Ngb-pt-0866-vol-09-text

From Rangjung Yeshe Wiki Texts
Revision as of 07:14, 20 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

ལེའུ་སྟེ་བཞི་པའོ།། །།པདྨ་གཙུག་ལག་འཁོར་ལོའི་རྒྱུད་ཕྱི་མ་རྫོགས་སོ།། །། རྒྱ་གར་སྐད་དུ། བཛྲ་ཀི་ལ་ཡ་ཙཀྲ་ཀྲི་ཡི་ཏན་ཏྲ། བོད་སྐད་དུ། རྡོ་རྗེ་ཕུར་པ་གཙུག་ལག་འཁོར་ལོའི་རྒྱུད། རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །དེ་ནས་གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེས། དཔལ་ཀུན་ཏུ་བཟང་པོ་ལ་མཆོད་པ་དང་བསྟོད་པ་སྣ་ཚོགས་པས་མཉེས་པར་བྱས་ནས། གསང་བའི་བདག་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱིས་གསོལ་པ། ཨེ་མ་ཀྱེ་ཀྱེ་བཅོམ་ལྡན་འདས། །མ་འོངས་ལྔ་བརྒྱ་ཐ་མའི་ཚེ། །མཚམས་མེད་ལྔ་པོ་དར་བའི་ཚེ། །མུ་སྟེགས་ལོག་པའི་ཆོས་དར་ཚེ། །རྣལ་འབྱོར་རྨེ་འཁྲུག་བྱེད་པའི་ཚེ། །ཉན་ཐོས་ཚུལ་ཆོས་སྲུང་བའི་ཚེ། །བཀའ་ཡི་བསྟན་པ་འཇིག་པ་ལ། །ལས་ཀྱི་འཁོར་ལོ་མཐའ་འབྱུང་ཞིང་། །གསང་སྔགས་སྐྱོན་ཡོན་ཇི་ལྟར་ཡང་། །རྒྱུད་རྣམས་ཀུན་ཏུ་གབ་བྱས་པའི། །ཕུ་ར་པའི་རྒྱུད་སྡེ་འབུམ་སྡེ་རྣམས། །བཤད་པའི་ལྡེ་མིག་དུ་ཡིས་འགྲོལ། །ཐུགས་རྗེ་ཅན་གྱི་བཀའ་སྩལ་གསུངས། །ཡང་འཇིག་རྟེན་གྱི་ཁམས་འདི་གྲངས་མེད་པ་ཆེར་གཡོས་ཏེ། ཤིན་ཏུ་འཇིགས་པའི་སྒྲ་དང་། །དྲི་དང་། རོ་དང་། རེག་བྱ་བྱུང་སྟེ། ཐམས་ཅད་འཇིགས་ཤིང་སྐྲག་པར་འགྱུར་ཏོ། །དེ་ནས་ཡང་དཔལ་ཀུན་དུ་བཟང་པོས། དངོས་གྲུབ་ཡོངས་སུ་བསྡུ་བའི་ཏིང་ངེ་འཛིན་ལ་ཞུགས་ནས། དེའི་ཐེ་ཚོམ་བཀའ་སྩལ་པ། ཉོན་ཅིག་གསང་སྔགས་བདག་པོ་ཉོན། །མ་འོངས་ལྔ་བརྒྱ་ཐ་མའི་ཚེ། །མཚམས་མེད་ལ་སོགས་དར་བའི་ཚེ། །འཁྲུལ་འཁོར་སྔགས་ཀྱི་སྐྱོན་སྤངས་པ། ཁུད་རྣམས་ཀུན་ཏུ་གབ་བྱས་པ། །ཕུར་པའི་རྒྱུད་དོན་འབུམ་ཕྲག་རྣམས། །བཤད་པའི་ལྡེ་མིག་གསུམ་གྱིས་འགྲོལ། །ཐེམས་ནི་འཁོར་ལོ་ལྡེ་མིག་ཡིན། །ཚད་མ་སྔགས་ཀྱི་ལྡེ་མིག་ཡིན། །རྩིས་ནི་མན་ངག་ལྡེ་མིག་ཡིན། །ལས་ཀྱི་འཁོར་ལོ་བསྐོར་བ་དང་། །སྔགས་ཀྱི་སྐྱོན་མཐོང་སྤངས་བའི་ཕྱིར། །དང་པོར་ཐེམས་ཀྱི་མན་ངག་བཤད། །རྩ་བའི་འཁོར་ལོ་བཞི་རུ་བཤད། །དེ་ལས་འཁོར་ལོ་རྣམ་གསུམ་སྟེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །མི་འགྱུར་ཆོས་སྐུའི་འཁོར་ལོ་ཡིན། །མི་ཉམས་ལོངས་སྐུའི་འཁོར་ལོ་ཡིན། །སྤྲུལ་པ་རྒྱན་གྱི་འཁོར་ལོར་གསུངས། །དེ་ལས་ཕྱེ་བས་གསུམ་དུ་གསུངས། །བརྟག་པ་ཤེས་རབ་འཁོར་ལོ་དང་། ཕོ་བྲང་ལྷའི་འཁྲུལ་འཁོར་ལས་ཀྱི་འཁོར་ལོ་ཡི། །ལས་ཀྱི་ཞབྲུལ་འཁོར་རྒྱས་འབྲིང་ཐ། །རྒྱས་པའི་འཁོར་ལོ་བཞི་རིམ་ལྡན། བརྒྱ་བཅུ་བཅུ་གཉིས་བཅུ་བཞིར་འགྱུར། །དང་པོ་སྒྲུབ་བྱེད་འཁོར་ལོ་སྟེ། །གཉིས་པ་སྒྱུར་བྱེད་འཁོར་ལོའོ། །གསུམ་པ་གཅོད་བྱེད་འཁོར་ལོ་ཡིན། །བཞི་༄། །པ་བསྡུས་བྱེད་ཀྱང་་ར་ལ་ཡངན། །བཞི་ལྡན་སྔགས་རྣམས་ཁར་སྙམས་དགད། །་ར་ལ་སྡག་དང་འ་ས་པ་དག་། །ལྟ་བྲལ་རྟག་ཏུ་་ར་བ་བཞི། །མན་ངག་ཅན་གྱངས་ཤེས་པར་བྱ། །ལུར་མེད་ཐེམས་ཀྱང་མན་ངག་ལས། །རྒྱས་པའ་ཝལ་་ར་་ད་པ་ཡན། །འབྲང་ག་ཝལ་་ར་་་ཡན་ ། །ངརན་གོ་འབར་བའ་་ར་ལ་ཡན། །ལས་ཀྱང་དབྱེ་བས་་ར་ལར་ལུར། །ས་ཡང་བསྡུ་ན་བཞི་རུ་ལུར། །ས་བཞི་ལས་ཀྱང་མན་ངག་ལས། །འབྲིང་གི་ཝལ་་ར་་ད་པ་ཡན། །ཐ་མའ་་ར་ལ་བརྒྱད་ཡན་ ། །དང་མའ་ཝལ་་ར་གཅིག་ལས་་། །ས་ཡང་རམ་པ་དེ་བ་་སྦྱར། །བསྡུས་པའ་ཝལ་་ར་་ད་པའ། ། ་ལས་བསྐར་ཐབས་གསུམ་དུ་འདད། །དགྲ་ལ་ཝལ་་ར་བསྐར་བ་དང་། །བགེགས་ལ་ཝལ་་ར་བསྐར་བ་དང་། །རྣལ་ཁུར་རྩད་པའ་ཝལ་་ར་ར། ། ་ལས་དབྱ་བ་གསུམ་་ར་ལུར། །རྩད་པའ་་ར་ལ་གསུམ་དུ་ལུར། ། ་ལས་དབྱེ་ན་གསུམ་་་ཡན། །ཕུར་པ་གཙུག་ལག་ག་་ར་་ལ ་རྒྱུད་ཕྱ་མ་ལས། ཐེམས་བསྟན་པངའ་ལེའུ་སྟེ་དང་པའ།། །།་ར་ལ་སྔགས་ཀྱ་སྐྱན་སྤངས་ཕྱར། །གཉས་པ་ན་མངའ་མན་ངག་་ད། །ན་མ་ངཉ་ཤུ་རྩ་བཞི་སྟེ། །བསྙེན་བསྒྲུབ་རྣམ་པ་བཞི་དག་གིས། །གཙོ་་ར་་ས་པ་བསྙེན་ཅངང་བསྒྲུབ། ། ས་བསྡུས་པ་ཡ་རྭས་པ་བཞི། །བསྒྲུབ་བྱའ་ཕུང་་། །དཀར་པོའི་སྔགས་དྲུག་ལྡན། །མགོ་མཐའ་ཁྱད་པར་འདྲ་བ་ལས། །དེ་རྗེས་བདུན་ནག་སྔགས་དྲུག་ལྡན། །མགོ་མཐའ་ཁྱད་པར་འདྲ་