Ngb-pt-0930-vol-10-text

From Rangjung Yeshe Wiki Texts
Revision as of 07:16, 20 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། དེ་བ་ཡ་ཏྲི་སན་ཏྲི་ཤུ་ཉ་ཏ་པི་པ༷་ག་ནི་ཏྲི་མ་ཧྭ་ཏན་ཏྲ། བོད་སྐད་དུ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བམ་པོ་བཞི་པ། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །དེ་ནས་ཡང་ལྷའི་དབང་པོ་བརྒྱ་བྱིན་དེས། བཅོམ་ལྡན་འདས་ལ་མ་ཆགས་པའི་མཆོད་པས་མཆོད་ནས། ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་བྱམས་མགོན་བདག །འགྲོ་རྣམས་བདག་སོགས་དོན་གྱི་ཕྱིར། །དྲེགས་པའི་རྒྱལ་པོ་འདི་རྣམས་ཀྱི། །བཅོས་ཤིང་ཞི་བའི་ལས་རྣམས་བཤད་དུ་གསོལ། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཉོན་ཅིག་བརྒྱ་བྱིན་ལྷ་ཡི་གཙོ། །འགྲོ་བསྡུས་སེམས་ཅན་དོན་གྱི་ཕྱིར། །དྲེགས་པ་བཅོས་ཤིང་ཞི་བར་བྱ་བ་ན། །སྲིད་པའི་མདོས་དང་ཡས་ཆེན་དང་། །གཏོ་དང་ཚིག་གིས་ཞི་ཞིང་ལོ་བར་འཀྱུར། །དེ་ཡི་ལས་ཀྱི་རིམ་པ་ནི། །དྲེགས་པའི་རྒྱལ་པོ་རྣམས་ཀྱིས་སྨྲོས། །ཅེས་གསུངས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཞུ་ལན་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་སྟོན་པའི་སྤྱན་སྔར། དྲེགས་པ་རྣམས་ཀྱིས་དྲག་པོའི་ཟོར་གྱི་ལས་རྣམས་སྨྲས་ཏེ། བདུད་རྣམསཀྱིས་ལས་འདི་སྨྲས་སོ། །ལྕགས་ཀྱི་གཞུ་མོ་ལ། ཟངས་ཀྱི་མཆོག་མ་ཅན། རིན་ཆེན་རྒྱུད་ཀྱིས་སྦྲེངས། གཞུ་ལ་བདུད་སྔགས་ཏེ། ཆང་པ་ལ་བདུད་མེས་ཀྱི་སྔགས། མཆོག་མ་ལ་སྒོ་བཞིའི་སྔགས། རྫིང་གཡས་གཡོན་ལ་བདུད་འབྱུང་བའི་བདུད་དང་། ཡ་བདུད་བཅུ་གསུམ་སྔགས། གདུག་པའི་མདའ་ལ་ལྷས་ངན་གྱི་བྱའི་སྒྲོས་བསྐྱོན་ལ། དེ་ལ་བདུད་སིལ་མའི་སྔགས་ཀྱིས་བྲིའོ། །མདའ་དང་གཞུ་དང་གདུག་པའི་ཤིང་གི་མདེའུ་གསལ། མདེའུ་ཟུར་ལ་བདུད་གིང་གི་སྔགས་བཀོད་ལ། དེས་མདེའུ་བྱིན་གྱིས་བརླབ་བོ། །དེ་ལྟར་ཁྲག་དང་། དུག་དང་། ཤ་ཁྲག་གིས་གཏོར་མ་བཏབ་ཅིང་དམིགས་པའི་ཕྱོགས་སུ་འཕང་ངོ་། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་ཀྱི་ཟོར་གསག་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བདུད་ཀྱི་ཟོར་གྱི་སྔགས། ཨོ༷་ཧྲི་དྷི་ཤ་མུ་ཏི་པ་ཡང་ཏི་ཡ་ལམ་ཡག་ཤ་རག་ཤ་ས་མི་བཟོར་ཡ། ཨོ༷་བྲི་ཁ་ལ་རི་ཤི་ཐན་ཤན་པྲི་མི་ལི་ཤམ་ཤམ་ཡ་བཟོད། ཏྲ་ཏི་རོ་ཤ་ཁ་ལ་ཧ༷་བཟོར་ཡ། ཞེས་བྲི་ཞིང་བཟླས་པའོ། །དེ་ནས་དྲག་པོའི་ལས་ལ་བདུད་བསྐུལ་ཏེ། བསྐུལ་ཞིང་འཕང་བའོ། །ཧུ༷། བདུད་ཡུལ་ཕ་གི་ན། བདུད་རྒྱལ་གདུག་པ་ཅན། བདུད་རྒྱལ་འཁོར་དང་བཅས། ནག་པོ་ཤ་ཟན་བདུད་ཀྱི་བུ། །ནག་པོ་གདུག་བྱེད་སྤྲུལ་པའི་གཙོ། །གདུག་ཚོགས་མང་པོའི་སྤྲུལ་པར་འགྱེད། །བདུད་མོ་མི་ཟད་པ། ཡ་བདུད་ནི་བཅུ་གསུམ་ཡང་། སྲིད་པའི་མདོས་ལ་སྤྱོན། གདུག་པ་ཡི་ནི་ལས་ལ་དྲག །དྲག་པོ་ཟོར་ལ་བསྐུལ་བའི་ཚེ། །ཕོ་བདུད་བཅུ་གསུམ་བྱུང་། །ཕོ་བདུད་བཅུ་གསུམ་ནི། ལ་ལ་བདུད་ཀྱི་གཞུ་མོ་འགེངས། ལ་ལ་བདུད་མདའ་རྒྱལ་གཞུ་ཁོངས་ལ། སིལ་ནས་ནི་མདའ་སྣ་དྲོངས། གདུག་པའི་དཔལ་བྱེད་ཚེ། དྲག་པོ་ནི་ཟོད་འཕེན་ཚེ། ཕོ་བདུད་ནི་ཤར་ར་ར། གདུག་པའི་སྐུ་ལུས་ནི་མཐིང་ནག་ལ། ཕྱག་ན་གདུག་པའི་མཚོན་ཆ་ཐོགས། །བདུད་རྔམ་ཟོར་འཕེན་འེཕྱོ་ཞིང་འཕེན། །ཕོ་བདུད་མདའ་མོ་ཤུགས་ཀྱིས་དྲག །གདུག་པའི་མདེའུ་སྲོག་རྩ་གཅོད། །སྒྱུ་མའི་ཕུང་པོ་བསྲེགས་ཅེས་བསྐུལ་ཅིང་འཕང་ངོ་། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་རྣམས་ཀྱི་ཟོར་གྱི་ལེའུ་སྟེ་གསུམ་པའོ།། །།དེ་རྣམས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། བཙན་རྣམས་ཀྱིས་ཟོར་གྱི་ལས་འདི་སྨྲས་སོ། །གསང་བདག་ཏིང་འཛིན་དང་ལྡན་པ་དེས། བསེའི་གཞུ་གཅིག་ལ། ཆང་པ་ལ་སྤྱི་བཙན་གྱི་སྔགས། མཆོག་མ་ལ་བྲག་བཙན། རྫིང་གཉིས་ལ་འབྱུང་བ་ལ་སོགས་པའི་སིལ་མའི་སྔགས་བྲི། དེ་ལྟར་གདུག་པའི་མདའ་མོ་ལ། འུག་པ་དང་སྲིན་བྱ་དང་ནེའུ་ལེ་དང་། བྱ་དམར་བཞིའི་སྒྲོ་བསྐྱོན། སྐྱེར་ཚེར་གྱི་མདེའུ་གསལ་ལ། མདའ་ལ་བཙན་གྱི་ཟོར་སྔགས་བྲི། དེ་ལྟར་འཆམ་པ་དང་དར་དམར་པོའི་ཕུར་ལྕེ་གདགས། ཕུད་དང་སྤྱན་གཟིགས་ཤ་ཁྲག་བཤམ་ཞིང་མཆོད།དེ་ལྟར་བསགས་ལ་བསྔགས་ཤིང་དམིགས་པའི་ཕྱོགས་སུ་འཕང་། དེ་ཡིས་ལས་རྣམས་གྲུབ་པར་བྱེད། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཙན་ཟོར་བསག་པའི་ལེའུ་སྟེ་བཞི་པའོ།། །།ཧུ༷། གདུག་པ་བཙན་གྱི་བུ། ང་རྒྱལ་སྐྱེས་གཅིག་པ། བཙན་ཆེན་སྤྲུལ་པའི་སྐུ། བཙན་ལས་གཉན་པ་མེད། སྤྱི་བཙན་ཆེན་པོ་སྟེ། བཙན་འཕྲན་འབུམ་གྱིས་བསྐོར། བཙན་ལས་རྩལ་དྲག་མེད། ཕྱ་ལས་སྐོས་མཁས་མེད། བཙན་ཆེན་གདུག་པ་ཅན། མི་དམར་རྟ་དམར་འཚོགས། ཁྲག་གཟེར་ནད་ཀྱི་བདག སྤྲུལ་པ་བསམ་ཡས་སོ། །གདུག་པ་མདའ་ཟོར་བདག དུག་ཟོར་དམིགས་པ་སྒྲོལ། ཡུལ་དང་བཙན་ཡུལ་ཕ་གི་ན། གདུག་པ་བཙན་གྱི་བུ། བཙན་ཆེན་ཤར་ར་ར། ཁྲག་མདའ་ཅིལ་ལི་ལི། དུག་མདའ་ཀྱིལ་ལི་ལི། བཙན་ཡུལ་ཕ་གི་ན། བསེ་ཡི་གཞུ་སྒྲ་འུར་རུ་མྲ བསེ་ཡི་མདའ་སྒྲ་ལྕགས་སེ་ལྕགས། བཙན་གཞུ་འུར་རུ་སྲ བསེ་ཡི་གཞུ་མོ་ལ། ལྕགས་ཀྱི་མཆོག་མ་ཅན། ཟངས་ཀྱི་ནགས་མས་མནན། འབྲོང་བུ་རྒྱུད་ཀྱིས་སྒྲེང་། བསེ་ཡི་བཤུལ་ཅིག་བཏང་། བསེ་མདའ་དམར་པོ་ལ། ལྟས་ངན་སྒྲོ་བཞི་བསྐྱོན། སྒྲོ་ལ་གདུག་པའི་ཆས། བཙན་གྱི་ངན་སྔགས་བྲི། སྐྱེས་བུ་སྤྱི་དང་ཆས། གསང་བའི་ལས་ཀྱིས་སྲིབས། མདའ་ཆེན་གཉན་ཆས་ཏེ། ངན་སྔགས་དུག་བཅས་ཏེ། སྐྱེར་མདེ་དབལ་རྣོ་བས། ཉམས་པའི་སྒྱུ་མའི་ཕུང་པོ་གཏན་ནས་སྲེགས། མདའ་འཕངས་དམ་ཉམས་སྒྲོལ། ཡུལ་མཁར་ལྟས་ལ་ཡང་། དྲེགས་པའི་གུར་ལ་ཡང་། སྲོག་རྩ་དམར་ཆོད་ལ། བཙན་ཟོར་ལྟ་ལ་ལ། མདའ་ཡི་སྣ་འདི་བཙན་གྱིས་དྲོངས། ཨོ་ཏ་ཙེ་པྲི་ལི་ན་ཙེ་མ་སྨྱོ་སྨྱོ་ཡ་ཡ་ཕྱི་རྟིག་ཟོར་གྱི་ལི་པྲི་ཏ་སི་ནི་སེ་ཏེ། ཙ་ཙ་པྲི་ལིང་ཙ་ར་ལིང་ཡ་མ་གཟོར། དེ་ཡིས་གར་འཕངས་བརླག་པར་བྱེད་ཅེས་འབྲི་ཞིང་འཕང་སྟེ། བསྐུལ་ཏེ་ལས་ལ་སྦྱར་ལ། ཇི་ལྟར་དམིགས་པ་དེ་ཕྱོགས་ལ་འཕང་། ལྷ་འདྲེ་སྟོ་ང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཙན་ཟོར་གྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། རྒྱལ་པོ་རྣམས་ཀྱིས་རང་རང་གི་ཟོ་ར་གྱི་ལས་འདི་སྨྲས་སོ་། །གསང་བདག་ཏིང་འཛིན་ལྡན་པ་དེས། །དྲག་པོའི་ལས་རྣམས་བྱས་རྗེས་ལ། །ཤ་ཁྲག་སྣ་ཚོགས་གཏོར་མ་དང་། །གདུག་པའི་གཞུ་མོ་རྒྱལ་གྱི་ཡི་གེ་གོ་ང་བཞིན་བཀོད། ཡི་གེ་དབུས་སུ་དཀར་པོ་སྤྱན་ལ་སོ་གས་པའོ། །གདུག་པའི་མདའ་གཅིག་ལ། ལྟ་ངན་སྒྲོ་་ཡིས་བསྐྱོ་ན།མདའ་ལ་རྒྱལ་པོའི་སྔགས། རིམ་པར་དགོད་པར་བྱ། མདེའུ་དུག་མེད་རྩལ། ཐེ་རང་མིག་གཅིག་སྔགས། མཆོག་མ་དག་ལ་ནི། དར་དཀར་ཕུར་ལྕེ་གདགས། དེ་ལྟར་མདའ་གཞུ་བསྡེབས། ཡི་་ཤ་པྲི་ཤག་ཏ༷་ཨ་འོ་་ས་མ་ཡ་ཁྲུ༷་ཏ༷་བུ་ར༷་སྦྱོ། ཞེས་ཟོར་སྔགས་བྲིས་ལ། དེ་ལ་གདུག་པའི་མདའ་གཞུ་དང་། བསྐུལ་ཞིང་འཕང་སྟེ་ལས་ལ་བྱའོ། །ལྷ་འདྲེ་སྟོ་ང་གི་དྲ་བའི་རྒྱུད་ཆེན་པོ་་ལས། རྒྱལ་པོའི་ཟོར་གསག་པའི་ལེའུ་སྟེ་དྲུག་པའོ།། །།ཧུ༷། རྒྱལ་པོ་ནི་གདུག་པ་ཅན། རྒྱལ་སྲིད་ནི་སྲོ་ག་ལ་དགའ། ཁྱབ་པ་ནི་ཆེན་པོ་་མཆེད། སྲོ་ག་བདག་གདུག་པའི་ཚོ་གས། མི་དཀར་ལྡེམ་པ་ལ། གཡུ་ཡི་སྨིན་མ་ཅན། གདུག་པའི་དཔལ་དང་བཅས། དྲག་༄༅ པོའི་ཟོར་འཕེན་ཤར་ར་ར། །གདུག་པའི་དབལ་འཕེན་སིལ་ལི་ལི། །ཡམ་ཤུད་དམར་པོ་སྟེ། མི་དམར་རྟ་རུ་དམར། བསེ་མདའ་བསེ་གཞུ་རྣམས། གདུག་པའི་ང་རོ་སྒྲོག སྲིད་པ་མ་ལུས་འཇོམས་པའི་བདག གང་ལ་ཁྱོད་ཤེས་ན། དོ་ནུབ་དྲག་པོའི་མདའ་ཟོར་འཕོངས། དཀར་པོ་སྤྱན་གཅིག་པ། ཁུ་ལེ་ལག་པ་དགུ། མཆེད་བཞི་གདུག་པའི་འཁོར། མདའ་ཟོར་འཕང་བའི་དུས་ལ་བབ། །དྲག་པོའི་ཟོར་འཕེན་ཤར་ར་ར། །རྒྱལ་པོ་མཆེད་གསུམ་པོ། སྐྱ་ཏྲང་ཁུ་ཏྲང་མི་པང་སད། །དོ་ནུབ་ཟོར་འདི་འཕོངས། ཉམས་པའི་སྲོག་རྩ་གཅོད། །རྒྱལ་གྱི་མདའ་ཟོར་འདི་འཕངས་པས། །གདུག་པ་ཉམས་པའི་སྲོག་རྩ་གཅོད། །སྒྱུ་མའི་ཕུང་པོ་གཏན་ནས་སྲེགས། ཁ་ལ་གདུག་པ་སྤྲུལ་པའི་གཙོ། །མ་ཡལ་དམ་ལས་བཞེངས། །གདུག་པའི་མདའ་ཟོར་འཕོངས ར་ཛ་ས་མ་ཡ་ཏྲི་ཤ༷་པར་ལི་སྦྱོ། །ཟོར་སྣ་རྒྱལ་གྱིས་འདྲོངས། ཅེས་འཕང་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། རྒྱལ་པོའི་ཟོར་གྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། ས་མ་ཡ་མ་བདུད་བཅུ་གསུམ་གྱིས་རང་རང་གི་ཟོར་འདི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྨྲས་སོ། །རབས་ཆད་ནག་པོའི་ཐོད་པ་མྲ ཤ་ཁྲག་སྣ་ཚོགས་དང་ཕུད་ཀྱིས་བདུད་མོ་མཆོད་ཅིང་། ལྕགས་ཀྱི་གཞུ་ལ་ལྕགས་ཀྱི་རྒྱུད་སྦྲེངས་ཤིང་། །བདུད་མོ་བཅུ་གསུམ་སྔགས་ཀྱིས་སྦྲེངས། །གདུག་པའི་མདའ་ལ་ལྟས་ངན་སྒྲོ། །གདུག་པའི་གྲ་མའི་མདེའུ་བཙལ། །དེ་ལ་ཁྲག་གནས་སོ། །དེ་ལྟར་མདའ་རྣམས་འཕང་བར་བྱ། །གང་ལ་དམིགས་པའི་རྟེན་ལ་རྡེག །ཨོ་རུ་རུ་ཤ་མ་ཐུམས་བྲི་ལིང་ཡ་སྨྱོ། ས་མ་ཡ་པྲ་ཏ་ཡ་སྨྱོ། ཁྲ༷་མ་སྟ༷་ཆུ་ཛ་སྨྱོ། ཞེས་པ་བྲིས་ལ་འཕང་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། མ་བདུད་ཀྱི་རྫས་གསག་པའི་ལེའུ་སྟེ་བརྒྱད་པའོ།། །།ཧུ༷། བདུད་ཡུལ་མ་གི་ན། བདུད་ཀྱི་རྒྱལ་མོ་གདུག་པ་མོ། །མཐིང་ནག་འབར་བའི་བདུད་མོ་ཚོགས། །ཤ་ཟ་ཁྲག་འཐུང་རལ་པ་སྤྲུག་ཅིང་བྱོན། །བདུད་མོ་བཅུ་གསུམ་ཡང་། གདུག་པའི་མདའ་ཟོར་འཕང་བའི་དུས་ལ་བབ། །མདའ་ཟོར་དམར་པོ་ཅིལ་ལི་ལི། །གདུག་པའི་བདུད་མོ་ཤར་ར་ར། །བདུད་མོ་ཟོར་འཕེན་དཔའ་ལ་རྔམ། །བདུད་མོ་ཐུན་འཕེན་ཤར་ར་ར། །བདུད་མོ་ལས་མཛད་སིལ་ལི་ལི། །བདུད་མོ་དར་ནག་གཡབ་འདོད་ལིངས་སེ་ལིངས། །བདུད་མོ་སྨྱུགས་པའི་གླུ་ལེན་ཀྱུར་རུ་རུ། །བདུད་མོ་ཟོར་འཕེན་ཤེས་པའི་ཚེ། །མདའ་ཟོར་གདུག་པ་སིབ་སེ་སིབ། །བདུད་མོ་ཉམས་པའི་སྲོག་རྩ་གཅོད། །གདུག་བྱེད་བདུད་མོ་ཁྱེད་རྣམས་ཀྱིས། །གདུག་པའི་མདའ་ཟོར་འདི་འཕངས་པས། །ཉམས་པའི་ཡུལ་མཁར་ཁྱིམ་རྣམས་སུ། །ཉམས་པའི་སྲོ་ག་རྩ་དམར་པོ་ཆོད། །ཉམས་པའི་སྒྱུ་མའི་ཕུང་པོ་སྲེགས། །ལྔ་ཕུང་ཡན་ལག་དྲུངས་ནས་ཕྱུང་། །གདུད་པའི་བདུད་མོ་དགྲ་ལ་ཟོར། །ཅེས་འཕང་ངོ་། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་མོའི་མདའ་ཟོར་གྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། ཐེ་བྲང་རྣམས་ཀྱིས་རང་རང་གི་ཟོར་འདི་སྨྲས་སོ། །སེ་བའི་གཞུ་ལ་སེ་བའི་མདའ། །སྲིན་བྱའི་སྒྲོ་ལ་གྲ་མའི་མདེལྭ །དེ་ལ་ཐེ་རང་སྔགས་རྣམས་བྲི། །བོང་བུ་རྣ་རིངས་ཐོད་པ་མྲ །ཤ་ཁྲག་མཐུན་པའི་ཡས་ཀྱིས་མཆོད། །ཨོ༷་་ཏྲང་ཏྲི་པྲ་ཨི་ན་ཤམ་བཛྲ་མི་ལི་པྲི་ཤ་ཡ་སྨྱོ། དེ་ལྟར་བྲི་ཞིང་འཕང་དང་དྲག་པོའི་ལས་རྣམས་བྱའི། ཐེ་བྲང་བསྐུལ་ཞིང་ཟོར་ལ་འཕང་། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཐེ་བྲང་གི་མདའ་ཟོར་གསག་པའི་ལེའུ་སྟེ་བཅུ་པའོ།། །།ཧུ༷། ཐེ་བྲང་ཆེན་པོ་མ་རུངས་པ། །སྲིད་པ་གསུམ་གྱི་རྒྱུད་འགྲོལ་མ། །རྡོ་རྗེ་ལེགས་པ་སྤྲུལ་པའི་གཙོ། །ཞང་བློན་དྲག་པོ་རྫུ་འཕྲུལ་ཅན། །རྒྱུག་འགྲོ་སྟོང་སྡེ་ཟོར་ལམ་དྲོངས། །ཟོར་གྱི་ལས་མཁན་སྤྲུལ་པའི་གཙོ། །མདའ་ཟོར་འཕང་བའི་དུས་ལ་བབ། །གདུག་པའི་མདའ་ཟོར་འཕངས་པའི་ཚེ། །ཉམས་པའི་སྙིང་ལ་མདའ་ཟོར་ཡ། །ཉམས་པའི་ལྔ་ཕུང་ཡན་ལག་བསྡུས། །ཉམས་པའི་སྲོག་རྩ་དམར་པོ་ཆོད། །ཉམས་པའི་སྒྱུ་མའི་ཕུང་པོ་སྲེགས། །ཐེ་བྲང་ཟོར་འཕེན་ཤར་ར་ར། །སྟོང་སྟེ་སྟོང་གསུམ་འགྲོ་ལ་བདག །ཉམས་པ་བསྒྲལ་བའི་དུས་ལ་བབ། །དྲག་པོ་མདའ་ཟོར་སིལ་འཕངས་པས། །ཐེ་བྲང་སྟོང་སྡེ་གདུག་པ་ཅན། །གདུག་པའི་མདའ་ལ་བདག་གི་མེད། །ཐེ་བྲང་མདའ་ཟོར་ཉམས་པའི་ཚོགས་ལ་བཟོར། ཅེས་བསྐུལ་ཞིང་འཕང་ངོ་། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཐེ་རང་ཟོར་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། མཁར་བ་ཅན་བཞིས་རང་རང་གི་ཟོར་གྱི་ལས་འདི་སྨྲས་སོ། །ལྕགས་ཀྱི་གཞུ་མོ་ལ། བསེ་ཡི་བཤུལ་བཏང་བ། དུང་གི་མཆོག་མ་ཅན། གདུག་པའི་རྒྱུད་བསྒྲེངས་ཤིང་། གཅན་བཞིའི་སྔགས་ཀྱིས་བསྐོར། ལྟས་ངན་མདའ་ཡིས་བརྒྱན། གཅན་བཞི་སྔགས་ཀྱིས་བྲིས། གདུག་པ་ཅན་ལ་བསླབས། གདུག་པ་མ་ལུས་ཀུན། ཤ་ཁྲག་གཏོར་མ་དང་། ཕུད་དང་རྫས་ཀྱིས་མཆོད། གཟུ་དང་དཔང་ཡང་གཟུགས། མདའ་གཞུ་བསླབས་ནས་སུ།གདུག་བྱེད་ཟོར་སྔགས་བྲིས། ཨོ་བུ་རི་ད་ནི་མག་ཤར་པྲིག་པྲིག་ཤ༷་ཤ༷་རག་ཤ་ཁ་ལ་པྲི་ཤམ་སྤྱོ། དེ་ལྟར་བྲིས་བསྒྲིབས་ནས། གང་དམིགས་ཕྱོགས་སུ་འཕང་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཙན་བཞི་མདའ་ཟོར་གསག་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།གདུག་པའི་གཅན་བཞི་སྟེ། རྔམ་པ་ལས་ལ་འགྱེད། དྲག་པོ་མདུང་སྟབས་ཀྱིས། ཉམས་པའི་སྙིང་འབྱིན་བྱེད། གཅན་བཞི་སྲོག་གི་བདག སྟོང་འཚོགས་ཀུན་གྱི་རྗེ། སྤྲུལ་པ་ཁྱབ་འཇུག་ཚོགས། སྲོག་གཅོད་ལས་ལ་རྔམ། མདའ་ཟོར་འཕང་བས་དུས་འབབ། མདའ་ཟོར་འདི་འཕངས་པས། ཉམས་པ་རྩད་ནས་གཅོད། དོ་ནུབ་མདའ་ཟོར་འདི་འཕངས་ཀྱི། །གདུག་པའི་གཞུ་མོ་རྩལ་མ་ཆུང་། །འབིགས་པའི་མདའ་ཟོར་ཁ་མ་རྟུལ། །སྟག་གི་ཧོར་ཤུགས་འཐེབ་མོ་ཅན། །སྤྲུལ་པ་ལས་ལ་ཡེངས་མ་ང་། །སྒྲོལ་བའི་གིང་ཆེན་གདུག་པའི་ཚོགས། །མདའ་ཟོར་འཕང་བའི་དུས་ལ་བབ། །ཉམས་པའི་སྙིང་ལ་དག་གཟེར་ཅིག །སྒྱུ་མའི་ཕུང་པོ་གཏན་ནས་བཤིག །སྤྲུལ་པའི་ཁྱབ་བདག་འཁོར་བཅས་ཀྱིས། །དམིགས་པ་བརླན་ཕྱིར་མདའ་ཟོར་ཡ། །ཟོར་རོ་མདའ་ཟོར་དམར་པོ་དགྲ་ལ་ཟོར ཅེས་འཕང་ངོ་། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཅའ་གཞི་མདའ་ཟོར་གསག་པའི་ལེའུ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། འཕྲང་པ་བཞིས་རང་རང་གི་མད་་ཟོར་འཕང་བའི་ལས་འདི་སྨྲས་སོ། །གསང་བདག་ཏིང་འཛིན་ལྡན་པ་དེས། གདུག་པའི་ལྕགས་ཀྱི་གཞུ་མོ་མདའ་དང་བཅས། །དེ་ལ་གདུག་པའི་དུག་དང་ཁྲག་གིས་བྱུག །དུག་མདེ་རྩལ་ལ་བྱིན་གྱིས་བརླབ། །མདའ་དང་གཞུ་ལ་འཕྲང་པ་བཞི་ཡི་སྔགས། །ཨོ་རི་སན་པྲ་ཏ་ཡ་ཧ་ལི་ག་ལི་ཤ༷་པྲ་མ་ཡ༷་ཏེ་སད་ལ༷་པ་ཏ་ཡ་པྲ་ཤག་ཡ་སྨྱོ། དེ་ལྟར་བྲི་དང་བསལ་བར་བྱ། །མཐུན་པའི་རྫས་དང་སྙིང་བཞི་རྫས་ཀྱིས་མཆོད། །དེ་ལྟར་ལས་བྱས་འཕང་བར་བྱ། །དཔང་དང་མ་ཉེས་གཟུ་དང་དཔང་། །དེ་ལྟར་ལས་བཅོལ་འཕངས་ན་དམིགས་པ་བརླག་པར་འཀྱུར། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། འཕྲང་བ་བཞིའི་མདའ་ཟོར་རྫས་གསག་པའི་ལེའུ་སྟེ་བཅུ་བཞི་པའོ།། །།ཧུ༷། བདུད་ཡུལ་ཚོགས་ཆེན་པོ་ལས། འཕྲང་བ་གདུག་པ་ནད་ཀྱི་བདག