། །བདེ་གསལ་མི་རྟོག་ཉམས་དང་ལྡན། །དེ་ནས་བཟློག་པའི་ལས་བྱས་ཏེ། །ཡུམ་གྱིས་རླུད་གིས་ཚུར་ཕུལ་ཅིང་། །ཡབ་ཀྱི་རླུད་གིས་ཚུར་ལ་དྲང་། །འོག་རླུད་བསྡམས་ཏེ་རྡོ་རྗེ་ཕྱུང་། །དྭངས་མ་ཚུར་འདུས་སྙིགས་མ་ནི། །མཁར་རུ་བྲུལ་ཡང་བུ་མི་འཆག །དྭངས་མ་བཟློག་པའི་འཁྲུལ་འཁོར་ནི། །བཤང་བའི་ལམ་དགག་རྒྱུ་ཞབས་བསྡུ། །ལྕེ་རྩེ་མར་དགུག་མིག་བཟློག་སྟེ། །ཧིག་བརྗོད་འོག་རླུད་གྱེན་དུ་དྲང་། །དགྲམ་པ་འཁོར་ལོ་བཞིའི་རྩ་ཡི། །དམིགས་སུ་དགྲམ་པར་བསྟན་པ་ནི། །སེང་གེ་རྣམ་གྲོལ་ཕྱག་རྒྱ་ཡིས། །གཡས་བསྐོར་གཡོན་དུ་ཁྱབ་པར་དགྲམ། །རྗེས་སུ་ལུས་སྤྲུག་ཕྲིལ་ཕྲིལ་བྱ། །དེ་དག་ཉམས་ཀྱི་རིམ་པ་ཡང་། །སྤྱི་བོ་ནས་འཛག་དགའ་བ་སྟེ། །མགྲིན་པར་མཆོག་དགའ་སྙིང་ག་སྲ །བབས་པས་ལྷན་སྐྱེས་དགའ་བ་ལ། །ལྟེ་བར་བབས་པས་དགའ་བྲལ་ཉིད། །གསང་བ་རྡོ་རྗེར་ཕེབས་པའི་ཚེ། །དོན་དམ་བདེ་སྟོང་དབྱེར་མེད་འཆར། །མི་རྟོག་ལྷན་སྐྱེས་ངོས་གཟུང་བྱ། །དེ་ལ་ཞེན་ན་ཟག་བཅས་གོལ། །གེགས་ནི་ཡས་བཟློག་མ་ཁྲེམས་ན། །ཆུ་སྲི་གྲང་ཤུམ་ཆུ་ལམ་ཚ། །སེང་ལྡེང་གདུས་ཁུ་ཏིལ་མར་སྦྱར། །ལུས་ལ་བསྐུ་མཉེ་བྱས་པས་སེལ། །བདེ་བ་མི་སྐྱེ་ཐིག་ལེ་འཆོར། །དེ་ལ་དམ་བཤགས་དབང་རྫོགས་ཞུ། །ཐབས་དང་རིག་པས་གེགས་རྣམས་བསལ། །འབྱོངས་པའི་ཚད་དང་ལྡན་གྱུར་ན། །རླུད་རིག་གཏད་ཅིང་ཚུར་དྲཛས་པས། །ཡུམ་བཅུད་བདག་ལ་འདུ་བ་འབྱུང་། །འོ་མ་དྲོ་ལ་རྡོ་རྗེར་ལྡུད། །འོ་མ་བརྒྱུད་ནས་ཁ་རུ་འདྲོངས། །སྣང་བ་ཐམས་ཅད་བདེ་བར་འཆར། །གཤོན་ནུའི་ཤ་ཆགས་རྐང་མགྱོགས་འགྲུབ། །ཏིང་འཛིན་རིག་རྩལ་རང་དབང་ཐོབ། །སྙིང་རྗེ་ཆེ་ལ་ཆགས་སེམས་མེད། །རྨི་ལམ་སྒྱུ་མའི་ཉམས་དང་ལྡན། །སྒྲིབ་གཉིས་བག་ཆགས་ཀུན་བྱང་ནས། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་འཐོབ། །ཅེས་པ་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། བདེ་མཆོག་ཆགས་ལམ་ཡོངས་རྫོགས་གནད་ཀྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཁམས་གསུམ་ཡོངས་སྒྲོལ་ཀུན་ཏུ་བཟང་། །བདུད་འདུལ་རྒྱལ་པོ་ཧེ་རུ་ཀ །དྲག་པོས་ཚར་གཅོད་སྒྲོལ་བའི་ལམ། །བདག་ཅག་རྣམས་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ཏེ། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །གསང་སྔགས་མཐའ་སྡུད་སྦྱོར་སྒྲོལ་ལས། །ལོག་ལྟ་གདུག་པ་ཅན་དོན་དུ། །ལས་རྒྱུན་གཅོད་པའི་ཐུགས་རྗེ་ཡིས། །དྲག་སྔགས་ཡོངས་རྫོགས་གནམ་ཐོགས་བཤད། །ང་ནི་ཀུན་བཟང་རྡོ་རྗེ་འཆང་། །རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཡིན། །སངས་རྒྱས་ཀུན་གྱི་རང་བཞིན་ཏེ། །ང་ནི་ཆེ་མཆོག་ཧེ་རུ་ཀ །སྲིད་གསུམ་གདུག་པ་ཡོངས་བསྒྲལ་ཕྱིར། །ཆེ་མཆོག་ཡོངས་རྫོགས་དྲག་སྔགས་འདིའོ། །ཨོ་ཐྲི་མ་ཧྭ་ས་མ་ཡ་བཛྲ་ཡསྒ་ཧེ་ཧ་ཧུ༷་ཕཊ། ཨོ་བཛྲ་བི་ཤྭ་ཀྲོ་དྷ་ཛ་ལ་མཎྜ་ལ་ཧུ༷། མ་ཧྭ་སྲོག་ཤ་ལ་ཐུན་ཐུན་ཧ་ལ་ཧ་ལ་ཧུ༷་ཧཱུཾ་ཕཊ་ཛ༷༷ཛ༷༷། ཆེ་གེ་མོརྣ་དུསྟོན་མྱ་ར་ཡ་ཧུ༷་ཕཊ། བཛྲ་མ་ཧྭ་ཏ་ཀྲིཏ་གརྫ་གརྫ་ཧུ༷་ཕཊ། བཛྲ་བི་ཤྭ་ཀྲོ་དྷ་ཛ་ལ་མཎྜ་ལ། ཧ་ལ་ཧ་ལ། མཎྜ་ལ་མ་མ་ཏྲག་རསྒ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷། བཛྲ་་སྔགས་སོར་བཞག་ཡིན་ཡསྒ་མ་ར་ཏྲག་ཤ་ཧུད་དེ་ཧུད་ཧ་ར་ཧུད་སྨྱོ། ནཱ་ག་ནཱ་གེ་ཛ༷༷ཛ༷༷། མྱ་ར་ཡ་ཛ༷༷ཛ༷༷ཏྲག་རསྒ་བ༷་རིལ། ཙ་ཚ་པ་ཏ་པ་ཏུ་པ་ནི་ཡང་།པ་ཏུ་པ་ཏུ་ནི་ཛ༷༷ཛ༷༷། ཨོ་བཛྲ་ཨུརུ་ཡ་མ། ཨཉུ་ཤི་མ་ཏྲ། །ཨ་ཀྲོ་ཏེ་ཀ་ཡ་མྱརྙ་ཀ་ཀྭ་ལ་དུ་པ་ཧུ༷་ཕཊ། ཨ་ཧ་ཧ།ཛ༷༷ཛ༷༷ཧ་ཏ་ཏ་ཧ་ཏ་ཧཡང་ར་ཀྲི་མ་བོད། ཀི་ལི་ཀི་ལ་ཡ། དགྲ་བོ་དྲི་རྦད། ང་ནི་བཛྲ་ཧེ་རུ་ཀ །སྲིད་གསུམ་གདུག་པ་ཡོངས་བསྒྲལ་ཕྱིར། །ཁྲག་འཐུང་ཡོངས་རྫོགས་དྲག་སྔགས་འདིའོ། །ཨོ་རུ་ལུ་རུ་ལུ་ཧུ༷་སྦྱོ་ཧུ༷་ཕཊ། ཨོ་ཨུ༷༷ཏཱ༷༷ཧ་ཧེ་ཕཊ་སྟོ༷༷ཧཱུཾ་ནེ་མ་ཙིནྟྲ་ཙིཏི་ཡང་མ། །རྡུལ་ཕྲན་རྡུལ་ཕྲན། ཀེ་ཀེ་མ་རཀྟ་མ་རི་ཙ་སྙིང་ལ་ཤད་ཤད། ཙིསྟ་མ་རུས་ལ་ཀེ་ཀེ རུ་ཏྲི་ཤ་ལ་བོད་རྦད། ཛ༷༷ཧུ༷་བ༷་ཧོ༷༷། དབུགས་ལ་ཞུབྲ་ཞུབྲ། ཨ་ཧུ༷་ཧེ་མ་མོ་སྨྱོ་ཛ༷༷། རུ་ལུ་རུ་ལུ་རཀློ་སྨྱོ་རྫི༷༷། ཀི་ལི་ཀི་ལ་ཡ་དགྲ་བོ་དྲི་རྦད་རྦད། །ང་ནི་འཇམ་དཔལ་གཤིན་རྗེ་གཤེད། །སྲིད་གསུམ་གདུག་པ་ཡོངས་བསྒྲལ་ཕྱིར། །གཤིན་རྗེ་ཡོངས་རྫོགས་དྲག་སྔགས་འདིའོ། །ཨོ་ཨ་ཀྲོ་ཏེ་ཀ་ཡ་མྱརྙ་ཀ་ཧ་ན་མ་ཐ་བྷན་ཛ་ཧུ༷་ཕཊ། ཨོ་ས་མ་ཡ་མསྒྲུ་ཤི་ཡ་མུརྙ་ཀ །ཡ་མ་རྭ་ཛ་མ་མ་ཨེ་ཀ་ཛ་རྟི་ཛ༷༷ཛ༷༷ཏྲག་རསྒ་ཁ་མུན་ཏྲ་ས་ཏྲ་སྙིང་ཁ་རག་མ་སྨྱོ་སྨྱོ། རཀློ་ཏེ་གུལ་ཀུམ་ཡང་ཛ༷༷ཛ༷༷ཁ་ལ་མ་ཉི་མ་ཡང་ཏི་སྨྱོ་སྨྱོ། ཡ་ཡ། ལོན་ལོན།། །ཙཎྜ་མ་ལ་སྨྱོ་ཛ༷༷སྙིང་ཁ་རཀློ་སྲོག་ལ་བློ་སྨྱོ་ཛ༷༷ཛ༷༷། ཨོ་ཡ་སྨྱུརྙ་ཀ་ཡ་མ་རྭ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡསྟེ་ཡ། ཡསྟེ་ཡསྣྲོ་རྣི།་རའ་མ་ཡ། ཆེ་གེ་མོ་མྱ་ར་ཡ་ཧུ༷་ཕཊ། ཨོ་རྣལ་མ་རྣལ་ཏེ་སྲོག་ལ་རྔམ། །སྲོག་ལ་མེར། སྦྲིས་སྲིས་ཀྱངལ་་ཆུམ། ཐུམ་པིས་ཐུམ་པིས། ལྕགས་ཀྱི་སྐྲ་གཅིག་མས་དགྲ་བོའི་སྙིང་ཕྱུང་ཞིག མུ་ར་ཡ་རྦད། ཀི་ལི་ཀི་ལ་ཡ་དགྲ་བོ་རྣ་རྦད། །ཧུ༷། ང་ནི་པདྨ་དབང་ཆེན་སྐུ། །སྲིད་གསུམ་གདུག་པ་་ཡོངས་བསྒྲལ༠་ཕྱིར། །པདྨ་ཡོངས་རྫོགས་དྲག་སྔགས་འདིའོ། །སྣྲི༷༷ཧ་དཔེ་གཝ་ལ་ཨོ༷་པདྨདྨ་སགས་ལས་སྔགས་ཐུང་འད་མི་སྣང་ཡ་རྒི་ཝ་ཧུ༷་ཕཊ། ཨོ་པདྷརྙ་ཀྲིཏ་ཧ་ཡ་གོ་ཝ་མ་ཧྭ་ཀྲོ་དྷ་ཨེ་ཀ་ཛ་སྐྱིའ་ས་མ་ཡ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷་ཕཊ། ཨུ་ར་ལི་ཛ༷༷ཨོ་ཐུབ་ཐུབ། མྱགས་མྱགས། །མུག་མུག །ཤར་ཤར། །ཞར་བར་སྨྱོ། །ཞིར་བར་སྨྱོ། །ད་ད་ཀླག་ཀླག །།དུ་དང་དུ་དང་། །རྦད་རྦུད། །ཛ་ཛ་སྨྱོ་སྨྱོ། ཧུ༷་ཧུ༷་མྱགས་རྦད། །མྱོགས་རྦད། མོ་རུ་སད་མོ་དུ་ར་ཡག་ཆོད། །སྲོག་གི་སྙིང་པོ་ཁ་ལ་དབང་པོ་སྙང་ལ་ཡང་རཀྟ་ཙ་ར་ཡུ། ཏབྱ་ཐུ། སྙིང་ལ་རྦད་ཡ། ཁྲག་ཏི་མ་སྨྱོ། མ་རིག་ཁྲག་ཤ་ཡུ། མག་་ཁྲག་དྲི་ཆོད། ས་པ་ལོ་ཡང་ལ་ཆོད། མུ་ལོ་ཆོད། ཤ་ལ་ཁྱི་ཁྱེར། དགྲའི་སྙིང་སྲོངག་རྩད་ནས་ཕྱུང་ཞིག་སྲུ་ཧྭ། ཀི་ལི་ཀི་ལ་ཡ་དགྲ་བོ་དྲི་རྦད། ང་ནི་རྡོ་རྗེ་གཞོན་ནུ་ཆེ། །སྲིད་གསུམ་གདུག་པ་ཡོངས་བསྒྲལ་ཕྱིར། །ཕུར་བུ་ཡོངས་རྫོགས་དྲག་སྔགས་འདིའོ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ། སརྦ་བིསྣྲུ༷་བ༷་ཧྭ༷་ཕཊ། ཛ༷༷ཧུ༷་ཨ༷༷མ་རཀློ་ཡཀློ། ཀྭ་ལ་རྭ་པ། སྙིང་རྩ་ལ་ཡ༷་ཡ༷། སྲོག་རྩ་ལ་ཡ༷་ཡ༷། །སྙིང་ལ་ཕྲིལ་ཕྲིལ། སྲོག་ལ་ཆུམ་ཆུམ། ཙིསྟ་སྲོག་ལ་ཏུང་ཏུང་། སྙིང་ཁྲག་ཤད་ཛ༷༷ཐུམ་རིལ་ལི་ལི། སྙིང་རྩེགས་རྩེགས་འུར་འུར། ཤིག་ཤིག་གུལ་གུལ། མྱགས་མྱགས། སོད་སོད། དྷ་དྷི་མ་མ་ཀརྨ་ཤི་སྨྲ༷་ཀ་རྭ་ཡ། །མུ་ར་སེ་ན་བྲ་མརྡ་ན་ཡེ་ཧྭ༷་ཕཊ། ཀི་ལི་ཀི་ལ་ཡ། དགྲ་བོ་དྲི་རྦད། །ང་ནི་བླ་མེད་ཧེ་རུ་ཀ །སྲིད་གསུམ་གདུག་པ་ཡོངས་བསྒྲལ་ཕྱིར། །མ་མོ་ཡོངས་རྫོགས་དྲག་སྔགས་འདིའོ། །ཨོ་གུ་རྒྱ་ཙྭ་ན་ཤི་ཧེ་རུ་ཀ གུ་རྒྱ་ཙྭ་ན་ཀྲོ་དྷི་ཤྭ་རྡི་སྟུ༷། མ་མ་ཡོ་གི་ནི་རུ་ལུ་རུ་ལུ་སྨྱོ་ཧུ༷་ཕཊ། ཨོ་བཛྲ་ནི་ལ་ཁ་ཊ༷་ཀྲོ་དྷི་ཤྭ་རྡི། བྷ་ག་པདྨརླ། བདེ་ཀློང་ཤྭ་ན་མ་ཛ་ཛ་སྨྱོ། མ་མ་ཏྲག་རསྒ། རུ་ལུ་རུ་ལུ་རཀློ་སྙིང་ཁྲག་ལ་སྦྱོ། ཏྲག་རསྒ་མ་ཅིག་ཐུན་སྨྱོ། ཆེ་གེ་མོ་དྲི་དུསྐྱི་མྱ་ར་ཡ་རྦད་ཕཊ། བཛྲ་ཧེ་ས་ཏ་ཀྲིམ། རྨུགས་ཤ་རྨུགས་ཤ། རྦད་ད་ར་རྦད་ད་ར། མུ༷ག་ཏི་མྱོགས༷་སྲོད། །རྩི་སྲིབ་སྙིང་རི་མ་ཤ་ལྭ་ཡུ། སྲོག་རི་ཡ་ཡུ། མིག་དཀྱུས་ནས་ཕྱུང་ཞིག ཁུངས་པ་རྩད་ནས་ཆོད་ཅིག །ལྟེ་ལྐོག་ནས་དྲོངས་ཤིག །ཨོ་མ་མ་རཀློ་རྩེ། སྙིང་ཁ་རག་རྦད་སུ་སྨྱོ། རཀློ་ཡཀློ་རྦད་སུ་ཆོ། མ་ར་ཡ་ཆོ་ཆོ༷། །རྦད་མྱ་ར་ཡ་རྦད། སོད་མྱ་ར་ཡ་སོད། །ཐུམ་རིལ་་ག་རསྒ་རྦད་ག་། རྦད་ག་། དུ༷་བུ་བ༷་བ༷། དགྲ་བགེགས་ཀྱི་སྲོག་ལ་མྱ་ར་ཡ་རྦད། ཀི་ལི་ཀི་ལ་ཡ་དྲི་རྦད། ང་ནི་རིག་འཛིན་ཐོད་པ་རྩལ། །སྲིད་གསུམ་གདུག་པ་༄༅ ཡོངས་བསྒྲལ་ཕྱིར། །རིག་འཛིན་ཡོངས་རྫོགས་དྲག་སྔགས་འདིའོ། །ཨོ་བཛྲ་མ་ཧྭ་གུ་རུ་སརྦ་ཧུ༷་ཕཊ། ཀྭ་ལ་དུ་པ་ཆེ་གེ་མོ་བཱ་ར་ཡ་ཧུ༷་ཕཊ། ཀི་ལི་ཀི་ལ་ཡ་དྲི་ཏྲི་རྦད། ང་ནི་དྲེགས་པ་ཀུན་འདུལ་རྗེ། །སྲིད་གསུམ་གདུག་པ་ཡོངས་བསྒྲལ་ཕྱིར། །སྡེ་དཔོན་ཡོངས་རྫོགས་སྙིང་པོ་འདིའོ། །ཨོ་བཛྲ་ཙཎྜ་སརྦ་དུགི་ན་ཨེ་ཛ་སྨྱོ། །དགྲ་བགེགས་ཆེ་གེ་མོ་ཤ་ཏྲུ༷་ཧུར་ཐུམ་ཛ༷༷མྱ་ར་ཡ་རྦད། གིང་ཀ་ར་གིང་ཀ་ར་སརྦ་ཏྲི་ཛ་སྨྱོ། །ཆེ་གེ་མོ་ཤ་ཏྲུ༷་ཧུར་ཐུམ་ཛ༷༷མྱ་ར་ཡ་རྦད། བདུད་ཏྲི་མ་ར་ཡ་སརྦ་དུཝ་རྦད་དུ་ཙ་སྨྱོ། ཆེ་གེ་མོ་ཤ་ཏྲུ༷་ཧུར་ཐུམ་ཛུ༷༷མ་ར་ཡ་རྦད། ཨ་བི་ཤུ་སརྦ་ཙ་བཛྲ་སྨྱོ། །ཆེ་གེ་མོ་ཤ་ཏྲུ༷་ཧུར་ཐུམ་ཛ༷༷མྱ་ར་ཡ་རྦད། བ་ཤ་མི་ཀི་སརྦ་ཛ༷༷སྨྱོ། །ཆེ་གེ་མོ་ཤ་ཏྲུ༷་ཧུར་ཐུམ་ཛ༷༷སྨྱུ་ར་ཡ་རྦད། ནཱ་ག་སརྦ་ཕུ་ཛ༷༷སྨྱོ། །ཆེ་གེ་མོ་ཤ་ཏྲུ༷་ཧུར་ཐུམ་ཛ༷༷མུ་ར་ཡ་རྦད། ཡསྒ། སརྦ་ཀྟ་ཛ༷༷སྦྱོ། །ཆེ་གེ་མོ་ཤ་ཏྲུ༷་ཧུར་ཐུམ་ཛ༷༷བཱ་ར་ཡ་རྦད། རསྒ་སརྦ་ར་ཛ༷༷སྨྱོ། །ཆེ་གེ་མོ་ཤ་ཏྲུ༷་ཧུར་ཐུམ་ཛ༷༷མྱ་ར་ཡ་རྦད། མ་མ་སརྦ་མ་ཛ༷༷སྨྱོ། །ཆེ་གེ་མོ་ཤ་ཧྲུ༷་ཧུར་ཐུམ་ཛ༷༷མྱ་ར་ཡ་རྦད། ཀི་ལི་ཀི་ལ་ཡ་དགྲ་བོ་དྲི་རྦད། །ང་ནི་སྟོབས་ལྡན་ནག་པོའི་སྐུ། །སྲིད་གསུམ་གདུག་པ་ཡོངས་བསྒྲལ་ཕྱིར། །སྡེ་བརྒྱད་ཡོངས་རྫོགས་དྲག་སྔགས་འདིའོ། །ཨོ་བཛྲ་སརྦ་དུགྱིན། མྱེ་ཙིཉི་ཧྲི༷་ཧྲི༷་ཛ༷༷། ཆེ་གེ་མོ་དྲི་ཧུར་ཐུམ་ཛ༷༷མྱ་ར་ཡ་རྦད། །ཡ་མ་སརྦ་ཙིཏི་ཧྲི༷་ཧྲི༷་ཛ༷༷། ཆེ་གེ་མོ་སྤོ་ཧུར་ཐུམ་ཛ༷༷མུ་ར་ཡ་རྦད། མ་མ་སརྦ་ཙིསྟ་ཧྲི་ཧྲི་ཛ༷༷། ཆེ་གེ་མོ་སྤོ་ཧུར་ཐུམ་ཛ༷༷། མྱ་ར་ཡ་རྦད། ནཱ་ག་རསྒ་སརྦ་ཙིསྟ་ཧྲི་ཧྲི་ཛ༷༷། ཆེ་གེ་མོ་དྲི་ཧུར་ཐུམ་ཛ༷༷མྱ་ར་ཡ་རྦད། དེ་ཝ་རསྒ་སརྦ་ཙིཀྟ་ཉྭ་ཧྲི་ཛ༷༷། ཆེ་གེ་མོ་དྲི་ཧུར་ཐུམ་ཛ༷༷། བཱ་ར་ཡ་རྦད། རྭ་ཧུ་ལ་རསྒ་སརྦ་ཙིཏི་ཧྲི་ཧྲི་ཛ༷༷། ཆེ་གེ་མོ་དྲི་ཧུར་ཐུམ་ཛ༷༷མུ་ར་ཡ་རྦད། ཡཀྟ་རསྒ་སརྦ་ཙིསྟ་སྟི་རྙི༷་ཛ། ཆེ་གེ་མོ་དྲི་ཧུར་ཐུམ་ཛ༷༷། སྨྱུ་ར་ཡ་བོད། ཡཤ་རསྒ་སརྦ་ཙིརྟི་སྙི༷་སྙི༷་ཛ༷༷། ཆེ་གེ་མོརྣ་ཧུར་ཐུམ་ཛ༷༷མྱ་ར་ཡ་རྦད། དྷ་ཤ་སྒྲི་ཝ་སརྦ་ཙིསྟ་རྙི༷་སྙི༷་།ཛ་༷༷། ཆེ་གེ་མོ་དྲི་ཧུར་ཐུམ་ཛ༷༷སྨྱུ་ར་ཡ་རྦད། །ཀི་ལི་ཀི་ལ་ཡ་དགྲ་བོ་ཕྲོ་རྦད། བདེ་གཤེགས་ཡོངས་རྫོགས་དྲག་སྔགས་འདི། །དྲེགས་པ་མ་རུངས་རྡུལ་དུ་རློག །གདབ་པའི་སྔགས་དགུ་ཞེས་ཀྱང་བྱ། །འདི་ལ་ཉམས་ལེན་རིམ་གསུམ་སྟེ། ཁྲམ་བུར་གདགས་དང་ཕུར་ཚུགས་བསྐྲུབ། །གར་དགོས་ལས་ལ་སྦྱར་བའོ། །དང་པོར་ཤམ་བུར་བསྟན་པ་ཡང་། །གསང་བ་སྒྲུབ་ཆེན་ལས་སྦྱོར་དུས། །མཚན་མ་མིང་བྱང་བཅས་པ་ལ། །དཔལ་ཆེན་ཡོངས་རྫོགས་ཕུར་བསྐོར་ཚེ། །གནས་དགུར་དྲག་སྔགས་དེ་དགུས་གདབ། །སྲིད་པ་གསུམ་པོ་དུས་གཅིག་སྒྲོལ། །དྲག་སྔགས་གནམ་ཐོག་མཚོན་ཆ་འདི། །ཕུར་ཚུགས་ཆིག་དྲིལ་སྲོག་བསྒྲུབ་ནི། །དབེན་གནས་བྲག་ཕུག་དུར་ཁྲོད་དུ། །དཔལ་ཆེན་ང་རྒྱལ་ལྡན་བྱས་ཏེ། །མཎྜལ་མདའ་གང་ཁྲག་གིས་བྱུག །དབུས་སུ་ཁྲུ་གསུམ་ཏིང་དུ་བརྐོ། །དེ་ནང་མཚན་ངན་ཐོད་པ་སྲ །རོ་རས་འཁོར་ལོ་གཉིས་རིམ་གྱི། །རྩིབས་ལ་དགྲ་གཟུགས་བསྐྱོན་ལ་གཟིར། །སེང་ལྡེང་གསེང་དངུལ་ལྕགས་ཕུར་པ། །འདོམ་མདའ་ཁྲུ་གང་སོར་མཐེབ་ཚད། །རབ་འབྲིང་གང་རིགས་ལྷ་གྲངས་སྦྱར། །སྐུ་སྟོད་ཞལ་ཕྱག་གཞོག་རྫོགས་སམ། །འོག་སྟེ་ཞལ་དབྱུང་རྒྱ་མདུད་གཉིས། །དཔལ་གསུམ་ཆུ་སྲིན་ཁ་ནས་དབྱུང་། །ཕུར་པའི་བྱེ་བྲག་རྣམ་པ་བཞི། །ཡོངས་རྫོགས་དཔལ་གྱི་སྐུ་བསྐྱེད་དེ། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། །ཡེ་ཤེས་ལྔ་དང་རྫས་དབང་བསྐུར། །འདེབས་མཁན་གདབ་ཡུལ་ཚེ་ཁྲུས་ལུང་། །གདབ་དང་ཐེབས་ཚད་འབྲས་བུ་སྟེ། །ཕུར་པ་ངོ་བོས་སྟོང་ཤེས་ཀྱི། །ངང་ལས་ཡོངས་རྫོགས་དཔལ་ཆེན་བསྐྱེད། །དེ་ལས་སྤྲུལ་པས་དགྲ་བགེགས་དགུག །ཕུར་པའི་ལྷ་རྣམས་སྒོ་གསུམ་དུ། །ཨོ་དཀར་ཨུ༷༷དམར་ཧུ༷་མཐིང་བསྒོམ། །དེ་ནས་ཕུར་པའི་སྤྱི་གཙུག་དང་། །མགྲིན་པ་སྙིང་ག་ལྟེ་གསང་དུ། །འབྲུ་ལྔ་རིགས་ལྔ་བསྐྱེད་ལ་བཞག །དེ་ནི་ཡེ་ཤེས་ཕུར་པ་སྟེ། །ཀུན་གྱིས་མ་རིག་སྙིང་རེ་རྗེ། །ལོག་ལྟ་རྣམས་ལ་སྙིང་རྗེ་བསྐྱེད། །གཉིས་མེད་སྒྲོལ་བའི་སྙིང་རྗེ་བསྒོམ། །དེ་ནི་སྙིང་རྗེའི་ཕུར་པ་སྟེ། །རང་ཉིད་ལྷར་གསལ་ཕྱག་གཡས་གཡོན། །རིགས་ལྔ་ཁྲག་འཐུང་ཡབ་ཡུམ་བསྐྱེད། །ཕུར་པ་བྱང་ཆུབ་སེམས་སུ་བསྒྲིལ། །དེ་ནི་བྱང་སེམས་ཕུར་པ་ཡིན། །ཕུར་པ་དེ་ལ་ཉུང་དཀར་འདྲིལ། །གུ་གུལ་བདུག་ཅིང་དུག་ཁྲག་བྱུག །འབར་བ་ཨེ་ཡི་གདན་ལ་བཞུགས། །མཚན་མ་རྫས་ཀྱི་ཕུར་པ་ཡིན། །དེ་ནས་བསྐྱེད་རྫོགས་གཞུང་བསྲངས་ཏེ། །འཛབ་བཟླས་རྟགས་ལ་སྦྱར་ཅིང་བསྒྲུབ། །བདག་ཉིད་ལྷ་སྤྱོད་ཟུང་འཇུག་པས། །ཕུར་པ་འདྲིལ་ཤིང་དྲག་སྔགས་བཟླས། །གདབ་ཡུལ་དགྲ་བགེགས་ལོག་ལྟ་ཅན། །གཟུགས་ལ་བརྟེན་ནས་དངོས་གསལ་གདབ། །ཁོ་ཡི་རྣམ་ཤེས་སྲོག་དངོས་པོ། །སྙིང་ནག་ཁྲག་དྭངས་བྱེའུ་མགོ་ཙམ། །དེ་དབུས་ཨ་འོད་ཐིག་ལེའི་ནང་། །དྲི་ལྗང་གཅིག་ཡོད་གདབ་པའི་ཡུལ། །དེ་ནས་ཕུར་རྩེ་ཧུ༷་གསུམ་དང་། །རྩེ་སྒབ་དག་ཏུ་ཕཊ་གསུམ་བསམ། །ངག་ཏུ་དྲག་སྔགས་དགུ་བཟླས་ཤིང་། །འདྲིལ་ཤིང་འདྲིལ་ཤིང་སྒོ་ལ་གདབ། །དྲི་དང་ཨར་བཅས་ཕུར་རྩེ་ཡི། །ཧུ༷་ལ་འདུས་ནས་ཨ་དཀར་གསལ། །རང་ལ་བསྟན་པས་དེ་ཚུར་འདུས། །དེ་ནི་ཚེ་ལུང་དགོངས་པ་ཡིན། །དེ་ནས་དགྲ་སྲོ༷ ག་དུག་གསུམ་གྱི། །ངོ་བོ་ཧུ༷་གསུམ་གནས་པ་དེ། །ཟུར་གྱི་ཕཊ་གསུམ་གྱིས་འཕངས་ཏེ། །འོག་མིན་དཔལ་གྱི་ཐུགས་ཀར་སྤྲོས། །ཧུ༷་ཉིད་འོད་ཞུ་མགྲིན་པ་ཡི། །ཨ་ལ་ཐིམ་ནས་ཨ་ཡང་ཞུ། །དུང་ཁང་ཨོ་ཐིམ་ཨོ།་འོད་ཞུ། །སྒལ་ཚིགས་ལ་བརྒྱུད་ཡུམ་མཁར་བབས། །རྒྱལ་བའི་སྲས་སུ་བྱས་པས་ནི། །གནས་སྤར་ཟབ་མོ་ཁྲུས་ལུང་ཡིན། །དེ་ནས་གནས་དགུར་དཔའ་དགུས་གདབ། །ཚོགས་བརྒྱད་བསྒྲལ་ཞིང་སྒོ་ལྔ་ཆོད། །གདབ་ཕུར་ཀུན་གྱིས་ཁྱབ་པར་གདབ། །དེ་བར་དྲག་སྔགས་ཕུར་ཚུགས་བཟླས། །ལས་མཐའ་མནན་བསྲེག་འཕང་ལ་གཏད། །ཕུར་རེ་ཐེབས་ཚད་འབྲས་བུ་ཡང་། །གདབ་ཕུར་འབེན་གསུམ་གྲུབ་མཐའ་གཅིག །ཐམས་ཅད་ཆོས་དབྱིངས་སྟོང་པར་བསྒྲལ། །རིག་པ་ཡེ་ཤེས་ཕུར་པ་དེ། །ཆོས་དབྱིངས་ཐེབས་པས་ཆོས་ཀྱི་སྐུ། །ཚད་མེད་སྙིང་རྗེའི་ཕུར་པ་དེ། །འགྲོ་དྲུག་ལ་བཏབ་སྤྲུལ་སྐུ་འཐོབ། །བྱང་ཆུབ་སེམས་ཀྱི་ཕུར་པ་དེ། །ཡུམ་མཁར་ཐེབས་པས་ལོངས་སྐུ་འཐོབ། །མཚན་མ་རྫས་ཀྱི་ཕུར་པ་དེས། །དགྲ་བགེགས་ལ་བཏབ་བསྟན་པ་ཚུགས། །དྲག་སྔགས་རྒྱལ་པོ་གནམ་ཐོག་འདི། །གར་དགོས་ལས་ལ་སྦྱར་བ་ནི། །གཏོར་ན་གཏང་དང་སྲུང་བའི་མཁར། །ཆོས་སྐྱོང་བསྐུལ་གབ་དགྲ་བགེགས་བསྒྲལ། །བ༷གེགས་དཔུང་གཞོ༷མ་དང་ཀླུ་ནད་འདུལ། །སྨྱོ་འབོག་འདུལ་དང་རྦོད་གཏོང་བཟློག །བགེགས་རྣམས་གཟིར་དང་ཞོ་ཆང་བསྲུང་། །མཛེ་ནད་གསོ་དང་གག་ལྷོག་གཞོམ། །ཐམས་ཅད་ཐམས་ཅད་འདི་ཡིས་འགྲུབ། །ཨོ་ཨུ༷༷ཧུ༷་ཨི་ད༷་བ་ལི་ཏ་སརྦ་པ྅་ཨ་མྲི་ཏ་ཁུ་ཧི། མ་ཧྭ་རཀྟ་ཁུ་ཧི། མ་ཧྭ་བ་ལི་ཁུ་ཧི། ཀྭ་ཡ་ལྷུཀ་ཙིསྟ་རཀྟ་རཀྟ་ཀུ་རུ་ཧུ༷། སརྦ་རུ་དྲ་ཉྭསྙི་༷ཛ། སརྦ་དུཁུ་སྨྱོ། །བཛྲ་སརྦ་དུ་་ཏྲིག་ནན་ཨེ་ཧུར་ཐུམ་ཛ༷༷མྱ་ར་ཡ་རྦད། དྲི་ཤ་ཏྲུ༷་ཧུར་ཐུམ་ཛ༷༷མྱ་ར་ཡ་རྦད། དགྲ་བགེགས་དམ་སྲི་ནི་ཏྲི་རྦད་ཐུམ་ཛ། ནཱ་ག་དུ་ཙརྙ། མི་ལི་མི་ལི། བྷན་དྷ་བྷན་དྷ། ནཱ་ག་ནི་གྲྭ་ཧྭ། ད་ར་ཡ་ད་ར་ཡ། ཧུ༷་ཧ་ཧེ་ཕཊ་སྨྱོ་ཧྲི་ཏ་ཡ། མོ་ཧ་ཡ། པྲ་ཧ་ར་ཎ་ཧུ༷་ཕཊ། ས་མ་ཡ་ཨ་ཏི་པྲ་མ་ན། མྱ་ར་ཁེ་སྨྱོ་ཨ་ལ་ལ་སྨྱོ་ཨ་ལ་ལ་སྨྱོ། བཟློག་བཟློག ཁྲམ་བུའི་དྲག་སྔགས་དེ་དག་གིས། །ལས་ཀྱི་བྱེ་བྲག་ཐམས་ཅད་འགྲུབ། །ཅེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། བདེ་གཤེགས་ཡོངས་རྫོགས་ཕུར་སྒྲུབ་ཀྱི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ། སྟོན་པ་དཔལ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཡོན་ཏན་བདག་ཉིད་ཀུན་ཏུ་བཟང་། །བདུད་རྩི་འཁྱིལ་བ་ཧེ་རུ་ཀ །དམ་རྫས་སྨན་གྱི་བསྒྲུབ་པ་གང་། །བདག་ཅག་རྣམས་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ནས། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །མཆོད་བརྩོན་རྣམ་རྟོག་འཇོམས་འདོད་ཉོན། །ཐམས་ཅད་བདུད་རྩིའི་རང་བཞིན་ལ། །རང་གར་རྣམ་རྟོག་མ་ཆོམས་ན། །སརྦ་སྨན་གྱི་སྒྲུབ་པ་བསྟན། །འདི་ཡང་སྒྲུབ་ཆེན་ཁོག་ནས་དབྱུང་། །ཐོག་མར་ཁོལ་བུའི་བསྒྲུབ་པ་ལ། །མཚན་ལྡན་ཐོད་པ་ཁ་སྦྱར་ནང་། །སྨན་རྣམས་ཡོངས་རྫོགས་རིགསབརྒྱསགངཡངལྔར་སྦྱར། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །དྲི་ཆེན་གླང་ཤ་ཛུ་ཏི་ཤར། །བྱང་སེམས་སེང་ཤ་བཟང་དྲུག་དབུས། ཤ་ཆེན་རྟ་ཤ་ཀ་ཀོལ་ལྷོ། །པདྨའི་རཀྟ་རྨ་བྱ་ལི་ཤི་ནུབ། །དྲི་ཆུ་ཁྱུང་ཤ་གུར་གུམ་བྱང་། །གཞན་ཡང་ག་པུར་ཨ་བར་སྒྱུར། །ཐལ་ཀ་རྡོ་རྗེ་ཨ་ག་སྲ །དུ་རུ་ཀ་དང་སྙིང་སྣའི་ཚོགས། །ཙི་ཏྲ་ཀ་དང་ཞོ་ཤ་གསུམ། །ཙན་དན་རྒུན་འབྲུམ་སྟར་བུ་དང་། །ལྕེ་པོག་ལ་སོགས་སྨན་རྙེད་ཚད། །རྩ་ལོ་མེ་ཏོག་འབྲས་བུ་དགོད། །ཅོང་ཞི་ཤུག་འབྲུ་མཁན་པ་མཚེ། །དཀར་གསུམ་མངར་གསུམ་ལ་སོགས་བསག །སྨན་དུ་གྱུར་པ་ཀུན་གྱིས་བསྐོར། །ཆང་ཆུ་འོ་མ་རིན་ཆེན་བཤམ། །ཡོན་ཏན་རྒྱས་གྲུབ་ཡིན་པའི་ཕྱིར། །ཡུར་བ་ཆུ་རྩ་ལུག་རུ་སེར། །གི་ཝ༷་འོད་ལྡན་སྐྱོབས་སུ་བསག །གཟུང་ཐག་བཏགས་ལ་དར་གུར་དབུག །ལས་ཀྱི་གཞུང་བསྲང་ཚོགས་འཁོར་བྱ། །བདག་ཉིད་ཡོངས་རྫོགས་སྐུར་བསྒོམས་ཏེ། ཐུགས་ཀའི་འོད་འཕྲོས་སྨན་སྦྱངས་ཏེ། །ཀ༷་ལས་ཐོད་སྒྱེད་བུམ་པ་དགལ། །ཡ༷་ལས་རླུད་བྱུང་ར༷་མེ་སྦར། །དམ་རྫས་ཤ་ལྔ་བདུད་རྩི་ལྔ། །ཨོ་ཨུ༷༷ཧུ༷་གྲྭ་ཧྭ། མུ༷་ལ༷་མ༷་བཱ༷་ཏྭ། དེ་ཉི༷ད་བརྒྱ་རྩ་བརྒྱད་བརྗོད་པས། །ཕྱག་འཚལ་ལྔར་གྱུར་དེ་ཉིད་ལས། །རིགས་ལྔ་ཡབ་ཡུམ་བཅུར་གྱུར་ནས། །སྦྱོར་མཛད་བྱང་སེམས་བདུད་རྩིར་གྱུར། །སྣང་སྲིད་ཐམས་ཅད་དེ་ལྟར་གསལ། །ཨོ་བཛྲ་ཨ་མྲི་ཏ། ཨཱོཾ་ཧུ༷་སྙི༷༷ཋ། སྤྲོས་ལ་དགའ་ན་རིགས་བརྒྱའམ། །ཐམས་ཅད་རིགས་ལྔའི་ངོ་བོར་བསམ། །སྤྲོས་ལ་མི་དགའ་རྡོ་རྗེ་སེམས། །རིགས་གཅིག་ཁོ་ནའི་ངོ་བོར་བསྒྲུབ། །རྩ་སྔགས་བསྙེན་རྗེས་སྔགས་འདི་བཟླས། །ཨོ་ཨུ༷་ཧུ༷། སརྦ་པརྩི་ཨ་མྲི་ཏ་ར་སྭ་ཡ་ན་ཏ་ན། ཛ་ཡ་གུ་རྒྱ་སིརྙི་ཧུ༷་ཧི༷༷ཋ། དྲང་སྲོང་རྣམས་ལ་གསོལ་བ་གདབ། །ཁྲོལ་བུ་ཞག་གསུམ་ཚར་རྗེས་སུ། །གོང་གི་རིགས་ལྔ་འོད་དུ་ཞུ། །གཉིས་མེད་བདུད་རྩིའི་ངང་དུ་སྦྱར། །ཐམས་ཅད་གཉིས་མེད་སེམས་དཔའ་བསྒོམ། །ཨོ་སརྦ་པརྩི་ཨ་མྲི་ཏ་བཛྲ་ཙིརྟི་ས་མ་ཡ་ཧུ༷། མཁའ་གསང་བདུད་རྩི་བསྐྱིལ་ཅིར་དབབ། །མཆོད་བསྟོད་དངོས་གྲུབ་བླང་གིས་བསྡུ། །ཐབས་ཤེས་མཉམ་པ་ཉིད་དུ་སྦྱང་། ཞིང་སྟེང་གཏུན་བཞག་ཡབ་ཡུམ་སྦྱར། །ཨོ་ཨུ༷༷ཧུ༷། སརྦ་པ྅་ཨ་མྲི་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧུ༷་ཕཊ། སྨན་རྣམས་བཏགས་བཙག་བདུད་རྩིར་སྦལ། །ཐོད་པར་བླུགས་ཏེ་རྒྱས་གདབ་དྲིལ། །མཚམས་བཅད་ཉུལ་ལེ་དྲག་ཏུ་བསྐྲད། །ཡི་གེ་ལྔ་ཡིས་སྔར་བཞིན་སྦྱང་། །ཡུམ་གྱིས་ཕོ་བྲང་ཡབ་ལ་འབུལ། གཟུངས་ཐག་བཟུང་ཞིང་དཀྱིལ་འཁོར་བསྐྱེད། །ལས་གཞུང་ཚོགས་འཁོར་དུས་དྲུག་བྱ། །དཀྱིལ་འཁོར་བདུན་བརྩེག་བསྒོམ་པ་ཡི། །ཏིང་འཛིན་སྔར་དང་མཚུངས་པ་ལས། །བདུད་རྩིའི་དཀྱིལ་དུ་བཅུད་འདུས་པས། །ཁྲོ་རྒྱལ་དཔལ་ཆེན་ཡོངས་རྫོགས་པ། །ཆེ་མཆོག་བདུད་རྩི་འཁྱིལ་བའི་སྐུ། ལྗང་སེར་ཞལ་གཅིག་ཕྱག་གཉིས་ནི། །ཡུམ་ལ་འ་ད་ནས་ཐལ་མོ་བཟེད། །ཡེ་ཤེས་བདུད་རྩིའི་བུམ་པ་འཛིན། །ཡབ་ཡུམ་སྦྱོར་བའི་སྦྱོར་མཚམས་ནས། །ཡེ་ཤེས་བདུད་རྩི་ཕབ་ནས་བསྐྱིལ། །ཨོ་ཨུ༷༷ཧུ༷་སརྦ་པ྅་ཨ་སྤོ་ཏ་ཀུཎྜ་ལི་ཧུ༷་ཧྲི༷༷ཋ། གསོལ་འདེབས་ཚིག་གིས་སྐབས་སྐབས་བསྐུལ། །དྲང་སྲོང་སྤྱན་དྲངས་གསོལ་འདེབས་ནི། །ཧུ༷་ཚངས་པ་དག་གི་གཙོ་བོ་མཆོག །དུང་གི་ཐོར་ཚུགས་ཁོང་གསེང་ཅན། །ཚངས་པ་ཀུན་སྒྲོལ་ཆེན་པོ་དང་། དྲང་སྲོང་ཆེན་པོ་ལྗང་སྔོན་དང་། །ཙ་ར་ཀ་དང་ནབས་སོ་སྐྱེས། །ཐ་སྐར་བུ་དང་ལྷ་སྐྱབས་དང་། །རྒྱུན་ཤེས་དང་ནི་གཡོན་ཕྱོགས་ལྷ། །ཐང་ལ་གནས་དང་མེ་བཞིན་འཇུག །རྐང་གཉིས་སྤྱོད་དང་ཀ་ཡ་ན། ཁྲེར་ཁྱེར་དང་ནི་ལྗང་སྔོན་བུ། །ཉི་མ་ཟླ་བ་ཀླུ་རུ་བཅས། །བྲམ་ཟེ་གཞོན་ནུའི་སྤྲིན་དང་ནི། །རིན་པོ་ཆེ་དང་གོ་དེ་ཤན། །གཞོན་ནུ་སྲིད་དང་འགྲོ་སྐྱོབས་དང་། །རྩིབས་ཀྱི་མུ་ཁྱུད་འཛིན་ལ་སོགས། །ཁྱེད་ཅག་འཁོར་དང་བཅས་པ་ཡིས། །སྔོན་ཆད་བསྒྲུབས་ནས་གྲུབ་པ་སྤྱིན། །ཡོན་ཏན་བདུད་རྩིའི་སིརྙི་སྩོལ། །ཞེས་པ་དུས་དྲུག་གསོལ་བ་གདབ། །དེ་ཚེ་གྲུབ་རྟགས་གཟུགས་སྒྲ་འོད། །དྲི་ཆེན་དུ་བ་མང་དུ་འཕེལ། །རློམས་སེམས་མི་བསྐྱེད་དངོས་གྲུབ་བླང་། །དེ་ནས་གང་བུ་ཞག་གཅིག་བསྒྲུབ། །སྤོག་པའི་ཆོ་ག་དག་ཀྱང་བྱ། །འཕྲོ་འདུའི་ཏིང་འཛིན་གོང་དང་མཚུངས། །རྩ་སྔགས་སྟོང་བཟླས་དངོས་གྲུབ་བླངས། །ཨོ་ཨུ༷༷ཧུ༷། སརྦ་པརྩི་ཨ་མྲི་ཏ་ཀྭ་ཡ་སིརྙི་ཨོ། ལྷུཀ་སིརྙི་ཨུ༷་ཙིསྟ་སིརྙི་ཧུ༷། སརྦ་སིརྙི་སྙི༷༷། དྲང་སྲོང་གསོལ་བ་གདབ་རྗེས་ལ། །ཧུ༷། རིགས་ལྔ་ཡབ་ཡུམ་མཁའ་ཀློང་དུ། །ཐབས་དང་ཤེས་རབ་སྦྱོར་བ་ལས། །གཉིས་མེད་བྱང་སེམས་འཕྲོ་འདུ་མཛད། །སྣང་སྲིད་རྩི་བཅུད་སྨན་རྣམས་ནི། །ཐམས་ཅད་དག་པས་བདུད་རྩི་ཆེ། །བདུད་རྩི་ལྔ་རུ་ཡེ་སངས་རྒྱས། །བསེ་ཕོར་དམར་པོ་མཛེས་པ་དང་། །ཤེལ་ཕོར་དཀར་པོ་དྲི་མེད་མཛེས། །བདུད་རྩི་ལྔ་ཡི་བཅུད་བླུགས་ཏེ། །དམ་རྫས་བདུད་རྩིའི་ཆུ་འདི་ནི། །ཡེ་ཤེས་ལྷ་ལ་ཕུལ་བའི་ཚེ། །རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་མཉེས། །དམ་ཅན་རྣམས་ལ་མཆོད་པ་ཡིས། །སྲུང་མ་རྣམས་ཀྱི་ཐུགས་དམ་བསྐང་། །རིག་འཛིན་རྣམས་ལ་ཕུལ་བའི་ཚེ། །དངོས་གྲུབ་རྒྱ་མཚོ་ཐམས་ཅད་སྟེར། །རྣལ་འབྱོར་བདག་ཉིད་མྱོང་བའི་ཚེ། །དབང་དང་དངོས་གྲུབ་ཡོངས་སུ་རྫོགས། །བདུད་དང་བགེགས་ལ་ཕོགས་པའི་ཚེ། །ལུས་སེམས་ཐལ་བ་རྡུལ་དུ་བརླག །ཨེ་མ་ཧོ། །དམ་རྫས་བདུད་རྩིའི་ཆུ་འདི་ནི། །འཐོང་ངམ་ཐོས་སམ་རེག་པས་ཀྱང་། །ཐམས་ཅད་དབང་ཕྱུག་བདག་གིས་ཐོབ། །ཨེ་མ་ཐབས་ཆེན་ཁྱད་པར་ཆེ། །ཨེ་མ་ཐབས་ཆེན་བླ་ན་མེད། །ཨེ་མ་ངོ་མཚར་རྨད་བྱུང་བ། །ལྟ་བ་རྨད་བྱུང་ངོ་མཚར་ཆེ། །སྤྱོད་པ་རྨད་བྱུང་ངོ་མཚར་ཆེ། །ཉོན་མོངས་མ་སྤངས་ངོ་མཚར་ཆེ། །ཡེ་ཤེསལྔ་རྫོགས་ངོ་མཚར་ཆེ། །སྐུ་ལྔ་ལྷུན་གྲུབ་ངོ་མཚར་ཆེ། །ཆོས་སྐུ་གཅིག་ལ་ཐ་དད་པ། །རིགས་ལྔའི་དངོས་གྲུབ་འདིར་ཐོབ་བོ། །ཡང་དག་འཆི་མེད་དོན་བརྙེས་སོ། །ཞེས་བརྗོད་ལྷ་རྣམས་བདུད་རྩིར་ཞུ། །བུམ་གཅིག་རྫས་དབང་བསྐུར་བྱ་ཞིང་། །བདེ་གཤེགས་ཡོངས་རྫོགས་སྨན་མཆོད་བྱ། །ལྕེ་ཐོག་ལན་བདུན་དངོས་གྲུབ་བླང་། །རྗེས་སུ་བདུད་རྩི་འཁྱིལ་པ་བསྐྱེད། །རིན་ཆེན་ག་འུར་གཏེར་དུ་སྩལ། །འདི་གྲུབ་རྒྱལ་སྲས་དམ་པར་འགྱུར། །རྟོག་པ་ཡེ་ཤེས་སྨན་སྦྱར་པས། །དུག་ལྔ་སྨན་གྱུར་ཡེ་ཤེས་སྤྱོད། །མཉམ་ཉིད་རྟོགས་པས་ཡོན་ཏན་རྫོགས། །རང་བྱུང་རྣམ་དག་ཡོན་ཏན་མཆོག །དམ་རྫས་བདུད་རྩི་རྩ་བ་ལྔ། །རང་ལུགས་སྤྱད་དམ་བསྒྲུབ་ན་མཆོག །རྣམ་སྣང་བདུད་རྩི་ཕུན་ཚོགས་གཙོ། །སྤྱི་དང་བྱེ་བྲག་སོ་སོ་སྟེ། །རྒྱལ་བློན་འཁོར་ཚོགས་ཕྱི་ནང་གསང་། །ལས་ཚོགས་དམ་བསྲུངས་གགས་བསལ་ན། །ཡོན་ཏན་འབྲས་བུ་ཐུན་མོང་རྫོགས། །རྗེས་ཀྱི་ཆོ་ག་སྒྲུབ་ཆེན་བཞིན། །ཡོན་ཏན་ཡོངས་རྫོགས་འདིས་འགྲུབ་བོ། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། དམ་རྫས་ཡོངས་རྫོགས་བདུད་རྩི་སྨན་སྒྲུབ་ཀྱི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་དཔལ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། མི་རྟོག་རྟོག་བྲལ་ཀུན་ཏུ་བཟང་། །དངོས་གྲུབ་ཀུན་འབྱུང་ཧེ་རུ་ཀ །དངོས་གྲུབ་རྫས་ཆེན་བམ་སྒྲུབ་ཐབས། །བདག་ཅག་རྣམས་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ཏེ། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །དཔའ་ག་་ནུས་པ་ལྡན་ཀུན་ཉོན། །གཟིགས་སྟངས་ལྔ་ཡི་སྒོ་ནས་བསྒྲུབས། །ཐུགས་རྗེའི་ཡུལ་དང་སློབ་མ་དང་། །ལྷ་དང་རུ་དྲ་མཆོད་རྫསསོ། །མཆོདརྫསདངོསགྲུབ་མཆོག་སྒྲུབ་ནི། །ངན་སོང་གནས་ནས་དྲང་བསམས་པས། །དངོས་གྲུབ་འབྱུང་བའི་བམ་བརྟགས་ཏེ། །སྤང་དང་བླང་བའི་བམ་རིགས་གཉིས། །སྤངས་པ་དམ་ཚིག་སྐྲུན་གྲོགས་དང་། །ནད་ངན་འགོ་རིམས་མཛེ་འབྲས་སོགས། །སྤྱི་མཆེད་ཆོས་རིགས་ཀུན་ཀྱང་སྤངས། །ལྔ་འདས་ལ་སོགས་དམ་ཉམས་སྤང་། །བླང་བྱ་ཕོ་མོ་གང་ཡང་རུང་། །རིགས་བཟང་རྩ་ལྔ་མན་ཆོད་ལོན། །དངོས་གྲུབ་ཡ་མཚན་ཆེན་པོའི་རྫས། །སྐྱེ་བ་བདུན་པའི་བམ་ནི་རབ། །རིགས་བཟང་བཀྲ་ཤིས་ཐུམ་ཤི་བའི། །ན་གཞོན་གཙང་མའི་བམ་ནི་འབྲིང་། །སོ་བདུན་བྱིས་པ་ཡིན་ཀྱང་བླངས། །ལེན་ཚེ་སྔགས་གཡོག་བློ་བརྟན་པས། །རང་ལུས་ཡོངས་རྫོགས་ལྷར་གསལ་གདབ། །རྗེས་བཟུང་དངོས་གྲུབ་ལེན་བསམ་འགྲོ། །རིགས་འཛིན་དམ་ཅན་གྲོགས་སུ་ཁྲིད། །ཕོ་ཉའི་འགྲོས་དང་རྡོ་རྗེའི་འགྲོས། །བགེགས་བསྐྲད་ཕྱོགས་བསྐོར་རོ་གཤེད་མནན། །སྒོར་བླངས་ཉུང་ཕུར་དུད་པས་གཟིར། །ཡོངས་རྫོགས་བྲོ་ཡིས་རབ་ཏུ་གདུལ། །འདག་ཆལ་སུག་ཆུའི་ཁྲུས་ཀྱིས་བཀྲུས། །སྙིང་རྗེས་རིགས་དྲུག་གནས་ནས་དྲང་། །དེ་ནས་དཀྱིལ་འཁོར་སྒྲུབ་རྫས་རྣམས། །གསང་བའི་སྒྲུབ་ཆེན་གོང་བཞིན་བཤམས། །བསྐྱེད་རྫོགས་མཆོད་བསྟོད་རྫོགས་རྗེས་སུ། །བུམ་གོ་རྐངའདིམེདཔའངརྭགདབང་ཕན་དང་ནུས་དབང་བསྐུར། །རོ་དེ་སློབ་མར་ཤེས་བྱ་སྟེ། །དབང་སྟེགས་ཁར་བཞག་དཀྱིལ་འཁོར་དུ། །འཇུག་དང་རྗེས་གནང་མེ་ཏོག་དོར། །དེ་ནས་ལྷར་ཤེས་བྱ་བའི་ཕྱིར། །དཀྱིལ་འཁོར་དབུས་བཞག་རྒྱན་སྤྲས་ཏེ། །སྤྲོས་ལ་དགའ་བས་གནས་དགུ་སྲ །ཡོངས་རྫོགས་ལྷ་དགོད་འཕྲོ་འདུ་བྱ། །ཡང་ན་སྤྱི་གཙུག་མགྲིན་པ་དང་། །སྙིང་ག་ལྟེ་དབུས་གསང་གནས་སུ། །རིགས་ལྔའི་སྲོག་སྙིང་འབྲུ་ལྔ་བསམ། །དེ་ལས་འོད་བྱུང་དཀྱིལ་འཁོར་གྱི། །ལྷ་ཚོགས་ལ་ཐིམ་ཐུགས་དམ་བསྐང་། །ལྷ་ལས་འོད་འཕྲོས་ཕྱི་ནང་གི །བདུད་རྩི་བཀུག་ནས་རིགས་ལྔ་ཡིས། །ནང་དུ་སྤྲོ་ཞིང་དགྱེས་པ་བསྐྱེད། །ཡེ་ཤེས་ཆེན་པོའི་བཅུད་ཚུར་ལ། །བམ་ལ་ཐིམ་པས་དངོས་གྲུབ་ཐོབ། །འོད་བྱུང་བདག་གི་སྙིང་གར་ཐིམ། །དངོས་གྲུབ་ཡོངས་རྫོགས་ཐོབ་བསམ་ཞིང་། །རྩ་སྔགས་ཤམ་བུར་འདི་བཏགས་བཟླས། །ཛ་སྤ་ར་ཎ་ཕཊ། མ་ཧྭ་སིརྙི་ཧུ༷། སརྦ་སིརྙི་ཕ་ལ་སིརྙི། ས༷་ཧ་ར་ཎ་ཧུ༷་ཨ༷༷། སྟོང་སྟོང་བཟླས་ཤིང་སྟོང་ཚིག་ཏུ། །བསྐང་གསོའི་ཆོ་ག་རྒྱས་པར་བྱ། །རྗེས་ལ་ལྷ་བསྡུ་དངོས་གྲུབ་བླང་། །དེ་ནས་བམ་དེ་བྱང་ཤར་བཞག །དགྲ་བགེགས་རུ་དྲ་བསྟིམ་ལ་བསྒྲལ། །རྒྱབ་ནས་ཐིག་གདབ་རྒྱབ་ནས་བཤུ། །གསིལ་ཏེ་རཏྣའི་གཤོང་པ་སྲ །མགོ་དང་སྒལ་རུས་སྲོག་རྩ་དབུས། །སྙིང་ཤར་གོ་རོ་ཙ་ན་ལྷོ། །ལྕེ་ནུབ་ལྷོ་བ་བྱང་དུ་དགོད། །གསང་བ་ཤར་ལྷོ་རྒྱབ་ལྷོ་ནུབ། །ནུབ་བྱང་བརླ་གཡས་རྩ་ཆེན་ལ། །བྱང་ཤར་རྩ་ཆེན་གཡོན་པ་འགོད། །གློ་མཆིན་མཁལ་མ་མཚེར་མཁྲིས་པ། །གྲུ་བཞིར་གཏུབས་ཏེ་བཞི་བཞི་བསྐོར། །ལག་གཡས་ལྷོ་ལ་གཡོན་པ་ནུབ། རྐང་གཡས་ཤར་ལ་གཡོན་པ་བྱང་། །གནས་བཅུ་གནས་བརྒྱད་ཡོངས་སུ་རྫོགས། །ལས་ཀྱི་གཞུད་བསང་ཚོགས་འཁོར་བྱ། །དེ་ནས་ཡོངས་རྫོགས་ལྷར་བསྐྱེད་ལ། །འཛབ་དང་འཕྲོ་འདུ་གོང་ལྟར་བྱ། །ལྷ་ཚོགས་སིལ་བུའི་མཚན་བརྗོད་ཅིང་། །ཐུགས་དམ་བསྐང་ཞིང་དྲག་ཏུ་བསྐུལ། །དོན་གྱི་དམ་རྫས་ཕུད་དཀྲོལ་ལ། །དངོས་གྲུབ་བླང་ཞིང་ཏིང་འཛིན་བསྡུ། །དེ་ནས་སིལ་བུར་མཆོད་རྫས་བྱ། ཁྲ་ཁྲག་ཕུད་དཀྲོལ་གཏོར་མ་གཏང་། །རྟེན་བསྡུ་རུས་ཚོགས་སྦྱིན་བསྲེག་བྱ། །དེས་ནི་ཉམས་ཆག་ཀུན་བསྐངས་ཤིང་། །དངོས་གྲུབ་རྣམ་གཉིས་འཕྲལ་དུ་འབྱུང་། །མཚན་མའི་རྣམ་རྟོག་རང་སར་གྲོལ། །གསང་སྤྱོད་འདི་ལ་རབ་ཏུ་བརྣན། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། དངོས་གྲུབ་རྫས་ཆེན་ཡོངས་རྫོགས་བམ་སྒྲུབ་ཀྱི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། འཆི་མེད་རྡོ་རྗེ་ཀུན་ཏུ་བཟང་། །ཚེ་བདག་ཆེན་པོ་ཧེ་རུ་ཀ །ཚེ་དབང་རིན་ཆེན་མཆོག་སྒྲུབ་ཐབས། །བདག་ཅག་རྣམས་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ནས། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །བླ་མེད་གསང་བསྒྲུབ་རྩེ་གཅིག་ཉོན། །ཚེ་དབང་རིན་ཆེན་མཆོག་སྒྲུབ་པ། །བདུད་རྩི་ཤེལ་གྱི་བུམ་བཅུད་བཤད། །དེ་ཡང་སྦྱོར་བ་དངོས་རྗེས་ཏེ། །སྔོན་དུ་བསོད་ནམས་ཚོགས་ཆེན་བསག །དངོས་གཞི་བཅུད་ལེན་ཚུལ་དུའམ། །རྒྱས་པར་སྒྲུབ་ཆེན་ཁོག་ནས་དབྱུང་། །དེ་ལ་ཚེ་དབང་བཅུད་ཀྱི་རྫས། །འབྱུང་བ་ཆ་སྙོམས་འདི་ལྟ་སྟེ། །རྒྱུ་གཉིས་རྐྱེན་གསུམ་བདུད་རྩི་བཞི། །འདི་སྤྱད་ཡོན་ཏན་བསམ་མི་ཁྱབ། །ཚེ་དབང་རྡོ་རྗེ་སེམས་དཔའ་འགྲུབ། །དེ་ཕྱིར་ལེགས་སྦྱར་བསྒྲུབ་ན་མཆོག །རྒྱུ་གཉིས་རིགས་ལྔ་ཡབ་ཡུམ་གྱིས། །བྱང་སེམས་ཅོང་ཞི་བྲག་ཞུན་ཡིན། །ཅོང་ཞི་བཟང་རིགས་བྲེ་གང་དང་། །བྲག་ཞུན་བཟང་པོ་ཕུལ་གང་བསོག །རྐྱེན་གསུམ་རྩི་མར་སྲང་སུམ་ཅུ། །སྦྲང་བྲེ་དོ་དང་བུར་བྲེ་གསུམ། །བཅུད་བཀྲག་སྟོབས་ཀྱིས་གསོས་ཡིན་བསག །འཆི་མེད་བདུད་རྩི་རྣམ་བཞི་ནི། ་།ག་པ་བ་ལུ་མཁན་པ་མཚེ། །འདབ་མ་མེ་ཏོག་བཅུད་བསྡུས་བསག །དེ་རྣམས་སྨན་མར་སྦྱོར་ལེགས་བྱ། །ཟོས་ན་ཚེ་རིང་ནད་དཀོན་ཏེ། །ཁྱད་པར་ཚེ་དབང་མཆོག་འདོད་ན། །གསང་བ་སྒྲུབ་ཆེན་ཕོ་བྲང་དབུས། །ལྕགས་བར་ཚ་ལ་མེད་པ་སྲ །སྨན་རིལ་ལྷ་གྲངས་མཉམ་བྱས་བླུག །པར་བུའི་ཁ་བསྡམ་གཟུངས་ཐག་གདགས། །དར་སེར་གུར་ཕུབ་གུ་གུལ་བདུག །བསྙེན་སྒྲུབ་ཆོག་ཁྲིགས་གོང་བཞིན་བྱ། །ཚེ་དབང་འཕྲོ་འདུའི་བསྙེན་པ་ནི། །རྩ་སྔགས་ཤམ་བུར་འདི་ཉིད་བཟླས། ཨོ་བཛྲ་ས་ཏྭ་ཧུ༷་༷་ཨ་༷་ཨུ་ཡུར་ཧུ༷་ཨུ༷༷ཨོ་བཛྲ་ས་ཏྭ་ཧྲུ༷། རཏྣ་མུ་དྲ་ཨུ༷༷། ཨུ་ཡུར་གཉའ་ན་ཧུ༷་ཧྲི་ཋ༷༷། དེ་ནས་སྒྲུབ་པའི་སྔགས་འདི་བཟླས། །ཨོ་བཛྲ་ས་ཏྭ་ཧུ༷། བེ་རོ་ཙ་ན་ཨོ། རཏྣ་མུ་དྲ་ཧྲུ༷། ཨ་མི་དེ་ཝ་ཧི༷༷ཀརྨ་བཛྲ་ཧྭ། དེ་ནས་ལས་སྦྱོར་འཆི་མེད་སྔགས། །འདི་དག་བཟླས་ཤིང་དངོས་གྲུབ་བླང་། །ཨོ་བཛྲ་ཀྲོ་དྷ་ཧ་ཡ་རྒི་ཝ་སྟི། སརྦ་ཏ་ཐུ་ག་ཏ་མ་ཧྭ་པརྩི་ཨུ༷༷། ཨོ་ཨུ་ཡུར་གཉའ་ན་མ་ཧྭ་པུཔྱོཏིཁྱི་ཨོ། གྲུབ་རྟགས་འོད་དང་དུ་བ་སྒྲ། དྲི་ཞིམ་ཡིད་དུ་འོང་བ་འབྱུང་། །སྐབས་སྐབས་ཀུན་ཏུ་དྲང་སྲོང་རྣམས། །སྤྱན་དྲངས་ཚེ་ཡི་གསོལ་བ་གདབ། །དེ་ནས་རང་གཞན་དབང་བསྐུར་བ། །བདུད་རྩི་བུམ་པ་སྤྱི་བོར་བཞག །རྩ་སྔགས་རིགས་ལྔའི་སྙིང་པོར་བཅས། །བརྗོད་ཅིང་རིམ་གྱིས་གནས་ལྔར་ག་ས། །བདུད་རྩིས་ལུས་གང་རྡོ་རྗེར་བསམ། །ཨོ་བཛྲ་ཨུ་ཡུ༷༷ཁེ་ཧུ༷་སྡུ༷་དྲི་ཛ༷༷ཨ་སྟི་ཁི྅་ཨ། སྨན་ཕུད་དྲང་སྲོང་ལྷ་མཆོད་དེ། །འཇུ་སྟོབས་སྦྱར་ཞིང་རྒྱུན་དུ་བཟའ། །ཟས་ངན་བསྲུང་ཞིང་འབྲུ་བཅུད་གཏང་། །མཁས་ཤིང་མན་ངག་ལྡན་པ་གཅེས། །ཚེ་དབང་ཕུན་ཚོགས་འདིས་འསྒྲུབ་པས། །སྨན་བཅུད་ཡོན་ཏན་བསམ་མི་ཁྱབ། ཁུ་གཉིས་སྨན་གྱིས་ཤ་རུས་རྒྱས། །རྐྱེན་གསུམ་སྟོབས་བཅུད་བཀྲག་ཀྱང་འཕེལ། །རྩི་བཞིའི་ཚེ་རིང་འབྱུང་བ་སྙོམས། །རྩལ་ནི་སེང་ཆེན་སྟོབས་གླང་པོ། །མདངས་ནི་རྨ་བྱ་ཡང་རྩལ་ཁྱུང་། །གསུང་ནི་ཚངས་པ་བང་ནི་རྟ། །མཁའ་འགྲོ་དབང་སྡུད་སྡེ་བརྒྱད་འཁོལ། །ཚེ་དབང་ཕྱག་རྒྱའི་རིགས་འཛིན་འགྲུབ། །ཅེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། བཅུད་ལེན་ཡོངས་རྫོགས་འཆི་མེད་ཚེ་སྒྲུབ་ཀྱི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། སྐྱོན་གྱིས་མ་གོས་ཀུན་ཏུ་བཟང་། །དྲི་མེད་དཔལ་ཆེན་ཧེ་རུ་ཀ །དམ་འགལ་ཉམས་པ་ཇི་ལྟར་བཤགས། །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ནས། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །ཉམས་གྲིབ་གནོང་འགྱོད་ཅན་ཉོན་ཅིག །སེམས་ཅན་ལས་དང་རྐྱེན་དབང་གྱིས། །རྩ་བ་ཡན་ལག་ཉམས་སྲིད་ན། །དབང་ཞུ་སྒོ་གསུམ་དད་བསྐྱེད་དེ། །བཤགས་ཐབས་རྨད་བྱུང་འདི་ལྟ་སྟེ། །ལུས་ངག་ཡིད་གསུམ་སྒོ་ནས་སྦྱང་། །སྔགས་དང་ཕྱག་རྒྱས་ལུས་ཉམས་བཤགས། །བླ་མ་བདེ་གཤེགས་ཡོངས་རྫོགས་རྣམས། །དབང་པོའི་མངོན་སུམ་འདྲ་བར་དམིགས། །ན་རག་དོང་སྤྲུག་རྐྱང་ཕྱག་འཚལ། །ཨེ་མ་ཧོ། །ཕྱོགས་བཅུ་དུས་བཞི་ཀུན་གྱི་བདག་ཉིད་ཆེ། །བླ་མ་ཞི་ཁྲོ་ཡོངས་རྫོགས་དགོངས་སུ་གསོལ། །འདིར་གཤེགས་ཉི་ཟླ་པདྨའི་གདན་ལ་བཞུགས། །ཉམས་ཆག་ན་རག་སྦྱང་ཕྱིར་ཕྱག་མཆོད་བཞེས། །ཡོན་ཏན་ཕུན་ཚོགས་བླ་མ་རྣམས་ལ་ཕྱག་འཚང་ལོ། །དམིགས་མེད་སྤྲོས་བྲལ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །འགྲོ་མགོན་ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །གནས་ལུགས་མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །ཡང་དག་མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །ཉོན་མོངས་འཇོམས་མཛད་ཞི་བའི་ལྷ་ལ་ཕྱག་འཚལ་ལོ། །ལོག་ལྟ་ཚར་གཅོད་ཁྲོ་བོའི་ལྷ་ལ་ཕྱག་འཚལ་ལོ། །ཐབས་མགོན་ཚེ་བདག་འཇམ་དཔལ་སྐུ་ལ་ཕྱག་འཚལ་ལོ། །སྐྱོན་བྲལ་སྒྲ་སྒྲོགས་པདྨའི་གསུང་ལ་ཕྱག་འཚལ་ལོ། །ཡང་དག་དོན་ལྡན་བཛྲ་ཐུགས་ལ་ཕྱག་འཚལ་ལོ། །དུག་ལྔའི་ནད་སེལ་བདུད་རྩི་སྨན་ལ་ཕྱག་འཚལ་ལོ། །དྲེགས་པ་འཇོམས་མཛད་ཕུར་པའི་ལྷ་ལ་ཕྱག་འཚལ་ལོ། །འབྱུང་བའི་མངའ་བདག་མ་མོའི་ཚོགས་ལ་ཕྱག་འཚལ་ལོ ས་དང་ལམ་རྫོགས་རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ། །བསྟན་པ་བསྲུང་མཛད་དམ་ཅན་ཚོགས་ལ་ཕྱག་འཚལ་ལོ། །དགྲ་བགེགས་བདུད་འདུལ་སྔགས་བདག་རྣམས་ལ་ཕྱག་འཚལ་ལོ། །དེ་རྗེས་ཕྱག་རྒྱའི་ལྷ་མཆོག་བསྒོམ། །གང་གིས་རྒྱལ་བ་ཞི་ཁྲོ་ཡི། །དཀྱིལ་འཁོར་མཚན་ཐོས་ཕྱག་བཙལ་ན། །ཉམས་ཆག་མ་ལུས་ཀུན་བྱང་ན། །མཚམས་མེད་ལྔ་ལ་སྨོས་ཅི་དགོས། །ན་རག་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །སྔགས་བཟླས་སྐྱོན་མཐོལ་ངག་ཉམས་བཤགས། །རྡོ་རྗེ་སེམས་དཔའ་གཙུག་ཏུ་དམིགས། །ལས་སྒྲིབ་ཉམས་གྲིབ་དག་བྱེད་པ། །འཁོར་བ་དོང་སྤྲུག་ཡང་སྙིང་འདི་དག་བཟླས། །ཨོ་ཨུ༷༷ཧུ༷་གྲྭ་ཧྭ། ཨོ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་བཱ་ལྭ་ཡ། བཛྲ་ས་ཏྭ་ཏེ་ནོ་པ་ཏིཁྱིདྲོ་རྙོ་མེ་བྷ་ཝ། སུ་ཏོ་སྩོ་མེ་བྷ་ཝ། ཨ་ནུ་རལྟོ་མེ་བྷ་ཝ། སུ་པོ་སྩོ་མེ་བྷ་ཝ། སརྦ་སིདྷི་སྨེ་པྲ་ཡསྒོ སརྦ་ཀརྨ་སུ་ཙ་མེ། ཙིཀྟ༷་ཤི་ཡུ༷་ཀུ་རུ་ཧུ༷། ཧ་ཧ་ཧ་ཧ་ཧོ། །བྷ་ག་ལྷུན། སརྦ་ཏ་ཐུ་ག་ཏ། བཛྲ་མྱ་མེ་མུལྒ བརྡི་བྷ་ཝ། མ་ཧྭ་ས་མ་ཡ། བཛྲ་ས་ཏྭ་ཨ། དེ་བརྗོད་རྒྱལ་བའི་སྲས་སུ་འགྱུར། །ཧོ་བདེ་གཤེགས་ཡོངས་རྫོགས་དགོངས་སུ་གསོལ། །རྒྱལ་བའི་བཀའ་དང་བླ་མའི་ལུང་། །ཇི་བཞིན་མ་སྤྱད་སློབ་དཔོན་སྨད། །རྡོ་རྗེ་མཆེད་དང་ལྕམ་དྲལ་ལ། །ལྟ་ལོག་ངན་སེམས་ངན་དུ་སྨྲས། །བརྡེག་བཙོག་གནོད་པ་དངོས་སུ་སྤྱད། །ལྷ་དང་དཀྱིལ་འཁོར་ཉམས་མ་གསལ། །འཛབ་བཟླས་མ་དག་ཟུར་ཆག་གཡེལ། །གསང་བར་འོས་དང་གཉེར་གཏད་སྨྲས། །གསང་བཅུ་བསྒྲགས་དང་བླ་མ་བསླུས། །རྩ་བའི་དམ་ཉམས་མཐོལ་ཞིང་བཤགས། །གཞན་ཡང་སྤྱད་བྱའི་དམ་ཚིག་ལྔ། །མི་སྤང་ལྔ་དང་དང་ལེན་ལྔ། །ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ། །ཡན་ལག་དམ་ཉམས་མཐོལ་ཞིང་བཤགས། །བསྙེན་བསྒྲུབ་ཏིང་འཛིན་དམ་གཡེལ་ཞིང་། །ཉ་བཞི་དུས་དྲུག་དུས་མཆོད་ཆག །ལེ་ལོ་གསོག་འཇོག་ཚོགས་སྦྱང་བྱས། །ཕུད་ལྷག་ཉམས་ཤིང་ཁ་ཚར་ཤོར། །ཚོར་དང་མ་ཚོར་རྐྱེན་དབང་གིས། །སྒོ་གསུམ་བག་མེད་དམ་ཉམས་བཤགས། །ཡིད་ཀྱི་དམ་ཉམས་ལྟ་བས་བཤགས། །དེ་ཡང་ཀུན་གཞི་བྱང་ཆུབ་སེམས། །ཡིན་པ་མེད་པའི་ལྟ་བས་རྟོགས། །མིན་པ་མེད་པའི་སྒོམ་ཉམས་ལོན། །ཡིན་མིན་མེད་པའི་སྤྱོད་པས་རྟོགས། །རེ་དོགས་མེད་པའི་བྱང་ཆུབ་ནི། །རྩ་བ་ཡན་ལག་ཐམས་ཅད་ཀྱི། །ཆག་ཉམས་མ་བྱུང་མ་སྐྱེས་པས། །བཤག་བྱ་བཤགས་བྱེད་གཉིས་མེད་གྲོལ། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་བརྒྱུད་ཀྱི་རྒྱལ་པོ་ལས། འགྱོད་ཚངས་ཡོངས་རྫོགས་ན་རག་དོང་སྤྲུག །བཤགས་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། རིན་ཆེན་འོད་འབར་ཀུན་ཏུ་བཟང་། །ཐམས་ཅད་ཚིགས་བྱེད་ནམ་མཁའི་མཛོད། །ལྷ་རྣམས་མདངས་ཀྱིས་ཇི་ལྟར་བསྐང་། །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ནས། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །འདུས་པའི་འཁོར་རྣམས་རྩེ་གཅིག་ཉོན། །རྩ་ལག་དམ་ཚིག་གཡེལ་ཉམས་ཉོན། །ལེ་ལོས་དུས་མཆོད་ཆག་པའམ། །ལྷ་དང་འཁོན་གཅུགས་སྦྱང་བ་དང་། །བསོད་ནམས་ཚོགས་ཆེན་བསག་བྱའི་ཕྱིར། །བསྐང་གསོའི་རིམ་པ་འདི་ལྟ་སྟེ། །དཀྱིལ་འཁོར་གཞུང་བཞིན་བཞེངས་པའི་རྩར། །ལྷ་བཀྲམ་རྟེན་གྱི་ཚོགས་ཀྱང་བཤམ། །འབྱོར་ལྡན་ཡོ་བྱད་གཏོར་མཆོད་བཤམ། །སྐལ་ལྡན་མི་ཡི་ཚོགས་ཀྱང་བཤམ། །ཕྲིན་ལས་ཚོགས་འཁོར་གཞུང་བསྲངས་རྗེས། །དང་པོ་ལྟ་དགོངས་བཤགས་པ་བྱ། །དེ་འོག་མཆོད་རྫས་རང་རྟགས་བརྗོད། །བླ་མ་ལྷ་ཚོགས་མཚན་བརྗོད་དེ། །མདངས་བསྐང་ཆོ་ག་རྒྱས་པར་བྱ། །དེ་ནས་ཕུར་གདབ་སྦྱོར་སྒྲོལ་བསྐང་། །རྗེས་སུ་རྐྱེན་བཟློག་བྱོལ་ཆེན་གདབ། །དེ་རྣམས་རྫས་ཀྱི་ཕྱི་སྐོང་ཡིན། །དམ་ཅན་ཀུན་མཉེས་རྐྱེན་དབང་བཟློག །ནང་ནི་ཏིང་ངེ་འཛིན་གྱིས་བསྐང་། །རང་ཉིད་ཐུགས་ཀའི་འོད་འཕྲོས་ཏེ། །སྣོད་ཀྱི་འཇིག་རྟེན་གཞོང་པ་སྲ །བཅུད་ཀྱི་སེམས་ཅན་འདོད་ཡོན་སྤུང་། །རིག་པའི་ལྷ་མོ་སྤྲོས་ཏེ་བསྐང་། །གཟུགས་སྤྱན་སྒྲ་སྙན་དྲི་ཤངས་དང་། །རོ་མཆོག་ལྗགས་ལ་རེག་བྱ་སྐུ། །སྣང་སྲིད་བཅུད་ཀྱིས་ཐུགས་དམ་བསྐང་། །འདོད་ཡོན་དབང་པོ་ལྔར་ཐིམ་ནས། །ལྷ་མཉེས་ཕྲིན་ལས་བསྒྲུབ་པར་བསམ། །དེས་ནི་ལྷ་མཉེས་དངོས་གྲུབ་སྟེར། །གསང་བ་གཉིས་མེད་ལྟ་བས་བསྐང་། །བསྐང་བྱའི་ལྷ་སེམས་སྐོང་བྱེད་ཀྱི། །མཁན་པོ་དག་ཀྱང་རང་གི་སེམས། །སྐོང་བའི་རྫས་མཆོག་སེམས་ཡིན་པས། །སེམས་ཉིད་གཞི་རྩ་བྲལ་བ་ལ། །མཆོད་བྱ་མཆོད་བྱེད་གཉིས་མེད་པས། །གཉིས་མེད་དོན་གྱི་ཐུགས་དམ་བསྐང་། །ཡེ་ཤེས་ལྷ་ཚོགས་ཀུན་མཉེས་ནས། །མཆོག་གི་དངོས་གྲུབ་རྒྱུན་མི་འཆད། །ཅེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས།།ཐུགས་དམ་ཡོངས་སུ་བསྐང་བའི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། འཇིག་རྟེན་དབང་ཕྱུག་ཀུན་ཏུ་བཟང་། །འཁོར་འདས་མདོས་བདག་ཧེ་རུ་ཀ །ལྷ་ཞབྲུགས་མདོས་ཀྱིས་ཇི་ལྟར་བསྐང་། །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ཏེ། །སྟོན་པ་ཆེན་པོས་བཀའ་སྩལ་པ། །འགྲོ་ཕན་བྱམས་སེམས་ཅན་རྣམས་ཉོན། །རྣལ་འབྱོར་དམ་ཉམས་མཁའ་འགྲོ་ཞབྲུགས། །དེ་དག་མདོས་ཀྱིས་བསལ་ཕྱིར་དང་། །ཉམས་ཆག་གསོ་དང་མཚོན་ཞབྲུག་གཅོད། །ནད་གདོན་གནོད་པ་ཞི་བྱེད་ཅིང་། །ཚེ་དང་ལོངས་སྤྱོད་བསོད་ནམས་སྤེལ། །སྣང་སྲིད་དབང་སྡུད་དགྲ་བགེགས་སྒྲོལ། །དོན་ཆེན་ཀུན་སྒྲུབ་ཕུར་ཁ་བཟློག །རྟོག་ཚོགས་ལྷ་རུ་ངོ་སྤྲད་ཅིང་། །བླ་མེད་འབྲས་བུ་འཐོབ་བྱའི་ཕྱིར། །ཡོངས་རྫོགས་གླིང་བཞི་སྤྱི་མདོས་བཤད། །རྣམ་དག་སྤྲོས་བྲལ་ཆོས་སྐུ་ལས། །བྱིན་རླབས་ལོངས་སྐུ་དཔེ་བྱད་ལྡན། །ཐུགས་རྗེའི་སྤྲུལ་སྐུ་བསམ་ཡས་ཀྱང་། །བསྡུ་ན་བཀའ་བརྒྱད་ཡོངས་རྫོགས་ཡིན། །ལས་དང་ཡེ་ཤེས་ཚུལ་དུ་སྣང་། །ལྟ་སྤྱོད་ཟུང་འཇུག་མདོས་ཀྱིས་བསྐང་། །དེ་ལ་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་དཔེ་དགོས་ཆེད་དང་། །བཤམ་ཐབས་སྔོན་འགྲོ་དངོས་རྗེས་ཀྱིས། །ཉམས་བླངས་ཐག་བཅད་འབྲས་བུ་བསྟན། །ངོ་བོ་གཉིས་མེད་བྱང་ཆུབ་སེམས། །ངེས་ཚིག་གར་འདོད་མདོས་ཀྱིས་སེལ། །དབྱེ་ན་ལས་དང་ཡེ་ཤེས་ཀྱིས། །བསྡུས་ཏེ་ཕོ་མདོས་མོ་མདོས་དང་། །ཡོངས་རྫོགས་སྤྱི་མདོས་རྣམ་གསུམ་སྟེ། །ཕྱི་ནང་གསང་བའི་མདོས་སུ་བསྟན། །མཐུན་དཔེ་ཀུན་འབྱུང་རཏྣ་འདྲ། །དགོས་ཆེད་མཆོག་དང་ཐུན་མོང་དང་། །གཉིས་མེད་བདེ་ཆེན་དོན་རྟོགས་ཤིང་། །ཕྲིན་ལས་བཞི་སོགས་ལས་ཀུན་གྲུབ། །བཤམ་ཐབས་མདོས་དངོས་མཆོད་རྫས་རྒྱན། །ས་སྟེགས་འདོམ་གང་གྲུ་བཞི་པའི།སྟེང་དུ་མཎྜལ་འབྲུ་ཕྱེ་ལ། །རཏྣ་བརྡར་ཏེ་གོང་བུ་བཅོས། །ཧུ༷་ར༷་ཡ༷་ཁ༷་ལ༷་ཟློ༷། འཕྲོ་འདུས་འདོད་དགུར་བྱིན་གྱིས་བརླབ། །རི་རབ་གླིང་བཞི་བཟང་པོར་བཤམ། །སྟེང་དུ་ཕོ་བྲང་གླིང་དགུ་ལ། །ཡེ་ཤེས་ལྷ་རྣམས་དབང་རྫས་ནི། །སྙིང་ཕྱེའི་དཔལ་བཤོས་རྩེ་དགུ་ལ། །སྔགས་ལྡན་ཕུར་ནག༄་དགུ་ཡང་གཟུག །དབུས་སུ་དཔལ་ཆེན་དགུ་པོ་ལ། །ཞལ་མཐུན་ཀུན་ཏུ་ཞལ་དགུ་གཟུག །སྤྱི་གདུགས་ཆེན་པོ་གཅིག་འོག་ཏུ། །གདུགས་བརྒྱད་འཕན་དང་རྒྱལ་མཚན་གཟུག །མདའ་དགུ་རང་རྟགས་ཕྱག་མཚན་བྲི། ཁེང་རིས་ཞལ་དགུ་འཕན་དགུ་དང་། །དར་རྒྱང་རུ་མཚོན་ཕོ་མོའི་གདོང་། །དར་གླུད་ཕོ་གླུད་མོ་གླུད་དགུ །འཁོར་ལོས་སྒྱུར་བ་ལྟ་བུར་དགྲམ། །བང་རིམ་གསུམཔཡནཆོདདུ། །ཡོངས་རྫོགས་ ་སྐོང་དམ་རྫས་སུ། །ནམ་མཁའ་དབུས་མཐིང་མཐའ་འཇའ་རིས། །ཁྲི་གཞད་རྨ་བྱ་དར་ ས་བརྒྱན། ། ག་གཟིག་གུང་གིརྒྱལམཚནདང། །རུམཚོན་དར་རྒྱང་མདའ་འཕང་དང་། ཁེང་རིས་དར་འཕན་ལ་སོགས་ཏེ། །སྟོང་དང་ལྔ་བརྒྱ་བརྒྱ་ལ་སོགས། །རབ་འབྲིང་ཐ་མ་གང་སྤོབས་བསག །ཁྱུང་ཆེན་རྨ་བྱ་སེང་གེ་འབྲུག །སྟག་གཟིག་གླང་ཆེན་རྟ་མཆོག་དང་། །སྐྱེས་པ་བུད་མེད་གླུད་ལ་སོགས། །རེ་རེའང་སྟོང་སོགས་ཅི་རིགས་བཤམ། །བང་རིམ་ཐ་མར་སྡེ་བརྒྱད་རྫས། །ནམ་མཁའ་མདའ་འཕང་རྒྱལ་མཚན་དང་། གཟུགས་གླུད་ལ་སོགས་སོ་སོ་དང་། །མཐུན་པར་ཅི་རིགས་སྐྱེ་འགྲོ་བསག །གླིང་བཞི་ལས་ཀྱི་ཕོ་ཉ་སྟེ། །སྲིད་པའི་དབང་ཆེན་སྡེ་བཞི་ལ། །ནམ་མཁའ་མདའ་འཕང་རྒྱལ་མཚན་སོགས། །གཟུགས་གླུད་དམ་རྫས་ཚང་བར་བཤམ། །གཞན་ཡང་རི་རབ་གླིང་ཁེངས་པར། །འཕུར་དགུ་འཛུལ་དགུ་སྐྱེ་དགུ་སོགས། །མར་མེ་གསེར་སྐྱེམས་རིན་ཆེན་དང་། །སྣ་ཚོགས་དར་གྱིས་བཀླུབས་ལ་བཞག །ཟོར་རྫས་ཀུན་གྱིས་མཐའ་མ་བསྐོར། །ཕྱི་ཡི་ལྷ་ཚོགས་མཉེས་མདོས་ཡིན། །སྒྱུ་ལུས་ཕུང་པོའི་རི་རབ་ལ། །རྣམ་རྟོག་ཕྲ་རགས་རྫས་ཀྱིས་བརྒྱན། །ནང་གི་ལྷ་ཚོགས་སྐོང་མདོས་ཡིན། །བྷ་གའི་གཞི་ལ་གསང་རི་རབ། །བྱང་ཆུབ་སེམས་སྤྲིན་རྒྱན་གྱིས་བརྒྱན། །བདེ་མཆོག་དོན་ལྡན་ཆོས་སྐུར་རྫོགས། །གསང་བའི་ལྷ་ཚོགསམཆོདམདོསཡིན། །དེ་ལྟར་ཕུན་སུམ་ཚོགས་བཤམས་ནས། །མདོས་ཀྱི་སྔོན་དུ་འགྲོ་བ་ནི། །ཕུད་གཏང་ཚ་ཆུ་མདོ་ཡང་བཀླག །ལས་ཀྱི་གཞུང་བསྲང་འཛབ་བཟླས་བྱ། །དངོས་གཞི་འཇུག་ཁར་ཆས་གོས་གསོལ། །ཆེ་མཆོག་དགུ་བསྟོད་ང་རྒྱལ་བྱ། །སྣང་སྲིད་མདོས་སུ་བྱིན་གྱིས་བརླབ། །མདོས་ཀྱི་མཚོན་པ་ལ་བརྟེན་ནས། །ལས་ཀྱི་ལྷ་རྣམས་རྫས་ཀྱིས་བསྐང་། །ཡེ་ཤེས་ལྷརྣམས་དོན་གྱིས་བསྐང་། །གཉིས་སུ་མེད་པར་ཐུགས་དམ་བསྐང་། །ཡོངས་རྫོགས་རྗེས་སུ་བྱེ་བྲག་བསྔོ། །ཕྲིན་ལས་རྣམ་བཞི་ལ་སོགས་པའི། །གང་བསྒྲུབ་ལས་གཉེར་སོ་སོར་གཏད། །ཟོར་བསྒྱུར་སྒོ་དབྱེ་ལམ་བསྟན་བྱ། །ཚེ་འགུགས་བཀྲ་ཤིས་ཆོ་ག་བྱ། །དབྱིངས་ནས་མདོས་ཕྱུང་འགྲོ་དོན་མཛད། །སླར་ཡང་ཆོས་ཀྱི་དབྱིངས་སུ་ཐིམ། །དངོས་གྲུབ་ཐམས་ཅད་མདོ་ལས་འབྱུང་། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། ཡོངས་རྫོགས་གླིང་བཞི་སྲིད་པ་སྤྱི་མདོས་ཀྱི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །ཇི་སྲིད་བར་དུ་འགྲོ་འདུལ་བའི། །སྐུ་གསུང་ཐུགས་རྟེན་བཞེང་ཐབས་གང་། །ཞེས་གསོལ་སྟོན་པས་བཀའ་སྩལ་པ། །བདེ་གཤེགས་སྐུ་གསུང་ཐུགས་ཡོངས་རྫོགས། །སྣོད་བཅུད་ཚུལ་དུ་བཞེང་ཐབས་བཤད། །དང་པོ་སྣོད་ཀྱི་གཞལ་ཡས་ཁང་། །ཡིད་འོང་དགེ་ཞིང་དུལ་བའི་སར། །ས་ཡི་སྟ་གོན་སྔོན་སོང་ནས། །སྣོད་ཀྱི་འཇིག་རྟེན་རྟོག་སྒུང་ཕྱིར། །རི་རབ་གླིང་བཅས་ཆ་མཐུན་དུ། །བརྩིགས་ཏེ་ཆོས་སྒོ་བསམ་ཡས་པར། །གཞལ་ཡས་སྒོ་མང་ཆེན་པོར་བཞེངས། །སྐུ་གསུམ་ཡོངས་སུ་རྫོགས་བྱའི་ཕྱིར། །མཉམ་ཉིད་ཆོས་སྐུར་བྱིན་བརླབས་ཏེ། །ས་གཞི་ཆ་མཉམ་སྟོང་པར་སྦྱང་། །མ་འགགས་ལོངས་སྐུར་བྱིན་བརླབ་ཕྱིར། །ཡོངས་རྫོགས་དཀྱིལ་འཁོར་བཞེངས་ལ་གདུལ། །ཐུགས་རྗེ་སྤྲུལ་སྐུར་བྱིན་བརླབ་ཕྱིར། །པན་རག་བརྩིག་པར་བྱ་བ་ནི། །པན་རག་སྟེང་ནས་རྨང་བྲེས་ཏེ། །གྲུབ་ཐོབ་དགེ་གནས་ས་སྣ་དང་། །དཔལ་ཆེ་རེ་བཟང་གངས་རྡོ་དང་། །ལུང་བཟང་མདོ་དགུའི་བྱེ་སྤྱག་དང་། །རཏྣ་ལྔ་ཡི་ཕྱེ་མར་སྦྱར། །འདམ་ཤིག་སྔོན་སོང་རྒྱུ་སྦྱངས་ཏེ། །གཞལ་ཡས་ཕྱི་དབྱིབས་མངོན་སུམ་མཐུན། །ལྷ་རྣམས་ཐེག་པ་ཡོངས་རྫོགས་དགོད། །དེ་བཞིན་བཞེང་ཐབས་རིམ་པ་ཡང་། །འབྱུང་བ་ལྔ་བརྩེག་ཆ་མཐུན་པར། །གདན་ནི་རིམ་པ་ལྔ་བརྩེག་སྟེང་། །རི་རབ་རི་བོ་མཆོག་བཞིན་དུ། །གཞལ་ཡས་བང་རིམ་བཞི་ལྡན་ལ། །ཁོང་སེང་ཁྲི་རྐང་ཆ་མཐུན་དུ། །སྒོ་མོ་དགུ་བཅུ་གོ་གསུམ་དགོད། །རྣམ་རྒྱལ་ཁང་བཟང་ཆ་མཐུན་དུ། །ཕོ་བྲང་གྲུ་བཞི་བསྐོར་བྱས་བརྩིག །ལྷ་དབང་གཙོ་ཁང་ཆ་མཐུན་དུ། །བྲེ་བཟང་སྒོ་བཞི་ལྡན་པར་བརྩིག །ཡོངས་འདུ་ས་བརྟོལ་ཆ་མཐུན་པར། །སྲོག་ཤིང་བཟང་པོ་མ་ཐུང་གཟུག །སུམ་ཅུ་རྩ་གསུམ་ཆ་མཐུན་པར། །འཁོར་ལོ་འཁོར་འདེགས་རིམ་པར་བརྩེགས། །འོག་མིན་ཆ་མཐུན་ཆར་ཁེབས་ཏོག །བྱ་རུ་ལ་སོགས་མཛེས་པར་དགོད། །ལྕོག་མཚོན་གྲྭ་བཞིར་གྲྭ་ལྕོག་བྱ། །རི་བདུན་མཚོན་ཕྱིར་འཁོར་ཡུག་ཏུ། །འཁོར་ས་བང་རིམ་བདུན་གྱིས་བསྐོར། །ཉི་ཟླའི་ཚུལ་དུ་སྒྲོལ་མ་དང་། །སྤྱན་རས་གཟིགས་ཁང་ཤར་ནུབ་བརྒྱན། །མཚོ་བདུན་རྒྱ་མཚོ་མཚོན་པའི་ཕྱིར། །གཡུ་ཐང་ལེགས་བྱ་ཁྲོན་བུ་བྲུ། །གླིང་བཞིའི་གླིང་ཕྲན་ཚུལ་མཐུན་དུ། །ས་སྟེང་གླིང་གཟུགས་བཅུ་གཉིས་ཏེ། །སྤྲུལ་སྐུའི་མཆོད་རྟེན་བཅུ་གཉིས་བཙིག །མུ་ཁྱུད་ཆ་མཐུན་བྲག་རིས་བསྐོར། །དེ་ལ་ཚད་མེད་སྒོ་བཞི་དགོད། །རྟེན་གནས་ཆེ་ཆུང་སྤོབས་པར་སྦྱར། །དེ་ལྟར་རྟེན་གནས་དེ་ཉིད་ལ། །བརྟེན་པ་བཅུད་ཀྱི་འཇིག་རྟེན་དག །སྦྱང་ཕྱིར་ལྷ་ཚོགས་བཞེང་ཐབས་བཤད། །སྟོད་རིམ་གསུམ་ནི་སྐུ་གསུམ་ཞིང་། །ཉན་ཐོས་རང་རྒྱལ་བྱང་སེམས་ཀྱི། །གཟུགས་རྣམས་རྒྱས་བསྡུས་ཅི་རིགས་པར། །བང་རིམ་འོག་མའི་སྒོ་ནང་བཀོད། །དེ་ལྟར་བང་རིམ་གསུམ་སྒོའི་ནང་། །ཀྲི་ཡ་ཨུ་པ་ཡོ་ག་ཡི། །ལྷ་རྣམས་རྒྱས་བསྡུས་གང་འཚམས་དགོད། །བྲེ་བུམ་བདག་པོར་གདུགས་ཏོག་ནང་། །མ་ཧྭ་ཨ་ནུ་ཨ་ཏི་ཡི། །ལྷ་རྣམས་ཡོངས་རྫོགས་ཞི་དང་ཁྲོ། །བཀའ་བརྒྱད་བསྒྲུབ་པའི་ལྷ་དགོད་དེ། །ཀུན་བཟང་ཏོག་ལ་བཟང་མོ་གདུགས། །འཁོར་ལོ་རྡོར་སེམས་འདེགས་གསང་བདག །བྲེ་སྟོད་ཞི་ལྷ་བཞི་བཅུ་གཉིས། །བྲེ་སྨད་ནང་སྒོ་བཅུ་གཉིས་གཟུག །ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དགོད། །བུམ་དཀྱིལ་བུམ་པའི་ཕྱོགས་མཚམས་སུ། །བཀའ་བརྒྱད་ཡོངས་རྫོགས་ལྷ་རྣམས་དགོད། །སྒོ་བཞི་རྒྱལ་ཆེན་སྡེ་བཞི་ལ། །གཟའ་བརྒྱད་རྒྱུ་སྐར་བསྐོར་བ་དགོད། །ལྕོག་བཞི་གནོད་སྤྱིན་ནོར་གྱི་ལྷ། །ཕོ་དགུ་མོ་དགུ་ལ་སོགས་དགོད། །གདན་རིམ་ལྔ་བརྩེགས་སྟེང་ནང་དུ། །ཀླུ་དབང་ཉི་ཉིདལཡངཟླ་བརྒྱད་བསྐོར་བཞེངས། །དེ་འོག་གྲུ་གསུམ་དོང་ནང་དུ། །སངས་རྒྱས་བསྟན་པའི་དགྲ་བགེགས་གྲུབ། །འཁོར་ས་རིམ་པ་བདུན་ནང་དུ། །བསྐལ་བཟང་སངས་རྒྱས་སྟོར་རྩ་གཉིས། །མདོ་འདུལ་ཆོས་མངོན་རྒྱུད་རིས་བྲིས། །ཉི་མའི་ཁང་པར་ཐུགས་རྗེ་ཆེ། །ཟླ་ཁང་སྒྲོལ་མ་མྱུར་མ་དགོད། །གླིང་བཞི་གླིང་ཕྲན་བརྒྱད་སྟེང་དུ། །མཆོད་རྟེན་ཆེན་པོ་བཅུ་གཉིས་ནང་། །སྤྲུལ་སྐུའི་མཛད་པ་བཅུ་གཉིས་དགོད། །འཁོར་ཡུག་རེ་རེ་རྭ་བའི་ནང་། བསྟན་པ་སྲུང་བའི་ལྷ་མ་སྲིན། །ཆོས་སྐྱོང་ཕོ་ཉའི་ཚོགས་རྣམས་དགོད། །སྒོ་བཞིར་དབང་ཆེན་སྡེ་བཞི་དང་། །ཧ་རི་ཀ་དང་པསྩི་ཀ །ཀང་ཀིང་ལྷ་མོ་མགོན་པོ་ནག །སྒྲོལ་གིང་དཀར་དང་ནག་པོ་དགོད། །ལྷ་ཚོགས་དེ་དག་ཐམས་ཅད་ཀྱང་། །ལུགས་འབུར་རི་མོར་གང་ལྕོགས་བཞེངས། །སྔགས་དང་ཕྱག་རྒྱས་སྨིན་པར་བྱ། །སྤྱི་གཙུག་གདུང་གཞུག་མགྲིན་པ་སྲ །ཨུ་ལི་ཀྭ་ལི་གཞུག་པར་བྱ། །ཐུགས་ཀར་མན་ཤེལ་ཧུ༷་བཅས་གཞུག །སྲོག་ཤིང་རྩེ་ནས་རྨང་ཡན་ཆོད། །ཐེག་པའི་རིམ་པ་དང་སྦྱར་བའི། །རྒྱུད་ལུང་མན་ངག་རིམ་པར་གཞུག །སྲོག་ཤིང་ནང་དུ་སྲོག་ཕུར་གདབ། །སྲོག་ཤིང་ཕྱི་ལ་ཚེ་དཔག་མེད། །གཟུགས་དང་སྔགས་སུ་བཅས་པ་དགོད། །ཁ་དོག་ཕྱོགས་མཚོན་གདུལ་བྱར་བསྟན། །དར་བཟང་ལ་སོགས་ན་བཟས་བཀླུབ། །བང་རིམ་དང་པོ་ནས་བརྩམས་ཏེ། །བསྒྲུབ་རྫས་མཆོད་རྫས་རྐྱེན་དབང་བཟློག །བང་རིམ་གསུམ་པའི་ནང་དུ་བསག །བུམ་དཀྱིལ་བསྒྲུབ་ཁང་རྣལ་འབྱོར་གནས། །སྒོ་རྣམས་ལ་ནི་འཁོར་རིམ་བཞིན། །ཉམས་ལེན་བསྒྲུབ་པའི་གནས་བྱས་ན། །གྲུབ་པ་མཐར་ཕྱིན་འཁྲུལ་པ་སེལ། །སྐུ་གསུམ་རྒྱལ་བ་ཞི་དང་ཁྲོ། །གསང་བ་ཡོངས་རྫོགས་བདེ་གཤེགས་ཀྱི། །རྟེན་གསུམ་ཡོངས་རྫོགས་ངོ་མཚར་ཆེ། །རྟེན་འདི་ཇི་སྲིད་གནས་ཀྱི་བར། །དེ་སྲིད་སངས་རྒྱས་བསྟན་པ་རྒྱས། །འགྲོ་བ་ཀུན་འདུལ་ལས་སྒྲིབ་སྦྱང་། །བསོད་ནམས་ཕུན་ཚོགས་ཡོངས་རྫོགས་ཤིང་། །རྒྱུ་སྦྱོར་བཞེངས་མཁན་མ་ལུས་ཀུན། །ཚེ་འདིར་བཀྲ་ཤིས་ཚེ་རིང་འཕེལ། །ཕྱི་མ་ཞིང་ཁམས་རྣམ་དག་ཐོབ། །ཡུལ་ཕྱོགས་གླིང་ཁམས་བཀྲ་ཤིས་འབྱུང་། །ཐབས་མཆོག་ཡོངས་རྫོགས་རྨད་དུ་བྱུང་། །བསྟན་པའི་རིམ་གྲོ་འདི་ཁོ་ན། །དང་དུ་ལོངས་ཤིག་བསམ་པ་འགྲུབ། །ཅེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་ ད་ཀྱི་རྒྱལ་པོ་ལས། ན་མཆོག་བཀྲ་ངས་ ་ སུམ་ཡོངས་རྫོ ས་སུ་བཞེངས་ཐབས་བ ན་པའི་ལེའུ་ ་ཉེར་ ག་པའོ།།།།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་བ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །བདེ་གཤེགས་སྐུ་གསུང་ཐུགས་རྟེན་ལ། །ཡེ་ཤེས་རབ་ཏུ་གནས་ཐབས་གང་། །ཞེས་གསོལ་སྟོན་པས་བཀའ་སྩལ་པ། །བདེ་གཤེགས་སྐུ་གསུང་ཡོངས་རྫོགས་རྟེན། །རབ་ཏུ་གནས་ཐབས་རྣམ་གསུམ་བཤད། །སྤྲོས་པ་རྒྱས་བསྡུས་སྤྲོས་མེད་དེ། །རྒྱས་མཛད་བླ་མ་མཁས་པ་ལ། །སློབ་བུས་ཡོན་དབུལ་ལན་གསུམ་བར། །གསོལ་བ་གདབ་ཅིང་བླ་མས་ཀྱང་། །རྟགས་སྦྱར་རབ་གནས་བསྙེན་པ་བྱ། །དུས་ཚོད་གཟའ་སྐར་བཟང་པོ་ལ། །གསང་བ་སྒྲུབ་ཆེན་སྐབས་བཞིན་དུ། །དཀྱིལ་འཁོར་རྟེན་རྫས་སྔོན་སོང་ནས། །དཀྱིལ་འཁོར་དེ་ཡི་བྱང་ཕྱོགས་སུ། །རྟེན་གསུམ་གང་ཡིན་ཁྲི་ལ་བཞག །བྲབ་བདུག་བགེགས་བསྐྲད་སྲུང་འཁོར་བསྒོམ། །སྐྱབས་འགྲོ་སེམས་བསྐྱེད་མཆོད་སྦྱིན་བྱ། །གསོལ་བ་གདབ་ཅིང་བསྙེན་པ་བསྐྱལ། །ཚུལ་བཞིན་བསྒྲུབས་ཏེ་བྱིན་ཆེན་དབབ། །ཁྲུས་དང་ཉེ་རེག་འཐོར་འཐུང་བྱ། །སྔགས་ཀྱིས་བགེགས་བསྐྲད་ཆལ་གྱིས་བཀྲུ། །རས་སམ་དར་གྱིས་རྡུལ་ཕྱིས་ལ། །ར༷་ཡ༷་ཁ༷་གྱིས་རབ་ཏུ་ ང་། །ཙན་དན་གུར་གུམ་ཨ་ག་སྲ །ཛུ་ཏི་གླ་རྩི་དྲི་ལྔས་བྱུག །སྐུ་དང་མཆོད་ ན་གང་ཡིན་ཡང་། །སྐུ་གསུང་ཐུགས་དང་རྟེན་འབྲེལ་ ང། །བདེགཤེགསཡོངས་རྫོགས་ཡང་ ང་རྣམས། །རིགས་དབྱེ་སྐུ་ཡི་གནས་ལྔར་གཞུག །སྐུ་གདུང་རིང་བསྲེལ་ནོར་བུ་ལྔ། །སྨན་འབྲུ་དར་གྱིས་བྲིལ་ཏེ་གཞུག །དེ་ནས་དཀྱིལ་འཁོར་ལེགས་བྲིས་ཏེ། །བུམ་པ་ལ་སོགས་མཆོད་རྫས་བཤམ། །བསྐྱེད་རྫོགས་ལས་ཀྱི་གཞུང་བསྲངས་ནས། །མཆོད་བསྟོད་བཟླས་པ་ཚུལ་བཞིན་བྱ། །བུམ་པ་བྱིན་བརླབ་བཞུ་བཏུལ་བྱ། །རྟེན་ལ་བགེགས་བསྐྲད་སྐུ་ཁྲུས་བྱ། །རྟེན་སྤྱིར་བསྐྱེད་རྫོགས་སྔར་བཞིན་བྱ། །སྐུ་གསུང་ཐུགས་སུ་བྱིན་བརླབས་ལ། །ཡེ་ཤེས་ལྔ་ཡི་དབང་ཡང་བསྐུར། །སྤྱན་འབྱེད་སྙན་ཤངས་ཞལ་ཚེམས་དྲུད། །ལོངས་སྐུའི་རྟེན་ལ་ན་བཟའ་གསོལ། །དབུ་རྒྱན་ཅོད་པན་ཕྲེང་བ་གདགས། །སྤྲུལ་སྐུ་ཡིན་ན་དབུ་སྐྲ་བཞར། །གླེགས་བམ་དག་ལ་བདེ་གཤེགས་ཡོངས། །གསལདབྱངས་ལྔ་བཅུའི་ཡི་གེ་བསྒྱུར། །བདེ་གཉིས་ཆོས་སྒྲས་འགྲོ་འདུལ་བསམ། །མཆོད་རྟེན་དཀྱིལ་འཁོར་ཆ་མཐུན་པར། །ནང་དུ་ཚོམ་དགུའི་ལྷ་ཚོགས་བསྐྱེད། །དེ་ལ་ཡེ་ཤེས་དཀྱིལ་འཁོར་དགུག །བསྟིམ་བརྟན་དགྱེས་པ་བསྐྱེད་པ་དང་། །ཕྱག་སོགས་མཆོད་པ་ཀུན་གྱིས་མཆོད། །གདུགས་དང་རྒྱལ་མཚན་བླ་བྲེ་སོགས། །རྣམ་བདུན་བཀྲ་ཤིས་རྫས་བརྒྱད་དབུལ། །བསྟོད་ཅིང་མངའ་གསོལ་འཕྲོ་འདུ་བྱ། །རྟེན་གསུམ་རིམ་པ་གང་ཡིན་ཡང་། །ཡེ་ཤེས་ཡང་ཡང་དགུ་ཅིང་བསྟིམ། །སྔགས་ཀྱི་བཟླས་པ་སོ་སོར་བྱ། །སྐུ་གསུང་ཐུགས་སུ་བྱིན་བརླབ་ཅིང་། །ཡེ་ཤེས་ལྔ་ཡི་དབང་བསྐུར་བྱ། །བུམ་དབང་གཞུང་བཞིན་བསྐུར་བའི་རྗེས། །ནས་འབྲུ་མེ་ཏོག་དཀར་པོ་ལ། །རྟེན་འབྲེལ་འབུམ་བསྙེན་མེ་ཏོག་དོར། །ན་མོ་རཏྣ་ཏྲ་ཡུ་ཡ། ཨོ་ཡེ་དྷརྨུ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུརྙེ་ཥའརྙ་ཐུ་ག་ཏོ་རྒྱ་ཝ་དཏ། ཏེ་ཥརྩི་ཡོ་ནི་རོ་དྷ་ཨེ་ཝ༷་བཱ་དི་མ་ཧྭ་གྲ་མ་ཎ༷༷གྲྭ་ཧྭ། དེ་རྗེས་བུ་སློབ་ཡོན་བདག་ལ། །བུམ་དབང་བཀྲ་ཤིས་རྫས་བཞི་དང་། །སྣ་བདུན་རྫས་བརྒྱད་དབང་བསྐུར་བྱ། །ཚོགས་འཁོར་བཟང་པོས་ཞལ་བསྲོ་བྱ། །ཁ་བརྡ་བཟིང་སྨྲ་སྤྱོད་ལམ་གཟབ། །བཀྲ་ཤིས་སྐྱིད་པའི་ལྷ་བྲོ་བྱ། །རྒྱས་པའི་སྦྱིན་བསྲེག་སྨོན་ལམ་གདབ། །ཕུད་གཏོར་ལྷ་དང་ཆོས་སྐྱོང་མཆོད། །རྟེན་གྱི་གཉེར་གཏད་དྲག་ཏུ་བྱ། །གཏང་རག་མཆོད་པ་དགའ་སྟོན་བྱ། །ཡོན་དབུལ་དགེ་བའི་རྩ་བ་བསྔོ། །སྤྲོས་པ་ཉེར་བསྡུའི་རབ་གནས་ནི། །སྔོན་འགྲོ་ཁྲུས་སོགས་ཡོངས་རྫོགས་རྗེས། །གང་ལ་བྱ་བའི་རྟེན་དེ་ཉིད། །ཆོ་ག་གསུམ་གྱིས་སྦྱངས་བྱས་ཏེ། །རང་རང་ཡེ་ཤེས་ངོ་བོར་བསམ། །དེ་ལ་དབང་བསྐུར་མེ་ཏོག་གཏོར། །མཆོད་པ་བཟང་པོ་མང་ཕུལ་ནས། །ཡི་དམ་ལྷག་པའི་རྟེན་དུ་བཟུང་། །ཇི་ལྟར་བསམ་པ་དེ་བཞིན་ཡིན། །སྤྲོས་མེད་དོན་གྱི་རབ་གནས་ནི། །བསྙེན་རྫོགས་རྟོགས་ལྡན་རྣལ་འབྱོར་པས། །གཟིགས་པས་རབ་ཏུ་གནས་པ་འཆགས། །ཕྱི་ནང་སྣོད་བཅུད་སྣང་སྲིད་ཀུན། །ཡེ་ནས་ཆོས་སྐུའི་ངོ་བོར་གནས། །དེར་ཤེས་དབྱིངས་ལས་མ་གཡོས་ན། །རྣམ་དག་རྟེན་མཆོག་བླ་ན་མེད། །སྣང་བ་སྐུ་ལ་གྲག་པ་གསུང་། །དྲན་རྟོག་ཐུགས་ཀྱི་རང་བཞིན་ཡིན། །སྐུ་གསུང་ཐུགས་རྟེན་ཡོངས་རྫོགས་ཀྱང་། །བློ་དམན་བློ་ལ་དེར་མི་སྣང་། ་ས་རབ་བློ་ལྡན་སྐྱེས་མཆོག་གིས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཀྱི། །སངས་རྒྱས་མ་ལུས་ཡོངས་རྫོགས་སྐུར། །རབ་གནས་དམ་པ་དེ་ཉིད་དོ། །རང་རིག་རང་གསལ་རབ་གནས་རབ། །རབ་གནས་ཀུན་གྱི་རྒྱལ་པོ་ཡིན། །རབ་གནས་ཕུན་ཚོགས་དེ་དག་གིས། །ཇི་སྲིད་ཡུན་གྱི་རྟེན་བྱས་ན། །བཀྲ་ཤིས་བྱིན་ཆེན་བསམ་ལེགས་འགྲུབ། །འབྲས་བུ་སྐུ་གསུམ་ཞིང་དུ་སྦྱོར། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོ་ལས། རྟེན་གསུམ་རབ་གནས་ཡོངས་རྫོགས་ཀྱི་ལེའུ་སྟེ་ཉེར་བདུན་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། །ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །སྒོ་གསུམ་བར་ཆད་ཀུན་སྐྱོབ་པའི། །བདེ་གཤེགས་ཀུན་འདུས་སྲུང་འཁོར་གང་། །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ནས། །སྟོན་པ་ཆེན་པོས་བཀའ་སྩལ་པ། །བདེ་གཤེགས་བཀའ་ཡི་སྲུང་འཁོར་ལ། །འཁོར་ལོ་རྫས་དང་ཏིང་འཛིན་ཏེ། །ཀུན་ཐུབ་འཁོར་ལོའི་སྲུང་བ་ལ། ་༑ག་ཤོག་རས་སམ་དར་དཀར་ལ། །རཏྣ་ལྔ་སྦྱར་སྣག་ཚ་ཡིས། །དབུས་སུ་ཐིག་བཞི་ལིང་ཚེ་དགུ །རེ་རེའི་ནང་དུ་འཁོར་ལོ་ནི། །རྩིབས་བརྒྱད་ཁྱུད་འཁོར་བཞི་ལྡན་བྲི། །དེ་དགུའི་གོང་རས་དགུ་པོ་ལ། །རིགས་ཀྱི་ཕྱག་མཚན་གཏམས་པར་བྱ། །ལིང་དགུའི་ཕྱི་རོལ་མུ་ཁྱུད་ནི། །རིམ་པ་བཅུ་རུ་བསྐོར་བར་བྱ། །དེ་ལ་སྔགས་དགོད་རིམ་པ་ནི། །དབུས་འཁོར་དགུ་ཡི་ལྟེ་བ་ལ། །ཧྭ༷་དགུ་མིང་རུས་རཀྟར་བཅས། །སྲུངས་ཤིག་འདོད་གསོལ་དང་བཅས་བྲི། །དེའི་ཕྱི་ལྟེ་བའི་ཁྱུད་དགུ་ལ། །ཁྲོ་འདུས་དྲག་སྔགས་སོ་ལྔ་བྲི། །རྩིབས་བརྒྱད་འཁོར་ལོ་དགུ་རྣམས་སུ། །དཔལ་ཆེན་དགུ་ཡི་སྐྱེད་སྔགས་བྲི། །མུ་ཁྱུད་ཕྱི་རུ་སྲས་ཡུམ་དང་། །བོ་དྷི་བཅུ་བཞི་ཁྱུང་སྔགས་དྲུག །དམ་ཅན་འདུས་པ་བཅུ་གཅིག་བྲི། །རྩིབས་མཆན་ཁྱབ་པར་སྲུངས་ཤིག་བྲི། །གོང་རས་ཁྱབ་པར་གསང་སྔགས་དང་། །རིག་སྔགས་གཟུངས་སྔགས་སྟོབས་ཅན་དགོད། །གླིང་བཞིའི་ཕྱི་རོལ་ཟླ་གམ་བཞི། །རྒྱལ་ཆེན་བཞི་ཡི་རྭ་པས་བསྲུང་། །མུ་ཁྱུད་བཅུ་རིམ་ནང་མ་ཆེ། །དེ་ལ་ཞི་ཁྲོ་བཀའ་བརྒྱད་རྫོགས། །བདེ་གཤེགས་ཀུན་གྱི་ཡང་སྙིང་ལ། །ཆེ་གེ་ལ་སྲུངས་སྤེལ་མར་བྲི། །དེ་ཡི་ཕྱི་རིམ་དབྱངས་ཡིག་ལ། །དེའི་ཕྱི་གསལ་བྱེད་རྟེན་འབྲེལ་བྲི། །ཕྱི་རིམ་མུ་ཁྱུད་བདུན་པ་ལ། །རྡོ་རྗེ་འཁོར་ལོ་རལ་གྲི་དང་། །དབྱུག་ཏོ་རྒྱ་གྲམ་མཚོན་ཆའི་ཚོགས། །མེ་རི་ལྔ་ཡིས་འཁོར་བར་བྲི། །རྫས་ཀྱི་བསྲུང་བའི་སྐྱོབས་ངར་གདགས། །ག་བུར་ཙན་དན་གླ་རྩི་དང་། །གུ་གུརགུམཡངགུལ་ལི་ཤི་ཤིང་ཀུན་དང་། །ཨ་མྲི་ཏ་དང་ཆང་སྦྱར་བྱུག །གཏོར་ཚོགས་གཞུད་བཞིན་བཤམས་ནས་ཀྱང་། །ལས་རིམ་གཞུང་བསྲང་ལྷ་རྣམས་བསྟིམ། །དབང་བསྐུར་རབ་ཏུ་གནས་པ་བྱ། །དར་སྣ་ལྔས་དྲིལ་ཚོན་ལྔས་བཅིངས། །དུས་ཚེས་བཟང་ལ་མགུལ་དུ་གདགས། །བཀྲ་ཤིས་མངའ་གསོལ་བརྗོད་པར་བྱ། །ཏིང་འཛིན་རང་ཉིད་ཧེ་རུ་ཀ །ཡོངས་སུ་རྫོགས་པའི་ང་རྒྱལ་བསྒོམ། །འདི་ལས་ཁྱད་འཕགས་སྲུང་བའི་ཐབས། །འཇིག་རྟེན་ཁམས་འདིར་སྔར་མ་བྱུང་། །མི་འབྱུང་འབྱུང་བར་མི་འགྱུར་ཏེ། །ཅི་ཕྱིར་འདི་ཉིད་ཡོངས་རྫོགས་ཡིན། །ལུས་ངག་ཡིད་གསུམ་སྲུང་བའི་མཁར། །རྡོ་རྗེའི་གོ་ཁྲབ་ཕུབ་ཆེན་ཡིན། །ནད་གདོན་དུག་མཚོན་གནམ་ལྕགས་བསྲུང་། །མདོར་ན་འཇིགས་པ་ཀུན་ཐུབ་སྟེ། །ཕྱོགས་ངན་ཀུན་དང་གནོད་ལས་རྒྱལ། །ཚེ་འདི་བར་དོ་ཕྱི་མ་ཡི། །སྲུང་བའི་རྒྱལ་པོར་འདི་འགྱུར་ཏེ། །ངན་སོང་གནས་ངན་ཀུན་ལས་གྲོལ། །འདི་ཡོད་འགྲོ་བ་སངས་རྒྱས་ཡིན། །རྒྱལ་བ་རྣམས་ཀྱི་སྲས་སུ་གཟིགས། །དམ་ཅན་རྣམས་ཀྱིས་མགོན་སྟོངས་མཛད། །ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ། །འདའ་ཁར་བྱང་ཆུབ་རྟགས་ལ་སྦྱོར། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོལས། བདེགཤེགསཡོངས་རྫོགས་བཀའི་སྲུང་འཁོར་བ ན་པའི་ལེའུ་ ་ཉེར་བརྒྱད་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །སྒྲུབ་ཆེན་ལས་བཞིའི་དོན་མྱུར་བྱེད། །སྦྱིན་བསྲེག་ལས་ཀྱི་རིམ་པ་གང་། །དེ་སྐད་གསོལ་པ་གསན་ནས་ཀྱང་། །སྟོན་པ་་ཉིད་ཀྱིས་བཀའ་སྩལ་པ། །ལས་རྣམས་ཀུན་གྱི་རྗེས་སྒྲུབ་མྱུར། །རྣམ་བཞི་སྦྱིན་བསྲེག་འདི་ལྟར་བྱ། །དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞི་སྲ །ཞི་རྒྱས་དབང་དང་དྲག་པོའི་ཐབ། །ཟླུམ་པོ་གྲུ་བཞི་ཟླ་ཁམ་དང་། །གྲུ་གསུམ་ལ་སོགས་གང་མོས་བྱ། །དཀར་སེར་དམར་ལྗང་ཁ་དོག་བསྒྱུར། །བྱང་ཆུབ་སྐྱེར་ལྡེང་དུག་ཤིང་སོགས། །ལས་མཐུན་ཤིང་བརྩིག་བསྲེག་པའི་རྫས། །ཕྲིན་ལས་གང་བསྒྲུབ་དང་སྦྱར་ཏེ། །ཞི་ལ་དཀར་གསུམ་རྒྱས་འབྲུའི་ཚོགས། །དབང་ལ་ཤ་ཆང་དུག་ཁྲག་དྲག །ཕྲིན་ལས་གཞུང་བསྲང་ཚོགས་མཆོད་བྱ། །མེ་ཡི་ལྷ་བསྐྱེད་མཆོད་བསྟོད་བྱ། །ཕྲིན་ལས་གང་བསྒྲུབ་དང་སྦྱར་ཏེ། །ལྟོ་བར་ཡོངས་རྫོགས་ལྷ་བསྐྱེད་དེ། །ཡེ་ཤེས་བཀུག་བསྟིམ་རྟེན་མཆོད་རྗེས། །བཀྲ་ཤིས་བུ་ཚས་མེ་སྤར་ཏེ། །སྤྱིན་བསྲེག་རྫོགས་བྱས་ལས་སྔགས་ནི། །རྩ་སྔགས་དག་ལ་འདི་སྦྱར་བསྐུལ། ཁྲེརྙ༷། ཚུལྒེ པ་ཤ༷ བཱ་ར་ཡ། ལས་བཞིའི་འདོད་གསོལ་དང་བཅས་བསྲེག །ཞི་རྒྱས་དབང་དྲག་གང་བསམ་འགྲུབ། །ཡེ་ཤེསསེམསགཤེགསདམཚིགབསྡུ། །རྗེས་སུ་ལས་བཞིའི་བྲོ་བཞི་བརྡུང་། །ཐལ་བ་རླུད་ཆུ་མནན་པ་སོགས། །སོ་སོའི་ལས་ཀྱི་དམིགས་དང་བཅས། །མེ་ཡིས་ལས་ཀུན་མྱུར་དུ་འགྲུབ། །ཅེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། ལས་བཞི་སྦྱིན་བསྲེག་ཡོངས་སུ་བསྟན་པའི་ལེའུ་སྟེ་ཉེར་དགུ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། །ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །ལས་རྣམས་རྗེས་བསྟན་དགྲ་བགེགས་གཟིར། །དཔལ་ཆེན་རོལ་པའི་བྲོ་རྣམས་གང་། །དེ་སྐད་གསོལ་པས་བཀའ་སྩལ་པ། །གཟིར་མནན་བྲོ་ཡི་ལས་སྦྱོར་ནི། །དགྲ་བགེགས་དམ་སྲི་གནན་གཟིར་ཏེ། །རྣལ་འབྱོར་དབང་ཕྱུག་འཁོར་དང་བཅས། །དཔལ་གྱི་ཆས་ཀྱིས་རབ་ཏུ་བརྒྱན། །ཡོངས་རྫོགས་ལྷ་ཡི་ང་རྒྱལ་བསྐྱེད། །ལག་པ་ལུ་གུ་རྒྱུད་དུ་སྦྲེལ། །རྐང་སྟབས་རྡོ་རྗེའི་འགྲོས་སུ་བྱ། །དཔའ་བརྗིད་རྔམ་པའི་ཧུ༷་སྒྲ་སྒྲོག །གླུ་ཡིས་སྤྱན་དྲང་བྲོས་གཟིར་གནན། །ཕྲིན་ལས་རྣམ་བཞི་དམིགས་བསལ་བསྒྲུབ། །དང་པོ་གླུ་ཡིས་སྤྱན་དྲང་ཏེ། །ཧུ༷་ཞི་ཁྲོ་ཡོངས་རྫོགས་དཀྱིལ་འཁོར་དུ། །དཔལ་ཆེན་ཆེ་མཆོག་སྐུ་སྤྲུལ་ནས། །མཁའ་འགྲོའི་ཚོགས་དང་རོལ་པ་ནི། །ཐབས་ཤེས་གཉིས་སུ་མེད་པར་སྦྱོར། །བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས། །ཁྲོ་བོ་ཁྲོ་མོའི་སྤྲིན་འཕྲོས་ནས། །གླུ་བྲོ་གར་གྱི་ཐུགས་དམ་སྟེ། ཁུན་ཆད་མེད་པར་བརྟན་པར་བྱ། །བྲོ་འདི་འབར་བའི་ཕྱག་རྒྱ་སྟེ། །རྒྱལ་བ་སྟོང་དང་མཉམ་པར་སྦྱོར། །གླུ་ནི་ཚངས་པའི་དབྱངས་ཀྱིས་འདྲེན། །མ་དང་མཁའ་འགྲོའི་ཐུགས་དམ་བསྐུལ། །ཚིག་ནི་དོན་དམ་རྟོགས་པའི་ཚིག །ཆོས་སེམས་གཉིས་སུ་མེད་པར་རྟོགས། །འདི་ནི་གླུ་བྲོ་གར་གྱི་བརྡའ། །གར་ནི་ཁྱབ་གདལ་ཆེན་པོའི་གར། །ཕྱོགས་བཅུའི་ཞིང་ཁམས་ཁྱབ་པར་བྱེད། །ཕྱག་རྒྱ་བསྣོལ་བ་ལུ་གུ་རྒྱུད། །དུས་གསུམ་རྒྱལ་བ་ཞི་ཁྲོ་བསྐུལ། །ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ནས། །ཆེ་མཆོག་ཡབ་ཡུམ་སྲས་དང་བཅས། །མཁའ་འགྲོ་འཁོར་བཅས་མ་ལུས་ཀུན། །སྔོན་གྱི་ཐུགས་དམ་ཇི་བཞིན་དུ། །གླུ་བྲོ་གར་ལ་གཤེགས་སུ་གསོལ། །ཧཱུཾ་ཧུ༷་ཧུ༷་བཛྲ་མ་ཧྭ་ཀྲོ་དྷ་སརྦ་ཨུ་བེ་ཤ་ཡ་པྲ་བེ་ཤ་ཡ་ཛ༷༷ཧུ༷་བ༷་ཧོ༷༷། །དེ་ནས་བྲོ་བསྐོར་གཟིར་ཅིང་བརྡུང་། །ཧུ༷་ཞི་ཁྲོ་ཡོངས་རྫོགས་དཀྱིལ་འཁོར་འདིར། །ཁྲག་འཐུང་རོལ་པའི་བྲོ་གཅིག་བརྡུང་། །ཕྱོགས་བཅུ་ནམ་མཁའི་ཁམས་ཀུན་ནས། །ཁྲོ་བོ་ཁྲོ་མོའི་བྲོ་བརྡུངས་པས། །ལ་ལ་ཐབས་དང་ཤེས་རབ་བྲོ། །ལ་ལ་རྡོ་རྗེ་པདྨའི་བྲོ། །ལ་ལ་དབང་པོ་ཡུལ་གྱི་བྲོ། །ལ་ལ་འཇིག་རྟེན་དབང་སྡུད་བྲོ། །ལ་ལ་འདུལ་སྤྱོང་རྟགས་ཀྱི་བྲོ། །ལ་ལ་དྲེགས་པ་འདུལ་སྦྱོང་བྲོ། །ལ་ལ་མོས་པ་རྒྱན་གྱི་བྲོ། །ལ་ལ་ལོངས་སྤྱོད་དཔལ་གྱི་བྲོ། །ལ་ལ་སྤོར་བྱེད་གནས་ཀྱི་བྲོ། །ལ་ལ་སྡུད་བྱེད་ཐབས་ཀྱི་བྲོ། །བྲོ་ལ་རྣམ་གྲངས་བསམ་མི་ཁྱབ། །གླུ་ལ་ཡོན་ཏན་བརྗོད་མི་ལང་། །ཚིག་ལ་མན་ངག་སྣ་ཚོགས་གསལ། །བྲོ་འདི་ཕྲིན་ལས་རྒྱ་མཚོའི་བྲོ། །གླུ་འདི་ལྟ་བ་རྒྱ་མཚོའི་གླུ། །ཚིག་འདི་འདུ་འབྲལ་མེད་པའི་ཚིག །བྲོ་ཡི་མིང་ནི་སྟམ་བྷ་ནན། །གླུ་ཡི་མིང་ནི་བཱ་ཤ་ཧུ༷། །ཚིག་གི་མིང་ནི་ཨསྐུ་ཤ །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །ཀུན་གྱི་ཐུགས་དམ་ཆེན་པོ་ཡིན། །སྙི༷༷ཧི༷༷སྙི༷༷ཧུ༷་ཧུ༷་ཧུ༷། ཕཊ་ཕཊ་ཕཊ། ཧུ༷་གསང་བ་ཡུམ་གྱི་མཁའ་དབྱིངས་སུ། །བདེ་ཆེན་རོལ་པའི་བྲོ་གཅིག་བརྡུང་། །སྣ་ལ་པདྨ་རོལ་པའི་བྲོ། །ཆགས་པ་མེད་པའི་ཚུལ་གྱིས་བརྡུང་། །དེ་ནས་ཤེས་རབ་ཐབས་ཀྱི་བྲོ། །བྷ་གའི་དཀྱིལ་དུ་དགྲ་བགེགས་བརྡུང་། །དེ་ནས་དབང་པོ་ཡུལ་གྱི་བྲོ། །ལྷ་མོ་བརྒྱད་དང་ཐབས་ཅིག་རོལ། །དེ་ནས་རྡོ་རྗེ་པདྨའི་བྲོ། །ཕྱག་རྒྱ་ཆེན་པོར་རྒྱས་འདེབས་སོ། །དེ་ནས་གདུལ་བྱ་དྲག་པོའི་བྲོ། །ཁྲག་འཐུང་རྒྱལ་པོའི་འཁོར་ལ་བརྡུང་། །དེ་ནས་མོས་པ་རྐྱེན་གྱི་བྲོ། །མ་སྲིང་རྒྱ་མཚོའི་འཁོར་ལ་བརྡུང་། །དེ་ནས་འདུལ་བྱེད་ཐབས་ཀྱི་བྲོ། །ཕྱོགས་བཅུའི་རྣལ་འབྱོར་མ་ལུས་སྡུད། །དེ་ནས་སྤོར་བ་གནས་ཀྱི་བྲོ། །རྒྱུད་དྲུག་རྣམ་ཤེས་དབྱིངས་སུ་སྡུད། །ཐབས་དང་ཤེས་རབ་ལྡན་བྱས་ནས། །གླུ་བྲོ་དམ་ཚིག་རྒྱལ་པོ་ཡིན། །བརྟན་པས་བདུད་བཞི་འདུལ་བའི་བྲོ། །བྲོ་འདི་བར་ཆད་མེད་པར་བརྡུང་། །ལྟ་བ་དྲན་པར་བྱ་བའི་ཕྱིར། །གླུ་ནི་འདུ་འབྲལ་མེད་པར་བླང་། །དཀྱིལ་འཁོར་རང་ལ་གསལ་བའི་ཕྱིར། །ཚིག་ནི་སྙིང་པོ་འཛབ་ཏུ་བཟླས། །ཡེ་ཤེས་དཔལ་གྱི་བྲོ་ར་ཚུགས། །བདུད་བགེགས་བར་ཆད་མིང་ཡང་མེད། །ཨ་ལ་ལ་ཧོ་དགྱེས་པ་ཆེ། །ཧུ༷་ཧུ༷་ཧྭ༷། ཧུ༷་ཆེ་མཆོག་འཁོར་བཅས་རོལ་པའི་བྲོ། །དགྲ་བགེགས་དམ་སྲིའི་སྲོག་ལ་བརྡུང་། །བཛྲ་ཧེ་རུ་རོལ་པའི་བྲོ། །དགྲ་བགེགས་དམ་སྲིའི་སྙིང་ལ་བརྡུང་། །གཤིན་རྗེ་གཤེད་པོ་རོལ་པའི་བྲོ། །དགྲ་བགེགས་དམ་སྲིའི་ཀླད་པར་བརྡུང་། །རྟ་མགྲིན་རྒྱལ་པོ་རལ་པའི་བྲོ། །དགྲ་བགེགས་དམ་སྲིའི་ལྕེ་ལ་བརྡུང་། །རྡོ་རྗེ་གཞོན་ནུ་རོལ་པའི་བྲོ། །དགྲ་བགེགས་དམ་སྲིའི་ལྟེ་བར་བརྡུང་། །བླ་མེད་ཧེ་རུ་རོལ་པའི་བྲོ། །དགྲ་བགེགས་དམ་སྲིའི་གསང་བར་བརྡུང་། །རིག་འཛིན་ཐོད་རྩལ་རོལ་པའི་བྲོ། །དགྲ་བགེགས་དམ་སྲིའི་སྤྱི་བོར་བརྡུང་། །དྲེགས་པ་ཀུན་འདུལ་རོལ་པའི་བྲོ། །དགྲ་བགེགས་དམ་སྲིའི་བརླ་གཡས་བརྡུང་། །སྟོབས་ལྡན་ནག་པོ་རོལ་པའི་བྲོ། །དགྲ་བགེག་དམ་སྲིའི་བརླ་གཡོན་བརྡུང་། །ཞི་ཁྲོ་བཀའ་བརྒྱད་རོལ་པའི་བྲོ། །གཡས་སུ་བསྐོར་ཏེ་དགྲ་ལ་བརྡུང་། །གཡོན་དུ་བསྐོར་ཏེ་བགེགས་ལ་བརྡུང་། །གཡས་གཡོན་ཐབས་དང་ཤེས་རབ་བྲོ། །རུ་དྲ་དམ་སྲི་ཐལ་བར་རློག །ཧུ༷་སྟམ་བྷ་རསྒ་དགྲ་བགེགས་ནན། །ཕྲིན་ལས་རྣམ་བཞི་བསྒྲུབ་པའི་བྲོ། །བྲོ་བཅའ་ཕྲིན་ལས་དབྱིབས་སུ་བཅའ། །ཧུ༷་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ། །གཏི་མུག་བདེ་གཤེགས་འཁོར་དང་བཅས། །དེ་བཞིན་རིགས་མཆོག་མ་ལུས་ཀྱིས། །འཇིག་རྟེན་ཁམས་འདི་རབ་འབྱམས་ན། །ཤིན་ཏུ་རྨོངས་པའི་སེམས་ཅན་ཀུན། །ཞི་བའི་ཐུགས་རྗེ་ཆེན་པོ་ཡིས། །ཞི་བར་མ་གྱུར་གང་ཡང་མེད། །ཞི་མཛད་ལྷ་ལ་ཕྱག་འཚལ་ལོ། །ནད་གདོན་རྣམ་རྟོག་ཤིརྙ༷་ཀུ་རུ་གྲྭ་ཧྭ། །ཧུ༷་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ། །ང་རྒྱལ་བདེ་གཤེགས་འཁོར་དང་བཅས། །རིན་ཆེན་རིགས་མཆོག་མ་ལུས་ཀྱིས། །འཇིག་རྟེན་ཁམས་ནི་རབ་འབྱམས་ན། ཁེན་ཏུ་དབུལ་བའི་སེམས་ཅན་ཀུན། །ཚེ་དབང་ལོངས་སྤྱོད་རྒྱས་པར་མཛད། །རྒྱས་པར་མ་གྱུར་གང་ཡང་མེད། །རྒྱས་མཛད་ལྷ་ལ་ཕྱག་འཚལ་བསྟོད། །ཚེ་དང་བསོད་ནམས་བྲེརྨྱེ༷་ཀུ་རུ་གྲྭ་ཧྭ། །ཧུ༷་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ། །འདོད་ཆགས་བདེ་གཤེགས་འཁོར་དང་བཅས། །པདྨའི་རིགས་མཆོག་མ་ལུས་ཀྱིས། །འཇིག་རྟེན་ཁམས་ནི་རབ་འབྱམས་ན། །ཤིན་ཏུ་ཆགས་པའི་སེམས་ཅན་ཀུན། །ཐམས་ཅད་དབང་དུ་སྡུད་པར་མཛད། །དབང་དུ་མ་གྱུར་གང་ཡང་མེད། །དབང་མཛད་ལྷ་ལ་ཕྱག་འཚལ་བསྟོད། །ལྷ་འདྲེ་མི་གསུམ་བ་ཤང་ཀུ་རུ་སྭ་ཧྭ། ༷་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ། །ཞེ སྡངབདེ གཤེགས འཁོར་དང་བཅས། །རྡོ་རྗེ་རིགས་མཆོག་མ་ལུས་ཀྱིས། །འཇིག་རྟེན་ཁམས་ནི་རབ་འབྱམས་ན། ཁྲན་ཏུ་གདུག་པའ་སེམས་ཅན་ཀུན། །རྡུལ་དུ་མ་བརླགས་གང་ཡང་མེད། །བརླག་མཛད་ལྷ་ལ་ཕྱག་འཚལ་ལོ། །དགྲ་གེགས་གནོད་བྱེད་བཱ་ར་ཡ་ཧུ༷་ཕཊ། དེ་ལྟར་བྲོ་ཡ་ལས་རྫོགས་ནས། །ནད་སོས་སྨྱོ་ཐུལ་དམ་སྲི་ནོན། །བར་ཆོད་ཀུན་གྱིས་ཚུགས་མི་འགྱུར། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། །གཟིར་མནན་གླུ་བྲོ་ཡོངས་རྫོགས་ཀྱི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། །ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །སངས་རྒྱས་བསྟན་པ་མཐར་བསྐྱང་ཕྱིར། །མངག་པ་ཕོ་ཉ་ཡོངས་རྫོགས་གང་། །དེ་སྐད་གསོལ་པས་བཀའ་སྩལ་པ། །མདོར་ན་དཔལ་གྱི་བཀར་འདུས་པའི། །ལྷ་སྲིན་དམ་ཅན་བསམ་ཡས་ཀྱང་། །བཀྲ་ཤིས་དམ་ལྡན་མཐུ་ཆེ་བའི། །སྔགས་བདག་དེད་དཔོན་སུམ་ཅུ་ཡིན། །ཕོ་ཉ་ཡོངས་རྫོགས་འདི་བསྒྲུབ་ན། །དབེན་པའི་གནས་སུ་སྒྲུབ་རྫས་བསག །དཀྱིལ་འཁོར་མངའ་གང་གྲུ་བཞི་ཡི། །དབུས་སུ་ཁྲུ་གང་གྲུ་གསུམ་བྲུ། །རོ་རས་སམ་ནི་དུག་ཤོག་ལ། །འཁོར་ལོ་སུམ་ཅུ་རྩིབས་ལྡན་བྲི། །དབུས་སུ་དམིགས་པའི་ལིདྷ་བཅའ། །རྩིབས་ལ་སྲོག་སྔགས་སུམ་ཅུ་པོ། །ཐོད་ངན་ཁ་སྦྱོར་ནང་དུ་གྲུབ། །ཕོ་ཉ་མཆོད་རྟེན་རྟེན་གཏོར་དུ། །རི་རབ་བཤོས་བུ་སུམ་ཅུས་བསྐོར། །ཨ་མྲི་ཏ་དང་ཕུད་ཀྱིས་བྲན། །སྔགས་ལ་བ་ལི་ཏ་ཁུ་ཧི་ཞེས། །རྟགས་བྱུང་བསྔོ་ཞིང་གྲུབ་དུས་བཏང་། །ཡོངས་རྫོགས་བསྙེན་པའི་དྲག་སྔགས་ལ། །ཕོ་ཉའི་དྲག་སྔགས་འདི་བཏགས་བཟླས། ་་་དཀར་ལྕགས་ཕྱེའི་ཐུན་ལ་བསྟིམ། །མ་ཧྭ་དེ་ཝ། ཨུ་མ་དེ་ཝ། ཡ་མ་རྭ་ཛ། ཡ་མ་དུན་ཏིང་། མ་མ་རུ་ལུ། ཨེ་ཀ་ཛ་ཏི། དུ་ཕྲག །དུན་ཏིང་། རྭ་ཛ་གིང་ཀ་ར། བཛྲ་སྭརྙུ་ཏྲི། རྭ་ཧུ་ལ། རསྒ༷།༷རཀློ་ར།ཡཀྟ། ཡག་མོ། མ་ཧྭ་ཀྭ་ལ། དུ་དྲ། མུན་མུན། ཏི་ཏི་ཀ །དེ་བ། ཨ་སེ་ལ། ཏིསྟོ་འདྲེ་རུ་མ། ཨ་སྟི་ཤུ། ཏྲི་པ་ཤ་ལི། ཧ༷་ཤ༷་ཏྲི། བྱི་ནཱ་ཡ་ཀ །དྷ་ཀི་ནི་ན༷། ནག་པོ་ཏི་པ་ཙ། ནཱ་ག །ཀྲོ་དྷི་ཤྭ་རྡི་ཕུ༷༷། སརྦ་དུ་༷་རྙི་རྙི་ཛ༷༷ཛ༷༷།ཉམས་རྟགས་རྟ་བ་མི་རེང་སོགས། །དམག་ཁྲོམ་འདུ་ན་སྐྲུ་གྲི་གདགས། །སྡེ་དཔོན་རེ་རེའི་སྔགས་གཞུག་ཏུ། །དགྲ་བོའི་སྲོག་ལ་སྨྱོརྣ༷ ་མྱ་ར་ཡ་རྦད། །བདག་ཉིད་ཡོངས་རྫོགས་ལྷར་གསལ་ནས། །སྡི་དཔོན་རང་རང་ཆ་ལུགས་ཅན། །རབ་འཇིགས་ལག་ཆ་སྣ་ཚོགས་ཐོགས། །དགྲ་བོ་འགུགས་གསོད་ཤ་ཁྲག་རོལ། །གྲོག་ཚང་འབུས་སྙིགས་ལྟ་བུར་བསམ། དུས་དྲུག་ཐུན་བྲབ་བརྣག་པ་སྐྱེད། །སྐབས་སུ་མཆོད་ཅིང་ལས་ལ་རྦད། །དེ་ཡི་ཉམས་རྟགས་ཕོ་ཉ་ཡིས། །དགྲ་བོ་དངོས་ཁྲིད་གསོད་འཛིན་དང་། །བྲག་གཤག་ཤིང་གཅོད་སྙིང་སྟོན་འབྱུང་། །དེ་ཚེ་དབུས་ཀྱི་ལིདྷ་དབྱུང་། ཕུར་པ་གདབ་ཅིང་བསྲེག་མནན་འཕང་། །དེ་ཡིས་བསྟན་པའི་རུ་དྲ་སྒྲོལ། །གཏོར་ཚོགས་མདོས་ཀྱི་གཏང་རག་གཏང་། །རྟག་ཏུ་མཆོད་ན་ཁྱི་བཞིན་འབྲང་། །དེ་ཕྱིར་དྲེགས་པའི་བདག་པོར་འགྱུར། །ཞི་ཁྲོ་བཀའ་བརྒྱད་ཐམས་ཅད་ཀྱི། །ཕོ་ཉ་ཡོངས་རྫོགས་འདི་ཉིད་དོ། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས་དམ་ཅན་ཕོ་ཉ་ཡོངས་རྫོགས་ཀྱི་ལེའུ་སྟེ་སོ་གཅིག་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །སྒྲུབ་པའི་ཡོ་བྱད་ཕུན་ཚོགས་ཕྱིར། །འདོད་ཡོན་ནོར་སྒྲུབ་ཡོངས་རྫོགས་གང་། །དེ་སྐད་གསོལ་པས་བཀའ་སྩལ་པ། །དེ་དཔོན་ནོར་བདག་གནོད་སྤྱིན་ཡིན། །གནོད་སྦྱིན་བྱེ་བྲག་བསམ་ཡས་ཀྱང་། །ཉེར་བསྡུས་ཕོ་དགུ་མོ་དགུ་ཡིན། །གཙོ་བོ་ཛམ་ལ་གཅིག་པུར་འདུས། །བསྒྲུབ་ལུགས་སྤྱི་ཆིངས་སྙིང་ཁོལ་ལས། །སྤྱི་ཆིངས་གནོད་སྦྱིན་སྲོག་འཁོར་ཏེ། །མཐིང་ཤོག་དག་ལ་རཏྣ་ལྔས། །ཕད་འཁོར་སྦྲག་མ་འདབ་བརྒྱད་བྲི། །མུ་ཁྱུད་ལྔས་བསྐོར་ལྟེ་དབུས་སུ། ཧུ༷་ཛོ་བ་ཤ༷་ཧྲི༷། སྔགས་འཆང་ཆེ་གེ་མོ་ལ་པུརྒྱ་སརྦ་སིརྙི་སྡུས། དེའི་ཕྱི་ལྟེ་བའི་མུ་ཁྱུད་བར། །རྗ་དགུ་བ༷་དགུ་སྤེལ་མར་བསྐོར། །ཙཀྲ་རྩིབས་ཀྱི་ནང་བརྒྱད་དུ། །ཨོ་ཛསྟ་ལ་ཛ་ལེནྟྲ་ཡ་གྲྭ་ཧྭ། རྩིབས་མཆན་པདྨ་འདབ་བརྒྱད་ལ། །ཨོ་བ་སུ་དྷ་རི་ཁིའ་སྲུ་ཧྭ།མུ་ཁྱུད་ནང་མ་ཡཀྟ་བརྒྱད། །སིདྷི་ཧུ༷་དང་སྤེལ་བར་བྲི། །དེ་ཡི་ཕྱི་རིམ་ལས་མཁན་སྲོག་སྔགས་བྲི། ཨོ་ཛི་ཧྲི་་ ར་ཤོག་ཡ་ཏྲི་དྲུང་དྲུང་ཏྲི་ཨུ་ཡུ༷༷པུརྒྱ་སིརྙི་ས་མ་ཡ་ཧུ༷་ཨུ༷༷། དེའི་ཕྱི་རིན་ཆེན་ཟུར་བརྒྱད་བྲི། །དེའི་ཕྱི་ལྕགས་ཀྱུ་ཁ་སྤྲད་བརྒྱད། །བར་དུ་འདོད་དོན་མིང་སྤེལ་བྲི། །ལེགས་བྲིས་གུར་གུམ་དྲི་བཟང་བྱུག །ཨ་རུ་རྨ་མེད་གསེར་མདོག་ལ། །གསེར་གྱི་ཛོ་བ༷་ཏྲི་བྲིས་ཏེ། །དེ་ཉིད་འཁོར་ལོའི་དབུས་སུ་ནི། །དར་ལྔས་སྒྲིལ་ཏེ་དཀར་གསུམ་དང་། །མངར་གསུམ་འབྲུ་སྣ་ལྔར་བཅས་པ ཟངས་མའི་གའུ་འཚམས་པོར་གཞུག །ཡོངས་རྫོགས་རྩ་བའི་སྙིང་པོ་ལས། །ཨོ་ཛོ་བྷ་ལ་ཛ་ལེནྟྲ་ཡ་གྲྭ་ཧྭ། ཨོ་བ་སུ་དྷ་རི་ཁིའ་སྲུ་ཧྭ། སརྦ་སིརྙི་ཧུ༷་ཨུ༷༷། དེ་བཏགས་སྟོང་བཟླས་རབ་གནས་བྱ། །དེ་ཉིད་བཅངས་པས་གནོད་སྦྱིན་རྣམས། །འདུས་ནས་ནོར་གྱི་ཆར་པ་འབེབས། །དེ་ནས་གནོད་སྦྱིན་ཐམས་ཅད་ཀྱི། །ནོར་གྱི་ལས་མཁན་སྙིང་ཁོལ་བསྒྲུབ། །གཡའ་མཚམས་དབེན་པར་མཎྜལ་གྲུ་བཞི་ཡི། །སྟེང་དུ་སྲིན་བྱའི་ཤས་བརྒྱན་པའི། །རྟག་གཏོར་གཅིག་བཤམས་རས་དཀར་ལ། །བྱིས་པའི་གཟུགས་ལེགས་རྒྱན་ཅན་བྲི། །མདའ་བཟང་བྱ་རྒོད་གཅིག་ལ་གདགས། །གཞན་ཡང་རས་དཀར་གཙང་མའི་ནང་། །ཕ་ཝང་ལོང་བུ་ཤེལ་བྱི་སྲ །གསེར་སྦྲམ་དྲིལ་ཏེ་རྟེན་དུ་གཟུག །རང་ཉིད་ལྷར་གསལ་ཞག་གསུམ་དུ། །སྲོག་གི་སྙིང་པོ་འདིས་དགུག་བྱ། །ཨོ་ཏྲིའུ་ཏྲིའུ་མྱུར་ཤོག །ཡ་ཏི་དྲུང་དྲུང་ཏྲི། །མི་ཚིག་སྤངས་ཏེ་བཟླས་བརྩོན་ན། །དང་པོ་ལྟས་འཁྲུགས་དེ་རྗེས་དགའ། །ཐ་མ་བྱིས་པ་མང་པོ་འཁོར། །དེ་ཚེ་ནོར་འགུགས་ཤམ་བུ་གདགས། །སིརྙི་སིདྷི་ས་ཝ་ཡ་ཧུ༷། དངོས་སུ་ཅི་འདོད་ནོར་རྣམས་སྟེར། །མིག་མཐོང་འདོད་ན་སྔགས་འདི་བཟླས། །ཙཀྱུ་ཙཀྱུ་ཕྱེ་གྲྭ་ཧྭ། དེ་ཡིས་མངོན་ཤེས་འཇིག་རྟེན་སྟོན། །དབང་བསོད་འདོད་ན་སྔགས་འདི་གདགས། །སརྦ་བ་ཤ༷་ཀུ་རུ་གྲྭ་ཧྭ། དེ་ཡང་སྦགས་སྒྲུབ་འདི་ཁོ་ན། །རྒྱུན་ཏུ་བསྒྲུབས་པས་བསམ་ཚད་འགྲུབ། །སིརྙི་ཙཀྱུ་བ་ཤ༷་ཀུ་རུ་ ས་མ་ཡ་གྲྭ་ཧྭ། དངོས་གྲུབ་མྱུར་འབྱུང་རྒྱུན་དུ་བཟླས། །ཞག་གསུམ་རྗེས་ལ་ཟས་གཏོར་སྦྱིན། །གཏེར་རྙེད་འབྲུ་ཆར་འབབ་པ་དང་། །བྱིས་པ་ཕྱག་འཚལ་ལོ་ཐོག་བརྡའ། །བཟང་རྟགས་དེ་ཡིན་ཁོ་ཁྲོས་ན། །མི་ནག་མཛེ་ཕོ་རྩོད་རྒོལ་ཅིང་། །རྒྱན་གཏོར་སྦྲང་པོ་ནོར་འདོད་འོང་། །དགོངས་པ་བསར་ཅིང་ཉམས་པ་བཤགས། །གཏོར་མ་གཏང་ཉིང་དབང་དུ་བསྡུ། །ཚེ་དབང་བུ་ནོར་བདག་པོར་འགྱུར། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། །གནོད་སྤྱིན་ཡོངས་རྫོགས་ནོར་སྒྲུབ་ཀྱི་ལེའུ་སྟེ་སོ་གཉིས་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །ལས་ཅན་ཀུན་ལ་ཕན་བྱའི་ཕྱིར། །ཐུན་མོང་ཁ་སྐོང་རིམ་པ་གང་། །དེ་སྐད་གསོལ་པས་བཀའ་སྩལ་པ། །ཐུན་མོང་ལས་རིམ་བསམ་ཡས་ཀྱང་། །ཁ་སྐོང་ལས་རིམ་མདོར་བསྟན་བཤད། །བསོད་ནམས་ཚོགས་གསོག་ཡོངས་རྫོགས་ཐབས། །མཆོད་དང་ཆུ་སྤྱིན་ཆུ་གཏོར་དང་། །ལྷ་ཁྲུས་མཎྜལ་གསོལ་འདེབས་བྱ། །གཏོར་མ་ཆུ་སྤྱིན་བཟའ་ཚོགས་བཟའ། །འགྲོ་འཆག་ཉལ་འདུག་རྟེན་ལ་བསྐོར། །ཉམས་པ་གསོ་ཞིང་ཚ་ཚྭ་གདབ། །སྐྱབས་ཆོས་ཟང་ཟིང་གསུམ་སྤྱིན་ཞིང་། །ནད་གདོན་བར་གཅོད་གཏོར་མས་བཟློག །འགྲོ་བའི་ཟས་སྐྱེད་ཆར་རྒྱུན་དབབ། །དཀོན་མཆོག་སྐུ་གསུམ་རྩ་གསུམ་ལ། །སྐྱབས་འགྲོ་བྱང་ཆུབ་སེམས་གཉིས་བསྐྱེད། །མཆོད་ཕྱིར་མཎྜལ་རྟེན་གསུམ་དགོད། །མཆོད་བཤམས་མཚམས་བཅད་བྱིན་གྱིས་བརླབ། །དངོས་ནི་ཡུལ་བསྐྱེད་ཡེ་ཤེས་བསྟིམ། །བཞུགས་གསོལ་ཕྱག་སོགས་རིམ་གྱིས་མཆོད། །འཇིག་རྟེན་ལྷ་རྫས་ཇི་སྙེད་སོགས། །ཀུན་བཟང་བློས་སྤྲུལ་དག་པས་མཉེས། །སྒྲིབ་བྱང་དངོས་གྲུབ་གནང་བསམ་བསྟོད། །བཤགས་དང་ཆོས་འཁོར་ཡི་རང་བསྐུལ། །བཞུགས་གསོལ་དམ་བཅའ་བསྔོ་ཞིང་སྨོན། །དོན་བསྐུལ་བསྐང་བཤགས་བཟོད་པར་གསོལ། །བཀྲ་ཤིས་སྨོན་ལམ་བཅསཔདང། །གཤེགསབསྡུདམིགས་མེད་རྒྱས་གདབ་བྱ། །ཚོགས་རྫོགས་བྱང་ཆུབ་ཉེ་བའི་རྒྱུ། །དེ་དག་སྔགས་རིམ་འདི་དག་སྟེ། །ཨོ་སརྦ་དྷརྨུ༷༷སྭ་བྷ་ཝ་བི་ཤུད་རྙོ྅་ཧ༷། ཨོ་བཛྲ་ཡསྒ་ཧུ༷། ཡཀྟ་རཀྟ་ཧུ༷་ཧུ༷། ཨོ་ཨུ༷༷ཧུ༷། བཛྲ་པུསྤྲོ་ཧུ༷། བཛྲ་ཧཱུཾ་པེ་ཧུ༷། བཛྲ་ཨུ་ལོ་ཀེ་ཧུ༷། བཛྲ་གརྙེ་ཧུ༷། བཛྲ་ནི་བི་ཕྱི་ཧུ༷།བཛྲཨུཧརཧུ༷ཞེ་བྱུང། བཛྲ་ཤསྟ་ཧུ༷། ཨོ་ཟློ༷་པདྨ་ཀ་མ་ལ་ཡ་མཎྜལ་ཧུ༷། ཨོ་ན་མོ་བུརྙ་ཡ། ན་མོ་དྷརྨུ་ཡ། ན་མ༷༷སསྒྲོ་ཡ་ཧུ༷། ཨེ་རྒྱེ་ཧི་བྷ་ག་ལྷུན། ཛ༷༷ཧུ༷་བ༷་ཧོ༷༷། ས་མ་ཡ་སྟུ༷། ཨོ་སརྦ་ཏ་ཐུ་ག་ཏ། པྲ་བར་སགི་ར་པྲ་ཏི་སྣྲོ་གྲྭ་ཧྭ། ཨསྙེ༷་པྲ་ཏི་སྣྲོ་གྲྭ་ཧྭ། ཨོ་ན་མ༷༷ སརྦེ་ཏ་ཐུ་ག་ཏ་པུ་ཛ་མེ་བྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡ་ཧུ༷། སྔགས་ལ་རྐྱེན་སྦྱར་དབྱངས་རིམ་པས་མཆོད། བཛྲ་མུ། མཆོད་སྒྱིན་གཏོར་མའི་རིམ་པ་ནི། གནས་གཙང་མཆོད་གཏོར་ཆ་གསུམ་བཤམ། །སྦྱང་སྤེལ་བསྒྱུར་ཐོབ་བྱིན་གྱིས་བརླབ། །ཞེ་སྡང་རྡོ་རྗེས་བསྐྲད་བསྡུ་བྱ། །དང་པོ་གཙང་རིགས་བདུན་ཅུ་གཉིས། །བསྐྱེད་འགུགས་རང་སྔགས་ཕྱག་རྒྱ་ཡིས། །དབབ་ཅིང་སྤྱན་དྲང་མཆོད་བསྟོད་བྱ། །དངོས་གྲུབ་བླང་ཞིང་ལས་ལ་བསྐུལ། །ཨོ་ཨུ༷༷ཧུ༷་རྒྱུ༷། ཨོ་པྲེ་ཏ་ཡསྒ་ཨ་ས་པ་ཨི་ཨ་ཡ་བ་ཡ་ག །བི་ནཱ་ཡ་ཀ་གྲྭ་ཧྭ། དེ་དེ་དེ། དེ་དེ་དེ་དེ་དེ། ཕུ༷་།༷་།༷་།༷་།༷་།༷་།༷་།༷༷། རྭ་རྭ་རྭ་རྭ་རྭ་རྭ་རྭ་རྭ། ཡ་ཡ་ཡ་ཡ་ཡ་ཡ་ཡ་ཡ། སྔགས་ལ་རྐྱེན་སྦྱར་དང་པོས་མཆོད། བར་བར་་རྒྱུད་ལྔ་རིགས་དྲུག་སྤྱི།སྔགས་དང་ཕྱག་རྒྱས་སྤྱན་དྲང་མཆོད། །ཨ་དྲི་སུ་ཏྲི་པྲེ་དུ་བཛྲ་ཨུ་གསྣྲོ་ཧུ༷་ཧཱུཾ་ཛ༷༷ཛ༷༷། སྔགས་དང་ཚིག་སྦྱར་བར་དུ་མཆོད། །ཐ་མ་སྟོང་ཕྲག་བརྒྱད་བཅུའི་བགེགས། །ཆགས་འཇལ་ཤ་འཁོན་སྦྱོང་རྫས་བརླབས། །དེ་ཝ་ནཱ་ག །ཡཀྟ། གརྙརྦ། བྷ་ཏ་ཏ་ནི་རི་ཏི། ག་རུ་ཌ །གིསྣོ་ར། མ་ཧོ་ར་ག །པྲེ་ཏ་ཀ །མ་ནུ་ལྒ ཨ་མ་ནུ་ལྒ ས་བཱ་རི་ལྷུ་རེ་བྷ༷༷སྭ་ཧྭ། སྔགས་བརྒྱ་ཚིག་གིས་སྤྱན་དྲང་མཆོད། ཆོས་བཤད་བདེན་བདར་བཀའ་བསྒོ་ཞིང་། །བསྐྲད་བསྲུང་དེ་ཡི་ཐོབ་ཚུལ་ལོ། །ཆུ་ཡི་གཏོར་མས་མཆོད་པའི་ཐབས། །གང་ཟག་གནས་དུས་ཡུལ་རྒྱུ་རྐྱེན། །རཏྣའི་སྣོད་བཞིར་ཆུ་གཙང་སྦྱར། །ལྔ་ཚན་ལྔ་རྫས་མེ་ཏོག་གདབ། །སྐད་ཅིག་ལྷར་བསྐྱེད་ལུས་བསྲུང་བྱ། །བདུན་པོ་ཚངས་པའི་གནས་བཞི་བསྒོམ། །སྒྱུ༷་ལས་གནས་བསྐྱེད་དེ་དབུས་སུ། །སྟོང་ཉིད་ས་བོན་ཕྱག་མཚན་ལས། །སྔགས་བརྗོད་ཏིང་འཛིན་དམ་ཚིག་བསྐྱེད། །ཡེ་ཤེས་མདུན་དགུག་མཆོད་བསྟོད་བསྙེན། །པད་སྡོང་འཁོར་ལོ་རིམ་བཞི་ལ། །སྲི་ཞུ་ཡོན་ཏན་སྙིང་རྗེ་ཆགས། །མགྲོན་བཞི་དགུག་ལ་གྲལ་རིམ་དགོད། །སྔགས་རྒྱས་སྦྱང་སྤེལ་མོས་པར་བསྒྱུར། །སྤྱོད་དབང་ཐོབ་མཉེས་དབང་དུ་བསྡུ། །ལས་བཅོལ་མིང་གི་བསྔོ་བ་བྱ། །དོན་བརྗོད་བདེན་དར་ཆོས་གསུམ་སྤྱིན། །འཕགས་ཚོགས་གཤེགས་གསོལ་མགྲོན་གསུམ་དགྱེས། །དེ་རྗེས་སྣང་སྲིད་འཁོར་འདས་ཆོས། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་ལ། །བཟང་ངན་རྟོག་ཚོགས་མཆོད་རྫས་སྤྲས། །འཛིན་བྲལ་གཏོར་ཆེན་ཡོངས་ལ་ཁྱབ། །ཆོས་དབྱིངས་སྐྱེ་མེད་རང་རྒྱས་གདབ། །དེ་དག་སྔགས་རིམ་འདི་ལྟ་སྟེ། །ཨོ་སྭ་བྷ་ཝ་བི་ཤུདྷི། སརྦ་དྷཨཱོཾ༷༷སྭ་བྷ་ཝ་བི་ཤུརྙོ྅ཧ༷།ན་མ༷༷སརྦ་ཏ་ཐུ་ག་ཏེ་སྨྱོ། བི་ཤྭ་མུ་ཁེ་བྷ༷༷སརྦ་ཏཁྲི༷་ཨུཏྣ་ཏེ་ཧི་མ༷་ག་ག་ན་ཁ༷་གྲྭ་ཧྭ། ཨོ་ཨ་མྲི་ཏ་ཀུཎྜལི་ཧ་ན་ཧ་ན་ཧུ༷་ཕཊ། ཨོ་ན་མ་སརྦ་ཏ་ཐུ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོ་སསྟུ་ར་སསྒྱུ་ར་ཧུ༷། ཨོ་ཙྭ་ན་ཨ་ཝ་ལོ་ཀི་ཏེ། ན་མ༷༷ས་མརྙ་སྤ་ར་ཎ། རསྨི་བྷ་བ་ས་མ་ཡ་མ་ཧྭ་མ་ཁེ། དུ་རུ་དུ་རུརྟ་ད་ཡ། ཛ་ལ་ནི་ཧུ༷་ཕཊ། ན་མ༷༷ས་མརྙ་བྲརྙ་ནཱ༷། གྲ་ཧེ་ཤྭ་རི་པྲ་བྷརྫི་ཏི། མ་ཧྭ་ས་མ་ཡ་སྲུཧྭ། སྔགས་ལ་ཚིག་དང་ཕྱག་རྒྱས་བརྒྱན། །བྱང་ཆུབ་སེམས་ཆེན་སྤྱོད་ལམ་བྱ། །གཉིས་རྫོགས་བྱང་ཆུབ་འགྲུབ་པའི་རྒྱུའོ། །རྣལ་འབྱོར་ལྡང་ཚེ་རིམ་པ་གསུམ། །ལུས་ལྷ་ངག་སྔགས་སེམས་ཉིད་ནི། །སྤྲོས་བྲལ་སྣང་སྲིད་སྨིག་རྒྱུར་བལྟ། །ཁྲུས་གསུམ་ཆུ་གཙང་དྲི་ཆུ་དང་།སེམས་ཉིད་དག་བྱ་ཁོ་ན་ཡིན། །མཎྜལ་ཕྱི་ནང་གསང་བ་སྟེ། རིན་ཆེན་མཎྜལ་དྲི་གཙང་བྱུག །མེ་ཏོག་རི་རབ་གླིང་བཅས་དགྲམ། །རིན་ཆེན་བདུན་གཏེར་ཉི་ཟླས་བརྒྱན། །ཡང་ན་ཞིང་ཆེན་ཁྲག་བྱུགས་ལ། །དབང་པོ་རྣམ་ལྔའི་ཚོམ་བུ་དགྲམ། །ནང་གི་མཆོད་སྤྲིན་གཏིབས་ལ་དབུལ། །མཐའ་བྲལ་རང་སེམས་རྟོག་ཚོགས་དགྲམ། །རྣམ་དག་རང་གྲོལ་གསང་མཆོད་དབུལ། །གསོལ་འདེབས་གསུམ་གྱིས་ཉམས་སྤེལ་བ། སྤྱི་གཙུག་བླ་མ་རྡོ་རྗེ་ཆོས། །རིག་འཛིན་ཚོགས་བསྐོར་བྱིན་ཆེན་ལ། །ལུས་ཀྱིས་ཕྱག་སྦྱར་ངག་དབྱངས་སུ། །འབྲུ་གསུམ་སྙིང་པོས་གསོལ་བ་གདབ། །རང་རིག་བླ་མ་ཆོས་སྐུར་བསྐྱང་། །རྒྱུན་གཏོར་གཙང་མ་ཅི་འབྱོར་ལ། །འབྲུ་གསུམ་སྔགས་ཀྱིས་སྤེལ་སྦྱངས་བསྒྱུར། །ཕྱི་ལྟར་ལྷ་རྫས་ནང་འདོད་ཡོན། །གསང་བ་འཁོར་འདས་ཞེན་རྟོག་བྲལ། །རྩ་བ་གསུམ་སྩོགས་སྲི་ཞུའི་མགྲོན། །ཡོན་ཏན་སྙིང་རྗེ་ལན་ཆགས་མཆོད། །ཆོས་སྤྱིན་དམིགས་མེད་རྒྱས་གདབ་བྱ། །ཆུ་སྤྱིན་བུམ་ནང་ཆུ་ཨར་བསམ། །འབྲུ་གསུམ་ཉེར་གཅིག་བརྗོད་སྦྲེངས་པས། །བདུད་རྩིས་ཡི་དྭགས་ཀུན་ཚིམ་བསམ། །གཏོར་བས་རིགས་དྲུག་སྡུག་བསྔལ་གྲོལ། །བཟའ་ཚོགས་རང་ཉིད་ལྷར་གསལ་གདབ། །གནས་གསུམ་འབྲུ་གསུམ་རྩ་གསུམ་དངོས། འོད་ཀྱིས་བག་ཆགས་སྦྱང་སྤེལ་བསྒྱུར། །བདག་མཆོད་ཀུན་མཉེས་ཚོགས་འཁོར་ཆེ། །འགྲོ་ན་ཡེ་ཤེས་མཁའ་ལ་འགྲོ། །འཆག་ཚད་བདུད་རྩིར་བྱིན་བརླབ་སྦྱིན། །ཉལ་ཚད་མི་རྟོག་ཆོས་དབྱིངས་ཉལ། །འདུག་ཚད་རྣལ་འབྱོར་གསུམ་ལྡན་འདུག །བསྐོར་བ་ཡོངས་རྫོགས་རྟེན་མཆོག་ལ། །འགྲོ་ཀུན་འཁོར་རྒྱུན་གཅད་ཕྱིར་བསྐོར། །ཡེ་ཤེས་འཁོར་ལོ་རྒྱུན་མི་འཆད། །ཉམ་གསོ་མཚན་དོན་ཕྱག་འཚལ་ཞིང་། །ཡི་གེ་གསུམ་གྱི་འཕྲོ་འདུ་བྱ། །རྣམ་དག་ཡེ་ཤེས་ཉི་མས་སྦྱངས། །ཚ་ཚྭ་ཕྱི་ལྟར་འབྱུང་བ་དང་། །ནང་ཟས་གསང་བར་སེམས་ལ་གདབ། །སྐྱབས་སྦྱིན་ཉེན་འཇིགས་ཀུན་ལ་བསྐྱབ། །ཆོས་སྤྱིན་གདུལ་བྱའི་བློ་མཐུན་བཤད། །ཟང་ཟང་སྡུག་ཕོངས་རེ་བ་བསྐང་། །ནད་གདོན་ཀུན་གྱི་གཉེན་པོར་ནི། །སྐུ་གསུང་ཐུགས་ཀྱི་སྙིང་པོས་གཞོམ། །ཨོ༷་གྱིས་ཕོ་གདོན་མཁྲེས་ཚད་འཇོམས། །ཨུ༷༷ཡིས་མོ་གདོན་གྲང་བད་སེལ། །ཧུ༷་གིས་ཀླུ་གདོན་རླུད་འདུས་སེལ། །བར་ཆོད་ཀུན་སེལ་གཏོར་བཟློག་ནི། །དཀྱིལ་འཁོར་ཁྲག་བྱུག་ཨེ་ཁྲམ་སྟེང་། །གཏོར་ཆེན་ཁྲག་ཟོར་རྩང་བཅས་དགུ། །རྩེ་ལ་སྟོབས་ཆེན་བརྒྱད་སྤྲུལ་གཟུགས། །སྦྱོར་དངོས་ལས་ཀྱིས་གཞུང་བསྲངས་ལ། །དཔལ་དགུའི་སྙིང་པོ་ཤམ་བུར་བཅས། །སོ་ལྔའི་དྲག་སྔགས་ཕུར་བཙུག་བཟླ། །སྤྱི་དང་སྒོས་བསྐུལ་སྨྱོ་བཟློག་བཅས། །ཕུར་ཐུན་ཚོམ་བུ་བསྐུལ་ཅིང་བཟློག །དུས་མིན་འཆི་དང་ཟོར་ལྟས་ལྟསངནཡང་བཟློག །ལོ་ཏོག་སྨིན་ཅིང་རྫོགས་བྱེད་པ༷། ཆར་པ་འབེབས་ན་ཀླུ་ཡོད་སར། །མཎྜལ་ལེགས་བྱས་ཀླུ་མཆོད་བྱ། །རྗེས་སུ་ཀླུ་སྨན་བག་བྱི་སྦྱར། །རིལ་བུ་སྒོང་འདྲ་ཟངས་གཤོང་གང་། །རིལ་བུ་རེ་ལ་སྔགས་སྟོང་སྟོང་། །བཟླས་ཏེ་ཆུ་མིག་ཁྱབ་པར་གཞུག །ཨོ་ནཱ་ག་ཕུ༷༷། པྲ་ཏེ་པྲདེཡངབཛྲ་དུན་ཏེ། མི་ལི་མི་ལི་སྲུ་ཧྭ། ཆར་ཕོབ་ལ། ཨོ་ནཱ་ག་ཤུ་ལི་ནི་སྲུ་ཧྭ། ཆར་ཕོབ། མང་དུ་བཟླས་པས་གདོན་མི་ཟ། །དཀའ་ན་གཟིར་ཏེ་དབབ་པར་བྱ། །ཡོངས་སུ་རྫོགས་པའི་བསྙེན་ཕུར་ལ། །རྩ་སྔགས་ཤམ་བུར་འདི་བཅས་བཟླ། །ན་མོ་བྲརྙ་ཡ། ཨོ་བཛྲ་གི་ལི་ཀི་ལ་ཡ། ནཱ་ག་དུ་ཙརྙ་ཙརྙེ། མི་ལི་མི་ལི། ནཱ་ག་དུ་ཧུ༷་ཕཊ། ཆར་ཕོབཡ སྨྱོ། །ཁྲིཚོགཅིགསྔགསཆུ་དམིགས་གཟིར། །ཆར་པ་ཆེན་པོ་གདོན་མི་ཟ། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། ཡོངས་རྫོགས་ཐུན་མོང་ཁ་སྐོང་བའི་རིམ་པ་སྟེ་སོ་གསུམ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། །ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །ཐུན་མོང་ལས་ཁྱད་ལས་བརྒྱད་དང་། །སེར་བ་ཤྭ་དང་ཆར་ངན་གྱིས། །ལོ་ཐོག་མ་རུངས་བསྲུངས་ཐབས་གང་། །དེ་སྐད་གསོལ་པས་བཀའ་སྩལ་པ། །ཐུན་མོང་ཉིད་ལས་ཁྱད་པར་བརྒྱད། །རིག་བྱེད་སྐྱེ་བདུན་དེ་ཉིད་དང་། །གི་ཧང་གུར་གུམ་ཀི་ན་ར། །རྒྱ་ཚྭ་པི་ལིང་ཚེར་རྒོད་ཟྭ། ག་པུར་དང་སྦྱར་སྔགས་འདིས་བསྟིམ། །ཨོ་ཨུ༷༷ཧུ༷། སརྦ་སིརྙིསེ་གྲ་ཡང་སསྒོ་ཧུ༷། །ཁྲི་བཟླས་རི་ལུས་ལས་ཀུན་བྱེད། །རྒྱ་རིགས་སྐྱེ་བདུན་སྙིང་རྐང་མར། །ར་མོ་ཤགས་ཀྱིས་ཡང་བཅུད་སྦྱོར། །ཨོཨོ་ཨོ་ཨོ་ཡང་ཨུ༷༷༷ཨུ་ཏུསྟུ་རེ་སྲུ་ཧྭ། འབུམ་བཟླས་ཟོས་ན་མཁའ་ལ་འཕུར རྗེ་རིགས་དེ་ཉིད་རྟ་ཤར་སྦྱར། །བྱ་རྒོད་ཚིལ་ལ་གསང་སྔགས་ཁྲི། །ཨོ་ཨུ༷༷ཧུ༷། གྲོརྙ་མུ་ཏ་རྦད་ཡ༷། རྐང་མཐིལ་བྱུགས་པས་ས་རྣམས་གཅོད། །ཉ་ཕྱིས་རྒྱ་སྤོས་རུས་སྦལ་སྙིང་། །སྦྲུལ་མགོ་ཐོག་ལྕགས་བཅུད་ལ་སྦྱར། །ཨོ་ཨུ༷༷ཧུ༷་བག་ཤི་ཏ་ཀི་ལ་དྷ་ར་ཡ། འབུམ་བརྗོད་ལོངས་སྤྱོད་གཏེར་རྣམས་རྙེད། །འདྲེ་མཐོང་ཀུ་ཀུ་དཀར་མོའི་སྙིང་། །འུག་སྲིན་མིག་སྦྱར་ཁྱེའུ་སྐྱེས་ཞོས། །ལེགས་སྦྱངས་སྔགས་འདིས་མིག་ལ་བྱུག །ཨོ་ཨུ༷༷ཧུ༷། ཨུ་ལྕུ་ཙཀླུ་རྙོ་ན་ཐོལ། །ཁྲི་སྟོང་གིས་བསྒྲུབ་མངོན་ཤེས་འཆར། །ལྡིངལྷིངཡངནག་ཁྱི་སྙིང་སོག་ཐིལ་དང་། །ཁུ་ཏའི་སྒྲོ་དང་ཡུངས་སུརཡངཀར་སྦྱར། །ཨོ་ཨུ༷༷ཧུ༷། མུ༷་ཁྲ༷་མུ༷ཁྲིལ་ཤུཡང།ཧི་ཤུ །བདུན་འབུམ་གྱིས་བསྒྲུབ་གསེར་དུ་དྲིལ། །ལྕེ་རྩར་བཅངས་ན་སྒྲིབ་ཤིང་ཆེ། །ཐར་ནུ་ལྕགས་ཕྱི་སེར་ཚུར་དང་། །སྦྱར་རྩའི་དངུལ་ཆུ་མུ་ཟིར་སྦྱར། །ཨོ་ཨུ༷༷ཧུ༷། སོ་ན་ར་ག་སརྦ་ལེ། །སྟོང་ཚོ་གསུམ་གྱིས་བསྒྲུབ་སྟེ་བསྲེག །ལྕགས་སམ་ཟངས་ཉིད་གསེར་དུ་འགྱུར། །ཀུ་ཀུ་དཀར་མོ་སྣ་དམར་ལ། །ཁྱི་གུ་དེ་འདྲ་སྐྱེས་པའི་ཞོ། །རྡོ་རིགས་གསུམ་དང་མཚེ་ཆུ་དང་། །ཅོང་ཞི་བྲག་ཞུན་ར་ཤག་བཅུད། །སྙོམས་སྦྱར་གསེར་གྱི་བུམ་པར་བསྒྲུབ། །ཨོ་ཨུ༷༷ཧུ༷་ཨ་མི་དེ་ཝ་བཛྲ་ཨུ་ཡུ་ཁེ་ཧུ༷་རྒྱུ༷། ཟླ་དྲུག་སྔགས་ཟོས་དྲུག་བརྒྱ་ཐུབ། །དེ་ལྟར་ལས་བརྒྱད་གང་བསྒྲུབས་ཀྱང་། །རྣལ་འབྱོར་རྡོ་རྗེ་སེམས་དཔར་བསྒོམ། །ཐབས་ཤེས་རྫས་ལྡན་མ་ལུས་འགྲུབ། །སེ༷ར་བ་གང་བསྲུང་ཡུལ་དེ་ཡི། །ལྷ་སྲིན་ཡུལ་ལྷ༄་ཐམས་ཅད་ལ། །མཆོད་བསྟོད་ཕུད་གཏོར་གསོལ་ཁ་བྱ། །སེང་ལྡེང་ཕུར་པ་བཅུ་དག་ལ། རྩ་སྔགས་བརྒྱ་བསྟིམ་ལས་སྔགས་ནི། རེ་ལ་སྟོང་བསྟིམ་གུ་གུལ་འདུག །ཨཱོཾ་བཛྲ་དུན་ཏེ་མི་ལི་མི་ལི། ཕྱེ་ཤག་ཕྱེ་ཤག་གྲྭ་ཧྭ། མཐོ་བཅུ་ཕུར་པར་བཅས་ཏེ་དགྲམ། །རབ་གནས་བྱིན་བརླབ་མཆོད་པ་བྱ། །སེར་སྤྲིན་འདུས་ན་ཡོངས་རྫོགས་བ་མ། །སྔགས་བཟླས་ཕུས་གདབ་མཛུབ་རིས་བྱ། །སེར་བས་ཚུགས་པར་མི་འགྱུར་རོ། །ཆར་ངན་དང་ནི་གཞུང་ཆུ་ཡི། །གནོད་པ་སེལ་ན་སེང་ལྡེང་གིས། །ཕུར་པ་སོར་བརྒྱད་ལྔ་གསུམ་ལ། །རྩ་སྔགས་སྟོང་བསྙེན་ལས་སྔགས་འདི། །ཁྲིའམ་འབུམ་བསྟིམ་ཕྱོགས་སུ་བསྟིམ། །ན་མ་སྟུད་དྷ་ཡ། ཨོ་བཛྲ་ཀི་ལི་ཀི་ལ་ཡ། ནཱ་ག་པུ་ཙརྙེ། མི་ལི་མི་ལི། ནཱ་ག་ནི་གྲྭ་ཧྭ། ནཱ་ག་མ་ལ་ཤིག་པྲ་པྲགཡངདུ། ནཱ་ག་མ་ལ་ཤིག་གྲྭ་ཧྭ། ཁ་ཆར་གཅོད་ཅིང་ཆུ་འགྱུར་བཟློག ཁྲ་ལོག་བཟློག་ན་ཟངས་ལྕགས་ལ། །འབྲུག་ཕོ་འབྲུག་མོ་ཁ་སྦྱར་ལ། །སྔགས་གཞུག་གོང་བཞིན་བཟླས་བསྟིམས་ནས། །ཆུ་སྣར་སྦས་པས་ངེས་པར་བཟློག །ཅེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལསཁྱད་པར་གྱི་ལས་ཆེན་བརྒྱད་བསྒྲུབ་ཅིང་། ཤྭ་སེར་ཆུ་དམག་ཡོངས་རྫོགས་ཟློག་ཐབས་ཀྱི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །ཚེ་འདས་རིགས་དྲུག་ནས་དྲང་ཕྱིར། །བདུན་ཚིགས་འདྲེན་པ་ཡོངས་རྫོགས་གང་། །དེ་སྐད་ཅེས་གསོལ་བཀའ་སྩལ་པ། །ཚེ་འདས་ངན་སོང་གནས་སྦྱང་ཕྱིར། །དཀྱིལ་འཁོར་མཆོད་རྫས་བུམ་པ་སྩོགས། །གསང་སྒྲུབ་ཆེན་པོའི་སྐབས་བཞིན་ཏེ། །དཀྱིལ་འཁོར་ལྷོ་ངོས་རིགས་དྲུག་གི། །མཎྜལ་དབང་སྟེགས་བཅས་པ་དང་། །ལྷ་བཤོས་གཏོར་མ་དྲུག་དྲུག་བཤམ། །རྟེན་ནམ་མཚན་བྱང་དྲི་རྟེན་དགོད། །བསྐྱེད་རྫོགས་གཞུང་བསྲང་འཛབ་རྫོགས་ནས། །ཚེ་འདས་དགུག་ཅིང་གཤེད་དང་དབྲལ། །རིགས་དྲུག་ལས་བྱང་གནས་ནས་དྲང་། །ཁྲུས་བྱ་ལན་ཆགས་གཏོར་མ་གཏང་། །མི་རྟག་ཆོས་བཤད་དབང་བསྐུར་བྱ། །འཁོར་བའི་འབྲེལ་བཅད་ལམ་ཡང་བསྟན། །རྒྱས་གདབ་དགེ་བའི་རྩ་བ་བསྔོ། །མཚན་བྱང་བསྲེགས་ལ་ཚ་ཚྭ་གདབ། །དཀྱིལ་འཁོར་བསྡུས་ལ་རྫོགས་རིམ་བསྒོམ། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། ཡང་བདུན་ཚིགས་འདྲེན་ཐབས་ཡོངས་རྫོགས་ཀྱི་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། །ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །དཔྱང་ཆད་འབྱུང་འདུས་ཞིག་པའི་རོ། །བག་ཆགས་སྦྱང་ཕྱིར་བསྲེག་ཐབས་གང་། །དེ་སྐད་ཅེས་གསོལ་བཀའ་སྩལ་པ། །རོ་བསྲེག་སྦྱོང་གི་རིམ་པ་ནི། །ས་བདག་ཀླུ་གཉན་མེད་པའི་ཕྱོགས། །མཎྜལ་མདའ་གང་འདོམ་གང་བཤམ། །འདོམ་གང་ནང་དུ་དཀྱིལ་འཁོར་བཞེང་། །ཕྱི་ཟུར་གྲྭ་བཞིར་ཀ་བས་བཏེག །ཐོག་ཕུབ་སྟེང་དུ་བསྲེག་ཁང་ནི། །མདའ་གང་གྲུ་བཞི་གསེར་དུ་བྱ། །དེ་ནས་ཕྲིན་ལས་རྣམ་བཞི་ཡི། །ཐབ་ཁུང་སྟེང་ནང་གྲུ་གསུམ་ལ། །དེ་སྟེང་ཟླ་གམ་གྲུ་བཞི་ཟླུམ། །ཤིང་རྣམས་རིམ་པ་དེ་བཞིན་བརྩིག །དེ་ནས་རོ་དེ་ཁྲུས་བྱས་ལ། །དགུག་དང་གཤེད་དབྲལ་རིགས་དྲུག་དྲང་། །བསྲེག་ཁང་རོ་གཞུག་གདུགས་གསུམ་དབུབ། །ཟུར་བཞིར་འཕན་བཞི་ཕྱོགས་བཞིར་དར། །རོལ་མོའི་བྱེ་བྲག་ཀུན་གྱིས་མཆོད། །རོ་ཡི་སྙིང་གར་འཁོར་ལོ་ནི། །པདྨ་ཚོན་སྤེལ་བརྒྱ་ལྡན་ལ། །དབུས་སུ་ཡོངས་རྫོགས་རྩ་སྔགས་བྲི། །པད་འདབ་བརྩིབས་ལ་ཡིག་བརྒྱ་དགོད། །འཁོར་ལོའི་ལྟེ་བར་གཟུངས་ཐག་གདགས། །ཏིང་འཛིན་སེམས་དཔའ་སུམ་བརྩེགས་བསྒོམ། །རྩ་སྔགས་ཡིག་བརྒྱར་བཅས་བཟླས་ཤིང་། །སྤྲོ་བསྡུ་སྒོ་གསུམ་སྒྲིབ་པ་སྦྱང་། །རོ་ཡི་སྙིང་ནང་འཁོར་ལོ་ནི། །དེ་བཞིན་བསྒོམས་ཏེ་ལྟེ་བ་ཡི། །དཔའ་བོ་རིགས་ལྔའི་འབྲུ་ལྔ་ལ། །མེ་ལྕེ་བརྒྱ་འབར་གཟུང་འཛིན་གྱི། །བག་ཆགས་རྟོག་སྒྲིབ་སྦྱང་བར་བསམ། །མེ་ཉིད་མེ་ལྷ་ཡོངས་རྫོགས་ཀྱི། །ལྷ་རུ་བསམ་ཏེ་མཆོད་པའི་ཚོགས། །ཕྱི་ནང་ཀུན་གྱིས་མཆོད་པ་བྱ། །མེ་སྤར་བསྲེག་རྫས་ཉུང་དཀར་དང་། །ཏིལ་དང་ཤུག་ཏི་ཞུན་མར་ལ། །རྩ་སྔགས་ཡིག་བརྒྱ་སྟོང་སྔགས་ཏེ། །ཨོ་སྭ་བྷ་ཝ་ཨསྣ་ཡེ། མ་མ་སརྦ་བཱ་པ༷་ཤཱརྙི་ཀུ་རུ་སྲུ་ཧྭ། མ་མ་སརྦ་ཀརྨ་ཨུ་ཝ་ར་ན་བི་ཤུསྟེ་ཤཱརྙི་ཀུ་རུ་སྣ་ཧྭ། དགང་བླུག་དག་གིས་རིམ་པར་མཆོད། །ལས་བཞི་རྫོགས་ནས་བསྡུ་བྱ་ཞིང་། །སྨོན་ལམ་གདབ་ཅིང་དགེ་བ་བསྔོ། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། རོ་བསྲེག་བསྙེན་པ་མཉེནཔོཡངཡོངས་རྫོགས་ཀྱི་ལེའུ་སྟེ་སོ་དྲུག་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །ཐབས་ལྡན་ཡུན་གྱི་རྟེན་གྱུར་པ། །ཚ་ཚྭ་གདབ་ཐབས་རིམ་པ་གང་། །ཞེས་གསོལ་སྟོན་པས་བཀའ་སྩལ་པ། །དེ་ནས་ཚ་ཚྭ་གདབ་པ་ནི། །སྦྱོར་དངོས་རྗེས་ཀྱི་ཆོ་གས་ཏེ། །སྦྱོར་བ་སྐྱབས་འགྲོ་སེམས་སྐྱེད་ནས། །དངོས་གཞི་ལྷ་ཡི་རྣལ་འབྱོར་པས། །སྨིན་པའི་ས་བརྐོས་སྤོས་ཆུས་སྦྱང་། །ཨོ་ཨ་ས་མེ། ཧྲི་ས་མེ། མ་ཧྭ་ས་མེ་གྲྭ་ཧྭ། འབི་འབི་སྣུམ་ལྡན་ཆོས་ཀྱི་སྐུ། དྷརྨ་ཀྭ་ཡ་ཨུ། བརྐོས་ཕོར་ཟུང་འཇུག་ལོངས་སྤྱོད་རྫོགས། །ཨོ་ཤོ་དྷ་ནི་སརྦ་བཱ་པ༷། བི་ཤོ་དྷ་ནི། ཤུརྙེ་བི་ཤུདྷི་སརྦ་ཀརྨ་ཨུ་བ་ར་ཎ་བི་ཤུདྷི་གྲྭ་ཧྭ། དེ་ནས་རྩ་སྔགས་བརྗོད་ཅིང་གདབ། །ཚ་ཚྭ་སྤྲུལ་སྐུ་འགྲོ་དོན་མཛད། །ཨོ་ཀ་ནི་ཀྭ་ཡ་གྲྭ་ཧྭ། ཏིཇི་ལྷན་ཞེས་བཞུགས་སུ་གསོལ། །ཕྱི་ནི་གཞལ་ཡས་ནང་ཡོངས་རྫོགས། །ལྷ་ཚོགས་འགྲོ་བ་འདུལ་བར་བསམ། །འབྱུང་བཞི་གཞན་ལ་དེ་བཞིན་གདབ། །དེས་ནི་སྐུ་གསུམ་ལྷུན་གྲུབ་སྟེ། །མ་གྲུབ་བར་དུ་འཁོར་ལོ་བསྒྱུར། །ཆོས་སྐྱོང་རྒྱལ་ཆེན་ཉིད་དུ་འགྱུར། །ཞི་རྒྱས་དབང་དྲག་ལས་བསྒྲུབ་ན། །ཞི་བའི་བརྐོས་ཕོར་ཟླུམ་པོ་ཐོགས། །རྩ་བའི་སྔགས་དང་འདི་སྦྲེལ་བཟླས། །ཨོ་བཛྲ་ཀ་ནི་ཀ་ཆེ་གེ་ཤིརྙ༷་ཀུ་རུ་སྲུ་ཧྭ། ཞེས་གདབ་ནད་གདོན་རྣམས་རྟོག་ཞི། །རྒྱས་པའི་བརྐོས་ཕོར་གྲུ་བཞི་ཐོགས། །རྩ་བའི་སྔགས་ལ་འདི་སྦྲེལ་བཟླས། །གྲྭ་རཏྣ་ཀ་ནི་ཀ་ཆེ་གེ་མོ་ཚུཁྱི༷་ཀུ་རུ་གྲྭ་ཧྭ། ཞེས་གདབ་ཚེ་དབང་འབྱོར་དྲུག་རྒྱས། །དབང་གི་བརྐོས་ཕོར་ཟླ་གམ་ཐོགས། །རྩ་བའི་སྔགས་ལ་འདི་སྦྲེལ་བཟླས། །ཨུ་པདྨ་ཀ་ནི་ཀ་ཆེ་གེ་མོ་བ་ཤ༷་ཀུ་རུ་གྲྭ་ཧྭ། ཞེས་གདབ་ཁམས་གསུམ་དབང་དུ་སྡུད། །དྲག་པོའི་བརྐོས་ཕོར་ཟུར་གསུམ་ཐོགས། །རྩ་བའི་སྔགས་ལ་འདི་སྦྲེལ་བཟླས། །ཧྭ་ཀརྨ་ཀ་ནི་ཀ་ཆེ་གེ་མོ་བཱ་ར་ཡ་ཕཊ། །བདུད་དང་དགྲ་བགེགས་ཀུན་ཚར་གཅོད། །དེ་ལྟར་རྣམ་བཞིའི་ཚ་ཚྭ་ལ། །སྲོག་ཤིང་ཡ་སྙིང་མེ་ཏོག་དབུལ། །ཡོངས་རྫོགས་ལྷ་དང་གཞལ་ཡས་ཁང་། །དཀར་སེར་དམར་ལྗང་འོད་ཟེར་གྱིས། །གང་འདུལ་ཞི་རྒྱས་དབང་དྲག་གི །ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། །གལ་ཏེ་ཚེ་འདས་དོན་བྱེད་ན། །རུས་པའི་ཕྱེ་མ་འཇིམ་པར་སྦྱར། །གདབ་ཐབས་གསོན་དང་མཐུན་པ་ལ། །གདབ་པའི་དམིགས་པ་འདི་དག་སྦྱར། །ཨོ་ཀ༷་ཀ་ནི་ཀ༷་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏོ་ཊ་ནི་ཏོ་ཊ་ནི།་ས་ནི་ ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་ར༷་བཱ་ར་ཁི་མེ་གྲྭ་ཧྭ། །ངན་སོང་གནས་དྲངས་བརྐོས་ཕོར་བ མ། །ཆོས་དབྱིངས་རྒྱས་གདབ་རྒྱལ་སྲས་སུ། །རང་ཤར་འགྲོ་དོན་བྱེད་པར་བསམ། །ན་རག་ངན་སོང་དོང་སྤྲུག་འགྱུར། །དེ་ནས་ཚ་ཚྭ་གང་ཡིན་པར། །རབ་གནས་དམ་ཚིག་མཆོད་བསྟོད་ལ། །ཡེ་ཤེས་སྤྱན་དྲང་མཆོད་རྟེན་བསྟིམ། །རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད། །ནས་ལ་སྔགས་ཏེ་རབ་ཏུ་བསྟིམ། ཕྱག་འཚལ་ཕྱི་ནང་མཆོད་པ་འབུལ། །ཡུན་གྱི་རྟེན་དུ་གསོལ་བ་གདབ། །བཀྲ་ཤིས་བསྔོ་བ་སྨོན་ལམ་བྱ། །དོན་ལྡན་རྟེན་མཆོག་འདི་ལ་འབད། །བྱང་ཆུབ་མཆོག་གི་འབྲས་བུ་ཐོབ། ཅེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། ཚ་ཚྭ་རྟེན་གསུམ་ཡོངས་རྫོགས་ཀྱི་ལེའུ་སྟེ་སོ་བདུན་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །དམ་ཉམས་ལོག་ལྟ་ཚར་གཅད་ཕྱིར། །བསད་མནན་རླུད་འཁོར་རྣམ་གསུམ་གང་། །དེ་སྐད་ཅེས་གསོལ་བཀའ་སྩལ་པ། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །སངས་རྒྱས་བསྟན་ལ་སྐུ་དགྲ་དར། །དེ་ཚེ་ལོག་ལྟ་ཚར་གཅོད་པའི། །བསད་པ་སྲོག་གི་ལས་སྦྱོར་ནི། །དཀྱིལ་འཁོར་མདའ་གང་གྲུབ་བཞིའི་དབུས། །ཁྲུ་གང་གྲུ་གསུམ་འབྲུབ་ཁུང་ནང་། །དགྲ་བོ་དུ་ཡོད་ལིསྒོ་ནི། །ནལ་བུ་རྐྱལ་བའི་ནང་དུ་བྲུབ། །ལྟེ་བར་འབྲི་རུ་གཡས་པ་གཟུག །ལྕགས་ཕུར་བརྒྱད་ཀྱིས་ཐ་མ་བསྐོར། །སྐྱེ་ཚེ་ཤང་ཚེ་ཐུན་གྱི་རྫས། །འབྲི་རུ་ནང་བླུགས་སྔགས་ཀྱིས་བྲབ། །ནལ་བུའི་ལྟེ་བར་མི་རྐང་གཟུད། །ནང་ནས་ཐུན་སྔགས་བཅས་པས་བྲབ། །ཞག་གྲངས་བདུན་གསུམ་ཉེར་གཅིག་ཏུ། །སྐྲུ་གྲི་ངར་མའི་སྔགས་རྒོད་འདིས། །མ་ཡེངས་སེལ་མེད་ཐོག་ལྟར་འཕངས། །མྱ་ར་ཡ་ཐུན་སྨྱོ། །སྔག་འདིརྣམསདཔེའདྲམིནམངཨ་པྲ་སིབ་པྲེ། ཨི་ནད་ཕུ་ནི། ཨི་ས་ཏྲ་བོ་རི། ཁིན་ན་ཁིན་ན། ཨ་བུད་ཏི་སད་ཏ་སད་ཏ། ཁྲིད་ཏ་ཁྲིད་ཏ། དྲག་སྔགས་བདུན་པ་དེ་བཟླས་པས། །དགྲ་བོ་དངོས་ཉམས་ཁྲིད་ནས་གསོད། །གསོད་མཁན་ང་ཡི་གདན་འོག་གི །མུ་སྟེགས་རབ་འཇིགས་ཁོ་ན་སྟེ། །བསད་པའི་མཐར་ཐུག་དེ་ཁོ་ན། །དགྲ་བགེགས་མནན་པའི་ལས་སྦྱོར་ནི། །དྲག་པོའི་སྤྱིན་བསྲེག་ཐལ་བ་དང་། །དགྲ་བོའི་ཟག་རྫས་དུག་ཆུས་སྦྲུས། །དགྲ་བགེགས་གཟུགས་བྱས་རྒྱབ་སྤྲད་ལ། །འགུགས་འདྲེན་བྱས་ལ་རེ་བས་གྲིལ། །སྙིང་གར་དུག་གི་ཕུར་པ་གདབ། །མནན་སྔགས་ཁྲི་འམ་སྟོང་གིས་བྲུབས། །རྒྱ་ལམ་མཆོད་རྟེན་ཐེམ་འོག་ཏུ། །སྤྱི་ཚེར་བཅུགས་ལ་ཚ་ཚས་མནན། །དགྲ་བགེགས་ལྕགས་ཁང་སྒོ་མེད་བྲུབ། དེ་ཉིད་ཆུ་སྲིན་གྲེ་བར་བརྫང་། །རི་རབ་འོག་ཏུ་མནན་པར་བསམས། །ཡོངས་རྫོགས་རྩ་སྔགས་ཤམ་བུ་མྲ །ཨོ་ལ༷་ཧུ༷་ལ༷་དགྲ་བགེགས་གནོད་བྱེད་ཆེ་གེ་མོ་ཀྭ་ཡ་བཱ་ཀ་ཙིཏི་སྟམ་བྷ་ཡ་ནན། །ཞེས་བཟླས་ཕྲིན་ལས་བྲོ་བཞིས་མནན། །བསྐལ་པའི་མཐར་ཡང་ལྡང་མི་སྲིད། །སྟོབས་ལྡན་རླུད་གི་ལས་སྦྱོར་ནི། །ཡ་ཐ་རྡོ་རྗེ་སེམས་དཔའ་ནས། །མ་ཐ་ཐེའུ་བྲང་ཡན་ཆོད་པོ། །བསྙེན་བསྒྲུབ་ལས་སྦྱོར་སྟོབས་བསྐྱེད་ནི། །བཟླས་བརྗོད་རླུད་ལ་བཅོལ་བས་འགྲུབ། །གང་ཟག་གནས་དུས་ཕུན་ཚོགས་ནས། །གྲུབ་ཐོབ་བསྙེན་རྫོགས་ཕགས་པ་ལ། །འཁོར་ལོ་རྩིབས་བཞི་མུ་ཁྱུད་ནི། །བདུན་དང་བཅས་པས་བྲི་བར་བྱ། །རྩིབས་བཞི་དབུས་ལྔར་ཕྱག་མཚན་ལ། །རིགས་ལྔ་ཡབ་ཡུམ་ས་བོན་སྔགས། །མིང་རུས་འདོད་གསོལ་བསྐོར་བར་བྲི། །ཨོ་ལྭ༷་ཧུ༷་མྱུ༷་སྲུ་མྱ༷་ཨུ༷་པྱ༷་ཧ་ཧྲུ༷།མུ་ཁྱུད་དང་པོར་དབྱངས་ཡིག་སྟེ། །གཉིས་པ་གསལ་བྱེད་སྔགས་རྟེན་འབྲེལ། །ཀུན་གྱི་ཤམ་བུར་འདོད་གསོལ་གདགས། །གསུམ་པ་ཡོངས་རྫོགས་རྩ་བའི་སྔགས། །བཞི་པ་ཕན་ཡོན་ཆེ་སྔགས་དགོད། །ལྔ་པ་དམ་ཅན་ཡེ་ཤེས་པ། །དྲུག་པ་བཀའ་སྲུང་འཇིག་རྟེན་པ། །རྩ་སྔགས་ཤམ་བུར་ཕྲིན་ལས་བཞི། །གང་བྱེད་བསྒྲུབ་ཅིང་དམོད་པ་བྲི། །བདུན་པ་མཚོན་ཆ་ལྔ་ཡི་གུར། །སེང་ལྡེང་ཕུར་པའི་སྲོག་ཤིང་ལ། །དཔལ་ཟུང་བཞི་ལ་སྒྲོ་གཟུག་སྟེ། །རླུད་ལྷ་ཤ་ཞོན་དར་ཐོགས་བྲི། །རླུད་ཁང་གྲུ་བཞི་རླུད་སྒོ་ཅན། །གཡས་བསྐོར་གཡོན་བསྐོར་གང་བྱེད་ཀྱང་། །སྔགས་རྣམས་བཀླག་ཕྱོགས་འཁོར་བར་བྱ། །དབང་སྡུད་རྒྱས་བྱེད་གཡོན་དུ་བསྐོར། །བསད་བཟློག་ཞི་ བ་ཕྱི་བསྐོར་ཤེས། །དེ་ལ་ཡོངས་རྫོགས་ལྷ་ཚོགས་བསྟིམ། །གཞུང་བསྲང་ཚོགས་འཁོར་རབ་གནས་བྱ། །སྐབས་སྐབས་ཀུན་ཏུ་མངའ་གསོལ་ནས། །གང་བསྒྲུབ་སྟོབས་ལྡན་རླུང་གིས་བསྒྲུབ། །འདི་ལས་རྒྱས་འབྲིང་ཅི་བདེ་བར། །ཡོངས་སུ་རྫོགས་དང་བྱེ་བྲག་ལ། །གསང་སྔགས་གང་བསྒྲུབ་འདི་སྐབས་སྦྱར། །རླུང་སྩོགས་འབྱུང་བཞིའི་ལས་བཅོལ་འགྲུབ། །དཔེར་ན་ནོར་བུ་ རིན་ཆེན་འདྲ། །འདི་ནི་གསང་བའི་འཁྲུལ་འཁོར་ཡིན། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། །བསད་མནན་རླུད་འཁོར་ཡོངས་རྫོགས་ཀྱི་ལེའུ་སྟེ་སོ་བརྒྱད་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །འཇིག་རྟེན་ཡེ་ཤེས་གང་བསྒྲུབས་ཀྱང་། །སྲོག་གཟེར་ཁ་བསྒྱུར་རིམ་པ་གང་། །དེ་སྐད་ཅེས་གསོལ་བཀའ་སྩལ་པ། །ཡེ་ཤེས་འཇིག་རྟེན་གང་བསྒྲུབས་ཀྱང་། །སྲོག་སྡོམ་གཟེར་བཞིས་མ་ཐེབས་ན། །ནམ་ཡང་དོན་མེད་ཡུག་པས་ཀྱང་། །དྲང་དོན་རྫུན་གྱི་འཁྲུལ་འཁོར་ཡིན། །ཡོངས་རྫོགས་དཔལ་གྱི་སྲོག་འཕྲོག་ཐབས། །གཅིག་ཤེས་པས་ནི་ཀུན་སྲོག་ཐོབ། །དཔེར་ན་སྒྲ་གཅན་འཛིན་གྱིས་ཁས། །ནམ་མཁའི་ཉི་མ་གཅིག་ཟིན་པས། །ཆུ་བྲན་སྟོང་གི་ཉི་མ་ཀུན། །མ་བཟུང་བར་ཡང་སྟོང་སྲོག་ཐོབ། །དེ་ཕྱིར་སྲོག་གི་གཟེར་བཞི་གཅེས། །དབེན་པའི་གནས་སུ་མཎྜལ་བཤམ། །དབུས་སུ་མཚན་ལྡན་ཀ་བཱ་ལར། །དཔལ་ཆེན་སྐུ་གཅིག་གསལ་བར་དགོད། །བསྐྱེད་རྫོགས་གཞུང་བསྲང་འཛབ་རྫོགས་རྗེས། །མི་རྟོག་བྱ་བྲལ་སོ་མར་གནས། །དེ་ནས་དཔལ་གྱི་སྲོག་འཕྲོག་ཐབས། །ཏིང་འཛིན་གཟེར་དང་སྙིང་པོའི་གཟེར། །དགོངས་པའི་གཟེར་དང་འཕྲོ་འདུའི་གཟེར། །ཏིང་འཛིན་གཟེར་ནི་ཐོད་སྐུ་ལ། །རྩེ་གཅིག་སེམས་གཟུང་ཡེངས་མི་བྱ། །ཡུལ་གསུམ་གྱད་དུ་གྱུར་པ་དང་། །དཔའ་ལྡན་ཧེ་རུ་དངོས་དང་མཇལ། །བཟློག་པ་ཧེ་རུ་ཀས་མི་སྤྱོད། །ཏིང་འཛིན་མི་འགྱུར་གཟེར་མེད་ན། །སྐུ་ནི་ནམས་ཀྱང་མཐོང་མི་འགྱུར། །སྙིང་པོ་སྔགས་གཟེར་ཡོངས་རྫོགས་ཀྱི། །གཙོ་བོའི་སྔགས་དག་སེལ་མེད་བཟླས། །ཐུགས་སྲོག་ཧུ༷་ལ་རྩ་སྔགས་བསྐོར། །གསལ་བའི་འཕྲོ་འདུས་སྲོག་སྔགས་བགྲངས། །དེ་ཚེ་དཔལ་བྱོན་ལུང་ཡང་སྟོན། །ནུས་པའི་རྩལ་རྫོགས་ལྷ་རྣམས་འཁོར། །སྲོག་སྙིང་བསྙེན་རྫོགས་གཟེར་མེད་ན། །ལྷ་དང་དམ་ཅན་འཁོར་མི་སྲིད། །དགོངས་པའི་གཟེར་ནི་ཞི་ཁྲོའི་ལྷ། །ཡོངས་རྫོགས་དཔལ་ཆེན་རང་སེམས་ལས། །གུད་ན་མེད་ཅིང་རུ་དྲ་ཡང་། །ལོགས་ན་མེད་དོ་རང་གི་སེམས། །སེམས་ཉིད་སྟོང་པ་ཆོས་ཀྱི་སྐུ། །གསལ་ལ་མ་འགགས་ལོངས་སྤྱོད་རྫོགས། །སྣ་ཚོགས་རང་ཤར་སྤྲུལ་པའི་སྐུ། །སྣང་བ་ཡབ་ལ་སྟོང་པ་ཡུམ། །སྣང་སྟོང་དབྱེར་མེད་ཡེ་ཤེས་སྐུ། །འགྱུ་དྲན་རྣམ་རྟོག་བསམ་ཡས་ཀྱང་། །ཡོངས་སུ་རྫོགས་པ་དཔལ་གྱི་འཁོར། །བསམ་གྱིས་མི་ཁྱབ་ཡེ་སངས་རྒྱས། །རངབཞིནཉིདལསགཡོས་པ་མེད། །དགོངས་པ་མི་འགྱུར་གཟེར་མེད་ན། །དཔལ་ཆེན་གྲུབ་ཀྱང་ཐུན་མོང་ལས། །མཆོག་མི་འགྲུབ་ཅིང་རུ་དྲར་གོལ། །འཕྲོ་འདུའི་གཟེར་ནི་དམིགས་པ་ཡི། །བསྒྱུར་ཁ་ཤེས་ན་འདོད་དགུར་འགྱུར། །ཏིང་ངེ་འཛིན་གྱི་འཕྲོ་འདུ་ཡིས། །སེམས་ཀྱི་ནུས་པ་རྩལ་རྫོགས་ཏེ། །གང་ལྟར་བསམ་པ་དེ་ལྟར་སྣང་། །སྔགས་དང་ཕྱག་རྒྱའི་བྱིན་རླབས་མཐུས། །ཞི་རྒྱས་དབང་དྲག་མངོན་སྤྱོད་སོགས། །ཕན་གནོད་ལས་ཀ་གང་ཡང་འགྲུབ། །དཔེར་ན་ནོར་བུ་གཅིག་ཉིད་ལ། །གསོལ་མཆོད་རྐྱེན་གྱིས་བྱེ་བྲག་ཏུ། །ཇི་ལྟར་འདོད་པ་སོ་སོར་བསྐང་། །འཕྲོ་འདུ་སྣ་ཚོགས་གཟེར་མེད་ན། །དམིགས་གཏད་གཅིག་ལ་དོན་མི་འགྲུབ། །འཕྲོ་འདུའི་ལས་ཁ་བསྒྱུར་ཤེས་ན། །ཐེའུ་རང་ཐ་ཆུང་གཅིག་ཀྱང་གིས། །ཕྲིན་ལས་ཐོགས་མེད་ལས་ཀུན་འགྲུབ། །ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན། །ཁ་བསྒྱུར་གནད་ཀྱི་མན་ངག་འདི། །ཡོངས་རྫོགས་དཔལ་ཆེན་ཧེ་རུ་ནས། །འགོང་པོ་གྲོང་རྒྱུག་ཡན་ཆད་པོའི། །ཡེ་ཤེས་འཇིག་རྟེན་གང་ན་ཡང་། །གཅིག་ལ་བསྙེན་རྫོགས་གྲུབ་ཐོབ་ན། །ལས་ཀྱི་ཁ་བསྒྱུར་གང་ཡང་འགྲུབ། །དཔེར་ན་ལྕགས་རྡོ་ངར་བཏུལ་ན། །གོཁྲབམཚོནཆཅིརབསྒྱུར་ཉན། །རྡོ་མ་ཐུལ་བ་ལྕགས་ཡིན་ཀྱང་། །མ་བསྒྱུར་དངོས་ཀྱི་བཟོ་མི་བ་། །དེ་ཕྱིརལྷའདྲེགཅིགབསྒྲུབན། །ཁ་སྒྱུར་གང་ལ་ཞུགས་ཀྱང་གྲུབ། །དང་པོ་ཚེ་སྲིང་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་བྷརྙ་མཚན་ལྡན་དུ། །ཚེ་ཆང་ཚེ་མར་རི་ལུ་བླུག །ཁ་ནི་ཚེ་ཟན་ཟླུམ་པོས་བཅད། །དེ་ལ་གཟུངས་ཐག་བཏགས་བྱས་ལ། །ཡོངས་རྫོགས་རྩ་བའི་སྔགས་དེ་ལ། །ཚེ་ཡི་ཡང་སྙིང་འདི་སྦྲེལ་བཟླས། །ཨུ་ཡུ༷༷ཕ་ལ་སིརྙི་ཧུ༷་ཨ། རྟགས་ནི་ཁོལ་དང་ལུད་པ་འབྱུང་། །དེ་ལྷར་བྱུང་ན་ཚེ་བསྟིམ་ལ། །ཚེ་འབྲང་ཟ་ཞིང་ཚེ་ཆང་བཏུང་། །དེ་ཡིས་ཚེ་བསྲིང་འཆི་བསླུར་འགྱུར། །རྨོངས་པོ་སྲིད་སྤེལ་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །འདི་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་སྲིན་རྡོ་ཁབ་ལེན་དང་། །བུད་མེད་མངལ་ཁྲག་བྱེ་རུ་དང་། །དེ་རྣམས་ལེ་བརྒན་དར་དུ་གྲིལ། །སྲོག་སྙིང་རྩ་བའི་སྔགས་དེ་དང་། །སྲིད་སྤེལ་ཡང་སྙིང་འདི་སྦྲེལ་བཟླས། །པུ་ཏྲ་ཨུ་ཡུ༷༷ཕ་ལ་སིརྙི་ཧུ༷།ར་ལུག་གང་ཤིའི་གཏའ་རུ་གཞུག །མཆོད་བསྟོད་གསོལ་ལ་རབ་བརྩོན་བྱ། །བུད་མེད་ལྔ་བཅུ་ལོན་གྱུར་ཀྱང་། །བུ་ཚ་རྙེད་ཅིང་འཕེལ་བར་འགྱུར། །དབུལ་སེལ་ནོར་བསྒྲུབ་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བ ན་བ བ་ཡོངས་རྫོགས་ནས། །དེ་ཉིད་ག ་བསྲང་མཐུན་རྫས་བཤམ། །ཁྱད་པརརིན ཆེན གའུསྲ །གསེར་དངུལ་ཟངས་ལྕགས་ ་ལྔ་བླུག །ནོར་ལྷརགྱུརཚད གཟུངསསྔགས་བྲུབ། །སྲོག་སྙིང་རྩ་བའི་སྔགས་དེ་ལ། །ནོར་སྒྲུབ་ཡང་སྙིང་འདི་སྦྲེལ་བཟླས། །རཏྣ་ཕ་ལ་སིདྷི་ཟློ༷་ནན་ཁ་དྷི་སྤྲུརྨྱེ་སིརྙི་ཧུ༷། ཟས་ནོར་གང་འདོད་གསོལ་བ་གདབ། །ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར། །མིག་མཐོང་མངོན་ཤེས་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྗོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་འུག་པ་སྨུག་པོའི་མིག །བྱི་ལའི་མིག་དང་ལུང་ཐང་དང་། །དེ་རྣམས་ར་དཀར་འོ་མས་སྦྲུ། །སྲོག་སྙིང་རྩ་བའི་སྔགས་དེ་དང་། །རྣོ་མཐོང་རྩ་བའི་སྔགས་སྦྲེལ་བཟླས། །ཨོ༷༷མ་དྷ་མ་དྷ་ལ་ཙཀྱུ་ཙཀྱུ་པྲ་བེ་ཤ་ཕཊ། རྫས་དེ་མིག་ལ་བྱུགས་པ་ན། །སྲིད་པ་གསུམ་ཡང་མཐོང་བར་འགྱུར། །འབྱུང་པོ་འདུལ་བྱེད་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་གཏོར་ཚོགས་བཟང་པོ་བཤམ། །སྲོག་སྙིང་རྩ་བའི་སྔགས་དེ་ལ། །འདྲེ་འདུལ་སྔགས་འདི་སྦྲེལ་ལ་བཟླས། །འབྱུང་པོ་འདུལ་བྱེད་ཤ་ཏྲུ༷་ཙུ་ལུ་ཙུ་ལུ་ཕཊ་ཕཊ། ཆོས་སྐྱོང་བསྐུལ་ཞིང་དབང་ཡང་གཟུག །ཕུར་ཐུན་སྔགས་ཀྱིས་བྲབ་པ་ན། །གནོད་བྱེད་སྐད་ངན་ཙེར་ཙེར་འོང་། །མནའ་བསྒག་འགགས་བསྡམ་རྗེས་གཅོད་བྱ། །འདྲེ་གདོན་ཐམས་ཅད་བྱེར་བར་འགྱུར། །སེར་བ་སྲུང་བའི་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་ཟས་གཏོར་ཕྱིར་མཆོད་དེ། །བདེན་པ་བསྒོ་རྗེས་མཐོ་སྐོར་བྱ། །དེ་ནས་སེར་རྐང་ནམ་ཤར་ཚེ། །བདག་ཉིད་ཡོངས་རྫོགས་དཔལ་ཆེན་བསྐྱེད། །དྲེགས་པ་ཐམས་ཅད་བཀའ་ཉན་བསམ། །སྲོག་སྙིང་རྩ་བའི་སྔགས་དེ་ལ། །སེར་སྲུང་ཡང་སྙིང་འདི་སྦྲེལ་བཟླས། །ཡོ་གེར་ཡ་རགེཡངསད་ར༷་ར༷་སད་ཕུར་ཕུརའུརའུརམང་སད། །ཐལ་ཆེན་ཉུང་དཀར་དག་ལ་བསྔགས། །གདོང་དུ་གཏོར་ན་བཟློག་པར་འགྱུར། །དཀོར་ནོར་སྲུང་བའི་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་ནོར་རྫས་ཡུལ་ཁམས་རྣམས། །མིང་གཟུགས་ལྷ་ཡི་རྟེན་ལ་བཅིང་། །ཁོ་ལ་ནོར་རྫས་བསྲུང་མ་བཅོལ། །སྲོག་སྙིང་རྩ་བའི་སྔགས་དེ་ལ། །ནོར་སྲུང་སྔགས་འདི་སྦྲེལ་ལ་བཟླས། །ཏྲིག་ཏྲ༷་བ༷་ཙིརྙ་ཡུ། རཏྣ་ར་སྟི་ནོར་སྲུངས་ཤིག །དེ་བྱས་ནོར་དེ་གཞན་ཁྱེར་ན། །ནོར་ཕྱིར་ཆོ་འབྲུལ་སྣ་ཚོགས་འབྲེང་། །སྐབས་སྐབས་གསོལ་ཀ་བཅོལ་གཏད་བྱ། །རང་གིས་སྟོང་ཚེ་ཞུ་གསོལ་བྱ། །མི་དང་ནོར་འཕེལ་གོད་བསྲུང་འགྱུར། །སྦྱོར་བ་ནག་པོའི་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །འདི་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་སྔགས་འདིས་རྒྱུན་ཏུ་བསྲུང་། །ཡང་སྙིང་རྩ་བའི་རྒྱུན་རྗེས་ལ། །དུག་འཇོམས་གསང་སྔགས་འདི་བརྒྱ་བཟླས། །ཨོ་སྟི་ཤ་སྙོ་ལི་ ར་མི་ཡ་ཨུ་བེ་གྲྭ་ཧྭ། ཡང་ན་ཉེར་རེ་ནང་རེ་བཟླས། །དེས་ནི་བདག་སྲུང་རྒྱལ་པོར་འགྱུར། །འོན་ཏེ་བྱུང་ཟིན་གཞན་བསྲུང་ན། །སྔགས་འདི་ཆུ་ལ་མང་བཟླས་བླུད། །ཨོ་ཧ་སིང་ཧ་སིང་། ཀ་ལིང་ཧ་སིང་། ཀ་མ་ར་ཏྲི་ཡེ་གྲྭ་ཧྭ། གང་ལ་དོགས་པའི་ཟས་ཀུན་ལ། །སྔགས་འདི་སྦྲེལ་གདབ་དུག་འཇོམས་ངེས། །མཚོན་ཆ་སྲུང་བའི་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་སྔགས་འདི་བཏགས་པས་བསྲུང་། །ཡང་སྙིང་རྒྱུན་བསྙེན་སྦྱི་གཙུག་གདགས། །མཚོན་ཁ་སྙོལ་བྱེད་ཡི་གེ་ཁྲོམ། །མཐིང་ཤོག་དག་ལ་གསེར་གྱིས་བྲིས། །དར་སྣ་ལྔས་གྲིལ་རབ་གནས་བྱ། །དེ་འདྲ་གསུམ་བྱས་སྤྱི་གཙུག་དང་། །མགྲིན་པ་སྙིང་གར་གདགས་པར་བྱ། །ཨོ་རྣོ་སོད་བཟློག་ཆུམ་དྲིལ་གྲྭ་ཧྭ། ས་ལ་ཉེར་གཅིག་སྔགས་བྱས་ཏེ། །ནམ་དགོས་དུས་སུ་གཏོར་བས་གྲུབ། །ངག་གནོན་སྒྲོལ་བའི་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུག་བསྲང་མཐུན་རྫས་བཤམ། །ཁྱད་པར་མཚན་ལྡན་ཐོད་པའི་ནང་། །ཆང་དང་ཨ་མྲི་ཏ་སྦྱར་ཏེ། །སྲོག་སྙིང་རྩ་བའི་སྔགས་དེ་ལ། །ངག་འགྲོལ་སྔགས་འདི་སྦྲེལ་ལ་བཟླས། །ཨ་ཤིག་ཤིག་ཕྱུང་ཕྱུང་ཁྲོལ་ཁྲོལ་སྲུ་ཧྭ། བརྒྱ་དང་རྩ་བརྒྱད་རྫོགས་པ་དང་། །དེ་ཉིད་བདུད་རྩི་ལྕེ་རྡོ་རྗེར། །བསམ་ཏེ་ཐིགས་པ་ལན་གསུམ་གཞག །དེ་ཡང་སྤྱི་གཙུག་མགྲིན་པ་དང་། །སྙིང་ག་རྣམས་སུ་གསུམ་གསུམ་གཞག །སྒོ་གསུམ་བཅིངས་པ་ཀུན་གྲོལ་བསམ། །མནན་གཏད་ངག་མནན་ཀུན་གྲོལ་འགྱུར། །པྲ་ཕབ་པ་ཡི་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ལ་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཡི་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་འཕྱིང་དཀར་རས་དཀར་སྟེང་། །ནས་ཀྱི་གཡུང་དྲུང་བྲིས་བྱས་ནས། །པྲ་རྟེན་ཁྱེའུ་བུ་མོར་རུང་། །ཡུལ་ཆོས་མ་གོས་གཙང་མ་བཞག །སྲོག་སྙིང་རྩ་བའི་སྔགས་དེ་ལ། །པྲ་དབབ་སྔགས་འདི་སྦྲེལ་ལ་བཟླས། །མུ་བྲི་ཀུ་གྲི་པྲ་མ་ད་ན་ཏི་བྷ་ག་སིརྙི་ཀྟར་ཁུག །ངའི་བུ་མོ་དགར་ཆུག་ཁོའི་བུ་མོ་སྨྱོར་ཆུག །ནས་ལ་བསྔགས་ཏེ་པྲ་རྟེན་གཟིར །ལེགས་ཉེས་གང་དྲིས་སྨྲ་བར་འགྱུར། །མཛེ་ནད་གསོ་བའི་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཆོས་སྐྱོང་བསྐང་ཞིང་ཕྲིན་ལས་བཅོལ། །འབྲུབ་ཁུང་ནང་དུ་སྦལ་པའི་གཟུགས། །གང་གནོད་ས་ལ་བྱས་ཏེ་གཞུག །ལུས་པོ་ཚོན་སྐུད་དྲ་བར་གཞུག །སུག་བཞི་ཕུར་པས་སྟོད་ལ་གཟིར། །སྲོག་སྙིང་རྩ་བའི་སྔགས་ཉིད་དང་། །སྡེ་བརྒྱད་གནད་སྔགས་འདི་ཡིས་གཟིར། །ནཱ་ག་རྭ་ཛ་ས་མ་ཡ་སྙིང་ལ་ཁྲག་དུ་རྨུགས། ད་མ་ཛ་ཛ། ནཱ་ག་རྭཀླུ་རྭཀྟ་སྨྱུ་ར་ཡ་རྦད་རྦད། །ཞག་གྲངས་ཉེར་གཅིག་ཐུན་གྱིས་བྲབ། །སྦལ་པ་སྐད་ངན་ཙེར་ཙེར་ཡོང་། །མཛེ་ནད་མི་བཟད་སོས་པར་འགྱུར། །དགྲ་བོ་གསོད་པའི་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །འདི་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་ཉུང་དཀར་ཉུང་ནག་དང་། །ཟངས་ལྕགས་རྡོ་ཡི་ཕྱེ་མ་དང་། །སྲོག་སྙིང་རྩ་བའི་སྔགས་དེ་དང་། །གསོད་པའི་སྔགས་རྒོད་འདི་སྤྲེལ་བཟླས། །ཆེ་གེ་མོ་ཤ་ཏྲུ༷་ཨ་མུ་ཀ༷ །སྲོག་རྩ་དམར་པོ་ཧུར་ཐུམ་མྱ་ར་ཡ་རྦད་རྦད། །མདོར་ན་ལས་ཀུན་རྩེ་གཅིག་སྟེ། །འདི་ཡང་ཞག་གྲངས་ཉེར་གཅིག་བསྒྲུབ། །དགྲ་སྲོག་མྱུར་དུ་འཆད་པར་འགྱུར། །སེར་བ་འབེབས་པའི་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་ཉུང་དཀར་གུ་གུལ་དང་། །ཁྲག་སྣ་ཚོགས་ཚད་གཙོད་ཁྲག་ལ། །སྲོག་སྙིང་རྩ་བའི་སྔགས་དེ་ལ། །སེར་བའི་ཡང་སྙིང་འདི་སྦྲེལ་བཟླས། །ཁྲོམ་ཁྲོམ་ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ། །གནམ་མི་མཐོང་བར་ཉེར་གཅིག་བསྒྲུབ། །ཐེབས་དུས་མཐུན་དེ་དགྲ་ཡུལ་གཏོར། །སྐྱིན་ཐང་ཁྲག་ཏུ་འབབ་པར་འགྱུར། །གནམ་ལྕགས་ཐོག་འབེབས་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་གསེར་དངུལ་ཐིག་པོ་དང་། །ཐོག་མདེད་ཉུང་དཀར་ཐུན་ལ་བྱ། །སྲོག་སྙིང་རྩ་བའི་སྔགས་དེ་དང་། །ཐོག་གི་དྲག་སྔགས་འདི་སྦྲེལ་བཟླས། །ར༷་ར༷་ཧྲིལ་ཧྲིལ་ཕྲོམ་ཕྲོམ་ཤར་ཤར་ཕོབ་ཕོབ། །ཉེར་གཅིག་བསྒྲུབས་ཏེ་ཐུན་རྒོད་ནི། །དགྲ་བོའི་ཁང་པ་དག་ལ་གཏོར། །དགྲ་བོ་ཐོག་གིས་མགོ་འགས་འགྱུར། །གཏད་ཁྲམ་གཞུག་པའི་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་གྲོ་ག་ཤོག་ཤོག་ལ། །ལིསྐོ་མིང་རུས་ལྡན་བྲིས་ལ། །ཐ་མ་སྦྲུལ་ནག་འཁྱིལ་པས་བསྐོར། །ཞི་བ་རྭའམ་སྦལ་པར་གཞུག །དྲག་པོ་མཛེ་ཐོད་རྐང་དུ་བྲུབ། །སྲོག་སྙིང་རྩ་བའི་སྔགས་དེ་དང་། །ཀླུ་ཡི་དྲག་སྔགས་འདི་སྦྲེལ་བཟླས། །ནཱ་ག་རྭ་ཛ་ས་མ་ཡ་ཁུག སྤྲིག་སྤྲིགསྒྲོ་ཛ། ནཱ་ག་ཤིག་སྲོག་རྩ་ཆོད་ས་མ་ཡ། དྲག་ལས་མཛོད། །སྐྱེ་ཚེ་ཤང་ཚེ་ལ་བསྔགས་བྲབ། །ལས་ལ་སྦྱར་བའི་ཐལ་བར་བཅས། །ལ་ཆས་ཁ་བསྡམ་གཏིང་རྡོ་གདགས། །བྱང་བལྟས་ཆུ་མིག་སྔོ་མཚམས་གཏད། །དགྲ་བོ་མཛེ་འབྲས་ལྷོག་ཤིར་འགྱུར། །ལྟས་ངན་ཆོ་འཕྲུལ་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་ཝ་སྤྱང་དོམ་དྲེད་དང་། །འུག་པ་སྲིན་བྱཁྭ་ཏ་དང་། །ལྟས་ངན་སྙིང་ཁྲག་སྣ་ཚོགས་དང་། ་་་དཀར་ཉུང་ནག་ཐུན་རྫས་ལ། །སྲོག་སྙིང་རྩ་བའི་སྔགས་དེ་དང་། །ལྟས་ངན་སྔགས་འདི་སྦྲེལ་ལ་བཟླས། །ལི་ཕྲིམ་ར༷་ཀར་རྨ་རི། ཁྲེའུ་རེལྭཧེ་དུན་ཙ་ཕོབ། ཁྱུང་རྩ་ཧེ་ཕཊ། གང་འདོད་སྔོན་དུ་རང་ལ་འོང་། །རྫས་རྣམས་ཕྱོགས་སམ་ཁང་པར་བསྐྱལ། །ལྟས་ངན་ཆོ་འཕྲུལ་འབྱུང་བར་འགྱུར། །ངན་ཐབས་སེལ་ནག་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་ཁྱི་ཕག་སྤྱང་ཐོད་དང་། ཁྲ་ཟན་བྱ་ཡི་མཆུ་སྡེར་དང་། །རབས་ཆད་ནག་པོའི་ཐོད་པ་ལ། །དྲག་པོའི་མིང་རུས་ཡུལ་མཁར་དང་། །ནོར་རྫས་ཆེ་བྲན་ཐམས་ཅད་བྲུབ། །སྲོག་སྙིང་རྩ་བའི་སྔགས་དེ་ལ། །སེལ་སྔགས་འཕུང་བྱེད་འདི་སྦྲེལ་བཟླས། །ཙཀྲ་རཀྟ་ཚལ་པ་ཀྱི་ཁྱེར། རྩད་ཆོད་དྲུང་ཕྱུང་རྨང་ནས་ཤིག །སྟེ་ཤོག་ཡ། །རྫས་རྣམས་དྲིལ་ཏེ་དགྲ་བོ་ཡི། །ཁང་ས་ཞིང་ས་དུར་སར་སྦ། །མཁར་འགྱེལ་ཞིང་སྐམ་དུར་རྣམས་འཁྲུག །དགྲ་རྣམས་ཕུང་ཞིང་བརླག་པར་འགྱུར། །སེང་གེ་ཁ་འཐབ་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་འདག་པའི་སེང་གེ་གཉིས། །ཁོང་སྟོང་བྱས་ལ་སོ་བཏང་ལ། །གཅིག་དཀར་གཅིག་ནག་སོ་སོར་ཕྱུག །དཀར་པོའི་ནང་དུ་རང་བསྟེན་པའི། །ལྷ་དང་སྲུང་མའི་མིང་གཟུགས་རྣམས། །དཔའ་བརྗིད་དམག་འདྲེན་ཚུལ་དུ་བྲུབ། །སྲོག་སྔགས་བསྙེན་བསྒྲུབ་ལས་དྲིལ་གཞུག །ནག་པོའི་ནང་དུ་ཁོ་ཡི་ནི། །ལྷ་སྲུང་སྔགས་མིང་གཟུགས་བཅས་བྲིས། །སྡེ་བརྒྱད་དག་གི་མིང་བྱང་བྲི། །དེ་གཉིས་ཁ་འཐབ་བར་དུ་ནི། །བན་དྷི་ཁོ་ཡི་ལིདྷ་གཞུག །སྲོག་སྙིང་རྩ་བའི་སྔགས་དེ་ལ། སེང་གེ་ཁ་འཐབ་རྒྱལ་སྔགས་བཟླས། །དྲི་མྱ་ར་ཡ་ནི་དྲོ་ཧུར་ཐུམ། །བན་དྷི་ལ་རྦད་ཁ་ཐམ། །ཆེ་གེ་མོའི་སྲོག་སྙིང་དམར་པོ་ཧུར་ཐུམ་ཛ་མུ་ར་ཡ་རྦད། །ཟངས་ལྕགས་ཉུང་དཀར་ཉུང་ནག་ལ། །བསྔགས་ཤིང་ལིསྐོ་དེ་ལ་བརྡེག །ཟླ་དྲུག་ལོན་ཚེ་དེ་འཆི་འགྱུར། །རྦོད་གཏོང་ཟློག་པའི་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་ཁོ་ཡི་རྐང་རྗེས་དང་། །དྲི་མ་དག་ལ་ལིདྷ་བྱ། །མིང་རུས་བྲིས་ལ་སྙིང་གར་གླན། །མཆོག་ཕུར་སོར་བརྒྱད་སྙིང་གར་གདབ། །རང་གི་མལ་འོག་གྲུ་གསུམ་ནང་། །ཉ་བོ་དུག་ཁྲག་བྱུགས་ལ་བཞག །དོང་ཁ་རྒྱ་གྲམ་གཡམ་པས་བཅད། །དེ་སྟེང་རང་ཉིད་ལྷར་གསལ་འདུག །སྲོག་སྙིང་རྩ་བའི་སྔགས་དེ་ལ། །བོད་གཏོང་ཟློག་སྔགས་འདི་སྦྲེལ་བཟླས། །པ་ར་ཙཀྲ་ཧི༷༷སྐྱི༷༷ཨ་པ་ན་ཡ། ཆེ་གེ་མོའི་རྦོད་ཟོར་སརྦ་བཟློག་བཟློག་ཡ་ཡ། བརྒྱ་རྩ་བརྒྱད་བཟླས་ལ་གཅིག་ཐུབ། །སྟོང་རྩ་བརྒྱད་ཀྱིས་དེ་ཐུབ་འགྱུར། །ཁྲི་ཚོ་གཅིག་གིས་རྟག་ཏུ་ཐུབ། །སྦོད་གཏོང་ཐམས་ཅད་དེས་བཟློག་འགྱུར། །མུ་སྟེགས་ངག་གནོན་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་ཁོ་ཡི་ཆུ་རྗེས་ལ། །ཆུ་ལ་འབོགས་པའི་རྗེས་ས་ལ། །ཁོ་ཡི་གཟུགས་ནི་ཁ་བདེ་བྱ། ་༑ག་ཤོག་ལྕེ་དཔྱང་ཨོག་མར་དྲང་། །བཙན་དུག་མུ་ཟི་ཚུར་ནག་བྱུག །རྡོ་རྗེ་རྒྱ་གྲམ་བྲིས་ནས་ནི། །དཀྱིལ་དུ་མཆོག་ཕུར་སོར་བཞི་གདབ། །རང་གི་རོ་སྟོད་འོག་དག་ཏུ། ཁུ།་གསུམ་དོང་གི་ནང་དུ་གནན། །ལྕགས་ཀྱི་ཕ་བོང་རི་རབ་ཀྱིས། །ཁོ་ཡི་ལྕེ་མནན་འགྱུར་མེད་བསམ། །སྲོག་སྙིང་རྩ་བའི་སྔགས་དེ་ལ། ཨ་བཱ་ག་རྦད། ཙིསྟ་སྟམ་བྷ་ཡ་ནན། །ངག་ལྡིབ་ལྡིབ་ངག་ནན། །ཉེར་རེ་ནུབ་ཀྱི་རིགས་ལ་བཟླས། །དེ་ནས་ཇག་འཆིང་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་སྤྲེའུའི་སོ་དང་ཁྲག །མི་ཁྲག་ཉུང་དཀར་གུ་གུལ་ནག །སྐྱེས་པ་གྲིར་ཤིའི་ཁྲག་རྣམས་ལས། །སྲོག་སྙིང་རྩ་བའི་སྔགས་དེ་དང་། །མི་རྒོད་ཇག་འཆིང་སྔགས་སྦྲེལ་བཟླས། །དར་དུ་ཧར་དུ་རྦད། ལྷུ་པ་ཧ་དུ་ཤིག ཙག་ཙག་ཆིངས་ཆིངས། །ཁྲི་ཕྲག་ཐེམ་ནས་མགུལ་ཁུག་བཅང་། །དགྲ་བྱུང་ཚེ་ ན་ཐུན་གཏོར་ན། །བརྒྱལ་བ་དང་ནི་རེངས་པར་འགྱུར། །དམ་སྲི་གནོན་པའི་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་དམ་སྲི་མོ་ཡི་གཟུགས། །ལིསྐོ་མིག་རུས་ལྡན་བྲིས་ནས། །རབས་ཆད་ཐོད་པའི་ཨག་ཙེར་བྲུབ། །སྲོག་སྙིང་རྩ་བའི་སྔགས་དེ་དང་། །དམ་སྲི་མནན་པའི་སྔགས་འདི་སྦྲེལ། །དགྲ་བགེགས་དམ་སྲི་དྲི་ཏྲི་རྦད་ཐུམ། དྷ་ར་ཡ་དྷ་ར་ཡ། སྨྱུ་ར་ཡ་མྱ་ར་ཡ་ནན།མཆོད་རྟེན་རྙིང་པའི་འོག་ཏུ་མནན། །དམ་སྲིའི་བར་ཆོད་རྒྱུན་ཆོད་འགྱུར། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། སྲོག་སེར་ཁ་སྒྱུར་ཡོངས་རྫོགས་སུ་བསྟན་པའི་ལེའུ་སྟེ་སོ་དགུ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །བསྒྲུབ་རྟེན་འབྱུང་འདུས་སྒྱུ་ལུས་འདི། །འཆི་བ་བརྟག་བསླུ་འཕོ་འཇུག་གང་། །དེ་སྐད་ཅེས་གསོལ་བཀའ་སྩལ་པ། །རྣལ་འབྱོར་འཆི་བའི་ལྟས་བརྟག་པ། །ཕྱི་ནང་གསང་བ་དེ་ཉིད་དེ། །ཟླ་བ་གང་རུང་ཉ་ཡི་ནུབ། །སྤྲིན་མེད་དང་དུས་སྔ་དགོངས་དུས། །གཅེར་བུར་ནུབ་ཏུ་ཁ་བལྟས་ཏེ། །གྲིབ་མའི་སྙིང་གར་མིག་ཡིད་གཟུང་། །མིག་སྦྱིད་དུས་ན་མཁའ་ལ་བལྷ། །རང་གི་གྲིབ་འདྲ་མི་ཡི་གཟུགས། །སྔོ་སྐྱ་རྐང་ལག་མ་ཉམས་འཆར། །དེ་ནི་གནས་ལུགས་འཆི་བརྟགས་མེད། །དེ་ཡི་འཆར་འགྱུར་རྟགས་མང་ཡང་། །གཟུགས་དེ་རོ་ཐུམ་འདྲ་བའམ། །མགོ་བོ་ཆད་དམ་མགོ་གཞུག་ལོག །ལོ་གཅིག་ཟླ་དྲུག་ནང་དུ་འཆི། །འཕྲེད་ལ་བསྟན་ན་ཆག་སྒོ་ཡོད། །རྨི་ལམ་བརྟག་པ་ཐུར་འགྲོ་ཞིང་། །བག་མ་བླངས་སམ་བག་མར་འགྲོ། །ཡུལ་མཁར་འགྱེལ་ལམ་གཤིན་དང་འགྲོགས། །སྐྱས་ནག་སྒོ་གནོན་སྨེ་ཅན་འབེབས། །མདོར་ན་ངན་སེམས་ཀུན་རྨིས་ན། །སད་རྗེས་སྙིང་མི་དགའ་ན་འཆི། །སྤྲེའུ་འམ་ནི་བོང་བུ་ཤོན། །མི་དཀར་ཁྲིད་དེ་ཤར་ལྷོ་མྲ །ཕྱིན་ནས་མ་ལོག་རྨིས་ན་འཆི། །ངན་པ་རྨིས་འཕྲོ་བཟང་རྨིས་ཐུབ། །གཟུགས་དང་དབང་པོ་སྐད་ཁ་དོག །རྐྱེན་མེད་སྔར་བས་ཉམས་འགྱུར་དང་། །དྲི་ལོག་དྲི་མི་ཚོར་ཡང་རུང་། །མེ་མར་ཤི་དྲི་མི་ཚོར་འཆི། །མིག་བཙིར་བད་མེད་རྣ་འབྲུག་མེད། །སྤྱི་བོའི་ཚ་འགྲིབ་ཞག་བདུན་ཡོལ། །སྲིན་ལག་ས་ནས་ཐེགས་ན་འཆི། །རྐྱེན་མེད་གློ་བུར་དུག་ལྔ་རགས། །ཆོས་བརྒྱད་ལྷག་པར་སྲེད་པ་དང་། །གར་བསྡད་སུ་དང་འགྲོགས་སྐྱོ་ཞིང་། །སྔར་དང་སྤྱོད་ལམ་གོ་ལོག་ངན། །དགེ་སྦྱོར་གང་ལ་བློ་མི་འཇུག །གཉིད་ཆེ་གཉིད་ཆུང་གོ་ལོག་དང་། །བསོད་ནམས་ལྷག་པར་སྐྱེ་འབྲི་རུང་། །བླ་མ་མཆེད་ལ་ ང་ལོག་འཆི། །མདོར་ན་སྔར་གྱི་གནས་ལུགས་ལ། །སེམས་ཉིད་ལས་སུ་མི་རུང་འཚི། །དུས་མིན་འཆི་བའི་སླུ་ཐབས་བཤད། །མཎྜལ་སྟེང་དུ་རུས་སྦལ་དགོད། །འབྲུ་སྣའི་ཕྱེ་ལ་རང་མཉམ་གླུད། །དོན་སྙིང་དབང་པོ་གླུད་རྫས་བརྒྱན། །ཕོ་ཤིང་མོ་ཤིང་རང་དང་སྦྱར། །ལོ་གྲངས་ཁྲམ་བཏབ་སྒྱུར་དམོད་བྲི། །མདའ་དཀར་བཅས་ཏེ་གཡས་གཡོན་གཟུག །ལོ་གྲངས་གླུད་དང་ཤ་མར་ཟན། །འདོད་ཡོན་ཟས་རྣམས་ཡོངས་བསྐོར་ཏེ། །འདབ་བརྒྱད་རུས་སྦལ་དལ་དབུས་གཞག །གཞན་ཡང་མཐུན་པའི་གཏོ་ཡས་བསག །རང་ཉིད་གཤིན་རྗེར་རབ་གསལ་བས། །སྔགས་དང་ཕྱག་རྒྱས་སྤེལ་སྦྱངས་བསྒྱུར། །འབྱུང་བའི་ནད་གདོན་ཀུན་འདུལ་བའི། །ཞི་བྱེད་འཆི་སླུའི་སྔགས་འདི་བཟླས། །ཨོ་མ་ཧྭ་ཀ་ལི་མོ་ཧ་ཡེ་གྲྭ་ཧྭ། ཨོ་མ་མ་ར༷་ར༷་ཡེ་གྲྭ་ཧྭ། ཨོ་མ་མ་ཁ༷་ཁ༷་ཡ༷་སལ་ཡེར་པ་གྲྭ་ཧྭ། ཨོ་སུ་སུ་མ་མ་ཏང་ཏང་ཡེ་གྲྭ་ཧྭ། ཨོ་མ་མ་ཀར་ཀར་ཡེ་གྲྭ་ཧྭ། །ཨོ་མ་མ་སྔོ་ཏ་སྔོ་ཏ་ཡེ་སྲུ་ཧྭ། ཁ་ཞུ་ཁ་ཞུ་གྲྭ་ཧྭ། ཤི་མ་ག་ལ་སྲུ་ཧྭ། ཨོ་ཨ་ར༷་ཨ་ཏྲ༷་སྲུ་ཧྭ། ཨ་ཏེ་ན་མ་མ་ཧྭ་གྲ་ཧ་ཧ་ན་མ་སྨྱོ། །ན་ཏི་ཕུ་ན་གྲྭ་ཧྭ། ཨོ་ཏྲ༷་ཧུ༷་ཧུ༷་ཕཊ། ཨོ་བྱི་ཤ་མ་ཡེ་གྲྭ་ཧྭ། ཨོ་དྲུ་མུ་དྲུ་མུ་གྲྭ་ཧྭ། ཨོ་འཛི་མི་འཛི་མི་མུ་སི་པག་ཤམ་ས༷་རྦད་ཏོ་མ་ཧྭ་མ་ཧྭ་ཡག་ཤ །སྙོ་དྷི་པར་ཤང་། ཡ༷་ཀི་རོ་ཀི་རོ་ཧུ༷་ཕཊ། ཨོ་ས་མ་ཡ་ཡེ་མེ་ཡ་ཡི་དུ་བེ། དུ་པེ་མི་སྟི་་ཡ་༷་༷་ཕཊ་ཕཊ་ ་ཧྭ། ཨ་ན་རུ་ཤམ་པ་འདུས་སརྦ་ཨ་ཡ་ཤ །བྷ་ཚ་བྷ་ཚ་ཕཊ། ཨ་ཀ་ནི་ནི་ཀ་ནི། ཨ་བྱི་ལ་མ་ ་ལི་མ་ ་ལི་ཡེ་གྲྭ་ཧྭ། བརྒྱའམ་་ང་དུ་བཟླས་ནས་ཀྱང་། །ལྷ་སྲིན་ཀུན་ལ་མིང་གིས་མཆོད། །རང་གི་ལོ་སྤར་དུས་ཀེག་ལ། །འདྲེ་ལྔ་སྡོད་པའི་ཕྱོགས་སུ་བསྐྱལ། །དེ་ལྟར་བྱས་ན་ཚེ་ཟད་ཀྱང་། །ལོ་གསུམ་ཤོལ་གྱིས་ཐེབས་པ་ཡིན། །དུས་ཡིན་འཆི་བསླུ་སྨོས་ཅི་དགོས། །ལུས་སྟག་གོ་ལོག་ཐམས་ཅད་བཟློག །དེས་ཀྱང་དཀའ་ན་སླུ་ཐབས་ནི། །བླ་མ་ཁྱད་པར་བཤེས་གཉེན་ལ། །ལོ་གྲངས་ཙམ་གྱི་ཡོན་དབུལ་ཞིང་། །ལོ་གྲངས་བཀའ་ལ་འདོན་ཀློག་བྱ། །ལོ་གྲངས་གཙུག་ལག་ཁང་ཡང་མཆོད། །གསང་སྒྲུབ་ཆེན་པོའི་དབང་རྫོགས་ཞུ། །ཚོགས་འཁོར་མང་ལ་གྲངས་མེད་གཏང་། །ཚེ་སྒྲུབ་བཅུད་ལེན་སྐབས་བཞིན་བྱ། །དེ་རྣམས་ཀུན་གྱིས་བཟློག་དཀའ་ན། །འཁོར་གསུམ་ཡོངས་དག་སྤོང་ཐག་བྱ། །དབེན་པར་མཚམས་བསྡམ་བག་ཀློད་ལ། །བལྟ་བསྒོམ་འཆི་མེད་སྙིང་པོ་བསྐྱང་། །འཆི་བསླུའི་རྒྱལ་པོར་དེ་འགྱུར་ངེས། །གལ་ཏེ་སླུ་ཐབས་ཀུན་རྡུགས་ནས། །དུས་ལ་བབ་ན་འཕོ་འཇུག་ནི། །མཚན་མེད་མཚན་བཅས་གཉིས་ཡིན་ཏེ། །མཚན་མེད་རྣལ་འབྱོར་བློ་རབ་ཀྱིས། །འཆི་འཕོ་ཀུན་བརྟགས་འཇིག་རྟེན་ཆོས། །རང་བྱུང་ཡེ་ཤེས་འཆི་མེད་ལ། །འཆི་འཕོའི་རྣམ་རྟོག་རང་སར་གྲོལ། །དེ་ཉིད་རྟོགས་ཚེ་འཕོས་པ་ཡིན། །དེ་ལས་མི་འདའ་གྲོང་འཇུག་ཡིན། །མཚན་བཅས་རྣལ་འབྱོར་བློ་འབྲིང་མཐས། །དབེན་པར་མཎྜལ་གཙང་མའི་དབུས། །ཡི་དམ་སྐུ་གསར་བྲིས་ལ་བཞག །རང་ཉིད་ལྷར་གསལ་རླུད་བསྒོམས་པས། །ཧུ༷་མཐིང་སྣ་རླུད་གཡས་ནས་དྲང་། །བྲིས་སྐུའི་ཐུགས་ཀའི་ཧུ༷་ལ་ཐིམ། །ཡང་ཡང་སྦྱངས་རྗེས་གསལ་དུས་ན། །དེ་ཉིད་ལ་འཕོས་ས་བཅུ་ཡི། །བྱང་སེམས་སུ་འགྱུར་རང་བྱུང་དོན། །ཡེ་ཤེས་ངོ་ཤེས་ས་ནོན་འགྱུར། །དེ་ཡང་དཀའ་ན་མཎྜལ་དབུལ། །མཚན་ལྡན་དུམ་གཅིག་ཐོད་པའི་ནང་། །བིཌར་ཧུ༷་མཐིང་བྲིས་ནས་ཀྱང་། །སྔར་བཞིན་རླུད་འབྱིན་རིག་ཧུ༷་བསྟིམ། །དེ་འགྲུབ་བརྟན་ན་གྲོང་འཇུག་སྟེ། །རིགས་བཟང་རིག་གསལ་ན་གཤོན་ལ། །ནད་ངན་གྲི་ལྔར་མ་ཤི་བའི། །ཞག་གསུམ་ཚུན་ཆད་ཤི་རོ་བླང་། །དྲི་བཟངས་ཀྱིས་བཀྲུས་བརྒྱན་རྣམས་གདགས། །དཀྱིལ་འཁོར་དབུས་བཞག་ཚོགས་གཏོར་བྱ། །བགེགས་བསྐྲད་གསོལ་གདབ་འདུན་པ་གཞུག །ཉམས་ཅན་མཆེད་ཀྱིས་རོ་དེ་གཟུང་། །སྣ་རྩེ་མཛོད་སྤུར་ཧུ༷་རེ་བྲིས། །རང་རིག་ཧུ༷་ཞེས་ཧུ༷་དེ་ཉིད། །མཛོད་སྐྲུའི་ཧུ༷་ལ་ཡང་ཡང་བསྟིམ། །དེ་བརྟན་སྣ་རྩེའི་ཧུ༷་ལ་བསྟིམ། །རོ་ལ་དྲོད་དང་མདངས་ཀྱང་འབྱུང་། །དེ་ནས་རོ་དང་ཁ་སྦྱར་ཏེ། །རང་རིག་ཧུ༷་དང་རླུང་དུ་བཅས། །སྣ་བུག་གཡས་ནས་རྩལ་བསྐྱེད་དེ། །རོ་ཡི་སྣ་བུག་གཡོན་ནང་བརྒྱུད། །རོ་ཡི་སྙིང་གར་ཧུ༷་དུ་གནས། །ཡང་ཡང་བསྟིམ་ཞིང་བརྟན་པར་བྱ། །དེ་ནས་རོ་འགུལ་ལྡང་ཞིང་སྨྲ། །གྲོགས་དེས་བུར་ཆུ་མངར་གྱིས་གསོ། །ཞག་གྲངས་ཉེར་གཅིག་བརྟས་སུ་གཞུག །དེ་ནས་བག་ཆགས་མཁྱེན་པ་དྲན། །སྔར་དང་འདྲ་བར་གྱུར་པའི་ཚེ། །སྔ་མའི་ཕུང་པོ་བསྲེག་སྦྱངས་ཏེ། །ཚ་ཚ་མཆོད་རྟེན་བཞེང་པར་བྱ། །ཁྱད་པར་བར་དོ་གྲོང་འཇུག་ལྔ། །རང་བཞིན་ངོ་ལྟོས་ཏིང་ངེ་གནས། །རྨི་ལམ་མཚམས་སྦྱར་སྐྱེ་འཆིར་བཟླ། །སྲིད་པ་བར་དོར་ལས་འཕྲོ་འཐུད། །ཅེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། །འཆི་བརྟག་འཆི་བསླུ་འཕོ་བ་གྲོང་འཇུག་ཡོངས་རྫོགས་སུ་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །རྒྱུད་ཆེན་དགོངས་འབྲེལ་བསྟན་འཚལ་ན། །བཅོམ་ལྡན་འདས་དང་བདེ་གཤེགས་གསང་། །ཐམས་ཅད་ཀྱིས་ནི་སྐུ་གསུང་ཐུགས། །གསང་བ་ཡེ་ཤེས་སྙིང་པོ་དང་། ཐམས་ཅད་ཡོངས་རྫོགས་བསྡུས་དོན་གང་། །ཞེས་གསོལ་སྟོན་པས་བཀའ་སྩལ་པ། །བདུད་རྣམས་ཀུན་འཇོམས་ཡོན་ཏན་ལྡན། །བདེ་བར་གཤེགས་པའི་ཚུལ་བརྗོད་ན། །གཟུང་འཛིན་ཉོན་མོངས་མི་གནས་བདེ། །འབྲས་བུ་སར་གཤེགས་བདེ་བར་གཤེགས། །ཐམས་ཅད་ཀུན་ཁྱབ་སྐྱེ་འགག་མེད། །གཉིས་མེད་སྐུ་གསུང་ཐུགས་ཡིན་ཏེ། །གབ་སྦས་ངེས་གསང་དེས་ཤེས་ཤིང་། །མུ་བཞི་མཉམ་གྲོལ་སྙིང་པོའི་དོན། །སྤྲོས་དང་སྤྲོས་མེད་དོན་ཐམས་ཅད། །རྒྱུད་འདིར་ཡོངས་རྫོགས་འདུས་པའི་དོན། །ཇི་སྙེད་པ་ཡི་བདེ་བར་གཤེགས། །རང་རིག་སེམས་ཀྱི་རྒྱུད་ལ་རྫོགས། །དེ་ཕྱིར་ཡོངས་སུ་རྫོགས་ཞེས་བྱ། །ཞེས་གསུངས་འཁོར་གྱིས་ཡང་གསོལ་པ། །དཔལ་དང་གསང་བ་འདུས་པ་གང་། །རྒྱུད་དང་ཆེན་པོ་ཇི་ལྷ་བུ། །ཞེས་གསོལ་སྟོན་པས་བཀའ་སྩལ་པ། །མཐར་ཐུག་གནས་སྐབས་ཐམས་ཅད་དུ། །བདེ་འབྲས་རང་ཤར་དོན་བྱེད་དཔལ། །ཐུགས་ཀྱི་དགོངས་པ་གབ་པས་གསང་། །དོན་གྱི་སྙིང་པོ་འདུས་པས་འདུས། །ཕུན་སུམ་ཚོགས་པའི་ཕྱིར་ན་རྒྱུད། །དེ་ལས་འཕགས་པ་གཞན་མེད་ཆེ། །ཞེས་གསུངས་འཁོར་གྱིས་ཡང་གསོལ་པ། །ངོ་མཚར་ཕུན་ཚོགས་རྒྱུད་མཆོག་གི །ངོ་བོ་གང་ཡིན་ངེས་ཚིག་ཅི། །དབྱེ་བ་མཐུན་དཔེ་ལྡང་ཚད་དང་། །དགོས་ཆེད་དང་སྦྱར་མཚན་འདོགས་གང་། །ཞེས་གསོལ་སྟོན་པས་བཀའ་སྩལ་པ། །ངོ་བོ་རང་རིག་ཡེ་ཤེས་ཏེ། །མ་བཅོས་མ་བསྒྱུར་བསླད་པ་མེད། །སྐྱེ་འགག་རྟག་ཆད་འགྲོ་དང་འོང་། །ཡོད་མེད་མཐའ་བྲལ་དབྱེར་མེད་པའོ། །ངེས་ཚིག་འབྲལ་ཅིང་མ་ཚང་མེད། །དཀྲུགས་དང་ཡོངས་རྫོགས་ཕུན་སུམ་ཚོགས། །དབྱེ་བ་ཚིག་རྒྱུད་དོན་རྒྱུད་དོ། །མདུན་དཔེར་རིན་ཆེན་དྲ་བ་འདྲ། །ལྡང་ཚད་གླེང་སྩོགས་དངོས་པོ་བཅུ། །བསྟན་རིམ་ལྟ་སྒོམ་སྤྱོད་འབྲས་དང་། །བསྙེན་དང་བསྒྲུབ་ཆེན་དབང་དམ་ཚིག །མཐའ་རྒྱས་མན་ངག་ལ་སོགས་པ། །གླེང་གཞི་ནས་བཟུང་རྒྱུད་གཏད་པར། །དབུ་ཞབས་ཡོངས་སུ་རྫོགས་པར་བསྟན། །དགོས་ཆེད་དང་སྦྱར་མཚན་དོན་ནི། །བདུད་བཅོམ་དཔལ་ལྡན་སྐྱོན་གྲོལ་བས། །བཅོམ་ལྡན་གྲོལ་རྒྱུད་ཅེས་ཀྱང་བྱ། །ལམ་བདེ་འབྲས་བུའི་སར་གཤེགས་པས། །བདེ་གཤེགས་འདུས་པའི་རྒྱུད་དུ་གསུངས། །སྣང་སྟོང་གཉིས་མེད་གཉིས་སྣང་སྟོན། །སྐུ་གསུང་ཐུགས་ཀྱི་རྒྱུད་ཅེས་བྱ། །གབ་སྦས་སྤྲོས་བྲལ་དོན་གསལ་བས། །སྤྲོས་བྲལ་དོན་གསལ་རྒྱུད་ཅེས་བྱ། །རྒྱལ་བ་ཞི་ཁྲོ་ཡོངས་རྫོགས་པས། །ཡོངས་རྫོགས་ཆེན་པོའི་རྒྱུད་དུ་གསུངས། །དཔལ་ཆེན་ཀུན་གྱི་གསང་འདུས་པས། །དཔལ་ཆེན་གསང་འདུས་རྒྱུད་ཅེས་བྱ། །མ་རིག་མུན་པའི་ཚོགས་འཇོམས་པས། །ཉི་ཟླ་ཁ་སྦྱོར་རྒྱུད་དུ་གསུངས། །རིགས་དྲུག་འཁོར་བ་དོང་སྤྲུགས་པས། །འཁོར་བ་དོང་སྤྲུགས་རྒྱུད་ཅེས་བྱ། །སངས་རྒྱས་ཀུན་གྱི་དགོངས་འདུས་པས། །དགོངས་པ་འདུས་པའི་རྒྱུད་དུ་གསུངས། །བསྙེན་བསྒྲུབ་ཕྲིན་ལས་ཡོངས་རྫོགས་པས། །ཕྲིན་ལས་ཡོངས་རྫོགས་རྒྱུད་ཅེས་བྱ། །གཞི་ལམ་འབྲས་བུའི་གསང་རྫོགས་པས། །གསང་བ་ཡོངས་རྫོགས་རྒྱུད་དུ་ཟུང་། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། རྒྱུད་ཀྱི་དགོས་འབྲེལ་མཚན་ཡོངས་རྫོགས་སུ་བསྟན་པའི་ལེའུ་སྟེ་ཞེ་གཅིག་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་མགྲིན་གཅིག་ཏུ། རབ་ཏུ་སྤྲོ་བའི་སེམས་ཀྱིས་སྟོན་པ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ལ་རྡོ་རྗེ་གླུ་ཡིས་བསྟོད་པ་ནི། །ཧུ༷་ཧུ༷་ཧུ༷། ཧ་ཧ་ཧ། ཧོ་ཧོ་ཧོ། ཀྱེ་ཀྱེ་ཀྱེ། ཨེ་མ་ཧོ་ཧུ༷། བཅོམ་ལྡན་དཔལ་ཆེན་ཆེ་མཆོག་མི་བཟད་ཧེ་རུ་ཀ །ཆོས་སྐུ་སྐྱེ་མེད་དབྱིངས་ནས་བཞེངས་ནས་ཀྱང་། །གཟུགས་སྐུ་རབ་འཇིགས་ཆ་ལུགས་ག་་རྔམ་ཁྲོ་བོར་སྟོན། །སངས་རྒྱས་ཀུན་འདུས་ཡོན་ཏན་དབང་ཕྱུག་བདུད་འདུལ་རྒྱལ། །གསང་བའི་ཡུམ་མཆོག་ཁྲོ་མོ་གནམ་ཞལ་བདེ་ཆེན་སྦྱོར་བའི་ཡུམ། །དུས་གསུམ་བདེར་གཤེགས་རྒྱལ་བ་མ་ལུས་ཀུན་འདུས་བསྐྱེད་མཛད་མ། །གཉིས་མེད་མཉམ་སྦྱོར་ཡོན་ཏན་སྣ་ཚོགས་འགྲོ་བ་འདུལ། །ཆེ་མཆོག་ཡབ་ཡུམ་རོལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཧུ༷་ཆེ་མཆོག་སྐུ་ནི་གཤིན་རྗེ་གཤེད། །ཆེ་མཆོག་གསུང་ནི་རྟ་མགྲིན་དབང་། །ཆེ་མཆོག་ཐུགས་ནི་དཔལ་རྡོ་རྗེ། །ཆེ་མཆོག་ཡོན་ཏན་ཡོངས་རྫོགས་ཉིད། །ཆེ་མཆོག་ཕྲིན་ལས་ཀི་ལ་ལྭ། །ཆེ་མཆོག་རྦོད་གཏོང་མ་མོའི་གཙོ། །ཆེ་མཆོག་རིག་འཛིན་ཐོད་པ་རྩལ། །ཆེ་མཆོག་ཕོ་ཉ་དྲེགས་པའི་གཙོ། །ཆེ་མཆོག་དམོད་པ་སྔགས་བདག་གཙོ། །ཆེ་མཆོག་སྤྲུལ་པ་སྲས་མཆོག་ཚོགས། ཆེ་མཆོག་བཀའ་སྡོད་དམ་ཅན་མ། །ཡོངས་རྫོས་དཔལ་ཆེན་འཁོར་བཅས་རྣམས། །ཡེ་ནས་རང་དང་གཉིས་མེད་ཕྱིར། །གཉིས་མེད་གུས་པས་ཕྱག་འཚལ་བ་ད། །ཅེས་མངོན་པར་བ་ད་དོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། །་ན་པ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ལ་ཡོངས་རྫོགས་སུ་བ་ད་པའི་ལེའུ་ ་ཞེ་གཉིས་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ལ། སྟོན་པ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་རབ་ཏུ་དགྱེས་ནས། རྡོ་རྗེ་ཟིལ་གནོན་བདེ་གཤེགས་འདུས་པའི་གླུ་བྲོ་གསུངས་པ། །ཧུ༷་ང་ནི་ཆེ་མཆོག་ཧེ་རུ་ཀ །ཞི་ཁྲོ་བདེ་གཤེགས་ཡོངས་རྫོགས་སྐུ། །རྡོ་རྗེའི་གླུ་གཅིག་གནམ་ནས་ལེན། །སྟེང་གི་ལྷ་རྣམས་ཟིལ་གྱིས་གནོན། །རྡོ་རྗེའི་ཟླུ་གཅིག་ས་ནས་ལེན། །ཀླུ་གཉན་ས་བདག་གཟིལ་གྱིས་གནོན། །རྡོ་རྗེའི་གླུ་གཅིག་ཕྱོགས་བཅུར་སྒྲོགས། །ཕྱོགས་སྐྱོང་དྲེགས་པ་ཞབས་འོག་གཟིར། །རྡོ་རྗེའི་གླུ་སྐད་ཙེར་རེ་རེ། །ཧུ༷་གི་འབྲུག་སྒྲ་ལྡི་རི་རི། །ཕཊ་ཀྱིས་གནམ་ལྕགས་ཚལ་ལེ་ཚལ། །དྲག་པོའི་བཤུག་གླུས་ཁམས་གསུམ་གཡོ། ཁྲངས་ཀྱི་ཧུ༷་སྒྲས་སྲིད་གསུམ་སྒྲོལ། །སྙན་ནས་འབྲུག་སྒྲས་སྟོང་གསུམ་འགེངས། །ལྗགས་ལས་གློག་འཀྱུ་བར་སྣང་ཁྱབ། །སྤྱན་ནས་ཆུ་བྱུང་སྟོང་གསུམ་ཞབྲུ། །ཞལ་ནས་མཆེ་གཙིགས་བདུད་བཞི་སྒྲོལ། །གླུ་བྲོ་འཁོར་གསུམ་ཆེམས་སེ་ཆེམ། །གླུ་བྲོ་འཁོར་གཅིག་དང་པོ་ཡིས། །གཟུགས་མེད་མུ་བཞི་ཟིལ་གྱིས་གནོན། །གླུ་བྲོ་འཁོར་གཉིས་བར་པ་ཡིས། །གཟུགས་ཁམས་བཅུ་བདུན་ཟིལ་གྱིས་གནོན། །གླུ་བྲོ་འཁོར་གསུམ་ཐ་མ་ཡིས། །འདོད་ཁམས་ཉི་ཤུ་ཟིལ་གྱིས་གནོན། །རྡོ་རྗེ་ཟིལ་གནོན་གླུ་བྲོ་ཡིས། །ལྷ་སྲིན་སྡེ་བརྒྱད་དབང་དུ་སྡུད། །དྲེགས་པའི་ཚོགས་རྣམས་འབུབ་ཅིང་རྒྱལ། །རྡོ་རྗེའི་འགྲོས་སྟབས་ཆེམས་སེ་ཆེམ། །ཁྲོ་བོའི་གར་སྟབས་ལོག་གེ་ལོག །བྲོ་ནི་དྲེགས་པ་བདུད་འདུལ་བྲོ། །གླུ་ནི་ཁམས་གསུམ་དབང་སྡུད་གླུ། །ཚིག་ནི་དོན་དམ་མཚོན་པའི་ཚིག །ཞབས་གཡས་ཐབས་ཀྱི་བྲོ་བརྡུངས་པས། །ཁྲོ་བོའི་ཚོགས་རྣམས་དབང་དུ་སྡུད། །ཞབས་གཡོན་ཤེས་རབ་བྲོ་བརྡུངས་ལས། །ཁྲོ་མོའི་ཚོགས་རྣམས་དབང་དུ་སྡུད། །གཡས་གཡོན་ཐབས་ཤེས་བྲོ་བརྡུངས་པས། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །དགྲ་ནི་དུམ་བུར་གཏུབ་པའི་བྲོ། །དམ་སྲི་ཐལ་བར་རློག་པའི་བྲོ། །ཧུ༷་ཧུ༷་ཧུ༷། ཞེས་ལོག་ལྟའི་དྲེགས་པ་ཟིལ་གྱིས་གནོན་ཅིང་། །ཚར་བཅད་དེ་གསང་བའི་བདག་པོ་ལ་སོགས་པའི་འདུས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན། །རྡོ་རྗེ་འཛིན་པ་ཚུར་ཉོན་ཅིག །དགོས་འདོད་རེ་སྐོང་ཡིད་བཞིན་གྱི། །རིན་ཆེན་ལྟ་བུའི་རྒྱུད་ཆེན་མཆོག །དཔལ་ཆེན་གསང་བ་འདུས་པའི་རྒྱུད། །སྙིང་ནོར་ཡིན་ནོ་མིག་འབྲས་ཡིན། །ཐེག་པ་ཡོངས་རྫོགས་རྩ་རྒྱུད་འདི། །གཏམས་སོ་གཏད་དོ་ཐུབ་པར་ཆོངས། །དམ་ཉམས་རྣམས་ལ་ཤོར་སྲིད་དོ། །གཡོ་སྒྱུ་ཅན་ལ་ཤོར་སྲིད་དོ། །སྣོད་མེད་རྣམས་ལ་ཤོར་སྲིད་དོ། །བསྟན་པའི་སྙིང་འདི་ཐུབ་པར་སྲུངས། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། རྒྱུད་དོན་ཡོངས་རྫོགས་འཁོར་ལ་གཏད་པའི་ལེའུ་སྟེ་ཞེ་གསུམ་པའོ།། །།བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བ་ཡེ་ཤེས་ཀྱི་སྙིང་པོ་ཐམས་ཅད་ཡོངས་སུ་རྫོགས་ཤིང་འདུས་པ། དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། ཨུ་རྒྱན་གྱི་མཁན་པོ་པདྨ་ས༷་བྷ་ཝས་སྒྲ་རང་འགྱུར་དུ་བསྒྱུར་བ་རྫོགས་སོ།། །།བརའདིརཟླག་ནགཔོབཐམ་་་བའིརྒྱུད་ད། རྒྱ་གར་སྐད་དུ། ཤི་ཙནྟྲ་གུ་རྒྱ་ཀྭ་ལ་ཏནྟྲ། བོད་སྐད་དུ། དཔལ་ཟླ་གསང་ནག་པོའི་རྒྱུད། འཇམ་དཔལ་གཤིན་རྗེའི་གཤེད་