Ngb-pt-0942-vol-10-text

From Rangjung Yeshe Wiki Texts
Revision as of 08:01, 20 March 2020 by Move page script (talk | contribs) (Move page script moved page PT-900-975/ngb-pt-0942-vol-10-text to Ngb-pt-0942-vol-10-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

༄་། །རྣལ་འབྱོར་གྱི་རིམ་པའི་རྒྱུད་ཅེས་བྱ་བ་བཞུགས་སོ། ། རྒྱ་གར་སྐད་དུ། ཡོ་ག་ཀྲ་མ་ན་མ་པྲི་ཏ་ཏན་ཏྲ་ན་མ། བོད་སྐད་དུ། རྣལ་འབྱོར་གྱི་རིམ་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་གསང་བའི་བདག་པོ་དེ་བཞིན་གཤེགས་པ་འདུལ་དཀའ་འདུལ་བ་ཉིད་ལ་ཕྱག་འཚལ་ལོ། །དེ་ལྟར་སྐུ་ལྔ་གུས་མཆོད་ནས། །རྣལ་འབྱོར་གསུམ་མཐའ་ལྔ་ཉིད་ལ། །གཉིས་འགྱུར་བཅུ་བཞིའི་རིམ་པ་རྣམས། །བསླབ་བྱ་སློབ་པའི་དོན་ཕྱིར་་ཤད། །རྣལ་འབྱོར་གསུམ་མཐའ་བཤད་བྱ་བ། །བྱ་རྒྱུའི་རྣལ་འབྱོར་བཞི་གཉིས་དང་། །ངེས་པ་རྣམ་གཉིས་ལམ་གཉིས་དང་། །བྱ་མེད་འབྲས་བུ་མཐར་ཕྱིན་པའོ། །དང་པོ་ཤེས་བྱ་རྣམས་གསུམ་སྟེ། །ཕྱི་དང་ནང་དང་ཕྱི་ནང་ངོ་། །ས་ཆུ་མེ་རླུད་ནམ་མཁའ་དང་། །ཡུལ་དྲུག་ཡི་ཤེས་རྡོ་རྗེ་ཡི། །ངོ་བོ་ཀ་དག་ཇི་ལྟ་བའི། །སྡུས་མེད་རྫོགས་པས་ངེས་པའོ། །ནང་གི་སེམས་དང་རྟོག་དཔྱོད་སོགས། །གང་ཟག་ཟིན་པའི་ཆོས་རྣམས་ནི། །ངང་གི་མཐའ་བྲལ་རྣལ་མ་ཉིད། །འགྲོ་འོང་མེད་པར་ལྷུན་གྱིས་རྫོགས། །ཕྱི་ནང་རྣལ་འབྱོར་འདི་ལྟ་སྟེ། ཐམས་ཅད་ཀུན་དང་ཁ་དོག་དབྱིབས། །ངེས་དང་མ་ངེས་འབྱུང་མི་འབྱུང་། །དམན་དང་སྨན་པ་བྱས་མ་བྱས། །བཅས་དང་དེ་ནི་མ་བཅས་པ། །སྤྱི་མཐུན་ཁྱད་པར་རྣམ་པ་རྣམས། །བྱ་བྱེད་མ་སླདཇིབཞིནཉིད། །མཚན་ཉིད་དབྱེར་མེད་རྣལ་འབྱོར་སྒྲ། །གཞན་ཡང་མཚན་ཉིད་རྟོག་པ་གསུམ། །ལོག་བཞི་ཉོན་མོངས་རྣམ་པ་ལྔ། །ཕུང་པོ་ལྔ་དང་དབང་པོ་ལྔ། ཁུ་དྲུག་བཅུ་གཉིས་རྐྱེན་ཆོས་དང་། །སྐྱེ་བ་བཅུ་གཉིས་བསྟན་པ་དང་། །རང་བཞིན་བཅོ་བརྒྱད་སྒོད་བཅུ་གཅིག །སྨིན་པ་བཞི་དང་ལམ་ལྔ་དང་། །གནས་དྲུག་མུ་གསུམ་འཁྲུལ་པ་ཅིག །འདོད་པའི་འབྲས་བུ་བཞིར་གྱུར་ཅིང་། །རང་བཞིན་གཉིས་མེད་རྒྱུར་ཤེས་བྱ། །རྣལ་འབྱོར་དང་པོའི་མཚན་ཉིད་ནི། །འདི་་ཁུ་བསྟན་དུ་མེད་པས་ཏེ། །ཀུན་བྲལ་ཉག་གཅིག་ཅི་མ་སྤངས། །མ་བསྡུས་རིལ་རྫོགས་མ་ཕྱེ་བྲལ། །མ་ཕྱིན་ཀུན་སོན་འོང་མེད་ཁྱབ། །ཇི་བཞིན་སྙིང་པོབྱང་ཆུབ་ལ། །བདེན་གཉིས་ཐ་སྙད་ཡེ་ནས་མེད། །བསམ་དང་ཚིག་གིས་ཕེབས་པར་དཀའ། །བརྗོད་མེད་རང་རིག་ཐམས་ཅད་ཀྱི། །དངོས་གཞི་ངོ་བོ་ཉིད་སྣང་ཕྱིར། །སེམས་ལས་ཡང་དག་ཡེ་ཤེས་འབྱུང་། །དེ་བཞིན་བདེ་དང་སྡུག་བསྔལ་འབྱུང་། །ཆོས་དང་སངས་རྒྱས་ཡེ་ཤེས་འབྱུང་། །དགེ་འདུན་ཡང་ནི་དེ་བཞིན་ནོ། །འདི་ལ་ཕ་རོལ་ཕྱིན་རྫོགས་དང་། །བྱང་ཆུབ་དང་ནི་པཟློ་འབྱུང་། །འདི་ལ་རྡོ་རྗེ་སེམས་དཔའ་དང་། །དྲི་མེད་རིན་ཆེན་དཔལ་སྤྱིན་འབྱུང་། །དེ་བཞིན་རྡོ་རྗེ་དཔག་མེད་དང་། །སྣ་ཚོགས་རྒྱལ་བ་འདི་ལས་འབྱུང་། །འདོ་ལས་ཕྱག་རྒྱ་སྣ་ཚོགས་དང་། ་རིག་པའི་སྙིང་པོ་ཐམས་ཅད་འབྱུང་། །འདི་ལ་འདོད་ཆགས་ཞེ་སྡང་དང་། །སྡུག་བསྔལ་ང་རྒྱལ་ཕྲག་དོག་འབྱུང་། །གཏི་མུག་དག་ཀྱང་དེ་བཞིན་ཏེ། །འདི་ལས་འདོད་ཆགས་ཐམས་ཅད་དང་། །སྐྱེས་པ་བུད་མེད་མ་ནེང་འརྒྱུང་། །འདི་ལས་འདོད་དང་འདོད་གཟིར་དང་། །ཉོན་མོངས་གདུང་འདོད་ཆགས་པ་འབྱུང་། །རི་དང་སྐྱེ་བོ་དེ་བཞིན༷་། །ནམམཁའདང་ནི་རླུད་དག་དང་། །སྲེག་པའི་མེ་ནི་རབ་ཏུ་འབྱུང་། །འདི་ལ་ས་དང་ཆུ་དང་ནི། །རྡོ་དང་ས་བོན་མྱུ་གུ་འབྱུང་། །དེ་བཞིན་ཀློག་དང་སྐར་མ་འབྱུང་། །ཉི་མ་ཟླ་བའི་སྤྲིན་རྣམས་འབྱུང་། །དེ་བཞིན་སྤྱད་དང་མི་སྤྱོད་དང་། །ཐམས་་་་་་ཅད་ཐམས་ཅད་འབྱུང་བར་འགྱུར། །རྒྱ་མཚོ་ཆུ་ཉིད་རླབས་ལྟར་སྣང་། །སྣ་ཚོགས་སྣང་དང་གཞན་འབྱུང་མིན། །རང་འབྱུང་རང་སྣང་ངོ་བོ་ཉིད། །མ་བཅོས་སྐད་ཅིག་སྣང་བ་ཡི། །ཐམས་ཅད་སེམས་ཀྱི་དཀྱིལ་འཁོར་ཉིད། །ཡེ་ཤེས་ངང་གི་འོད་གསལ་ལ། །རྣམ་རྟོག་འཁྲུལ་པའི་རྒྱུད་མེད་ན། །གྲོང་ཁྱེར་གསུམ་གྱི་སེམས་ཅན་རྣམས། །ཐབས་དང་ལྷན་ཅིག་མི་གནས་ཕྱིར། བདེན་པ་མཐོང་ཡང་ངེས་མ་བྱས། །མཐོང་ཡང་མ་མཐོང་འདྲར་གྱུར་པས། །སེམས་ཉིད་ཡེ་ནས་སངས་རྒྱས་ལ། །རྟོག་པས་སྒྲིབས་པས་དེ་མ་ཤེས། །ཡེ་ནས་མ་བྲལ་ངོ་མ་ཤེས། །གང་དུ་འང་མ་སྦས་མ་མཐོང་བ། །ཀུན་སྦྱོར་ཞགས་པ་ལྔས་བཅིངས་ཏེ། །མིང་ལས་དངོས་པོར་ཞེན་པའི་རྒྱུས། །གྲོང་ཁྱེར་གསུམ་གྱི་དོན་སྒྲར་སྣང་། །ཅི་ཕྱིར་འཁྲུལ་པ་མ་ཟད་པར། །ནམ་མཁའ་མཐོང་བ་མེད་པ་སྟེ། །དེ་ཉིད་ཡིད་ལ་སྣང་འགྱུར་ཡང་། །གཟུགས་ལ་སྣང་བར་འགྱུར་བ་མིན། །མུན་པའི་སྣང་བ་གསང་བདག་གསུང་། །ཀུན་སྦྱོར་ཞགས་པ་གང་བཅད་ཅིང་། །རང་གི་མིག་དང་གང་ལྡན་ལ། །མུན་པའི་ཡུལ་ཉིད་མྱ་ངན་འདས། །མུན་པ་སྣང་འགྱུར་ཇི་ལྟ་བའོ། །ཐམས་ཅད་མི་གནས་བྱང་ཆུབ་པས། །རྩལ་ནས་གྲུབ་པ་མ་ཡིན་ཡང་། །སྒྱུ་མ་སྤངས་ན་འཁྲུལ་བྲལ་བཞིན། །སྤྲོས་མེད་ཡེ་ཤེས་སྙིང་པོར་གནས། །མ་རིག་ཡེ་ཤེས་ཐ་དད་མིན། །སོ་སོའི་སྣང་བ་ཕྱེ་བ་ཙམ། །མ་རྟོགས་པའི་ལམ་དུ་ཅིག །བྱེད་དང་། །རྒྱུ་རྐྱེན་ལྟ་བུར་འབྲེལ་བའི་ཕྱིར། །དེ་ལྟ་ཉིད་དུ་ངེས་པར་བཞག །དེ་ཉིད་མཚོན་ཞིང་ཤེས་དགོས་པས། །དགོས་པ་རྣམ་གཉིས་འཆད་པར་འགྱུར། །ཇི་ལྟར་གསེར་དང་གསེར་མཐོང་ལྟར། །དང་པོ་བརྗོད་བྱ་མཐོང་བར་གྱིས། །རྣལ་འབྱོར་གྲུབ་པའི་ལུང་གི་རྣལ་འབྱོར་གྱི་རིམ་པ་ལས། བྱ་བ་རྒྱུའི་རྣལ་འབྱོར་བཤད་པའི་ལེའུ་སྟེ་དང་པོའོ།། །།གསུམ་པ་ས་ལ་གནས་པའི་རྣམས། །བག་ཆགས་གཅོད་སྦྱོང་ཚུལ་ཉིད་ཀྱིས། །ལེགས་ཉེས་ཆེ་བར་འབྱུང་བའི་ཕྱིར། ཁེན་ཏུ་བརྩོན་འགྲུས་སྤྱོད་ལ་འབད། །བཞི་པ་ས་ལ་གནས་པ་རྣམས། །དྲོད་རྟགས་ཆུང་ངུ་སྣང་བའི་རྒྱུ། །རྩེ་གཅིག་ཏིང་འཛིན་ལ་གནས་ཕྱིར། །ཕྱོགས་གཅིག་སྤྱོད་ལ་གནས་པར་འགྱུར། །ལྔ་པའི་ས་ལ་གནས་པར་འགྱུར། །དང་པོའི་སླབ་བཅུ་མཐར་ཕྱིན་ཅིང་། །དེ་དང་བྲལ་བ་མེད་པའི་ཕྱིར། །བཏང་སྙོམས་རྒྱུན་གྱི་སྤྱོད་ལ་གནས། །དྲུག་པོའི་ས་ལ་གནས་པ་དག ཁེས་རབ་ཆེན་པོའི་བདེན་མཐོང་ཞིང་། །གང་དག་སྤྱོད་པ་མི་དམིགས་ཕྱིར། ཁྲེས་རབ་མཐུན་པའི་སྦྱོད་པ་སྤྱོད། །བདུན་པའི་སར་གནས་རྣལ་འབྱོར་པ། །ནང་དུ་ཡང་དག་འཇོག་དགའི་ཕྱིར། ཁེན་ཏུ་མི་གཡོ་བའི་སྤྱོད་ལ་གནས། །བརྒྱད་པའི་སར་གནས་རྣལ་འབྱོར་པ། །བརྟུལ་ཤུགས་སྤྱོད་དང་སྤྲོས་ཚོགས་སྤྱོད། །མཉམ་པས་དང་དུ་ལེན་བྱེད་ཅིང་། །བདག་གཞན་གཉིས་ཀའི་དོན་རྫོགས་བྱེད། །དགུ་པའི་ས་ལ་གནས་པ་རྣམས། །འདོད་ཡོན་ལྔ་སོགས་ལོངས་སྤྱོད་རྣམས། །མ་སྤྱད་ཉམས་མེད་རྟོགས་གཅོའི་ཕྱིར། །དབང་སྒྱུར་ཐབས་ཀྱི་ལོངས་སྤྱོད་རྫོགས། །ས་བཅུ་རྣལ་འབྱོར་ལྷག་པ་ལ། །བདག་ཉིད་ཆེན་པོའི་སྤྱོད་པ་ལ། །ལྷུན་གྱིས་གྲུབ་པའི་སྤྱོད་པ་དང་། །བྱ་རྩོལ་བྲལ་བའི་སྦྱོད་པར་གནས། །སྒོ་གསུམ་སྤྱོད་པའི་བྱེ་བྲག་དང་། ཁ་ཟས་བཟའ་བཏུང་སྤྱོད་པ་རྣམས། །དང་པོའི་ལས་ཅན་གཙོར་སྤྱོད་པ། །དོན་འགྱུར་ཕྱིར་བཞིན་ཐུན་མོང་འཀྱུར། །ཡོ་བྱད་ལྔ་དང་རྒྱུན་བྱ་བའི། །དམ་ཚིག་བཞེ་དང་བྲལ་མི་བྱ། །རྒྱས་པར་ཁས་བླངས་སྐྱོན་བསྒྲགས་པ། །རྒྱུ་དང་ངོ་བོས་བརྟགས་པས་གཉིས། །གང་ཞིག་གཞན་དུ་གང་འཚོལ་བ། །དེ་ནི་གོལ་བའི་ལམ་དུ་ཞུགས། །རྣམ་རྟོག་མུན་པའི་སྒྲིབ་པས་་བསྒྲིབས། །གང་མ་རིག་པ་མུན་པའི་དེ་སྒྲིབ་ཡིན། །རྣམ་པར་རྟོག་པ་དེ་ཉིད་བགེགས། །བགེགས་ནི་དེ་ཉིད་དེ་ལས་བྱུང་། །གང་ལ་རྣམ་རྟོག་མ་བྱུང་ན། །བདུད་ཅེས་བྱ་བ་ག་ལ་ཡོད། །བདུད་ནི་གང་ལས་བྱུང་ཞེས་ན། །རྟག་ཏུ་འགྲུས་ལས་འབྱུང་བ་ཡིན། །འགྲུས་མེད་ཉིད་ལས་བདུད་མི་འབྱུང་། །ཅི་ཕྱིར་མི་འགྲུས་དེ་ཉིད་བདུད། །དེ་ཡི་སྐྱོན་དང་གོལ་སྒྲིབ་ནི། །ཡོན་ཏན་མཉམ་དུ་མཐོང་ལས་འབྱུང་། །གལ་ཏེ་ཡོན་ཏན་མཉམ་མཐོང་མེད། །སྐྱོན་དང་གོལ་འགྲིབ་ག་ལ་ཡོད། །དེ་ཉིད་སྐྱོན་དང་གོལ་བསྒྲིབ་ཡིན། །མུན་པ་ཤེས་དང་ལོག་སྲེད་ཤེས། །བྱིས་པའི་ཤེས་དང་ཕྱོགས་རིག་ཤེས། །དབུས་མཐར་བྱེད་པའི་ཤེས་པ་རྣམས། །དམ་ཚིག་ཉིད་ཀྱི་གོལ་སར་འགྱུར། །གཞན་ཡང་ལྟུང་བའི་སྒོ་དགུ་དང་། །རྟོགས་པ་བརྒྱད་བཅུ་རྩ་ཅིག་སྒྲིབ། །རྣམ་པར་རྟོག་ལ་རྣམ་རྟོག་ཉིད། །ལོག་སྲེད་ཅན་ལ་ལོག་སྲེད་ཉིད། ཕྱོགས་འཛིན་ཙམ་ལ་ཐ་སྙད་རྫས། །ཕྱོགས་ཤེས་དག་ལ་སྒྱུར་མར་སྣང་། །མུན་པ་ཅན་གྱི་ཤེས་པ་ནི། །འདི་ལས་ལོག་པར་ཤེས་པའོ། །ལོག་སྲེད་ཅན་གྱི་ཤེས་པ་ནི། །ཐ་སྙད་སྨྲ་ཞིང་གཉིས་འདོད་པའོ། །བྱིས་པ་རྣམས་ཀྱི་ཤེས་པ་ནི། །མེད་པར་སྨྲ་ཞིང་ཡོད་པར་འདོད། །ཕྱོགས་སུ་རིག་པའི་ཤེས་པ་ནི། །ཡུལ་མེད་ཤེས་སྣང་ཤེས་པ་ཉིད། །དོན་དམ་སྐད་ཅིག་ཆ་བྲལ་འདོད། །ངེས་པར་འབྱེད་པའི་ཤེས་པ་ནི། །ཡུལ་རྣམས་ལོག་སྣང་སྒྱུ་མ་ཙམ། །དམ་པར་རང་བཞིན་མེད་པར་འདོད། །རྣམ་པར་མི་རྟོག་དོན་འཚོལ་ན། །གཅིག་པུ་དཐེན་པའི་ས་བཟུང་སྟེ། །ཚད་མ་གསུམ་དང་ལྡན་པའི་བློས། །རྣམ་པར་རྟོག་པའི་རྗེས་བཅད་ནས། །ཡང་དང་དབུ་མའི་གསེར་འཚོལ་ལ། །རྟོགས་འདོད་སྤྲེའུ་བཟུང་བྱས་ནས། །ཀུན་མོ་བྱི་ལ་བདག་པར་བྱ། བསེ་ཁུངས་དཀར་ཁུང་ཀུན་བཀག་སྟེ། །རེའུ་ཆ་ཕང་ཕུང་བཤིག་ནས། །རྒྱལ་པོའི་བསྐོར་མཛོད་ཁ་ཕྱེ་ལ། །དེ་དང་ལོངས་སྤྱོད་རྫོགས་བདག་པོ། །མཚམས་མེད་པ་ལས་མཚམས་གཅོད་པ། །འདི་ནི་རྣལ་འབྱོར་ཅན་གྱི་ལས། ཁེས་བྱ་ནང་གི་ཆོས་ཉིད་ལས། །རྣལ་འབྱོར་དོན་དུ་འཇུག་པ་དང་། །མི་ཡི་འདུ་འཛི་གཡེང་བའི་ས། །བར་དུ་གཅོད་པ་གསལ་བའི་ཕྱིར། །ཕྱི་དང་ནང་གི་ས་མཚམས་སུ། །འགྲོ་འོང་འགྲུལ་རྣམས་གཅད་པར་བྱ། །ཡང་དག་དོན་གྱི་ལམ་འཚོལ་ན། །རྟོག་པའི་སྐྱོན་ལྔ་སྤང་པར་བྱ། །རྟོག་པ་རགས་པའི་རི་བོ་དང་། །མཚན་མ་རྒྱུ་བ་རི་ཐུང་དང་། །རྒྱུང་ཚོར་སྐྱོན་ལྔ་སྤང་བར་བྱ། །རྟོག་པ་ལ་ཡང་གཉིས་ཡོད་དེ། །རགས་དང་ཕྲ་བར་སྣང་བ་ཡིན། །དེ་བཞིན་མཚན་མ་ཆེ་ཆུང་གཉིས། ་།་བ་རིང་པོ་ཐུང་ངུ་གཉིས། །དེ་བཞིན་ཚོར་བ་གསལ་མི་གསལ། འབྱུང་ཚོར་གཉིས་སུ་སྣང་བ་ཡང་། །མྱུར་བ་དང་ནི་གུལ་བའོ། །འདི་ནི་དོན་ལ་སྒྲིབ་པ་ཡི། །རྟོག་པ་ཚོན་ཆའི་གནས་ཆེན་ཡིན། །ཅི་ཕྱིར་དོན་དེ་འདི་མཐོང་ཕྱིར། །མུན་པ་དང་ནི་འཁྲིགས་པ་དང་། །ཀུན་ཏུ་འཐིབས་དང་སྤྲིན་ཕུང་དང་། །ན་ལུན་ལྟ་བུར་སྒྲིབས་པ་ཡིས། །ཡང་དག་མི་འགལ་མཐོང་མི་འགྱུར། །འདི་ཡང་བྱེ་བྲག་གཉིས་གཉིས་ཏེ། །མུན་པ་མུན་ནག་ཆེན་པོ་དང་། །ཀུན་ནས་འཐིབས་པ་ལྟ་བུ་དང་། །ཀུན་ཏུ་འཐིབས་དང་སྒྲིབས་པ་དང་། །འཐིབས་པ་ཚོན་བྱེད་ཆུང་ངུ་གཉིས། །སྤྲིན་ཆེན་འཐིབས་དང་འལ་འོལ་དང་། །ན་བུན་བལྟམས་དང་ན་བུན་གྱིས། །གནས་ནི་གསུམ་དང་མིའི་གནས། །འདོད་པའི་ཁམས་ལྔའི་ལྷ་གནས་དང་། །གཟུགས་ཀྱི་ཁམས་དང་གཟུགས་མེད་ཁམས། །ཉན་ཐོས་རང་རྒྱལ་གནས་སུ་ལྟུང་། །ལྟུང་བར་འགྱུར་བའི་སྐྱོན་ཆེ་ནི། །མཚན་མའི་གཡེང་བ་རྣམ་དྲུག་ཡིན། །རང་བཞིན་ཡུལ་ལ་གཡེང་བ་དང་། །དེ་བཞིན་ཕྱི་རོལ་གཡེང་བ་དང་། །ནང་དང་མཚན་མའི་གཡེང་བ་དང་། །ཡིད་ལ་བྱེད་དང་གནས་ངན་ལེན། །འདི་དག་རབ་ཏུ་གསལ་བར་བྱའོ། །གསལ་ནས་དོན་ལ་མཉམ་བཞག་ཆེ། །མཉམ་པའི་དོན་ལ་སྒྲིབ་པའི་སྐྱོན། །རྣམ་པ་ལྟ་བུར་འབྱུང་འདི་ལྟ། །བྱུང་ཚོར་དབང་གིས་གཡེང་བ་དང་། །བྱིང་དམུགས་དབང་གི་འཟིབས་པ་དང་། །འཛིན་ཆགས་དབང་གིས་གོག་པ་དང་། །ཐེར་ཟུག་དབང་གིས་རྟག་པ་དང་། །ཕྱལ་བའི་དབང་གིས་མེད་པ་སྟེ། །འདི་ནི་མཉམ་པའི་སྐྱོན་ཡིན་ནོ། །གང་འདིར་ཚོར་འགྲོ་མ་རབས་དང་། །གང་འགོག་བྱིས་པའི་སྤྱོད་ཡུལ་དང་།།འདིར་གང་ཉམས་པའི་སྣོད་སྲེད་ཅན། །ཡལ་བ་ཕྱལ་བ་དམིགས་པ་ཅིག །གང་འདིར་ལྟ་བས་འདོངས་པ་དག །བདག་ལ་རྟེན་ནས་མཐའ་སྒྲུབས་ཏེ། །མེད་མོས་ངན་འགྲོ་མེད་ཉམས་ནས། །དེ་མ་ཐག་པར་ངན་འགྲོར་འགྲོ། །དྲན་འབྱུང་རྗེས་སུ་འཇུག་པ་ནི། །འཁོར་བའི་ཁམས་སུ་འཁོར་བར་འགྱུར། །དྲན་འབྱུང་གཡོ་བ་གང་བཀག་པ། །དེ་དག་འགོག་པ་ཉིད་དུ་འགྱུར། །དྲན་འབྱུང་མེད་པར་བླུན་པ་ནི། །མུ་སྟེགས་ཅན་ལ་མུན་པར་འགྱུར། །འདི་ཞེས་སེམས་སུ་ཅིག་གཟུང་ནས། །མཚན་མ་རྟོག་པའི་རི་བོ་ཡེན། །སྔ་ཕྱི་མེད་ཅེས་བྱང་ཆད་ནས། །མེད་དེ་ཆད་པའི་མུ་ཅན་ཡིན། །མོས་པ་ཆུང་ངུ་ཐམས་ཅད་ནི། །གང་ལ་བདག་མེད་རྟེན་བཞིན་མཐོང་། །གནས་དགའ་རྟོག་ཡོང་སྤྱོད་མེད་པ། །བསམ་གཏན་དང་པོ་ཁོ་ནའོ། །ཀུན་སྟོང་འཕྲ་བའི་སྟོང་པ་ལ། །གནས་རྟོག་མེད་ལ་སྤྱོད་ཙམ་མེད། །སྟོང་པ་ཉིད་ལ་ངེས་བཞག་མེད། །དགའ་བ་སྐྱེད་པ་གསུམ་པའོ། །བདག་གམ་གཞན་གྱི་མཐུས་བསྟན་ཏེ། །སྐྱོན་མེད་མི་གཡོ་གནས་བཞི་པའོ། །འདི་ལ་གང་འཇུག་བར་གཅོད་པ། །ལེ་ལོ་བྱ་མང་རྒོད་པ་དང་། །གཡེང་དང་དམུགས་པར་འདོད་་དང་། །གཉིད་དང་རེ་དོགས་ཐེ་ཚོམ་དང་། །འཕྲོ་འདུ་སྤྱོད་དང་འབྱུང་དགའོ། །དམ་པའི་དོན་ལ་གང་སྒྲིབ་པ། །མི་གསལ་བདེ་བ་སྡུག་བསྔལ་དང་། །སྐྱེ་བ་གསལ་བར་འབྱིན་པ་དང་། །ངེས་དང་ཁྱད་སྙེམས་འབྱུང་བཞི་དང་། །གཞན་ཡང་བདུད་ལྔ་དགྲ་བཞི་དང་། །དམིགས་པ་བརྗེད་དང་ལེ་ལོ་དང་། །བྱིང་གུང་རེ་དོགས་སྩོལ་མི་སྩོལ། །ཡང་དག་དོན་ལ་སྒྲིབ་པར་བྱེད། །འདི་དང་རྩ་བ་དངོས་སྐྱོན་དང་། །རང་བཞིན་འབྱུང་དང་ཆེད་དུ་བྱེད། །ཉམས་མྱོང་ཤུགས་འབྱུང་སྐྱོན་དུ་འགྱུར། ཁུགས་འབྱུང་བརྒྱ་དང་བཅོ་བརྒྱད་སོགས། །དང་པོའི་རྟགས་ལ་མཐར་འཛིན་པ། །ཡང་དག་དོན་ལ་སྒྲིབ་པར་འགྱུར། །ལུང་ནས་བཙའ་བའི་ལུང་བཞག་པ། །གཉེན་པོས་འཚམ་པར་བཟློག་པ་དང་། །རབ་ཏུ་བྱེད་པས་མངོན་བྱས་བཟློག །རང་བྱུང་རང་ཞི་ཐབས་གསུམ་སྟེ། །སྤོང་བའི་འདུ་བྱེད་དྲན་པ་དང་། །བརྩོན་འགྲུས་མོས་དང་སྦྱོར་བའོ། །ཤེས་བཞིན་བྱ་བར་རྟོགས་པ་དང་། །སྩོལ་དང་མི་སྩོལ་གཉེན་པོས་སྦྱོར། །སྐྱོན་ཆེན་དེ་དག་བླན་པའི་ཆོས། །སེམས་ཀྱི་ལོན་ད་རྒྱལ་བས་གཟུང་། །དབུ་མའི་ངེས་པའི་ལམ་འཚོལ་བ། །དགོན་པའི་རྒྱུན་ཏུ་དབེན་གཟུང་སྟེ། །ཚད་མ་གཉིས་ཀྱི་གཞལ་བའི་བློས། །རྣམ་པར་རྟོག་པའི་རྗེས་གཅོད་པ། །ཡོད་མེད་མངོན་རྟོག་ག་ལས་འབྱུང་། །བརྟགས་པས་རྟོག་པ་རྟ་ལས་བྱུང་། །རྟོག་པ་སྒྱུ་མར་རབ་ཤེས་ན། །རྟོག་པའི་རི་བོ་ཞི་བར་འགྱུར། །དེས་ནི་གནས་ངན་གསུམ་དུ་མིན། །རྟོག་པ་གང་ལས་བྱུང་ཞེས་ན། །མཚན་མའི་ཆོས་ལས་བྱུང་བ་ཡིན། །མཚན་མ་སྒྱུ་མར་རབ་ཤེས་ན། །མཚན་མའི་ཚོགས་རྣམས་ཞི་བར་འགྱུར། །དེས་ནི་འདོད་ཁམས་ཐ་མར་མིན། །མཚན་མ་གང་ལས་འབྱུང་ཞེ་ ན། །དྲན་པ་རྒྱུ་བ་དག་ལས་བྱུང་། །དྲན་པའི་སྟོབས་སུ་ཤེས་གྱུར་ན། །སྒྱུ་མའི་ཆོས་རྣམས་སེལ་བར་བྱེད། །མཐུ་དེས་འདོད་ཁམས་གཉིས་པར་མིན། །རྒྱུ་བ་གང་ལས་བྱུང་ཞེས་ན། །ཚོར་བ་དག་ལས་བྱུང་བ་ཡིན། །དགག་ཅིང་སྐྱེ་བར་བྱ་བ་མེད། །ཚོར་བ་སྒྱུ་མར་ཤེས་འགྱུར་ན། །སྐྱོན་གྱི་ཚོར་བ་སེལ་བར་བྱེད། །འདོད་ཁམས་གསུམ་པར་ལྟུང་མི་འགྱུར། །ཚོར་བ་གང་ལས་བྱུང་ཞེ་ན། །བྱུང་ཚོར་ཕྱི་ནང་དག་ལས་བྱུང་། དེ་ཉིད་སྐྱོན་དུ་ཤེས་འགྱུར་ན། །དགག་ཅིང་སྐྱེ་བར་བྱ་བ་མེད། །དེ་ལྟར་ཤེས་པའི་མཐུ་ཡིས་ནི། །འདོད་ཁམས་ཞི་བར་མི་ལྟུང་ངོ་། །བྱུང་ཚོར་གང་ལས་བྱུང་ཞེ་ན། །སེམས་ཀྱི་ཆོས་ལས་བྱུང་བ་སྟེ། །སེམས་ཉིད་སྒྱུ་མར་རབ་ཤེས་ནས།སེམས་ཀྱི་ཆོས་རྣམས་ཞི་བར་འགྱུར། །ཕུང་པོ་གཟུགས་བརྙན་འདྲ་བ་ལ། །སེམས་ནི་སྨིག་སྒྱུ་ལྟ་བུ་ཡིན། །ཡོད་མེད་གཉིས་ཀྱི་མཐའ་ལས་གྲོལ། །དེ་ལྟར་ཤེས་པའི་རྣལ་འབྱོར་པ། །འདོད་ཁམས་ལྔ་བར་ལྟུང་མི་འགྱུར། །སེམས་ཉིད་ཡོད་པའི་དངོས་པོའམ། །མེད་ཅེས་བྱ་བར་མི་ལྟ་བས། །མུ་སྟེགས་ཅན་དུའང་ལྟུང་མི་འགྱུར། །བྱིང་རྨུགས་ཅན་དུ་མ་གྱུར་པས། །འདུ་ཤེས་མེད་པར་ལྟུང་མི་འགྱུར། །འདུ་ཤེས་རྗེས་སུ་མ་འབྲངས་པས། །སེམས་ཅན་གནས་སུ་དེ་མི་འཁོར། །ཀུན་གཞི་དོན་ལ་གོམས་པས་ནི། ཉན་ཐོས་གནས་སུ་ལྟུང་མི་འགྱུར། །སྟོང་ཞིང་ཞི་བར་མི་བྱེད་པས། །རང་རྒྱལ་ལྟ་བར་དེ་མི་ལྟུང་། །ཡེ་ཤེས་ཆ་བྲལ་མི་འདོད་པས སེམས་ཙམ་དུའང་ལྟུང་མ་ཡིན། །རྣམ་དག་སྟོང་པར་མི་འདོད་པས། བྱང་ཆུབ་སྤྱོད་པར་ལྟུང་མ་ཡིན། །མཉམ་ཉིད་སྟོང་པའི་དོན་དག་ལ། །སོ་སོ་ཐ་དད་མི་འབྱེད་པས། །སའི་རིམ་པར་མི་ལྟུང་ཞིང་། །རིམ་གྱི་སྦྱར་ཞིང་འཕར་བ་མེད། །ཀུན་གཞི་ནམ་མཁའི་སྙིང་པོ་དེས། །ཉོན་མོངས་སྤྲིན་གྱིས་གཏིབས་སྐྲུངས་ས། ཁྲེས་རབ་རླུད་གིས་མ་གཏོར་བར། །ག་ཞ་མཁན་གྱི་སྤྱོད་འདྲ་ཡིས། །སྒྲིབ་གསལ་ཆོས་ཉིད་གསལ་འདོད་པས། །ཇིལྟརཆུགཤེརབྱིསཔདག །ཉི་མ་སྒྲིན་ལྡན་དྲི་མ་ཡིས། ཁེན་ཏུ་དགེག་པར་གྱུར་པ་ཡིས། །སྤྲིནཆེནའདུསཔའིཕུང་པོ་ལ། ཁའི་དབུགས་ཀྱི་བུས་བྱས་ནས། །སྤྲིན་གསལ་ཉི་མ་གསལ་འདོད་འདྲའོ། །དེ་ཕྱིར་རྣལ་འབྱོར་དབང་ཕྱུག་གིས། །སེམས་ཉིད་དོན་ལ་རྣམ་རྟགས་ཏེ། །ཀུན་བཞི་རྩ་བར་ཤེས་པར་བྱ། །སེམས་ཉིད་དེ་ལ་བལྟས་གསལ་ན། རྩ་བ་དང་ནི་གང་ལྡན་པ། །དུས་དང་ཚོན་དང་ལོར་གྱུར་ཀྱང་། །ཡལ་ག་ལོ་འདབ་འབྲས་བུར་བསྐྲུན། །རྩ་བའི་ས་བོན་མེད་མི་འཀྱུར། །ཆེད་དུ་རང་བཞིན་བྱེད་མེད་པ། །ཅིག་ཤོས་ལམ་དུ་གཙོར་བསྟན་ཏེ། །རིམ་སློབ་གོམས་པ་དེ་བཞིན་ཏེ། ཐ་མ་རྩོལ་བ་མེད་པར་འགྱུར། །ལུང་ནས་ལྔ་ལྟས་བསྒྲགས་བྱ་བ། །ཇི་ལྟར་སྣང་བྱེད་དོན་མཐོང་ནས། །བར་ཆད་མེད་པའི་བརྩོན་འགྲུས་ཀྱིས། །སྲོག་ལ་བབ་ཀྱང་མི་ལྟ་བར། །རྣལ་འབྱོར་ཡུལ་ལ་འཇུག་པ་དང་། །ཏིང་འཛིན་རིག་པའི་རྩལ་སྤྲུགས་པ། །གཉེན་པོ་ཀུན་རྟེན་ས་སྦྱངས་ནས། །རྣལ་འབྱོར་ས་ལ་བརྩོན་པར་བྱ། །འདི་ནི་གདོན་མི་ཟ་བ་དང་། །ལམ་ལ་ཐེ་ཙོམ་མི་སྐྱེ་དང་། །མ་ངེས་མཉམ་ཞུགས་ཐེ་ཚོམ་མེད། །བདེ་བའི་དོན་སྒོམས་ཞར་ལ་སྣང་། ངེས་པའི་ལྔ་ལྟས་རྣམ་པ་ལྔ། །རྒྱུའི་དུས་ན་འགྱུར་བ་ཡིན། །འབྲས་བུ་གང་དང་གང་འགྲུབ་པ། །མཚན་མ་གསལ་བར་རྒྱུ་ལས་བྱུང་། །དཔེར་ན་འཇིག་རྟེན་བྱིས་པ་དག །ཡུན་རིངས་མ་ལས་སྐྱོ་བ་ལྟར། །ལྔ་ལྟས་འབྱུང་བའི་སྒྲ་ཐོས་ནས། ཁེན་ཏུ་བྲོད་པས་མདུན་བསུ་ལྟར། །བལྟས་ཆེན་འབྱུང་བའི་བྲོལ་ཚུལ་གྱིས། ཁེན་ཏུ་བརྩོན་པས་དེ་ཐོབ་འགྱུར། །དེ་བས་ལྔ་ལྟས་མཚན་མ་རྣམས། །ཤེས་ནས་འབད་དེ་བརྩོན་པར་གྱིས། །དཔེར་ན་མེའི་ལྔ་ལྷས་ནི། དུ་བའི་མཚན་མ་རྒྱས་པར་འགྱུར། །དུ་བ་གར་བྱུང་གནས་དེ་ན། །མེ་ཉིད་ཡོད་པར་ཤེས་པ་ཡིན་། །དེ་བཞིན་ཆུའི་སྔ་ལྟས་ཀྱང་། །རླབས་དང་སྔངས་དང་སྲོག་ཆགས་འབྱུང་། །དེ་ནི་ཆུ་ཉིད་འབྱུང་བར་ངེས། །རླུད་གི་ལྟས་ཀྱང་འདི་ལྟ་སྟེ། །སྤྲིན་རྣམས་རྒྱུག་ཅིང་དུམ་བུར་ཆད། །དེས་ན་རླུད་ཆེན་འབྱུང་བར་ངེས། །རྩི་འཚལ་ལོ་མ་གར་བྱུང་བར། །དེས་ན་གསེར་ཁུང་ཡོད་པ་ལྟར། །སྔ་ལྟས་མཚན་མ་འདི་དག་གི །འབྲས་བུ་མཐོ་དམན་གང་འགྱུར་བ། །རྒྱུ་ལ་མཁས་པར་བྱས་ནས་ནི། །མཚན་མ་ཅི་འབྱུང་དེ་སྦྱར་བ། །བླ་མའི་ངག་ལས་ཤེས་པར་བྱ། །དོན་ལ་དེ་ལྟར་མཉམ་བཞག་ན། །རྟགས་ཀྱི་ཚོར་བ་འདི་ལྟར་འབྱུང་། །བྲོད་དང་རྟགས་དང་ཆོ་འཕྲུལ་དང་། །མངོན་ཤེས་དང་ནི་ཡེ་ཤེས་འབྱུང་། །དྲོད་ནི་གཡོ་ཐོབ་བསྟན་པ་དང་། །རྟགས་ནི་འབྱུང་དང་ཐབས་སྟན་དང་། །ཆོ་འཕྲུལ་འབྱུང་དང་རྫོགས་པ་དང་། །རིག་པ་ཕྲ་མོ་དྲུག་ཀྱང་གསལ། །ཐ་མ་རང་འབྱུང་ཉིད་འབྱུང་བ། །དེ་ནི་དོན་རྣམས་རྫོགས་པ་ཡིན། །དཔེར་ན་མུན་པ་སངས་པ་དང་། །སྣང་བ་བྱུང་དང་ནམ་མཁའ་དང་། །ཀུན་ཏུ་མཐོང་དང་ཐམས་ཅད་གསལ། །དེ་འདྲའི་ཚུལ་དུ་འབྱུང་ཞིང་འདག །ཡང་དག་དོན་ལ་རིང་ཞིག་གནས། ཁྲེས་རབ་འདྲིས་པར་གྱུར་པ་ན། །ངེས་དོན་མཐོང་བའི་ཉམས་དྲོད་ནི། །དོན་དང་མཇལ་བའི་རྟགས་ཆེན་ཡང་། །མན་ངག་ལུང་གིས་བརྒྱད་འཆར་སྟེ། །ངེས་པར་དྲོད་གསུམ་མྱོང་བར་འགྱུར། །དེ་དག་ཐོག་ཏུ་ཕེབས་པ་་ནི། །དྲོད་ཆེན་རྟགས་སུ་རྟེན་པ་ཡིན། །དེའི་ཞོར་ལས་བྱུང་བའི་དྲོད། །འཁོར་བའི་ཆོས་ལ་སྙིང་ཡང་རྗེའི། །བྱང་ཆུབ་སེམས་ཀྱང་སྐྱེད་པར་འགྱུར། །མཚན་མ་རྟོགས་པའི་ཆོས་རྣམས་ལ། །ཡིད་མི་ཆེས་པའི་འདུ་ཤེས་སྐྱེད། །ཆོས་རྣམས་འདི་ལྟར་ཡིན་པ་ལ། །འདི་ལྟར་འཁྲུལ་པའི་ངོ་མཚར་ཞེས། །ཡ་མཚན་སྤྱོད་པའི་འདུ་ཤེས་འབྱུང་། །འདི་དོན་མ་ཤེས་འགྲོ་བ་རྣམས། །རྩོལ་སྒྲུབ་དཀའ་བའི་ཐབས་ཆེན་གྱི། །ཡང་དག་དོན་ཚོལ་ལམ་རེ་ཞིང་། །བསགས་པའི་འབྲས་བུ་ཡོད་འགྱུར་ཡང་། །དོན་དེ་མཐོང་བར་ཡོང་མི་ནུས། །འདི་འདྲའི་འདུ་ཤེས་འབྱུང་བར་འགྱུར། །འདི་ལྟར་ཤེས་པའི་ཉམས་དྲོད་ནི། །སྐལ་དང་ལྡན་པའི་སྐྱེས་བུ་དང་། །རྒྱུད་འགྲོས་ཚོགས་ཀྱི་མ་གྲོལ་བར། །སེམས་ལས་ཆོས་འབྱུང་འབུམ་ཕྲག་ཡས། །སྨྲ་བའི་སྒོ་མོ་ཐམས་ཅད་གསལ། །དོན་ལ་ངེས་པའི་གཏན་ཚིགས་དག །ཚིག་ཏུ་འབྱིན་ཏེ་མཚོན་པར་ནུས། །དེ་ནི་ཆོས་སྐུ་མཉམ་ཉིད་དང་། །དབྱེར་མེད་གཉིས་སུ་མེད་པ་ཡིན། །རྟེན་པའི་གསུང་ཐུགས་སྐུ་མཉེན་དང་། །དེ་ནི་མཚུངས་པ་ཡོད་མ་ཡིན། །ས་ལ་སློབ་པའི་སེམས་མ་དང་། །དེ་ཡང་མི་མཚུངས་རྒྱལ་བས་གསུངས། །རིག་འཛིན་དྲང་སྲོང་དོན་སྤྱོད་དང་། །ལུས་དྲངས་སེམས་ནི་ཡོང་མི་མཚུངས། །གཞན་ཡང་དྲོད་རྟགས་བཤད་ན་ནི། །སྦྱོར་བནང་གི་ཉམས་དྲོད་དང་། །མཚན་མ་ཕྱིའི་དྲོད་དང་ནི། །རིག་པ་རང་བཞིན་ཁོ་ནའི་དྲོད། །རང་བཞིན་ལུང་དྲོད་ཆོས་ཉིད་དྲོད། །མངོན་སུམ་མཚན་མའི་དྲོད་དང་སྦྱར། །སྒྱུ་མར་ཀུན་སྣང་དངོས་གཞི་མེད། །ཆགས་པ་མེད་པར་ཡིད་མི་ཞབྲུག །དོར་ཞིང་བླང་བར་བྱ་བ་མེད། །ནམ་མཁའི་ངང་ལ་རང་བཞིན་མེད། །རྟག་ཏུ་མེད་པའི་དངོས་དང་བྲལ། །སྙིང་པོ་ཉིད་ལས་གཞན་པ་མེད། །དྲན་རིག་རྒྱུ་བ་ཡེ་ཤེས་འཆར། །སྒྲོན་མ་སྣངབས་མུན་པ་སེལ། །ཡིད་བཞིན་ནོར་བུ་ཉིད་ལས་འབྱུང་། །སྐྱེ་འགག་མེད་པས་འཇིགས་དང་བྲལ། །ཅི་ཡང་མ་ངེས་ཉམ་མི་ང་། །ཆུབ་ན་བྱ་རྩོལ་ཀུན་དང་བྲལ། །གོ་བའི་ཡུལ་ལ་བགྲོད་པ་མེད། །བསམ་གཏན་ཆེན་པོར་ངེས་སྣང་བ། །ཀུན་ཏུ་མི་ཉམས་རེ་དོགས་མེད། །དང་བ་མི་སྐྱེ་མི་གཡོ་དང་། །མ་ཆགས་མི་འཆད་ལེན་པ་མེད། །འཁྲུག་པ་མེད་ན་རང་བཞིན་ཉིད། །དོན་ལ་སྦྱོར་བའི་རྣལ་འབྱོར་པ། །རྣལ་འབྱོར་དོན་ལ་སྦྱོར་བའི་མིས། །སྤྱོད་པ་ལས་ཀྱི་ཁྱད་པར་གྱིས། ཁམས་དང་ས་ནི་གར་འགྲོ་བར། །མདོ་དོན་ཚུལ་ལྔས་ལུང་བསྟན་ན། །ངེས་པའི་ལྔ་ལྟས་འབྱུང་བ་ནི། །འབྲས་བུ་དོན་གྱི་ཁྱད་པར་ཡང་། ཆོ་འཕྲུལ་སྣ་ཚོགས་སྟོན་པར་འགྱུར། །དེ་ནས་ཡང་དག་བདེན་པ་ཐོབ། །ཚིག་གིས་བརྗོད་པའི་གྲངས་འདི་ལྟ་སྟེ། །བློ་རྩལ་ལས་ཀྱི་ཁྱད་པར་དང་། །སྣང་བ་ལུས་ཀྱི་སྔ་ལྟས་དང་། །ངོ་མཚར་རྫས་རྙེད་ཚུལ་རྟགས་དང་། །མཚན་མ་ཕྲའི་རྨི་ལྟས་དང་། །འདུན་པ་མང་པོའི་སྔ་ལྟས་སོ། །བློ་རྩལ་ལས་ཀྱི་ཁྱད་པར་གྱིས། །ཏིང་འཛིན་དྲོད་ཀྱི་ལྔ་ལྟས་འབྱུང་། །ཡང་དག་བདེན་པའི་དོན་བསྟན་ན། །མི་སྐྲག་མི་དང་འགག་པ་སྐྱེ། །ཡང་དག་དོན་ལ་ངེས་བལྟས་ན། །འཁོར་བའི་ཆོས་ལ་སྐྱོ་བ་སྐྱེ། །ཡང་དག་དོན་ལ་འདྲིས་པ་དང་། །རྣམ་གྲངས་ཆོས་ལ་དད་མི་འགྱུར། །ཡང་དག་དོན་ཉིད་མཐོང་བ་ན། །ཚིག་ལ་དགའ་བ་མི་སྐྱེ་ཞིང་། །དོན་ཉིད་ཉེ་བར་འཛིན་པར་བྱེད། །དོན་མཐོང་བ་དང་ཡེ་ཤེས་སྐྱེ། །ཡེ་ཤེས་སྐྱེས་བར་གྱུར་པ་དང་། དངོས་པོར་སྣང་བ་ཐམས་ཅད་ཀུན། །སྒྱུ་མ་བཞིན་དུ་ཤེས་པར་འགྱུར། །སྒྱུ་མ་ཙམ་དུ་ཤེས་པ་ལ། །བསྟན་ནས་ཆོས་ཉིད་དོན་བལྟས་ནས། །སྣང་བ་མེད་པའི་དོན་ཉིད་ནི། །སྣང་བ་མེད་པར་མཐོང་བར་འགྱུར། །སྣང་མེད་སྲིད་པ་མཐོང་བའི་ཚེ། །ཆོ་འཕྲུལ་རྒྱུ་བ་ཐམས་ཅད་འབྱུང་། །དེ་དག་བདེན་པའི་སྔ་ལྟས་སོ། །དེ་ནས་ཉི་མའི་སྔ་ལྟས་འོད་ཟེར་གྱི། །རྡུལ་ཕྲན་འདྲ་བའི་མཚན་མ་འབྱུང་། །དེ་ནི་གཡོའི་སྔ་ལྟས་སོ། །དེ་ནས་སྨིག་སྒྱུ་ལྟ་བུ་འབྱུང་། །དང་པོ་དྲོད་ཅེས་བྱ་བྱར་བཤད། །དེ་ནས་མཚོའི་རླབས་ལྷར་འབྱུང་། །བར་གྱི་དྲོད་ཅེས་བྱ་བར་བཤད། །དེ་ནས་རླུང་ཆེན་ལྟ་བུར་ཡང་། །ཐོགས་པ་མེད་པར་འབྱུང་བར་འགྱུར། །ཐ་མའི་དྲོད་ཅེས་བྱ་བར་བཤད། །དེ་ནས་ཡིག་འབྲུ་དྲོད་སྤྲོས་པས། ཡས་ནས་འབབ་པ་ལྟ་བུར་འགྱུར། །དེ་ནི་ཐོབ་པའི་དྲོད་ཅེས་བྱ། །དེ་ནས་མཁའ་ལ་སྤྲིན་ལྡིང་བཞིན། །ཏིང་འཛིན་རྩལ་འཕང་མཐོང་བར་འགྱུར། །དེ་ནི་ཤིན་ཏུ་བསྟན་པ་དྲོད། །དེ་ནས་ལྟ་བ་གཅིག་ཙམ་བུ། །བདག་གི་ལུས་འདི་དབང་མེད་པར། །མཁའ་ལ་འཕར་ཞིང་འཕར་བར་རྩོལ། །འདི་ནི་ཤིན་ཏུ་གསལ་བར་དྲོད། །དེ་ནས་ས་ཆེན་གཡོ་བ་ལྟར། །ཤིན་ཏུ་ཡམ་ཡོམ་མར་མེར་འབྱུང་། །འདི་ནི་དང་པོའི་རྟགས་ཞེས་བྱ། །དེ་ནས་ཏིང་འཛིན་རྩལ་སྦྱངས་ནས། །ཇི་ལྟར་དམིགས་པ་དེར་འགྲུབ་ཏེ། །མེ་ཆུ་རླུད་དང་ཡིག་འབྲུ་དང་། མཚན་མའི་སྐྱེ་མཆེད་གང་ཡང་རུང་། །གང་ལྟར་སྒོམ་པ་དེ་ལྟར་འགྱུར། །དེ་ནི་རྟགས་ཆེན་ཐོབ་པ་ཡིན། །བློའི་ཏིང་འཛིན་རྩལ་རྫོགས་ནས། །ངག་གི་བདེན་པའི་རྩལ་འབྱུང་སྟེ། །སྲེག་པའི་མེ་ཆེན་མཐོ་བ་ན། །ཞི་བར་གྱུར་ཅིག་བྱས་པའི་ས། །དེ་ཉིད་དུ་ནི་ཞི་བར་འགྱུར། །ཆུ་རླུད་གནོད་པའི་རྒྱུན་བྱུང་ན། །ཆད་པར་གྱུར་ཅིག་བརྗོད་པའི་ས། །དེ་ཉིད་དུ་ནི་ཆད་པར་འགྱུར། །རླུད་ཆེན་སྣོད་པའི་དུས་བྱུང་ན། །ཞི་བར་གྱུར་ཅིག་བརྗོད་པ་ཡིས། །དེ་ཉིད་དུ་ནི་ཆད་པར་འཀྱུར། །ནད་པའི་ཚོགས་ནི་མཐོང་བ་ན། །གང་ན་བའི་དམིགས་དེར་ནི། །སེ་གོལ་ཏོག་པ་ཙམ་གྱིས་ནི། །ནད་རྣམས་ཞི་བར་འགྱུར་ཞེས་བརྗོད། །ནད་ཀྱི་ཚོགས་རྣམས་ཞི་བར་འཀྱུར། །དེ་བཞིན་ངག་གིས་བརྗོད་བྱས་པས། །ཐམས་ཅད་མ་ལུས་འགྲུབ་པར་འགྱུར། །ངག་གི་བདེན་པའི་རྩལ་རྫོགས་ན། །ལུས་ཀྱི་དྲོད་ལ་རྩལ་འབྱུང་སྟེ། །གཉིད་ཀྱི་རྟོག་པ་ཆོམ་པ་དང་། །ལུས་ཀྱི་བཟོད་པ་ཐོབ་པ་ནི། །འདི་ནི་དང་པོའི་དྲོད་ཡིན་ནོ། ཁམས་ཀྱི་ཟས་དང་བྲལ་བ་དང་། །མདངས་དང་དབང་པོ་གསལ་བར་འགྱུར། །འདི་ནི་གཉིས་པའི་དྲོད་ཅེས་བྱ། ཁེང་བལ་ལྟ་བུར་ཡང་བ་དང་། །ཁམས་བདེ་མི་བདེ་མི་འརྒྱུང་ཞིང་། ནད་ཀྱི་ཚོགས་དང་བྲལ་བར་འགྱུར། །འདི་ནི་དྲོད་ཆེན་སྟན་པ་ཡིན། ཁམས་ཀྱི་ཟས་ལ་མ་བསྟན་ཡང་། །དབང་པོ་གཟི་མདངས་ཤིན་ཏུ་གསལ། །འདི་ནི་ཏིང་འཛིན་རོ་ཚོར་རྟགས། །གཞན་ཡང་ལུས་ཀྱི་སྔ་ལྷས་ནི། །མཉམ་པའི་དཀྱིལ་ཀྲུངས་བཅས་ནས་ནི། །ཁྲུ་གང་ཙམ་དུ་འཕར་བ་དང་། །ཏ་ལ་ཙམ་དུ་བར་དུ་དྲོད། །འདི་ཡང་ལྟས་ཆེན་རྟགས་ཡིན་ནོ། །གཞན་ཡང་སྣང་བ་ནམ་མཁའ་ལ། །གོམ་པས་བགྲོད་དེ་འགྲོ་བ་དང་། །ཆུ་ལ་མི་བྱིང་ས་ལ་འཛུལ། །མེ་ཡི་མི་ཚིག་རླུད་བཅིངས་པ། །འདི་ཡང་སྔ་ལྟས་ཆེན་པོ་ཡིན། །ལུས་ཀྱི་བདེ་བའི་རྩལ་རྫོགས་ན། །མཐུའི་བྱིན་རླབས་བསམ་མི་ཁྱབ། །གལ་ཏེ་དགོངས་སམ་འདོད་པ་ན། །ས་འམ་རྡོ་འམ་བྱེད་མ་དག །གསེར་དང་དངུལ་ལ་སོགས་པར་སྒྱུར། །སྐམ་ས་དག་ལ་ཆུ་འབྱིན་ཅིང་། །སོལ་བ་དག་ལ་ལྗོན་ཤིང་འབྱུང་། །དེ་ལ་སོགས་པའི་དགོས་པ་རྣམས། །ཇི་ལྟར་འདོད་པ་དེ་ལྟར་འགྲུབ། །སྤྱོད་པའི་མཐུ་དང་རྩལ་རྫོགས་ན། །འབྱོར་བའི་ཡོན་ཏན་རྫོགས་འགྱུར་ཏེ། །ཡིད་དུ་འོང་བའི་ནོར་འབྱུང་ཞིང་། །འདོད་བར་བསམས་པ་ཐམས་ཅད་འགྲུབ། །ཀྱི་མཆོག་ཏུ་གྱུར་པ་ཡི། །ངོ་མཚར་ཅན་ཡང་རྙེད་པར་འགྱུར། །དེ་དག་ས་པའི་སྔ་ལྟས་སོ། །འགྲོ་བ་གང་འདུལ་བའི་སྔ་ལྟས་ཀྱང་། །ཀུན་གྱིས་བཀུར་ཞིང་དགའ་བ་དང་། །ཀུན་གྱི་ཡིད་དུ་འོང་བར་འགྱུར། །ཐམས་ཅད་འདུལ་ཞིང་ཐམས་ཅད་ལ། །དབང་སྒྱུར་བྱེད་པའི་མཆོག་ཏུ་འགྱུར། །དེ་དག་སྔ་ལྷས་ཆེན་པོ་ཡིན། །མཚན་མ་སྤྲའི་རྨི་ལྟས་ཀྱང་། ཁེན་ཏུ་རྒྱ་ཆེ་འབྱུང་བ་སྟེ། །རྣལ་འབྱོར་ཅན་གྱིས་ཤེས་པར་གྱིས། །བག་ཆགས་འབྱང་བའི་སྔ་ལྟས་ཀྱང་། །རྟག་པར་གཅེར་བུར་འབྱུང་བ་དང་། །ཁྲུས་ཆེན་རྟག་ཏུ་བྱེད་པ་དང་། །དྲི་མའི་ཚོགས་རྣམས་དག་པ་དང་། །ཆུ་བོ་དག་ལས་རྒལ་བ་དང་། །མཚོ་མགུ་དག་ལས་རྒལ་བ་དང་། །ཆར་གྱི་རྒྱུན་གྱི་འཁྲུ་བ་དང་། །གཞན་གྱི་བུམ་པ་གང་བའི་ཆུས། །བདག་གིས་ལུས་ལ་འདུག་པ་དང་། །མེ་དཔུང་ཆེན་པོས་སྲེད་པ་དང་། ཁྲེན་ཏུ་མཐོན་པོའི་རྩེ་དག་ལ། །རླུད་གིས་ཤིན་ཏུ་གཡེང་ཞིང་འཐོར། །འདི་དག་བག་ཆགས་སྦྱོང་བའི་ལྟས། །འཇིགས་དང་བྲལ་བའི་སྔ་ལྟས་ནི། །གཡུལ་འགྱེད་པ་ལས་བླར་ལོག་དང་། །ནད་ལས་ཐར་སྟེ་སོས་པ་དང་། །བརྩོན་ར་དག་ལས་ཐར་བ་དང་། །གཤེད་མའི་ལག་ནས་ཤོར་བ་དང་། ། གཅན་གཟན་ལག་ནས་འབྲོས་པ་དང་། །དུག་ནད་དག་ལས་སོས་པ་དང་། །བཅིངས་པ་དག་ལས་གྲོལ་བ་དང་། །ཐག་པ་བཅད་པར་གྱུར་པ་དང་། །མཚན་མ་བཟང་པོའི་ལྟས་ཆེན་ཡིན། །ས་རྣམས་ཐོབ་པའི་སྔ་ལྟས་ནི། །ཁྲི་རྐང་དག་ལས་འཛེགས་པ་དང་། །ཕལ་པའི་སྐལ་ལ་འཇོག་པ་དང་། །ལྗོན་ཤིང་དག་ལས་འཇོག་པ་དང་། ཁེན་ཏུ་གྱེན་དུ་འགྲོ་བ་དང་། །རི་རབ་རྩེ་ལ་འཛེག་པ་དང་། །རིན་ཆེན་སྐས་ལ་འཛེག་པ་དང་། །མཆོད་རྟེན་དག་ལ་འཛེག་པ་དང་། །ནམ་མ་ཁའི་སྐས་ལ་འཛེག་པ་དང་། །འདི་དག་དོན་གྱི་ལྟས་ཆེན་ཡིན། །ས་རྣམས་གནོན་པའི་སྔ་ལྟས་ཀྱང་། །ཁྲི་མཐོན་སྟོང་ན་འདུག་པ་དང་། །གླང་པོ་ཆེས་ལ་ཤོན་པ་དང་། །སེང་གེ་དག་ལ་ཞོན་པ་དང་། །ཁྱུང་ཆེན་དག་ལ་ཞོན་པ་དང་། །མཆོད་རྟེན་ཁ་ལ་ཕྱིན་པ་དང་། །རི་བོའི་རྩེ་ལ་འདུག་པ་དང་། །ནམ་མཁའི་དབྱིངས་ལ་འདུག་པ་དང་། །ལུས་ལ་སྤྲིན་ཕུང་བྱུང་བ་དང་། །ཉི་མའི་སྟེང་ན་འདུག་པ་དང་། །རྣལ་འབྱོར་ས་ལ་གནས་པའི་རྟགས། །སངས་རྒྱས་སྲས་ཀྱི་སྔ་ལྟས་ནི། །རྒྱལ་པོའི་བཀའ་ལ་རྟགས་པ་དང་། །བཀའི་དབང་པོ་བཀོས་པ་དང་། །གཞན་ལ་དབང་སྒྱུར་བྱེད་པ་དང་། །འཇིག་རྟེན་བཀོས་ལ་འབེབས་པ་དང་། །གཞན་གྱི་སྡེ་བ་དབང་སྡུད་དང་། །གཡུལ་ཆེན་དག་ལས་རྒྱལ་བ་དང་། །བདག་ཉིད་རྒྱལ་པོར་གྱུར་པ་དང་། །མགོ་ལ་མེ་ཏོག་སྐྱེས་པ་རྣམས། །རྒྱལ་བའི་སྲས་སུ་གྱུར་པ་རྣམས། །ཆོས་ལ་དབང་ཐོབ་སྔ་ལྟས་ནི། །གླེགས་བམ་ཟབ་མོ་རྙེད་པ་དང་། །དེ་བཞིན་དྲི་བ་མང་པོ་དང་། །དེ་དག་ལ་ནི་སྤྱོད་པ་དང་། །གཞན་ལ་འཆད་ཅིང་སྟོན་པ་དང་། །དོན་ཉིད་གཏན་ལ་འབེབས་པ་དང་། །མེ་ལོང་དག་ལ་ལྟ་བ་དང་། ཁྲེལ་གྱི་བུམ་པ་གང་བ་ལ། །བལྷ་ཞིང་རྟགས་པ་འཐུང་བ་དང་། །རིན་ཆེན་ནོར་བུ་ཐུ་བ་དང་། །འཁོར་ལོ་ལག་ཏུ་འབབས་པ་དང་། །ཉི་ཟླ་ལག་པས་ཟིན་པ་དང་། །རི་རབ་གླ་ལ་སྐོར་བ་རྣམས། །ཆོས་ལ་དབང་ཐོབ་སྔ་ལྟས་སོ། །བདེན་པ་མཐོང་བའི་སྔ་ལྟས་ཀྱང་། །སྔོན་མ་མཐོང་བའི་ཡུལ་མཐོང་དང་། །སྟོང་གསུམ་རྒྱ་ཆེར་མཐོང་བ་དང་། །གླིང་རྣམས་གཞན་དུ་ཕྱིན་པ་དང་། །རི་རབ་མཁའ་ལ་ཕྱིན་པ་དང་། །ནམ་མཁའ་རྒྱ་ཆེར་མཐོང་བ་དང་། །རྒྱ་མཚོའི་གཏིང་དུ་ཕྱིན་པ་དང་། །ལག་ན་སྒྲོན་མེ་ཐོགས་པ་དང་། །ཉི་མའི་སྙིང་པོ་ཐོགས་པ་དང་། །སྣང་སྲིད་ཀུན་ལ་སྤྱོད་པ་རྣམས། །ཆོས་ལ་དབང་ཐོབ་ལྟས་ཆེན་ཡིན། །ལུང་བསྟན་པའི་སྔ་ལྟས་ནི། །རོལ་མོའི་སྒྲ་རྣམས་ཐོས་པ་དང་། །འབྲུག་གི་དགྲ་ནི་གྲགས་པ་དང་། །སེང་གེའི་ང་རོ་གྲགས་པ་དང་། །ཆོས་ཀྱི་འགྲོ་བའི་གཏམ་ཐོས་དང་། །གཟུགས་བརྙན་ཞལ་ནི་འཛུམ་པ་དང་། །སངས་རྒྱས་གསུང་ཐོས་སྐུ་མི་མཐོང་། །ལྷ་མོ་གླུ་དབྱངས་སྒྲོག་པ་དང་། །གཞལ་ཡས་དག་ལས་སྒྲ་འབྱུང་དང་། །གྲོགས་པོ་ཞེས་བརྗོད་ཅིང་། །ཆོས་ཀྱི་འགྲོ་བ་བྱེད་པ་རྣམས།ལུང་བསྟན་བྱེད་པའི་སྔ་ལྟས་སོ། །དེ་ལ་སོགས་པའི་མཚན་མ་རྣམས། །ལྟས་ཆེན་ཀུན་ཏུ་སྣང་བ་དང་། །གང་ཟག་ལས་ཀྱི་དབང་པོ་རྣམས། །རིག་འཛིན་སོ་སོའི་ས་བར་ནི། །འགྱུར་བའི་སྔ་ལྟས་བཤད་པ་ཡིན།རྣལ་འབྱོར་ལས་ཀྱི་དང་པོ་ལས། ལྟས་ཆེན་འདི་དག་གང་བྱུང་ཡང་། །འཁོར་བའི་འདུ་འཛི་ཀུན་གསལ་ནས། །དོན་ལ་རྟོགས་ཤིང་ས་རྣམས་སྦྱོངས། །དེས་དེ་དོན་ལ་རེག་པར་འགྱུར། །དོན་ལ་རེག་པའི་བྱིན་རླབས་ཀྱིས། །རིག་འཛིན་རྡོ་རྗེ་ལྷུན་གྱིས་གྲུབ། །རིག་འཛིན་ས་ལ་གནས་པ་དང་། །རྩལ་གྱི་ཆོ་འཕྲུལ་སྣ་ཚོགས་འབྱུང་། །ཉི་ཟླ་ཞོན་ནས་འགྲོ་བ་དང་། །རི་བབ་སྐེད་ནས་གསོར་བ་དང་། །འཇིག་རྟེན་རྒྱ་མར་འཕང་བ་དང་། ། སྐྲེག་པའི་སྐལ་པ་ཞི་བ་ལས། །རྩོགས་པའི་ཆོ་འཕྲུལ་ཐམས་ཅད་ཀུན། །ཁྱད་པར་རྩལ་གྱིས་བསྟན་པར་ནུས། །དེ་ལ་སོགས་པའི་རྫུ་འཕྲུལ་རྣམས། །རྫུ་འཕྲུལ་གྱི་ནི་ཆོ་འཕྲུལ་ཡིན། །རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི། །འདུལ་བའི་འགྲོ་བ་ཐམས་ཅད་ལ། །སོ་སོའི་སྐད་དུ་ཆོས་མཐུན་པར། །འདུལ་བའི་སྒོ་ནི་སྣ་ཚོགས་སུ། །སོ་སོའི་སྐད་དུ་བསྟན་པར་ནུས། །དེ་དག་རྗེས་སུ་བསྟན་པ་ཡིན། །ཆོས་ཀྱི་སྒོ་རྣམས་སྣང་བ་ཡིན། །ངེས་པའི་ཆོ་འཕྲུལ་བསྟན་པ་ནི། །ཏིང་འཛིན་རྩལ་གྱི་ཁྱད་པར་གྱིས། །འཇིག་རྟེན་ཁམས་རྣམས་གཡོས་ནས་ཀྱང་། །ཐམས་ཅད་ངོ་མཚར་སྐྱེས་འཀྱུར་ཏེ། །སེམས་ཀྱི་བསམ་པ་རངས་བྱས་ནས། །སོ་སོའི་དགའ་བའི་རོ་མྱོང་འགྱུར། །ཆོས་རྣམས་སྣང་བའི་ཆོ་འཕྲུལ་ཡིན། །ཀུན་ནས་ཀུན་ཏུ་བརྗོད་པ་ནི། །གསང་བའི་ཡི་གེའི་འཕྲེང་བ་ལས། །རྫུ་འཕྲུལ་ཆོས་ཀྱི་སྒྲ་སྒྲགས་པས། །ཡོད་མཐོང་སྣང་གྲགས་ཆོས་རྣམས་ཀུན། །ཀུན་ཀྱང་གསང་སྔགས་སྒྲ་སྒྲགས་པས། །སྔགས་སུ་མ་གྱུར་གང་ཡང་མེད། །དེས་ན་རྩལ་གྱི་ཁྱད་པར་ལས། །སོགས་པའི་ཡོན་ཏན་ཐམས་ཅད་འབྱུང་། །ཇི་ལྟར་སྤྱོད་པའི་རྣལ་འབྱོར་རྣམས། །ནན་གྱིས་མཚན་མའི་དངོས་གྲུབ་དག །བྱིས་པའི་སེམས་ཀྱིས་བླང་འདོད་ན། །དེ་ཡང་མཚན་མ་དེ་རང་འགྱུར། །དཔེར་ན་མེའི་རང་བཞིན་ལས། །ས་དང་ནགས་ཚལ་སྲེག་བྱེད་པ། ཁུ་རྣམས་ཚོགས་པའི་བདེན་པ་ལས། །མེད་ལས་ཡོད་པའི་བདེན་པར་སྣང་། །དེ་བཞིན་མཚན་མའི་རྣལ་འབྱོར་པས། །མཚན་མའི་ཆོ་འཕྲུལ་ཐོབ་འདོད་པས། །རྒྱུ་རྣམས་ཚོགས་པའི་བདེན་པ་ལས། །མཚན་མ་རང་རང་བསམ་པར་སྣང་། །དྲུག་གི་འཛིན་པ་སྦྱངས་པའི་རྒྱུས། །དྲུག་གི་མངོན་ཤེས་རང་བཞིན་འཆར། །མཐོང་བ་སེམས་ལས་གཞན་དུ་མིན། །ཡེ་ཤེས་ཆེན་པོའི་རྒྱུ་ཞེས་བྱ། །གང་དག་འཛིན་པ་མ་དག་པར། །མཚན་མའི་རྒྱུ་ཡིས་མུན་པར་གྲུབ། །རྟགས་ཆེན་དང་པོ་བརྒྱད་བསྟན་ཕྱིན། །དུས་གཅིག་འབྱུང་བར་ཐེ་ཚོམ་མེད། །མཐར་ནི་གཉིས་ཀྱང་འབྲལ་འགྱུར་ཚེ། །རྒྱ་མཚོ་རྒལ་བའི་གྲུ་བཞིན་དུ། །ལམ་གྱི་ངོ་བོ་རྩོལ་བ་བྲལ། །སྙིང་པོའི་དོན་རིག་སྐད་ཅིག་མས། །སྔོན་ནས་ཞན་པའི་མུན་བསལ་ནས། །ཉོན་མོངས་སྤྲིན་གྱི་སྙོག་མེད་མ། །སྒྲིབ་མེད་བྱིན་རླབས་ངང་གིས་འཆར། །དངོས་གྲུབ་ཆེན་པོ་སེམས་ཉིད་དེ། །ཡིདབཞིནའབྱུངབའིརིན་པོ་ཆེ། །ཇི་ལྟར་དམིགས་༄༅། ཁེང་སྒྱུར་བར་འགྲུབ། །གྲུབ་པའི་དོན་ཆེན་ཐམས་ཅད་རྫོགས། །ངོ་བོ་རྒྱས་པར་འཆད་འགྱུར་བ། །རྣལ་འབྱོར་ཐ་མའི་སྐབས་སུ་ཤེས། །དེ་ལྟར་ཡན་ལག་ཀུན་ལྡན་པའི། །ལྔ་བཅུ་རྩ་བའི་རྣལ་འབྱོར་རྣམས། །རང་རང་རྣལ་འབྱོར་གནས་པའི་ཚེ། །རླུད་པོ་འགྲོ་དང་ཆུ་རླུང་དང་། །རི་བོ་ལྟ་བའི་ཉམས་བཟུང་ལ། །རི་རབ་བརྟན་ཞིང་མི་འཕྲོག་པ། །སྐབས་སུ་ལམ་མཐར་ཕྱིན་པར་བརྗོད། །ཐ་མར་མཐར་ཕྱིན་སྤྱིར་ཆིབས་པའོ། །དོན་ཡིག་འཇུག་པས་ཕྱེ་བའོ། །རྣལ་འབྱོར་རྣམ་པ་གཉིས་ཀྱི་དོན། །སྐབས་སུ་སེམས་དང་ཆོས་འཔྲད་པས། །རང་རང་རྣལ་འབྱོར་བརྟན་པ་ཡིན། ཁྲེས་བྱ་སློབ་པའི་ཚུལ་དག་གིས། །དུ་མའི་དངོས་པོ་གཅིག་ལས་འབྱུང་། །སྲེད་པའི་ས་བོན་ཇི་ལྟ་བར། །ཁྱོད་ཀྱང་འདབ་དུ་གྱུར་པ་ཉིད། །སེམས་ཀྱི་དོན་གྱིས་ཆོས་མཐུན་ཚུལ། །གསལ་བར་གྱུར་པ་ལྡང་བའི་ཚུལ། །དེ་དག་གོང་དུ་བསྒྲོད་དམིགས་དང་། །ཐེག་པ་གོང་མའི་བསླབ་བྱ་དང་། །ཡེ་ཤེས་ཤེས་རབ་སྐད་ཅིག་དངོས། །ཐབས་སྨན་ཞི་ནས་ལྷག་མཐོང་དང་། །སྨན་པ་བཤེས་གཉེན་དམ་པ་འབྱིན། །འཛོམ་མཐུས་མི་སྡུད་འཕར་བར་འགྱུར། །ལུང་ནས་སྔོན་རོལ་ལས་རྩམ་པ། །བསོད་ནམས་དཔུང་ལ་འབད་པ་དང་། །བསླབ་པའི་ཐེ་ཚོམ་བཅད་པ་དང་། །རྣལ་འབྱོར་ཚོགས་ལ་འཇུག་པ་དང་། །ཕན་ཚུན་འབྲེལ་ཐག་བཅད་པ་དང་། །ཡིད་འོང་གནས་རྣམས་བཙལ་བྱས་ལ། །སྐྱོན་ཡོན་རྟགས་ལ་སྤང་བླང་དང་། །འབྱོར་པའི་ཡོ་བྱད་ལོངས་སྤྱོད་རྐྱེན། །མཚན་པར་བསགས་ཏེ་བར་ཆད་ཟློག །ཕྱི་ནང་མཐུན་པ་རྟེན་པ་དང་། །ཕྱི་ནང་འགྱོད་པ་མེད་བྱས་ཏེ། །གཡེང་བར་མི་འགྱུར་ལས་རྣམས་བརྩམ། །སྤྱིར་ན་གང་གི་སྡེང་ལྡན་ཞིང་། །བཅོན་པས་བག་ཡོད་མེད་པར་གང་། །སྔ་མ་སྔ་མས་ཕྱི་མ་ཉིད། །བོགས་འགྱུར་འགྲུབ་པའི་དུས་ལྔ་བཅུ། །སྔོན་བསྟན་མཐར་ཕྱིར་ཚད་སླེབ་ན། །གོང་དུ་འགྱུར་བའི་དུས་བབ་པས། །ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། །རྣལ་འབྱོར་སྒྲུབ་པའི་ལུང་ཆེན་པོའི་རིམ་པ་ལས། །རྣལ་འབྱོར་གྱི་ལམ་སྤྱད་པའི་རིམ་པ་སྟེ་ལེའུ་གཉིས་པའོ།། །།དེ་རྗེས་མངོན་བྱེད་བཤད་བྱ་བ། །གསང་སྔགས་དེ་ཉིད་གོལ་ས་ནི། །རྟེན་པ་དང་ནི་སྤྱོད་པ་དང་། །དམིགས་དང་དེ་བཞིན་ཁྱད་པར་དང་། །མི་འགྱུར་བ་དང་རྩལ་གྱིས་གནོན། །ཀུན་ནས་རིག་པར་གྱུར་པ་དང་། །གཞན་ཡང་སྦྱོར་དང་མི་གནས་པ། །བསྐྱོད་པ་དང་ནི་གྱུར་པ་དང་། །རྩལ་དང་འབྱུང་བ་སྒོ་དང་ནི། །ཤེས་པ་གནས་པ་རིག་པ། །ལམ་དང་འཇུག་པའི་ཡེ་ཤེས་དང་། །ཁྱད་པའི་རྣམ་པ་གཅིག་པོ་དང་། །གཞན་ཡང་མཐོང་དང་མ་ཡེངས། །དོན་ཚིག་སྔགས་དང་ཡི་གེའི་སྒོ། ཁྲེས་པ་གཅིག་དང་དོན་གཉིས་དང་། །ཚུལ་གསུམ་ཐབས་བཞི་ཆོས་ལྔ་དང་། །རིགས་དྲུག་མཛད་པ་བཅུ་གཉིས་དང་། །ཆོ་འཕྲུལ་ཆེན་པོ་བཅུ་གཉིས་དང་། །ཡེ་ཤེས་བཅོ་བརྒྱད་ས་བཅུ་གཅིག །སྐུ་བཞི་ལམ་ལྔ་འབྲས་བུ་དྲུག །བྱང་ཆུབ་ཆེན་པོ་གཅིག་པོ་རྣམས། །རང་རྐྱེན་ཙམ་དུ་སྤྱོད་བྱེད་ཅིང་། །འབྲས་བུ་རྐྱེན་གྱུར་མཚན་གཉིས་ལྡན། །རྩོལ་བཅས་རྒྱུའི་ཐེ་པའོ། །བྱ་མེད་འབྲས་བུའི་རྣལ་འབྱོར་ནི། །སྒྱུ་འབྲས་མེད་པར་གཅོད་སྦྱོར་བ། །གང་དང་གང་གིས་རྗེས་ཞུགས་ནས། །བྱ་བ་བྱེད་བྲལ་གསང་བའི་ལམ། །ས་བཅུ་བསླབ་པ་སྦྱོར་བཅུ་ལྔ། །རྣལ་འབྱོར་རྟོག་པ་བཅུ་གཅིག་རྒྱུ། །རྟོག་པ་ལྷུང་སྒོ་དགུ་བཅུ་དགུ། །མ་ནོར་གཅིག་དང་ངེས་པ་གཉིས། །དགོང་པ་ཡེ་ཤེས་བཞི་དགུ་གཉིས། །ཚོགས་དང་སྒྲུབ་པ་དངོས་གྲུབ་དང་། །ཡོན་ཏན་ཏིང་འཛིན་ཆེན་པོ་ལྔ། །ཡེ་ཤེས་འབྱུང་ཚུལ་ལྔ་བཅུ་གཉིས། །ཆེ་བ་རོལ་པ་རྔམ་བརྗིད་མཐུ། །ཆོ་འཕྲུལ་ཡོངས་རྫོགས་བཅུ་གཉིས་གཅིག །གོམས་སློབ་ལམ་གྱི་མཚན་ཉིད་ནི། །ཆོས་རྟགས་བཞི་ཡིས་ངེས་བྱ་བ། །བསྟན་ཆོས་མཚོན་ཆོས་མཐུན་པའང་། །སྣ་ཚོགས་གཏེར་གྱི་ཁང་པ་དག །རྒྱལ་པོ་མཛོད་དུ་གྱུར་པ་དང་། །སྤྱོད་སྒོ་འཇུག་སྒོ་ཐམས་ཅད་ཀྱང་། །དཀའ་ཐུབ་ཕྱི་ནང་ཁྱད་པར་གྱིས། །རིན་ཆེན་སྣ་དགུའི་རིམ་པ་དག །སོ་སོའི་ལམ་ཐབས་མཐོན་དམན་གྱིས། །ཡུལ་དེ་ཅིག་ལས་མེད་ན་ཡང་། །ཡིག་ཚད་སྒོ་དགུ་སོ་སོར་སྤྱོད། །རྒྱལ་པོར་གྱུར་ན་དེ་ཀུན་ལ། །དབང་བསྐུར་བྱེད་པའི་བདག་པོ་ཡིན། །མི་གནས་ཆོས་ཀྱི་དབྱིངས་ཉིད་དང་། །བལྟ་བའི་ཡུལ་དུ་གྱུར་པ་ན། །རིག་པའི་རྩལ་གྱིས་ཁྱད་པར་གྱིས། །བལྟ་ཡུལ་གཅིག་ལས་མེད་ན་ཡང་། །སོ་སོའི་འཇུག་སྒོ་ཀུན་ནས་སྤྱོད། །དབྱིངས་ཀྱི་རང་བཞིན་གཅིག་ལ་ཡང་། །རྩལ་འཕང་མཐོན་དམན་ཁྱད་པར་གྱིས། །སྐས་ཀྱི་དང་པོ་རྩི་བ་ལྟར། །ས་དང་ཐེག་པའི་ཁྱད་པར་དུ། །མཐོ་དམན་རིམ་པར་སྣང་བ་ཡིན། །མཉམ་བར་གྱུར་པའི་གཞི་གཅིག་ལ། །མཐུན་དང་མི་མཐུན་དོན་གྱིས་ན། །དཔེར་ན་ཁང་པ་སྒོ་མངས་བཞིན། །ས་དང་ཐེག་པ་སོ་སོའི་སྒོ། །མི་མཐུན་སོ་སོརྭ་སྣ་བ་ཡིན། །དེ་ཡང་འདུལ་བྱ་སྤྲོ་བའི་རྒྱུས། །དྲངས་ཀྱི་དབྱེ་བས་གཉིས་འགྱུར་ཏེ། །སངས་རྒྱས་ཆོས་ཀྱི་སྒོ་མོ་འདི། །གྲངས་མང་བསམ་གྱི་མི་ཁྱབ་ན། མདོ་རུ་བསྡུས་ན་གསུམ་དུ་གསལ། །རྩོལ་བས་འཇུག་པའི་སྒོ་མོ་དང་། །གྲུབ་པ་ཐབས་ཀྱི་སྒོ་མོ་དང་། །མཐར་ཕྱིན་འབྲས་བུའི་སྒོ་མོའོ། །དང་པོ་ལ་ཡང་གསུམ་ཡོད་དེ། །མཚན་ཉིད་ཐབས་ཀྱི་སྒོ་མོ་དང་། །ཐུབ་པ་རིགས་ཀྱི་འཇུག་སྒོ་དང་། །གྲུབ་པ་རིགས་ཀྱི་གསང་སྒོའོ། །དེ་དག་སྒོ་མོ་རེ་རེ་ལ། །གསུམ་གསུམ་ཡོད་པར་འདྲེན་པས་བཤད། །ཀུན་འརྒྱུང་འདྲེན་པའི་ཐེག་པ་དང་། །དཀའ་ཐུབ་རིག་བྱེད་ཐེག་པ་དང་། །དབང་སྒྱུར་ཐབས་ཀྱི་ཐེག་པའོ། ཁྲེས་རབ་རབ་འབྲིང་ཐ་མ་དགུའོ། །དེ་དག་བསྒྲུབ་ཐབས་སྒོ་ལ་གསུམ། ཁྲེས་རབ་རྟོགས་པའི་སྒོ་མོ་དང་། །ཏིང་འཛིན་གོམས་པའི་སྒོ་མོ་དང་། །སྨོན་ལམ་གྲུབ་པའི་སྒོ་མོར་གསལ། །དེ་ཡིས་མཐར་ཕྱིན་སྒོ་གསུམ་སྟེ། །རྣམ་ཐར་གསུམ་གྱི་སྒོ་ཞེས་བཤད། །འཇུག་པའི་ལམ་ཡང་འདི་ལྟ་སྟེ། །རྣམ་པ་གསུམ་དུ་གསལ་བར་བཤད། །འདྲེན་པ་ཆེན་པོའི་སྡེ་སྣོད་དང་། །གྲུབ་པ་ཆེན་པོའི་འཇུག་སྒོ་དང་། །དམ་པ་ཆེན་པོའི་མཛོད་གསུམ་མོ། །ལྡེ་མིག་འབྱེད་འགྲོལ་ངེས་འབྱིན་པའང་། །ཐུན་མོང་ལམ་དུ་རྒྱལ་བས་གསུངས། །ཁྱད་པར་བརྗོད་པར་གང་ཞེ་ན། ངེས་པ་གཉིས་ཀྱི་རྣམ་ཕྱེ་བ། །ཅིག་ཤོས་གཞན་དུ་ཤེས་པར་བྱ། ཁྲེས་རབ་ཀྱིས་ངེས་འདི་ལྟ་སྟེ། །རིམ་གྱི་པ་དང་ཅིག་པའོ། །ཐོག་མར་འཇུག་དང་བཤད་བྱ་བ། །ལྔ་བཅུས་འཇུག་པ་རྣམ་གསུམ་སྟེ། །རྗེས་སུ་རྟོགས་པ་རྣམ་གཉིས་དང་། །ཡི་གེའི་རྗེས་འཇུག་མཚན་མ་དང་། །དོན་གྱི་རྗེས་འཇུག་མཚན་མ་མེད་པའོ། །རྗེས་སུ་རྟོག་པའི་ཡི་གེའོ། །རྗེས་སུ་སྤྱོད་དང་དངོས་པོའི་རྣམས། །རང་བཞིན་མེད་པར་རྟགས་བཞི་ཡིས། །མི་དགའ་འགལ་རྟོགས་བཞི་ཚུལ་རིག ཁྲེས་པའི་མཚན་ཉིད་གདེང་ལྡན་བྱེད། །དེ་དང་དེ་ཉིད་མདོ་རྒྱས་དང་། །མཆོག་གི་ཡུལ་དང་དེ་ཟློག་ཕྱིར། །ཅི་འགའ་ཉིད་ནི་བཟློག་བསྟན་པ། །ཅིག་ཅར་འཇུག་པའི་རྣལ་འབྱོར་པ། །བྱ་དང་བྱ་ཐབས་བྱ་མེད་པར། །སྐྱེས་དང་མ་སྐྱེས་སྐྱེ་འགག་མེད། །འདི་ཀུན་མ་འདྲེས་ཡོངས་སུ་རྫོགས། །མ་འདྲེས་མཁའ་ལ་བཟའ་སྐར་བཀྲམ། །ཡོངས་སུ་རྫོགས་པས་མཁའ་ཁྱབ་བརྡལ། །འཇའ་སྣང་མཁའ་ལྟརམའདྲེསགཅིག །སྔོནདུ་གོམས་པའི་ལས་སྣང་བས། །འདིར་འཕྲད་ཡན་ལག་མདོ་རྩ་བ། །ཐུན་མོང་མེད་པས་ཀུན་རྟོགས་པའི།ཁྲེས་རབ་འདིར་ལྡན་སྤྱི་ཆིབ་པའོ། །རྨོངས་རིམ་ཅིག་ཅར་འཇུག་སྤྱོད་པ། །འདོད་པའི་ཡུལ་ལ་ཞེན་སྤོང་དང་། །སྦྱོང་སྒྱུར་ཤེས་རྟོགས༷་སྤྱོད་དབང་བྱེད། ཁྲེས་པ་འཇིག་རྟེན་རྟོགས་འཕགས་པ། །སྤྱོད་བློ་ལྡན་དབང་སྒྱུར་ཐབས། །གང་འདིར་སྣོད་བཞི་ཞེན་ཆགས་ཅན། །ལོག་སྲེད་རིགས་རྒྱུད་བློ་གྲོས་ཅན། །དེ་ལ་བསྟན་པ་བཞི་གསུངས་པ། །འདད་རྐྱེན་བཀྲི་ཏྲང་བརྒྱུད་པའི་མཆོགལྡེམ་དགོས་དོན་དམ་ངེས་པའི་གཞི། །སྣོད་ཀྱི་རྐྱེན་དང་སྦྱོར་བ་ཡིན། །སྒྲོན་མེ་སྨན་པ་རྫོགས་དང་འཁོར། །གྲུ་དང་མཉམ་པ་མཁན་དང་དམིགས། །ཕ་མ་ས་མཁན་དམིགས་བུ་དང་། །འདི་དག་ལམ་འགྲོའི་ཕ་ཡིན་ནོ། །མེ་ཆུ་ལྡུམ་བུ་ལང་ཏང་རྩེ། །སྦྲུལ་མགོ་ནོར་བུ་གཅན་གཟན་ཁྲོ། །འདི་དག་ལམ་འགྲོའི་དགེ་བསྙེན་ཡིན། །ཝ་སྟག་སེང་གེ་ཁྱུང་མཆོག་དག །འདི་བཞི་ལམ་འགྲོའི་སྔོན་གྱི་སེམས། །ནམ་མཁའ་ས་ཆུ་མེ་རླུད་དང་། །སྨན་དང་ཁ་ཟས་མཚོན་ཆ་དང་། །ཉི་མ་རི་རབ་རྒྱ་མཚོ་དང་། །བདུད་རྩི་མེ་ལོང་ནོར་བུ་དང་། །དེ་དང་ལམ་འགྲོའི་དོན་ཡིན་ནོ། །བུམ་ཁྲོད་ནང་གི་མར་མེ་དང་། །རུ་སྦལ་བརྐྱང་བསྐུམ་གཉེར་ཡིན་ནོ། །སྒྲོན་མེ་ཐོར་རླུད་ག་ཞ་མཁན། །ཁྱི་ཕག་བྱ་དང་རུ་སྦལ་དང་། །ཆུ་སྲིན་ཀུན་ཏུ་རྒྱུ་བ་དང་། །སྤྲེའུ་དོམ་ཡེའུ་རྩེ་སྦང་བདག །འདི་ནི་ལམ་འགྲོའི་དམ་ཚིག་ཡིན། །དེ་ལྡན་གང་གིས་བརྟག་བྱ་བ། །མཚན་མར་མི་རྟོག་རང་བཞིན་གྱིས། །ཟབ་མོའི་དོན་ཆེན་གོ་བ་ཡིན། །ངེས་པའི་དོན་གྱིས་ཐག་བཅད་དེ། །མཉམ་པའི་དོན་ལ་ཡིད་ཆེས་ནས། །དེ་བཞིན་ཉིད་ལ་གང་འདིར་ཇི་ལྟར་བལྟ། །དེ་ཉིད་སྣང་བ་ཡིན་ནམ་མི་སྣང་ཡིན། །འོན་ཏེ་སངས་རྒྱས་ཡིན་ནམ་སངས་རྒྱས་མིན། །དེ་ལས་གཞན་ན་སངས་རྒྱས་ཡོད་དམ་མེད། །འདི་ལྟར་ཅིར་གཞག་གྲོས་ཀྱིས་ཆོད་པར་བྱ། །ཇི་བཞིན་རྟོགས་པའི་བརྟན་ཚིགས་དང་། །ངང་གིས་མཐའ་དང་བྲལ་ཕྱིར་དང་། །རང་བཞིན་མ་ངེས་ཅིར་སྣང་དང་། །སྣང་བ་མི་མཐུན་ཐེར་ཟུག་མེད། །མི་ལས་གྲུབ་པའི་གཏམ་ཚིག་མེད། །དེ་ཕྱིར་སྣང་བརྟགས་མཐའ་བྲལ་འདོད། །ཐམས་ཅད་སྙིང་པོ་བྱང་ཆུབ་སེམས། །གང་གི་དགོངས་པ་དམ་པ་ནི། །སྟོང་པ་མ་ཡིན་ཐེར་ཟུག་མིན། །དབུ་མར་མི་དམིགས་ཀུན་རིག་འགལ། །ཡོད་མེན་མེད་མིན་ལས་ཀྱང་འདས། །སྐྱེ་ཤི་རྟག་ཆད་ལ་སོགས་བྲལ། །སྙིང་པོའི་རང་བཞིན་མ་ངེས་པས། །ཇི་ལྟར་བལྟས་པ་དེ་ལྟར་སྣང་། །དངོས་མེད་ཇི་ལྟར་བརྟགས་ཆགས་བཞིན། །གང་ལྟར་སྒྲུབས་པ་དེར་གྲུབ་ཕྱིར། །དངོས་པོ་བརྟན་པོ་བཞི་ལ་མེད། །དག་དང་མ་དག་སེམས་རྒྱུད་རྣམས། །རང་རང་རྟགས་སྣང་ཐ་དད་ཕྱིར། །སྤྱི་ཡུལ་རང་རྒྱུད་ཡོད་མ་ཡིན། །མིང་ཙམ་སྣང་བའི་ཆོས་སོ་ཅོག །རང་རང་མིང་ཙམ་དངོས་པོ་དེར། །ཡིན་གྱི་གྲུབ་པའི་བསྟན་ཚིགས་མེད། །དེ་ཕྱིར་སྐྱེ་བོས་མཐོང་མི་བདེན། །བདག་མེད་གཉིས་བྲལ་བདེ་ཆེན་ཀློང་། །སངས་རྒྱས་ཀུན་གྱི་བདེ་བ་ཆེ། །ཡེ་ནས་ལྷུན་གྲུབ་འདུས་མ་བྱས། །ཐིག་ལེ་ཆོས་ཉིད་ཡེ་འབྱམས་པས། །ཀུན་ཁྱབ་བརྡལ་བར་སྙིང་པོར་འདུས། །མི་དམིགས་སྤྲོས་བྲལ་བྱང་ཆུབ་སེམས། །ཟབ་མོར་སྣང་བའི་ངེས་པ་འདི། །མཁའ་ལ་དུད་འདྲར་གཏིང་དཔག་དཀའ། །མི་རྟག་བཞག་པའི་ཆོས་འདི་གང་། །བྱིས་པ་རྣམས་ལ་ངས་མ་བསྟན། །བསྟན་ཀྱང་གོ་བར་མི་འགྱུར་ཏེ། །བསྟན་དུ་མེད་ཅིང་གོ་བར་དཀའ། །ཚིག་གིས་རྗོད་པ་ཀུན་དང་བྲལ། །འདི་ཞེས་བསྟན་དུ་ག་ལ་ཡོད། །མེད་པ་བསྟན་པའི་དམིགས་མི་ཕྱེད། །སྣ་ཚོགས་རིམ་གྱི་འཇུག་པ་ལ། །བསམ་མེད་བློའི་ནང་དུ་འགྱུར། །བསམ་མེད་ཡོངས་སུ་རྫོགས་པའི་ལམ། །རིམ་གྱིས་པའི་དུག་ཆེན་ཡིན། །ཇི་ལྟར་ཞུམ་པའི་ཁེ་རྐང་གི །གྲགས་པ་འདོད་ཕྱིར་གདེང་མེད་པར། །གཡུལ་ཞུགས་སྟོབས་རིགས་འགྲན་འདས་ན། །གཞན་དབང་དེ་ཉིད་བརླག་པར་འགྱུར། །དེ་བཞིན་དམ་པར་བཅོས་པ་ཡིས། ཁེ་དང་གྲགས་པ་རློམ་སེམས་ཀྱིས། །ལྟ་སྤྱོད་ལོག་པ་དྲང་ཐབས་ལ། །རྣལ་མར་སྒྲར་སྦྱང་ཉེས་པར་ངེས། །གདེང་མེད་བརྩོལ་བྲལ་སྒོམ་པའང་ལྟུང་། ཁུ་རྐྱེན་རྟེན་འབྲལ་རིམ་གྱིས་པ། །བློ་ཆུང་རྨོངས་པ་ཁྲིད་པའི་ཐབས། །མ་བཅོས་དེ་བཞིན་ཉིད་འདི་ལ། །རྟེན་འབྲེལ་རྒྱུ་རྐྱེན་རིམ་གྱིས་མེད། །རྟག་ཏུ་མེད་པའི་ཆོས་རྣམས་ནི། །རྟོག་པ་ཅན་གྱིས་མི་རྟོགས་ཏེ། །གང་ཞིག་དེ་དོན་མི་རྟོགས་ཕྱིར། །་་་་་་་གཡངས་སར་ལྟང་བ་ཅི་ཆ་ཡོད། །གདོད་ནས་མ་མཐོང་ཤིན་ཏུ་དགེ །གང་ཞིག་རྩལ་གཞན་དེ་རྟོགས་པ། །གཡོར་མོའི་ཚུལ་དུ་བདག་བརྟགས་པས། །བརྟགས་ཀྱང་རྟོགས་པར་མི་འགྱུར་རོ། །དཔེར་ན་ཉི་མའི་སྙིང་པོ་ལ། །མིག་གི་དབང་པོས་རབ་བརྟག་ན། །དེ་བརྟགས་དོན་དེ་མི་དོན་ཡེ་ཤེས་དེར་སྦྱར། ཁེས་པར་བྱ་བ་ཐམས་ཅད་རྫོགས། །སྒྱུ་མ་སྒྱུ་མ་ཡིན་སྒྲོད་པའོ། །ཡེ་ཤེས་སྒྱུ་མར་ཀུན་གསལ་ཕྱིར། །ཡི་གེ་འཁོར་ལོ་རྫོགས་ཆེན་ས། །སྒྱུ་མའི་ས་ལ་གནས་པ་ཡི། །རོལ་པ་བརྒྱན་གྱི་རྣལ་འབྱོར་ལས། །སོགས་པའི་རྣལ་འབྱོར་རྣམ་གསུམ་པོ། །དམིགས་པའི་ཏིང་འཛིན་འདི་ལྟར་འདོད། །རྣམ་དག་དབྱིངས་ཉིད་ཏིང་འཛིན་གྱིས། །ལྷའི་ས་བོན་གང་ཡིན་པ། །རང་བཞིན་ཡི་གེར་སྒྱུར་བྱས་ཏེ། །འོད་ཟེར་འབར་དང་བཅས་པ་ཡི། །ནམ་མཁའ་ཁམས་ཀྱིས་གང་ཁྱབ་པར། །འཕྲོ་འདུ་གསལ་བར་བསྐྱེད་པ་ལས། །ཆག་ཚད་བསྒྱུར་དང་ནམ་མཁའ་གང་། །རྫོགས་པའི་སྨིར་ཆིབས་ས་འདི་ལ། །བཅུའི་ཐ་མ་དང་པོ་ལས། །མཐར་རྫོགས་ཀུན་གྱི་རྟོག་ཡིན་ཏེ། །ཀློང་ཡངས་ནམ་མཁའི་སྙིང་པོ་ལ། །སྤྲིན་མེད་ཉི་མ་འབུམ་གྱི་བརྡལ། །ཅིར་སྣང་ཅི་ཡང་མ་ཡིན་པ། །མི་སྐྱེ་མི་འགག་ངོ་བོ་ལ། །ཇི་ལྟར་ལྟས་དགུ་དེས་སྣང་བ། །ཐེག་མཆོག་སྤྱིར་རྒྱ་རླབས་ཀྱི་བཅད། །དེ་ཡང་ལྟ་བའི་ཁྱད་པར་གྱིས། །བདག་ཉིད་ཆེན་པོའི་རྣལ་འབྱོར་དང་། །ལྷུན་གྱིས་གྲུབ་དང་ཀློང་ཡངས་ཆུབ། །གསུམ་རྫོགས་པར་འབྱུང་བརྡལ་པའོ། །བཅུ་པའི་ས་ལ་གནས་པ་ཡི། །བདག་ཉིད་ཆེན་པོ་ལ་སོགས་གསུམ། །ལྷའི་ཏིང་འཛིན་འདི་ལྟར་འདོད། །ཐམས་ཅད་རྫོགས་པའི་ཏིང་འཛིན་དང་། །སྣང་གསལ་ཡེ་འཕྱ་འི་ཏིང་འཛིན་གྱིས། །ལྷའི་ས་བོན་གང་ཡིན་པ། །རང་བཞིན་ཡི་གེར་བསྒྱུར་བྱས་ཏེ། །འོད་ཟེར་འབར་དང་བཅས་པ་ཡིས། །ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པར། །འཕྲོ་འདུ་གསལ་བར་གྱུར་པ་ལས། །སྐུའི་ཁྱོན་གྱི་ཁྱད་པར་ཡང་། །ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པར། །སྐུའི་ཁྱོན་གྱིས་གང་བའོ། །རྣལ་འབྱོར་ལྔ་པའི་ཁྱད་པར་ཏེ། །ཚོམ་བུ་སེམས་སྐབསདེབཞིན འགྱུར། །འདི་ནི་རྣལ་འབྱོར་སྤྱོད་པའི་ལམ། །རྣལ་འབྱོར་སྤྱན་གྱིས་བསྒྲོད་པར་བྱ། ཁྲེང་རྟོག་མ་ལེ་ཀ་ལྟ་བུར། །རིམ་སྒུས་བགྲོད་ཅིང་སྨིན་པར་འགྱུར། །ལམ་གྱི་ངོ་བོ་འཚོལ་འདོད་ན། །ལམ་གྱི་རྟགས་ནི་དཔེས་མཚོན་ཏེ། །མི་གནས་མི་ལྡན་སྒྲོན་མ་ཡིས། །ལམ་གྱི་རྒྱུད་ལ་མཁས་པར་བྱ། །བག་ཆགས་རྟོག་པའི་མཚན་མ་རྣམས། །སྣ་ཚོགས་དངོས་པོར་སྣང་མོད་ཀྱང་། །ནམ་མཁའ་དག་ལ་སྨིག་རྒྱུ་འདྲ། །དེ་ཡང་བརྟན་ཚིགས་ངེས་པ་ཡི། །དཔེ་ཡིས་མཚོན་ཏེ་རྟོགས་བྱས་ན། །མཁའ་ལ་སྤྲིན་ཕུང་འཇའ་ཚོནི་དང་། །ཆར་ལ་སོགས་པའི་རྒྱུན་སྣང་ཡང་། །ནམ་མཁའི་ཆོ་འཕྲུལ་ཅིག་ཏུ་ཟད། །རྟག་ཏུ་དེ་ལྟར་སྣང་བ་མིན། །སྒྱུ་མ་སྤྲུལ་ཚོགས་དེ་དང་འདྲ། །དེས་ན་དངོས་པོའི་ཆོས་རྣམས་ཀུན། །དངོས་པོ་རྟགས་ལས་མ་ཡིན་པས། །ཆོས་རྣམས་རང་བཞིན་མེད་པར་ཤེས། །འདི་ནི་རྣལ་འབྱོར་ལམ་གྱི་མཆོག །དོན་གྱི་རྗེས་སུ་འཇུག་པ་ཡང་། །དོན་ནི་ཆོས་ཉིད་སྙིང་པོ་ལ། །རྗེས་སུ་འཇུག་པ་སེམས་ཡིན་ཏེ། །སེམས་ཉིད་ཆོས་ལ་སྦྱོར་བའི་སྐབས། །རྣམ་པ་བཅུ་ཞེས་འདྲེན་པས་་ཤད། །བཅུ་གཉིས་གང་དང་གང་ཞེན། །འདུན་པ་སྐྱེ་བའི་གནས་སྐབས་དང་། །སྩོལ་བ་སྦྱོར་བའི་གནས་སྐབས་དང་། །བསླབ་པ་ལ་འཇུག་པའི་གནས་སྐབས་དང་། །འདུ་ཤེས་འགྱུར་བའི་གནས་སྐབས་དང་། །སྦྱོང་ཆེན་ལ་འཇུག་པའི་གནས་སྐབས་དང་། །རོ་ཉིད་ཚོར་བའི་གནས་སྐབས་དང་། །རྟོགས་ཆེན་ཉིད་ལ་ཕེབས་སྐབས་དང་། །དེ་ཉིད་གདེང་དུ་གྱུར་པའི་སྐབས། །ལས་སུ་རུང་བའི་སྐབས་དང་བཅུའོ། །བཅུ་པོ་དེ་དག་རེ་རེ་ལ། །སྐབས་སུ་སེམས་དང་ཆོས་འཕྲད་པས། །རིག་པ་བྱང་ཆུབ་སེམས་རེ་འརྒྱུང་། །བྱང་ཆུབ་སེམས་ཉིད་གང་ཞེས་ན། །འདིའི་གྲངས་ཆ་རྣམ་པ་བཅུ། །གཡོ་བ་བྱང་ཆུབ་སེམས་ཉིད་དང་། །དེ་བཞིན་སྨོན་ལམ་བྱང་ཆུབ་སེམས། །ལྡང་བ་བྱང་ཆུབ་ཆེན་པོའི་སེམས། །དེ་བཞིན་སྦྱོར་བ་བྱང་ཆུབ་བོམས། །འཇུག་པའི་སེམས་དང་དགའ་བའི་སེམས། །མི་འགྱུར་བ་དང་རིག་པ་དང་། །གནས་པ་དང་ནི་རྫོགས་པའོ། །བྱང་ཆུབ་སེམས་ཞེས་གྲགས་པས་ན། །སེམས་བཅུ་དག་ཏུ་རྒྱལ་བས་བཤད། །བྱང་ཆུབ་སེམས་ཀྱི་རང་བཞིན་དེ། །སྐབས་བཅུ་དག་ཏུ་སྦྱོར་བས་ན། །གཟུགས་བརྙན་ཆོས་ཉིད་ང་ལ་སྣང་། །གང་གིས་གཟུགས་བརྙན་གང་སྣང་བ། །དངོས་མེད་རང་སྣང་མཐུན་པའི་དཔེ། །དཔེར་ན་མུན་པའི་སྤྲིན་རུམ་ནས། །ཕྲ་མོ་ཙམ་གྱི་སྐར་མ་དང་། །དེབཞིནསྐརམ་ཐམལ་པ། །སྐར་མ་ཆེན་པོ་དག་དང་ནི། །ཟླ་བ་ཚེསགཅིགརྣམཔདང་། །གཉིས་དང་གསུམ་དང་བཞི་དང་ལྔ། །བརྒྱད་དང་བཅུ་དྲུག་རྣམ་པ་ཡིས། །གཟུགས་བརྙན་དག་ཏུ་སྣང་བ་སྟེ། །དངོས་པོར་སྣང་བ་ཅད་མ་ཡིན། །ཆུ་ཟླ་ལྟ་བུར་གཟུང་དུ་མེད། །སེམས་ཀྱི་གཟུགས་བརྙན་སྣང་བ་དང་། །ཆོས་ཉིད་གསལ་བའི་ཉི་མ་གཉིས། །ཡུལ་དང་དབང་པོའི་ཚུལ་ལྟ་བུ། །དབྱངས་དང་ཡེ་ཤེས་རང་བཞིནགསལ། །རྟགས་དང་རིན་པ་མཐུན་པའི་དཔེ། །གཉིས་ག་ཐུན་མོང་འགྱུར་རིག་བྱ། །འདི་ནི་རྣལ་འབྱོར་སྩོར་བའི་ལམ། །བགྲོད་པར་བྱ་བའི་ཐབས་ཆེན་ཡིན། །སྙིང་པོ་དེ་དག་རྒྱུན་བཅས་ཕྱིར། །རྣལ་འབྱོར་ཆེན་པོའི་སྐབས་བཅུ་ཡིས། །རྣལ་འབྱོར་ལྔའི་ཁྱད་པར་ལས། །བཅུ་དྲུག་རྒྱུན་སྒུས་ལེགས་པར་རྫོགས། །དེ་བཞིན་ཤེས་བྱ་ཐམས་ཅད་ལ། །རྣམ་པ་བཡི་ཁྱད་པར་གྱིས། །དང་པོ་ནས་བཟུང་རྫོགས་པར་གནས། །སྦྱར་བས་གང་དེ་ནུས་པར་འགྱུར། །འདུན་པ་སྐྱེ་བའི་སྐབས་དག་ལ། །གཡོ་བ་ལྷག་པའི་སེམས་འབྱུང་སྟེ། །མུན་པའི་སྤྲིན་རུམ་ལྟ་བུ་ཡི། །གཟེར་འདྲ་སྐར་མ་རབ་རིབ་སྣང་། །སྩོལ་བ་སྦྱོར་བའི་སྐབས་དག་ལ། །སྨོན་པ་ལྟག་པའི་སེམས་འབྱུང་སྟེ། ཁེན་ཏུ་སྐར་མ་ཕལ་པ་དག །གང་ལ་རབ་རིབ་ལྟ་བུའོ། །སླབ་པ་འཇུག་པའི་སྐབས་དག་ལ། །ལྔ་པ་བྱང་ཆུབ་སེམས་འབྱུང་སྟེ། །ཇི་ལྟར་མེའི་ཟེར་ཆེན་ལྟར། །སྐར་ཆེན་ལྟ་བུར་རབ་རིབ་སྣང་། །འདུ་ཤེས་འགྱུར་བའི་སྐབས་དག་ལ། །སྦྱོར་བ་ལྷག་པའི་སེམས་སྐྱེད་དེ། །ཇི་ལྟར་འགལ་མེད་འཁོར་ལོ་དང་། །གཅིག་པའི་ཟླ་ཚེས་ལྟ་བུར་སྣང་། །སྒོར་ཆེན་འཇུག་པའི་སྐབས་དག་ལ། ། འཇུག་པ་ལྷག་པའི་སེམས་སྐྱེས་ཏེ། སྡ། ་ལྟར་སྒྲོན་མ་ལྟ་བུ་དང་། །ཟླ་ཚེས་གཉིས་པ་ལྟ་བུར་སྣང་། །རོ་མྱོང་བའི་སྐབས་དག་ལ། །དགའ་བ་ལྷག་པའི་སེམས་འབྱུང་སྟེ། །སྣོད་ཀྱི་སྒོམ་ལྟ་བུའམ། །གསུམ་པ་ལྟ་བུར་དེར་སྣང་ངོ་། །ཡུལ་འཇུག་པའི་སྐངས་དག་ལ། །མི་འགྱུར་ལྷག་པའི་སེམས་འབྱུང་སྟེ། །ཐོབ་དང་བརྟན་ལ་ཉེ་བ་ཡིན། །བཞི་པ་ལྟ་བུར་རང་བཞིན་སྣང་། །རྟོག་ཆེན་དག་གི་སྐབས་དག་ལ། །རིག་པ་ལྷག་པའི་སེམས་འབྱུང་སྟེ། །རྟག་ཆེན་དང་པོ་ཉེ་བར་བརྟེན། །ལྔ་པ་ལྟ་བུའི་རང་བཞིན་སྣང་། །གདེང་དུ་གྱུར་པའི་སྐབས་དག་ལ། །གནས་པའི་ལྷག་པའི་སེམས་འབྱུང་སྟེ། ཤེན་ཏུ་བསྟན་པའི་སྒྲོན་མ་དང་། །བརྒྱད་པ་ལྟ་བུའི་རང་བཞོན་སྣང་། །རྟགས་ཐོབ་ཉིད་ན་འགྲུབ་ཅེས་བྱ། །དང་པོའི་རྟགས་དང་མཚུངས་མ་ཡིན། །ལས་སུ་རུང་བའི་སྐབས་དག་ལ། །རྫོགས་པ་ལྷག་པའི་སེམས་འབྱུང་སྟེ། །གཉེན་པོ་མེད་པའི་སྒྲོན་མ་དང་། །ཆ་ལ་རྫོགས་པ་ལྟ་བུར་སྣང་། །བརྟན་པར་ངེས་པར་འགྲུབ་ཅེས་ཡིན། །དབྱེ་བ་མེད་པའི་ས་ཉིད་གནོན། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་ལས། །བླ་མེད་འབྲས་བུ་སྨིན་པའང་། །ངེས་པའི་ས་བཅུ་རྩ་བ་འདིར། །གང་གི་རྩ་བ་ཡན་ལག་ལས། །བཅུ་གཉིས་བདུན་གཉིས་རྫོགས་པའོ། །ཇི་ལྟར་གསེར་སྦྱངས་མཚེར་མ་བཞིན། །སེམས་ཉིད་སྨྲངས་པ་དེ་ཉིད་གསལ། །འདུ་འཕྲོ་སྦྱོར་བའི་ཏིང་འཛིན་འདིས། །རིམ་གྱིས་སྒྲོངས་ལ་ཅིག་ཅར་དྲོད། །ལམ་འདི་གོམས་པར་བསླབ་བྱ་ན། །རྣལ་འབྱོར་སླབ་པར་བྱ་བའི་མཐའ། །གནས་བཅུ་དག་ཀྱང་འདི་ལྷ་སྟེ། ཁེ་ལྟརསབཞིགཤིན་པལ། །བརྟེན་ནས་ས་བོན་བཏབ་པ་ལ། །འབྲས་བུ་སྨིན་པར་གྱུར་པ་ཡིས། །འཚོ་བར་བྱེད་པའི་སྲོག་འཛིན་ལྟར། །ཆོས་ཉིད་ཀུན་གྱི་གཞིར་གྱུར་པའི། །དམ་ཚིག་འདི་ལ་རྟེན་ནས་ནི། །དངོས་གྲུབ་ལོ་ཐོག་སྨིན་པའི་ས། །དགེ་བའི་སྲོག་འཛིན་དམ་པའོ། །བསླབ་པ་འདིའི་དམ་ཚིག་སྟེ། །སླབ་པ་ཀྭན་གྱི་གཞི་འཛིན་དུ། །གོམས་པར་བྱ་བ་རབ་ཏུ་ཅེས། །ཅི་ལྟར་ཅང་ཤེས་གྱི་ལིང་དག །སྡོམ་བྱེད་སྒྲོག་གིས་བཅིང་གྱུར་བ། །བཀྲོལ་བྱས་བདེ་བརླག་བཏང་འགྱུར་ན། །ཅི་ལའང་ཐོག་མེད་འགྲོ་བ་ལྟར། །སེམས་སྐུ་ཅང་ཤེས་དབང་པོ་འདི། །མི་ཤེས་བཅིངས་པས་བརྩིངས་འཀྱུར་ག །རྣམ་གྲོལ་ཐོས་པའི་སྒོ་མོ་ཡིས། ཁྲེས་རྒྱུད་ཀུན་གྲོལ་ཐོག་མེད་གྲོལ། །འདི་ནི་མི་ཤེས་རྒྱུད་འགྲོལ་བའི། །བཅིང་བར་བྱ་བ་གྲོལ་བ་སྟེ། །རྒྱུད་རྣམས་དགྲོལ་བའི་བསླབ་པ་སྲ །གོམས་པར་བྱ་བ་རབ་ཏུ་གཅེས། །ཇི་ལྟར་རི་མཐོན་རྩེ་མོ་ལ། །སྤྱིད་མི་ལུག་པར་བརྩོན་འཛེགས་ན། །མཐོ་སར་ཕྱིན་ཅིང་རྩེ་གནོན་པས། །ཡུལཁམས་རྟོགས་ཤིང་ལམ་ལ་མཁས། །དེ་བཞིན་ཤེས་རབ་མཐོ་རིས་ལ། །བགྱིད་མི་ལུག་པར་མཉམ་བསམས་ན། །ཀུན་གྱི་ཕུད་དུ་ཤེས་རབ་ཕྱིན། །མཁས་པའི་ཡེ་ཤེས་ཚད་མེད་དོ། །དོན་ལ་མཁས་པར་བྱ་བ་ཡི། །ཕུལ་དུ་རྒྱུང་བའི་སླབ་པ་སྟེ། ཁེས་རབ་ཆེན་པོ་འདི་དག་ལ། །གོམས་པར་བྱ་བ་རབ་ཏུ་ཅེས། །དཔེར་ན་བུང་བ་ཁུང་འཚོལ་བ། །ཀུན་ཏུ་འཇུག་ཅིང་འབྱུང་ནས་ནི། །ངེས་པར་འཇུག །རང་གི་འཇུག་ཁུང་གང་ཡིན་པར། ། ངེས་པར་འཇུག་ཅིང་གནས་པ་ལྟར། །རྣལ་འབྱོར་དོན་གྱི་རྗེས་འཚོལ་བར། །སྤྱོད་སྒོ་ཅི་ཡོད་སྔུན་དེ་བསུ། །རྟགས་སྒོར་འཇུག་ཅིང་རྟགས་སྔར་ནས། །མ་ནོར་ངེས་པའི་དབུ་མ་ལ། །ཆོས་ཉིད་དོན་གྱི་རྗེས་བཅད་ཕྱིར། །སྒོ་མོ་ཀུན་ནས་བསྡུར་བ་ཡི། །བསླབ་པར་བྱ་བའི་མཐའ་ཡིན་ཏེ། །གོམས་པར་བྱ་བ་རབ་ཏུ་གཅེས། །ཇི་ལྟར་རྒྱལ་རིགས་རྒྱུད་འབྱུང་བ། །མང་པོར་དབང་པོར་དཔོན་སྟབས་ཏེ། །འཁོར་ལོ་ལ་སོགས་རིན་ཆེན་གྱིས། །ཀུན་ལ་དབང་བསྒྱུར་ཐོབ་པ་ལྟར། །དེ་བཞིན་རྣལ་འབྱོར་རྒྱུད་འབྱུང་བ། །ཆོས་ཀྱི་དབང་པོར་དཔོན་སྟབས་ཏེ། །ཕྱག་རྒྱ་ལ་སོགས་རྟགས་ཆེན་གྱིས། །རིམ་པ་ཀུན་གྱི་ཐོག་མར་འགྲོ། །འདི་ནི་དབང་གི་ཁྱད་པར་སྟེ། །ས་ལ་རིམ་པར་འརྒྱུང་བ་ཡི། །རྩལ་གྱིས་བགྲོད་ཅིང་བསླབ་པའི་མཐའ། །གོམས་པར་བྱ་བ་རབ་ཏུ་གཅེས། །ཇི་ལྟར་གླང་པོ་ཆུར་འཇུག་པ། །ཚམ་ཚོམ་ཐགས་ཐོགས་ཡོད་མེད་པར། །དགའ་བའི་ལོངས་སྤྱོད་བྲོད་ཚུལ་གྱིས། །མི་ལྡོག་ཕ་རོལ་ཕྱིན་པ་ལྟར། །རྣལ་འབྱོར་ངེས་པར་སྤྱོད་པའི་བློ། །བརྟུལ་ཤུགས་རྒྱ་མཚོའི་ཚུར་འཇུག་པར། །རྩལ་ཆིན་སྦྱོང་བའི་བྲོད་ཚུལ་དུ། །ཆགས་ཐོགས་མེད་པར་ལ་དོར་བའོ། །བསླབ་པར་བྱ་བའི་མཐའ་ཡིན་ནོ། །སྤྱོད་པའི་སླབ་པ་དམ་པར་ནི། །གོམས་པར་བྱ་བ་རབ་ཏུ་གཅེས། །ཇི་ལྟར་ཁྱུང་ཆེན་འཁར་ལྡིང་བ། །གཤོག་པའི་རྩལ་གྱིས་ནམ་འཕངས་གཅོད། །ངམ་གྲོག་ཆུ་ཀླུང་མཐའ་ཡས་ཀྱང་། །གཤོག་རླབས་འོག་ཏུ་ཀུན་ཆུད་ལྟར། །རྣལ་འབྱོར་མཉམ་ཉིད་མཁའ་ལྡིང་བ། །ཐེག་པའི་སྤྱོད་སྒོ་མཐའ་ཡས་ཀྱང་། །མཉམ་པ་ཆེན་པོའི་དོན་གྱིས་ནི། །ལྟ་འཕངས་རླབས་ཀྱིས་ཐག་བཅད་པའོ། །འདི་ནི་རེ་དང་དོག་པའོ། །ཐེ་ཚོམ་གཅོད་པའི་ལྟ་བ་ཡིས། །དོན་ལ་སེམས་ཀྱིས་ལྟ་བ་སྟེ། །བསླབ་པ་ཉིད་དག་གོམས་པར་གཅེས། །དཔེར་ན་རྒྱ་མཚོར་ནོར་ལེན་མི། །སྦྲུལ་དང་ཆུ་སྲིན་སྦྲང་མ་ལས། །དེ་ལ་སོགས་པའི་སྡུག་བསྔལ་ཀུན། །དགའ་བས་ཉམས་སུ་བླངས་ན་འགྲུབ། །དེ་བཞིན་རྣལ་འབྱོར་བདེ་བ་འཚོལ། །རྣམ་རྟོག་བྱིང་རྨུགས་འཕྱར་གཡང་དགྲ། །གཞོམ་པར་དཀའ་བའི་ལས་འདི་དག །ཉམས་སུ་བླངས་ན་བདེ་ཐོབ་རྙེད། །འདི་ནི་ཏིང་འཛིན་དམ་པ་ཡི། །ཉམས་སུ་བླང་བའི་སླབ་པ་སྟེ། །སེམས་ཀྱིས་གོམ་པར་བྱ་བའི་ལས། །འདྲིས་པར་བྱ་བ་རབ་ཏུ་གཅེས། །ཇི་ལྟར་མུན་པ་དྭག་དང་རྫས། །སྨན་སྣང་གསེར་དུ་བསྒྱུར་བས་ན། །འགྱུར་རྩི་མན་ངག་མེད་པའི་མི། །དཀྱའ་བའི་ལས་ཆེན་སྣ་ཚོགས་པས། །སྡུག་བསྔལ་སྤྱད་ཀྱང་མི་འགྲུབ་སྟེ། །སུ་ཞིག་མན་ངག་ལྡན་པའི་མིས། །ཚོགས་མེད་སྡུསྐོ་དའི་ཚུལ་གྱིས་ནི། །བསྒྱུར་བས་སྨན་པ་གསེར་འགྱུར་ལྷར། །རྣལ་འབྱོར་ཆེན་པོའི་དན་འགྲུབ་པའང་། །ཀུན་བཞི་གནས་འགྱུར་མན་ངག་དང་། །གང་དག་མི་ལྡན་པས་ཀྱང་ནི། །དགའ་བས་བཅད་ཀྱང་འགྲུབ་པ་མིན། །སེམས་ཀྱི་གསང་འདི་སུས་མཐོང་བ། །དེ་དག་མན་ངག་ལྡན་པས་ཏེ། །འདོད་པའི་དོན་མཆོག་གང་ཡིན་པ། །དེ་དག་སྣགས་མེད་གྱིན་དས་འགྲུབ། །དོན་རྣམས་གྲུབ་པར་གང་བྱེད་པ། །མན་ངག་ཅནསྒུ་ ས་འགྲུབ་པར་ཕྱིར། །དོན་རྣམས་འགྲུབ་པར་འགྱུར་པ་ཡི། །བསླབ་པ་འདི་དག་རབ་ཏུ་གཅེས། །དཔེར་ན་ཀུན་ཏུ་རྒྱུ་བའི་མིས། །འདོད་པའི་ཡུལ་དུ་འགྲོ་བྱེད་ནི། །ཡུལ་གྱི་རྣམ་པ་མཐའ་ཡས་ཀྱང་། །བགྲོད་པའི་གནས་ལམ་གཅིག་ལས་མེད། །དེ་བཞིན་བསམ་གྱིས་མི་ཁྱབ་པའི། །བརྒྱད་ཁྲི་བཞི་སྟོང་ཆོས་བསྟན་ཀྱང་། །དཀྲི་ཞིང་དྲང་བའི་ཚིག་ཡིན་ཏེ། །བསམ་པའི་ཡུལ་ནི་གཅིག་པའོ། །དོན་རྣམས་གཅིག་ཏུ་བསྡུས་པ་ཡི། །སླབ་པར་བྱ་བ་དམ་པ་སྟེ། །ངེས་པར་གཅིག་ལས་མེད་པའི་ཕྱིར། །འདི་དག་གོམ་པར་བྱ་བ་ཡིན། །སླ་པ་འདི་ལ་གོམས་འགྱུར་ན། །ལོབས་པས་ལམ་ལ་མཁས་པར་འགྱུར། །སྔགས་ཀྱི་ཡོན་ཏན་ཆེན་པོ་ཡང་། །སྨད་དུ་བྱུང་བ་ཐོབ་པར་འགྱུར། །ཐོག་མ་བར་མཐའི་བསླབ་བྱའི་དངོས། །སྐྲ་གཅིག་ངོ་བོས་ཁྱབ་པར་འགྱུར། །ཟབ་མོ་སྤྱོད་པ་ལ་མོས་པས། །གང་ཞིང་དོན་ལ་འདྲིས་པ་ཡི། །གསང་སྔགས་སྤྱོད་པའི་རང་བཞིན་ནི། །མཐུན་པའི་དམིགས་བཅུ་དཔེར་བཞག་སྟེ། །རྣལ་འབྱོར་ཅན་གྱིས་ཤེས་པར་བྱ། །སྒྱུ་མ་སྨིག་སྒྱུ་རྨི་ལམ་དང་། །གཟུགས་བརྙན་དྲི་ཟའི་གྲོང་ཁྱེར་དང་། །བྲག་ཆ་ཆུ་ཟླ་མིག་ཡོར་དང་། །ཆུ་བུར་འཁྲུལ་དང་འགལ་མེར་སྣང་། །བསྒྲུབ་དང་གསང་སྔགས་སྦྱོད་པ་དང་། །གྲུབ་པ་དང་ནི་གནས་དག་དང་། །བཟླས་པའི་སྒྲ་དང་ཕྱག་རྒྱར་རྟོགས། །ཏིང་ངེ་འཛིན་ལྟ་བ་ཆོ་འཕྲུལ་བརྟག །འཇུག་སྒོ་ལྟ་བ་དམ་པ་ཡི། །ཚིགུ་ཏིང་འཛིན་དང་དམིགས་པ་དང་། །བཟླས་པའི་འཕྲེན་ལས་སྤྱོད་པ་དང་། །འབས་བ་དང་ནི་རིགས་འཛིན་དང་། །སངས་རྒྱས་ས་དང་ཀུན་རྫོབ་དུ། །ལྟ་བའི་ཡན་ལག་བཅུ་གཉིས་ཀྱིས། །ལམ་གྱི་ཡན་ལག་ཚད་སྤྱད་པས། །ས་ནས་སར་འཕར་མི་ངེས་འགྱུར། །ཤེས་རྐྱེན་ལྡེ་མིག་ཡན་ལག་དང་། །མདོ་བཞི་སྐྱེ་མེད་མཉམ་ཉིད་དང་། །ཡེ་ནས་ཇི་བཞིན་པ་ཉིད་དང་། །བཙལ་བ་མེད་པར་ལུང་སྟོན་པ། །གཞན་གྱི་གཞི་དང་མཚུངས་མ་ཡིན། །ཐོས་མཐོང་མངོན་གསུམ་མེད་པའང་བཞི། །ཇི་བཞིན་ཉིད་ཀྱི་ལམ་དུ་ངེས། །རྩ་བ་གསུམ་ནི་དེ་ཉིད་དང་། །དམ་པར་ངེས་དང་ཡོངས་ཟིན་པའོ། །ཡང་ནི་དཔེ་དོན་སྐྱོན་ཚང་བ། །ཐུན་མོང་མེད་པར་ཤེས་པར་བྱ། །འདྲེན་པ་གང་འདྲེན་རྣམ་པ་བཅུ། །ལྟ་བདེ་དེ་བཞིན་སྒོ་འབྱེད་དང་། །སྤྱིར་སྡུད་པ་དང་འབྱོར་པ་འདྲེན། །རང་རྐྱེན་ལྡེམ་དགོངས་གལ་པོ་ཉིད། །མ་བཅོས་དེ་བཞིན་མཚོན་པའི་དཔེ། །ཆོ་རོལ་སྣྲེལ་བཞི་རྣམ་པ་བཅུ། །མེ་ལོང་བཅུ་དང་མཐུན་སྦྱར་བས། །སྒྲོན་མས་མུན་པའི་རྫས་འཚེལ་སྦྱར། །རྒྱུ་དང་རྩ་བ་ངེས་འདྲེན་པ་དང་། །འབྲེལ་ཚིག་ངེས་དང་སྒྲོར་བས་རྫོགས། །ངེས་པ་བཞི་བཞིར་བཞིར་སྦྱར་བས། །བཅུ་གཉིས་ཡན་ལག་བཞིར་ཀུན་སྣང་། །ཞེན་ཆགས་ཅན་དང་ལོག་སྲེད་ཅན། །བློ་གྲོས་ཅན་དང་རིགས་རྒྱུད་ཅན། །ཐམས་ཅད་མ་བཞིར་སྣང་བ་སྟེ། །འདོད་འཁྲིད་སྦྱོར་དང་ངེས་པར་སྣང་། །དེ་དག་རེས་འགའ་ཆ་བཞི་སྟེ། །གང་དུ་དགོས་པ་གང་ངེས་པ། །ངོ་བོ་དམིགས་དང་བཅས་པ་ལས། །བཀའ་དོན་གཏན་ཚིགས་རིགས་པ་བཞི། །སྣང་དང་མི་འགག་རྒྱས་ཐང་སྦྱར། །སྦྱོར་བ་བཞི་པ་ལྔ་གཉིས་བཞི། །ཡན་ལག་ལྔ་སྣང་དེར་སྦྱར་ལྔ། །རྟོག་འཇུག་དྲུག་ཅུ་གཅིག་ཐབས་ནས། །ཡན་ལག་དྲུག་བཅུ་རྫོགས་པའོ། །རང་བཞིན་འབྱུང་སྒོ་རང་བཞིན་དང་། །ངེས་པར་ཁོང་དུ་ཆུད་པ་ཡིས། །ཡང་དག་དོན་ལ་ངེས་བཞག་བྱ། །ཤེས་དང་འཇུག་དང་འབྲས་བུ་དང་། །ལྷུན་གྱིས་གྲུབ་པའི་མཚན་ཉིད་ཡིན། །དེ་འབྲེལ་དེ་དགོས་དེ་མཚོན་དགོས། །དེའི་རྗེས་སུ་བྱེད་དགོས་ཡིན། །ཐོས་ཆུད་གོམས་དང་ངེས་པར་འགྱུར། །ཕྱེ་མཐོང་ཞུགས་དང་ཐེབ་པ་ཡིན། །དེ་ཚོལ་དེ་སྙེད་འཇུག་མངོན་འགྱུར། །བསྙེན་པ་ཉེ་བསྙེན་བསྒྲུབ་དང་འགྲུགྱ །དེ་བཞིན་མཉམ་འགྱུར་རྣལ་འབྱོར་པས། །ལྷུན་གྲུབ་ལས་སུ་རུང་བའོ། །དེ་ནི་ངེས་བར་འཇུག་རིམ་ཡིན། །ཆོ་འཕྲུལ་བཞི་ཡོད་གཞན་དོན་གྱི། །སྤྱོད་ནོམས་བདག་ཕྱིར་སློབ་པར་བྱེད། །དེ་དག་ལམ་འཚལ་མཐང་སྒོམས་མཐར། །ཕྱིན་པའི་ཕྱིར་སྦྱར་སྐབས་ལའང་འཇུག །གཞན་གྱི་དོན་དུ་འབྱུང་རིམ་བཞི། །གཡོ་དང་ཆོ་འཕྲུལ་སྡང་མཛད་པའོ། །ཇི་ལྟར་རིམ་བཞིན་སྦྱར་བ་ཡིན། །དེ་ཤེས་དེ་སྐྱེས་པར་ཤེས། །དེ་ཧཱུཾས་རྡོམ་མེད་ཤེས་པ་དང་། །ཡེ་ནས་ཤེས་རབ་རིམབཞིནནོ། །ཕྱིརའོང་ཁོ་ནའམ་ཀུན་གྱིས་སྦྱང་། །ཐམས་ཅད་མཉམ་ཉིད་དེ་ཉིད་དང་། །སྒྲུབ་དང་མི་འདའ་སྤྱོད་ཡུལ་རྫས། །རང་བཞིན་རྣམ་པ་ལྔར་སྣང་བའ། །ཐབས་མཁས་ཆེ་དང་མང་ཡང་སྤངས། །བསྒྱུར་དང་རླབས་ཆེན་ཅིར་སྟོན་དང་། །ཀུན་ཤོང་ཀུན་འཇུག་བདེར་འཇུག་སྦྱར། །བཅོམ་དེ་ཞིང་དང་མཐར་རྒྱས་དང་། །ཆུབ་བར་འདུས་པ་ལས་བཞིའོ། །ལུང་ནས་སྤྱོད་པ་དོན་ཆེན་གྱིས། །ཕྱེ་བ་རྣམ་པ་གཉིས་འགྱུར་བ། །སྡིག་སྦྱངས་སེམས་བསྐྱེད་བསོད་ནམས་དཔུང་། །རྣམ་པར་དཀར་བའི་ཚོགས་ལ་སྤྱོད། །གཉིས་པའི་ས་ལ་སྤྱོད་པ་ནོམས། །བསླབ་པ་སྦྱོང་བའི་བརྩོན་འགྲུས་རྩོམ། །དག་དང་མ་དག་གིས་སྤྱོད་པས། །འཕྲ་མིན་སྤྱོད་པའི་ཚུལ་དུ་འགྱུར། །དཔའ་བོ་སྒེག་ཆེན་ཧེ་རུ་ཀ །བརྟགས་པའི་སྤྱོད་ཡུལ་སྙིང་པོར་དག །ཀུན་བཟང་བསྟིང་པའི་བླ་དགས་བྲལ། །རྣལ་འབྱོར་བསྒྲུབ་པའི་ལུང་ཉེད་ལས། །འབྲས་བུ་རྣལ་འབྱོར་གྱི་ལེའུ་སྟེ་གསུམ་པའོ།། །།རྒྱལ་བ་རྒྱ་མཚོ་རྣམས་ཀྱི་ཡུམ། །རིགས་འཛིན་སེམས་དཔའ་རྣམས་ཀྱི་ཡབ། །རྣལ་འབྱོར་ས་བཅུར་འགྲོ་བའི་ཤུལ། །ལམ་གྱི་ནང་ནས་ཉི་ལམ་འདི། །ཚིག་འགའ་ཐོས་པ་ཙམ་གྱིས་ནི། །ཆོག་པའི་འདུ་ཤེས་མ་སྐྱེས་པ། །ཕྱོགས་ཆས་མྱ་ངན་འདས་འདོད་ཅིང་། །བསླབ་བྱ་གང་ཡིན་ཆུབ་པ་ན། །དཔའ་བོ་གཉིས་ལ་རྒྱབ་ཕྱོགས་པ། །རྣལ་འབྱོར་རིམ་པའི་སྣོད་མིན་ཕྱིར། །མཚན་ཉིད་ཤེས་ནས་སྤང་བའི་རིགས། །སྙིང་རྗེས་བཏང་སྙོམས་ཡང་རབ་བྱ། ཁུ་དང་མཉམ་པ་མཁས་དག་ལ། །བརྟེན་ནས་རིན་ཆེན་ལོན་པ་ལྟར། །ཐབས་མཁས་བླ་མ་གྲུབ་མཁན་ལག །བརྟེན་པས་བསྐོར་བདུན་དབུལ་བ་སེལ། ཁེན་ཏུ་གསང་བའི་རྣལ་འབྱོར་དོན། །སྣོད་མ་ཡིན་པར་གྱུར་པ་དང་། །ཕྱི་ནང་གསང་བ་གསུམ་དག་ཏུ། །སྦ་བའི་ཐབས་སུ་སྤྱད་ནས་ཀྱང་། །གསང་བའི་ཆོས་རྣམས་གསང་བར་བྱ། །བརྟན་པའི་སྣོད་མེད་སྣོད་ན་དག །རྣམ་པ་བཞིས་བསྡུས་བྱེ་བྲག་རྣམས། །མ་འོངས་རྣལ་འབྱོར་བཅ་ཅན་གྱིས། ཤེས་ནས་སྤང་བར་བྱ་ཕྱིར་བཤད། །འཇིག་རྟེན་པ་དང་ཐེག་དམན་དང་། །མུ་སྟེགས་ལོག་ལྟའི་ལྟ་ལ་དགའ། །དད་མེད་བློ་ཞན་གཡེངས་མུགས་ཤིང་། །བསླབ་ཉན་མི་ཉན་བྱོལ་སོང་མཚུངས། །དད་ལོག་དམ་ཉམས་དོན་ལས་གོལ། །བྱང་ཆུབ་ཐག་པ་གཏིང་ནས་ཆད། །སེམས་ཀྱི་མྱུ་གུ་རྩ་ཚིག་པས། །ངན་འགྲོའི་འདམ་དུ་ཁ་སྦུབ་ཡིན། །ཤཱསང་བའི་ཚིག་རྣམས་སྒྲར་སྨྲ་ཡང་། །གབ་པའི་གསང་བའི་དོན་མི་ཤེས། །སྐྱོན་ཅན་ས་རོལ་སྒྲོག་རྣམས་ལ། །གསང་བའི་དོན་རྣམས་ལྷག་པ་ར་སྨྲ། །བསྙེན་བསྒྲུབ་གསང་བའི་ཚིག་རྣམས་ལ། །སྒྲ་ལ་ཉན་ཡང་དན་མི་གཉེར། །སྙིང་པོ་དོན་སང་མི་ཐུབ་པ། །བཅུད་མེད་འཁོར་བར་ཟག་པ་ཡིན། །ལྟ་དང་དམ་ཚིག་བསྒྲུབ་པ་ཡི། །དམ་པའི་མཇོད་གསུམ་སྨྲ་ཤེས་ཀྱང་། །གོམས་པའི་མཐུ་མེད་གནས་མ་འགྱུར། །ངན་རྒྱུ་ཕྲག་དོག་སེར་སྣས་གདུངས། །བྱ་བྱེད་ཆོས་ལ་བློ་གཏོད་ཅིང་། །སྤྱོད་ཅིང་དམ་བྲལ་གདེང་མེད་པར། །རྣལ་འབྱོར་སྤྱོད་ལ་ལྷ་དམན་ཞེས། །ཟེར་བ་འཕན་ལྟུང་འཁོར་བར་འབོ། །གླགས་ལྟ་ཉམས་སོད་ཅན་ལམ་འདྲེན། ཁ་བསག་ལྕེ་སྙིང་སྒྱུར་བྱེད་ཅིང་། །སེམས་ལ་ཉོན་མོངས་ལྔ་བཅངས་ཏེ། །རྐུ་དང་རྒྱུ་སྤྱོད་རྫུན་ལ་དགའ། །ཚེ་གཅིག་གྲགས་པའི་ཕྱེད་རི་དུ། །གང་ཟག་ཕྱིར་འབྲེང་ཚིག་རྒ་ལ། །མཉན་ཏེ་བརྗོད་འདོད་ཚུལ་འཆོས་པ། །ལོག་སྨྲ་དུག་ཅན་ཐ་མལ་ལྟུང་། །གནོད་མེད་ཁ་སྦུག་དེ་དག་ལ། །གསང་བ་སྨྲ་བར་བྱ་བ་མིན། །སྨྲས་ན་དེ་ཉིད་ཁ་སྦུབ་འགྱུར། །གསང་དོན་མི་ཐུབ་སྣོད་ངན་ལ། །གསང་བ་སྨྲ་བར་གང་བྱེད་པ། །དེ་དག་སྣོད་མེད་སྣོད་ངན་གཉིས། །འཁོར་བའི་ཁམས་སུ་ཟག་པར་མཉམ། །སྣོད་ནས་འཁོར་བར་འབོ་བ་ལ། །གསང་བའི་དོན་རྣམས་བྱེད་སྨྲ་ན། །གསང་བ་ཉམས་པའི་དབང་གིས་ན། །ཉམས་པ་དེ་དང་དེ་འདྲར་འགྱུར། །དུག་ཅན་ལྟུང་བའི་སྣོད་དེ་ལ། །གསང་བའི་དམིགས་རྣམས་སྨྲ་བ་ནི། །རྣལ་འབྱོར་ཉམས་པ་ཆེན་པོ་སྟེ། །འཁོར་བའི་ཐ་མར་དེ་ལྟུང་འགྱུར། །འདི་ལྟར་འཕམ་འགྱུར་སྣོད་ངན་ལ། །གསང་བ་གསང་ཆེན་ལ་སོགས་པའི། །དོན་དང་རིང་བཞིན་གང་ཡིན་པ། །བསྟན་ཀྱང་འཕན་ལྟུང་གནས་སུ་འཀྱུར། །དེ་བས་བསྟན་པར་བྱ་བ་མིན། །གལ་ཏེ་བསྟན་པ་འགྱུར་ན་ནི། །སྟོན་སྨྲ་ཉན་བྱེད་དེ་དག་རྣམས། །མཐའ་སྐྲུན་ཕུང་བྱེད་གཉིས་སྐྲག་འགྱུར། །འདི་དང་མི་མཐུན་རྫོགས་པ་ཡི། །རྒྱུད་གཉན་དོན་ལྡན་ངང་ཚུལ་བཟང་ ཅི་ལའང་ཆགས་མེད་སྟོང་སེམས་ཅན། །ཟབ་ཡང་རྒྱ་ཆེ་སྣོ་མྱུར་ལྡན། ་ས་རབ་རྣམ་གྲོལ་ལྡེ་མིག་གིས། །གཏི་མུག་ཐ་རམས་སྒོ་ཕྱེ་ན། །ཆོས་ཀྱི་སྙིང་པོ་དང་ལྡན་པས། །རྟག་ཆད་ཆ་མཐོང་དབུ་མའི་ཡུལ། །མ་ནོར་ལམ་དུ་འཇུག་ཤེས་ཤིང་། །ཡོ་བྱད་བརྒྱད་དང་ལྡན་པ་ཡིས། །སྡོང་པོ་སྡོང་ཆེན་རབ་འདུལ་བའོ། །ཐ་ཚིག་ལུང་ལས་འབྱུང་བ་བཞིན། །གཞུང་སྲོང་ཐུབ་པར་བྱེད་པ་དེའི། །རྒྱལ་བའི་སྲས་པོ་ཡིན་པས་ན། །དེ་ལ་གསང་སྒོ་དབྱེ་བར་བྱ། །བླ་མེད་སྙིང་པོར་སྨོན་པའི་རྐྱེན། །བློ་གྲོས་ཆེན་པོ་དྲི་བའི་ཡུལ། །ལམ་སྟོན་ས་མཁན་་ཤེས་གཉེན་མགོན། །མུན་སེལ་སྒྲོན་མ་རིན་པོ་ཆེ། །མཐོང་མིག་དབང་པོ་ཡིད་རྣམ་ཤེས། །ཆུ་བོ་རབ་མེད་སྒྲོལ་བའི་གྲུ། །འཇིགས་པའི་རྫོང་ཆེན་རྟེན་པའི་མཁར། །འཁོར་བའི་ལྕོང་འབྱིན་སྨན་པའི་མཆོག །མཚོ་གླིང་རིན་ཟེན་ལེན་བྱེད་པའི། །དེད་དཔོན་དམ་པའི་བླ་མ་དེ། །མངོན་དུ་ངེས་པར་ཤེས་པར་བྱབརྟག་པ་བསྔོ་བ་ཀུན་ལྡན་ན། །གཞན་གྱི་ཡུལ་ལ་འགྲོ་མི་བྱ། །དམ་པའི་ཡོ་བྱད་ལྔ་རྫོགས་ན། །དམན་པའི་ཡོ་བྱད་མེད་ལ་མིན། །ངེས་པར་ཀུན་ཏུ་བཟང་ཉིད་ན། །གང་གི་ལྟ་ཡུལ་ངན་ལ་མིན། །སྒྲོན་མེ་འཅོ་རླུད་སྐྱོན་ལ་མིན། །འདོད་ཆགས་ཚིཀུ་འཆལ་དམན་ལ་མིན། །བླུན་རྨུགས་རྨོངས་ལ་ག་ལ་སྲིད། །འདུན་པ་ནས་བཟུང་ལས་རུང་བའི། །བར་དུ་དེ་ལ་ལྟོས་དགོས་སོ། །བསྐལ་པ་འབུམ་གྱི་སངས་རྒྱས་པས། །སློབ་དཔོན་གཉེན་པར་ཤེས་པར་བྱ། །ཅི་ཕྱེར་བསྐལ་པའི་སངས་རྒྱས་རྣམས། །སློབ་དཔོན་དག་ལ་བརྟེན་ཏེ་བྱུང་། །སློབ་དཔོན་དག་ལ་མ་བརྟེན་པའི། །སངས་རྒྱས་གང་ཡང་མི་འབྱུང་སྟེ། །བྱུང་ན་དམ་པའི་ལུང་དང་འགལ། །རང་བཞིན་ཀུན་དང་མི་ལྡན་ཡང་། །མན་ངག་དམ་པའི་མཛོད་དང་མཉེར་ལྡན་ན། །དམ་པར་བཟུང་ཞིང་དམ་པར་བྱ། །དམ་པའི་ཡོ་བྱད་ལྔས་དབུལ་བའི། །འཕོངས་པ་དེ་ཡིས་གཞན་བསྒྲལ་ན། །དེ་ཡང་༄༅ འཕོངས་ཉིད་དུ་འགྱུར། །དེ་བཞིན་ཉམས་པའི་སློབ་དཔོན་ལ། །འདུད་ཅིང་ཉམས་པའང་དེ་ཡི་རྒྱུས། །འཁོར་བའི་མཐའ་མར་དཔྱང་ཐག་ཡིན། །མི་ཤེས་པའི་རྣལ་འབྱོར་པ། །ཡང་དག་དོན་དང་ལྡན་པའི་མེ། །རྗེས་སུ་འགྲོ་བར་མི་བྱེད་རྩིང་། །ལོངས་སྒོད་འདུ་འཛིན་གང་ལྡན་པའི། །རྗེས་སུ་འགྲོ་ཞིང་དེ་ལ་འད། །དེ་ནི་ལོག་པའི་ལམ་པ་ཡིན། །རྣལ་འབྱོར་རྟ་དང་བྱང་ཆུབ་ཁེ། །འབན་ཐག་ཆད་པར་བློ་མི་འབྱུང་། །ཟང་ཟིང་ནོར་དང་གཡོ་སྤྲུལ་ཁེ། །ཆུང་ཡང་སྟུ་འགྲུབ་སྲོག་དང་བརྡོ། །ཏིང་འཛིན་སྔགས་པ་བརྗོད་བྱེད་ཅིང་། །ཡང་དག་དོན་དུ་གཉེར་པ་མེད། །དེབཞིནརྣལ་འབྱོར་མི་བརྩོན་པས། །བསླབ་པར་བྱ་བའི་ཆོས་གྲལ་བས། །ཆོས་ཉིད་སྔགས་པ་བརྗོད་བྱེད་ཀྱང་། །དེ་དག་ལ་ནི་ཆོས་ཉིད་མེད། །གང་ཞིག་གྲོང་གི་དབུས་འདུག་ནས། །ལོངས་སྨྱོད་འདུ་འཛི་སངས་རྒྱས་པ། །དེ་འདྲ་གང་ཡང་སྔོན་མ་བྱུང་། །མ་བྱོན་ད་ལྟར་བཞུགས་པ་ཡང་། །རྣལ་འབྱོར་པའི་བསྒྲུབ་པའི་ལུང་རྣལ་འབྱོར་རིམ་པ་ལས་གདམ་ངག་བསྟན་པའི་ལེའུ་སྟེ་བཞི་པའོ།། །།རྒྱུད་ ཀྲུགས་ལུང་བཅུས་མན་དག་གབ་པའི་དོན། །སྡེབས་པ་སྤྲད་མངོན་ཕྱུང་བཀའ་བས་འདི་སྡེབས་པའི། །ངལ་བའི་བསོད་ནམས་ནུས་མཐུ་ཅི་མཆིས་པ། །བདག་དང་གཞན་རྒྱུད་ཡོངས་སུ་སྨིན་འགྱུར་ཏེ། །ལས་ཀྱི་བཅིངས་པ་ཀུན་གྱི་བདེ་ཐོབ་པས། །གྲོང་ཁྱེར་གསུམ་གྱི་ནད་སོས་སྟོང་འགྱུར་ཅིང་ ། །མཐར་ཕྱིན་ ཀུན་ གྱིས་དོན་ མཐར་ མཛད་ འགྱུར་ཅིག །བསྟན་ པའི་ ཉི་ མའང་མི་ནུབ་རྒྱལ་ མཚན་ཤོག །རྣལ་ འབྱོར་ ཆེན་པོའི་ལམ་ གྱི་རིམ་ པའི་རྒྱུད་ ཀྱི་ མཆོག་རྫོགས་ སོ།། །།