འཕྲང་བཞི་ནི་ཆེ་བཞི་སྟེ། གདུག་པའི་འཕྲང་བཞི་སྲུན་བྱེད་ཅིང་། །གདུག་པའི་ཉམས་པ་མ་ལུས་སྒྲོལ། །བདུད་བཙན་རྒྱལ་པོ་མ་ཡམས་འཕྲང་། །གདུག་རྩུབ་ནད་ཀྱི་བདག་པོ་སྟེ། །གདུག་བྱེད་ཉམས་པ་སྒྲོལ་བའི་བདག །སྲིད་པའི་བདག་པོ་གདུག་རྩུབ་ཅན། །མདའ་ཟོར་དམར་པོ་འཕང་བའི་དུས་ལ་བབ། །དྲག་པོ་མདའ་ཟོར་འཕང་བའི་དུས་ལ་བབ། །འཕྲང་བ་གདུག་པའི་མདའ་ཟོར་འཕྲོས། །དྲེགས་ཆེན་འཕྲང་བཞི་གཅན་འཕྲང་ན། །འཕྲང་བ་ཟོར་འཕེན་སིལ་ལི་ལི། །འཕང་བ་གདུག་པ་གྲོངས། །གདུག་པའི་དྲེགས་པ་དམག་ཚོགས་འབུམ། །གདུག་རྩུབ་སྤྲུལ་པའི་ཕོ་ཉ་འགྱེད། །གདུག་པའི་གཞུ་མོ་སྲུངས་ཅི་མ། མདའ་སྒྲ་ཤར་ར་ར། གཞུ་སྒྲ་ལྕོགས་སེ་ལྕོགས། གདུག་པའི་མདའ་འཕངས་པསཉམས་པ་བསྒྲལ་དུ་གསོལ། མདའ་ཟོར་གདུག་རྩུབ་སྤྲུལ་པའི་ཟོར་ལ་བཟོར། །དམིགས་པ་བསྒྲལ་བའི་དུས་ལ་བབ། །ཅེས་བསྐུལ་ཞིང་འཕང་ངོ་། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པ་ཟོར་ལ་བསྐུར་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། གདུག་པའི་བྲག་བཙན་དམར་པོ་དང་། སེ་བཙན་རོལ་པོ་དང་། སྐྱེས་བུ་ལུང་བཙན་དང་གསུམ་གྱིས་རང་རང་གི་ཟོར་གྱི་ལས་འདི་སྨྲས་སོ། །བསེ་ཡི་གཞུ་མ་་་ལ། ལྕགས་ཀྱི་མཆོག་མ་ཅན། བསེ་ཡི་བཤུལ་ཅིག་བཏང་། ཟངས་ཀྱི་ནན་མས་མནན། དེ་ལྟར་འབྲོང་བུ་རྒྱུད་དུ་སྦྱར། བསེ་མདའ་དམར་པོ་ལ། འུག་པ་ཁྲ་དང་སྤྲིན་བྱས་སྒྲོན། སྐྱེར་པའི་མདེའུ་ལ། ར་ཡི་ཁྲག་གིས་བྱུགས། །དེ་ལ་བཙན་གྱི་ཟོར་སྔགས་དགོད། །གདུག་པའི་དཔལ་དང་བཅས། ཁྲ་ཁྲག་གཏོར་མས་མཆོད། །སྙིང་སྣ་གདུག་པས་མཆོད། །དེ་ལྟར་བསགས་ནས་ནི། །ཨོ་ཙ་ཤོ་བ་རི་གུག་ལིང་སྐོར་ས་མ་ཡ་ཏི་པྲ་ཤ་ཤར་སྨྱོ། མུ་རུ་ཤ༷་ཕ་རི་ཡ་རིག་ཤ༷་སྨྱོ། ཀ་ལ་ནད་ཨ་ས༷་པ་རི་ཡ་སྨྱོ། དེ་ལྟར་བྲིས་ལ་བསྐུལ་ཞིང་འཕང་། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། །བཙན་གྱི་མདའ་ཟོར་གསག་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།གདུག་པ་བཙན་གྱི་བུ། སྐྱེས་བུ་ལུང་གི་བཙན། བཙན་མི་དམར་རྟ་རུ་དམར། བསེ་མདའ་ནི་བསེ་གཞུ་རྣམས། མདའ་ཟོར་ཏ་ལ་ལ། མདའ་འཕེན་གདུག་པ་སྒྲོལ། བྲག་བཙན་དམར་པོ་ཁྱོད། འབྱུང་བ་བྲག་གི་ཐེམ་ལ་གནས། བཙན་དམར་རྟ་རུ་དམར། གདུག་པའི་མཚོན་ཐོགས་སོ། །སྐྱེས་བུ་ནི་བྲག་གི་བཙན། བསེ་གཞུ་དམར་པོ་བདུངས། བསེ་མདའ་དམར་པོ་འཕེན། བསེ་ཡི་བསེ་མདུང་གསིགས། དྲག་པོ་མདའ་ཟོར་འཕོངས། བསེ་བཙན་རོལ་བུ་རྗེ། གདུག་པ་བཙན་གྱི་བུ། བཙན་གདུག་སྤྲུལ་པའི་འཁོར། བཙན་ལས་གདུག་ཆེ་མེད། རྟ་ཁམ་ནག་ཆིབས། མཆོག་དཀར་གྲ་གཅིག་འགུགས། སྲིད་པ་ཡོངས་སུ་སྒྲོལ། གདུག་རྩུབ་སྤྲུལ་པའི་གཙོ། མདའ་ཟོར་དམར་པོ་འཕོངས། ཉམས་པའི་སྙིང་ལ་གཟོར། ཡུལ་མཁར་ཁྱིམ་ལ་བཟོར། ལྷས་དང་རྫིང་ལ་བཟོར། ཕུང་པོ་ལྔ་ཕུང་སྐོམས། རྩང་དང་འབྱུང་བ་བསྡུས། དྲག་པོའི་མདའ་ཟོར་འཕང་བའི་དུས་ལ་བབ། གདུག་རྩུབ་ཟློག་ཅིང་ཉམས་པ་དེ་ལ་གཟོར། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཙན་གསུམ་ཟོར་གྱི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། བཙན་རྣམས་དང་། གཅན་རྣམས་དང་། གདུག་པའི་སྤྲུལ་པ་རྣམས་དང་། འབེབས་རྩེ་ཅན་རྣམས་དང་། མཁར་བ་ཅན་རྣམས་དང་། གདུག་པའི་སྤྲུལ་པ་དང་བཅས་པ་དང་། དེ་རྣམས་ཀྱིས་ཟོར་མདའ་འཕང་བའི་དུས་ལ་བབ། གདུག་པ་ངར་མའི་གཞུ་མོ་དང་། གདུག་པའི་མདའ་ལ་ལྟས་ངན་སྒྲོ། དུག་གི་མདེའུ་ལ་དཔལ་གྱི་ཁྲག དེ་ལ་གང་བྱེད་སྔགས་ཀྱིས་བྲི། ཨོ་རུ་པི་ཤ༷་རུ་རུ་ཀ་ར་ཡེ་ཡ༷་པྲ་པྲིག་པྲིག་ཡ་ཡ་སྨྱོ། ཁ་ལ་ནད་སེན་ཧེ་ལི་པྲ་དྲ་པྲིག་ཡ༷་པྲ་རོ་ཤ་ར་ཏི་སྨྱོ། དུ་ལིངས་མ་དུན་པྲ་ཤ་ཐུམས་ཐུམས་རྦད་ཤ་མ་སྨྱོ། པ་རི་ཤུ་ར་ཏ༷་ཀ་ལི་ཧར་ཧེར་རྦད་རྦུད་ཐུམ་རིས་ཡ་ལིང་ཤར་པྲེ་ཡ་ཡ་སྨྱོ། ཨོ་ཏུ་མ་ཝ་ལ་ཁྱེ་ཤ་ར་བ་ར་ཡ་ཡ་སྨྱོ། སྲ་རུ་རུ་ས༷་མྱག་ཐུ༷་ཀ་རོ་ཙ་ཙམ་སྨྱོ། ཞེས་མདའ་དང་གཞུ་ལ་གང་བྱེད་པ་བྲིས་ལ། དེ་ལ་དར་གྱིས་བརྒྱན་ལ་འཕང་བའོ། །དེ་ཡིས་གང་དམིགས་ཕྱོགས་སུ་འཕང་། དྲེགས་པ་ཅན་དང་འཁོར་བ་ཅན་ལ་སོགས་པའི་ལས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པ་སྒོ་རྣམས་ཀྱི་བཅས་དང་སྔགས་ཀྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ཧུ༷། དྲེགས་པ་ཆེན་པོ་མ་རུངས་པ། །སྐྱེ་འགྲོ་མ་ལུས་སྒྲོལ་བྱེད་པོ། །བདུད་བྱེད་ལས་རྣམས་བྱེད་པ་འོང་། །དྲག་པོའི་ཟོར་འཕེན་ཤར་ར་ར། །གདུག་པའི་དྲེགས་ཆེན་མ་རུངས་མ། །འབྱུང་བས་བསྐྱེད་པའི་ཤིང་རྒོད་དང་། །སྲིད་པས་བསྐྱེད་པའི་གཞུ་རྒོད་དང་། །དྲག་པོས་འཛིན་པའི་བཤུལ་རྒོད་དང་། །རིན་ཆེན་འབར་བའི་ནན་མ་དང་། །གདུ་རྩུབ་འབར་བའི་མདེ་རྩེ་དང་། །དྲག་པོ་འབར་བའི་ནུས་མཐུ་རྩལ། །དྲག་ཆེན་གཤུལ་ལ་སྤྲུལ་པའི་མདའ། །གཞུ་མོ་རྒྱུད་ཀྱི་སྤྲུགས་པའི་ཚེ། །མདའ་ནི་གདུག་བྱེད་ཐིག་ཆེན་འདེབས། །མདེ་གིང་གདུག་པ་ཐོགས་མེད་གཅོད། །ཉམས་པའི་ཡུལ་དུ་མདའ་ཟོར་ཡ། །གདུག་པའི་གཞུ་མོ་འུར་རུ་སྲ །གདུག་པའི་མདའ་མོ་ལྗགས་སེ་ལྗགས། །དྲེགས་ཆེན་ཟོར་འཕེན་དཔའ་ལ་རྔམ། །སྤྱུགས་པའི་གླུ་ལེན་གདུག་པ་སྒྲོལ། །ཉམས་པའི་ཕུང་པོ་གཏན་ནས་སྲེགས། །ལྔ་ཕུང་ཡན་ལག་རྡུལ་དུ་ལྷོགས། །རྔམ་པའི་སྒྲ་ཆེན་དིར་རི་རི། པགས་ཆེན་གཡབ་འདོར་ལིངས་སེ་ལིངས། །སྤྲུལ་པའི་དྲེགས་པ་མང་པོ་ཀུན། །ཉམས་པ་བསྒྲལ་བའི་དུས་ལ་བབ། །ཅེས་བསྐུལ་ཞིང་འཕང་ངོ་། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པ་རྣམས་ཀྱི་མདའ་ཟོར་གྱི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོ་ལྡན་གསང་བའི་བདག །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །བཅོས་པའི་ཡོན་ཏན་ཇི་ལྟར་ལགས། །མ་བཅོས་པ་ཡི་སྐྱོན་ནི་ཅི། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་བརྒྱ་བྱིན་ལྷ་ཡི་གཙོ། །དྲེགས་པའི་རྒྱལ་པོ་འདི་རྣམས་ཀྱི། །མ་བཅོས་པ་ཡི་སྐྱོན་བསྟན་པ། །སད་དང་སེར་བ་རྩ་དང་མུ་གེ་དང་། །རིམས་ནད་དང་ནི་ཡམས་ནད་དང་། །ཚེ་ཐུང་ལོངས་སྤྱོད་ཆུང་བ་དང་། །དོན་མེད་མི་ཤིས་སྣ་ཚོགས་འབྱུང་། །དེ་ལྟར་བྱུང་ན་མི་རྣམས་འཕུང་། །དེ་བས་བཅོས་པ་རབ་ཏུ་གཅེས། །བཅོས་པའི་ཡོན་ཏན་བསྟན་པ་ནི། །ལོ་ལེགས་འཁྲུངས་མུ་གེའི་བསྐལ་པ་ཆད། །ཚེ་རིངས་ལོངས་སྤྱོད་ཆེ་ཞིང་མི་རྣམས་དར་ཞིང་རྒྱས། །དེ་བས་སད་དང་སེར་བ་མེད་ཅིང་ཞི་ཞིང་བདེ། །དེ་ལྟར་གྱུར་ན་འཇིག་རྟེན་བདེ། །དེ་བས་བཅོས་པ་རབ་ཏུ་གསུངས། །ཅེས་སྨྲས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པ་རྣམས་བཅོས་པའི་ཡོན་ཏན་དང་མ་བཅོས་པའི་སྐྱོན་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཡང་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པའི་འཁོར་རྣམས་ཀྱིས། བཅོམ་ལྡན་འདས་ལ་བསྐོར་ཅིང་ཕྱག་འཚལ་ནས། མ་ཆགས་པའི་མཆོད་པ་དང་མེ་ཏོག་མང་པོ་གཏོར་ནས་འདི་སྐད་མགྲིན་གཅིག་ཏུ་བསྟོད་དོ། །ཨེ་མ་ཧོ། འཇིག་རྟེན་མགོན་ཆེན་པོ། ཨེ་མ་ཧོ་སངས་རྒྱས་སྟོན་པའི་མཆོག འགྲོ་བ་རྣམས་ཀྱི་སྐྱབས་ཆེན་པོ། སངས་རྒྱས་སྟོན་པ་ཁྱོད་ལ་བསྟོད། ཨེ་མ་ཧོ། ཡིད་བཞིན་རིན་པོ་ཆེ། འཕོངས་པ་རྣམས་ཀྱི་རེ་བ་སྐོང་། ཐམས་ཅད་འབྱུང་བ་རིན་པོ་ཆེ། དགོས་འདོད་འབྱུང་བ་རིན་ཆེན་ཁྱོད་ལ་བསྟོད། ཅེས་མགྲིན་གཅིག་ཏུ་བསྟོད་དོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཅོམ་ལྡན་འདས་ལ་འཁོར་རྣམས་ཀྱིས་བསྟོད་པའི་ལེའུ་སྟེར་ཉེར་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བརྒྱ་བྱིན་ལ་སོགས་པའི་འཁོར་ཁྱེད་རྣམས་ཀྱིས། ངའི་རྒྱུད་འདི་ཟུང་ཞིག ཆོངས་ཤིག ལྷོགས་ཅིག དར་བར་གྱིས་ཤིག ཐུབ་པར་གྱིས་ཤིག མིག་གི་འབྲས་བུ་ལྟར་ཆོངས་ཤིག གསང་བའི་སྲོག་ལྟར་ཆོངས་ཤིག ངའི་རྒྱུད་འདི་དགོངས་པ་ཐམས་ཅད་ཚང་བས། ནོར་བུ་རིན་པོ་ཆེ་གཏེར་དུ་ཐོགས་ཅིག ཐམས་ཅད་སྒྲོལ་བ་དྲག་པོ་འབར་བ་སྲོག་གི་གཤེད་བྱ་བ་ཟུང་ཞིག ཐམས་ཅད་གསོ་བས་འཚོ་བྱེད་རྒྱལ་པོའི་རྒྱུད་བྱ་བར་ཐོགས་ཅིག གཏད་ཐུབ་པར་གྱིས་ཅིག ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །གསུངས་སོ། །དེ་ནས་བརྒྱ་བྱིན་ལ་སོགས་པའི་འཁོར་རྣམས་ཤིན་ཏུ་ཡི་རངས་ནས། བཅོམ་ལྡན་འདས་ལ་མིག་མི་འཛུམ་པར་བལྟས་ཏེ་རང་རང་གི་ས་ལ་འཁོད་དོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། རྒྱུད་ཡོངས་སུ་གཟུང་ཞིང་གཏད་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།བམ་པོ་ཐ་མའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་རྫོགས་སོ།། །། རྒྱ་གར་སྐད་དུ། དེ་ཝ་ཡ་ཏྲི། སན་ཏྲི་ཤུ་ཉ་ཐུ་སི་ས་མ་ཏན་ཏྲ། བོད་སྐད་དུ།