Ngb-pt-0955-vol-10-text

From Rangjung Yeshe Wiki Texts
Revision as of 07:16, 20 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། ཡོ་ག་ཙྭ་རུ་མ་ཧྭ་ཏན་ཏྲ། བོད་སྐད་དུ། རྣལ་འབྱོར་གསང་བའི་ཚོགས་རྒྱུད་ཆེན་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། འོག་མིན་ཆོས་ཀྱི་ཕོ་བྲང་། ཡུམ་མཁའ་དབྱིངས་རྣམ་པར་དག་པ་ན། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་དང་། རིགས་ལྔའི་སངས་རྒྱས་དང་། གསང་བའི་ཡུམ་དང་། འཁོར་སེམས་དཔའ་དང་། སེམས་མ་དང་།ཁྲོ་བོ་དང་། ཁྲོ་མོ་དང་། སྤྲུལ་པའི་འཁོར་དང་བཅས་པ་དང་། ཐབས་ཅིག་ཏུ་བཞུགས་པའི་ཚེ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་དབུའི་གཙུག་ཏོར་དྲང་པོ་ལས། འོད་ཟེར་བསམ་གྱིས་མི་ཁྱབ་པ་སྤྲོས་པས། ནམ་མཁའི་དབྱིངས་ཀྱིས་གང་དུ་ཁྱབ་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པས། ལྷ་དང་ལྷ་མོའི་འཁོར་བསམ་གྱིས་མི་ཁྱབ་པའི་ཕྱོགས་ན་ཡང་། རྣལ་འབྱོར་ཀྱི་འཁོར་ཚོགས་ཀྱི་མཆོད་པ་བསམ་གྱིས་མི་ཁྱབ་པ་ཐོགས་པས། རྒྱལ་བའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ལ། མཆོད་པའི་རྣམ་པས་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་མཆོད། དགྱེས་པ་ཆེན་པོའི་གཟི་མདངས་ཀྱིས་ཚིམ་པར་མཛད་ནས།བདེ་བར་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྒྱུད་ལ་ཕོགས་པས། ཐུགས་དམ་ཆེན་པོའི་རྒྱུད་བསྐུལ་སྟེ། སྐུ་ལ་ཕོགས་པས་མཛད་པའི་ཞིང་ཁམས་འཕྲིན་ལས་དང་། མི་འགུལ་བར་ཐུགས་དམ་འཕྲིན་ལས་སྐུ།གསུང་ལ་ཕོགས་པས། བདེ་བ་ཆོས་ཉིད་ལས་མ་གཡོས་པར་ཐུགས་དམ་བསྐུལ། ཐུགས་ལ་ཕོག་པས་མཉམ་པའི་ཡེ་ཤེས་མ་གཡོས་པར་ཐུགས་དམ་བསྐུལ། དབང་གི་མཆོག་ཞུས། ལྷ་དབང་ལུས་ལ་བརྩེགས་པ་དང་། སྤྱི་དབང་འདོད་པ་དགུར་སྒྱུར་བ་དང་། ཆོས་དབང་སེམས་དཔའ་དང་འདྲ་བ་དང་། གསང་དབང་ལྷུན་གྱིས་གྲུབ་པ་དང་བཞི་ལས། དངོས་གྲུབ་ཀྱི་མཆོག་ཞུས། སྐུའི་དངོས་གྲུབ་ཕྱག་རྒྱ་ཆེན་པོར་རང་སྣང་བ་དང་། གསུང་གི་དངོས་གྲུབ་ཆོས་ཉིད་མ་སྐྱེས་པར་ལྷུན་གྱིས་གྲུབ་པར་སྣང་བ་དང་། ཐུགས་ཀྱིས་དངོས་གྲུབ་སངས་རྒྱས་ཡེ་ནས་ཡིན་པར་མནོས་ན། སྐྱེ་འགྲོ་མིང་དང་གཟུགས་ཀྱིས་བསྡུས་པ།ཐམས་ཅད་ལ་ཁྱབ་པས་སེམས་ཅན་གྱི་དོན་བྱས་ཏེ། ལོང་བས་གཟུགས་མཐོང་བ་ལ་སོགས་པའི་དོན་བྱས། འཁོར་བའི་སྐྱོན་བསལ། དངོས་པོར་ལྟ་བའི་རྟོགས་པ་བ་ཤིག །ལོག་པའི་སྐྱོན་བཅོམ། མ་རིག་པའི་མུན་པ་བསལ། སྡུག་བསྔལ་གྱི་རྒྱུ་བཤིག །འཁོར་བའི་འདམ་ནས་དྲངས། བྱང་ཆུབ་ཀྱི་ཤུལ་བཏོད། དངོས་གྲུབ་ཀྱི་སྣོད་དུ་རུང་བར་རིགས་ངེས་པའི་སྲས་སུ་མཛད། འོད་ཟེར་དེ་དག་སླར་རྡོ་རྗེ་འཛིན་པའི་སྐུ་ལ་འདུས་པ་ལས། རྡོ་རྗེ་འཛིན་པའི་སྐུ་ལྷན་ནེ་བ་དང་། ལྷན་ནེ་བ་ཡང་མ་ཡིན་པ་དང་། ཤིན་ཏུ་ལྷམ་མེ་བ་དང་། ལྷམ་མེ་བ་ཡང་མ་ཡིན་པ། ཤིན་ཏུ་ས་ལེ་བ་དང་། ས་ལེ་བ་ཡང་མ་ཡིན་པ། ཤིན་ཏུ་སང་ངེ་བ་དང་། སང་ངེ་བ་ཡང་མ་ཡིན་པ། ཇི་ལྟ་བུར་ཡང་སྣང་ལ། ཇི་ལྟར་བུ་ཡང་མ་ཡིན་པ། ཐམས་ཅད་དུ་གསལ་ལ་མ་བསྒྲིབས་པ། ཉི་མའི་འོད་དང་འདྲ་བ་ལ། དེ་ལྟ་བུ་དོགས་པ་ཅན་ཡང་མ་ཡིན་པ་སྟེ། ཐམས་ཅད་དུ་ཡང་བལྟས་པས་མི་ངོམས་པ་ལ། བརྟག་གིས་མི་ལང་བའི་སྐུ་གཅིག་ཀྱང་གཅིག་གིས་མི་ཁྱབ། མཐའ་ཐུག་པ་ཡང་མེད། དབུས་རྟག་པ་ཡང་མེད། དངོས་པོ་ཡང་མ་ཡིན། སྟོང་པ་ཡང་མ་ཡིན། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། དྲུང་ནས་ཉེ་བ་ཡང་མེད་པ། གྱེད་ནས་རིང་བ་ཡང་མེད་པའི་ཐམས་ཅད་དུ་ལྷུན་གྱིས་གྲུབ་པ་ལ་འདི་ཞེས་བསྟན་དུ་མེད་པ། ཇི་ལྟ་བུར་ཡང་དམིགས་སུ་མེད་པ་ལ་གང་ཡང་མ་ཚང་བ་མེད་པའི་སྐུ་བརྡལ་བས། རྡོ་རྗེ་སེམས་དཔའ་ཆོས་ཀྱི་སྐུར་གྱུར་ཏོ། །དེ་ནས་རྡོ་རྗེ་སེམས་དཔའི་ལྗགས་ཀྱི་པད་མ་ལས། ཡིག་འབྲུ་བཞི་བཅུ་རྩ་གཉིས་ཁ་དོག་རྣམ་པ་སྣ་ཚོགས་པའི་འོད་ཟེར་བསམ་གྱིས་མི་ཁྱབ་པ་སྤྲོས་པས།སྟོང་གསུམ་གྱི་སྟོང་ཆེན་པོའི་གྲངས་ལྷ་བུ་མ་ཡིན། ཇི་ལྟར་ནམ་མཁའ་གང་ནས་སུ་ཁྱབ་པ་ཐམས་ཅད་གཟུགས་དང་། སྒྲ་ལ་སོགས་པས་བསྡུས་ལ། ཚིག་ཐམས་ཅད་ཡི་གེར་བསྡུས། ཡི་གེ་ཐམས་ཅད་སངས་རྒྱས་ཀྱིས་རང་བཞིན་དུ་ལུང་བསྟན། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ལྗགས་དང་། གསུང་ལ་ཕོགས་པས། གང་ནས་སངས་རྒྱས་བཅོམ་ལྡན་འདས་། གསུང་གི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བཞེད་པ་རྣམས། བསྐུལ་བའི་ས་ལ་བཞེངས་ཏེ་བཞུགས་པ་རྣམས་ལ། གསུང་གི་སྒོ་ནས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ། དགྱེས་པ་ཆེན་པོ་ཉིད་ཀྱི་མཆོད་པ་ཕུལ་ནས། ཆོས་ཐམས་ཅད་ཚིག་དང་ཡི་གེའི་སྒོ་ནས་སངས་རྒྱས་པའི་དོན་ཐུགས་ཡེ་ཤེས་ཀྱི་ཀློང་རུམ་ནས་དགོངས་པ། མགུལ་གསང་བའི་བུམ་པར་བཅུག་ནས། ལྗགས་ཀྱི་དབང་པོས་མཆོག་ལ་བཀྲམ་སྟེ། འགྲོ་བ་སེམས་ཅན་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་བཏབ། གང་ནས་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། འགྲོ་བ་ལ་མི་རྟག་པ་བསྟན་པའི་སླད་དུ། ཐབས་ཀྱི་མྱ་ངན་འདའ་བའི་ཚུལ་སྟོན་པ་བཞེད་པ་རྣམས་ལ་ཕོགས་པས། དགྱེས་པ་ཆེན་པོའི་མཆོད་པ་ཕུལ་ནས་ཐུགས་དམ་ཆེན་པོར་རྒྱུད་བསྐུལ་ཏེ། ཐབས་ཀྱི་མྱ་ངན་ལས་མི་འདའ་ཞིང་། འཇིག་རྟེན་དུ་ཡུན་རིང་བར་བཞུགས་པར་གསོལ་བ་བཏབ། སྟུག་པོས་བརྒྱན་པའི་སངས་རྒྱས་རྣམས་ལ་ཕོགས་པས། ཡིག་འབྲུའི་གཟུགས་ལ་མཆོད་པ་མཚན་དང་དཔེ་བྱད་དང་ལྡན་པའི་སྒོ་ནས་བདག་དང་གཉིས་སུ་མེད་པར་ཐུགས་དམ་བསྐུལ། ཡིག་འབྲུ་ཚིག་མཆོད་པས། གསུང་དབྱངས་བསམ་གྱིས་མི་ཁྱབ་པ་བསྒོམས་ནས། ཚིག་དོན་གསལ་ནས་ཆོས་ཉིད་མ་སྐྱེས་པར་ཐུག་དམ་བསྐུལ། ཡིག་འབྲུ་དོན་གྱི་མཆོད་པས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒོ་ནས། དོན་གྱི་རྟོགས་པར་བྱ་བ་ལས།ཚིག་གིས་གསལ་བར་བྱས་ཏེ།མཉམ་ཉིད་ཆེན་པོའི་ལྷུན་ལ་ཐམས་ཅད་སངས་རྒྱས་པར་ཐུགས་དམ་བསྐུལ། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཕོགས་པས། ང་རྒྱལ་གདུག་རྩུབ་ཀྱི་སྒྲ་ནི་དྲག་སྔགས་སུ་སྒར། ཞེ་སྡང་སྲོག་གཅོད་ཀྱི་ངག་ནི་འཁོར་བའི་རྒྱ་གད་དུ་ཕྱུང་། གཏི་མུག་འཆལ་པའི་སྒྲ་ནི། ཆོས་ཉིད་མ་བཅོས་པར་བསྟན། ཚིག་དང་སྒྲ་སྙན་གྱིས་སངས་རྒྱས་ཀྱི་གསུང་དུ་བསྒྲགས། དོན་དང་གཏན་ཚིགས་ཀྱི་ཛོསྟན་པའི་ཡི་གེར་བཞག །ཡིག་འབྲུ་གསུམ་གྱིས་ངན་སོང་གི་སྒོ་གཅད། འོད་དང་གཟི་བརྗིད་བྱིན་གྱི་མདངས་ཀྱིས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། བདེ་བ་ཆོས་ཉིད་ཀྱི་ཚིག་ལས་མ་རྟོགས་པར་མཚན་དང་རྟོག་པའི་ཚིག་གཏན་སྤངས། མ་རིག་པ་ཐམས་ཅད་ཀྱིས་དྲངས་མི་འདུལ་བ་ལས་བཅུས་ཏེ་བསྟན་པས་དམ་པ་བཙུད། རྟོགས་པ་དང་ལྡན་པ་རྣམས་དོན་དང་གཏན་ཚིགས་རྣམས་གུད་ནས་བརྒྱུད་ཏེ། ཆོས་ཉིད་སྐྱེ་བ་མེད་པ་ལས།སངས་རྒྱས་པའི་ཚིག་གིས་འགྲོ་བའི་ངག་བསྒྱུར། མི་གསུང་པ་ལ་ཆོས་ཉིད་བརྗོད་དུ་མེད་པ། ཚིག་ཏུ་སྣང་བ་ཡིག་འབྲུས་སངས་རྒྱས་པ། ཐམས་ཅད་འདོད་པ་དགུར་ལྷུན་གྱིས་གྲུབ་སྟེ། ཡིག་འབྲུ་དང་འོད་ཟེར་དུ་འཕྲོ་སྟེ་སླར་འདུས་པ་ལས། རྡོ་རྗེ་སེམས་དཔའི་ལྗགས་ལ་ཐིམ་པས་ཐམས་ཅད་དུ་མ་སྐྱེས་པ། ཐམས་ཅད་དུ་མ་རྫོགས་པ། བརྗོད་དུ་མེད་པ་ཐམས་ཅད་དུ་མི་དམིགས་པ། དམིགས་སུ་མེད་པ། ཆོས་ཉིད་བརྡལ་བ་ཆེན་པོ་ལས་གང་ཡང་བཅོས་སུ་མེད་པ། ཆོས་ཉིད་མ་སྐྱེས་པ་ལས་གང་ཡང་བཅོས་སུ་མེད་པ། བརྡལ་བ་ཆེན་པོ་ལས་གང་ཡང་ཆགས་པ་མེད་པ། ཆོས་ཉིད་ཀྱི་ལོངས་སྤྱོད་གཟུང་དུ་མེད་པར་མཛད་པའི་གསུང་བསམ་གྱིས་མི་ཁྱབ་པར་གྱུར་ཏོ། །དེ་ནས་སེམས་དཔའི་ཐུགས་དཔལ་བེའུ་ལས། ཡེ་ཤེས་སེམས་དཔའི་སྐུ་བསམ་གྱིས་མི་ཁྱབ་པ་སྤྲོས། བྱང་ཆུབ་སེམས་ཀྱིས་གང་ནས་ཡང་གང་དུ་ཁྱབ། ཐམས་ཅད་དུ་ཡེ་ཤེས་སེམས་དཔས་ཁྱབ་པས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ལ་ཕོགས་པས། ཐམས་ཅད་ཀུན་ཏུ་བཟང་པོའི་སངས་རྒྱས་པའི་མཆོད་པ་ཕུལ་ནས། མཉམ་པ་ཆེན་པོའི་ཐུགས་དམ་བསྐུལ། བདག་ཉིད་ཆེན་པོ་སེམས་ཅན་མ་བཅོས་པ་ཡེ་ནས་སེམས་སངས་རྒྱས་པ་ལ་དགྱེས་པ་བསྐྱེད་དེ། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་ཕོགས་པས། སེམས་ཅན་ཐམས་ཅད་ཀྱི་སེམས་ཡེ་ནས་སངས་རྒྱས་པ། ཡེ་ཤེས་སེམས་དཔའི་རང་བཞིན་དུ་གནས་པ། མ་རིག་པ་རིག་པར་བྱས། མ་རྟོགས་པ་རྟོགས་པར་བྱས། རྟོགས་པ་གྲོལ་ཞིང་སྨིན་ཏེ། སངས་རྒྱས་པར་བྱས་ཏེ། འཁོར་བའི་རྒྱུ་བཙལ་གྱིས་མི་རྙེད་ཅིང་། ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ཅན་ལྷུན་གྱི་གྲུབ་པར་དབང་བསྐུར་ཏེ། སླར་འདུས་པ་ལ་རྡོ་རྗེ་སེམས་དཔའི་ཐུགས་ཀར་འདུས་པ་ལས། རྡོ་རྗེ་སེམས་དཔའི་ཐུགས་གཅིག་ཏུ་མི་སྣང་བ་ལ། གཉིས་སུ་མ་ཕྱེ་བ། །གྲངས་སུ་མ་བརྗོད་པ། རིགས་སུ་མི་སྣང་བརྗོད་པ་མེད་ཅིང་བརྗོད་པ་ལས་འདས་པ། སྨྲ་བ་ཡང་མེད། མ་གསུངས་པ་ཡང་མེད་པའི་ཐུགས་ནམ་མཁའ་དང་འདྲ་བ་ལ། རྟོག་པའི་འོད་ཟེར་བརྡལ་བས། སྣང་བ་ཐམས་ཅད་ནི་ལྷའི་དཀྱིལ་འཁོར། བརྗོད་པ་ཐམས་ཅད་ནི་ཆོས་ཉིད་ཀྱི་མཆོད་པ། གྲགས་པ་ཐམས་ཅད་ནི་སྐྱེ་བ་མེད་པའི་གྲོང་། རོལ་པ་ཐམས་ཅད་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན། དགོངས་པ་ཐམས་ཅད་ནི་མ་སྐྱེས་པའི་ཀློང་དུ་ལྷུན་གྱིས་གྲུབ་བས་བྱང་ཆུབ་སེམས་དཔའ་དང་། མཐའ་ཡས་པའི་སེམས་ཅན་ཐམས་ཅད་དང་། རྡོ་རྗེ་སེམས་དཔའ་ཆོས་ཀྱི་སྐུར་ལྷུན་གྱིས་གྲུབ་པས། བྱང་ཆུབ་སེམས་དཔའ་རྣམས་ངོ་མཚར་དུ་གྱུར་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །ཞེ་མ་སྐེ་མ། བཅོམ་ལྡན་འདས་འདི་ཅིའི་རྒྱུ། ཅིའི་རྐྱེན་ཅི་ལས་རྒྱུང་བ་ལགས། ཐུགས་རྗེ་ཆེན་པོ་དང་ལྡན་པས་ལུང་བསྟན་དུ་གསོལ། བདེ་བར་གཤེགས་པ་ལུང་བསྟན་དུ་གསོལ། རྡོ་རྗེ་སེམས་དཔས་བཀའ་བསྩལ་པ། འདི་ནི་རྣལ་འབྱོར་ཚོགས་ཀྱི་རྒྱུའོ། རྣལ་འབྱོར་སྤྱིའི་ཚོགས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རྐྱེན་ནོ། །རྡོ་རྗེ་སེམས་དཔའ་ང་ཡང་རྣལ་འབྱོར་གྱི་མཆོད་པ་འབུལ་བས་སངས་རྒྱས་པས།འདི་དག་ཐམས་ཅད་ནི་ཚོགས་ཀྱི་མཆོད་པ་ལས་བྱུང་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་པ། ཚོགས་བྱ་བའི་ངེས་ཚིག་ཅི་ལགས།ཚོགས་ཀྱི་དཀྱིལ་འཁོར་ཇི་ལྟར་བསྐྱེད། ཚོགས་ཀྱི་སློབ་དཔོན་ཇི་ལྟ་བུ་ལ་བགྱི། ཚོགས་ཀྱི་རྒྱལ་ཚབ་དང་། ཀརྨ་དང་གིང་ཇི་ལྟ་བུ་ལ་བགྱི། ཚོགས་ཀྱི་ཡོ་བྱད་ཅི་འཚལ། མཆོད་པ་ནི་ཇི་ལྟར་འབུལ། གྲངས་སུས་བགྲང་། ཚོགས་ཀྱི་འབྲས་བུ་ཇི་ལྟ་བུ་ཐོབ་པ་ལགས། ཕུལ་བའི་ཡོན་ཏན་དང་། མ་ཕུལ་བའི་སྐྱོན་ཅི་མཆིས། བཅོམ་དན་འདས་ཀྱི་ལུང་བསྟན་དུ་གསོལ། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཁྱོད་ལ་སོགས་པ་རྣམས་ཆོས་འཐོབ་པར་འདོད་ན། འདི་ཡིད་ལ་ཟུངས་ལ་རྣ་བའི་དབང་པོས་ཉོན་ཅིག །རྣལ་འབྱོར་གྱི་ཚོགས་ཀྱི་རྒྱུད་ཆེན་པོ་འདི་དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་གསུངས་ལ། ངས་ཀྱང་བཤད་དོ། །དེ་ལ་ཚོགས་ཞེས་བྱས་པའི་ངེས་ཚིག་ནི། དོན་དང་མཐུན་པ་ལ་བཀའ་དང་མི་འགལ་ཞིང་གཞུང་བཞིན་བསྒྲུབ་པ་ཚོགས་ལ་ཚོགས་ཞེས་བྱ་བ་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་། དགྲ་བཅོམ་པ་ལ་སོགས་པ་མིང་ཡང་མེད་པ་ལ། ཤིན་དུ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་གསང་སྔགས་རྡོ་རྗེ་ལ་མོས་ཤིང་གཞོལ་བ་འདི་དག་བཤད་ཅིང་བསྟན་པའི་སྣོད་དུ་གྱུར་པ། རྩ་བ་དང་ཡན་ལག་གི་དམ་ཚིག་ལ་གནས་ཤིང་མ་ཉམས་པར་སྲུང་། རས་ཆོད་དང་གཟུ་ལུམས་མ་ཡིན་པར་ཕྱི་ནང་གི་དབང་རྣམས་ལུགས་བཞིན་དུ་ནོས་པས། རྒྱུད་ཕྱི་ནང་གི་དོན་ལ་མོས་ཤིང་མཁས་པ། ལྟ་བས་ཆོས་ཉིད་ཚིག་ཙམ་མ་ཡིན་པར་རྟོགས་པ་དང་། སྤྱོད་པས་དེ་དང་མི་འགལ་བར་སྤྱོད་པ། འཕྲིན་ལས་བབ་ཅོལ་དུ་མི་བྱེད་ཀྱི། གོང་འོག་རིན་པོ་ཆེའི་ཕྲེང་བ་བརྒྱུས་པ་ལྷར་མ་ནོར་བ། བསྒོམ་ཞིང་སྒྲུབ་པ་ལ་ཛ་གད་དང་། གཉིད་དབང་དུ་མི་བཏང་ཞིང་། བརྩོན་འགྲུས་ཀྱིས་མགོ་ལ་མེ་ཤོར་བ་དང་འདྲ་བར་འབད་ཅིང་རྩོལ་ལ། རྣལ་འབྱོར་གྱི་དོན་གང་ལ་ཡང་ཤོང་ཡངས་ཆེ་བ། རྟོག་པ་དང་ཁུ་འཕྲིག་མེད་ཅིང་། འཁུ་ལྡོག་དང་། ཡ་ཀ་དང་། འཚང་ཚིག་ལ་སོགས་པས་མི་སྨོད་པས། རྣལ་འབྱོར་མཆོད་པའི་རྒྱུད་འདོད་པའི་ཡོན་ཏན་ལྔ་ལ་སོགས་པ་གང་ཡང་ཤོང་ཡངས་ཆེ་བ། མེད་ཅིང་གཟུགས་སུ་བཟུང་ནས་ཐམས་ཅད་ཚང་ཞིང་འཚོགས་པ་ལ་ཚོགས་ཞེས་བྱ་བ། མ་ཚང་ཞིང་མ་ཚོགས་པ་དང་། མི་མཐུན་པ་ཚོགས་པ་ལ་ཚོགས་ཞེས་བྱ་བའི་ངེས་ཚིག་མེད་དོ། །དེ་ལ་ཚོགས་ཀྱི་སློབ་དཔོན་ནི་ཀུན་གྱིས་བྱ་བ་མ་ཡིན་ཏེ། ལྟ་བས་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་རྟོགས་པས། སྤྱོད་པས་གསང་བའི་བཀའ་དང་མི་འགལ་ཞིང་། ཐབས་ལ་མཁས་པས་སྣོད་མ་ཡིན་པ་དང་། མུ་སྟེགས་ལ་རྩོད་པའི་ལོག་པའི་ཕྱོགས་རྣམས་ཀྱི་མ་ཚོར་མ་འཕྲིག་པ། ཐབས་ལ་མཁས་པར་སྤྱོད་པ་དང་། དབང་རིམ་པར་རྫོགས་ཏེ། རིམ་པའི་རྒྱལ་པོ་དབང་རབ་འབྱམས་ཀྱི་དབང་ཐོབ་ནས། དབང་རྒྱུད་དང་། དབང་རྫས་དང་། དབང་རྟགས་དང་། དབང་སྒྲུབ་དང་། དབང་བསྙེན་པ།དབང་བསྐུར་བ་ལ་མཁས་པ་དང་། དམ་ཚིག་ས་གཞི་དང་འདྲ་བར་ཤོང་ཞིང་ཡངས་པ་དང་། ཐེག་པ་ཆེ་ཞིང་སྙིང་ལ་བཅངས་ཏེ་གསང་བ་དང་། འཕྲིན་ལས་ཀྱི་སྔགས་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་དང་། མ་ནོར་བའི་ཚུལ་དགུ་སྟེ། དགོངས་པ་ལྷའི་ཚུལ་དང་། གར་ཡེ་ཤེས་ཀྱི་ཚུལ་དང་། སྔགས་གསུང་གི་ཚུལ་དང་། སྙིང་པོ་ཐུགས་ཀྱི་ཚུལ་དང་། མཆོད་པ་ཡོན་ཏན་གྱི་ཚུལ་དང་། གླུ་འཕྲིན་ལས་ཀྱི་ཚུལ་དང་། སྟངས་སྟབས་ཁྲོ་བོའི་ཚུལ་དང་། ཚིག་ཏུ་འབྲེལ་བ་དང་། གོང་འོག་མ་འཆོལ་བ་དང་། དགོངས་པ་དཀྱིལ་འཁོར་ཆེན་པོར་རྫོགས་པར་འཛིན་པའོ། །དེ་ལ་ཚོགས་ཀྱི་རྒྱལ་ཚབ་ནི། དཔེར་ན་རྒྱལ་པོ་བཀའི་སྒོ་བློན་པོས་བསྲངས་པ་དང་འདྲ་བས། དགོངས་སྤྱོད་ཀྱི་དོན་ཐ་མི་དད་པ་དེ་ཉིད་དང་མཚུངས་པལ། གཞན་འདྲེན་པའི་ཐབས་ལ་མཁས་པ་དང་། སློབ་དཔོན་གྱི་སྐུ་མཛེས་པ་དང་། ཐུན་སྤྲོ་བ་དང་། སྙོམས་པ་ལ་སོགས་པ་ལ་བར་མ་ཆོད་ཅིང་འགྲུབ་པར་བྱ་བ་དང་། སློབ་དཔོན་གྱི་ཞལ་ཚབ་དུ་བཞག་པ་ལ་ཆོས་བསྟན་པ་ལ་མཁས་པའོ། །ཚོགས་ཀྱི་ཀརྨ་ནི་འཕྲིན་ལས་རྣམ་བཞི་ལ་སོགས་པ། མཆོད་པ་དང་བརྡའི་དོན་མཐའ་དག་ལ་མཁས་པ་ལས་མ་གཏོགས་པ། ཁེའུ་ཤང་དང་། བློ་སྡེབས་དང་། མོས་པ་ཙམ་དུ་བྱ་བ་ཡིན་ནོ། །ཚོགས་ཀྱི་ངོ་བོ་ནི་རང་གི་སྒེར་ཆེད་མི་ལེན་པར་རྣལ་འབྱོར་གྱི་སྤྱི་ཆེད་ལ་བརྩོན་པ་དང་། ཞིང་བཅུ་གྱུར་པ་ལ། །ཐུགས་རྗེས་སྒྲོལ་ངེས་པ་དང་། དགོངས་པ་དང་རྒྱུད་དུ་ལྡན་པ་ལས་མ་གཏོགས་པ། སྒྲོལ་བ་བཙན་ཐབས་དང་། རང་གང་ལ་དགའ་བ་ལ་མངོན་སྤྱོད་དང་། དྲག་ཤུལ་གྱི་ལས་བརྩམ་པ་མ་ཡིན་པའོ། ། ཚོགས་ཀྱི་ཡུམ་ནི་གཙོ་བོའི་དགོངས་པ་བཞིན་དུ་བྱེད་ནུས་པ་དང་། གཞུང་དགུ་དང་ལྡན་ཏེ། ཚུལ་ཤེས་པ། ཡངས་པ་ཆེ་བ། ནོགས་ཐུབ་པ། གསང་སྒོ་སྡོམ་པ། དམ་ཚིག་ལ་གནས་པ་དད་མོས་དང་། རྙེད་བརྩོན་དང་། སྨོན་འདྲིས་དང་། མཚན་ངན་གསང་བ་མ་ཡིན་ནོ། །དེ་ལ་ཚོགས་ཀྱི་ཡོ་བྱད་ནི། སངས་རྒྱས་རྣམས་ལ་བསེར་བ་དང་། སྒྲིབ་པ་དང་། སྐྱེམས་པ་དང་། སྙུང་བ་དང་། ཆགས་པ་མི་མངའ་བ་ལགས་ན། དཔེར་ན་རྒྱལ་པོ་ཆེན་པོ་ལ་དཀོར་དང་། ལོངས་སྤྱོད་ཀྱིས་མ་འབྲེལ་ཅིང་མ་ཕོངས་ན་ཡང་། འབངས་ལ་སོགས་པས་དཀོར་དང་ལོངས་སྤྱོད་ཕུལ་ནས། འཕྲལ་ལ་ཕན་པ་དང་། ཡུན་གྱི་བདེ་བ་དང་། བདག་ཡིད་ལས་དད་པ་ལ་སོགས་པ་དང་འདྲ་བར། སངས་རྒྱས་རྣམས་ལ་བཞེད་པ་མི་མངའ་ཡང་། ཕྱི་རབས་ཀྱི་རྣལ་འབྱོར་པས། ཚོགས་ཀྱི་མཆོད་པ་ཆེན་པོ་འབྱོར་པ་བསག །དགོན་པ་འཚལ། མོས་པ་དང་དད་པས་ཕུལ་ནས། འདི་དང་ཕ་རོལ་གཉིས་ཀ་བདེ་བ་ལ་སོགས་པ་མཛད་ཅིང་། ཆོས་ཉིད་ཀྱི་ལོངས་སྤྱོད་དགའ་བ་དང་བདེ་བ་ཆེན་པོ་ད་ལྟ་བསྒྲུབ་པར་རྩོལ་བ་མཛད་པས། དེའི་ཕྱིར་འདོད་པའི་ཡོན་ཏན་ལྔ་པོ་གཞུང་བཞིན་བཤད་པར་བྱ་སྟེ།གཟུགས་ལ་ཡང་གསུམ་སྟེ། རྒྱན་དང་དབྱིབས་དང་སྣོད་དོ། །རྒྱན་ལ་ཡང་རྣམ་པ་གསུམ་སྟེ། བཀོད་པ་ལྷའི་རྒྱན་དང་། མཛེས་པ་ལུས་ཀྱི་རྒྱན་དང་། གཞན་ཡང་སྤྲུལ་བའི་རྒྱན་དང་གསུམ་མོ། །དབྱིབས་ལ་ཡང་རྣམ་པ་གསུམ་སྟེ། ལྷའི་ཞལ་གྱི་དབྱིབས་དང་། བཀོད་པ་རྒྱན་གྱི་དབྱིབས་དང་། འབྱུང་བ་རང་སྐྱེས་ཀྱི་དབྱིབས་སོ། །སྣོད་ལ་ཡང་རྣམ་པ་གསུམ་སྟེ། བཟའ་བའི་སྣོད་དང་། བཅའ་བའི་སྣོད་དང་། བ་་བའི་སྣོད་དོ། །དྲི་ལ་ཡང་རྣམ་པ་གསུམ་སྟེ། དབང་པོ་ཚིམ་བྱེད་ཀྱི་དྲི་དང་། མདོག་གསལ་རྒྱས་པ་སྨན་གྱི་དྲི་དང་། བཅུད་གསལ་ཡིད་འོང་ཞལ་ཟས་ཀྱི་དྲི་དང་། རོ་ལ་ཡང་རྣམ་པ་གསུམ་སྟེ། རང་བཞིན་བྱིན་གྱིས་བརླབས་པ་ལན་ཚྭ་དང་། ཤིང་ཐོག་ལ་སོགས་པ་ཁ་བ་དང་། མངར་བ་དང་། སྒྱུར་བ་དང་། ཚ་བ་དང་། རྩུབ་པ་དང་། རྙིང་པ་ལ་སོགས་པའི་ཕྱིའི་འབྱུང་བ་ལ་སོགས་པའི་རོ་དང་། འགྲོ་བ་རྣམས་ཀྱི་བཙལ་བའི་ཕབས་དང་།རུ་མ་དང་། མནན་པ་དང་། འདུས་པ་དང་། བྱིབས་པ་དང་། སྦྱར་བ་དང་། བརྩེགས་པ་དང་། བསིངས་པ་ལ་སོགས་པའི་རོ་དང་། སྔགས་དང་། ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་པའི་རོ། ཆུང་ངུ་ལས་ཆེན་པོའོ། །ཉུང་ངུ་ལ་སོགས་པ་མང་པོའོ། །མི་ཞིམ་པ་ལས་ཞིམ་པའི་ལྷའི་རོ་མཆོག་བརྒྱ་དང་ལྡན་པའི་རོའོ། །སྒྲ་ལ་ཡང་རྣམ་པ་གསུམ་སྟེ། ཤེས་པས་ཟིན་པའི་སྒྲ་གླུ་དབྱངས་ལ་སོགས་པའི་སྒྲ་སྙན་ཞིང་ཡིད། །དུ་འོང་བ་སྣ་ཚོགས་དང་། ཤེས་པས་མ་ཟིན་པའི་སྒྲ་འབྱུང་བར་རང་རྒྱུད་ཀྱི་གྲགས་པའི་སྒྲ་དང་། རྩོལ་བ་དང་བཅས་པའི་སྒྲ་སྐྱེས་བུའི་ལག་པ་དང་། རྐང་པ་དང་། དབུགས་འདོན་པའི་སྒྲའོ། །རེག་པ་ལ་ཡང་རྣམ་པ་གསུམ་སྟེ། དྲོ་འཇམ་གོས་ཀྱི་རེག་པ་དང་། དགའ་འཇམ་དགྱེས་པ་ཡུམ་གྱི་རེག་པ་དང་། དོན་གྱི་སྒེག་པ་རིན་པོ་ཆེ་ཆོས་ཀྱིས་བརྒྱན་པའི་རེག་པའོ། །དེ་ལྟ་བུའི་ཡོན་ཏན་ཐམས་ཅད་ནི་ཚོགས་ཀྱི་ཡོ་བྱད་ཡིན་ནོ། །ཚོགས་ཀྱི་ཡོ་བྱད་འདོད་པའི་ཡོན་ཏན་རྣམ་པ་ལྔའོ། །དེ་དག་ཚང་ཞིང་ཚོགས་ན་ཡང་ལེགས། དེ་ཅིའི་ཕྱིར་ཞེ་ན། དེ་ནི་དཔེར་ན་སངས་རྒྱས་ཉིད་ཀྱིས་མཚོན་པའི་རྐྱེན་དུ་བྱིན་གྱིས་བརླབས་པའོ། །དེ་བས་ཀྱང་ཐམས་ཅད་དུ་ཏིང་ངེ་འཛིན་ལ་གནས་ཏེ། གཉིས་སུ་མེད་པ་ལས་མ་གཡོས་པ། ཐམས་ཅད་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེ་ནི་དཔེར་ན། འཇིག་རྟེན་ན་འབྱོར་བའི་ལོངས་སྤྱོད་རྣམ་པ་སྣ་ཚོགས་དང་ལྡན་པ་ལ་མུ་གེ་དང་། ཕོངས་པ་མེད་ལ། དེ་བས་ཀྱང་ནོར་བུ་རིན་པོ་ཆེ་ལ་ལོངས་སྤྱོད་པ་ལ་དེ་བས་ཀྱང་ཚ་བ་མེད་པ་དང་། སྨན་དང་གསེར་འགྱུར་བཞིན་དུ་དགོངས་པའི་ཏིང་ངེ་འཛིན་གྱིས་སོ་ལས་མ་ཉམས་པར་གནས་པ་ལ། མ་ཚང་མ་འདུས་པ་ཡང་མེད་པ་ལས་མ་གཏོགས་པ། དེ་དག་མི་ལྡན་པ། འཇུམ་པ་དང་། འཆིངས་བ་མ་གྲོལ་བ་དང་། དགོངས་པ་ཀློང་དུ་མ་འཕེལ་བ་རྣམས་ནི་མ་གཏོགས་སོ། ། དེ་ལ་ཚོགས་ཀྱི་དཀྱིལ་འཁོར་ཇི་ལྟར་བསྐྱེད་པ་འདི་སྐད་དོ། །ཆོས་རྣམས་སྟོང་པའི་རང་བཞིན་ལས། །ངོ་བོ་ཉིད་ཀྱིས་ཀུན་ཏུ་དག །རྟོག་སྒྲས་བསམ་པའི་ཡུལ་ལས་འདས། །བསྒོམ་པ་དམིགས་སུ་མེད་པ་འོ། །ཨོ་མ་ཧྭ་ཤུ་རྒྱ་ཏ་རྙོ་ན་སྭ་བྷ་བ་ཨཏྣ་ཀོ྅ཧ༷། དབྱིབས་གཅིག་རང་བཞིན་མི་གཉིས་ཀྱང་། །མ་རིག་རྨོངས་ལ་བསྟན་པའི་ཕྱིར། ཁྱབ་པའི་སྙིང་རྗེ་ཡོངས་ཀྱིས་འབྱུང་། །དེ་ཚེ་འཚེ་བ་མེད་པར་བསྒོམ། །ཨོ་མ་ཧྭ་དྷརྨུ་དྷ་ཏུ་སྭ་བྷ་བ་ཨཏྣ་ཀོ྅ཧ༷། མཐའ་དབུས་བྲལ་བའི་བྱང་ཆུབ་སེམས། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཀྱི་ཡི་གེ་རང་བཞིན་རྒྱུ། །ཡི་གེ་མཆོག་ཏུ་བསྒོམ་པར་བྱའོ། །ཨོ་བཛྲ་ཙིཉི་ཧཱུཾ༷། ཨེ་ཡ༷་ལ༷་མ༷་བྱ༷་སྒྱུ༷་བི་ཤ་བི་ཤུསྟེ། མཁའ་དབྱིངས་ནམ་མཁའི་ཀློང་ཡངས་སུ། །འརྒྱུང་བ་རླུད་གིས་སྒྲར་བཅས་ཏེ། །བདུད་རྩི་ཆུ་བསྐྱིལ་མྱ་མ་ཀི །གསེར་གྱི་ས་གཞི་རི་རབ་མཛེས། ཁ་དོག་ལྔར་བཅས་རིན་ཆེན་ལྔ། །བྲུ༷་ལས་རིན་ཆེན་གཞལ་ཡས་ཁང་། །ཡིད་བཞིན་རིན་ཆེན་དྲ་བ་གསལ། །ལྡ་ལྡི་འཇའ་ཚོན་སྲིན་བུང་གསལ། །མུ་ཏིག་ཆུན་པོ་སྣ་ཚོགས་བྲེས། །ཉི་ཟླ་ཐབས་དང་ཤེས་རབ་ཀྱིས། །འཁོར་ཅིང་གསལ་བའི་བྱིན་བརླབས་ཀྱིས། །མ་རིག་མུན་སེལ་ཡེ་ཤེས་སྒྲོན། །གསེར་གྱི་དྲིལ་བུ་གཡེར་ཀ་ལས། །ཐེག་པའི་བྱེ་བྲག་སྣ་ཚོགས་སྒྲོགས། །ཕྱི་ནང་མེད་པའི་བཞུགས་གནས་དེར། །ཡངས་དོག་མེད་པའི་དཀྱིལ་འཁོར་བསྐྱེད། །ཨོ་ཙྭ་ན་ཙཀྲ་མཎྜལ་ཧུ༷། དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ནི། །མི་བསྐྱེད་རྫོགས་པའི་ཚུལ་དུ་རྒྱུད། །གཞན་དག་དང་ནི་མཐུན་པར་བསྐྱེད། །སེམས་དཔའ་སུམ་ཅུ་རྩ་གཉིས་དང་། །མི་བསྐྱེད་རྫོགས་པའི་ཚུལ་གྱིས་བསྐྱེད། །བཛྲ་སཏྭ་ཧུ༷།བཛྲ་སྭ་ཧུ༷། བཛྲ་ ས་ ར་ ཧུ༷། བཛྲ་ར་ག་ཧྭ༷། བཛྲ་སཏྭ་ཧུ༷། བཛྲ་རཏྣ་ཏྲ༷། བཛྲ་ སུ་་ཏྲེ། བཛྲ་ཀེ་རུ་ཧྲ༷། བཛྲ་ཧ་ས་ཧ༷། བཛྲ་དར་མ་ཧྲི། བཛྲ་པ་ཤདྷི། བཛྲ་ཏིག་སྣ་ཧྲི། བཛེ་ཀརྨ་ཧྭ། བཛྲ་ཡསྒ་ཧྭ༷། བཛྲ་མུ་ཏི་ཧྭ། ཧུ༷་ཧུ༷་ཧུ༷ཧཱུཾ།ཏྲ༷་ཏྲ༷་ཏྲ༷་ཏྲ༷། དྷི་དྷི་དྷི་དྷི། ཨ་ཨ་ཨ་ཨ། སྐུ་བསྐྱེད་གསལ་བཏབ་དབང་བསྐུར་ནས། །སྤྱན་འདྲེན་ཆོ་ག་གཞུང་བཞིན་བྱ། །མཆོད་པ་ལ་སོགས་མཆོད་བྱས་ནས། །དེ་ཉིད་ལས་ནི་གནས་གྱུར་ཏེ། །ཧེ་རུ་དགུ་དང་ཡུམ་ཆེན་དགུ། །ཀིའུ་རི་བརྒྱད་དང་ཕྲ་མེན་བརྒྱད། །སྤོར་མ་བརྒྱད་དང་སྒོ་མ་བཞི། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་། །མཁའ་འགྲོ་སུམ་ཅུ་རྩ་གཉིས་དང་། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་དང་། །མ་མོ་བདུན་དང་སྲིང་མོ་བཞི། །རྡོ་རྗེ་གིང་ཆེན་བཅོ་བརྒྱད་དང་། །མི་བསྐྱེད་རྫོགས་པའི་ཚུལ་གྱིས་སུ། །དཔལ་འབར་ཁྲོ་མོ་རྒྱུད་བཞིན་བསྐྱེད། །སྐུ་བསྐྱེད་གསལ་བཏབ་དབང་བསྐུར་ནས། །སྤྱན་འདྲེན་མཆོད་པ་གཞུད་བཞིན་བྱ། ། ཚོགས་རྒྱུད་ཆེན་པོ་ལས། ལས་ཀྱི་དཀྱིལ་འཁོར་བསྐྱེད་པའི་ལེའུའི་སྤྱི་དོན་ནོ།། །།དེ་ནས་ཚོགས་ཀྱི་མཆོད་པ་ལ་ཡང་དོན་རྣམ་པ་གསུམ་སྟེ། ཚོགས་བྱིན་གྱིས་བརླབ་པ་དང་། ཚོགས་དྲངས་པ་དང་། ཚོགས་ཀྱི་མཆོད་པ་ཕུལ་བའོ། །དེ་ལ་ཚོགས་བྱིན་གྱིས་བརླབ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་འཁོར་རྣམ་པ་གཉིས་ཏེ། བསམ་པ་མྱ་ངན་ལས་འདས་ཤིང་དགོངས་པ་ཆོས་ཉིད་དང་འབྲེལ་བའི་འཁོར་དང་། འཇིག་རྟེན་དབང་དུ་སྡུད་པའི་འཁོར་རོ། །དེ་ལ་དགོངས་པ་ཆོས་ཉིད་དང་འབྲེལ་བའི་འཁོར་ནི། ཆོས་ཉིད་མཉམ་པ་ལ་ཞུགས་ཤིང་། ཐུགས་རྗེ་བྲི་བཀོལ་མི་བྱེད་དོན་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་དང་། མགོན་དང་སྐྱབས་དང་། དཔུང་གཉེན་མཛད་ཅིང་བཞུགས་པས། དམིགས་ཡོད་ན་བཞེས་སུ་གནས་ལ། བྱིན་གྱིས་རློབ་ཅིང་དངོས་གྲུབ་གསོལ་བར་མཛད་པས། བྱིན་བརླབ་མི་དགོས། འཇིག་རྟེན་དབང་དུ་སྡུད་པའི་འཁོར་ནི།ཐམས་ཅད་ལ་བྱ་ར་དང་ཚུལ་རྟོག་སྟེ། དམ་ཚིག་སྲུང་མི་སྲུང་ལྟ། དམ་ཚིག་སྲུང་བ་ལ་ནི་སྟོངས་དང་གྲོགས་བྱེད། དམ་ཚིག་མི་སྲུང་ཞིང་ཉམས་པ་ལ་ཚར་གཅོད། མནར་མེད་པར་ལྟུང་བར་བྱེད། རྣལ་འབྱོར་གྱི་མཆོད་པ་ལ་ཕུད་ཉམས་མ་ཉམས་པ་དང་། གཙང་སྒྲས་ཕྱེད་མ་ཕྱེད་ལྟ། ཕུད་མ་ཉམས་ཤིང་གཙང་སྒྲས་ཕྱེད་ན། ཅི་འདོད་པའི་དངོས་གྲུབ་འོང་། གང་བཅོལ་བའི་ལས་མཛད། ཕུད་ཉམས་ཤིང་གཙང་སྒྲས་མ་ཕྱེད་ན། དངོས་གྲུབ་ཀྱི་བར་ཆོད་བྱེད། ལས་བཅོལ་བ་ལོག་པར་འགྲུབ། རྣལ་འབྱོར་པ་བྱིན་གྱིས་བརླབས་མ་རློབས། དགོངས་པ་དག་མ་དག་ལྟ། བྱིན་གྱིས་བརླབས་པ་ལ་དགོངས་པ་དག་ན། བསྒོ་བ་ཉན་པ་དང་། ལུས་དང་གྲིབ་མ་བཞིན་འཁོར་བ་དང་། རིམས་བསྲུང་བ་དང་། དབང་དང་མཐུ་སྟེར་བ་དང་། གཏོར་མ་སྤྱི་བོ་ལ་ཁྱེར་ཏེ་བྲན། སྙིང་ཉེ་བ་བཞིན་ལས་བྱེད་ཅིང་འཁུ་ལྡོག་མེད་པ། རྣལ་འབྱོར་པ་དགོངས་ པ་ མ་ དག་ཅིང་ བྱིན་ གྱིས་ མ་རློབས་ན། བར་ཆད་ཀྱིས་ གེགས་བྱེད། ཆོ་འཕྲུལ་སྟོན། མཐུ་དབང་འཕྲོག །འཁུ་ལྡོག་ཆེ། མི་བདེ་བའི་ནད་དང་འཁུ་ལྡོག་དང་། སྡུག་བསྔལ་དང་། སྲོག་གི་བར་ཆད་དང་།འཁོར་དང་སྡེ་ལ་གནོད་པས་བྱིན་གྱིས་བརླབ་དགོས་ཏེ། དང་པོར་ཚོགས་ཀྱི་ཞལ་ཟས་ལ་ཕུད་མ་ཉམས་ཤིང་གཙང་སྒྲ་དང་ལྡན་པར་གསོགས་ལ། དྲི་ཆབ་ལ་ཆོས༷་ཉིད་རྣམ་པར་དག་པའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབ་ཅིང་བསངས་ལ། དེ་ནས་ཁྲོ་མོ་དབང་ཕྱུག་མའི་སྔགས་ཀྱིས་བྱིན་གྱི་བརླབས་པ་ནི། ཆུ་གཙང་མའི་ནང༷་དུ་ཙན་དན་དམར་པོ་བརྡར་ཏེ། དེ་ནས་ཡི་གེ་ཨོ་དམར་པོ༷་ཞིག་ཏུ་བསྒོམ། དེ་ལ་མ་ཧྭ་ཀྲོ་ཏི་ཤྭ་རི་ཞེས་བརྗོད་པས། ཁྲོ་མོ་དབང་ཕྱུག་མ་སྐུ་མདོག་དམར་པོ་ཚོན་གང་བ་ཞིག་ཏུ་གྱུར་པའིཐུགས་ཀར་ཡི་གེ་ཨཱོཾ་གཏད་ལ། སྲིན་མཐེབ་ཀྱི་བར་དུ་ཡིག་༷་བཟུང་སྟེ། ཨཱོཾ་མ་ཧྭ་ཀྲོ་ཏི་ཤྭ་རི་ཧུ༷་ཐ། ཞེས་བརྒྱ་རྩ་བརྒྱད་བཟླས་པས། ཁྲོ་མོ་དབང་ཕྱུག་མ་འོད་དུ་ཞུ་བ་ལས། ཚོགས་ཀྱི་ལོངས་སྤྱོད་ཐམས་ཅད་མཁའ་དབྱིངས་རྣམ་པར་དག་པར་བྱིན་གྱིས་བརླབས། དེ་ནས་ གས་ཀྱི་ལོངས་སྤྱོད་ཡི་གེ་ས་མཐིང་ཁ་ཞིག་བཀོད། དེ་འཕྲོས་ཤིང་འདུས་པ་ལས། ཨོ་རཏྣ་སྭ་བྷ་བ་ག་ག་ན་ཁ༷། ཞེས་བརྗོད་ནས་ལག་པ་ཐལ་མོ་སྦྱར་ཏེ་གཏུགས་པས། ཚོགས་ཀྱི་མཆོད་པ་ཐམས་ཅད་རྒྱ་ཆེ་བ་ནམ་མཁའ་དང་མཉམ་པ། ལྷུན་སྟུག་པ་རི་རབ་དང་མཉམཔ། གྲངས་མང་སྟེ་ཁྲོའི་དང་འདྲ་བ། གཏིང་ཟབ་པ་རྒྱ་མཚོ་དང་འདྲ་བར་བྱིན་གྱིས་བརླབས། དེ་ནས་ཚོགས་ཀྱི་ཞལ་ཟས་ལས་ཧུ༷་དང་མུ༷་ལས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་གྱུར། ཡབ་ཡུམ་གཉིས་སུ་མེད་པའི་མཁའ་ལས། ཞི་ཁྲོའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པར་སྤྲོས་པས་འཇིག་རྟེན་གྱི་རྣམ་པར་རྟོག་པ་ཐམས་ཅད་བསྲེགས་སྦྱངས་ཚུལ་བཞིན་དུ་བྱས། རྒྱལ་བ་དཀྱིལ་འཁོར་རབ་འབྱམས་བསམ་གྱིས་མི་ཁྱབ་པ་དག་ལ་ཡང་། དགྱེས་པ་ཆེན་པོའི་མཆོད་པ་ལྷ་ལ་ཐིམ་པའི་ཚུལ་གྱིས་ཕུལ། མཉེས་པ་ཆེན་པོའི་ཐུགས་དམ་ཆོས་ཉིད་དག་པའི་རྒྱན་དུ་བསྐུལ་ནས། རྒྱལ་བའི་བྱིན་རླབས་དང་། དཔལ་གྱི་ཕ་འབབ་ཀྱིས། ཁམས་གསུམ་གྱི་སེམས་ཅན་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། མཉེས་པ་ཆེན་པོས་ཐུགས་དམ་ཆོས་ཉིད་དག་པའི་རྐྱེན་དུ་བསྐུལ་ནས། རྡོ་རྗེ་སློབ་དཔོན་དང་མཆེད་དང་ལྕམ་དྲལ། གསང་སྔགས་ཡོ་ག་རྣམ་པ་གསུམ་གྱི་སྒོར་ཞུགས་ནས། རྣལ་འབྱོར་གྱི་བཀའ་གཞུང་བཞིན་མཛད་པ་ཐམས་ཅད་ལ། འདོད་པའི་ཡོན་ཏན་རྣམ་པ་ལྔ་ཆོས་ཉིད་དག་པའི་རྐྱེན་དུ་མཆོད་པ་ཕུལ། ཐམས་ཅད་མཉེས་ཤིང་ཚིམས་པ་དང་།འགྲངས་ཤིང་ངོམས་པར་བྱས། གཡར་དམ་ཉམས་པ་སོ་སོར་གསལ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། མ་མོ་དང་། མཁའ་འགྲོ་ཐམས་ཅད་ལ་ཁྱབ་པས། དམ་རྫས་གང་ལ་དད་པས་མཆོད།རང་རང་གི་དམ་ཚིག་ཉམ་པ་བསྐངས། དཔལ་ནི་བཀའ་དང་དམ་ལས་མི་འདའ་བར་བྱས། རྣལ་འབྱོར་གྱི་ལས་དང་གཉེན་མཐར་ཕྱིན་པར་བྱིན་གྱིས་བརླབས་པའོ། །ཚོགས་རྒྱུད་ཆེན་པོ་ལས་བྱིན་གྱིས་བརླབས་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཚོགས་ཀྱི་མཆོད་པ་སྤྱན་དྲངས་པ་འདི་སྐད་དོ། །གླིང་བུ་དང་ནི་ཀེར་ཀོ་ཏ། །གརྙེ་ཆོས་རྣམས་སྣ་ཚོགས་པ། །གླུ་དང་དེ་ཡི་ཚིག་དང་བཅས། །སྙན་པའི་གླུ་དབྱངས་སྣ་ཚོགས་ཀྱིས། །སྙན་གྱི་མཆོད་པར་བཞེས་སུ་གསོལ། །རྒྱལ་བའི་ཐུགས་དམ་སྐོངས་གྱུར་ཅིག །གར་དང་ཕྱག་རྒྱ་སྟངས་སྟབས་ཀྱིས། །གཟུགས་དང་དབྱིབས་དང་རྫས་དང༷་ ན། །སྡུད་དང་རྫས་དང་ཡིད་འོང་ཞིང་།ཁ་དོག་གསལ་བ་སྣ་ཚོགས་ཀྱི། །སྤྱན་གྱི་མཆོད་པ་བཞེས་སུ་གསོལ། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་སྐོངས། །དྲི་དང་སྤོས་དང་བྱུག་པ་བདུག་པ་དང་། །གསོགས་དང་བ ས་པ་སྦྱར་བ་དང་། །རླུད་དང་དུད་པ་སྣ་ཚོགས་ཀྱིས། །ཤངས་ཀྱི་མཆོད་པར་བཞེས་སུ་གསོལ། །དཀྱིལ་འཁོར་ཐུགས་དམ་སྐོངས་གྱུར་ཅིག །བཟའ་དང་བཅའ་དང་བཏུང་བ་དང་། །བཤོས་དང་ཞལ་ཟས་སྣ་ཚོགས་དང་། ཁ་དང་མངར་དང་སྒྱུར་བ་དང་། །ཚ་དང་རྩུབ་དང་ལན་ཚྭའི་རོ། །ལྗགས་ཀྱི་མཆོད་པར་བཞེས་སུ་གསོལ། །སྲས་བཅས་འཁོར་གྱི་ཐུགས་དམ་སྐོངས། །ལྷ་དང་མི་ཡི་ན་བཟའ་དང་། །གོས་དང་རྒྱན་དང་ལྷབ་ལྷུབ་དང་། །རིན་ཆེན་དབུ་རྒྱན་ཅོད་པན་དང་། །དཔུང་རྒྱན་དོ་ཤལ་སེ་མོ་དོ། །དར་དཔྱངས་པ་ཏི་ཤམ་བུ་དང་། །སྙན་ཆ་མ གུ ལ་ཆུ ན་ བླ་ མེད་ འདི། །སྐུ་ཡི་མཆོད་པར་བཞེས་སུ་གསོལ། །དགའ་ལྡན་ལྷ་ཡི་ལོངས་སྤྱོད་དང་། །འབྱོར་ལྡན་མི་ཡི་ལོངས་སྤྱོད་དང་། །དགོངས་ལྡན་འཕྲུལ་གྱི་ལོངས་སྤྱོད་རྣམས། །དཀྱིལ་འཁོར་ཆེན་པོར་བཞེས་སུ་གསོལ། །འཕགས་པའི་ཐུགས་དམ་སྐོངས་གྱུར་ཅིག །འབྲུ་གཅིག་དོན་དང་མན་ངག་དང་། །གསལ་དང་གོ་འབྱེད་སྙིང་པོའི་རྒྱུདབང་པོ་ཚིམ་བྱེད་རྒྱལ་བའི་བཀའ། །ཕྱག་རྒྱ་ཆེན་པོ་གསུམ་ལྡན་པས། །ཆོས་ཉིད་མཆོད་པར་བཞེས་སུ་གསོལ། །མ་ལུས་ཐུགས་དམ་སྐོངས་གྱུར་ཅིག །ཅེས་དྲང་ངོ། །ཚོགས་རྒྱུད་ཆེན་པོ་ལས་ཚོགས་དྲངས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་མཆོད་པ་ལ་ཡང་རྣམ་པ་གསུམ་སྟེ། ཕྱི་གཟུགས་ཀྱི་མཆོད་པ་དང་། ནང་གྲོལ་བའི་མཆོད་པ་དང་། གསང་བ་ཐབས་དང་ཤེས་རབ་བྱང་ཆུབ་སེམས་ཀྱི་མཆོད་པའོ། །དེ་ལ་ཕྱི་གཟུགས་ཀྱི་མཆོད་པ་ལ་ཡང་དོན་རྣམ་པ་བཅུ་དྲུག་སྟེ། རྣམ་པར་མི་རྟོག་པ་དོན་གྱི་མཆོད་པ་དང་། ཏིང་ངེ་འཛིན་གྱི་མཆོད་པ་དང་། གར་གྱི་མཆོད་པ་དང་། ཕྱག་རྒྱའི་མཆོད་པ་དང་། སེམས་དཔའ་བཅུ་དྲུག་གི་མཆོད་པ་དང་། འདོད་པའི་ཡོན་ཏན་ལྔའི་མཆོད་པ་དང་། ཀུན་ཏུ་བཟང་པོའི་མཆོད་པ་དང་། བདེ་བ་ཆེན་པོའི་མཆོད་པ་དང་། འདུས་བྱས་རྫས་ཀྱི་མཆོད་པ་དང་། བླ་ན་མེད་པའི་མཆོད་པ་དང་། རྣམ་པར་གྲོལ་བའི་མཆོད་པ་དང་། འཁོར་ཡོངས་སུ་དག་པའི་མཆོད་པ་དང་། གཉིས་སུ་མེད་པའི་མཆོད་པ་དང་། མཉམ་པར་བཞག་པའི་མཆོད་པ་དང་། ལྷུན་གྱི་གྲུབ་པའི་མཆོད་པ་དང་། དེ་ལ་རྣམ་པར་མི་རྟོག་པ་དོན་གྱི་མཆོད་པ་ནི་འདི་སྐད་དོ། ། ་། ཆོས་ཉིད་སྟོང་པའི་རང་བཞིན་ལས། །རྣམ་རྟོག་མཚན་མ་མི་གནས་ཞིང་། །དབུ་མ་ལ་ཡང་མི་གནས་ཏེ། །གཟུང་འཛིན་མཚན་མ་ལས་འདས་པ། །མི་རྟོག་མཆོད་པ་བཞེས་སུ་གསོལ། །ཨོ་དྷརྨུ་དྷ་ཏུ་པུ་ཙ་གྲྭ་ཧྭ། ཞེས་དགོངས་པས་གཟུང་ངོ་། །དེ་ནས་ཏིང་ངེ་འཛིན་གྱི་མཆོད་པ་འདི་སྐད་དོ། །ཕྱོགས་བཅུ་སྟོང་ཁམས་བསམ་མི་ཁྱབ། །རབ་འབྱམས་དཔག་ཏུ་མེད་པ་ན། །ཕྱི་ནང་སྣོད་བཅུད་མ་ལུས་ཀུན། །ཐབས་དང་ཤེས་རབ་རང་བཞིན་ལས། །ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་ཏེ། །རྟོགས་དང་ལྡན་པས་གསལ་བསྒོམས་ནས། །དབྱེར་མེད་ངོ་བོ་ཉིད་མཉམ་ཕྱིར། །དམིགས་པའི་ཏིང་འཛིན་མཆོད་པ་བཞེས། །ཨོ་སྭ་མ་ཏི་ཙ་རུ་ཀུ་ཙ་གྲྭ་ཧྭ། ཞེས་དགོངས་པས་བརླབ་བོ། །དེ་ནས་གར་གྱི་མཆོད་པ་འདི་སྐད་དོ། །ཨོ། གར་གྱི་རྒྱུ་དང་གར་གྱི་ཁུངས། །གར་གྱི་ཐབས་དང་གྲངས་དང་བཅས། །གང་གི་ཀློང་བཞིའི་ཡོན་དངོས་གྲུབ་གསོལ། །སེམས་པའི་དཀྱིལ་མོ་མཉམ་བཞག་ནས། །གཡོན་པའི་ལག་པའི་རྐང་མཐིལ་གླེབ། །གཡས་པ་དེ་སྟེང་མཉམ་བཞག་ལ། །ཀུན་བཀང་ཡིད་ཀྱི་ཕྱག་རྒྱ་ཡིན། །ལག་པ་ཐལ་སྦྱར་སོར་བསྣོལ་ལ། །གུང་མོ་རྩེ་སྤྲད་མཐེའུ་ཆུང་བསྒྲེངས། །མཐེ་བོང་གཉིས་ཀྱང་དེ་བཞིན་སྦྲེང་། །རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་ཡིན། །སོར་མོ་བཞི་པ་བརྒྱད་བསྣོལ་ཏེ། །གཅིག་ལ་གཅིག་མཐུད་ལུ་གུ་རྒྱུད། །མཐེ་བོང་གཉིས་ཀྱང་མཐིལ་དུ་སྤྲད། །དེ་བཞིན་རིགས་ཀྱི་ཕྱག་རྒྱ་ཡིན། །ཐལ་མོ་ཁོང་སྟོང་སྦྱར་བ་ལས། །མཐེ་བོང་བློར་བཞག་མཛུབ་ཟུར་ཅན། །གུང་མོ་སོར་དྲུག་འོད་ལྟར་བཀྲམ། །རིན་ཆེན་རིགས་ཀྱི་ཕྱག་རྒྱ་ཡིན། །ལག་པ་ཐལ་མོ་དེ་ཉིད་ལས། །སོར་མོ་རྩེ་སྤྲད་དབུ་བྱས་ལ། །པདྨ་ཁ་འབུས་ཚུལ་དུ་བྱ། །པདྨ་རིགས་ཀྱི་ཕྱག་རྒྱ་ཡིན། །ལག་གཡས་ཐལ་མོ་དེ་ཉིད་ལས། །སྲིན་ལག་གཉིས་ནི་ནང་དུ་གཞུག །བཞི་པོ་རྩེ་སྤྲད་ཕྱོགས་བཞིར་བགྲད། །ལས་ཀྱི་རིགས་ཀྱི་ཕྱག་རྒྱ་ཡིན། །ཕྱག་རྒྱ་དེ་ཉིད་བཅས་པ་ལས། །བཞི་པོ་རྩེ་སྤྲད་གྱེན་བསྒྲེངས་ནས། །དམ་དུ་བཅུག་སྟེ་བསྒྲེང་བ་ནི། །རིགས་ཀྱི་བུ་ལྔའི་ཕྱག་རྒྱ་ཡིན། །ཐལ་མོ་དེ་ཉིད་མཉམ་སྦྱར་ནས། །སོར་མོ་གཞན་རྣམས་རྒྱབ་ཏུ་བསྣོལ། །མཛུབ་མོ་ཟུར་ཅན་མྱུ་གུའི་ཚུལ། །ས་ཡི་སྙིང་པོའི་ཕྱག་རྒྱ་ཡིན། །གཡས་པའི་མཐེ་བོས་མཐེའུ་ཆུང་མནན། །སོར་མོ་བཅུ་ཕྱར་རལ་གྲིའི་ཚུལ། །གཡོན་པའི་ཤུལ་ལས་བྱས་པ་ནི། །ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཡིན། །ལག་པ་ཐལ་མོ་སྦྱར་ནས་ཀྱང་། །སོར་མོ་སྤེལ་ཏེ་ཡིད་ཙམ་བསྣོལ། །པདྨ་ཁ་རྒྱས་ཚུལ་བཞེན་བྱས། །སྤྱན་རས་གཟིགས་དབང་ཕྱག་རྒྱ་ཡིན། ། གཡས་གཡོན་སོར་བསྣོལ་གུང་མོ་སྦྲེང་། །མཛུབ་མོ་དེ་ལྟར་གུང་མོ་བཟུང་། མཐེ་བོང་གཉིས་ནི་བློར་བཞག་པ། །ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ཡིན། །གཡས་པ་ལས་ཀྱི་ཕྱག་རྒྱ་ལས། །གཡོན་པ་མཛུབ་མོ་མཐེ་བོང་སྤྲད། ། སྙེ་མ་འཛིན་པ་ལྟར་བྱས་པ། །སེམས་དཔའ་ཀུན་བཟང་ཕྱག་རྒྱ་ཡིན། །གཡས་པ་ལག་མཐིལ་ལྟེ་བར་བརྐྱང་། །གཡོན་པ་བརླ་ལ་ས་གནོན་ཚུལ། །པོ་ཏི་འཛིན་པ་ལྟར་བྱས་པ། །སྒྲིབ་པ་རྣམ་སེལ་ཕྱག་རྒྱ་ཡིན། ། ལག་པ་གཡས་པ་ཕྱག་རྒྱ་ཚུལ། །གཡོན་པ་བརྒྱབ་སྟེ་ས་གནོན་ཅིང་། །ཀླུ་ཤིང་འཛིན་པ་ལྟར་བྱས་པ། །བྱམས་པ་མཆོག་གི་ཕྱག་རྒྱ་ཡིན། །ལག་པ་གཡས་གཡོན་རྟིང་སྦྱར་ནས། །སོར་མོ་ཕྱིར་འགྱེད་རྩེ་མོ་བཀུག ། ཨུཏུལ་ཚུལ་དུ་བྱས་པ་ནི། །འཇམ་དཔལ་གཞོན་ནུའི་ཕྱག་རྒྱ་ཡིན། །ལག་པ་ཁུ་ཚུར་སྐུར་བསྟེན་ནས། །འགྱིང་བའི་ཚུལ་གྱིས་གནས་པ་ལ། །འཛུམ་ཞིང་བསྟེན་པ་གཡས་སུ་འདུད། །ལ་པྱེ་སྒེག་མོའི་ཕྱག་རྒྱ་ཡིན། ། ལག་པ་གཡས་གཡོན་མཐེ་མཛུབ་སྤྲད། །གཡོན་པ་ཕྲེང་བ་འཛིན་པ་ལ། །གཡས་པ་སྨིན་མཚམས་འདྲེན་པ་ནི། །མ་མྱི་ཕྲེང་བ་བརྒྱ་འདྲེན་བརྒྱ། །གཡོན་པ་རིན་ཆེན་ཕྲེང་བ་ལ། །སོར་མོས་མཐེ་འུ་གནོན་པ་ལས།གཡས་པས་རྡེག་པ་ལྟར་བྱས་པ། །དབྱངས་མཁན་མ་ཡི་ཕྱག་རྒྱ་ཡིན། །གཡོན་པ་ཐལ་མོ་བཀན་པ་ལས། །གཡས་པ་སྟེང་དུ་ལྡོག་བསྣོལ་ཏེ། །འཁྱིལ་བའི་ཚུལ་གྱིས་བསྐྱོད་པ་ནི། །གར་མཁན་མ་ཡི་ཕྱག་རྒྱ་ཡིན། །ལག་པ་གཡོན་པ་གུང་མོ་ནས། །གཡས་པ་འདེགས་པ་ལྟར་བྱས་པ། །གཡོན་པ་སྤོས་ཕོར་ཚུལ་དུ་བྱས། །དུ་པེ་ཚིམ་བྱེད་ཕྱག་རྒྱ་ཡིན། །ལག་པ་གཡས་གཡོན་ཐ་པ་སྦྱོར་ཡིས། །སྙིམ་པ་ཡིད་ཙམ་བཀང་བ་ལས། །འཐོར་བས་ཐབས་སུ་བསྐྱོད་པ་ནི། །པུརྨྱེ་མེ་ཏོག་འཐོར་བའི་རྒྱ། ། ལག་པའི་གཡས་གཡོན་སྙིམ་པ་ལས། །མཐེའུ་ཆུང་གཉིས་ནི་དཀྱིལ་ནས་བསྒྲེངས། །གཤིབས་ཏེ་གྱེན་དུ་བསྟན་པ་ནི། །ཞུགས་པར་ཨ་ལོ་ཀེ་ཡི་རྒྱ། །ལག་པ་གཡོན་པ་བསྐྱོད་པ་ལས། །གཡས་པས་སྲིན་མཐེབ་ཕྱག་རྒྱ་ཡིས། །གཏོར་བའི་ཚུལ་དུ་བྱས་པ་ཡིན། །གརྙེ་དྲི་ཡི་ཕྱག་རྒྱ་ཡིན། །ལག་པ་ཁུ་ཚུར་བཅས་ནས་ནི། །ནིར་འགོ་ག་ཡི་ཕྱག་རྒྱ་ཡིས། །རྡེབས་པའི་ཚུལ་བྱས་ཕྱར་བ་ནི། །གཤིན་རྗེ་གཤེད་ཀྱི་ཕྱག་རྒྱ་ཡིན། །གཡོན་པ་བསྡིགས་པའི་ཕྱག་རྒྱ་ལས། །གཡས་པ་རྡོ་རྗེ་བེ་ཅོན་གྱི། །རྡེག་པའི་ཚུལ་དུ་བྱས་པ་ནི། །སྟོབས་པོ་ཆེ་ཡི་ཕྱག་རྒྱ་ཡིན། །རྟ་མགྲིན་དཔལ་ནི་རྟ་ཡི་རྒྱ། །ཡང་ན་གཡོན་པ་ཐོད་ཁྲག་ལ། །གཡས་པ་སྦྲུལ་ཞགས་བསྣམས་པ་ནི། །ཧ་ཡ་གྲི་བའི་ཕྱག་རྒྱ་ཡིན། །ལག་པ་གཡས་གཡོན་བསྣོལ་བ་ལ། །རྡོ་རྗེ་རྒྱ་གྲམ་ཚུལ་དུ་བྱས། །འགྱིང་བའི་ཚུལ་དུ་བྱས་པ་ནི། །བདུད་རྩི་འཁྱིལ་བའི་ཕྱག་རྒྱ་ཡིན། །མཛུབ་མོ་ལྕགས་ཀྱུ་ལྟར་བྱས་པ། །མི་འཕམ་མ་ཡི་ཕྱག་རྒྱ་ཡིན། །ཞགས་པ་བསྡམས་པ་ལྟར་བྱས་པ། ཁྲོ་གཉེར་མ་ཡི་ཕྱག་རྒྱ་ཡིན། །འཁྱུད་པས་ལྕགས་སྒྲོག་ལྟར་བྱས་པ། །རོ་ལངས་མ་ཡི་ཕྱག་རྒྱ་ཡིན། །དྲིལ་བུ་འཁྲོལ་བ་ལྟར་བྱས་པ། །རལ་གྲི་མ་ཡི་པྱག་རྒྱ་ཡིན། །པི་ཝང་འདེབས་པ་ལྟར་བྱས་པ། །ལྷ་ཡི་ཐུབ་པའི་ཕྱག་རྒྱ་ཡིན། །ཆོ་ག་སྡོམ་པ་ལྟར་བྱས་པ། ། ལྷ་མིན་ཐུབ་པའི་ཕྱག་རྒྱ་ཡིན། །སྲེག་པར་འཛིན་པ་ལྟར་བྱས་པ། །མི་ཡི་ཐུབ་པའི་ཕྱག་རྒྱ་ཡིན། །པོ་ཏི་ཅོད་པན་ཕྱག་རྒྱ་ནི། །བྱོལ་སོང་ཐུབ་པའི་ཕྱག་རྒྱ་ཡིན། །རིན་ཆེན་སྒྲོམ་བུ་ཁ་འབྱེད་ནི། །ཡི་དྭགས་ཐུབ་པའི་ཕྱག་རྒྱ་ཡིན། །མེ་འབར་ཆུ་ལྡུགས་ལག་གཉིས་ནི༷ ། །དམྱལ་བའི་ཐུབ་པའི་ཕྱག་རྒྱ་ཡིན། །ཕྱག་རྒྱའི་མཆོད་པ་སྣ་ཚོགས་ཀྱི། །དཀྱིལ་འཁོར་ཐུགས་དམ་སྐོངས་གྱུར་ཅིང་། །རྒྱལ་སྲས་མཆོད་པས་མཉེས་གྱུར་ནས། །མཐར་ཕྱིན་དངོས་གྲུབ་བསྩལ་དུ་གསོལ། །ཨཱོཾ་མུ་ཏྲ་ཙ་རི་པྲུ་ཙ་གྲྭ་ཧྭ། ཞེས་མ་ནོར་བར་འབུལ། དེ་ནས་སེམས་དཔའ་བཅུ་དྲུག་གི་མཆོད་པ་འདི་སྐད་དོ། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །རྡོ་རྗེ་ཆགས་པ་འབེབས་པ་ཆེ། །རྡོ་རྗེ་ལེགས་པ་བླ་ན་མེད། །རྡོ་རྗེ་རིན་ཆེན་དྲི་མ་མེད། །རྡོ་རྗེ་ཉི་མ་གསལ་བ་ཆེ། །རྡོ་རྗེ་བཞད་པ་ཐབས་ཆེན་པོ། །རྡོ་རྗེ་གསང་མཆོག་གསང་བ་ཆེ། །རྡོ་རྗེ་འཁོར་ལ་ཡིད་སྤྱིན་སྐོར། །རྡོ་རྗེ་རྣོན་པོ་ཐོགས་པ་མེད། །རྡོ་རྗེ་སྨྲ་བ་གསུང་པ་ཆེ། །རྡོ་རྗེ་ལས་རབ་འདུལ་མཁས་པ། །རྡོ་རྗེ་གནོན་འདུལ་གདུག་པ་སེལ། །རྡོ་རྗེ་གོ་ཆ་དཔའ་བོ་སྟེ། །རྡོ་རྗེ་ཁུ་ཚུར་ལེགས་པ་ཆེ། །སེམས་དཔའ་ཆེན༷་པོའི་མཆོད་པ་ཡིས། །ཕྱག་རྒྱ་ཆེ༷ན་པོ་མཉེས་གྱུར་ཏེ། །མ་ལུས་ད༷གོངས་ཏེ་ཐུགས་དམ་སྐོངས། །རྩ་༷བའི་སྔགས་བརྗོད་སེམས་དཔའ་གཞན་ཡང་མཆོད། དེ་ནས་སེམས་མ་བཅུ་དྲུག་གི་མཆོད་པ་འདི་སྐད་དོ། །ཨཱོཾ་སུ་ར་ཏོ་བཛྲ་མ་ནོ་བ་བྷ་ཧྲི། ཨཱོཾ་སུ་ར་ཏོ་བཛྲ་ཀི་ལི་ཀི་ལ་ཧུ༷། ཨཱོཾ་སུ་ར་ཏོ་བཛྲ་མེ་གེ་ཏང་ཏང་། ཨཱོཾ་སུ་ར་ཏོ་བཛྲ་གསྟེ་ཧུ༷། བདེ་བ་ཟ་བྱེད་ཡབ་ཡུམ་ཕྱག་རྒྱར་གསལ། །བདེ་བ་རྨོངས་བྱེད་གཉིས་སུ་མེད་པར་བསྐྱོད། །བདེ་བ་རྒྱ༷ས་འདེབས་དཀྱིལ་འཁོར་འཁོར་ལོ་རྫོགས། །བདེ་བ་ཚེ་འཕེལ་སྐྱེ་ཤི་མེད་པའི་ངང་། །ཨཱོཾ༷་ཧེ་མ་ཧྭ་སུ་ར་ཏ་བཛྲ་བྱི་མ་ལ་སེ་ན་ཏྲ་ཏྲ་ཏྲ་ཏ། ཨཱོཾ༷་ཧེ་མ་ཧྭ་སུ་ར་ཏོ་བཛྲ་ཧ་སེ་ཧ་ཧ། ཨཱོཾ༷་ཧེ་མ་ཧྭ་སུ་ར་ཏོ་བཛྲ་གིརྟི་ཏེ་ཏེ། ཨཱོཾ་ཧ་མ་ཧྭ་སུ་ར་ཏོ་བཛྲ་ནི་ར་ཏི་པེ་པེ། རྡོ་རྗེ་སྒེག་མོ་བྱང་ཆུབ་སེམས་ཀྱི་ངང་། །རིན་ཆེན་དཔལ་ཕྲེང་གཟུངས་དང་ཏིང་ངེ་འཛིན། །པདྨ་དབྱངས་མཁན་གསུང་རབ་རྒྱ་མཚོ་སྒྲོགས། །ལས་ཀྱི་གར་མཁན་འཕྲིན་ལས་རྒྱ་མཚོ་སྒྲོལ། །ཨཱོཾ༷་སུ་ར་ཏོ་བཛྲ་མ་དུ་ཀ་ར་གུང་གུང་། ཨཱོཾ༷་སུ་ར་ཏོ་བཛྲ་མེ་ཀེ་ཏྲ༷་ཏྲ༷། ཨཱོཾ༷་སུ་ར་ཏོ་བཛྲ་ཤ་ར་ཏ་ཨ་ཨ། ཨཱོཾ༷་སུ་ར་ཏོ་བཛྲ་ཤ་རི་ཧོ། རྡོ་རྗེ་བདུག་པ་མས་ནི་བྱང་ཆུབ་སེམས་ཉིད་འདོད་པའི་ང༷ང་། །རྡོ་རྗེ་མེ་ཏོག་མས་ནི་དཀྱིལ་འཁོར་གསལ༷་བར་འཐོར། །རྡོ་རྗེ་མར་མེ་མསནི་༷དཀྱིལ་འཁོར་གསལ་བར་སྒྲོགས། །རྡོ་རྗེ་དྲི་ཆབ་མས་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེ་སྤྲོ། ཨཱོཾ༷་སུ་ར་ཏོ་བཛྲ་མ་ཧྭ་བི་ཤ་རུ་བེ་ཛྲ་ཛྲ། ཨཱོཾ་སུ་ར་ཏོ་བཛྲ་མ་ཧྭ་ཤ་པ་ཏ་ན་སུ་ར་ཀེ་ཧུ༷་ཧུ༷། ཨཱོཾ་སུ་ར་ཏོ་བཛྲ་མ་ཧྭ་ར་པྱ་བ༷་བ༷། ཨཱོཾ་སུ་ར་ཏོ་བཛྲ་མ་ཧྭ་གརྙེ་སུ་ཀ་ཧོ། ཐུགས་རྗེ་ལྕགས་ཐུགས་ཀྱི་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་དྲངས་ནས། །བཀའ་ཡི་ཕོ་ཉ་ལྕགས་སྒྲོག་གནས་བསྐྱོད་ནས། །འདིར་གཤེགས་རྟོག་བྲལ་ནས་ནི་དགྱེས་པ་བསྐྱེད། །ཞེས་ཏིང་ངེ་འཛིན་དང་མཐུན་པར་སྦྱར་རོ། །དེ་ནས་འདོད་པའི་ཡོན་ཏན་ལྔའི་མཆོད་པ་འདི་སྐད་དོ། །གཟུགས་ཀྱི་ལྷ་མོའི་མཆོད་པ་ནི། གཟུགས་མཛེས་གསལ་བའི་མེ་ལོང་བསྣམས། །མཛེས་པ་གཟུགས་ཀྱི་མཆོད་པ་འབུལ། །སྦྱན་གྱི་དགྱེས་པས་མཉེས་གྱུར་ཅིག །སྒྲ་ཡི་ལྷ་མོའི་མཆོད་པ་ནི། །ཕྱག་གཉིས་དབྱངས་སྙན་པི་ཝ༷་བསྣམས། །སྙན་པའི་རོལ་མོ་པི་ཝ༷་འབུལ། སྙན་པའི་དགྱེས་པས་མཉེས་གྱུར་ཅིག །དྲི་ཡི་ལྷ་མོའི་མཆོད་པ་ནི། །ཕྱག་ན་ཚིམ་བྱེད་སྤོས་ཕོར་བསྣམས། །དྲི་མཆོག་སྣ་ཚོགས་མཆོད་པ་འབུལ། ཁྲངས་ཀྱི་དགྱེས་པས་མཉེས་གྱུར་ཅིག །རོ་ཡི་ལྷ་མོའི་མཆོད་པ་ནི། །སྣོད་མཆོག་ཞལ་ཟས་སྣ་ཚོགས་བསྣམས། །བདུད་རྩི་རོ་མཆོག་སྣ་ཆོགས་ཀྱི། །ལྗགས་ཀྱི་དགྱེས་པས་མཉེས་གྱུར་ཅིག །རེག་བྱའི་ལྷ་མོའི་མཆོད་པ་ནི། །ནམ་མཁའ་པརྩི་ལི་ཀ་བསྣམས། །དྲོ་འཇམ་བསིལ་རེག་བདེ་བའི་ས། །སྐུ་ལ་དགྱེས་པས་མཉེས་གྱུར་ཅིག །ཞེས་སྔགས་དང་ཕྱག་རྒྱ་དང་ལྡན་པས་༷མཆོད་དོ། །དེ་ནས་ཀུན་ཏུ་བཟང་པོའི་མཆོད་པ་འདི་སྐད་དོ། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཀྱི། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོད་དོ་རོལ། །ཨཱོཾ་སྲི་བྷ་ཏྲ་སརྦ་ཏ་ཐུ་ག་ཏེ་སྨྱོ། བི་ཤཱ་མུ་ཁེ་སྟེ། སརྦ་ཐ་ཁང་ཨུད་ག་ཏེ་སྤ་ར་ན་ཨི་མ༷་ག་ག་ན་ཁ༷་གྲྭ་ཧྭ། ཞེས་བལྟ་བར་ཡངས་པར་བྱའོ། །དེ་ནས་བདེ་བ་ཡངས་པའི་མཆོད་པ་འདི་སྐད་དོ། །བདེ་བ་ཆེན་པོ་དག་ན་གང་གནས་པ། །རྟག་པ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ། །བདེ་བ་ཁམས་གསུམ་དག་ལས་འདས། །བྱང་ཆུབ་སེམས་དཔའ་རིན་པོ་ཆེ། །སྟོང་པས་བཙལ་ཀྱང་རྙེད༷་པར་ག་ལ་འགྱུར། །ཐིག་ལེ་ཆེན་པོར་ཆུབ་པར་གནས་པ་ལ། །ཡེ་ཤེས་སྙིང་པོ་འདི་ལས་གཞན་ན་མེད། །འཁོར་བ་མྱ་ངན་ལས་འདས་སྐྱེ་ཤི་མེད་པའི་དབྱིངས། །བདེ་བ་ཆེན་པོའི་དབྱིངས་ལས་རྣམ་པར་རོལ། །ཨཱོཾ་ཇི་ལྟར་བདེ་བས་ཇི་ལྟར་རོལ། །བདེ་མཆོག་བདེ་དང་མི་གཉིས་བདེ། །སྲིད་པ་ངན་ ་ད ་བྱའི་ཕྱིར མི་སྲིད་དབྱིངས་སུ་མཉམ་ ར་ནས །བཙོམ་ ན་་་རྗེ་སེམས་དཔའ་དང་། །དཀྱིལ་འཁོར་རྒྱལ་སྲས་བཅས་པ་ལ། །དམ་ཚི ་མཆོད་པ་འདི་འབུལ་ན། །ནམ་མཁའ་་་རྗེ་བསྩལ་ ་དོ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །ཕྱི་ནང་སྣོད་བཅུད་མ་ལུས་ཀུན། །སངས་རྒྱས་ཞིང་རྣམས་གྲོལ་བ་ཡི། །འཛིན་བྱེད་ཆགས་དང་བྲལ་བ་ཡི། །འཁོར་བའི་ཆོས་ལ་ཀུན་སྒྲོལ་བས། །ཐབས་ལྡན་མྱ་ངན་འདས་པའི་དཀྱིལ་འཁོར་དགོད། །རྟོག་བྲལ་བག་ཆགས་མེད་པ་ལ། །འདི་ཞེས་མཚོན་དུ་མེད་པ་ཡིས། ཁྲེས་རབ་ཤིན་ཏུ་རྣམ་པར་རོལ། །བློ་ཆེན་པོ་དང་འཆང་བའི་བདག །བྱང་ཆུབ་ཉིད་དེ་རྣམ་གྲོལ་བས། །ཐབས་ལྡན་གྲོལ་བའི་མཆོད་པ་འབུལ། །གཉིས་མེད་དོན་གྱི་ཚངས་པ་བསྩལ་དུ་གསོལ། །དེ་ནས་འཁོར་ཡོངས་སུ་དག་པའི་མཆོད་པ་འདི་སྐད་དོ། །མ་ཆགས་པ་ལ་ཆགས་པ་མེད། །བདག་མེད་རྟོགས་པ་མྱ་ངན་འདས། །འཛིན་མེད་དབྱིངས་ལ་ཡེ་ཤེས་རོལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཕགས་པ་རྣམས་ལ་འབུལ་ལགས་ཀྱིས། །བུ་དང་ཆུང་མ་བུ་མོ་དང་། །ནོར་ལ་དབྱིག་དང་སྦས་པའི་གཏེར། །བླ་མ་རྣམས་ལ་འབུལ་ལགས་ཀྱིས། །རྟ་མཆོག་རྒྱན་བཞིན་བརྒྱན་པ་དང་། །དུད་འགྲོ་གླང་ཆེན་ནི་ཤ་དང་། །འདབ་ཆགས་བྱ་ལ་སོགས་པ་ཡང་། །འཁོར་བཅས་རབ་འབར་བཞེས་སུ་གསོལ། །སྡུག་བསྔལ་ལ་ཡང་སྡུག་བསྔལ་མེད། །འཁོར་བ་ལ་ཡང་འཁོར་བ་མེད། །མ་ལུས་འབུལ་ཏེ་བཞེས་མཛད་ལ། །འཁོར་བའི་ཁྲི་མུན་སྟོངས་པར་མཇོད། །དེ་ནས་གཉིས་སུ་མེད་པའི་མཆོད་པ་འདི་སྐད་དོ། །རང་བཞིན་དཀྱིལ་འཁོར་སྤྱན་དྲངས་ནས། །གཟུགས་བརྙན་དཀྱིལ་འཁོར་གསལ་བྲིས་ཏེ། །ཏིང་འཛིན་དཀྱིལ་འཁོར་གསལ་བསྒོམས་ནས། །བདེ་གཤེགས་མཆོད་འབུལ་བཞུགས་པ་རྣམས། །གཉིས་མེད་དབྱིངས་ཀྱི་སྦྱོར་བ་ཡིས། །དམ་ཚིག་ཐུགས་དམ་གཙོར་སྐོངས་ཏེ། །གཉིས་སུ་མེད་པར་མཆོད་པ་འབུལ། །འཁོར་བ་དང་ནི་མྱ་ངན་འས། །གཉིས་སུ་འཕགས་པ་ཅང་མི་གསུངས། །དབྱེར་མེད་རང་ཞིན་གཅིག་པའི་ཕྱིར། །གཉིས་མེད་མཆོད་པ་བཞེས་སུ་གསོལ། །ཉོན་མོངས་ལ་སོགས་དུག་ལྔ་རྣམས། །ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ཏེ། །ཐབས་དང་ཤེས་རབ་རོལ་པ་ལས། །གཉིས་མེད་མཆོད་པ་བཞེས་སུ་གསོལ། །མི་མཉམ་འཁོར་བའི་སྡུག་བསྔལ་སོལ། །དེ་ནས་མཉམ་པར་བཞག་པའི་མཆོད་པ་འབུལ་བ་འདི་སྐད་དོ། །མཉམ་ཉིད་མི་གཡོ་མཉམ་ཉིད་སངས་རྒྱས་པའི། །རང་རྟགས་མཚན་མའི་སྤྱོད་པ་ངང་གིས་མེད། །གཟུང་འཛིན་མཚན་མ་ཀུན་ལས་འདས་པ་ཡི། །མཉམ་པ་ཆེན་པོའི་མཆོད་པ་རྣམ་པར་རོལ། །ལོག་རྟོག་སྒྱུ་མར་སྣང་བའི་སེམས་ཅན་དང་། །ཡེ་ཤེས་སྒྱུ་མར་སྣང་བའི་སངས་རྒྱས་གཉིས། །ཡེ་ཤེས་ལོག་རྟོག་ཁྱད་པར་བསམ་ཡས་ཀྱང་། །སྒྱུ་མ་ཡིན་པར་རང་བཞིན་ཡོངས་ཀྱིས་མཉམ། །མཉམཔཆེནཔོའིམཆོདཔ་བཞེས་སུ་གསོལ། །རྣམ་པར་རྟོག་མེད་དུས་སུམ་རྒྱལ་བའི་སྐུ། །ང་རྒྱལ་ཉོན་མོངས་དུག་ལྔ་རང་དག་ཀྱང་། །དོན་མེད་གསལ་བའི་སྐྱེས་བུ་གཉིས་སུ་མེད། །མཉམ་པ་ཆེན་པོའི་མཆོད་པ་བཞེས་སུ་གསོལ། །རིག་དང་མ་རིག་སྒྱུ་མའི་ཁྱད་པར་ལས། །ལྷུན་གྱིས་གྲུབ་པའི་ངང་ལས་རྩལ་མེད་པ། །གཉིས་མེད་དོན་གྱི་ངང་དུ་གཅིག་པའི་ཕྱིར། །མཉམ་པར་བཞག་པའི་མཆོད་པ་བཞེས་སུ་གསོལ། །དེ་ནས་ལྷུན་གྱིས་གྲུབ་པའི་མཆོད་པ་འབུལ་བ་འདི་སྐད་དོ། །ཕུང་པོ་ལྷ་ཡི་དཀྱིལ་འཁོར་དུ། །ཕྱག་རྒྱ་ཆེན་པོ་ལྷུན་གྱིས་གྲུབ། །ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ། །ཐམས་ཅད་མ་ལུས་ལྷུན་གྱིས་གྲུབ། །བྲོ་གར་འདུ་འཕྲོ་ལ་སོགས་པ། །འཛུལ་ལམ་ནམ་མཁར་འགྲོ་བ་དང་། །གར་ཡང་ཐོགས་པ་མེད་པ་ཡི། །མཁའ་འགྲོ་ཆེན་པོར་ལྷུན་གྱིས་གྲུབ། །སྒྲ་རུ་གྲགས་པ་ཇི་སྙེད་དང་། །ཚིག་དང་ཡི་གེ་ཐམས་ཅད་ལས། །གསུང་གི་ཕྱག་རྒྱ་ལྷུན་གྱིས་གྲུབ། །བཟའ་བཏུང་ལོངས་སྤྱོད་ཐམས་ཅད་ཀྱི། །སྐུ་དང་བདུད་རྩི་ཐམས་ཅད་འགྲུབ། །ཆོས་ཉིད་ལྷ་མོ་ལྷང་ངེར་གསལ། །བདེ་ཆེན་རྒྱལ་པོ་ལྷུན་གྱིས་གྲུབ། །ལྷུན་གྲུབ་མཐར་ཕྱིན་མཆོད་པ་བཞེས། །བསྒྲུབས་པའི་འབྲས་བུ་རྫོགས་པར་མཛོད། །ཚོགས་རྒྱུད་ཆེན་པོ་ལས་ཕྱི་གཟུགས་ཀྱི་མཆོད་པ་ཕུལ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བསྒྲལ་བའི་མཆོད་པ་ལས། མཆོད་པ་རྣམ་པ་ལྔ་སྟེ། གང་བསྒྲལ་བ་དང་། གང་གིས་བསྒྲལ་བ་དང་། གང་དུ་བསྒྲལ་བ་དང་། དོན་ཅིའི་ཕྱིར་བསྒྲལ་བ་དང་། །མ་བསྒྲལ་བའི་སྐྱོན་ནོ། །དེ་ལ་གང་བསྒྲལ་ན་ཞིང་བཅུར་གྱུར་པ་བསྒྲལ་ཏེ།དཀོན་མཆོག་གསུམ་གྱི་སྐུ་དགྲར་གྱུར་པ་དང་། ངན་པའི་ངང་ཚུལ་ཅན་ལ་སོགས་ཏེ། བཅུ་པོ་དེ་བསྒྲལ། དེ་གང་གིས་བསྒྲལ་ན། ཐབས་མཁས་པའི་སྐྱེས་བུ་ཆེན་པོས། ལྷའི་དཀྱིལ་འཁོར་དང་གཉིས་སུ་མེད་པར་བསྒྲལ་ལོ། །གང་དུ་བསྒྲལ་ན། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཡུམ་གྱི་མཁའ་ལ་བསྒྲལ་ལོ། །དོན་ཆེད་ཅིའི་ཕྱིར་བསྒྲལ་ན། དེ་མནར་མེད་པར་ལྟུང་བར་ངེས་པས། དེ་མཐོ་རིས་སུ་གདོན་མི་ཟ་བའི་ཆེད་དུ་ཐུགས་རྗེ་ཆེན་པོས་བསྒྲལ་ལོ། །དེ་མ་བསྒྲལ་བའི་སྐྱོན་ནི། རྡོ་རྗེ་ཐེག་པའི་བཀའ་འཇིག་ཅིང་། རྣལ་འབྱོར་པའི་ཆོས་སྤྱོད་ནུབ་ནས། རྒྱལ་ཁམས་ཕུང་བར་འགྱུར་བའི་སྐྱོན་ཡོད་དོ།༷།དེ་ལ་བསྒྲལ་བའི་དགོངས་པ་ནི། བདག་ཉིད་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ་གསལ་བ་བྱས༷ ་ལ། དཀྱིལ་འཁོར་ཆེན་པོར་སྦྱན་དྲངས་ཏེ། འཁོར་ཞེ་སྡང་གཅོད་པའི་རྒྱས་གདབ་བྱས་ལ། དང་པོར་ཡི་གེ་ར༷་དང་ཨཱོཾ་དང་ཁེ་གིས་སྲེག་སྦྱངས་ཚུལ་བཞིན་བྱས་ལ། དང་པོ་མཚོན་ཆ་ལྔ་ཡིས་ཆར་ཕབ་སྟེ། ཙཀྲ་ཨོ་ཞེས་བརྗོད་པས། འཁོར་ལོ་སྤྱི་བོའི་གཙུག་ཏུ་བརྒྱབས་པས་གཏི་མུག་ག༷ནས་སུ་བཅོམ། ཙཀྲ་ཧུ༷་ཞེས་བརྗོད་པས། རྡོ་རྗེ་སྙིང་ཁར་བརྒྱབས་པས་ཞེ་སྡང་གནས་སུ་དག་པར་བཅོམ། ཙཀྲ་བྲུ༷་ཞེས་བརྗོད་པས་རིན་པོ་ཆེ་ལྟེ་བར་བརྒྱབས་པས་ང་རྒྱལ་གནས་སུ་དག་པར་བཅོམ། ཙཀྲ་ཨཱོཾ་ཞེས་བརྗོད་པས། པདྨ་ལྕེ་ལ་བརྒྱབས་པས་འདོད་ཆགས་གནས་སུ་དག་༄༅ པར་བཅོམ། ཙཀྲ་ཧ་ཞེས་བརྗོད་པས། རལ་གྲི་རྐང་མཐིལ་དུ་བརྒྱབས་པས་ཕྲག་དོག་གནས་སུ་དག་པར་བསམ། རྣམ་པར་ཤེས་པར་སེམས་ཡི་གེ་ཧུ༷་དུ་བསྒྱུར། ཟླ་བའི་དཀྱིལ་འཁོར་སྟེང་དུ༷་བཞག །འོག་ཏུ་ཡ༷་ལས་རླུད་གི་དཀྱིལ་འཁོར་གྱིས་བཏེག །ཡབ་ཡུམ་སྦྱོར་བའི་མཚམས་སུ་འཕང་། སྒལ་ཚིགས་གསལ་བའི་རྟ་བརྒྱུད། བྱང་ཆུབ་སེམས་དང་འདྲེས་ཏེ། རིགས་ངེས་པའི་སྲས་སུ་བསྐྱེད། ཨཱོཾ་ཨུ༷༷ཧཱུཾ༷་གསུམ་གྱིས་བྱིན་གྱིས་བརླབས། སླར་འཁོར་བར་མི་ལྟུང་བའི་ཕྱིར། རྡོ་རྗེ་རྒྱ་གྲམ་གྱིས་ཁ་བཅད་དེ་བཞག་པའི་དགོངས་པའོ། །དེའི་ཕྲིན་ལས་ནི། སེམས་ཅན་ཁྱོད་ཀྱི་སྤྱི་བོ་ན། །ཡི་གེ་ཨ་གཅིག་ཡོད་པ་ནི། །ལྷ་ཡི་འཆི་འཕོ་གནས་ཡིན་ཏེ། །ལྷ་ཡི་གནས་སུ་ཁྱོད་མི་བཏང་། ཨཱོཾ༷་ལས་ཨཱོཾ་ལྡན་འོད་ལྡན་བསྒོམ། །ཨཱོཾ༷་ལས་རྣམ་པར་སྣང་མཛད་སྐུ། །ཕྱག་རྒྱ་བཞི་དང་ལྡན་བསྒོམས་ནས། །རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར། །ཀུན་ཏུ་བཟ༷ང་པོའི་ཞལ་ནས་གསུངས། །སེམས་ཅན་ཁྱོད་ཀྱི་ལྕེ་སྟེང་ནས། །ཡི་གེ་པྲེ་ཞིག་གནས་པ་ནི། །ཡི་དྭགས་བཀྲེས་སྐོམ་ལས་ཡིན་ཏེ། །བཀྲེས་སྐོམ་གནས་སུ་ཁྱོད་མི་བཏང་། །པྲེ་ལས་ཨུ༷་དམར་འོད་ ན་བ་མ ཨཱོཾ་ལས་ ང་བ་མཐའ་ཡས་ ཕྱ ་རྒྱ་བ ་ ་བ་མས་བྱས་ ས ཁྱོ ་ང་རྒྱལ་བའི་སྲས་སུ་ ར སེམས་ཅ ་ཁྱོ ་ཀྱི་ ང་ཁ་ ཡི་ ་དྲི་ ་ ས་པ་ང དྲི་ང་མི་ཡི་ ་བསྔལ་ལས། །སྡུག་བསྔལ་གནས་སུ་ཁྱོད་མི་བཏང་། །དྲི་ལས་ཧུ༷་མཐིང་འོད་ལྡན་བསྒོམ། །ཧུ༷་ལས་རྡོ་རྗེ་སེམས་དཔའི་སྐུ། །ཕྱག་རྒྱ་བཞི་དང་ལྡན་བསྒོམས་ནས། །ཁྱོད་ནི་རྒྱལ་བའི་སྲས་ཡིན་ནོ། །སེམས་ཅན་ཁྱོད་ཀྱི་ལྟེ་བ་ན། །བྱོལ་སོང་བླུན་ཞིང་གཏི་མུག་ལམ། །གཏི་མུག་གནས་སུ་ཁྱོད་མི་བཏང་། །སུ་ལས་ས་སེར་འོད་ལྡན་བསྒོམ། །ས་ལས་རིན་ཆེན་འབྱུང་ལྡན་སྐུ། །ཕྱག་རྒྱ་བཞི་དང་གསལ་བྱས་ན། །ཁྱོད་ནི་རྒྱལ་བའི་སྲས་པོ་འོ། །སེམས་ཅན་ཁྱོད་ཀྱི་གསང་བ་ན། །ཡི་ ་གེ་ཏྲི་གཅིག་གནས་པ་ནི། །དམྱལ་བ་བཙོ་སྲེག་གནས་ཡིན་ཏེ། །བཙོ་སྲེག་གནས་སུ་ཁྱོད་མི་བཏང་། །ཏྲི་ཡི་སྟེང་དུ་ཧ་ཞིག་བསྒོམ། །ཏྲི་ལས་ཧ་ལྗང་འོད་ལྡན་ལ། །ཆོ་ག་རྣམས་གསུམ་འཕྲོ་འདུ་ལས། །དོན་ཡོད་གྲུབ་པ་རྒྱལ་པོའི་སྐུ། །ཕྱག་རྒྱ་བཞི་དང་ལྡན་པར་བསྒོམ། །རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར། །བཅོམ་ལྡན་འདས་ཀྱིས་ཞལ་ནས་གསུངས། །འདིས་ཀྱང་སྤོར་བའི་ལས་མཛོད་ཅིག །གཞན་ཡང་འཕྲིན་ལས་རྣམ་བཞི་དང་། །བརྟུལ་ཞུགས་ཆེན་པོའི་མཆོག་རྣམས་ཀྱིས། །སྤར་དང་སྤོར་བའི་ལས་མཛོད་ཅིག །དེ་ནས་ཐུགས་དམ་རྒྱུད་བསྐུལ་འདི་སྐད་དོ། །རྡོ་རྗེ་ཁྲོ་རྒྱལ་དཔལ་ཆེན་ཧེ་རུ་ འི ངན་་ ་ ་ ང་ཁྲོ་ཚུལ་མི་མངའ་ཡང་ ་ཁྲོ་ ་པ་མ་ལུས་ ལ་བའི་ཕྱིར ཐུ སརྗེཆེནཔོས་ལབའི་ཕྲིན་ལས་མཛོད འབར་བའི་དཀྱིལ་འཁོར་ ན་ལ་མཆོད་པ་ནི ་མོ་རིན་ཆེན་ཕྲེང་ཐོགས་དབྱངས་དང་གར། །སྤོས་ཀྱི་སྤྲིན་མཆོག་མར་མེ་དྲི། །ཧུ༷་མཛད་ཧུ༷་ལས་ཧེ་སྟེ་བཞེས་སུ་གསོལ། །བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ །བསྒྲལ་བའི་རྣམ་ཤེས་མཆོད་པར་འབུལ། །རྡོ་རྗེ་རིགས་ཀྱི་ཐུགས་དམ་སྐོངས་གྱུར་ཅིག །ཡོན་ཏན་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བཅོམ་ལྡན་དཔལ་ཆེན་བུརྙ་ཧེ་རུ་ཀ །བསྒྲལ་བའི་གཟུགས་ཀྱི་ཕུང་པོའི་མཆོད་པ་འབུལ། །དེ་བཞིན་རིགས་ཀྱི་ཐུགས་དམ་སྐོངས་གྱུར་ཅིག །སྐུ་ཡི་དངོས་གྲུབ་དུས་འདིར་བསྩལ་དུ་གསོལ། །བཅོམ་ལྡན་དཔལ་ཆེན་རཏྣ་ཧེ་རུ་ལ། །བསྒྲལ་བའི་ཚོར་བའི་ཕུང་པོའི་མཆོད་པར་འབུལ། །རིན་ཆེན་རིགས་ཀྱི་ཐུགས་དམ་སྐོངས་གྱུར་ཅིག །ཡོན་ཏན་དངོས་གྲུབ་དུས་འདིར་བསྩལ་དུ་གསོལ། །བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ལ། །བསྒྲལ་བའི་འདུ་ཤེས་ཕུང་པོའི་མཆོད་པར་འབུལ། །པདྨ་རིགས་ཀྱི་ཐུགས་དམ་སྐོངས་གྱུར་ནས། །གསུང་གི་དངོས་གྲུབ་དུས་འདིར་བསྩལ་དུ་གསོལ། །བཅོམ་ལྡན་དཔལ་ཆེན་ཀརྨ་ཧེ་རུ་ལ། །བསྒྲལ་བའི་འདུ་བྱེད་ཕུང་པོ་མཆོད་པར་འབུལ། །སྣ་ཚོགས་རིགས་ཀྱི་ཐུགས་དམ་སྐོངས་གྱུར་ནས། །འཕྲིན་ལས་དངོས་གྲུབ་དུས་འདིར་བསྩལ་དུ་གསོལ། །ཡུམ་ཆེན་བཛྲ་ཀྲོ་ཏི་ཤྭ་རི་མ། །བསྒྲལ་བའི་བཀྲག་དང་མདངས་ཀྱིས་མཆོད་པར་འབུལ། །རྡོ་རྗེ་དབྱིངས་ཕྱུག་ཐུགས་དམ་སྐོངས་གྱུར་ནས། །ནམ་མཁའ་དབྱིངས་ཕྱུག་དངོས་གྲུབ་བསྩལ་དུ་གསོལ། །ཡུམ་ཆེན་བུརྙ་ཀྲོ་ཏི་ཤྭ་རི་ལ། །བསྒྲལ་བའི་ཤ་དང་རུས་པ་མཆོད་པར་འབུལ། །བུརྙ་ཡུམ་ཆེན་ཐུགས་དམ་སྐོངས་གྱུར་ནས། །ཡུམ་ཆེན་ཀྲོ་ཏི་ཤྭ་རའི་དངོས་གྲུབ་བསྩལ་དུ་གསོལ། །ཡུམ་ཆེན་རཏྣ་ཀྲོ་ཏི་ཤྭ་རི་ལ། །བསྒྲལ་བའི་ཁྲག་དང་ཆུ་ཡིས་མཆོད་པར་འབུལ། །རཏྣ་ཀྲོ་ཏི་ཤྭ་རིའི་ཐུགས་དམ་སྐོངས་གྱུར་ནས། །རིན་ཆེན་དབྱིངས་ཕྱུག་མ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ཡུམ་ཆེན་པདྨ་ཀྲོ་ཏི་ཤྭ་རི་ལ། །བསྒྲལ་བའི་དྲོད་དང་མེ་ཡི་མཆོད་པར་འབུལ། །པདྨ་ཡུམ་ཆེན་ཐུགས་དམ་སྐོངས་གྱུར་ནས། །པདྨ་དབྱིངས་ཕྱུག་དངོས་གྲུབ་བསྩལ་དུ་གསོལ། །ཡུམ་ཆེན་ཀརྨ་ཀྲོ་ཏི་ཤྭ་རི་ལ། །བསྒྲལ་བའི་དབུགས་དང་རླུད་གི་མཆོད་པརའབུལ། །ཀརྨ་ཀྲོ་ཏི་ཤྭ་རིའི་ཐུགས་དམ་སྐོངས་གྱུར་ནས། །ལས་ཀྱི་དབྱིངས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཀིའུ་རི་ལ་སོགས་ཁྲོ་མོ་བརྒྱད་རྣམས་ལ་། །བསྒྲལ་བའི་རྣམ་ཤེས་བརྒྱད་ཀྱི་མཆོད་པ་འབུལ ཁྲོ་མོ་བརྒྱད་ཀྱི་ཐུགས་དམ་སྐོངས་གྱུར་ནས། །རྟོག་པ་བརྒྱད་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །སིང་ཧ་ལ་སོགས་ཕྲ་མན་བརྒྱད་རྣམས་ལ། །བསྒྲལ་བའི་དུར་ཁྲོད་བརྒྱད་ཀྱི་མཆོད་པ་འབུལ། །མགོ་བརྙན་བརྒྱད་ཀྱི་ཐུགས་དམ་སྐོངས་གྱུར་ནས། །གྲུབ་པའི་གནས་བརྒྱད་ཐུགས་དམ་སྐོངས་གྱུར་ཅིག །རྟ་གདོང་ལ་སོགས་སྒོ་མ་བཞི་རྣམས་ལ། །བསྒྲལ་བའི་ཡན་ལག་བཞི་ཡི་མཆོད་པ་འབུལ། །སྒོ་མ་བཞིའི་ཐུགས་དམ་སྐོངས་གྱུར་ནས། །ཕྲིན་ལས་བཞི་ཡི་དངོས་གྲུབ་བསྩལ་དུ་གསོལ། །དབང་ཕྱུག་ཁྲག་འཐུང་ཉི་ཤུ་བརྒྱད་རྣམས་ལ། །བསྒྲལ་བའི་སྒལ་ཚིགས་ཉི་ཤུ་རྩ་བརྒྱད་མཆོད་པ་འབུལ། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་ ཐུགས་ དམ་སྐོངས། །ལས་ བཅོལ་ འབྲས་ བུའི་ དངོས་གྲུབ་ བསྩལ་ དུ་ གསོལ། །མ་ བདུན་སྲིང་ བཞི་ གསང་ བའི་ ཡུམ་ ཆེན་ ལ། །བསྒྲལ་ བའི་ གློ་ སྙིང་ ནང་ ཁྲོལ་ཕོ་ མཆིན་ དང་ ། །མཁྲིས་པ་པ་མཁལ་མ་ལ་སོགས་མཆོད་པར་འབུལ། །ཐུགས་དམ་གཉན་སྐོངས་དངོས་གྲུབ་བསྩལ་དུ་གསོལ། །མ་མོ་ཕོ་ཉ་སུམ་བརྒྱ་དྲུག་ཅུ་ལ། །བསྒྲལ་བའི་རུས་པ་སུམ་བརྒྱ་དྲུག་ཅུ་ རྣམས། །ཕོ་ ཉའི་ ཚོགས་ ལ་ མཆོད་འབུལ་ཐུགས་དམ་སྐོངས། །ཕོ་ཉ་རྐང་མགྱོགས་དངོས་གྲུབ་བསྩལ་དུ་གསོལ། །རྡོ་རྗེ་ཐར་པའི་གིང་མཆོག་བཅོ་བརྒྱད་ལ། །བསྒྲལ་བའི་རྩིབ་མ་བཅོ་བརྒྱད་མཆོད་པར་འབུལ། །ཐུགས་དམ་སྐོངས་ཏེ་དངོས་གྲུབ་བསྩལ་དུ་གསོལ། །དེ་ནས་ཞལ་དུ་བསྟབ་པ་འདི་སྐད་དོ། །བསྟབས་སོ་ཁ་རམ་ཞལ་ཕྱེས་ཤིག །འབར་བ་ཆེན་པོ་ཞལ་ཕྱེས་ཤིག །རྣམ་རྟོག་མ་ལུས་ཞལ་དུ་བཏབས། །དབུ་དང་ཕྱག་གཉིས་ཞལ་ཕྱེས་ཞིག །དགྲ་བགེགས་མ་ལུས་ཞལ་དུ་བསྟབས། །ཞིང་གསོལ་ཆས་བརྒྱད་ཞལ་པྱེས་ཤིག །བར་དུ་གཅོད་པ་ཞལ་དུ་བསྟབས། ཁྲ་ཟ་ཁྲག་འཐུང་ཞལ་ཕྱེས་ཤིག །བསྒྲལ་བའི་ཞིང་བཅུ་ཞལ་དུ་བསྟབས། །རྔམ་ཆེན་ལ་སོགས་ཞལ་ཕྱེས་ཤིག །བདུད་དང་སྲིན་མོ་ཞལ་དུ་བསྟབས། །མགྱོགས་བྱེད་ལ་སོགས་ཞལ་ཕྱེས་ཤིག །དམ་ཉམས་དགྲ་བགེགས་ཞལ་དུ་བསྟབས། །འཛིན་བྱེད་ལ་སོགས་ཞལ་ཕྱེས་ཤིག །དངོས་གྲུབ་བར་ཆོད་ཞལ་དུ་བསྟབས། །བཀའ་ཉན་ལ་སོགས་ཞལ་ཕྱེས་ཤིག །བསྟན་པ་གཉན་པོ་བཤིག་པ་དང་། །དཀྱིལ་འཁོར་གཉན་པོ་བཀྲལ་བ་དང་། །སྒྲུབ་ལ་བར་ཆོད་བྱེད་པ་དང་། །རྡོ་རྗེ་སློབ་དཔོན་སྐུ་དགྲ་རྣམས། །མ་ལུས་བཞེས་ཏེ་རོལ་པར་མརྫོད། །འབྱུང་པོའི་ཁྲག་ནི་ཆང་བས་ཞིམ། །འདོད་ཆགས་མཆོད་པ་བླ་ན་མེད། །འདོད་ཆགས་མཆོད་པའི་འདི་བཞེས་ལ། །གསུང་གི་དངོས་གྲུབ་བསྩལ་དུ་གསོལ། །འབྱུང་པོའིརུས་པ་མར་བས་ཞིམ། །ཞེ་སྡང་མཆོད་པ་བླ་ན་མེད། །ཞེ་སྡང་མཆོད་པ་འདི་བཞེས་ལ། །ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །འབྱུང་པོའི་ཤ་ནི་ཟན་བས་ཞིམ། །གཏི་མུག་མཆོད་པ་བླ་ན་མེད། །གཏི་མུག་མཆོད་པ་འདི་བཞེས་ལ། །སྐུ་ཡི་དངོས་གྲུབ་བསྩལ་དུ་སོལ། །མ་ཧྭ་མ༷་ས། མ་ཧྭ་རཀྟ། མ་ཧྭ་བ་སུ་ཏ། མ་ཧྭ་ཀེང་ནི་རི་ཏི། ཁ་ར༷་ཁུ་ཧི། ཚོགས་རྒྱུད་ཆེན་པོ་ལས་ནང་སྒྲོལ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་གསང་བ་ཐབས་དང་ཤེས་རབ་བྱང་ཆུབ་ཀྱི་མཆོད་པ་ཡང་དོན་རྣམ་པ་ལྔ་སྟེ། གཟུང་མ་བྱིན་གྱིས་བརླབ་པ་དང་། གཉིས་སུ་མེད་པར་སྦྱར་བ་དང་། གསང་བའི་མཁའ་ལ་སེམས་ཅན་ཐམས་ཅད་གནས་སྤར་ཏེ།དབང་བསྐུར་བ་དང་། དཀྱིལ་འཁོར་གྱི་ལྷ་ལ་བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པ་དང་། བྱང་ཆུབ་སེམས་ལས་རྡོ་རྗེའི་ཚེའི་དངོས་གྲུབ་བླང་ངོ་། །དེ་ལ་དང་པོ་གཟུང་མ་བྱིན་གྱིས་བརླབ་པ་ནི། གཟུང་མ་ཉིད་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན། དུས་གསུམ་གྱི་བདེ་བར་གཤེགས་པའི་ཕོ་བྲང་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་ལ། གསང་བའི་མཁའ་ལ་དཀྱིལ་འཁོར་ལྷ་ཚང་བར་བསྒོམ་པ་དང་།གནས་ལྔར་ཡི་གེ་དཔའ་བོ་འབྲུ་ལྔ་ལས། རིགས་ལྔར་གྱུར་པ་ལས། གསང་བའི་ཡུམ་བཞིར་བསྒོམ་པར་བྱིན་གྱིས་བརླབས་སོ། །དེ་ནས་གཉིས་སུ་མེད་པར་སྦྱར་བ་ནི། དང་པོ་སྤྱན་བརྡའ་ཞིག་མཛད་དེ་འདི་སྐད་བསྐུལ་ལོ། །མཚན་མཆོག་བརྒྱན་པའི་ཡུམ་མཆོག་ཤེས་རབ་སྤྱན། །ཤེས་རབ་དོན་གྱིས་རྒྱལ་བའི་ཐུགས་དམ་བསྐུལ། །མི་དམིགས་སྙིང་རྗེ་ཐམས་ཅད་ཡོངས་ལ་སྙོམས། །ཐབས་དང་ཤེས་རབ་ཚུལ་གྱིས་ས་མ་ཡ་སྟོ། །ཞེས་བསྐུལ་བ་དང་། ཡུམ་གྱིས་ཡབ་ལ་འདི་སྐད་ཅེས་བསྐུལ་ལོ། །ཐབས་ལ་མཁས་པ་འཁོར་བ་འདྲེན་པའི་གཙོ། །འཁོར་བ་མ་སྤངས་གནས་སུ་དག་པ་ལས། །འཕགས་པ་རྣམས་ལ་དགེས་པའི་ཐུགས་དམ་བ ལ བདེ་བ་ཆེན་པོའི་མཆོད་པའི་རྒྱན་ ་བ ས ས་མ་ཡ་༷་ ས་བ ལ་བས ཡབ་ཀྱི་ཕྱ ་རྒྱ་ཆེན་པོ་བཞིས་མཉམ་པར་ ར། ༷་ལས་ སང་བའི་་་རྗེ་རྩེ་ལྔ་པར་བ་མ། ་་རྗེ་ལས་རི ས་ལྔའི་ ང་པོར་བཀོད། ཡུམ་གྱི་མཁའ་ལས་བོ༷་ལས་པདྨ་འདབ་མ་བརྒྱད་ལས་ཡུམ་ལྔའི་སྙིང་པོ་བཀོད། པྲ་བེ་ཤ་ཡ་ཕཊ་ཀྱིས་སྒོ་དབྱེ། སུ་ར་ཏ་སྟོ་ཞེས་བསྐུལ་བས། དེ་བཞིན་ཤེགས་པ་ཐམས་ཅད་ཀྱང་དགྱེས་པ་ཆེན་པོ་དུས་ཅིག་ཏུ་བསྟར་ཏེ། མཉེས་པ་ཆེན་པོའི་ཐུགས་དམ་སྐོ་ངས། དོན་དབྱིངས་དང་ཡེ་ཤེས་རྟགས་ཐམས་ཅད་དང་། གཉིས་སུ་མེད་པར་ལྷན་གྱིས་གྱུར་པའི། དེ་ནས་གསང་བའི་མཁའ་ལ་སེམས་ཅན་ཐམས་ཅད་གནས་སྤར་ཏེ་དབང་བསྐུར་བ་ནི། ནམ་མཁའ་གང་ནས་གང་དུ་ཁྱབ་པར་ཆོས་ཀྱི་དབྱིངས་ཁྱབ། དབྱིངས་ཀྱི་གང་ནས་གང་དུ་ཁྱབ་པར་ཡུམ་གྱི་མཁའ་ཀློ་ང་རྣམ་པར་དག་པར་ཁྱབ་པས། སྣོ་ད་ཀྱི་འཇིག་རྟེན་ཐམས་ཅད་ཡུམ་མཁའ་དབྱིངས་རྣམ་པར་དག་པའི་གཞལ་ཡས་ཁང་དུ་གྱུར་པའི་ནང་ན། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་མེ་མར་རླུད་གི་མ་བསྐྱོད་པ་ལྟར་གནས་པ་ལ། ཀུན་གཞི་ཨའི་རང་བཞིན་དང་། ཡིད་ཀྱི་ཧུ༷་གི་རང་བཞིན་དུ་བསྡུས་ཏེ། ཡུམ་གྱི་མཁའ་ལ་གནས་སྤར་ཏེ། ཡུམ་དང་འོད་བསྣོ་ལ་མར་བསྟིམས་པས། ཨ་དང་ཧུ༷་དང་བྱང་ཆུབ་སེམས་གསུམ་འདྲེས་པ་ལས། ཐམས་ཅད་རྡོ་རྗེ་སེམས་དཔའ་དང་། ཀུན་ཏུ་བཟང་པོའི་སྲས་སུ་ ར་ཏེ སེམས་ཅན་ཐམས་ཅད་རྒྱལ་བའི་སྲས་ཞེས་བྱ། དཀྱིལ་འཁོར་གྱི་ ་ མས་ཀྱིས་ཀྱང་། ་་རྗེ་མིང་ ས་དབང་བ ར་ཏེ། སངས་རྒྱས་ཀྱི་ ང་འཛིན་པར་བྱང་ཆུབ་སེམས་ཀྱི་དབང་བྱིན་ཏེ་བཞག་གོ །དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་བྱང་ཆུབ་སེམས་ཀྱི་མཆོད་པ་འབུལ་བ་ནི། མེ་ལོང་རང་ཡུ་ཅན་གྱི་ནང་དུ་བཞག་ལ་སྲིན་མཐེབ་ཀྱི་ཕྱག་རྒྱས་གཙོ་བོ་དང་འཁོར་ཡན་ཆད་ལ་མཆོད་པ་ཕུལ་བས། དགྱེས་པ་ཆེན་པོའི་བདུད་རྩིའི་མཉེས་པར་ཕུལ་ནས། དངོས་གྲུབ་ཕུལ་ཞིང་བྱིན་གྱིས་རློབ་པར་མཛད་པའོ། །དེ་ནས་བྱང་ཆུབ་སེམས་ལས་རྡོ་རྗེ་ཚེའི་དངོས་གྲུབ་བླང་བ་ནི། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བ་མཛད་པའི་བྱང་ཆུབ་སེམས་ཀུན་ད་དཀར་ཙ་ར་ར་ཟགས་པས། བདག་གི་བྱང་ཆུབ་སེམས་དང་འདྲེས་ཏེ་ལྕེ་ལ་བླངས་པས། ཙིཏི་ལ་ཐིམས་པས། ཙིསྟ་ཡེ་ཤེས་སེམས་དཔའི་སྐུ་ཚོན་གང་བར་གྱུར་ཏེ། སྐྱེ་ཤི་མེད་པའི་གཡུང་དྲུང་དུ་གྱུར་ཏེ། ཚོགས་ཀྱི་མཆོད་པའི་ཆོ་ག་རྫོགས་སོ། །ཚོགས་ཀྱི་མཆོད་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཚོགས་ཀྱི་མཆོད་པའི་གྲངས་ནི། རབ་ཀྱིས་ཉིན་ལན་གསུམ་མཚན་ལན་གསུམ་དུ་འབུལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། །སྤྱན་དྲངས་རེ་ཞིང་གྲོལ་ཐང་ལ། སྨིན་པའི་མཆོག་རེ་རེ་གྲུབ་པར་གསུངས་སོ། །དེ་ལ་ཚོགས་ཀྱི་མཆོད་པ་འབུལ་བ་ནི། རྒྱུ་མཚན་ཉིད་ཀྱི་ཐེག་པ་ལྟར་དཀའ་བ་སྤྱད་ནས། འབྲས་བུ་ཕྱིས་འོང་དུ་རེ་བ་མ་ཡིན། ཚོགས་ཀྱི་འབྲས་བུ་ནི་ཡེ་ཤེས་འཁོར་ལོ་ཚོགས་ཀྱིས་ས་ལ། ས་བཅུ་རིམ་གྱིས་བགྲོད་དགོས་ཏེ། ད་ལྟ་ཉིད་ནས་རིགས་ལྔའི་སངས་རྒྱས་དང་། མཉམ་པར་སངས་རྒྱས་པར་འགྱུར་རོ། །དེའི་ཕྱིར་སངས་རྒྱས་རྣམས་ཀྱི་ཀྱང་འདི་སྐད་ཅེས་བཀའ་བསྩལ་ཏོ། །ཚོགས་ཀྱི་མཆོད་པའི་འབྲས་བུ་ནི། །ཕུང་པོ་མི་གནས་མྱ་ངན་འདའ། །རིག་འཛིན་ས་ལ་བདེ་བར་གནས། །ཕྱོགས་བཅུའི་སངས་རྒྱས་ཀུན་མཉེས་ཏེ། །བྱིན་གྱིས་བརླབས་ནས་དབང་བསྐུར་ཏེ། །དངོས་གྲུབ་དམ་པ་སྩོལ་བར་མཛད། །ཆོས་ཀྱི་སྐུ་དང་གཉིས་སུ་མེད། །ཅེས་སངས་རྒྱས་རྣམས་གསུངས་སོ། །དེ་ལ་ཚོགས་ཀྱི་མཆོད་པ་འདིས་ཡུན་ཅི་ཙམ་གྱིས་འགྲུབ་ཅེ་ན། རབ་ཀྱིས་ཟླ་བ་གཅིག་གིས་འགྲུབ། འབྲིང་གིས་ལོ་གཅིག་གིས་འགྲུབ། ཐ་མས་ལོ་གསུམ་ཚུན་ཆད་འགྲུབ། ཚོགས་ཀྱི་མཆོད་པར་ཕུལ་བྱས་ལ། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །སངས་རྒྱས་བྱང་ཆུབ་ཐག་མི་རིང་། །ཞེས་གསུངས་ཏེ། དེ་ལ་ཚོགས་ཕུལ་བའི་ཡོན་ཏན་ནི། འཇིག་རྟེན་གྱི་ཁམས་འདིར་ཡང་རྒྱལ་བ་སྲས་དང་བཅས་པའི་ཞལ་མཐོང་བར་འགྱུར་བ་དང་། མ་མོ་མཁའ་འགྲོ་ཐམས་ཅད་སྤྲིན་ཕུང་བཞིན་གཏིབས་ཏེ། ཅི་བསྒོ་བའི་བཀའ་ཉན་ཞིང་། དངོས་གྲུབ་ཀྱི་སྟོབས་དང་གྲོགས་བྱེད་ཅིང་། མཐུ་དང་། ཕུན་སུམ་ཚོགས་པར་བྱིན་ཏེ། ཐམས་ཅད་དུ་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་པ། ལོངས་སྤྱོད་ཐམས་ཅད་འཕེལ་བ་དང་། འཁོར་ཐམས་ཅད་དུ་ནད་དང་སྡུག་བསྔལ་ཐམས་ཅད་མི་འབྱུང་བ་དང་། འཇིག་རྟེན་གྱི་ལྷ་མ་སྲིན་ཐམས་ཀྱིས་མདུན་བསུ་སྟེ། ལྕང་ལོ་ཅན་གྱི་གནས་སུ་ཕྱིན་པར་སྐྱེ་བར་འགྱུར་རོ། །ཚོགས་མ་ཕུལ་བའི་སྐྱོན་ནི་བསྒྲུབས་ཀྱང་དོན་མེད་ཅིང་། བདེ་བར་གཤེགས་པ་རྣམས་ཀྱང་ཞལ་འཛུམ་པ་མི་མཛད་ཅིང་། བསོད་ནམས་དང་སྐལ་བའི་ཤས་ཆུང་སྟེ། དམྱལ་བ་དང་། ཡི་དྭགས་དང་། བྱོལ་སོང་གི་གནས་སུ་སྐྱེ་བར་འགྱུར་རོ། །རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་རྫོགས་སོ།། །།དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་བ། དེ་ལྟ་བུའི་ཚོགས་རྒྱུད་ཆེན་པོ་འདི། འཇིག་རྟེན་གྱི་ཁམས་གང་དང་གང་དུ་སྣང་བར་འགྱུར། །སེམས་ཅན་ཐམས་ཅད་ལ་ཇི་ལྟར་ཕན་པར་འགྱུར། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ། རྡོ་རྗེ་སེམས་དཔས་བཀའ་བསྩལ་པ།རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདི་ནི། འདོད་ཁམས་དང་། གཟུགས་ཁམས་དང་། གཟུགས་མེད་པའི་ཁམས་དང་། རིམ་པ་ཐམས་ཅད་ཁྱབ་པར་འགྱུར། དང་པོ་འོག་མིན་གྱི་གནས་སུ། ཏིང་ངེ་འཛིན་གྱི་མཆོད་པ་ལས་རྒྱུ་བླངས་ཏེ། རྣལ་འབྱོར་ཚོགས་ཀྱི་མཆོད་པ་འབུལ་བས། ཐམས་ཅད་ཆོས་ཀྱི་སྐུ་རུ་སངས་རྒྱས་པར་འགྱུར་རོ། །ལྷའི་ལོངས་སྤྱོད་རྣམ་པ་སྣ་ཚོགས་ལས་བླངས་ཏེ། རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་འཁོར་དང་བཅས་པ་ལས། རྣལ་འབྱོར་གྱི་མཆོད་པ་ཆེན་པོ་ཕུལ་བས། ལྷ་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ། ཕུང་པོ་མི་གནས་པའི་མྱ་ངན་ལས་འདའ་བར་མངོན་པར་རྫོགས་པར་སངས་རྒྱས་པར་བྱེད་དོ། །དེ་ནས་དྲང་སྲོང་རྣམས་ཀྱི་རིགས་སུ་རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདིས་ཁྱབ་པས། དྲང་སྲོང་རྣམས་ཀྱི་འབྱོར་པའི་ལོངས་སྤྱོད་སྣ་ཚོགས་པ། རྒྱལ་བའི་དཀྱིལ་འཁོར་ལ་ཚོགས་ཀྱི་མཆོད་པ་ཕུལ་བས། དྲང་སྲོང་རྣམས་ལ་སོགས་པ་རྣམས་ཀྱིས་ཕུང་པོ་མི་གནས་པའི་མྱ་ངན་ལས་འདས་པར་མངོན་པར་རྫོགས་པར་སངས་རྒྱས་པར་བྱེད་དོ། །དེ་ནས་ཀླུའི་རིགས་སུ་རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདིས་ཁྱབ་པས། ཀླུའི་རྒྱལ་པོ་འཇོག་པོ་དང་། ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མོ་ལ་སོགས་པས་ཀླུའི་ལོངས་སྤྱོད་རྣམ་པ་སྣ་ཚོགས་པའི་ལོངས་སྤྱོད་ཀྱིས། རྒྱལ་བ་སྲས་དང་བཅས་པ་མ་ལུས་པ་ལ་ཚོགས་ཀྱི་མཆོད་པ་འབུལ་བས། ཀླུའི་རིགས་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་ལུས་མ་བོར་མི་གནས་པའི་མྱ་ངན་ལས་འདས་པར་མངོན་པར་རྫོགས་པར་སངས་རྒྱ་བར་འགྱུར་རོ། །དེ་ནས་མིའི་རིས་སུ་རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོའི་འདིས་ཁྱབ་ན་ཡང་།མིའི་གནས་ན་སྣོད་དུ་གྱུར་པ་དང་། རིག་པ་ཆ་ཕྲ་མོ་ཡོད་པ་དང་། སྤྲུལ་པའི་སྐུ་ལ་གནས་པ་དང་། སྔོན་གྱི་སྨོན་ལམ་གྱིས་དད་པའི་རྒྱལ་པོདང་། བྲམ་ཟེ་དང་། འགོ་རུ་དང་། ཤ་པྲ་དང་། བསྟན་འཇམ་དང་། ཁྱིམ་བདག་གི་རིགས་དང་། ལས་འཕྲོ་ཅན་ལ་སོགས་པ་རྣམས་ཀྱིས་དང་དུ་བླངས་ཏེ། རྒྱལ་སྲིད་དང་། ལོངས་སྤྱོད་དང་། གྲོགས་མཆོག་ཏུ་བཅས་ཏེ། རབ་ཏུ་དབེན་པའི་གནས་སུ་གསང་བའི་དཀྱིལའཁོརཆེནཔོབཞེངས་ཏེ། བདེ་བར་གཤེགས་པ་འཁོར་རྒྱལ་བ་རྒྱ་མཚོ་དང་བཅས་པ་སྤྱན་དྲངས་ཏེ། རྣལ་འབྱོར་ཚོགས་ཀྱི་མཆོད་པ་ཆེན་པོ་འབུལ་ནས། འཕགས་པའི་ཞལ་མངོན་སུམ་དུ་མཐོང་བར་བྱས་ཏེ། ཚོམ་བུའི་གྲངས་བརྒྱ་དང་། སྟོང་ལ་སོགས་པ་ཕོ་མོའི་རིགས་བསམ་གྱིས་མི་ཁྱབ་པ་ལུས་འདི་མ་བོར་བས་ཚེ་འདི་ཉིད་ལ་མི་གནས་པར་མྱ་ངན་ལས་འདས་པའི་གནས་སུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རྒྱུ་དེ་ལ་བརྟེན་ནས་དམྱལ་བ་དང་། བྱོལ་སོང་དང་། ཡི་དྭགས་དང་། གཤིན་རྗེའི་འཇིག་རྟེན་ལ་སོགས་པའི་སྒོ་བཀག་སྟེ། རིམ་གྱིས་བླ་ན་མེད་པའི་ལམ་ལ་གནས་བཀོད་པར་བྱེད་དེ། གང་ཞིག་མཚམས་མེད་པ་ལྔ་ཡི་ལས་བྱས་ཏེ། དམྱལ་བར་འགྲོ་བར་ངེས་པ་ཡང་། རྣལ་འབྱོར་གྱི་ཚོགས་མཆོད་འདི་གཞུང་བཞིན་དུ་ཕུལ་ན། མནར་མེད་པའི་དམྱལ་བའི་གནས་སུ་མི་ལྟུང་སྟེ། བདེ་འགྲོའི་གནས་སུ་སྐྱེ་བར་འགྱུར་རོ། །གང་ཞིག་རྩ་བ་དང་། ཡན་ལག་གི་དམ་ཚིག་ཉམ་པ་ཡང་གཞན་གྱིས་མི་བསྐངས་ཏེ། རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདིས་བསྐང་པར་འགྱུར་རོ། །གང་གིས་གཞན་ལ་ཕན་འདོགས་པར་འདོད་ན་ཡང་ལས་གཞན་གྱིས་མི་འགྲུབ་སྟེ། རྣལ་འབྱོར་གྱི་ཚོགས་མཆོད་ཆེན་པོ་འདི་ཕུལ་ན་གང་ཕན་པར་གདགས་པ་འདིས་འགྲུབ་པར་འགྱུར་རོ། །གང་ཞིག་བར་དུ་གཅོད་པ་བསྒྲལ་བར་འདོད་ན་ཡང་ལས་གཞན་གྱིས་མི་འགྲུབ་སྟེ། རྣལ་འབྱོར་གྱི་ཚོགས་མཆོད་ཆེན་པོ་འདི་ཕུལ་ན། ཡིད་ལ་བསམ་པ་བཞིན་སྒྲོལ་བར་འགྱུར་རོ། །གང་ཞིག་འཇིག་རྟེན་འདིའི་བདེ་བ་དང་། མཐུན་པ་དང་ཕུན་སུམ་ཚོགས་པར་འདོད་ན་ཡང་། རྣལ་འབྱོར་གྱི་ཚོགས་མཆོད་འདི་གཞུང་བཞིན་ཕུལ་ན། གང་འདོད་དེ་འཐོབ་པར་འགྱུར་རོ། །དེ་ལྷ་བུའི་རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདི་ཡང་སྣོད་མ་ཡིན་པ་དང་། ཁེ་རྔམས་ཅན་དང་། དམ་ཚིག་ལ་མི་གནས་པ་དང་།བརྣབ་སེམས་དང་འདོད་པས་བརྒྱལ་བ་རྣམས་ནི་མ་གཏོགས་སོ། །དེ་ནས་སེམས་ཅན་རྣམས་ཀྱིས་གསོལ་པ། རིམ་གྱིས་བླ་ན་མེད་པར་འགྲུབ་པ་ལགས་ན། མི་ལ་སོགས་པ་ཐམས་ཅད་ཀྱིས་མཐར་རྫོགས་པར་འགྱུར་བ་ལགས་སམ། རྡོ་རྗེ་སེམས་དཔས་བཀའ་བསྩལ་བ། རྣལ་འབྱོར་གྱིས་ཚོགས་རྒྱུད་ཆེན་པོ་འདིས་རིམ་གྱིས་ཚོམ་བུ་དང་། གྲངས་སངས་རྒྱས་པར་བྱེད་པ་ཡང་ཀུན་གྱི་ཐུན་མོང་དུ་མ་གསུངས་སོ། །དཔེར་ན་ཏིལ་མར་གྱི་རྫས་དེ་གང་ལ་ཕོག་ཀྱང་སྲ་ཞིང་མཁྲེགས་པར་འགྱུར་ན། ཨརྫ་ཀའི་ཐོག་གུ་ལ་ཕོག་ན་ཚལ་པ་བརྒྱ་འགས་པ་བཞིན་དུ། དམ་ལ་མི་གནས་ཤིང་། གསང་སྔགས་ཚིག་ཙམ་ལས་ཁུངས་ཕྱུང་ནས་ཁེ་དང་གྲ ས་པ་དང་། ཕྲ ་དོ ་དང་ ཉོན་མོངས་པ་རང་ ད་ ་་ད་པ་ མས་ཀྱིས་ཀྱང་སླར་ཉམ་པར་ ར་རོ ལ་འབྱོར་གྱི་ཚོ ས་ ད་ཆེ ་པོ་འང་མིའི་འཇི ་ ་ཐམས་ཅད་ཁྱབ་ན་ཡང་ ཕལ་ཆེར་ ་བ་དང་མི་ལྡན་པར་འབྱོར་པ་སྣ་ཚོགས་ཀྱིས་མཆོད་ཅིང་འབུལ་བར་བདེན་ཡང་། དོན་མེད་པར་ནི་མ་ཡིན་ན་འབྱོར་པའི་ཚོགས་རྒྱས་པར་འགྱུར་བ་དང་། བསོད་ནམས་ཀྱི་ཚོགས་བསྐྱེད་པར་འགྱུར་བ་ཙམ་ལས་འདི་ཉིད་དུ་སངས་མི་རྒྱ་བ་ཡང་འབྱུང་ངོ་། །ཕལ་ཆེར་ཁུངས་ཙམ་དང་འབྱོར་པ་མ་ཚོགས་པ་འབུལ་བ་དག་ཀྱང་ཡོད་ན། དམིགས་པའི་ཕན་སྟོབས་ཙམ་དུ་གྱུར་བ་ཡང་ཡོད་དོ།།གང་ཞིག་དངོས་པོ་ལྷུན་གྱིས་གྲུབ་ཅིང་ལྷ་བ་དང་མན་ངག་ཏུ་ལྡན་པ་ལ། རྣལ་འབྱོར་གྱི་ཚོགས་ཀྱི་མཆོད་པ་འབུལ་བ་ལྟ་ཅི་སྨོས། སློབ་དཔོན་དེ་ཉིད་ལ་གོ་མ་ཏྲར་དྲངས་པ་ཡང་རྣལ་འབྱོར་གྱི་མཆོད་པ་ཆེན་པོ་ཕུལ་བ་དང་འདྲ་བར་སྐལ་པ་མཉམ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་སངས་རྒྱས་ཉིད་ཀྱི་རང་བཞིན་ནོ། །དེ་ལྟ་བུའི་རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདི་ལྷའི་འཇིག་རྟེན་དང་། མིའི་འཇིག་རྟེན་དང་། མཐར་སྤྱོད་པར་འགྱུར་ལ།བསྐལ་པ་བཟང་པོ་དང་། དུས་བཟང་པོ་ལ་ནི་རྒྱ་གར་ཡུལ་ལ་སོགས་པ་ཡུལ་གྱི་དབུས་དང་། ཁྲིམས་དང་གཙུག་ལག་ཁང་ལ་གནས་པའི་རྒྱལ་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་རིགས་ལ་སོགས་པརྣམས་ཀྱིས་རྒྱུ་སྦྱར་ནས། གུ་རུ་མ་ཧྭ་ལ་སོགས་པ་རྣམས་ཀྱིས་བྱིན་གྱིས་བརླབས། བཤད་ཅིང་བཀྲོལ། བསྲུངས་ཤིང་མི་ཉམ་པར་བྱས་ནས་དགའ་བ་དང་། འགའ་ཙམ་ལས་ཕལ་ཆེར་མི་ཕྲོ་སྟེ། གསང་སྔགས་པའི་སྒོ་ནས། མཐར་ཕྱིན་ཅིང་སྔགས་སུ་འགྲུབ་པར་འགྱུར་རོ། །བསྐལ་པ་བར་པ་དང་དུས་བར་པ་ལ་རྒྱལ་ཁམས་རིལལ་ཕལ་ཆེར་གྲགས་ཏེ། རིག་པའི་ཆོས་ཐོབ་པ་དང་། རྒྱུད་ཀྱི་དོན་ལ་མཁས་པ་དང་། མན་ངག་དང་། ནང་དབང་ཚུལ་བཞིན་ཐོབ་པར་བྱས་ན། མཚན་དང་ལྡན་པའི་མི་མོ་དང་། གཞུང་དང་མཐུན་པའི་རྣལ་འབྱོར་དང། དད་པ་དང་ལྡན་པའི་པ་རི་ཧ་དང་། ཁྲིམས་དང་ལྡན་པའི་རྒྱལ་པོ་དང་། བློན་པོལ་སོགས་པས་གྲངས་ཀྱི་ཚོམ་བུ་བསྡུས་ཏེ། བཤད་ཅིང་བསྟན་པ་དང་། རྟོག་པ་དང་བྲལ་ཞིང་ཁུ་འཕྲིག་དང་ཐེ་ཚོམ་མ་ཟོས་པར་བྱས་ཏེ། གནས་དབེན་པ་དང་དགོན་པར་སྐྱེ་བོ་དང་མི་ནག་ཡོངས་ཀྱིས་མཁྲིགསཔར། གསང་བའི་དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ་ནས་དུས་གསུམ་གྱི་འཕགས་པའི་ཚོགས་ལ། རྣལ་འབྱོར་གྱི་ཚོགསམཆོད་ཆེན་པོ་གཞུང་བཞིན་དུ་ཕུལ་ན། འདི་དང་ཕྱི་མ་གཉིས་ཀའི་དོན་དུ་གཅིག་བསྒྲུབས་ཏེ། གཟུགས་མི་ཡུལ་ནས་མ་འཕགས་པར་སངས་རྒྱས་ཀྱིས་ལ་གནས་པ་དང་། ཡོངས་ཀྱིས་གསང་སྔགས་མཉན་ཅིང་སྤྱོད་པརླབས་ཆེན་པོ་ལ་མ་འགྲོགས་ཏེ། ཡ་ག་དང་སྒྲོ་སྐུར་མིའདེབས་ཤིང་། གསང་བའི་བཀའ་ཐབས་ཀྱིས་མི་སྨོད་པར་འགྱུར་རོ། །བསྐལ་པ་ཐ་མ་དང་། དུས་ཐ་མ་ལ་ནི་གང་ཟག་ལས་ཐ་དདཔ་དང་། རྒྱལ་བའི་བཀའ་ཁྲིམས་ཉམ་པས། མི དམངས་རིགས་ནས་དབང་ཆེ་བ་དང་། བློན་པོ་མ་བྱསཔར་སོ་ནང་དུ་བལྟས་པ་དང་། རྣལ་འབྱོར་པ་མ་གྲོལ་བར་བསྲུང་མཚམས་ལས་འདས་ཤིང་། གསང་བ་འཆོལ་པའི་དབང་གིས། མཐའ་འཁོབ་དང་། ཀླ་ཀློ་དང་། ཙི་ར་དའི་གྲོང་ཐམས་ཅད་དུ་གདལ་བས་གསང་སྔགས་བཀའ་འཆོལ་ཏེ། ཆོས་ནི་ཀུན་སྤྱོད། ཆོས་བཞིན་དུ་གང་ཡང་མི་བྱེད། ཆོས་ནི་ཀུན་ལ་ཡོད་པར་བྱས། རྟོགས་ནི་སློབ་དཔོན་རང་གིས་ཀྱང་མ་རྟོགས། དམ་ཚིག་ཀུན་མནོས། བསྲུང་བ་ནི་གཅིག་ཀྱང་མི་སྲུང་། སློབ་དཔོན་ནི་ཀུན་བྱེད། དབང་གང་ལ་ཡང་མེད། ལད་མོ་ཀུན་ཟློས། ཉམས་སུ་གང་གི་ཀྱང་མི་ལེན་དབང་ཀུན་ལ་བསྐུར། ཆགས་པ་གང་ལའང་མ་ཆགས། འཆད་པ་ཀུན་འཆད། ཐོག་ཏུ་གང་གིས་ཀྱང་མ་ཕེབས། རྩོལ་ནི་ཀུན་རྩོལ། མཐར་གང་གིས་ཀྱང་མ་ཕྱིན་པས། ཕལ་ཆེར་སྤྱིད་ལུག་སྟེ། སྔགས་ལས་ལྡོག་པ་དང་། ཕལ་ཆེར་མ་རྟོགས་པས་ཐེ་ཚོམ་ཟ་བ་དང་། ཕལ་ཆེར་ཡ་ག་དང་སྒྲོ་སྐུར་འདེབས་པ་དང་། རྣལ་འབྱོར་གྱི་ཚོག་མཆོད་འབྱོར་པ་རྣམས་ཀྱིས་མི་འབུལ་བར། མི་འབྱོར་པས་འབུལ་བར་བྱེད་པས། དེའི་དབང་གིས་འབྱོར་པ་རྣམས་ཀྱང་མངའ་ཐང་དང་ལོངས་སྤྱོད་བྲི་ནས། ཐམས་ཅད་དབུལ་བར་བྱེད་པས་མསོད་ནམས་མི་འཐོབ་པ་དང་། ཕལ་ཆེར་འབྱོར་བ་སྣ་ཚོགས་དབུལ་བར་བྱེད་ན་ཡང་གསང་བ་མེད་པ་དང་། གྲགས་པ་འདོད་པའི་ཕྱིར་ན། བདག་དུས་འདི་ཙམ་ན། ལོངས་སྤྱོད་འདི་ཙམ་བཤམས་ཏེ། ཚོགས་མཆོད་འབུལ་བར་བྱེད་དོ་ཞེས་བསྒྲགས་པའི་དབང་གིས་གཏན་པ་ཅན་དང་། བརྣབ་སེམས་དང་། གནོད་སེམས་དང་། ཉོན་མོངས་པའི་དབང་དུ་གྱུར་པའི་སྐྱོན་དང་། མཁས་པ་རྣམས་མི་འཆད་པར་མཁས་པ་རྣམས་ཀྱི་བཀའ་བརྒྱུད།གསང་བའི་མན་ངག་བརྣག་སྟེ་བསྔས་བཞག་པས། བཀའ་ངེས་པ་ནུབ་པའི་སྐྱོན་ནི། ཕལ་ཆེར་ཉམ་པར་དོགས་ནས། རང་བཟོ་དང་། བསྲེ་བཅོལ་དང་། མི་ཚིག་ཏུ་བསྡེབས་པས། དེ་ལ་ཆེ་བར་མཚན་བཏགས་ཀྱང་། རྒྱུད་ལ་ཁུངས་མེད་པའི་གང་ཟག་སྒྲིན་དུ་རེ་བའི་རང་ཐད་དུ་གྱུར་པས། ངལ་བ་ཚི་ཆད་པ་དང་། ལས་བརྩམས་པ་མགྲོན་ཚོགས་སུ་གྱུར་ཅིང་། འགྲུབ་པའི་དུས་རིང་བ་དང་། ཕལ་ཆེར་རས་ཆོད་དང་གཟུ་ལུམས་དང་། རསྒའི་ལས་ཐབས་སུ་བྱས་སོ། །སྣང་སྣང་སྒྲོལ། ཕྲད་ཕྲད་སྦྱོར། རྙེད་རྙེད་ཟ། སྤྱོད་པ་འཆོལ་པའི་དབང་གིས་རྣལ་འབྱོར་ཚོགས་མཆོད་དུ་བྱེད་ན་ཡང་། དཔེར་ན་ཟངས་མ་ལ་གསེར་དུ་འཆོས་པ་དང་འདྲ་སྟེ། གསེར་གྱི་དགོས་པ་མེད་པ་དང་འདྲའོ། །ཕལ་ཆེར་བདག་ཉིད་ཀྱི་འཇུག་པའི་སྒོ་དང་། ཐོས་ཕྱོགས་དང་། མོས་གསལ་དང་། འདི་ནི་བཟང་ལ་དོན་དམ་པ་ཡིན་ལ། གཞན་ནི་ངན་པ་མ་ཡིན་ནོ་ཞེ་ན། ཆོས་ཉིད་ཕྱོགས་མེད་པ་ལ་ཕྱོགས་དང་རིས་སུ་བཅད་པའི་སྐྱོན་དང་། འཁོར་དང་སྡེ་དང་ཆ་ཕྱེ་སྟེ། ཕྲག་དོག་དང་ཆེ་ཆུང་གི་དབང་གིས་མཉམ་པའི་དོན་ལ་འགལ་བར་གནས་པ་དང་། ཕལ་ཆེར་ཐེག་པ་རིགས་སོ་སོར་བཟུང་སྟེ། རྩོད་པའི་ཆོས་བཤམ་པའི་དུས་ནི་ཀུན་གྱིས་འབྲས་བུ་བླ་ན་མེད་པ་མི་ཐོབ་པར། ངན་སོང་གསུམ་ལ་ཤ་སྟག་ཏུ་ལྟུང་བ་དང་། སྔོན་གྱི་སྟོན་པའི་བཀའ་ནུབ་པས། མི་ཚིག་འཕེལ་བས་སྒྲུབ་ཐག་རིང་པ་དང་། དམ་ཚིག་ལ་ཟོལ་ཤོར་བས་བསམ་པ་མི་འགྲུབ་ཅིང་བར་ཆོད་ཀྱི་རྐྱེན་མང་བ་དང་། དབང་གི་རྒྱུད་རིམ་གྱིས་མ་བསྐུར་བས་མཐུ་བྱིན་ཆུང་བ་དང་། སྒོམ་སྒྲུབ་ཀྱི་དོན་མཐིལ་དུ་མ་ཕེབས་པསདྲོ་ཚད་ལ་མ་ཕེབ་པ་དང་། ཤེས་པའི་རྒྱུད་མ་གྲོལ་བས། རྟོགས་པ་མ་ཤར་བ་དང་། མཆོད་རྫས་མ་ཚོགས་ཤིང་ཕུད་ཉམ་པར་དངོས་གྲུབ་མི་འཐོབ་པ་དང་། ལས་དང་མན་ངག་གདེང་དུ་མ་ཆུད་པས་བར་ཆད་འབྱུང་བའི་དུས་ན་ཡང་། རྣལ་འབྱོར་པ་འགའ་དང་། འགའ་ཞིག་རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདི་ལྟར་སྤྱོད་ཅིང་དང་དུ་ལེན་ནུས་པ་རྣམས་ནི། ཚེ་འདི་ཉིད་ལ་རྡོ་རྗེ་སེམས་དཔའ་དང་། སྐལ་པ་མཉམ་པར་འགྱུར་རོ། །སེམས་དཔའ་རྣམས་ཀྱིས་གསོལ་པ། དེ་ལྟ་བུའི་རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདི་ལ་དམ་ཚིག་གང་ལགས། དབང་གང་ལགས། ལྟ་བ་གང་ལགས། སྒྲུབ་པ་གང་ལགས། སྤྱོད་པ་གང་ལགས་ལུང་བསྟན་དུ་གསོལ། བདེ་བར་གཤེགས་པས་བསྟན་དུ་གསོལ། །བཅོམ་ལྡན་འདས་ཀྱི་བཀའ་བསྩལ་པ། །དེ་དག་ཞུས་པ་ལེགས་སོ་ལེགས་སོ། །དེ་ལ་ཚོགས་ཀྱི་དམ་ཚིག་ནི། སློབ་དཔོན་ནི་བདག་གི་སྲོག་དང་འདྲའོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་བཅད་ན་འཆི་ལ། སྲོག་མ་བཅད་ན་ནི་བརྟན་ཞིང་འཇིག་རྟེན་གྱི་བདེ་བ་རིམ་གྱིས་འཐོབ་པ་དང་འདྲ་བར། སློབ་དཔོན་དང་རྩོད་པ་ལྟ་ཅི་སྨོས། སྤངས་པའམ་བྲལ་ན་ཡང་དགེ་བའི་བར་ཆད་འབྱུང་ཞིང་མན་ངག་མི་ཐོབ་པ་དང་། དཔེར་ན་སྲོག་དང་འདྲ་བར་ལྟ་བ་དང་། རྒྱལ་ཐེབ་ཀརྨ་ལ་སོགས་མིག་དང་དབང་པོར་བལྟས་ཏེ། དཔེར་ན་མིག་དང་། དབང་པོ་ཉམ་པ་དང་། མེད་པས་ལྟ་ཅི་སྨོས་ཀྱི། བག་ཙམ་པ་ཟེར་ན་ཡང་མི་བཟོད་པ་དང་འདྲ་བར། རྒྱལ་ཐེབ་གར་གིང་ལ་འཐབ་རྩོད་སྨོས་པ་ལྟ་ཅི་སྨོས་ཀྱིས། མཆེད་དང་ལྕམ་དྲལ་ཡན་ལག་དང་། ཕུང་བོ་དང་འདྲ་སྟེ། གང་སྣང་བས་ཀུན་ཡོངས་མི་བདེ་ཤིང་སྡུག་བསྔལ་མཉམ་པོར་མྱོང་བ་དང་འདྲ་བར། གནོད་པ་ཚབ་ཆེན་ལྟ་ཅི་སྨོས་ཀྱི། འགལ་འཁྲུལ་ཙམ་བྱུང་ན་ཡང་ཡོངས་མི་བདེ་ཞིང་ཉམ་པའི་རྒྱུར་འགྱུར་བས། སྐུ་ཡི་དམ་ཚིག་བསྲུང་ཞིང་། བརྩེ་གདུང་བྱས་ལ་དད་པ་ཆེར་བསྐྱེད་ལ་ཡང་བྱའོ། །སྔགས་དང་ཕྱག་རྒྱ་དང་། དགོངས་པ་གསུམ་ནི། དཔེར་ན་གཏམ་དང་ཟས་དང་གོས་དང་འདྲ་སྟེ། ཕྱི་ནང་གཏམ་གྱིས་འཇལ་ན་གང་ཡང་མི་འགྲུབ་ལ། འཚོ་བ་ཟས་ཀྱིས་མ་གསོས་ཕུང་པོ་མི་ཐེ །དྲོ་བའི་་ས་མ་གྱོན་ན་ཉོན་མོངས་པ་དང་འདྲ་བར་ ང་པོ་དང་ སྔ ས་མ་བཟླས་ན་ བ་པའི་ ས་མི་འོང་ ད་ས་པའི་ཏིང་ངེ་འཛིན་མ་ སལ་ན་ ས་པའི་ ད་མི་འགྲོལ ཕྱ ་རྒྱ་དམ་ ་མ་བྱས་ན་ཉོན་མོངས་པ་དང་། ཕུང་པོའི་གནས་མི་འགྱུར་བས་དམ་བཅས་ཏེ་དང་དུ་བླང་ངོ་། །ཐུགས་ཀྱི་དམ་ཚིག་ནི་གསེར་སྦ་བ་དང་འདྲའོ། །དཔེར་ན་རིན་པོ་ཆ་གསེར་སྒྲོམ་བུ་སྦས་ན་འཇིགས་པ་དང་བག་ཚ་བ་ཡང་མེད་ཅིང་། སྒྲོམ་བུ་ཁ་ཕྱེ་ན་དགའ་བ་སྐྱེད་ཅིང་། འདོད་པ་ཕུན་སུམ་ཚོགས་པར་བྱེད་པ་དང་འདྲ་བར་གསང་བའི་མན་ངག་ཐམས་ཅད་སྣོད་མ་ཡིན་པ་ལ་སྦས་ཏེ། བདག་གི་བློ་ལ་བརྟགས་ནས་རྟོགས་པ་མངོན་དུ་གྱུར་ནས། འབྲས་བུ་མཐར་ཕྱིན་པར་འགྱུར་བས་གཏེར་དང་འདྲ་བར་དམ་དུ་བྱའོ། །གཏན་ཚིགས་མི་འབྱུང་བ་མ་ཡིན། གཏེར་བདག་དང་བུ་ཡོད་པ་དང་འདྲ་བར། གསང་བའི་མན་ངག་བདག་དང་སློབ་བུ་དང་འདྲ་བ་ལས་མ་གཏོགས་པ་བཤད་པའི་གྲངས་བཞི་ལས། མང་ན་འགལ་བར་གསུངས་སོ། །དུས་ཐ་མ་ལ་བབ་པའི་ཚ་རྩ་བ་འདི་རྣམས་མནོས་ནས་གང་ཡང་མི་རུང་སྟེ། སྐུ་ལས་ཉམ་སྟེ་འཐབ་རྩོད་གཞོམ་པ་དང་། གསུང་ཡང་ཉམས་ཏེ་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་སྦགས་ཏེ། མདོ་སྡེ་བསམ་གཏན་གྱི་དོན་ལ་སྤྱོད་པ་དང་། ཐུགས་ཀྱང་ཉམ་སྟེ་བརྒྱ་དང་ཉི་ཤུ་ལ་འཆད་པ་ནི་འབྲས་བུ་མནར་མེད་པ་ལྟ་ཅི་སྨོས་ཀྱི། དཔེར་ན་སེང་གེ་ཁོག་པའི་ནང་གི་ནང་འཇིག་པ་བཞིན། ཆོས་མཉན་དུ་བསྔགས་པར་རང་གིས་མི་སྟེར་ཏེ། རང་རྩ་བའི་དམ་ཚིག་མ་ཉམ་ན་ཡན་ལག་ལྗོན་ཤིང་དང་འདྲ་སྟེ། སྐྱེ་བས་ཉི་ཤུ་རྩ་བརྒྱད་དང་།བརྒྱ་རྩ་བརྒྱད་དང་། སུམ་བརྒྱ་དྲུག་ཅུ་དང་། ས་མ་ཡ་སྟོང་འབུམ་སྡེ་ལ་སོགས་པ་གང་སྤྱོད་པའི་ཡལ་ག་དང་། ལོ་འདབ་དང་འདྲ་བའི་འབྲས་བུ་སྐྱེ་བར་འགྱུར་རོ། །དམ་ཚིག་འདི་དག་ཉམ་པར་གྱུར་ན་ཚོགས་ཀྱི་ས་མཆོད་པ་དང་། ལོངས་སྤྱོད་དང་། རྫས་ཕུལ་ཀྱང་བཞེས་སུ་མི་གནང་ཞིང་མཉེས་པར་མི་གྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་བ་སོད་ནམས་མེད་ཅིང་འབྲས་བུ་མི་འཐོབ་པའི་ཕྱིར་རོ། །ཚོགས་རྒྱུད་ཆེན་པོས་ལས་དམ་ཚིག་གི་ལེའུ་སྟེ་དྲུག་པའོ།། །།དེ་ལ་ཚོགས་རྒྱུད་ཀྱི་དབང་ལ་རྣམ་པ་ལྔ་སྟེ། དར་མ་ཏནྟྲ་ཉན་ཅིང་འཆད་པའི་དབང་དང་། ཡི་དམ་གྱི་ལྷ་བསྒོམ་ཞིང་བསྒྲུབ་པའི་དབང་དང་། དཀྱིལ་འཁོར་གཉེན་པོ་ཞལ་ལྟའི་དབང་དང་། ཚོགས་ཀྱི་ཞལ་ཟས་ལ་འཚལ་ཞིང་ལོངས་སྤྱོད་པའི་དབང་དང་། ལས་ཀྱི་རྡོ་རྗེ་ལས་ཕྱེད་པར་མིང་གིས་དབང་བསྐུར་བ་དང་ལྔའོ། །དེ་ལ་དར་མ་ཏནྟྲ་ཉན་ཅིང་དབང་བསྐུར་བ་འདི་སྐད་དོ། །གསང་བ་གསང་ཆེན་གསང་མཆོག་རྣམས། །སྟོན་པས་ངེས་པར་གསུངས་པའི་དོན། །ཉན་ཅིང་ཡིད་ལ་འཛིན་པ་དང་། །མ་འདྲེས་སྟོན་པའི་དབང་ཐོབ་་།ག །དེ་ནས་ཡི་དམ་གྱི་ལྷ་བསྒོམ་ཞིང་དབང་བསྐུར་བ་འདི་སྐད་དོ། །བསྐལ་པ་གྲངས་མེད་སྔོན་རོལ་ན། །བསྒོམས་ཤིང་བསྒྲུབས་པའི་ཡི་དམ་ལྷ། །མེ་ཏོག་གང་གིས་ཕོགས་པ་དེ། །བསྒོམ་ཞིང་གྲུབ་པའི་དབངཐོབ་།ག །དེནསདཀྱིལ་འཁོར་གཉེན་པོ་ལ་ཞལ་ལྟ་བའི་དབང་ལ་འདི་སྐད་དོ། །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །དུར་ཁྲོད་འབར་བའི་རྫས་བཀྲམ་ནས། །སྐུ་གསུང་ཐུགས་སུ་དབང་བསྐུར་བའི། །ལྟ་ཞིང་གྲུབ་པའི་དབང་ཐོབ་ཤོག །དེ་ནས་ཚོགས་ཀྱི་ཞལ་ཟས་འཚལ་ཞིང་སྤྱོད་པའི་དབང་ལ་འདི་སྐད་དོ། །རྒྱལ་བ་མཆོད་པས་དམ་སྐོངས་ཤིག །ཕས་འབབ་ལོངས་སྤྱོད་བདུད་རྩི་ཅན། །རྣལ་འབྱོར་ཚོགས་ལ་ལོངས་སྤྱོད་ཤོག །དེ་ནས་ལས་ཀྱི་རྡོ་རྗེས་ལས་གང་བྱེད་པར་དབང་བསྐུར་བ་འདི་སྐད་དོ། །ཞི་རྒྱས་དབང་དང་མངོན་སྦྱོད་དང་། །འཕྲིན་ལས་དྲག་དལ་གང་བྱེད་པའི། །ལས་རྣམས་ཆེ་གེ་བྱེད་པ་པོར། །རྡོ་རྗེའི་མིང་གི་དབང་ཐོབ་ཤོག །ཚོགས་རྒྱུད་ཆེན་པོ་ལས།དབང་བསྐུར་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཚོགས་ཀྱི་ལྷ་ལ་ཡང་དོན་རྣམ་པ་ལྔ་སྟེ། ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ་ལྟ་བ་དང་། འབྱོར་པ་ཐམས་ཅད་ལོངས་སྤྱོད་དུ་ལྟ་བ་དང་། མཆོད་པ་ཐམས་ཅད་ཡེ་ཤེས་སུ་ལྟ་བ་དང་། དམིགས་པ་ཐམས་ཅད་ལྷ་རྒྱུད་དུ་ལྟ་བ་དང་། རྟོགས་པ་ཐམས་ཅད་གཞལ་ཡས་ཁང་དུ་ལྟ་བའོ། །དེ་ལ་ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ་ལྟ་བ་ནི། རྡོ་རྗེ་སློབ་དཔོན་དང་མཆེད་དང་ལྕམ་དྲལ་ཚོགས་པ་ཡང་། རྡོ་རྗེ་སློབ་དཔོན་ནི་དཀྱིལ་ཡིན་ལ། མཆེད་དང་ལྕམ་དྲལ་ནི་འཁོར་ཡིན་པར་ལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་དགོངས་པ་གཅིག་ཏུ་རྒྱ་མཚོ་ཀློང་གི་དཀྱིལ་འཁོར་དུ་ལྟའོ། །དམ་རྫས་ཚོགས་པ་ཐམས་ཅད་ཀྱང་དཀྱིལ་འཁོར་ཏེ། བྱང་ཆུབ་སེམས་ནི་དཀྱིལ་ཡིན་ལ། དམ་རྫས་གཞན་ནི་འཁོར་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བདེ་བ་ཆེན་པོའི་དོན་ལ་སྐྱེ་འཆི་མེད་པའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའོ། །རྫས་དང་ལག་ཆ་ཚོགས་པ་ཐམས་ཅད་ཀྱང་དཀྱིལ་འཁོར་ཡིན་ཏེ། བརྙ་བདེ་བ་ཆེན་པོའི་དོན་ལ་སྐྱེ་ཤི་མེད་པས་དཀྱིལ་ཡིན་ལ། དུར་ཁྲོད་ཀྱི་ཆས་གཞན་ནི་འཁོར་རོ། །དེ་ཅིའི་ཕྱིར་ཞེ་ན། ཐབས་ ལ་ མཁས་ པའི་ རོལ་ མོ་ ཆེན་ པོས་ སོ། །རྣམ་ པར་རྟོག་ པ་ ཐམས་ ཅད་ ཆོས་ ཉིད་ དུ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་རང་བཞིན་ནོ། །དེ་ལ་འབྱོར་པ་ཐམས་ཅད་ལོངས་སྤྱོད་དུ་ལྟ་བ་ནི།ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་ཚོགས་ཀྱི་ལོངས་སྤྱོད་དུ་བྱིན་གྱིས་བརླབས་པའི་དུས་སུ། བྱོལ་སོང་ཐམས་ཅད་ཀྱི་ལུས་ཚོགས་སུ་ཕུལ་བ་དང་།གཤིན་རྗེ་ཐམས་ཅད་ཀྱིས་ཤ་ཆེན་པོ་ཚོགས་སུ་ཕུལ་བ་དང་། སྲིན་མོ་ཐམས་ཅད་ཀྱིས་ཐོད་རུས་དང་། འབྲུ་མར་ཚོགས་སུ་ཕུལ་བ་དང་། མ་མོ་དང་ལུབའ་འགྲོས་ཁྲག་དང་སྣུམ་ཆེན་པོ་ཚོགས་སུ་ཕུལ་བ་དང་། ཀླུ་རྣམས་ཀྱིས་སྙིང་པོ་སྣ་ཚོགས་ཚོགས་སུ་ཕུལ་བ་དང་། བྱོལ་སོང་རྣམས་ཀྱིས་འོ་མ་སྣ་ཚོགས་ཚོགས་སུ་ཕུལ་བ་དང་། ནམ་མཁའ་ལྡིང་རྣམས་ཀྱིས་ཤིང་ཏོག་སྣ་ཚོགས་ཚོགས་སུ་ཕུལ་བ་དང་། སྨན་གྱི་ལྷས་སྨན་སྣ་ཚོགས་ཚོགས་སུ་ཕུལ་བ་དང་། རྩིའི་ལྷས་རྩི་སྨན་སྣ་ཚོགས་ཚོགས་སུ་ཕུལ་བ་དང་། ནམ་མཁའ་ལྡིང་གིས་སྤོས་སྣ་ཚོགས་ཚོགས་སུ་ཕུལ་བ་དང་། ས་བདག་རྣམས་ཀྱིས་འབྲུ་སྣ་ཚོགས་ཚོགས་སུ་ཕུལ་བ་དང་། མི་རྣམས་ཀྱིས་མིས་སྦྱར་བའི་ཞལ་ཟས་སྣ་ཚོགས་ཚོགས་སུ་ཕུལ་བ་དང་། ལྷ་རྣམས་ཀྱིས་རིན་པོ་ཆེ་རྣམ་པ་སྣ་ཚོགས་དང་། ལྷའི་མེ་ཏོག་མན་ད་ར་བ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་དང་། ལྷའི་འདོད་པའི་ལོངས་སྤྱོད་རྣམ་པ་སྣ་ཚོགས་པ་ཐམས་ཅད་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས། རྣལ་འབྱོར་གྱི་ཛོགས་ཀྱི་ལོངས་སྤྱོད་ཆེན་པོར་བྱིན་གྱིས་བརླབས་ཏེ་གསོལ་པ། གཞན་ཡང་དྲངས་ཏེ་ཚིམ་པར་མཛད་དེ།ཕྱིར་མི་ལྡོག་པའི་ས་མངོན་སུམ་དུ་བཀོད་པས་འབྱོར་པ་ཐམས་ཅད་ཚོགས་ཀྱི་ལོངས་སྤྱོད་དུ་ལྟའོ། །དེ་ལ་མཆོད་པ་ཐམས་ཅད་ཡེ་ཤེས་སུ་ལྟ་བ་དང་། ཕྱི་ནང་གསང་བའི་མཆོད་པ་ཐམས་ཅད་ཐུགས་ཡང་དག་པའི་ཡེ་ཤེས་ཆེན་པོའི་ངང་ལས་རྒྱུང་སྟེ། ཕར་མཆོད་པས་ཐུགས་དམ་བསྐུལ་དངོས་གྲུབ་མནོས། སླར་འདུས་པས་སྒྲིབ་པ་སྦྱངས། དངོས་གྲུབ་ཐོབ་སྟེ་ལྷ་ལ་ལྷ་ཐིམ། ཡེ་ཤེསལ་ཡེ་ཤེས་རོལ། ཆོས་ཉིད་ལ་ཆོས་ཉིད་ཐིམ་སྟེ། ཕར་མཆོད་པས་བདག་གིས་སེམས་དང་། དེ་བཞིན་གཤེགས་པའི་ཐུགས་དམ་ཡེ་ཤེས་མཉམ་ཉིད་དབྱེར་མེད་པར་མཆོད་པར་འབུལ། སླར་འདུས་པས་དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་དང་། བདག་གི་སེམས་མཉམ་ཞིང་དབྱེར་མེད་དེ། ཡེ་ཤེས་མཆོད་པའི་འོད་ཟེར་གྱི་རྒྱན་བདུད་རྩིའི་རང་བཞིན་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། རྒྱལ་བའི་ཆོས་ལ་ལོངས་སྤྱོད་པར་མཛད་པས། མཆོད་པ་ཐམས་ཅད་ཡེ་ཤེས་སུ་བལྟ་བའོ། །དམིགས་པ་ཐམས་ཅད་ལྷ་རྒྱུད་དུ་ལྟ་བ་ནི། མདུན་གྱི་ནམ་མཁའ་ལ་རྒྱལ་བ་ཡེ་ཤེས་སེམས་དཔའ། འཁོར་རྒྱལ་བའི་སྲས་དང་བཅས་པ་དམིགས་ལ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྣམ་པར་ཤེས་པ་ཉིད་ལྷའི་རྒྱུད་དུ་སྣང་བ་ལས་མ་གཏོགས་པ་གཞན་གུད་ན་མེད་པའི་ལྟ་བ་རྟོགས་པར་བྱས་ལ། ཇི་ལྟར་གནས་དང་རི་བྲག་ཐམས་ཅད་འབྱུང་བ་ལྔས་བསྡུས་ལས། སྐྱེ་འགྲོ་ཐམས་ཅད་ཀྱང་འབྱུང་བ་ལྔ་དང་ལྔས་བསྡུས་པས། འབྱུང་བ་ལྔ་དང་ཕུང་པོ་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་གྱི་རང་བཞིན་ཡང་ཡིན་ལ། རྟོགས་པའི་ལྟ་བ་རྟོགས་པར་བྱས་ལ། ཏིང་ངེ་འཛིན་གྱིས་ཀྱང་བསྒོམས་ཏེ། མདུན་དང་ཤར་ཐམས་ཅད་རྡོ་རྗེ་རིགས་ཀྱི་ལྷ་དང་ལྷ་མོ་དང་། ཞིང་ཁམས་དང་། ཕོ་བྲང་གི་རང་བཞིན་གཡས་དང་། ལྷོ་ཐམས་ཅད་རིན་ཆེན་རིགས་ཀྱི་ལྷ་དང་ལྷ་མོ་དང་། ཞིང་ཁམས་དང་། ཕོ་བྲང་གི་རང་བཞིན། རྒྱབ་དང་ནུབ་ཐམས་ཅད་པདྨ་རིགས་ཀྱི་ལྷ་དང་ལྷ་མོ་དང་། ཞིང་ཁམས་དང་ཕོ་བྲང་གི་རང་བཞིན། གཡོན་དང་བྱང་ཐམས་ཅད་ལས་ཀྱི་རིགས་ཀྱི་ལྷ་དང་ལྷ་མོ་དང་། ཞིང་ཁམས་དང་ཕོ་བྲང་གི་རང་བཞིན། སྟེང་དང་ནམ་མཁའ་ཐམས་ཅད་དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་དང་ལྷ་མོ། སེམས་དཔའ་དང་། སེམས་མ་དང་། ཁྲོ་བོ་དང་། ཁྲོ་མོ་དང་། ཞིང་ཁམས་དང་། ཕོ་བྲང་གི་རང་བཞིན། སྟེང་དང་ནམ་མཁའ་ལྷ་རྒྱུད་ཀྱི་རང་བཞིན་དུ་རྟོགས་པར་བྱས་ལ། ཡིད་ཀྱིས་དམེགས་ལས། དམིགས་པ་ཐམས་ཅད་ལྷ་རྒྱུད་དུ་བལྟའོ། །རྟོགས་པ་ཐམས་ཅད་གཞལ་ཡས་ཁང་དུ་ལྟ་བ་ནི། ཕྱི་ནང་སྣོད་བཅུད་བསྡུས་པ་ཐམས་ཅད་འབྱུང་བ་ལྔ་ལ་བསྡུས་ལ།འབྱུང་བ་ལྔ་ཉིད་ཡུམ་ཆེན་མོ་ལྔའི་མཁའ་ཀློང་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པས། དཔག་ཅིང་གཞལ་བ་ལས་འདས་པའི་གཞལ་ཡས་ཁང་གི་རང་བཞིན་ཡིན་པས། དེ་ལྟར་མ་རྟོགས་པས་གཞལ་ཡས་ཁང་བརྙན་རིས་སུ་ཆད་པ་མེད་པས། རྟོགས་པ་ཐམས་ཅད་གཞལ་ཡས་ཁང་དུ་བལྟའོ། །རྒྱུད་ཆེན་པོ་ཚོགས་རྒྱུད་ཆེན་པོ་ལས་ལྟ་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཚོགས་ཀྱི་བསྒྲུབ་པ་ལ་ཡང་དོན་རྣམ་པ་ལྔ་སྟེ། སྐུའི་བསྒྲུབ་པ་དང་། གསུང་གི་བསྒྲུབ་པ་དང་། ཐུགས་ཀྱི་བསྒྲུབ་པ་དང་། ཡོན་ཏན་གྱི་བསྒྲུབ་པ་དང་། འཕྲིན་ལས་ཀྱི་བསྒྲུབ་པའོ།། རྣལ་འབྱོར་གྱི་ཚོགས་བསྒྲུབ་དགོས་ཏེ། རྣལ་འབྱོར་གྱི་ཚོགས་འདི་ནི་ལན་ཚྭ་དང་འདྲ་བས། གང་ལ་ཡང་མི་ཚང་དུ་མི་རུང་སྟེ། སྐུའི་བསྒྲུབ་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཚོགས་ཀྱི་མཆོད་པ་གཞུང་བཞིན་དུ་ཕུལ་ནས། སྐུའི་བསྒྲུབ་པ་གང་ཡང་འགྲུབ་ཅིང་ཐམས་ཅད་ཕྱིན་པར་འགྱུར་བཞིན་དུ། གསུང་དང་། ཐུགས་དང། ཡོན་ཏན་དང་འཕྲིནལས་ཀྱང་དེ་བཞིན་དུ་གང་བསྒྲུབ་པ་ཚོགས་ཀྱི་བསྒྲུབ་པའོ། །དེའི་དོན་ནི་གཞུང་དུ་མ་དག་ལས་རྒྱ་ཆེར་འབྱུང་ངོ་། །ཚོགས་རྒྱུད་ཆེན་པོལས་བསྒྲུབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཚོགས་ཀྱི་མཆོད་པ་ནི་དོན་རྣམ་པ་གསུམསྟེ། ཚོགསཀྱི་སྤྱོད་པ་ཐམས་ཅད་ཤེས་རབ་ཏུསྤྱོད་པ་དང་། ཚོགས་ཀྱི་སྦྱོད་པ་སྤོང་ལེན་མེད་པར་སྤྱོད་པ་དང་།ཚོགས་ཀྱི་སྤྱོད་པ་འཆིང་གྲོལ་མེད་པར་སྤྱོད་པའོ། དེ་ལ་ཚོགས་ཀྱི་སྤྱོད་པ་ཐམས་ཅད་ཐབས་དང་ཤེས་རབ་ཏུ་སྤྱོད་པ་ནི། ཡོ་ག་ཕྱི་མན་ཆད་ཀྱི་སྒོརཞུགས་པའི་མཆོད་པ་ལྟཅི་སྨོས་ཀྱི། འདོད་པའི་ཡོན་ཏན་གང་ལ་ཡང་སྐྱོན་དུ་བལྟསཔའིནང་ནས་ཀྱང་ཐབསདང་ཤེས་རབལ་བཅིང་བའི་བཤལ་ཐག་ཏུརྟགསཔདེ། རྡོ་རྗེ་ཐེག་པ་ཐབས་ལ་མཁས་པའིགནས་སྐབས་ན། ཐམས་ཅད་ཐབསདང་ཤེས་རབ་དབྱིངས་ཡེ་ཤེས་ཀྱི་རང་བཞིན་ཡིན་པས། འདོད་པའི་ཡོན་ཏན་ལ་སོགསཔ་ཐམསཅད་ལས་མ་སྤངས་པར་འཇོལ་ཉོག་ཏུ་སྤྱོད་པར་མ་ཟད། དེ་ཉིདཆོས་ཉིད་དག་པའི་རྒྱན་དུ་རིག་པར་བྱའོ། །དགའ་བདེ་ལོངས་སྤྱོད་པ་ཉིད་ཀྱིས་གཉིས་སུ་མེད་པ་ཆོས་ཀྱི་སྐུ་ཐོབ་པར་འགྱུར་རོ། །དེ་ལ་ཚོགས་ཀྱི་སྤྱོད་པས་སྤོངལེན་མེད་པར་སྤྱོད་པ་ནི། ཡོ་ག་ཕྱི་པ་མན་ཆད་ཀྱི་གཙང་རིགས་ཡིན་ཏེ། འཕགས་པ་མཆོད་པའི་རྒྱུཡིན་ལ། འདི་ནི་མི་གཙང་བ་དང་། རྨེ་བ་ཡིན་པས། འཕགས་པ་མཆོད་པའི་རྒྱུ་མ་ཡིན་ཞེས་སྤོང་ལེན་དུ་སྤྱད་པ་མ་ཡིན། ཆོས་བདག་མེད་པའི་རང་བཞིན་ལ་རྣམ་པར་རྟོག་པའི་མིང་ཙམ་ཡང་མེད་པས། གཙང་ན་ཡང་ལྷའི་ཞལ་ཟས་ཡིན་ལ། མི་གཙང་བ་ཡང་ལྷའི་ཞལ་ཟས། གཉིས་སུ་མེད་པ་ཉིད། འཕགས་པའི་དགོངས་པ་སྤྱོད་པ་དང་། འཕགས་པའི་སྐུ་འགྲུབ་པས། གང་ལ་ཡང་འདི་འཁོར་བ་དང་། ངན་སོང་གི་རྒྱུ་ཡིན་པས་སྤོང་ལ།འདི་ཐར་པ་མེད་པ་དང་། མི་གཙང་བའི་རྒྱུ་ཡིན། ཡེ་ཤེས་དང་དུ་མི་ལེན་ཏེ། སྤོང་ལེན་མེད་པས། སངས་རྒྱས་ཀྱི་ས་ལ་གནས་པ་ཡིན་ནོ། །ཚོགས་ཀྱི་སྤྱོད་པ་བཅིང་གྲོལ་མེད་པར་སྤྱོད་པ་ནི། འདོད་པའི་ཡོན་ཏན་རྣམ་པ་སྣ་ཚོགས་པ་ལ་ཆགས་ན། ཆགས་པ་མེད་པར་མཐར་ཕྱིན་པར་སྤྱད་པས། འཁོར་བ་དང་། ཉོན་མོངས་པས་བཅིངས་པ་མེད་པས་དེ་ཉིད་རྟོགས་པའི་རྐྱེན་ནི། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་ཡིན་པས།དེ་ལྟར་སྤྱོད་ན་གྲོལ་བ་ཡང་མེད་ལ། བཅིང་པ་ཡང་མེད་པའོ། །ཚོགས་རྒྱུད་ཆེན་པོ་ལས་སྤྱོད་པའི་ལེའུ་སྟེ་བཅུ་པའོ།། །།རྡོ་རྗེ་སེམས་དཔས་དེ་སྐད་ཅེས་བཀའ་བསྩལ་པ་ལས། རིགས་ལྔ་ཡབ་ཡུམ་དང་།འཁོར་སེམས་དཔའ་དང་། སེམས་མ་དང་། ཁྲོ་བོ་དང་། ཁྲོ་མོ་དང་། སྤྲུལ་པ་དང་། ཡང་སྤྲུལ་དང་། ཅི་བགྱི་དང་། བཀའ་ཉན་དང་། དམ་ལ་གནས་པའི་འཁོར་ཐམས་ཅད་ཀྱིས་དགྱེས་པ་ཆེན་པོའི་ཚོགས་ཀྱིས་ལོངས་སྤྱོད་ཀུན་ཉམས་སུ་བསྟར་ནས། ཐམས་ཅད་གཉིས་སུ་མེད་པའི་སྐུར་ལྷུན་གྱིས་གྲུབ་པར་བཞུགས་སོ། །རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་རྫོགས་སོ།། །།་རྡརྗེངུརམོམེརྒྱུདལསཁྲོཕོལསརིག་བ་་སོ། དེ་ནས་མེ་བླང་བ་ནི། དུར་ཁྲོད་ཀྱིས་མེའམ་གདོལ་བའི་མེའམ་ཡུག་ས་མོའི་ཁྱིམ་ནས་མེའི་ས་བོན་བླང་། དེ་ནས་མེའི་བསྙེན་པ་བགྱི་བར་བྱ། བསྙེན་པའི་དོན་ནི་འཛབ་ཏུ་བཟླས། དེ་ནས་ཆོ་ག་ཕུན་སུམ་ཚོགས་པས་དྲངས་པར་བྱ། ད་ནི་དྲག་པོའི་ཕྲིན་ལས་ཀྱི་སྟེ། འགུག་འདྲེན་དྲག་ཏུ་བགྱི། དགྲ་བགེགས་ལ་སོགས་པ་བཀུག་ནས། དུག་སྣ་ཚོགས་ཀྱིས་མེ་བསད་དེ། འདི་སྐད་དོ། ཁེང་གི་གཉེན་པོ་མེ་ཡིན་ཏེ། །མེས་བུད་ཤིང་བསྲེག་སྙིང་རེ་ཚིམ། །མེ་ཡི་གཉེན་པོ་ཆུ་ཡིན་ཏེ། །ཆུས་སུབ་མེ་བསད་སྙིང་རེ་ཚིམ། །ཆུ་ཡི་སྙིང་པོ་དུག་ཡིན་ཏེ། །དུག་གིས་ཆུ་བསད་སྙིང་རེ་ཚིམ། །དུག་གི་གཉེན་པོ་སྨན་ཡིན་ཏེ། །སྨན་གྱིས་དུག་གསད་སྙིང་རེ་ཚིམ། །སྨན་ནི་ལྷ་ཡི་སྤྲུལ་པ་ཡིན། །སྨན་གྱི་གང་ཞིག་གསོ་བར་བྱེད། །ཅེས་བརྗོད་དེ་སྨན་སྦྱར་བ་སླར་བླུག་སྟེ་མེ་གསོའོ། །མེ་གཡོ་བའི་ཡས་སྟགས་ལ། ཤུག་ལོ་མཆན་ཁུང་གང་དང་། མར་དཀར་སྲུངས་ཤིག་སླར་མེ་གསོའོ། །ཨོ་ར༷་ར༷་བ་ཡ་ཧུ༷། ར༷་ཀ་ལ་ཡ་ཧུ༷། ཛ་ལ་ཛ་ལ་ར༷་ཧུ༷། མ་མ་ནི་ར༷་ར༷་ཡུ། ཕཊ་ཕཊ་ཧུ༷་ཧེ་ར། ཏྲ༷་ར༷། དེ་ནས་ཐུགས་འདི་སྐད་བསྐུལ། མེ་ལྷ་རྒྱལ་པོ་ཆེན་པོ་སྟེ། །སྐྱིན་ཆེན་གཤིགས་པའི་ཁྲི་ལ་