བ་ལས། །དེ་རྗེས་གནོད་སྤྱིན་སྔགས་དྲུག་ལྡན། །གཉིས་པའི་ས་སུ་བཤད་པ་ཡིན། །བདུད་ཚན་ལོ་གྲངས་རྩིས་བཏུས་པའི། །སྔགས་སྡེ་ཉི་ཤུ་རྩ་བརྒྱད་ནི། །ཡིག་འཁོར་སྲོག་དང་སྲོག་ཆན་པ། །ཡང་ཐིག་བཞི་ནི་གསུམ་པ་ཡིན། །མདའ་ཏི་སྤྱི་སྔགས་བཞི་ཉིད་ལ། །སྡེབས་ཀྱི་བས་ཀྱིས་རབ་འབྲིང་ཐ། །སིལ་བུ་དང་ནི་བཞི་རུ་བཤད། །རབ་ལ་སྔགས་ཏེ་བདུན་དུ་འགྱུར། །འབྲིང་ལ་སྔགས་ཏེ་ལྔ་ཡིན་ཏེ། །ཐ་མ་ལ་ནི་གསུམ་ཡིན་ནོ། །གྲངས་ནི་གོང་བཤད་ཉིད་ལས་བསྡུ། །སིལ་བུ་ཕུར་གས་བཅུ་གཅིག་ཡིན། །བཞི་པའི་ལས་སུ་བཤད་པ་ཡིན། །ངན་སྔགས་འདུས་པའི་འཕྲེང་བ་ནི། །དྲག་སྔགས་བདུན་པའི་འཕྲིན་ལས་བཞི། །གོང་འོག་འབྲེལ་བའི་སྟོབས་ལས་བྱུང་། །སྡེ་ཚན་བདུན་ནི་བཞིར་ར་ཏེ། །འཕྲིན་ལས་བཞི་ཞེས་བཤད་པ་ཡིན། །མཐའ་ཡི་ལས་དང་བཅས་པ་བཞི། །ལྔ་པའི་ལས་སུ་བཤད་པ་ཡིན། །ཏིང་འཛིན་བཅུ་གཅིག་དབང་ཐོབ་ནས། །བྱིན་རླབས་གསང་སྔགས་བཅུ་གཅིག་སྟེ། །སྡེ་གས་བཅུ་གཅིག་ཅེས་སུ་བཤད། །བཟླས་སྔགས་བཅུ་གཅིག་རྟགས་གསུམ་འབྱིན། །རྟག་རབ་ཏུ་ནི་བཤད་པ་ཡིན། །གདབ་སྔགས་ཕ་རོལ་མཚན་མ་འབྱིན། །མཚན་མ་ཞེས་ནི་བཤད་པ་ཡིན། །སུམ་ཅུ་རྩ་གསུམ་གསང་སྔགས་ནི། །བདག་གཞན་གཉིས་ཀས་མཚན་མ་ཐོབ། །དྲུག་པའི་ལས་སུ་བཤད་པ་ཡིན། །སྤྱིར་ན་གསང་སྔགས་འདི་དག་དང་། །བསྙེན་བསྒྲུབ་གཞུད་དུ་བྱ་བ་དང་། །གསང་བའི་འཁྲུལ་འཁོར་གཉིས་སུ་བཤད། །བདག་གཞན་རིགས་ནི་ལྔ་དག་ལ། །ཚད་མ་ལྔ་རུ་སྦྱར་བ་སྟེ། །སྤྱིར་ན་རྒྱུད་གསུམ་དག་ཏུ་བཤད། །གང་ལ་སྦྱར་ན་ཀུན་འགྲུབ་སྟེ། ཁྱད་པར་མན་ངག་ལུང་ལ་བརྟེན། ཁུད་ཀྱི་རྒྱལ་པོ་འབུམ་སྡེའི་དོན། །འདི་རུ་འདུས་ཀྱིས་གཞན་དུ་མིན། །སྤྱིར་ནི་ཐུན་མོང་ཐེག་པ་དང་། །ཡང་དག་དོན་ལ་ཁྱད་མེད་ཀྱང་། །ཐབས་ཀྱི་རིམ་པས་ཁྱད་པར་འཕགས། །རང་ཉིད་རྟགས་དང་མི་ལྡན་པ། །གཞན་ལྟ་གྲོལ་བག་ག་ལ་ནུས། །ཕུར་པ་གཙུག་ལག་གི་རྒྱུ་ཕྱི་མ་ལས། ཚད་མ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།འཁོར་ལོའི་སྔགས་སྐྱོན་སྤངས་པའི་ཕྱིར། །གསུམ་པའི་རྩིས་ན་མན་ངག་བཤད། །ལྷ་དཀྱིལ་རྩ་དང་དེ་ཉིད་དང་། །འཕྲིན་ལས་ངན་སྔགས་ལྔ་རུ་བཤད། །ལས་ཀྱི་དབྱེ་བ་གང་བསྒྲུབ་ཀྱི། །གསང་སྔགས་སྦྱོར་བ་འདི་ཤེས་བྱ། །རྩ་བའི་བསྙེན་པ་གསུམ་དུ་བྱ། །འཁོར་གྱི་བསྙེན་པ་བཞི་རུ་བྱ། །བསྙེན་པ་ཉེ་བསྙེན་གནས་པ་ལ། །བསྒྲུབ་པ་བསྒྲུབ་ཆེན་གནས་པ་ཡི། །ཕན་བྱ་གནོད་པར་བཏང་བ་དང་། །གནོད་བྱ་ཕན་པར་གཏང་བ་དང་། །ཀུན་ཡང་སྦྱོར་བར་སྡེབ་པ་དང་། །རྣལ་འབྱོར་ནང་རྨེ་འཐབ་བྱེད་ཚེ། །གཤེ་ཞིང་བཟློག་ཕུར་ཤེས་པར་བྱ། །འཁོར་ལོ་བཅུ་དང་དུག་མདའ་དང་། །དྲག་པོ་ཐུན་དུ་སྡེབ་པ་དང་། །མཆོད་དང་གང་དུ་ལས་རྣམས་བསྒོམ། །བསྒྲུབ་བྱ་གིང་དུ་གཏང་བ་དང་། །གནོན་དང་གསད་དང་བསྒྲུབ་པའོ། །རྫས་དང་ཡོད་བྱད་འཚོགས་པར་བྱ། །སྣད་བཟློག་ལྔ་ཡི་ལས་ཀ་བསྡུ། །དེ་ལས་སོ་ཐེམས་རྩིས་ཀྱིས་དབྱེ། །དྲག་སྔགས་རྩིས་ཀྱང་གྲངས་ལ་ཐུག །སོ་ཐེམས་གྲངས་ནི་བདུན་དུ་འགྱུར། །དེ་ཡིས་ཐམས་ཅད་གསལ་བར་འགྱུར། །བཀའ་རྒྱུད་སྤྱི་དང་མཐུན་པར་བྱ། །འདི་ནི་གསང་ཆེན་རང་གི་རྒྱུད། །ཕུར་པ་གཙུག་ལག་གི་རྒྱུད་ཕྱི་མ་ལས། །རྩིས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།གསང་སྔགས་མཐར་ཐུག་རྒྱུད་ཆེན་འདི། །ཀུན་གྱི་སྤྱོད་ཡུལ་མ་ཡིན་ཏེ། ཁྲེ་རབ་སྟོབས་དང་ལྡན་པ་དང་། །གསང་ཐུབ་བླ་མ་མཉེས་པ་དང་། །བྱང་ཆུབ་དོན་དུ་གཉེར་ལ་གཏད། །དེ་ལྟར་བྲལ་བའི་གང་ཟག་གིས། །ནམ་ཡང་རྙེད་པར་མི་འགྱུར་རོ། །རྒྱུད་འདི་བྲལ་བའི་གསང་སྔགས་ནི། །བསྒྲུབ་དང་མི་བསྒྲུབ་ཐང་ཤ་ཆད། །ཡི་ཆད་ཆོས་ལ་དང་མི་སྐྱེ། །དེ་ཕྱིར་གཙུག་ལག་རབ་ཏུ་གཅེས། ཁ་ནས་མེ་འབར་ཁོང་ནས་སྦྲུལ་འཁྱུག་པ། །སྐད་ཅིག་ཙམ་ཡང་ཁ་རུ་འབྱུང་བ་མིན། །སུ་ལ་མི་བསྟན་རང་གི་ཉམས་སུ་བཞག །ཅེས་བཀའ་སྩལ་པས། །གསང་བའི་བདག་པོ་དང་དྲག་པོ་ཆེན་པོའི་འཁོར་ཡི་རང་སྟེ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གསང་སྔགས་རྡོ་རྗེ་ཕུར་པ་གཙུག་ལག་གི་རྒྱུད་ཕྱི་མ་ལས། རྒྱུད་འབུམ་གྱི་ལྡེ་མིག་གཅིག་རྒྱུད་གདམས་པའི་ལེའུ་སྟེ་བཞི་པའོ།། །། རྒྱ་གར་སྐད་དུ། ཡ་མ་ཙཀྲ་ཀྲི་ཡ་ཏན་ཏྲ། བོད་སྐད་དུ།