Ngb-pt-0831-vol-09-text

From Rangjung Yeshe Wiki Texts
Revision as of 07:14, 20 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

མ་ཡ། རྒྱ་རྒྱ་རྒྱ། གཏེར་རྒྱ། སྦས་རྒྱ། གཏད་རྒྱ། སྤྱི།། །། རྒྱ་གར་སྐད་དུ། མ་ཧྭ་ཡཀྟ་རྭ་ཛ་ཙིརྟི་བཛྲ་ར་ག་ར་ཏི་མ་ཧྭ་གུ་རྒྱ་ཏན་ཏྲ་ནཱ་མ། བོད་སྐད་དུ།གནོད་སྤྱིན་གྱི་རྒྱལ་པོ་རིན་ཆེན་སྤྱིན་རྡོ་རྗེ་བདུད་འདུལ་གྱི་གསང་བའི་རྒྱུད་ཆེན་པོ་ཞེས་བྱ་བ། །བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལྷའི་ཡུལ་ལྕང་ལོ་ཅན་གྱི་གནས་ཕྱག་ན་རྡོ་རྗེའི་ཕོ་བྲང་ན་བཞུགས་ཏེ། དེའི་ཚེ་བྷ་ག་ཝན་དང་འཁོར་ཐམས་ཅད་གདན་འཛོམ་ནས། །ལྷ་མ་སྲིན་སྡེ་བརྒྱད་ཀྱིས་ཡོངས་སུ། །བསྐོར་ཏེ་ཕྱག་འཚལ་ནས། །རང་རང་གི་སྲོག་གི་སྙིང་པོ་ཕུལ་ནས་རྒྱུད་མང་པོ་བཤད་པའི་ཚེ། འཁོར་དེའི་ནང་ནས་གནོད་སྤྱིན་གྱི་གཟུགས་ལ་བདུདདངགཤིནརྗེའིཆབྱད་ཅན་ཤིན་ཏུ་གདུག་པའི་ཚོགས་རྣམས། །གནོད་སྤྱིན་སྟོང་ཕྲག་ལྔ་བརྒྱ་དང་བཅས་པ་ཐམས་ཅད་ཀྱང་ལག་ན་གདུག་པའི་མཚོན་ཆ་ཐོགས་པ་སྲོག་གཅོད་པ་ལ་དགའ་བ་ཞིག་གིས། །རང་རྟགས་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ནས། ཤིན་ཏུ་དལ་ཆགས་ཤིང་བརྡལ་བའི་སྐད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཁ་ནས་གསོད་པའི་སྔགས་ཟློས་ཤིང་། །ཨེ་མ་ཧོ། གནོད་སྦྱིན་ཆེན་པོ་བརྒྱད་ལ་སོགས། །ང་ཡི་འཁོར་དུ་གཏོགས་པ་ཡི། །གནོད་སྤྱིན་ཆེན་པོ་ཧ་ར་སྟོང་ཕྲག་ལྔ་བརྒྱ་རྣམས། །བྷ་ག་ཝན་གྱི་བཀའ་ཉན་ཏེ། །ལྷ་རྣམས་དར་ནི་ཟ་བ་རྣམས། །བྷ་ག་ཝན་གྱིས་བཀའ་སྩོལ་མཛོད། །བྷ་ག་ཝན་གྱིས་བཀའ་སྩལ་པ། །ཉོན་ཅིག་གདུག་པའི་གནོད་སྤྱིན་ཚོགས། །ལས་ངན་བྱེད་ན་དམྱལ་བར་སྐྱེ། །དམ་ཚིག་ཉམས་ན་དམྱལ་བར་སྐྱེ། །བདེ་གཤེགས་གཞུང་བཞིན་བསྒྲུབ་པ་ལ། །སྲུང་བའི་ལས་རྣམས་གྲུབ་པར་གྱིས། །དཀོན་མཆོག་སྨོད་པའི་རྒྱལ་པོ་དང་། །དམ་སྲི་བྱེད་པའི་བན་དྷི་དང་། །སྐུ་ལ་བསྡོ་བའི་སྐྱེ་བོ་དང་། །མཚམས་མེད་དུག་ཅན་བུད་མེད་དང་། །གནོད་སྦྱིན་ཁྱོད་ཀྱིས་ཟ་བར་གྱིས། །ཞེས་གསུངས་སོ། །གནོད་སྦྱིན་གྱིས་གསོལ་བ། ཆོས་བྱེད་ཐམས་ཅད་བསྲུང་བ་དང་། །བླ་མ་མགོན་རྣམས་བསྲུང་བ་དང་། །བུརྙ་བསྟན་པ་གཉན་པོ་ལ། །གནོད་བྱེད་ཐམས་ཅད་བཟློག་པར་གྱི། །བྷ་ག་ཝན་གྱིས་བཀའ་སྩལ་པ། །ཁྱོད་ཀྱི་དེ་ལྟར་བྱས་གྱུར་ནས། །བུརྙ་སརྦ་མཉེས་པར་བྱེད། །ང་ཡི་ཐུགས་ཀྱང་མཉེས་པར་བྱེད། །དེ་ཅིའི་ཕྱིར་ཞེ་ན། ང་ཡིས་བསྟན་པའི་ཆོས་འདི་དག །བུརྙ་སརྦའི་ཡུམ་མོ། །དེའི་ཕྱིར་བསྟན་པ་བསྲུང་བ་ནི། །བྲརྙ་སརྦའི་ཐུགས་བསྲུང་བ་ཡིན། །ཞེས་གསུངས་སོ། །དེ་ནས་འཕགས་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བྷ་ག་ཝན། ཤིན་ཏུ་གདུག་པའི་གནོད་སྤྱིན་ཚོགས། །སྐྱེ་བ་སྔོན་རོལ་གང་དུ་བླངས། །ལས་སུ་བྱ་བ་གང་ལ་སྤྱོད། །བྷ་ག་ཝན་གྱིས་བཀའ་སྩོལ་ཅིག །བྷ་ག་ཝན་གྱིས་བཀའ་སྩལ་པ། །རྡོ་རྗེ་བདུད་འདུལ་གསང་རྒྱུད་འདི། །སྔགས་ཀྱི་བདག་པོ་དེ་ལ་དྲིས། །དེ་ཡིས་ཁྱོད་ལ་ལེགས་པར་འཆད། །ཅེས་གསུངས་པ་དང་། ཀུན་དགའ་བོས་དྲི་བར་སེམས་པ་དང་། ཕྱག་ན་རྡོ་རྗེས་ཀུན་དགའ་བོའི་སེམས་ཀྱིས་རྟོག་པ་ཐུགས་ཀྱིས་མཁྱེན་ནས། ཀུན་དགའ་བོ་ལ་གླང་པོ་ཆེའི་ལྟ་སྟངས་ཀྱིས་གཟིགས་ནས་བཀའ་སྩལ་པ། ཉོན་ཅིག་ཨུརུ་ཀུན་དགའ་བོ། ཁེན་ཏུ་གདུག་པའི་གནོད་སྤྱིན་ཚོགས། །སྔོན་ཆད་ལྷ་ཡུལ་ནང་ན་འདུག །ལས་སུ་ལྷ་ཡི་ལོངས་སྤྱོད་སྤྱོད། །མིང་ནི་རྡོ་རྗེ་ནོར་བུའོ། །ཞེས་གསུངས་སོ། །ཀུན་དགའ་བོས་གསོལ་བ། བཅོམ་ལྡན་འདས། རྡོ་རྗེ་ནོར་བུ་ལྷ་ཡི་སྐུ། །གནོད་སྦྱིན་དག་ཏུ་སྐྱེས་པ་ཡི། །ལས་ཀྱི་རྣམ་སྨིན་ཅི་ལས་བྱུང་། །གསང་བའི་བདག་པོས་བཀའ་སྩོལ་ཅིག །བྷ་ག་ཝན་གྱིས་བཀའ་སྩལ་པ། །ཉོན་ཅིག་ཨུརུ་ཀུན་དགའ་བོ། །ཡོངས་འདུ་ས་བརྡོལ་ལྗོན་ཤིང་ལ། །ལྷ་དང་ལྷ་མིན་རྩོད་པ་ལ། །ལྷ་རྣམས་འཕམ་པར་གྱུར་བ་ལས། །རྡོ་རྗེ་ནོར་བུ་ལྷ་ཡི་བུ། །མར་མེ་མཛད་ནི་བུརྙ་ལ། །མན་དྷ་ར་བ་མེ་ཏོག་མངོན་གཏོར་ནས། །སྤྱན་སྔར་སྨོན་ལམ་འདི་བཏབ་བོ། །བཅོམ་ལྡན་བདུད་དང་བདུད་རིགས་ཀྱི། །ལྷ་དང་ལྷ་མིན་གཉེན་པོར་ཤོག །མར་མེ་མཛད་ནི་བུརྙ་ཡིས། །མགོ་ལ་ཕྱག་ནི་རེག་མཛད་དེ། །འདོད་པའི་ཁམས་ལ་དབང་བྱེད་པས། །རྡོ་རྗེ་བདུད་འདུལ་ཞེས་བྱ་བའི། །གནོད་སྤྱིན་དག་ཏུ་སྐྱེ་བ་ནི། །དེར་ཁྱོད་སྐྱེ་བར་ཐེ་ཚོམ་མེད། །བཛྲ་བཱ་ཁེས་བྱིན་གྱིས་རློབ། །ཆོས་དང་མཐུན་པར་བསྟན་བསྲུང་ངོ་། །ཞེས་མར་མེ་མཛད་ཀྱིས་ལུང་བསྟན་ནོ། ཁེན་ཏུ་གདུག་པའི་ལས་བྱེད་སྤྱོད། །ལག་ན་རྡོ་རྗེའི་བུ་རུ་སྐྱེ། །ལྷ་ཡི་དུག་ལྔའི་ཤུགས་ལས་བྱུང་། །མར་མེ་མཛད་ཀྱི་སྤྱན་སྔ་སྲ །རྒྱལ་བ་ཤཱཀྱ་ཐུབ་པ་དང་། །སྨོན་ལམ་དག་པར་བཏབ་པའི་མཐུས། །ད་ལྟ་ཤཱཀྱ་ཐུབ་པ་ཡི། །བསྟན་པ་བསྲུང་བ་བརྩོན་པར་བྱེད། །ཅེས་གསུངས་སོ། །བྷ་ག་ཝན་གྱིས་ལེགས་སོ་ཞེས་པ་གནང་སྟེ། ལེགས་སོ་ལེགས་སོ། །ལག་ན་རྡོ་རྗེ་དེ་བཞིན་ཏེ། །ཇི་ལྟར་ཁྱོད་ཀྱིས་བསྟན་པ་བཞིན་ནོ། །དེ་ནས་ཨུརུ་ཀུན་དགའ་བོས་གསོལ་པ། ཁེན་ཏུ་གདུག་པའི་གནོད་སྤྱིན་ཚོགས། །འདུལ་བའི་གཉེན་པོར་བཀའ་སྩོལ་ཅིག །ཉོན་ཅིག་ཨུརུ་ཀུན་དགའ་བོས། ཁེན་ཏུ་གདུག་པའི་གནོད་སྦྱིན་ཚོགས། །གཉའ་ཤིང་འཛིན་ལ་གནས་བཅས་ནས། །སྟེང་འོག་ཀུན་ཏུ་རྒྱུག་བྱེད་ཅིང་། །སེམས་ཅན་ཀུན་གྱི་སྲོག་ཀྱང་གཅོད། །དབུགས་ནི་རྔུབ་པ་ཙམ་གྱིས་ཀྱང་། །སེམས་ཅན་མང་པོ་ཁ་རུ་ཟ། །འདོད་ཁམས་འདི་དག་ཕུང་བར་བྱེད། །དེ་ཚེ་ང་ནི་གཏུམ་པོར་སྤྲུལ། །དེ་དག་འདུལ་བར་བྱས་པ་ལ། །གནོད་སྤྱིན་རྣམས་ནི་འདི་ལྟ་སྟེ། །སྐྲ་ནི་གྱེན་སོང་ལྕེ་ཡང་དྲིལ། །མིག་རྩ་རིག་རིག་རྐན་སྒྲ་བརྡེབ། །ཁྱོད་ཉིད་ཟ་བར་བྱའོ་ཞེས། །དེ་ལ་ངས་ནི་འདི་སྐད་བརྗོད། །ཉོན་ཅིག་གདུག་པའི་གནོད་སྤྱིན་ཚོགས། །དུ༔་ཁ་མ་ཧྭ་བཟོད་པར་གྱིས། །ང་ཡི་སྐུ་ལ་མེ་འབར་ཏེ། །དུས་མཐའི་མེ་ལྟར་རབ་ཏུ་འབར། །རི་དང་ཁྱིམ་ཡང་འབར་བར་བྱས། །གནོད་སྤྱིན་རྣམས་ནི་རབ་ཏུ་ཚིག །གདུང་བའི་སྐད་ཀྱིས་འདི་སྐད་ཟེར། །ཨེ་མ་ཐུགས་རྗེ་ཆེན་པོ་མ་ལགས་སམ། །བདེ་བར་གཤེགས་པས་སྐྱབ་ཏུ་གསོལ། །ཀྱི་ཧུད་བདག་ཅག་རྣམས་འཚིག་ཅིང་བརླག །ཨེ་མ་ཐུགས་རྗེ་ཅན་ཆེན་ཏེ། །ཞི་ཡང་སེམས་ཅན་འདུལ་དོན་དུ། དྲི་མ་མེད་པས་ཁྲོ་བོར་སྤྲུལ། །གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུལ། །སྟོན་མཛད་རྡོ་རྗེ་འཆང་ལ་སྐྱབས་སུ་མཆི། །བདེ་གཤེགས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་ཅག་བགྱིད་པར་འཚལ། །འདོད་ཁམས་འདི་ན་གང་འཁོད་པ། །ང་ཡི་དབང་དུ་མི་འདུས་མེད། །བདག་གི་རིག་པ་འབུལ་ལགས་ན། །ཐུགས་རྗེ་ཆེན་པོས་བཞེས་སུ་གསོལ། །ཨོ་མ་ཧྭ་ཡཀྟ་བཛྲ་རསྣཙིལྟི་ར་ག་ར་ཏི། །གསང་སྔགས་བཀའ་རྣམས་བསྐྱང་བ་དང་། །བུརྙའི་བསྟན་པ་བསྲུང་བ་དང་། །ཆོས་བྱེད་ཐམས་ཅད་བསྲུང་ངོ་ཞེས། །ཡི་དམ་ཆེན་པོ་དེར་བཅས་སོ། །དབང་བསྐུར་མིང་བཏགས་དམ་ཚིག་ཤེས་པ་བྱིན། །རྡོ་རྗེ་འཇིགས་བྱེད་བདུད་དཔུང་འཇོམས། །ཆོས་ཀྱི་བསྲུང་མ་ཆེན་པོར་བསྐོས། །ཆོས་དང་མཐུན་པར་བསྟན་པ་བསྲུངས། །ཞེས་གསུངས་སོ། །རིན་ཆེན་སྤྱིན་གྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཨུབྱ་ཀུན་དགའ་བོས། །བྷ་ག་ཝན་ལ་འདི་སྐད་གསོལ་ཏོ། །འདོད་ཁམས་དབང་བྱེད་གནོད་སྤྱིན་ནི། ་༑ན་ཏུ་གདུག་ཅིང་མི་བསྲུན་ན། །དེ་ཡི་གཉེན་པོ་གང་ལ་བགྱི། །གཉེན་པོ་བསྒྲུབ་པ་བཀའ་སྩོལ་ཅིག །བྷ་ག་ཝན་གྱིས་བཀའ་སྩལ་པ། །ཉོན་ཅིག་ཨུབྱ་ཀུན་དགའ་བོ། །གནོད་སྤྱིན་སྒྲུབ་པའི་རྣལ་འབྱོར་པས། །ཕྱག་ན་རྡོ་རྗེ་བསྒྲུབ་པར་བྱ། །དང་པོ་དབེན་པའི་གནས་དག་ཏུ། །སྟེགས་བུ་ཤིན་ཏུ་མཛེས་པ་ལ། །ཙན་དན་བསྲེགས་པའི་དུད་པ་དང་། །མ་ཀི་ཙི་དང་བཅས་པའོ། །བདུད་རྩི་དང་ནི་གཏོར་མ་དང་། །བྱུགས་ནས་མེ་ཏོག་ནག་པོ་དགྲམ། །དམ་ཚིག་བསྐྱེད་ལ་ཡེ་ཤེས་གཞུག །ཕྱི་ནང་གསང་གསུམ་དག་གིས་མཆོད། །ཀྭ་ཡ་བཱསྐ་ཙིསྟའི་རྟགས་བྱུང་ནས། །དེ་ནས་བསྒྲུབ་ལ་འཇུག་པར་བྱ། །ནོར་བུ་རིན་ཆེན་སྤྱིན་གྱི་རྒྱུད་ལས། གཉེན་པོ་བསྒྲུབ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཨུརུ་ཀུན་དགའ་བོས། །གསང་བདག་དེ་ལ་འདི་སྐད་དོ། །གནོད་སྦྱིན་གྱི་ནི་ངོ་བོ་གང་ངེས་པའི་ཚིག་ནི་གང་ལ་བགྱི། །མན་ཏྲེརེ་བདག་པོས་བཀའ་སྩོལ་ཅིག །ཉོན་ཅིག་ཨུརུ་ཀུན་དགའ་བོ། །འདོད་པ་སྟེར་བས་གནོད་སྤྱིན་ནོ། །ལས་རྣམས་བྱེད་པས་དམ་ཅན་ནོ། །སེམས་ཅན་སྐྱོབ་ཕྱིར་མགོན་པོའོ། །བསྟན་ལ་དགའ་བས་མཐུ་སྟོབས་ཅན། །དེ་ཕྱིར་ཆོས་སྐྱོང་ཆེན་པོའོ། །འཇིགས་ཚུལ་སྟོན་པས་གཤིན་རྗེ་འོ། །གནས་པའི་ཆ་ལུགས་བདུད་ཀྱི་གཙོ། །འཕོངས་པའི་རེ་སྐོང་ནོར་ལྷའོ། །ནོར་བུ་རིན་ཆེན་སྤྱིན་རྒྱུད་ལས། གནོད་སྦྱིན་གྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཨུརུ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོ། །དེ་ཡི་མཐུན་པའི་གནས་གང་ལགས། །གསང་བའི་བདག་པོས་བཀའ་སྩལ་པ། །ཉོན་ཅིག་ཨུབྱ་ཀུན་དགའ་བོ། །བྱང་དུ་ཁ་བལྷས་གསེར་གྱི་མདོག །གཉའ་ཤིང་འཛིན་འདྲའི་རི་ཡང་རུང་། །རི་ནག་རྩེ་མོ་གནམ་དུ་སོང་། །གནམ་སྒོ་བསྐོར་འདྲ་རི་ཟླུམ་མམ། །ཆུ་གླིང་མེ་ཏོག་གླིང་ཡང་རུང་། །རྒྱ་མཚོ་ཆེ་འམ་དུར་ཁྲོད་དོ། །གདེང་དང་ལྡན་པའི་རྣལ་འབྱོར་པས། །སྒྲུབ་ན་དངོས་གྲུབ་ཐོབ་པར་འགྱུར། །རྡོ་རྗེ་རིན་ཆེན་སྤྱིན་རྒྱུད་ལས། གནས་བཙལ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཨུརུ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བྷ་ག་ཝན་ཤིན་ཏུ་གསང་བའི་གནོད་སྤྱིན་ནི། །དང་པོ་བསྒྲུབ་ན་ཇི་ལྟར་སྒྲུབ། །མན་ཏྲའི་བདག་པོས་བཀའ་སྩོལ་ཅིག །ཉོན་ཅིག་ཨུརུ་ཀུན་དགའ་བོ། །འདི་ལ་དོན་ནི་རྣམ་གསུམ་སྟེ། །བསྙེན་བསྒྲུབ་ལས་ལ་སྦྱར་བ་ཡི། །བསྙེན་པ་ལ་ན་གཏོར་མ་དང་། །ཕྱི་མཚམས་བསྲུང་ཞིང་ནང་མཚམས་གཅད། །ངང་ལ་བྲི་ཞིང་རྒྱན་རྣམས་དགྲམ། །དམ་རྫས་བསག་ཅིང་ཕྱི་མཆོད་བྱ། །ཐུགས་ཀྱི་སྙིང་པོ་འདི་བཟླས་བྱ། །ཨོ་མ་ཧྭ་ཡཀྟ་བཛྲ་རཏྣ་ཙིསྟ་ཧུ༷་ར་ག་ར་ཏི། ཨོ་མ་ཧྭ་ཡཀྟ་རཏྣ་ཙིསྟ་གུ་ཎ་ཧྲི་ད་ཧུ༷། ཡོན་ཏན་གྱི་སྙིང་པོའོ། །མ་ཧྭ་ཡཀྟ་ཧུ༷། ཉེ་བའི་སྙིང་པོའོ། །སྤྱན་དྲང་བའི་སྔགས་ལ། ཨེ་གྱེ་ཧི་མ་ཧྭ་ཡཀྟ་བཛྲ་རཏྣ་ཙིསྟ། ཛ་ཧུ༷་བ༷་ཧོ། རིན་ཆེན་སྦྱིན་གྱི་རྒྱུད་ལས། བསྙེན་པ་དང་ཕྱི་སྒྲུབ་པའི་ལེའུ་སྟེ་ལྔ་པའོ།། །།ཀུན་དགའ་བོ་ཡིས་ཡང་གསོལ་པ། །སྒྲུབ་པའི་ཐབས་ནི་ཡང་གསུངས་ཤིག །བསྙེན་པའི་རྫས་དང་མཆོད་པའི་རྫས། །གསད་པའི་རྫས་དང་སྔགས་རྣམས་ནི། །སྔགས་ཀྱི་བདག་པོས་བཀའ་སྩོལ་ཅིག །བྷ་ག་ཝན་གྱིས་བཀའ་སྩལ་པ། །ཉོན་ཅིག་ཨུརུ་ཀུན་དགའ་བོ། །གདུག་པའི་ས་ལ་མཎྜལ་བརྩིག །མཐིང་ནག་གྲུ་གསུམ་བརྩེགས་མ་ལ། །ཟླ་གམ་སྨུག་ནག་གསུམ་གྱིས་བསྐོར། །ཕྱི་རིམ་ཙཀྲ་རྩིབས་དྲུག་ལྡན། །གྲུ་བཞི་ལ་ནི་སྒོ་བཞི་པ། །ཐམས་ཅད་དུག་ཁྲག་རོ་སོལ་བྱུག །དབུས་སུ་གསང་བའི་བདག་པོ་ནི། །གཉེན་པོའི་ཚུལ་དུ་བསྒོམ་པར་བྱ། །བདུད་ཀྱི་བེར་ནག་སྐུ་ལ་གསོལ། །སྦྲུལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན། །མགོ་ཡི་འཕྲེང་བའི་དོ་ཤལ་བྱ། །ཁ་ནས་ཁྲག་འཛག་འཇིགས་པར་བྱེད། །ཁ་ཊ༷་གཡས་ལ་བན་དྷ་གཡོན། །ཞབས་ཀྱིས་སྲིན་པོ་གནོན་པར་མཛད། །དེ་ཡི་གཡས་དང་གཡོན་གཉིས་སུ། །རྣོན་པོའི་དང་ནི་ཉི་མ་མིག །གྲོགས་པོའི་ཚུལ་དུ་དགོད་པར་བྱ། །འཇིགས་བྱེད་དང་ནི་གཟི་ལྡན་མ། །རྣོན་པོ་ནག་པོ་འདི་རྣམས་ནི། །དེ་དག་སྐུ་མདོག་ནག་པོ་སྟེ། ཟླ་གམ་དག་ལ་ཕོ་ཉའི་ཚུལ། །དེ་དག་འདི་ལས་བསྐྱེད་པའོ། །ཧི་རི་ར༷་ར༷་མ། ཀྟ་ལས་བསྐྱེད་པའི་གནོད་སྤྱིན་བརྒྱད། །ཙཀྲ་བརྒྱད་ལ་དགོད་པར་བྱ། །ཁྲག་ལས་བསྐྱེད་པའི་གནོད་སྤྱིན་ཚོགས། །ལྕགས་ཀྱི་བྱ་ཁྲག་བརྒྱ་སྟོང་སྤྲུལ། །རྡོ་རྗེ་རིན་ཆེན་སྤྱིན་རྒྱུད་ལས། །དཀྱིལ་འཁོར་སྐྱེད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཨུབྱ་ཀུན་དགའ་བོས། །གསང་བའི་བདག་པོ་གནོད་སྦྱིན་འདི། །ཇི་ལྟར་སྐུ་འདི་བསྙེན་པར་བྱ། །གསང་བའི་བདག་པོས་བཀའ་སྩལ་པ། །ཉོན་ཅིག་ཨུརུ་ཀུན་དགའ་བོ། །ཨ་ཀ་རུ་ནི་ནག་པོ་ལ། །གནོད་སྦྱིན་ཅི་འདྲའི་སྐུ་བྲིས་ལ། །བི་ཌརླ་ཡིས་མདོག་བསྒྱུར་ལ། །རིན་ཆེན་གསེར་གྱི་སྙིང་པོ་བྲི། །སྐུ་བསྐྱེད་རབ་གནས་བྱིན་བརླབས་ལ། །གཙུག་གམ་མགུལ་དུ་གདགས་པར་བྱ། །བསྲུང་བའི་མཆོག་ཏུ་འདི་འགྱུར་རོ། །ལུས་དང་དྲི་མ་བཞིན་དུ་འོ། །རིན་ཆེན་སྤྱིན་གྱི་རྒྱུད་ལས། བླ་རྡོ་བཟུང་བའི་ལེའུ་སྟེ་བདུན་པའོ།། །།ཉོན་ཅིག་ཨབྱ་ཀུན་དགའ་བོ། །འདི་ལ་མཐུན་པའི་དམ་རྫས་ནི། །བདུད་ཁུག་ནག་པོ་སྤྱི་དཀར་དང་། །མདའ་མོ་བྱ་རྒོད་མཐིང་ནག་དང་། །འཕགས་མཆོག་དམ་པ་བླ་མེད་པ། །བ་དན་དམར་སེར་མང་པོ་བཤམ། །བ་དན་ནག་པོ་བོད་པའི་རྫས། །འདི་ནི་ནང་གི་རྟེན་རྫས་སོ། །གྲི་རྒོད་སྙིང་དང་ཝ་ཡི་སྙིང་། །ཁྲ་ཡི་ཙིསྟ་ལ་སོགས་པ། །སྨན་དང་སྤོས་དང་སྙིང་པོས་བརྒྱན། །གསང་བ་ཡི་ནི་རྟེན་རྫས་སོ། །རྟག་ཏུ་རྟེན་པའི་མཆོད་རྫས་ནི། །རིན་པོ་ཆེ་ནི་འབར་བ་དང་། །གསང་བ་ལྔ་དང་ཤ་ལྔ་དང་། །མཚན་ལྡན་སྣོད་དུ་འབྲུ་བབ་དོ། །ནང་ནུབ་མཆོད་པའི་རྫས་རྣམས་ནི། ཁྲ་ཆེན་སྨུག་པོ་གཅལ་དུ་བཀྲམ། །བདུད་རྩི་ལྔ་ཡི་གཏོར་མ་དང་། །རཀྟ་དམར་གྱི་ཨསྙེ་དང་། །རྒྱ་ཕོར་རིན་ཆེན་གསེར་སྐྱེམས་སོ། །ཉི་ཤུ་རྩ་ལྔ་ལོན་པ་ལ། །དྲག་ཤུལ་གཡུལ་ངོར་བསད་པའི་རོ། །སྟེང་དུ་སྡིག་པའི་གཡང་གཞི་དགབ། །འོག་ཏུ་དར་གྱི་ས་གཞི་གདིང་། །གཟུངས་ཐག་ཕྱོགས་བཞིར་གདགས་པར་བྱ། །དེ་ལ་གནོད་སྤྱིན་དཔོན་གཡོག་བསྡུ། །རྩང་མདུང་དམ་པོ་འདོམ་གང་ལ། །མི་ལྤགས་རྒྱལ་མཚན་གདགས་པར་བྱ། །དེ་ཡི་ཤ་ཁྲག་མཆོད་རྫས་སོ། །རྡོ་རྗེ་རིན་ཆེན་སྤྱིན་གྱི་རྒྱུད་ལས། །རྫས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།ཡང་ནི་ཀུན་དགའ་བོས་གསོལ་པ། །འཁོར་ལོའི་རྒྱུད་དང་བྲི་བའི་ཐབས། །དེ་ཡི་སྔགས་དང་དབྱེ་བ་རྣམས། །གསང་བའི་བདག་པོས་བཀའ་སྩོལ་ཅིག །སྔགས་ཀྱི་བདག་པོས་བཀའ་སྩལ་པ། །ལེགས་པར་ཉོན་ཅིག་ཀུན་དགའ་བོ། །གསད་པ་སྲོག་གི་འཁོར་ལོ་ནི། །དུར་ཁྲོད་དག་གི་རས་ལ་ནི། །གྲུ་གསུམ་བསྣོལ་མར་ཡང་དག་ལྡན། །དེ་དབུས་ཨེ་དབྱིབས་བྲི་བར་བྱ། །དབུས་སུ་གཟུགས་བྲིས་མཐར་སྔགས་བསྐོར། །ཨོ་ཙཎྜམ་ཧ་རོ་ཥ་ཎ་ཡཀྟ་རཏྣ་ཙིསྟ་ཨ་མུ་ཀ༷། ཁུ་ཧི་ཁུ་ཧི་མ་ར་མ་ར། གྲིཏྣ་གྲོཏྣ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཚིན་དྷ་ཚིན་དྷ། སྟིན་དྷ་སྟིན་དྷ། ཁ་ཐུན་ཏྲི་ཛ་མྱ་ར་ཡ་ཕཊ། དབུས་སུ་བཛྲ་སྙིང་མགོ་ཆོད། །འཁོར་ལོ་རྩིབས་དྲུག་དག་ལ་ནི། །དང་པོ་ལ་ནི་དགོད་པར་བྱ། །ཁ་ལ་མུ་ལོང་ཏྲི་དགྲ་ལ་རྦད། །གཉིས་པ་ལ་ནི་དགོད་པ་ནི། །སུད་ན་པྲ་ལྟི་རྦད། གསུམ་པ་ལ་ནི་རྨུགས་རྦད་དོ། །བཞི་པ་མ་ལ་ཕྲི་ཏྲི་ལ་རྦད། རྩ་ཁྲི་ཁྲ་རི་ཡབ་རྦད་ལྔའོ། །དྲུག་པ། མི་ཛི་ཛི་དེ་ལ་རྦད། ཨ་མུ་ཀ༷་ཨི་ནི། སྔགས་འདི་ནི། དགྲ་བོ་འཁོར་ལོའེ་ལོགས་ལ་དགོད། །དགྲ་བོའི་འཁོར་ལོའི་ཐ་མ་རལ་གྲིས་བསྐོར། །དུག་དང་ཁྲག་དང་སྐེ་ཚེ་དང་། ཤངས་ཚེ་དག་གི་ཁུ་བས་ནི། །ཁྲ་ཡི་སྒྲོ་རྩས་བྲི་བར་བྱ། །དུར་ཁྲོད་སོལ་བས་ཚུབ་མ་དང་། །བདུད་རྩི་དྲི་ཆུ་རྐང་རྗེས་དང་། །གཟུགས་བྱས་སྙིང་ཁར་འཁོར་ལོ་གཞུག །སྣ་ལྔ་འམ་ནི་ཞིང་རྒྱུད་བཅིངས། །བཛྲ་ཙཎྜམ་ཧྭ་རོ་ཥ་ཎ་མ་ཧྭ་ཡཀྟ་ཨ་མུ་ཀ༷། ཁ་ཏས་མ་བཛྲ་ཨ་མོ་ཧ་ཡ། བྲི་ཧྲི་ཨ་ན་ཡ་ཧུ༷་ཕཊ། དུག་གི་ཆུ་ཡི་བྱུག་ནས་སུ། །རང་བྱུང་དྲག་པོའི་སྣོད་ནང་དུ། །ག་མི་ཏ་ཡི་སྲད་བུས་བཅིངས། །དེ་ནས་གྲུ་གསུམ་ཐུར་དུ་བསྒྱུར། །དང་པོ་དགུག་པའི་སྔགས་འདི་བཟླས། །ཨོ་བྷ་ཏ་པ་ཏྲ་ཧུ༷། ན་མ༷༷ཏྲ་ཡད་ཧི་ཀ་ནན། སརྦ་ཏ་ཐ་ག་ཏ་ཡུ། སརྦ་པྲ་མ་ཡ། པ་ཏྲ་ཏི་ཧ། ཏ་རྦ་ས་ནི། དྷ་མ་ཙ་ལ་ནི་གྲྭ་ཧྭ། ཨོ་ཨ་ས་མན་ཏོ་ཏ། ཨ་ནན་པ་ཏ། བྷ་ནི་ཏོ་ཤ་ས་ནི་ཧ་ར་ཧ་སྨ་ར། སྟི་ནི་ག་ཏ་ར། ག་པུད་ཏ་དྷ་མེ་ཏེ། ས་ར་ས་རམས་མ་མ་པ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ་ཡ་ག་བྷ་ནི་བྷ་ར། མ་ཧྭ་བྷ་རེ་ཛ་ལ་ནི་ས་ག་རེ་མ་ཧྭ་ཡཀྟ་ནི་ཀུ་ནི་ཁུ་དྲི་་༑ག་ཛ་ཧུ༷་བ༷་ཧོ། ཞེས་པ་ནི་བརྒྱ་རྩ་བརྒྱད་དུ་བཟླས། །གདུག་པ་ཅན་དེར་འདུས་ནས། །གསང་སྔགས་ལྡན་པའི་དུར་ཁྲོད་ཀྱི། །རྡོ་ལེབ་དག་གིས་དོང་ཁ་གཅད། །རྡོ་རྗེ་རིན་ཆེན་གྱི་རྒྱུད་ལས། །འཁོར་ལོ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་འཕགས་པ་ཀུན་དགའ་བོས། །གསད་པའི་སྔགས་རྫས་གང་ལ་བགྱི། །དེ་ནས་ངན་སྔགས་གང་གིས་བརྡེག །གསང་བའི་བདག་པོས་བཀའ་སྩལ་པ། །ཉོན་ཅིག་འཕགས་པ་ཀུན་དགའ་བོ། །བཟླས་པ་ཚད་དུ་ཕྱིན་པ་དང་། །ཞག་ནི་སུམ་ཅུ་རྩ་ལྔའི་བར། །རྦད་པའི་ལས་ལ་གཏད་པར་བྱ། །གནོད་སྤྱིན་དྲག་སྔགས་བདུན་པ་འདི། །གང་ལ་བཏབ་ཀྱང་མི་འཆོར་ཏེ། །རྡོ་རྗེའི་བྲག་ཀྱང་འགེམས་པར་བྱེད། །བཛྲ་སྙིང་མགོ་ཆོད། །ཁ་ལ་མུ་ལེ་ཏྲི་དགྲ་ལ་རྦད། །པུད་ན་པྲ་ཏི་རྦད། མུགས་རྦད། མ་ག་ལ་ཤི་ཏྲི་རྦད། བ་རི་ཁྲ་རི་ཡི་རྦད། མ་ཛི་ཛི་དེ་ལ་རྦད། མ་ཧྭ་ཡཀྟ་ར་ཙིསྟ་རྦད། ཡཀྟ་སྙིང་ཁྲག་རྩ་སྲོག་བྲེང་བྲེང་། ཛ་ལ་ཛ་ཧུ༷་ཕཊ། ཡཀྟ་སྲོག་ལ་ཏུག་ཏུག །ཁྲག་བླངས་སྙིང་ལ་ཐུན། མ་ཧྭ་ཡ་ཀྟ་སྲོག་ཐུ༷། ཙིལྟི་ལ་མ་ར་དྲི་རྦད། བཱ་ར་ཡ་རྦད། ཁྲ་ཐུན་དྲི་ཛ། ར་ག་ར་ཏི་སྙིང་ཤ་ཀུ་རུ་རུ་ཐུ༷་རྦད། ར་ཛ་རྭ་ཛ་སྙིང་ལ་ཐུན་རྩན་ཁ་ལ་རྩངས་ས་མ་ཡ་རྦད། སྤྱན་དྲངས་བྱེ་བ་དྲུག་འབུམ་ཡོད། །སྐུ་གསུང་ཐུགས་ལ་གྲངས་མེད་དོ། །རྦད་པ་རྒྱལ་པོ་དྲུག་འབུམ་མོ། །བན་དྷི་འབུམ་ལ་སྐྱེ་བོ་ཁྲི། །བུད་མེད་ལ་ནི་སྟོང་སྟོང་ངོ་། །ཁུགས་པའི་མཚན་མ་བྱུང་ནས་ནི། །གསད་པའི་ལས་ནི་བརྩམ་པར་བྱ། །གཟས་པ་པོ་ལ་མིང་མི་བཟའ། །ལྕགས་ཕྱེ་རྡོ་ཕྱེ་དུག་ཕྱེ་དང་། །ཡུངས་ཀར་ཡུངས་ནག་ཐལ་ཆེན་དང་། །ཁྲག་སྣ་དག་ནི་སྣ་ཚོགས་ཀྱིས། །གསད་པའི་རྒྱལ་པོ་བྱ་བ་སྟེ། །བན་དྷི་བདུན་འབུམ་སྐྱེ་བོ་འབུམ། །བུད་མེད་ཁྲི་ཡིས་འགྲུབ་པར་འགྱུར། །གསོད་ན་ལྷོ་ནུབ་ཁ་བལྟས་ཏེ། །གོས་སྔོན་གྱོན་ནས་རྒྱན་ཆས་བརྒྱན། །རྡོ་རྗེ་ཁ་ཧཱུཾ་ལག་ན་ཐོགས། །གདུག་པ་ཁྲོས་པའི་སེམས་ཀྱིས་སུ། །དྲག་སྔགས་འདི་ཡིས་བརྡེག་པར་བྱ། །མ་ཧྭ་ཡཀྟ་བཛྲ་རཏྣ་ཙིཀྟ་ཨ་མུ་ཀ་ཤ་ཏྲུ༷་ཙིལྟི་ལ་མ་ར་ཡ་དྲི་ཛ། ཙི་ཏ༷་ཤག་ཐུམ་རིལ་ལི་ལི་རྦད་ཛ་ཛ། སུ་ན་ཛ་ལ་རྦད། མ་ཧྭ་ཡཀྟ་བཛྲ་རཏྣ་ཙིཀྟ་སརྦ་ཡཀྟ་ཤག་ཚེ་ལེ་ཚལ་པ་ཤ་ཆོད། སྲོག་རྦུད་ཡཀྟ་ཧུ༷། སྲོག་ལ་ཚལ་བུ་རྩ་ཁྲོམ། །ཙུགས་ཁྲོམ། སྙིང་རྦུད་ས་སྙིང་ལ་ཡ།སྙིང་སྙིང་པར་ཆུག །སྲོག་སྤར་དུ་སྡུད། །ཡག་ཏི་ཉིག་སྣ། ཙིསྟ་རོལ་ཤ་ཏྲི་ཛ། སྙིང་ལ་ཤད་ཤད་བཱ་ར་ཡ་རྦད་ཛ། ཡག་ཤ་རོ་ག་ར་ཏེ། ཙིལྟི་འདུ་ཤ་སོད། སྙིང་ལ་ཤུད་ཤུད་བཱ་ར་ཡ་རྦད་ཛ། རྒྱལ་པོ་ལ་ར་ཛ་གུལ་ཐུལ་ལོ། །བན་དེ་ལ་ཡཀྟ་དེ་ཡ་ནི་བན་དྷིའི་སྲོག་རྩ་ལ་རྦད། སྐྱེ་བོ་ལ་ནི་ཁ་ལ་ཡཀྟ་ནཱ་ར་ཡ་རྦད། བུད་མེད་ལ་ནི་ལོང་པ་ཙ་ལོང་པ་ཙ། འབྱུང་པོ་ལ་ནི་ཕྲེ་ད་བིསྒྱུན་དྲི་དྲི་མྱ་ར་ཡ་ཕཊ། རིན་ཆེན་སྤྱིན་གྱི་རྒྱུད་ལས། སྔགས་དང་ཐུན་གྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་འཕགས་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་འཛིན། །གནོད་སྤྱིན་དབང་དུ་མ་འདུས་ན། །དབང་དུ་བསྡུ་བའི་སྐལ་བའི་ཐབས། །སྔགས་ཀྱི་བདག་པོས་བཀའ་སྩོལ་ཅིག །ཉོན་ཅིག་འཕགས་པ་ཀུན་དགའ་བོ། །མ་བཅོས་གཅིག་ཏུ་གསལ་བར་བརྟག །ལྟ་བས་དབང་དུ་བསྡུ་བའོ། །ཕྱག་ན་རྡོ་རྗེའི་ཏིང་འཛིན་གྱིས། །དཔའ་བོས་སེང་གེ་བཞིན་དུ་སྤྱོད། །མི་གཙང་ངོ་ཚ་རྣམ་པར་སྤང་། །ལུས་ལ་བདུད་རྩི་རྣམ་ལྔ་བྱུག །དེ་བཞིན་ཟས་སུ་བཟའ་བར་བྱ། །ཨུན་དྷ་མུ་ཥ་ཁ་སྦྱར་དུ། །རྒྱལ་པོ་ནོར་དང་བཅས་པ་གཞུག །སྲིད་པའི་ལྷོ་ནས་བཟློག་པར་བྱ། །རང་སྲོག་རང་ལ་བསྟན་པར་བྱ། །གནོད་སྤྱིན་ཐམས་ཅད་དཀྲུག་པ་དང་། །ཧེ་རུ་ཀ་ཡི་ཏིང་འཛིན་གྱིས། །བོད་སྔགས་ཟློས་ཤིང་རྦད་སྔགས་དཀྲུག །གསང་སྔགས་དེ་བཞིན་ཉིད་དུ་སྟེ། །ཐོད་པ་ནག་པོའི་ནག་དག་ཧུ། །ཐུན་དང་དུག་གི་གཏོར་མ་སྤྱིན། །རཀྟ་ཏ་སྦྲེང་ཞིང་སྔགས་འདི་བཟླས། །ཨོ་ཧ་ཡཀྟ་རཏྣ་ཙིཀྟ་ཀར་མ་རྩི་ཀྲ་རེ་ཡ་ཧུ༷་ཕཊ། ཡཀྟ་སྙིང་ཤི་ཙིསྟ་ཁ་ར༷་ཁ་ཧི་རྩ་བདུན་རྗ་ག་ཤ་ཁ་ཧི། ཕུ་ཡ་རག་ཤ་ཁ་ཧི་ཡག་ཤ་ན༷་ཧ་ར་ཧ་ར་ཧེ། མ་ཧྭ་ཡཀྟ་རཏྣ་ཙིསྟ་ཁ་ཁ་ཁུ་ཧི་ཁུ་ཧི། སྲོག་སྲོག་སྒོལ་སྒོལ་རིན་ཆེན་ཧང་ཧང་། ཨ་མུ་ཀ༷་ཁྲག་ཏུ་སྒྱུགས། །གཏོར་མ་ཆེན་པོ་འདིར་ཁུག་སོད་ཞལ་དབྱེའོ། །ནོར་བུ་རིན་ཆེན་སྤྱིན་རྒྱུད་ལས། དབང་དུ་བྱ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་འཕགས་པ་ཀུན་དགའ་བོས། །གསོལ་པ་རྟགས་དང་མཚན་མ་སྩོལ། །གསང་བའི་བདག་པོས་བཀའ་སྩལ་པ། །ཉོན་ཅིག་འཕགས་པ་ཀུན་དགའ་བོ། །ཉམས་དང་རྨི་ལམ་དག་ཏུ་ནི། །སློབ་དཔོན་དང་ནི་ཨ་ཙ་ར། །འོད་དང་སྒྲ་དང་གྲིབ་མ་དང་། །མི་ནག་ཁྱི་ནག་བྱ་ནག་དང་། །མུན་ནག་སྲོས་སམ་ཚུབ་ནག་འབྲུབ། །དམག་དང་དར་ཐོགས་རྐྱལ་པ་ཐོགས། །ཞགས་ཐོགས་མང་པོ་སེམས་ཅན་འཛིན། ཁེང་གཅོད་ལིངས་འདེབས་སེམས་ཅན་གསོད། །གྲི་ཐོགས་ཤན་པའི་ལས་བྱེད་མི། །ཙིསྟ་རློན་པ་ཟ་བ་དང་། །བན་དྷ་ཁྲག་ཅན་འཐུང་བ་དང་། །དེ་ནི་འགྲུབ་འགྱུར་ཐེ་ཚོམ་མེད། །རྡོ་རྗེ་རིན་ཆེན་སྦྱིན་རྒྱུད་ལས། རྟགས་དང་མཚན་མ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་འཕགས་པ་ཀུན་དགའ་བོས། །གསང་བདག་དེ་ལ་འདི་སྐད་གསོལ། །བསྟནཔགཤིགཔའིདགྲ་བོ་ལ། །ངན་ཐབས་བྱ་ན་གང་གིས་བྱ། །རྫས་སུ་བཙལ་ན་གང་དང་གང་། །དེ་ལ་ངན་ཐབས་གང་གིས་བརྡེག །སྔགས་ཀྱི་བདག་པོས་བཀའ་སྩོལ་ཅིག །གསང་བའི་བདག་པོས་བཀའ་སྩོལ་པ། །ཉོན་ཅིག་འཕགས་པ་ཀུན་དགའ་བོ། །དྲག་ཤུལ་གཡུལ་ངོར་བསད་པ་ཡི། །ཐོད་པ་ནག་པོའི་ནང་དག་ཏུ། །ཚ་བ་གསུམ་དང་ཡུངས་ཀར་ཡུངས་ནག་དང་། །དུག་དང་རིམས་ཁྲག་སྐེ་ཚེ་དང་། །ལྕགས་ཕྱེ་རྡོ་པྱེ་དུག་ཕྱེ་དང་། །དངུལ་ཕྱེ་བཙན་དུག་འདི་རྣམས་ལ། །ལྔ་འབུམ་དག་ཏུ་སྔགས་འདི་བསྒྲུབ། །བཛྲ་ཙཎྜ་མ་ཧྭ་རོ་ཥ་ཎ་སརྦ་ཡཀྟ་སྙིང་ཁ་ལ་རཀྟ་རྦད། ཏུབས་ཙིལྟི་བ༷་ག་ལ་འུབས། མྱོས་སྙིང་ཁྲག་པྲ་ཧ་རུ་རུ་ཐུམས་ཡཀྟ་ཧེ་ཐུ༷། ཡཀྟ་མོ་སྨྱོ་ཐུམས། དུ་ཐུམ་པྲ་མ་ཐུམ། །ཤི་ནི་ཐུམ། དྲི་དུ་ཐུ༷། ཨི་ཨུ་ཨ་ས་མ་ཡ་ཐིབས་ལིང་ཤར། ཡང་སོད། མྱ་ར་ཡ་སོད། སྐབས་སུ་དྲག་པོའི་ཕོ་ཉ་གཏོང་། །གང་ལ་དམིགས་པ་སྨོད་པར་བྱ། །འབེན་གང་ཙམ་ནས་འཕངས་ལ་གཏང་། །གནས་པ་དག་ཏུ་མ་ཕོག་ན། །ཞག་གསུམ་བསྐྱར་ལ་ཐུགས་དམ་བསྐང་། །མནན་པ་ལས་ཀྱི་རིམ་པ་བྱ། །རྡོ་རྗེ་རིན་ཆེན་སྤྱིན་རྒྱུད་ལས། །ཟོར་འཕངས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་འཕགས་པ་ཀུན་དགའ་བོས་གསུངས་པ། སྒྲུབ་པའི་རྟགས་ནི་རྫོགས་པ་དང་། །ལས་གཞུག་གཅོད་པ་བཀའ་སྩོལ་ཅིག །གསང་བའི་བདག་པོས་བཀའ་སྩལ་པ། ཉོན་ཅིག་འཕགས་པ་ཀུན་དགའ་བོ། །བཟླས་པ་ལས་ཀྱི་གཞུག་གཅད་ནི། །འཕྲིན་ལས་ཡང་སྙིང་འབུམ་བཟླས་བྱ། །དམོད་དོ་ལས་ཀྱི་གཞུག་གཅད་ནི། །གནོད་སྤྱིན་ཀུན་གྱི་དམོད་མོ་བཟླས། །མནན་པ་ལས་ཀྱི་གཞུག་གཅད་ནི། །སྒྲུབ་པའི་ཐོད་པ་དུར་ཁྲོད་ཁྱེར། །རང་ཉིད་གསང་བདག་ང་རྒྱལ་གྱིས། །དུར་ཁྲོད་རས་སམ་གྲོ་ག་ལ། །བཛྲ་ཙཎྜམ་ཧྭ་རོ་ཥ་ཎ་མ་ཧྭ་ཡཀྟ་ཁྭ་ཧི་ཁུ་ཧི། །མ་ར་མ་ར། གྲི་ཏྣ་གྲོ་ཏྣ་བན་དྷ་བན་དྷ། ཧུ༷་ཧུ༷། ཕཊ་ཕཊ། མིང་དང་ཡི་གེ་མཚམས་བཞིར་བྲི། །དུག་དང་སྐེ་ཚེས་བྲི་བར་བྱ། །གཟུགས་བརྙན་སོར་ནི་བཅུ་དྲུག་པའི། །སྙིང་ཁར་བཅུག་ལ་ཐོད་པར་ནི། །བཅུག་ནས་སྐུད་པས་རྒྱ་གྲམ་བྲི། ཁྲུ་གསུམ་དུར་ཁྲོད་སོལ་བས་བྱུག །ཕུར་བུ་བཙུགས་ལ་ཐོད་པར་གཞག །རིགས་ངན་ཁྱིམ་ནས་མེ་བླངས་ལ། །ཚེར་མ་ཅན་རྣམས་རོ་མ་ལ། །བླངས་ཕྱིན་ལན་གསུམ་བསྲོས་ནས་ནི། །དེ་ཉིད་སྦས་ན་ཚངས་པ་ཡི ཚེ་ལྡན་པ་ཡང་འཆི་བར་འགྱུར། །གཞན་ལ་ཡང་ནི་སྨོས་ཅི་དགོས། །ཀླུ་ཡོད་ས་རུ་སྦས་པ་ན། །མཛེ་ནད་ཀྱིས་ནི་ཟིན་པར་འགྱུར། །མཁའ་འགྲོ་འདུ་བའི་སར་སྦས་ན། །རིམས་ཀྱིས་ཀྱང་ནི་འཆི་བར་འགྱུར། །སྤྱིན་སྲེག་ལས་ཀྱི་མཇུག་གཅོད་ནི། །ལས་དང་རྗེས་མཐུན་འབྲུབ་ཁུང་དུ། །དེ་དང་མཐུན་པའི་མེ་ལྷ་བསམ། །དེ་ལྷར་གནོད་སྤྱིན་བསམ་པར་བྱ། །མཆོད་རྫས་དེ་བཞིན་དབུལ་བར་བྱ། །རབ་ཏུ་ཚ་བའི་མེ་དག་དང་། །ཚེར་མ་ཅན་གྱི་ཤིང་དག་དང་། །ཏིལ་དང་དུག་ཆུས་བྱུགས་ལ་དབུལ། །བར་དུ་མིང་བཅུག་སྒྲུབ་བྱ་ཡིས། །དྲག་ཤུལ་ཤི་བའི་རོ་བཟུང་ལ། །དེའི་ཤ་ག་ས་བྱིན་རླབས་མིང་ཡིག་ལས། །ཁྲོ་བོ་འདྲ་བ་དེ་ལ་བབས། །ལྕགས་ཀྱུས་སྙིང་དྲངས་རླུ་་གིས་བརྡེག །རྣམ་ཤེས་བསྟིམ་ལ་ཕུར་པས་བརྡེག །བསད་ནས་མེ་ལ་སྤྱིན་སྲེག་བྱ། །མ་ལྷ་མོ་སྨོས་བརྒྱ་རྩ་བརྒྱད། །ལྷ་ལ་རྩ་བའི་སྔགས་ཀྱིས་དབུལ། །འབུམ་པ་བརྒྱད་ཀྱིས་བརྟགས་པ་ལ། །འབུལ་ཏེ་བར་དུ་མིང་རུས་གཞུག །ཨོ་ཙཎྜ་མ་ཧྭ་རོ་ཥ་ཎ་མ་ཧྭ་ཡཀྟ་ར་ཙིཀྟ་ཛ་ལ་མ་ན་ལ་ཧ་ན་ཧ་ན་སརྦ་རྨི་རུ་ཡོ་ཏ་ཡ་ཏྲག་ཧ༷་ཤ་ཐུན་མྱ་ར་ཡ་ཕཊ། །དེ་ཚེ་དུར་ཁྲོད་སྣོད་རྣམས་ཀུན། །དེ་རུ་འདུ་ཞིང་ཟ་བར་བསམ། །བསོད་ནམས་ཅན་ལ་བཅུ་གཉིས་འོང་། །འབྲིང་དང་ཐ་མ་པྱེད་ཀྱི་ཕྱེད། །སྲེག་ན་འཆི་བར་གདོན་མི་ཟ། །རྡོ་རྗེ་རིན་ཆེན་སྦྱིན་རྒྱུད་ལས། ལས་ཀྱི་གཞུག་གཅོད་སྦྱིན་སྲེག་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།ཉོན་ཅིག་འཕགས་པ་ཀུན་དགའ་བོ། །གཞན་ཡང་རབ་ཏུ་བཤད་བྱ་བ། །འདི་ནི་བསམ་པ་ཙམ་གྱིས་ཀྱང་། །ལྷ་ཆེན་ཉིད་ཀྱང་ངེས་པར་འཇིག །ཕྱག་ན་རྡོ་རྗེའི་རྣལ་འབྱོར་པས། །གདུག་པ་ཁྲོས་པ་བསམ་པ་ཡིས། །མིང་གི་ཡི་གེ་དང་པོ་ལས། གསད་བྱ་མདུན་དུ་བསམ་པར་བྱ། །རྣམ་པར་ཤེས་པ་དེ་ལ་བསྟིམ། །དེ་ཡི་ལྟེ་བའི་རྩ་ཁ་ལ། །རྣལ་འབྱོར་ཅན་གྱིས་ལག་པ་གཅད། །དེ་མ་ཐག་ཏུ་སྤྱི་གཙུག་བསམ། །ཁྲག་སྐྱུག་འདར་ཞིང་འོང་སྐྱེས་ཀྱང་། །ཁ་ནི་ཐུར་དུ་སྦུབ་པར་བསམ། །སོ་རྩི་མ་ཡི་གཟུགས་ཅན་ནི། །སྣང་མཛད་ལམ་ཞུགས་སྙིང་ཁར་ནི། །ཁ་སྦྱར་ནང་གི་གནས་མཐོང་ནས། །དེ་ཕུང་སོག་འབྲལ་མཐོང་ནས་ནི། །རོ་ནི་དུམ་བུ་སྟོང་དུ་གཏུབ། །བཟའ་ཡམ་ཡང་ན་གཏོར་བར་བྱ། །རྡོ་རྗེ་རིན་ཆེན་སྒྱིན་རྒྱུད་ལས། ཏིང་ངེ་འཛིན་གྱིས་གསད་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།གནོད་སྤྱིན་ཆེན་པོའི་གཏོར་མའི་ནང་། །དུར་ཁྲོད་རས་ལ་དེ་མིང་བྲིས། །མིང་སྨོས་བརྒྱ་རྩ་བརྒྱད་བཏབ་ན། །བསམ་པ་གང་ཡང་དེ་ཡིས་འགྲུབ། །མིག་རྣ་སྣ་ཡི་དྲི་མ་དང་། །རང་གི་ཤུ་ར་མ་རྣམས་ལ། །རུ་ལུ་བྱས་ནས་གཏོར་མར་ནི། །བཅུག་ནས་བྱིན་པ་དབང་དུ་བྱེད། །ཉོན་ཅིག་འཕགས་པ་ཀུན་དགའ་བོ། །གཞན་ཡང་རབ་ཏུ་བཤད་བྱ་ན། །ཐོད་པ་མ་ཆག་མ་གས་པར། །གནོད་སྤྱིན་ཀུན་གྱི་སྙིང་པོ་བྲི། །བཟླས་ནས་ཡུངས་ཀར་དེ་རུ་བླུག །དགྲ་བའི་སྒོ་གོང་སྦས་པ་ན། །ནོར་་དང་བཅས་པ་ཟླ་དྲུག་གིས། །བརླག་པར་འགྱུར་བར་ཐེ་ཚོམ་མེད། །རྡོ་རྗེ་རིན་ཆེན་སྤྱིན་རྒྱུད་ལས། །ཐབས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་འཕགས་པ་ཀུན་དགའ་བོས། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་དམ་སྲི་མཁན་པོ་དེ། །དམ་ཅན་བྱད་དུ་བཅུག་པ་ལ། །རིག་སྔགས་བཟློག་ན་ཇི་ལྟར་བཟློག །གསང་བའི་བདག་པོས་བཀའ་སྩོལ་ཅིག །གསང་བའི་བདག་པོས་བཀའ་སྩལ་པ། །ཉོན་ཅིག་འཕགས་པ་ཀུན་དགའ་བོ། །གཞན་གྱི་རིག་སྔགས་བཟློག་པ་ནི། །བླ་མ་ལ་ནི་བསྲུང་མི་དགོས། །ཆང་བུ་ཉིད་ལ་གཟུགས་བྱས་ཏེ། །གྲོ་ག་ཤོག་བུ་གཟུགས་ལ་གདགས། །དུར་ཁྲོད་རས་ལ་འཁོར་ལོ་ནི། །རེའུ་མིག་ཉི་ཤུ་རྩ་གཅིག་ལ། །ནང་དུ་ཡི་གེ་དགོད་པར་བྱ། །མ་ཧྭ་ཡཀྟ་ཧུ༷། མཚམས་བཞི་དག་ཏུ་བསྒྲུབ་བྱ་ཡི། །དབྱེ་བ་སྔགས་དང་བཅས་པ་བྲི། །བི་ཏང་པ་ཡ་བི་ཏང་པ་ཡ། ཕྲངས་མ་ཕྲོལ་ཤིག་མུ་ར་ཡ་ཕྱེ། །ནང་གི་རེའུ་མིག་དགུ་རྫོགས་ནས། །ཕྱི་རོལ་ཡི་གེ་བཅུ་གཉིས་ལ། །ཨོ་བཛྲ་རཏྣ་ཙིཉི་ར་ག་ར་ཏི་ཧུ༷། སུམ་འབུམ་གྲངས་ནི་ཚ་བ་དང་། །རྟ་དང་མ་ཧེའི་ལྟོ་བར་གཞུག །རབ་ཏུ་རྔ་མོའི་ལུས་ལ་གཞུག །བྱ་རོག་འུག་པའི་སྒྲོ་ཡིས་སྐྱོན། །ཁྱི་དང་བྱ་ཡི་སྐེ་ལ་གདགས། །མེ་དང་ཆུ་ཡི་འཁོར་ལོར་གཞུག །ཐ་མ་བརྒྱབ་གཅོད་རི་ལ་མནན། །ཐྲི་ཤི་ཕུར་པ་སོར་གསུམ་གདབ། །རིག་སྔགས་བཅད་པའི་ལས་དག་ནི། །གཞན་ཡང་རབ་ཏུ་བཤད་བྱ་བ། །དུར་ཁྲོད་རས་སམ་གྲོ་ག་ལ། །ལྷ་སྤྱིན་གཟུགས་ནི་བྲི་བྱས་ལ། །རྩིབས་ལ་སྔགས་འདི་དགོད་བྱས་ལ། །ཨོ་ཏ་བཛྲ་པ་རི་རི་ཕཊ། མ་ཧྭ་ས་ང་བྷ་ན་ཧུ༷། ས་ཤིང་ཟླ་ཤིང་ས་ད་ཧུ༷། ལོ་ཤིང་ཁ་ལ་ར་ཤ་རྦད། ཧུ༷་དུ་ན་རྦད། ཐིབ་ནན་བཟླས་ནས་ལྕེ་ལ་གདབ། །ངག་དང་བྱད་ཐིམ་ཉམས་པ་ཡ་ནན་སྣོ་སྣོ། སེང་ལྡེང་ཕུར་པ་སོར་བཞི་ལ། །སྔགས་འདི་བརྒྱ་དང་རྩ་བརྒྱད་དུ། །བཟླས་ནས་ལྕེ་ལ་གདབ་པར་བྱ། །ཨོ་བཛྲ་ཙཎྜ་མ་ཧྭ་རོ་ཥ་ཎ་མ་ཡཀྟ་ཀི་ལི་ཀི་ལ་ཡ་བཱག་ཙིསྟ་ཨ་མུ་ཀ༷་མྱ་ར་ཡ་ཕཊ། ཚ་ཚ་ནག་པོའི་ནང་བཅུག་ནས། །རྣལ་འབྱོར་མལ་འོག་གྲུ་གསུམ་གཞུག །སྟེང་འོག་རྒྱ་གྲམ་རི་རབ་མནན། །དེ་ལ་སོགས་པ་གཞན་དུ་ཡང་། །བརྒྱ་འམ་སྟོང་ངམ་ཁྲི་མྲ །དེས་ནི་དབང་ཕྱུག་ཆེན་པོ་ཡང་། །འཆི་འཀྱུར་འདི་ལ་གདོན་མི་ཟ། །རྡོ་རྗེ་རིན་ཆེན་སྦྱིན་རྒྱུད་ལས། རིག་སྔགས་གཅད་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་འཕགས་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བསོད་ནམས་འདོད་པ་གང་དག་གིས། །དེ་ནི་ཇི་ལྟར་བསྒྲུབ་པར་བགྱི། །སྔགས་ཀྱི་བདག་པོས་བཀའ་སྩལ་པ། །ཉོན་ཅིག་འཕགས་པ་ཀུན་དགའ་བོ། །སྒྲུབ་པའི་གནས་ནི་དབེན་པ་སྲ །པདྨ་འདབ་བརྒྱད་གེ་སར་ལ། །རིན་ཆེན་རྣམ་ལྔ་དག་གིས་ནི། །ཐ་མ་འཇའ་ཚོན་སྣ་ལྔས་བསྐོར། །ཁྱམས་དང་རྟ་བབས་སྒོ་བརྒྱན་ལྡན། །རིན་ཆེན་མཛེས་པའི་རྒྱན་ལྡན་བྲི། །པདྨ་ཕྱོགས་ཀྱི་འདབ་མ་ལ། །སྨན་ལྔ་འབྲུ་ལྔ་སྙིང་པོ་ལྔ། །རིན་ཆེན་དྲི་ཡི་བཅུད་ཀྱིས་བཀང་བ་ཡི། །བུམ་པ་ལྔ་དང་བདུད་རྩིས་བཀང་བའི་སྣོད། །འབྲས་བུར་བཅས་པས་ཁ་རྒྱན་བྱ། །མགུལ་པ་གཙང་མའི་གོས་ཀྱིས་བཅིངས། །དེ་སྟེང་དཔོན་གཡོག་མཚན་མ་དགྲམ། །མདུན་དུ་ནོར་གྱི་དངོས་གྲུབ་སྩོལ་ཅིག་པ། །བྱང་བུ་རེ་རེ་བྲིས་ལ་གཞག །མཚམས་བཞི་རུ་ནི་སྤོས་སྣོད་གཞག །མེ་ཏོག་འཕྲེང་དང་མར་མེ་དང་། །སྣ་ཚོགས་དར་གྱི་རྒྱལ་མཚན་དགྲམ། །གདུགས་ཀྱི་བླ་རེས་བརྒྱན་པར་བྱ། །འཇིག་རྟེན་ཟས་ཀྱི་བྱེ་བྲག་ནི། །མ་ལུས་འཚོགས་པར་བསོགས་བྱས་ལ། །ཉིན་དང་མཚན་མོ་དུས་དྲུག་ཏུ། །ཚོགས་དང་གཏོར་མ་རྒྱུན་མི་གཅད། །སེར་སྣ་མེད་པའི་སེམས་ཀྱིས་མཆོད། །རང་ཉིད་གསང་བདག་ང་རྒྱལ་གྱིས། །ལྕགས་ཀྱུའི་ཕྱག་རྒྱ་བཅས་ནས་ཀྱང་། །གནོད་སྤྱིན་དཔོན་གཡོག་དགུག་པར་བྱ། །སྔགས་ཀྱི་བདག་པོ་འདི་དག་ཡིན། །གཟུང་བ་དངོས་གྲུབ་འདི་ལ་ཡོད། །ཐམས་ཅད་གྲུབ་ཕྱིར་གསད་པར་བྱའོ། །ཨོརཇོར་ག་རུ་གེ་རཇོཙིརྟི་ཧུ༷། ཨོ་མ་ཧྭ་ཀྲོ་དྷ་ཛསྣ་རི་ཧྲི་ད་ཧུ༷། །ཨོ་མ་ཧྭ་ཀྭ་ལ་ཧ་ན་ཧ་བཛྲ་ན་གྲྭ་ཧྭ། ཨོ་ཡཀྟ་དེ་བ་པརྩི་ར་ཛ་ཛ་ཛ། ཨོ་མ་ཧྭ་ར་ཛ་བེ། གློ་དང་སྤྲིད་པ་གཡལ་ལ་སོགས། །སྔགས་ཀྱི་བར་ཆད་མི་བྱའོ། །སྐྱེན་ན་སྔགས་ཀྱི་ནུས་པ་ཉམས། །བུལ་ན་བཟླས་པ་གྲངས་མེད་འགྱུར། །མགོན་པོའི་གནས་ནས་དབེན་རུང་ནི། །འདས་ནས་འགྲོ་བར་མི་འགྱུར་རོ། །འདས་ན་བར་ཆད་རང་ལ་འོང་། །བར་དུ་རོལ་མོའི་སྒྲ་བསྒྲག་ཅིང་། །གུས་པའི་སེམས་གྱིས་མཆོད་བསྟོད་བྱ། །མ་གྲུབ་པ་ལ་བྱིན་མི་རློབ། །དེ་བས་གུས་པས་མཉེས་པར་བྱ། །གཙོ་བོ་དག་ལ་འབུམ་བཟླས་ཤིང་། །འཁོར་ལ་ཁྲི་ཁྲི་བཟླས་པར་བྱ། །སྒྲུབ་པའི་སྔགས་དང་ལས་རྣམས་རྫོགས། །མཚན་མ་བྱུང་བར་མ་གྱུར་ན། །བར་ཆོད་མཚན་མ་ཡིན་སྲིད་པས། །འཇིགས་ཤིང་ཕྱ་སངས་ཁྱེར་བ་དང་། །ཡོ་བྱད་ཕངས་སེམས་བྱེད་པ་དང་། །ཁྲོ་དང་འགྲོ་ནི་འདོད་པ་དང་། །བྱིང་ཞིང་ཡིད་ལ་མི་དྲན་དང་། །རྨི་ལམ་གཞན་གྱིས་ནོར་ཁྱེར་ན། །བར་ཆད་བཟློག་པའི་ཆོ་ག་བྱ། །འབྲུ་དང་མེ་ཏོག་ཆར་འབབ་དང་། །རིན་པོ་ཆེ་ནི་རྙེད་པ་ན། །འཕྲལ་གྱི་བཟའ་བ་ཐ་མ་ཡིན། །གལ་ཏེ་དེ་ལྟར་མ་བྱུང་ན། །འཕགས་པ་རྨུགས་འཛིན་མདུན་དུ་ནི། །ཞག་གཅིག་སྨྱུང་པར་གནས་བྱས་ལ། །ཁྲུས་བྱས་གོས་དཀར་གྱོན་ནས་སུ། །ལུས་ལ་དྲི་ཞིམ་སྤོས་ཀྱིས་བྱུག་པར་བྱ། །ཟླ་བ་ཡར་ངོའི་ཚེས་བརྒྱད་ལ། །ལྕི་བའི་དཀྱིལ་འཁོར་དབུས་སུ་ནི། །དཀར་གསུམ་མངར་གསུམ་སྦྱར་བའི་ཆུས། །ཁྱོར་བ་སྟོང་དང་རྩ་བརྒྱད་དུ། །མཆོད་ནས་ཀུན་ཏུ་དུ་རུའི་སྤོས་ཀྱིས་བདུག །དེ་ཡི་མཚན་མོ་རྨི་ལམ་དུ། །གཏེར་ནི་བརྒྱ་སྟོང་སྟོན་པར་འགྱུར། །དེར་ནི་ཙན་དན་དག་གམ་ནི། །རྒྱས་པ་ཡིན་ནི་ཤིང་རྣམས་སམ། །ཀ་ར་བྲི་རིའི་ཤིང་རྣམས་ལ། །རིན་ཆེན་སྣ་ཚོགས་འབྲུ་སྣ་ཚོགས། །དེ་ལ་སོགས་པ་རྒྱས་པའི་རྫས་རྣམས་ལ། །རྒྱས་པའི་སྦྱིན་སྲེག་བརྒྱ་ཕུལ་ནས། །རྒྱལ་སྲིད་ངེས་པར་ཐོབ་པར་འགྱུར། །ལོངས་སྤྱོད་ཕྲན་ཚེགས་སྨོས་ཅི་དགོས། །ནོར་བུ་རིན་ཆེན་སྦྱིན་རྒྱུད་ལས། ནོར་སྒྲུབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ཨོ་མ་ཧྭ་ཡཀྟ་རཏྣ་ཙིསྟ་ཧུ༷། གུ་ཎ་ཧྲི་ད་ཧུ༷། འདི་ཡི་ཡོན་ཏན་བསམ་མི་ཁྱབ། །རྒྱལ་པོ་གཡུལ་དུ་འཇུག་པའི་ཚེ། །སྤྱི་བོར་སྙིང་པོ་འདི་བཅིངས་ནས། །བསྟོད་དང་གསང་སྔགས་འདི་བརྗོད་ན། །དགྲ་བོ་འདོད་པ་བཞིན་དུ་དབང་དུ་བྱེད། །ཞི་དང་རྒྱས་དང་དབང་དང་མངོན་སྤྱོད་དང་། །དགུག་དང་བཀར་དང་རེངས་དང་བསྐྲད་པ་དང་། །དགུག་དང་ཚིག་འཕྲོག་གཟུགས་བསྒྱུར་བསྲུང་ལ་སོགས། །ལས་དེ་རྣམས་ཅི་དགའ་བྱེད། །འདི་ནི་ལེགས་པར་འགྲུབ་འགྱུར་ན། །ཇི་ལྷར་འདོད་པ་འགྲུབ་པར་འགྱུར། །ཡུལ་དུ་འཇུག་པའི་ཚེ་འདིས་བཟློག་པའི་ལེའུ་སྟེ་བཅུ་དགུ་པའོ།། །།བཅོམ་ལྡན་འདས་གསང་བའི་བདག་པོས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་གང་ཟག་སྣོད་ཀྱི་རིམ་པ་ནི། །རྒྱུད་འདི་གང་ལ་བསྟན་པར་བྱ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་འཕགས་པ་ཀུན་དགའ་བོ། །མི་སྣང་པ་ཡི་རིམ་པ་ལ། །ཁ་བུབ་དང་ནི་ཞབས་རྡོལ་དང་། །དྲི་མ་ཅན་དང་སོམ་ཉི་ཟ། །ལོག་ཆོས་ཅན་དང་གཡེང་བ་ཅན། །དཀའ་ཐུབ་ཅན་དང་རྟོག་པ་ཆེ། །མི་འགྲུབ་གཡེང་བས་གཞན་དོན་བྱེད། །དམ་མེད་དམྱལ་བའི་རྒྱུད་ཅན་ལ། །རྣ་བར་ཡང་ནི་མི་སྒྲོག་གོ །ཙན་དན་ལྟ་བུའི་གང་ཟག་ལ། །དམ་སྲི་བྱེད་པའི་གང་ཟག་ལ། །རྣ་བ་ཡང་ནི་མི་སྒྲོག་གོ །རིན་ཆེན་ལྟ་བུའི་གང་ཟག་ལ། །ཤིན་ཏུ་གདམ་ཏེ་སྤྱིན་པར་བྱའོ། །རིན་ཆེན་སྒྱིན་གྱི་རྒྱུད་ལས། གང་ཟག་གི་སྣོད་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སོགས་པ་འདུས་པའི་འཁོར་དག་གིས་ལྷའི་མེ་ཏོག་གཏོར་ནས། ཞི་བའི་ལས་མཛདབོདྷིསཏྭའིཚུལ། །རྒྱས་པའི་ལས་མཛད་དགའ་ལྡན་ལྷ་ཡི་ཚུལ། །དབང་གི་ལས་མཛད་གཏུམ་པོ་འཇིགས་པའི་ཚུལ། །དྲག་པའི་ལས་མཛད་ཀུན་ལ་བརྗོད་དུ་མེད། །རྒྱལ་བ་སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །གདུག་པ་འདུལ་ཕྱིར་ཞལ་ནས་བདུད་རྩི་ཤར། །བསྟན་པ་བསྲུང་ཕྱིར་ཞལ་ནས་རྒྱུད་གསུངས་པ། །བདུད་རྩི་གསང་རྒྱུད་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སོགས་པ་འདུས་པའི་འཁོར་རྣམས་དགའ་ཞིང་མགུ་ནས་ཡི་རངས་ཏེ། གསང་བའི་བདག་པོས་བཀའ་སྩལ་པ། །བདག་གིས་སྤོབས་པར་གྱུར་བ་ནི། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ཞེས་གསུངས་པ་དང་། ལྷའི་མེ་ཏོག་གཏོར་ནས། བཅོམ་ལྡན་འདས་ཀྱིས་་་་་ངང་ང་ཆེངངངལེསྟེ་ང་ང་ཆེངང་་ཞེ་གསུངས་པ་ལ་མངན་པར་བསྟད་ད། །གནད་སྦྱན་གྱ་རྒྱལ་པ་རན་པ་ ་བྱན་གྱ་རྒྱུད་གསང་བའ་ འུ་ ་ཉར་གཅག་པའ།། །།རན་པ་ ་སྦྱན་གྱ་རྒྱུད་དགས་འདད་འབྱུང་བ་ ས་བྱ་བ་རྫགས་སོ