Ngb-pt-0825-vol-09-text

From Rangjung Yeshe Wiki Texts
Revision as of 07:13, 20 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། ཡཀྟ་ཨ་པ་ར་ཙིཀྟ་ཙིསྟ་གི་ཧུ་བྱུ་ཏི་ཏན་ཏྲ། བོད་སྐད་དུ། གནོད་སྤྱིན་གཞན་གྱིས་མི་ཐུབ་པ་སྲོག་རྩ་མངོན་དུ་ཕྱུང་བ་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་གསང་བའི་བདག་པོ་ལག་ན་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་གོ་ཞིང་རྟོགས་པའི་དུས་ཉིད་ན། རི་རྒྱལ་ལྷུན་པོའི་རྩེ་ལྕང་ལོ་ཅན་གྱི་གནས་མཆོག་ཆེན་པོ་ན། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དྲེགས་པ་འདུལ་བྱེད་རྒྱལ་པོ།དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རིན་པོ་ཆེ་དཔལ་བེའུ་ལས་བྱུང་བའི་ཁྲོ་མཆོག་ཆེན་པོ། །འཁོར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཚོགས་བསམ་གྱིས་མི་ཁྱབ་ཅིང་། བརྗོད་ཀྱིས་མི་ལང་བ་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་གསང་བའི་བདག་པོ་རྡོ་རྗེ་འཆང་ཆེན་པོས། འཇིག་རྟེན་གྱི་མ་རུངས་པ་ཐམས་ཅད་ཚར་གཅད་པའི་ཕྱིར། དྲག་པོ་འབར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་མཁའ་ལ་གསོར་ཞིང་། །ཨེ་ར༷་ར༷་ཡཀྟ་སརྦ་ཛ་ལ་ར༷། ཞེས་གསུངས་པས། བཅོམ་ལྡན་འདས་གསང་བའི་བདག་པོ་རྡོ་རྗེ་འཆང་གི་སྐུ་ལ་བསྐལ་པའི་མེ་འབར་ཏེ། འཇིག་རྟེན་གྱི་ལྷ་དང་། ཀླུ་དང་། གནོད་སྤྱིན་གྱི་ཚོགས་ཐམས་ཅད་ཏར་ཚན་ལ་ཙྭ་སྦུར་མ་ཆགས་པ་ལྟར་སྲེགས་ཤིང་བཅོམ་མོ། །དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོ་རྡོ་རྗེ་འཆང་གིས། ཨོ་ཨ་མྲི་ཏ་བི་་།་ཏ་ཧ༷། ཞེས་གསུངས་པས། ་།ངས་ཀྱི་བུ་ག་གཉིས་ན་མར་བདུད་རྩིའི་ཆུ་རྒྱུན་ཆེན་པོར་འཚོ་བར་བྱེད་པ་ཞེས་བྱ་བ་བྱུང་ངོ་། །དེ་དག་གིས་ལུས་ལ་ཕོག་པ་ཙམ་གྱིས་སོས་པར་གྱུར་ཏེ་སླར་ཡང་དྲན་པ་རྙེད་དོ། །རྙེད་ནས་ཀྱང་རིངས་པར་ལངས་ཏེ། བཅོམ་ལྡན་འདས་གསང་བའི་བདག་པོའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསང་བའི་བདག་པོ་ཅི་ནོངས་ལགས། །བདག་ཅག་རྣམས་ལ་ནི་འདི་ལྟ་བུ་ཤིན་ཏུ་སྡུག་བསྔལ་ཞིང་ཉམ་ཐག་པར་མཆིས་ན། བདེ་བར་གཤེགས་པ་ཁྱེད་ལ་ཐུགས་རྗེས་བྱང་ཆུབ་ཀྱི་སེམས་མི་མངའ་ལགས་སམ། ཀྱེ་མ་ཀྱི་ཧུད། བདག་ཅག་རྣམས་ཀྱི་ལུས་ནི་ཚིག །ཁྲག་ནི་སྐམས། ཤ་དང་ཆུ་རྒྱུས་ལ་སོགས་པ་རྣམས་ནི་གཞོབ་ཏུ་ཐལ་ཏེ། ལུས་སེམས་འབྲལ་ཞིང་འགུམ་པ་འམ། །འགུམ་པ་ལ་ཐུག་པ་ཙམ་དུ་དུ༷༷ཁ་བར་གྱུར་ནས། བཅོམ་ལྡན་འདས་ཐུགས་རྗེ་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཤིང་བསྐྱབས་སུ་གསོལ། །ཞེས་ཤིན་ཏུ་ཉམ་ཐག་པའི་སྨྲེ་སྔགས་མང་པོ་སྟོན་པར་གྱུར་ཏོ། །ཡང་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་གསང་བའི་བདག་པོ་རྡོ་རྗེ་འཆང་གིས། དེ་དག་ལས་དབུགས་དབྱུང་བའི་ཕྱིར་འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་ཧོ། ང་ནི་གསང་བདག་རྡོ་རྗེ་འཆང་། །ལོག་འདྲེན་ཀུན་གྱི་གཤེད་མ་སྟེ། བདུད་དང་འབྱུང་པོ་འདུལ་བྱེད་ཡིན། །མ་འཇིགས་མ་འཇིགས་གནོད་སྦྱིན་རྣམས། །བདེ་གཤེགས་བཀའ་ལས་འདའ་མ་བྱེད། །བདེ་གཤེགས་བཀའ་ལས་སུས་འདས་པ། །ང་ཡི་རྡོ་རྗེ་ཆེན་པོ་འདིས། །མགོ་བོ་ཚལ་པ་བརྒྱར་བཀས་ནས། །ལུས་སེམས་གཉིས་ཀྱང་སོ་སོར་འབྲེལ། །རྡོ་རྗེ་དམྱལ་བའི་གནས་སུ་སྐྱེས། །དེ་བས་གནོད་སྦྱིན་ཡཀྟའི་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །བསྒྲུབ་པ་པོ་ཡི་སྔགས་འཇུག་གིས། །སེམས་ཅན་དབུལ་ཞིང་ཕོངས་པ་ལས། །ནོར་དང་ལོངས་སྤྱོད་དངོས་གྲུབ་བྱིན། །ཁམས་གསུམ་འཁོར་བའི་འགྲོ་དོན་གྱིས། །འོན་ཀྱང་རྒྱལ་བའི་སྲས་སུ་སྐྱེ། །ཞེས་བཀའ་སྩལ་ཏོ། །གནོད་སྤྱིན་ཨ་པ་ར་ཙིསྟ་སྲོག་རྩ་མངོན་དུ་ཕྱུང་བའི་རྒྱུད་ལས། ཨ་པ་ར་ཙིཀྟ་བཏུལ་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་གནོད་སྤྱིན་གྱི་རྒྱལ་པོ་ཨ་པ་ར་ཙིསྟ་ལ་སོགས་པའི་ལྷ་དང་། ཀླུ་དང་། གནོད་སྤྱིན་གྱི་ཚོགས་ཐམས་ཅད་རབ་ཏུ་དགའ་ནས། བཅོམ་ལྡན་འདས་གསང་བའི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་གསང་བདག་རྡོ་རྗེ་འཆང་། །བདག་ཅག་གནོད་སྦྱིན་ནོར་གྱི་ལྷ། །ལྷ་ཀླུ་གནོད་སྤྱིན་འཁོར་དང་བཅས། །དཔའ་བོ་ཁྱོད་ཀྱི་འབངས་སུ་མཆི། །བདེ་གཤེགས་བཀའ་ལས་ཡོངས་མི་འདའ། །དུས་འདི་ཉིད་ནས་བཟུང་ནས་སུ། །བྱང་ཆུབ་མཆོག་ཏུ་སེམས་སྐྱེད་ལ། །མ་འོངས་སྐྱེ་བ་ཐམས་ཅད་དུ། །སེམས་ཅན་རྣམས་ཀྱི་དོན་བགྱིའོ། །སྔགས་འཆང་རྣལ་འབྱོར་བསྒྲུབ་པ་པོ། །ཕྱོགས་བཅུའི་འཇིག་རྟེན་གང་གནས་ཀྱང་། །བདག་ཅག་རྟག་ཏུ་སྤྱོ་བོས་འཁུར། །སླད་ཆད་ཁྱེད་ཀྱི་བཀའ་བཞིན་བགྱིད། །མཐའ་ཡས་ཁམས་གསུམ་སེམས་ཅན་གྱི། །བཀྲེས་སྐོམ་དུ༔ཁ་ཞི་བྱའི་ཕྱིར། །རང་སྲོག་རྡོ་རྗེ་འཆང་ལ་འབུལ། །འདི་ལ་བྱིན་གྱིས་རླབ་ཏུ་གསོལ། །ཨོ་ཧྲི་ཛ་ཨ་པ་ར་ཙིརྟི་ཛ་ཛ། ཞེས་རང་རྟགས་སྙིང་པོ་མདོངས་གསོལ་དུ་ཕུལ་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། མཐའ་ཡས་པའི་སེམས་ཅན་གྱི་འགྲོ་དོན་བྱེད་པར་ཁས་བླངས་ཏེ།ཀྱེ་བཅོམ་ལྡན་འདས་གསང་བའི་བདག་པོ་ཆེན་པོ། ཕྱི་མའི་ཚེ་ཕྱི་མའི་དུས་སུ་རྣལ་འབྱོར་པ་གང་ཞིག་གིས་བདག་ལ་ཡི་དམ་དུ་བགྱིས་ནས། བསྙེན་ཅིང་བསྒྲུབ་པ་བགྱིད་ན་དེ་ལ་ཅི་འདོད་པའི་དངོས་གྲུབ་བཞིན་ནོ། །དེའི་ལས་ཀྱི་གིང་ཀ་ར་བྱའོ། །གཞན་ཡང་དེའི་འཁོར་དང་རིགས་རྒྱུད་ལ་སོགས་པ་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱའོ། །ཞེས་བཀའ་འབངས་སུ་ཁས་བླངས་ཤིང་དམ་བཅས་སོ། །གནོད་སྤྱིན་ཨ་པ་ར་ཙིསྟ་སྲོག་རྩ་མངོན་དུ་ཕྱུང་བའི་རྒྱུད་ལས། །ཨ་པ་ར་ཙིཏི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྲོག་སྙིང་ཕུལ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་འཁོར་གྱི་ནང་ནས་ལྷའི་དབང་པོ་བརྒྱ་བྱིན་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གསང་བའི་བདག་པོ་རྡོ་རྗེ་འཆང་གི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསང་བའི་བདག་པོ་ཆེན་པོ་སེམས་ཅན་ལ་ཕན་པ་དང་བདེ་བའི་ཕྱིར།གནོད་སྤྱིན་ནོར་ལྷའི་རྒྱལ་པོ་ཨ་པ་ར་ཞེས་བྱ་བ། ཡིད་བཞིན་ནོར་བུ་རིན་པོ་ཆེ་ལྟར་དགོས་འདོད་ཐམས་ཅད་སྐོང་བར་བྱེད་པ་དེ་བསྒྲུབ་པའི་ཐབས། །བདག་ཅག་འཁོར་རྣམས་ལ་བཀའ་སྩལ་དུ་གསོལ། །ཞེས་ཞུས་པ་དང་། བཅོམ་ལྡན་འདས་གསང་བའི་བདག་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །དབང་པོ་བརྒྱ་བྱིན་གུས་པས་ཉོན། །སེམས་ཅན་རྣམས་ལ་ཕན་བྱའི་ཕྱིར། །ཁྱོད་ལ་ང་ཡིས་བཤད་པར་བྱ། །ནོར་ལྷའི་རྒྱལ་པོ་བསྒྲུབ་འདོད་པས། །ཐོག་མར་དབེན་པའི་གནས་བཙལ་ལ། །དེ་ནས་བྱིན་བརླབ་མཚམས་ཀྱང་གཅད། །འཁོར་ལོ་རྩིབས་བརྒྱད་མཎྜལ་བྲི། །དམ་རྫས་མཆོད་པ་རྫོགས་པར་དགྲམ། །སྟོང་ཉིད་སྙིང་རྗེའི་ངང་ལས་ཧུ༷། །རིན་ཆེན་གཞལ་ཡས་གྲུ་བཞི་བསྒོམ། །ཆོ་ག་གསུམ་ལས་ལྷ་རྣམས་བསྐྱེད། །དབུས་སུ་གཙོ་བོ་རྡོ་རྗེ་འཆང་། །ཡབ་ཡུམ་རོལ་པའི་མཁའ་གསང་ལས། །བྱང་ཆུབ་སེམས་ཀྱི་ཧུ༷་ཡིག་ལས། །ཕྱོགས་བཅུར་འབྱུང་པོ་འདུལ་བྱེད་བཅུ། །སྒོ་བཞིར་གསང་བའི་ལྷ་བཞི་བསྒོམ། །སྙན་གསན་དབབ་དང་སྤྱན་དྲངས་དང་། །བཞུགས་གསོལ་སྐྱབས་འགྲོ་འཐོར་འཐུང་བྱ། །ཕྱག་འཚལ་མཆོད་དང་སྡིག་པ་བཤགས། །ཡི་རང་བསྐུལ་ཞིང་གསོལ་བ་གདབ། །སྐྱབས་གསོལ་ལུས་དབུལ་དགེ་རྩ་བསྔོ། །གཉིས་མེད་བསྟིམ་ལ་སྐུ་གསུང་ཐུགས། །བྱིན་བརླབས་དབང་བསྐུར་རྫོགས་པར་བྱ། །ཡིད་བཞིན་ནོར་བུའི་འཕྲོ་འདུ་ཡི། །གཙོ་འཁོར་འདུས་པའི་སྙིང་པོ་བཟླས། །ཨོ་བཛྲ་ཙཎྜམ་ཧྭ་རོ་ཥ་ཎ་ཧུ༷་ཕཊ། ཟླ་ཕྱེད་སུམ་འབུམ་རྫོགས་པར་བསྐྱལ། །ཐུན་མཚམས་དག་ལ་གཏོར་མ་དབུལ། །བསྟོད་དང་བཅོལ་བསྐུལ་བཤགས་པ་བྱ། །ཞེས་བྱ། གནོད་སྦྱིན་ཨ་པ་ར་ཙིསྟ་སྲོག་རྩ་མངོན་དུ་ཕྱུང་བའི་རྒྱུད་ལས། ཡེ་ཤེས་ལྷ་ཡི་བསྙེན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དེ་ཡི་བསྙེན་པོར་ནི། །གནོད་སྤྱིན་ལག་ན་རྡོ་རྗེ་བསྒོམ། །ཞལ་གཅིག་ཕྱག་བཞི་སྐུ་མདོག་སྔོ། །སྡིགས་མཛུབ་རྡོ་རྗེ་གཡས་དང་གཡོན། །ལྕགས་ཀྱུ་ནེ་ལེ་འོག་མ་གཉིས། །སྟང་ཐབས་བུམ་པའི་གཏེར་ཆེན་གནན། །རིན་ཆེན་རྒྱན་ལྡན་ཧུ༷་སྒྲ་སྒྲོགས། །ཡཀྟ་ཆེན་པོའི་སྐུར་བསྒོམས་ལ། །སྤྱན་དྲངས་བསྟིམ་ལ་བཞུགས་པར་གསོལ། །དཀར་གསུམ་མངར་གསུམ་ལ་སོགས་པའི། །དམ་རྫས་མཆོད་པ་རྒྱ་ཆེན་འབུལ། །མདུན་དུ་ནོར་ལྷའི་རྒྱལ་པོ་བསྒོམ། །སྡིགས་མཛུབ་ཕྱག་རྒྱས་ཟིལ་གྱིས་གནན། །བཟླས་པ་འབུམ་དུ་རྫོགས་པར་བྱ། །ཨོ་སིརྙི་བཛྲ་ཧུ༷། ཡི་གེ་གསུམ་པོ་གསང་ཆེན་པོ། །མགོ་འདྲེན་མཐའ་སྡུད་གཉིས་ཏེ་ལྔ། །བཟླས་པས་ནོར་ལྷ་དབང་དུ་འདུས། །མ་ལུས་དོན་གྱི་འབྲས་རབ་སྟེར། །གང་ཚེ་ཆོ་ག་བཞིན་བཟླས་ན། །འདིར་ནི་དངོས་གྲུབ་ཐེ་ཚོམ་མེད། །ཅེས་གནོད་སྤྱིན་ཨ་པ་ར་ཙིཀྟ་སྲོག་རྩ་མངོན་དུ་ཕྱུང་བའི་རྒྱུད་ལས། ལས་སྔགས་གནོད་སྦྱིན་གྱི་བསྙེན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་དངོས་གྲུབ་གྲུབ་བྱའི་ཕྱིར། །རང་ཡང་ནོར་ལྷའི་སྐུར་སྒོམ་སྟེ། །མདུན་དུ་ནོར་ལྷ་སྤྱན་དྲངས་ལ། །གྲོགས་པོའི་ཚུལ་དུ་འདྲིས་པར་བྱ། །ཕྱི་མཆོད་དབུལ་ཞིང་བཟླས་པ་བྱ། །ཨོ་སྙི་ཧ། འདི་ནི་འབྲུ་གསུམ་གསང་བའི་སྔགས། །བཟླས་ན་ནོར་ལྷའི་རྒྱལ་པོ་དེ། །ལུས་དང་གྲིབ་མའི་ཚུལ་བཞིན་ནམ། །མེ་དང་དུ་བ་ཇི་ལྟ་བར། །ཉི་ཟེར་དང་ནི་རྡུལ་བཞིན་དུ། །སྐད་ཅིག་མི་འབྲལ་རྒྱུན་དུ་འགྲོགས། །དེ་ནས་དངོས་གྲུབ་ཅི་འདོད་སྟེར། །ཞེས་གནོད་སྤྱིན་ཨ་པ་ར་ཙིསྟ་སྲོག་རྩ་མངོན་དུ་ཕྱུང་བའི་རྒྱུད་ལས། དངོས་གྲུབ་ནོར་ལྷའི་བསྙེན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ནོར་ལྷ་བསྒྲུབ་པར་བྱ། །རིན་པོ་ཆེ་ལ་ནོར་ལྷའི་སྐུ། །གཟུགས་མཛེས་ཤིན་ཏུ་ལེགས་པར་བྱ། །ཞལ་གཅིག་ཕྱག་གཉིས་འཛུམ་བག་ཅན། །སྤྱན་ནི་འབོར་ལ་ཡན་ལག་ཐུང་། ཁེན་ཏུ་བརྗིད་ཅིང་འགྱིང་བ་ལ། །གཡས་ན་ལྕགས་ཀྱུ་འབར་བ་དང་། །གཡོན་ན་ནེ་ལེ་བུམ་པ་ཡི། །ཁ་ནས་རིན་ཆེན་སྒྱུག་པ་བྱ། །སྤྱི་གཙུག་ནོར་བུ་རིན་ཆེན་དང་། །དབུ་རྒྱན་ཟེ་སྒྲོག་སྙན་ཆ་དང་། །ཡན་ལག་ལྷུ་ཚིག་ཐམས་ཅད་ལ། །རིན་ཆེན་རྒྱན་ཆ་དུ་མས་སྤྲས། །རལ་པས་སྐུ་སྟོད་ཁེབས་པ་ཡི། །ཉི་ཟླ་པདྨའི་གདན་སྟེངས་སུ། །བུམ་པ་ནོར་བུས་གང་བ་ཡི། །སྟེང་དུ་སྟང་ཐབས་བགྲད་པར་བྱ། །ནང་དུ་བླ་རྡོ་སྲོག་སྙིང་དང་། །འཁོར་ལོ་གཉིས་དང་གཟུངས་སྔགས་ལ། །མངའ་གསོལ་རབ་གནས་བྱས་ལ་གཞུག །གཞན་ཡང་སྨན་ལྔ་སྙིང་པོ་ལྔ། །རིན་ཆེན་ལྔ་དང་འབྲུ་ལྔ་དང་། །སྤོས་ལྔ་དར་སྣ་རྣམ་པ་ལྔ། །འབྲུ་གསུམ་རྒུན་འབྲུམ་ལི་ཁམ་བུ། ཁེང་ཐོག་ལྔ་དང་ནོར་སྣ་ལྔ། །དཀར་གསུམ་མངར་གསུམ་ལ་སོགས་པ། །མཆོད་རྫས་ལྔ་ཡང་གཞུག་པར་བྱ། །དེ་ནས་ནོར་ལྷ་སྤྱན་དྲངས་བསྟིམ། །དེ་ལ་དབང་བསྐུར་རབ་གནས་བྱ། །མཎྜལ་དབུས་སུ་བཞུགས་ནས་ཀྱང་། །མཆོད་ཅིང་བསྒྲུབ་པ་བརྩམ་པར་བྱ། །ཞེས་གནོད་སྤྱིན་ཨ་པ་ར་ཙིཏི་སྲོག་རྩ་མངོན་དུ་ཕྱུང་བའི་རྒྱུད་ལས།སྐུ་གཟུགས་བཅའ་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་སྲོག་གི་ཙཀྲ་ནི། །རྩིབས་དྲུག་མུ་ཁྱུད་ལྡན་པར་བྲི། །རྩིབས་ལ་ཧྲི་དྲུག་ལྟེ་བར་ཨོ། །རྩིབས་མཆན་དྲུག་ལ་སྲོག་སྔགས་དང་། །རང་གི་མིང་རུས་སྤེལ་ལ་བྲི། །ཧྲི་ཛ་ཨ་པ་ར་ཙིསྟ་ཛ་ཅིསྟི་ཅིསྟི་བདག་ཆེ་གེ་མོ་ལ་ཙིསྟ་ཧུ༷། དེ་ནི་སྲོག་གི་སྙིང་པོའོ། །དེ་ནས་དངོས་གྲུབ་ཙཀྲ་ནི། །ལྟེ་བ་མུ་ཁྱུད་རྩིབས་བཅུར་བཅས། །དེ་ནས་མུ་ཁྱུད་རིམ་ལྟར་བསྐོར། །ལྟེ་བར་ཧུ༷་བྲིས་མུ་ཁྱུད་ལ། །དངོས་གྲུབ་བླང་བའི་རྩ་སྔགས་བྲི། །རྩིབས་ལ་རྩ་སྔགས་བྲི་བར་བྱ། །ཕྱི་རོལ་མུ་ཁྱུད་ནང་མ་ལ། །མི་སེམས་བསྒུལ་བའི་སྔགས་ཀྱང་བྲི། །དེ་མཐའ་མུ་ཁྱུད་གཉིས་པ་ལ། །དངོས་གྲུབ་གསོལ་བྱང་བར་མ་བྲི། །དེ་མཐའ་མུ་ཁྱུད་བཞི་པ་ལ། །སིདྷི་གསོལ་བྱང་ཐ་མ་བྲི། །དངོས་གྲུབ་གང་འདོད་སྔགས་རྣམས་བྲི། །སྔགས་དང་གསོལ་བྱང་ཡིག་མགོ་རྣམས། །ཐད་ཀར་སྟེང་ནས་བསྐོར་ཞིང་བྲི། །འདི་ནི་དངོས་གྲུབ་ཙཀྲ་སྟེ། །འདྲི་ཤོག་རིན་ཆེན་གསེར་གྱིས་བྲི། །ཅི་འདོད་འདི་ལ་འབྱུང་བར་འགྱུར། །གནོད་སྤྱིན་ཨ་པ་ར་ཙིསྟ་སྲོག་རྩ་མངོན་དུ་ཕྱུང་བའི་རྒྱུད་ལས། འཁོར་ལོ་བྲི་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་རྣལ་འབྱོར་བསྒྲུབ་པ་པོས། །བླ་རྡོ་ཕ་ཝང་ཆོ་ལོང་ལ། །རི་བོང་ཁྲག་དང་མཚལ་བསྲེས་ལ། །ཧྲི་དྲུག་ལ་སོགས་བྲི་བར་བྱ། །དར་དཀར་ཁུད་དུ་དྲིལ་བར་བྱ། །རྩིབས་དྲུག་སྲོག་གི་ཙཀྲས་ག་། །དེ་ཉིད་སྲོག་དར་དམར་པོས་དྲིལ། །སིདྷི་ཙཀྲའི་ནང་དུ་དྲིལ། །ལེ་བརྒན་དར་སེར་དག་གིས་དྲིལ། །རི་བོང་སྙིང་གི་དཀྱིལ་དུ་གཞུག །རང་ཉིད་ཕྱག་རྡོར་ང་རྒྱལ་གྱིས། །ནོར་ལྷ་བསྒུག་ཅིང་དེ་ལ་བསྟིམ། །ཟ་འོག་ཁུད་དུ་དྲིལ་ནས་ཀྱང་། །སྙིང་གི་མགོ་མཇུག་མ་ལོག་པར། །སྒྲུབ་དུས་སྐུ་གཟུགས་ནང་དུ་བཞུག །དེ་ནས་དབང་བསྐུར་རབ་གནས་བྱ། །གྲུབ་ནས་རྣལ་འབྱོར་ལུས་ལ་བཅང་། །ཞེས་གནོད་སྦྱིན་ཨ་པ་ར་ཙིསྟ་སྲོག་རྩ་མངོན་དུ་ཕྱུང་བའི་རྒྱུད་ལས། བླ་རྡོ་བཅའ་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་མཚམས་བཅད་བསྒྲུབ་པ་བྱ། །རང་ཉིད་ཕྱག་རྡོར་གསལ་བྱས་ལ། །ལྕགས་ཀྱུའི་ཕྱག་རྒྱ་ཨ༷་ཀུ་ཤས། འདི་སྐད་མ་ནོར་སྤྱན་དྲང་ངོ་། །ཨོ༑གནོད་སྤྱིན་རྒྱལ་པོ་ཨ་པ་ར། །གཏེར་ཆེན་གྱི་ནི་མངའ་བདག་པོ། །ནོར་དང་ལོངས་སྤྱོད་ཀུན་གྱི་བདག །ནོར་ལྷའི་དབང་ཕྱུག་རིན་ཆེན་འབེབས། །འདིར་སྤྱོན་མཆོད་པ་དམ་པ་བཞེས། །མཆོད་གཏོར་བཟང་པོ་འདི་འབུལ་གྱིས། །བདག་དང་བསམ་པ་མཐུན་པ་སྲ །ཁྲོ་ལ་འཇིགས་ཚུལ་མ་ཡིན་པར། །མཛེས་པའི་སྐུ་རུ་འབྱོན་པར་ཞུ། །ཨོ་ཧྲི༷་ཛ་ཨ་པ་ར་ཙིསྟ་ཨ༷་ཀུ་ཤ། །ཛ་ཧུ༷་བ༷་ཧོ་ས་མ་ཡ་ཛ། ཧུ༷་།ནོར་ལྷའི་རྒྱལ་པོ་ཨ་པ་ར། །གནོད་སྤྱིན་ཆེན་པོ་དམ་ཚིག་ཅན། །དད་པ་དང་ནི་དམ་ཚིག་གིས། །སེམས་ཅན་དོན་ལ་ཐུགས་རྗེས་དགོངས། །དཀྱིལ་འཁོར་གནས་འདིར་བཞུགས་སུ་གསོལ། །དཀྱིལ་འཁོར་གནས་འདིར་བཞུགས་ནས་ཀྱང་། །བདག་དང་མཐའ་ཡས་སེམས་ཅན་གྱི། །དབུལ་འཕོངས་སྡུག་བསྔལ་ཞི་བར་མཛོད། །ས་མ་ཡ་སྟུ༷། ས་མ་ཡ་ཏིཛི་ལྷན །ཧུ༷༑གཏེར་བདག་ཆེན་པོ་ཨ་པ་ར། །ནོར་བདག་ཆེན་པོ་འཁོར་དང་བཅས། །ཁྱེད་ལ་མཆོད་པ་འབུལ་བ་ནི། །མཛེས་པའི་མེ་ཏོག་རིན་ཆེན་འཕྲེང་། །བདུག་སྤོས་དྲི་ཞིམ་སིལ་སྙན་དང་། །ཡེ་ཤེས་གསལ་བྱེད་མར་མེ་བཤོས། །གཏེར་བདག་ལྷ་ཚོགས་བཞེས་སུ་གསོལམ། །ཨོ་ཧྲི༷་ཛ་ཨ་པ་ར་ཙིཉི་ཨ་ཧ་ར་པྲུ་ཙ་མེ་བྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧུ༷། ་པེ། པུསྤྲོ། ཨུ་ལོ་ཀེ། གན་དྷི། ནེ་ཝི་བྱེ། ཤསྟ། རྩ་སྔགས་མཆོད་སྤྲིན་ཀུན་ལ་སྦྱར། །དེ་ནི་ཕྱི་ཡི་མཆོད་པ་ཡིན། །ཡི་ཧྲི་ཛ་ཨ་པ་ར་ཙིསྟ་ཨསྙེ༷་པྲ་ཏི་སྣྲོ་ཧོ། ས་མ་ལ་ ་པ་པྲ༷་ཏི་ཛ་ཧོ། གརྙ༷་ཧོ། ཨ་མྲི་ཏ། པྱུ་ཛ་ཧོ། ཁ་ཁ་ལེ་ལེ། ཁུ་ཧི། གུ་རུ་ཁུ་ཧི། འོ་མའི་ཨརྒ༷་སྤོས་དཀར་དང་། བླ་སྡེར་ཚོགས་དང་བདུད་རྩི་ཕུད། འབྲས་དང་འོ་ཐུག་ལ་སོགས་པ། །རྩ་སྔགས་སོ་སོར་སྦྱར་ཏེ་དབུལ། །དེ་ནི་རང་གི་པུ་ཙ་ཡིན། །ཧུ༷་།གནོད་སྤྱིན་ཆེན་པོ་ཨ་པ་ར། །མཆོད་པའི་གཏོར་མ་བཟང་པོ་དང་། །སྡེར་བཟང་དམ་པ་འདི་བཞེས་ལ། །ཕྱག་རྡོར་བཀའ་ལས་མ་འདའ་ཞིག །གལ་ཏེ་བཀའ་ལས་འདས་གྱུར་ན། །དམ་ཚིག་ལས་འགལ་བར་འགྱུར། །དམ་ལས་འདས་ན་དམྱལ་བར་ལྟུང་། །དེ་ནས་གནོད་སྤྱིན་རྒྱལ་པོ་ཁྱོད། །རང་དམ་རང་གིས་མ་འདའ་བར། །མཆོད་སྤྱིན་གཏོར་མ་འདི་བཞེས་ལ། །ང་ཡི་བཀའ་ལས་མ་འདའ་ཞིག །ང་ཡི་བཀའ་ལས་འདས་གྱུར་ན། །ཕྱག་ན་རྡོ་རྗེས་མགོ་བོ་ཁོས། །ཨོ་ཧྲི༷་ཛ་ཨ་པ་ར་ཙིསྟ་བ་ལིང་ཨི་ད༷་གྲི་ཏྣ་གྲོ་ཏྣ་ཁ་ཁ་ཁུ་ཧི་ཁུ་ཧི། ལན་གསུམ་བརྗོད་ལ་གཏོར་མ་བཏང་། །དེ་ནི་གསང་བའི་མཆོད་པའོ། །ཞེས་སོ། །གནོད་སྤྱིན་ཨ་པ་ར་ཙིསྟ་སྲོག་རྩ་མངོན་དུ་ཕྱུང་བའི་རྒྱུད་ལས། །སྤྱན་དྲང་བ་དང་མཆོད་པ་དབུལ་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་རང་ཉིད་ཐུགས་ཁ་ཡི། །ཧུ༷་ལས་འོད་ཟེར་ཕར་འཕྲོས་པས། །འཕགས་པ་མཆོད་ཅིང་འགྲོ་དོན་བྱས། །བགེགས་དང་ལོག་འདྲེན་ཚར་བཅད་ན། །མི་སེམས་བསྐུལ་ཞིང་བཅུད་བསྡུས་ཏེ། །སླར་འདུས་སིདྷི་ཐོབ་པར་བསམ། །ཡི་དམ་ལྷ་ཡི་དགོངས་པའོ། །དེ་ནས་ནོར་ལྷའི་བཟླས་པ་བྱ། །ཧུ༷་ལས་ཕར་འཕྲོས་འོས་ཟེར་གྱིས། །ནོར་ལྷ་མཉེས་པའི་མཆོད་པ་དབུལ། །ཚུར་བསྡུས་དངོས་གྲུབ་སྟེར་བར་བསམ། །ཨོ་ཧྲི༷་ཛ་ཨ་པ་ར་ཙིསྟ་ཛ་ཛ། ཚེས་གཅིག་ལ་གཟུགས་ཉ་ལ་གདོན། །སྐབས་སུ་སིརྙི་བཟླས་པ་བྱས། །ཉ་ཡི་ནུབ་མོ་མི་སེམས་བསྒུལ། །སིརྙི་སིརྙི་བདག་ལ་སིརྙ་ཧུ༷། རད་ན་པྲརྨྱི་མ་ཧྭ་པུརྨྱི་སིརྙི་ཕ་ལ་ཧུ༷་ཨ། དྷ་ན༷་དྷི་སིརྙི་སིརྙི་ཕ་ལ་ཛ་ཧུ༷་ཨ། ནན་ཁ་ཏེ་སིརྙི་སིརྙི་ཕ་ལ་ཛ་ཧུ༷་ཨ།ད་ལ་ས༷་བོ་སིརྙི་སིརྙི་ཕ་ལ་ཛ་ཧུ༷་ཨུ། ཨོ་ནུ་ཏ་ཏྲི་ཨ་པ་ར་ཙིསྟ་རད་ན་སརྦ་མ་ནེ་ཤི་སརྦ་ཏྲི་ས༷་བྷ་ཏེ་གྲྭ་ཧྭ། གྲུབ་རྟགས་ཐོན་ནས་རྟག་གཏོར་དབུལ། །དམ་ཚིག་བསྲེ་ཞིང་སིརྙི་བླང་། །ཞེས་གནོད་སྦྱིན་ཨ་པ་ར་ཙིསྟ་སྲོག་རྩ་མངོན་དུ་ཕྱུང་བའི་རྒྱུད་ལས། སྒྲུབ་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གཙུག་གི་ནོར་བུ་སྒྲུབ་འདོད་པས། །གསེར་རམ་དངུལ་ལས་བྱས་པ་ཡི། །ནོར་བུ་རིན་ཆེན་འབར་བ་བྱ། །ཉི་ཟླ་པདྨས་བརྒྱན་པར་བྱ། །ནང་དུ་བླ་རྡོ་སྲོག་སྙིང་དང་། །ཙཀྲའི་རྫས་ལ་སོགས་པ་ཡི། །ཚང་བར་བཅུག་ལ་རབ་གནས་བྱ། །ཚེས་གཅིག་ཉ་ཡི་བར་དུ་བསྒྲུབ། །དཀར་གསུམ་གཏོར་མ་འབྲས་ཆན་དང་། །མངར་གསུམ་མཆོད་པ་རྣམ་ལྔ་དབུལ། །ཉིན་མཚན་སྔགས་ནི་སོ་སོར་དབྱེ། །ཉིན་མོ་རྩ་སྔགས་དངོས་གྲུབ་སྦྲེལ། །མི་སྙིང་ལས་སྔགས་མཚན་མོ་བཟླས། །ནང་ནུབ་ཡི་དམ་བཟླས་པ་བསྐྱལ། །ཉ་ཡི་ནུབ་མོ་བཞི་ཀ་དྲིལ། །གྲུབ་པའི་རྟགས་དང་མཁས་པར་སྦྱར། །ཅེས་གནོད་སྤྱིན་ཨ་པ་ར་ཙིསྟ་སྲོག་རྩ་མངོན་དུ་ཕྱུང་བའི་རྒྱུད་ལས། སྤྱི་གཙུག་ནོར་བུ་རིན་པོ་ཆེ་བསྒྲུབ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཕྱག་མཚན་བསྒྲུབ་པར་འདོད་པ་ཡིས། །ལྕགས་ཀྱུ་ཁྲུ་གང་ཚད་དུ་བྱ། །དེ་ལ་རྩ་བའི་སྙིང་པོ་བྲི། །དར་སྣ་ལྔ་ཡི་ཕུར་ལྕེ་གདགས། ནེ་ལེ་གླུད་པུའི་ནང་དུ་ནི། །རིན་ཆེན་ལྔ་དང་ཤིང་ཐོག་ལྔ། །སྨན་ལྔ་འབྲུ་ལྔ་སྙིང་པོ་ལྔ། །དར་སྣ་ལྔ་དང་སྤོས་སྣ་ལྔ། །ནོར་སྣ་ལྔ་དང་མཆོད་རྫས་ལྔ། །བླ་རྡོ་ཙཀྲ་གཟུངས་སྔགས་དང་། །ལྕགས་ཀྱུ་དེ་ཡི་སྐྱེད་པར་གདགས། །རྩ་སྔགས་མི་སེམས་བསྒུལ་བ་དང་། །དངོས་གྲུབ་གསོལ་བྱང་གདབ་པར་བྱ། །དཀྱིལ་འཁོར་བྲི་ཞིང་རྒྱན་རྣམས་དགོད། །བུམ་པ་ཆང་དང་བུ་རམ་དང་། །མར་དང་སྦྲང་རྩི་སྦྱར་བ་བླུག །ཨ་རུ་ར་ཡང་གཞུག་པར་བྱ། །དར་གྱི་མགུལ་ཆིངས་བཅིངས་ལ་བཞག །སྟེང་དུ་དངོས་གྲུབ་དཔལ་ཟན་ལ། །འབྲས་བུ་སྙེ་མ་ཕྱི་དང་བསྟན། །ལྕགས་ཀྱུ་སྒོ་ལ་བརྟེན་ཏེ་གཟུགས། །པདྨ་རེ་ལ་མར་མེ་རེ། །འདོད་ཡོན་སྟེང་དུ་མཆོད་པ་བཤམ། །ལྷོ་རུ་ཕྱི་མཆོད་བྱང་ནང་མཆོད། །ཚོགས་མཆོད་བཟའ་བཏུང་ཤར་དང་ནུབ། །ལྷོ་ནས་བྱང་དུ་ཁ་བལྟས་ལ། །རྡོ་རྗེ་འཆང་གི་ཏིང་འཛིན་གྱིས། །གནོད་སྦྱིན་སྤྱན་དྲངས་རྟེན་ལ་བསྟིམ། །རྩ་སྔགས་དངོས་གྲུབ་ཉིན་མོ་སྟེ། །མི་སེམས་ལས་སྔགས་མཚན་མོ་ཡིན། །ཉེ་ལ་བཞི་སྙིང་གཅིག་ཏུ་དྲིལ། །སྒྲུབས་ན་དངོས་གྲུབ་ཐེ་ཚོམ་མེད། །ཅེས་གནོད་སྤྱིན་ཨ་པ་ར་ཙིསྟ་སྲོག་ཙ་མངོན་དུ་ཕྱུང་བའི་རྒྱུད་ལས། རིན་པོ་ཆེ་ཕྱག་མཚན་གྱི་བསྒྲུབ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་གསང་བདག་གིས། །སྤོགས་པའི་ཆོ་ག་རྒྱས་བཤད་པ། །ལས་འཕྲོ་བསོད་ནམས་མ་བསགས་པས། །གལ་ཏེ་གྲུབ་པར་མ་གྱུར་ན། །ཕྱི་ནང་གསང་བའི་བཤགས་པ་བྱ། །རྩ་སྔགས་དམ་ཚིག་སྔགས་དང་སྦྲེལ། །དེས་ཀྱང་གྲུབ་པར་མ་གྱུར་ན། །དམ་ཚིག་བསྒྲག་ཅིང་བཀའ་ནན་བྱ། །ནོར་ལྷའི་ཤི་ས་ཨར་ལ་གཏད། །ཕྱི་ནང་གསང་བ་རྣམ་པ་གསུམ། །མཁས་པས་སོ་སོར་ཤེས་པར་བྱ། །ཀ་ཤི་རི་ཀ་འམ་རྒྱ་ཤོག་ལ། །ནོར་ལྷའི་སྐུ་གཟུགས་ལེགས་པར་བྲི། །སྲོག་གི་སྙིང་པོའི་སྙིང་ཁ་མྲ །རི་བོང་ཁྲག་གིས་བྲི་བར་བྱ། །རྩིབས་དྲུག་མུ་ཁྱུད་ལྡན་པ་ལ། །ཨོ་ནི་ལྟེ་བར་བྲི་བར་བྱ། །རྩིབས་ལ་སྲོག་གི་ཡིག་འབྲུ་དགོད། །རྩིབས་མཆན་འདོད་པའི་སྔགས་ཀྱིས་བསྐོར། །མུ་ཁྱུད་རྩ་བའི་སྲོག་སྔགས་དང་། །དམ་ཚིག་གཟིར་སྔགས་བྲི་བར་བྱ། །འབྱུང་པོ་འདུལ་བྱེད་ཏིང་འཛིན་གྱིས། །རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་བཅའ། །དེ་ལ་ཤེས་པ་དགུག་ཅིང་བསྟིམ། །བླ་རྡོ་སྲོག་གི་འཁོར་ལོ་གསུམ། །དར་དམར་ཁུང་དུ་དྲིལ་བྱས་ལ། །རི་བོང་ཙིཀྟའི་སྲོག་པ་རྩར། །བཅུག་ལ་གཟུངས་ཐག་སྔོན་པོ་བཅིང་ མལ་འོག་འབྲུ་ཁུང་ནང་དུ་གཞུག །ལྕགས་ཀྱུའི་ཕྱག་རྒྱ་བཅས་ནས་ཀྱང་། །ཨོ་བཛྲ་རོ་ཥ་མ་ཧྭ་ཀྲོ་དྷ་སིདྷི་ཨུ་ཀཁེ་ཡ་ཧུ༷་ཛ། བཀུག་ལ་སྲོག་རྩའི་གཟུགས་ལ་བསྟིམ། །དེ་ནས་རང་སྲོག་གདན་ལ་གཟིར། །གཟིར་སྔགས་ཉིན་མཚན་ཕྱད་དུ་བཟླས། །ཨོཧྲི་ ་ཛ་ཨ་པ་ར་ཙིརྟི་ས་མ་ཡ་ཛ་ཛ། བུ་དྷ་ཡཀྟ་ཨ་པ་ར་ཙིསྟ་སྲོག་ལ་བྲེང་བྲེང་ཐུལ་ཐུལ། ཡ་མེ་ཁ་ཕུ་ཕུས་རྙོ་གྲྭ་ཧྭ། རང་ཉིད་འབྱུང་པོ་འདུལ་བྱེད་ཀྱི། །སོར་མོར་ཁྲོ་བཅུར་བསྐྱེད་བྱས་ལ། །སྲོག་རྩ་དྲིལ་ཅིང་གཟིར་སྔགས་བཟླས། །ཁ་ནས་སྙིང་ཁྲག་ཕྱུང་བར་བསམ། །དམ་ཚིག་གནད་ནས་བསྐུལ་ཅིང་གཟིར། །སླར་ཡང་མ་ལ་འོག་དོང་དུ་གཞུག །སྔགས་དང་ཕྱག་རྒྱས་ཞབས་མགོ་གཟིར། །ལག་པ་གཡོན་པའི་ཐལ་མོ་ནི། །གན་རྐྱལ་མཉམ་པར་བྱས་པ་ལ། །མཐེ་བོང་སྒྲེང་ཞིང་གཡས་པ་ཡི ཆང་པར་བཅུག་ལ་ཁུ་ཚུར་བཅང་། །དེ་ཡི་མཐེ་བོང་སྒྲེང་བ་ནི། །འབྱུང་པོ་གནད་ཀྱི་ཕྱག་རྒྱ་སྟེ། །དེ་ནས་སྔགས་འདི་བརྗོད་པར་བྱ། །ཨོ་ཛུ་ཡ་ཛ་ཡ་མ་ཧྭ་ཀྲོ་དྷི་རྭ་ཛ་ཨི་དྷ་བུ་དྷ་ས་ན་དྷ་ར་ས་ཡ་རཀྟ་སྣ་ཧྭ། ཞེས་པས་གན་རྐྱལ་ཞུགས་མགོ་ནས། །དེ་ནས་དེ་ལ་ཚམ་རྔམ་བྱ། །ཁུ་ཚུར་ཕན་ཚུན་བཅིངས་ནས་ཀྱང་། །མཐེ་བོང་བརྐྱང་ལ་སྔགས་འདི་བརྗོད། །ཨོ་ནཱ་ཤ་ཡ་སརྦ་དུ་་ཧ་ན་ད་ཧ་པ་ཙ་བྷ་སྨི་ཀུ་རུ་ཧུ༷་ཧུ༷་ཕཊ། དེ་ནས་ཕྱག་རྒྱ་བཅིངས་བྱས་ཏེ། །གཡོན་པ་ཁུ་ཚུར་སྡིགས་མཛུབ་བརྐྱང་། །དཔུང་པ་གཡོན་པའི་རྩ་བར་ཕྱར། །གཡས་པའི་མཐེབ་མོས་མཐེབ་ཆུང་གནན། །སེན་མོ་གནན་ལ་བྱིན་པ་བརྐྱང་། །དཔུང་པ་གཡས་པའི་རྩར་གཞག་ལ། །ཕྱོགས་གཅིག་བསྐོར་ཞིང་སྔགས་འདི་བཟླས། །ཨོ་བཛྲ་ཀྲོ་དྷ་ཙཎྜ་བན་དྷ་བན་དྷ་སིདྷི་བ་ཤ་ཧུ༷་ཕཊ། རྡོ་རྗེ་དབྱུག་ཐོས་ཕྱོགས་མཚམས་སུ། །བལྟམ་ནས་ཐར་པའི་དུས་མེད་བསམ། །ནུབ་མོ་འདོད་པའི་སྔགས་འདི་བཟླས། །ཡི་ཧྲི་ཛ་ཨ་པ་ར་ཙིསྟ་ཛ། ཅིསྟི་ཙི་ཏི་བདག་ཙི་ཏི་ཧུ༷། ཕྱག་རྒྱ་མི་བཤིག་གུ་གུལ་བསྲེག །འཐེམས་རྟགས་བྱུང་ན་རྟག་གཏོར་དབུལ། །དེ་ལ་དངོས་གྲུབ་བླང་བར་བྱ། །བསྒྲུབ་པ་ཐོན་ནས་འཁོར་ལོ་དེ། །བདག་གི་དཔུང་པ་གཡས་ལ་གདགས། །བླ་རྡོ་ཕ་ཝང་ལོང་བུ་ལ། །ཧྲི་བྲིས་ཟ་འོག་ཁུག་མར་གཞུག །རྣལ་འབྱོར་དཔུང་པ་གཡོན་ལ་གདགས། །ཅི་བསམ་ལྷུན་གྱི་འགྲུབ་པར་འགྱུར། །ཅེས་གནོད་སྒྱིན་ཨ་པ་ར་ཙིསྟ་སྲོག་རྩ་མངོན་དུ་ཕྱུང་བའི་རྒྱུད་ལས། སྤོགས་ཆོག་གཟིར་བའི་ལེའུ་སྟེ་བཅུ་གསུམ་པོ།། །།གཞན་ཡང་གཟིར་ཐབས་བཤད་པར་བྱ། །མདུན་དུ་འབྲུབ་ཁུང་གྲུ་གསུམ་དུ། །ཁ་སྐྱེར་གདུག་པའི་རྩང་གི་བསྐོར། །རས་སམ་དར་རམ་ཤིང་ཤུན་ལ། །རི་བོང་ཁྲག་གིས་ནོར་ལྷ་བྲི། །སྙིང་ཁར་འཁོར་ལོ་རྩིབས་བརྒྱད་ལ། །མུ་ཁྱུད་གཉིས་དང་ལྡན་པ་བྲི། །ཕོ་བྲང་རྩིབས་ལ་ཡི་གེ་ཧུ༷། །ཕོ་བྲང་མུ་ཁྱུད་རྩིབས་མཆན་ལ། །རྩ་སྔགས་དམ་ཚིག་ཞལ་མཐོང་སྔགས། །རིམཔབཞིནདུམཁསཔས་བྲི། །དེ་མཐར་མུ་ཁྱུད་ཐ་མ་ལ། །གཉེན་པོའི་སྔགས་དང་མེ་རི་བྲི། །དེ་ནང་འབྲུབ་ཁུང་ནང་དུ་གཞུག །གཟུངས་ཐག་སྔོན་པོས་ཡན་ལག་བཅིང་། །ནོར་ལྷ་ཕུར་བཞི་མང་བྱས་ལ། །ཉིན་མཚན་སྔགས་ནི་བསྣོལ་མར་དྲངས། །ཉིན་མོ་ཡེ་ཤེས་ལྷ་ཡི་སྔགས། །བཟླས་པ་ཡུངས་དཀར་དག་ལ་བསྟིམ། །བརྒྱ་འམ་སྟོང་གི་སྐབས་སུ་ནི། དགུག་གཞུག་བྱ་ཞིང་ཐུན་གྱིས་བྲབ། །སྔགས་བཟླས་མཆིལ་མས་བསྣོལ་དུ་གཞུག །ཐུན་མཚམས་བཟླས་པའི་བར་དག་ཏུ། །རྡོ་རྗེ་འཆང་གི་ཞབས་འོག་གནན། །ནུབ་མོ་རྩ་སྔགས་དམ་ཚིག་དང་། །ཞལ་སྟོན་གསང་སྔགས་སྦྲེལ་ལ་བཟླས། །མི་ཧྲི༷་ཛ་ཨ་པ་ར་ཙིསྟ་རད་ན་པ་ཤ༷་སིདྷི་རྙུ་ཏ་ཧུ༷་ཧྭ༷། རྟགས་དང་སྦྱར་ལ་རྣལ་འབྱོར་པས། །རྟག་གཏོར་བྱིན་ལ་དམ་ཚིག་བསྒྲག །སིདྷི་བླང་ཞིང་ལས་ལ་དགྱེས། །ཞེས་གནོད་སྤྱིན་ཨ་པ་ར་ཙིསྟ་སྲོག་རྩ་མངོན་དུ་ཕྱུང་བའི་རྒྱུད་ལས། འཁོར་ལོ་བསྐོར་ཅིང་གཟིར་བའི་ལེའུ་སྟེ་བཅུ་བཞི་པའོ།། །།གཞན་ཡང་གཟིར་བའི་མན་ངག་ནི། །མདུན་དུ་ཆོས་འབྱུང་ནག་པོ་བྲི། །ནང་དུ་ནོར་ལྷའི་སྐུ་གཟུགས་གཞག །ཕུར་པ་ཅིག་གཅིག་དོང་ནས་བསྐོར། །ནོར་ལྷ་བསྐྱེལ་བའི་གདན་སྟེངས་སུ། །རྡོ་རྗེ་འཆང་གི་ལུགས་སྐུ་གཞག །བསྐྱེད་དང་སྤྱན་དྲངས་བསྟིམ་པ་དང་། །ཕྱག་དང་མཆོད་པ་ལ་སོགས་དགུག །དགུག་གཞུག་རྟེན་ལ་བསྟིམ་ནས་ཀྱང་། །ཞབས་འོག་གཟིར་ཅིང་བཟླས་པ་བྱ། །ཨོ་བཛྲ་ཙཎྜ་མ་ཧྭ་རོ་ཥ་ཎ་ཧྲེ་ཛ ཨ་པ་ར་ཙིསྟ་ནཱ་ར་ཡ་ཕཊ། ཨོ་བཛྲ་ཙཎྜ་པྲ་མ་ཡེ་ཨ་པ་ར་ཙིསྟ་མྱ་ར་ཡ་ཕཊ། མགོ་འདྲེན་མཐའ་སྡུད་ཀུན་ལ་གདགས། །ཨོ་བཛྲ་ཙཎྜ་བ་ཡེ། བཛྲ་ཙཎྜ་ཨག་ན་ཡེ། བཛྲ་ཙཎྜ་ཡཀྟ་ཡེ། བཛྲ་ཙཎྜ་ནཱ་ག་བ་རུ་ན་ཡེ།བཛྲ་ཙཎྜ་བ་ཡ་བེ་ཡེ། བཛྲ་ཙཎྜ་རཀྟ་ས་ཡེ། བཛྲ་ཙཎྜ་བི་ག་ན་ཡེ། བཛྲ་ཙཎྜ་ས་པ་རི་ཡེ། ཨ་པ་ར་ཙིཀྟ་མུ་ར་ཡ་ཕཊ། གོ་རིམས་བཞིན་དུ་བཟླས་པར་བྱ། རྡོ་རྗེ་འཆང་ཆེན་ཁྲོ་བོ་བཅུ། །སྐུ་སྟོད་ཁྲོ་བོ་ཆ་བྱད་ཅན། །སྐུ་སྨད་ཟུར་གསུམ་དབལ་དང་བཅས། །རང་སྔགས་རྫོགས་ནས་ལན་གསུམ་དྲིལ། །གསལ་བ་གསུམ་དང་རབ་ལྡན་པས། །རྒྱ་མཚམས་དག་ཏུ་གདབ་པར་བྱ། །བསྟོད་ཚིག་མཆོད་བསྟོད་རྫོགས་པར་དབུལ། །དེ་ལྟར་གཟིར་བས་རྟགས་མཐོང་ཚེ། །རྟག་གཏོར་བྱིན་ལ་དངོས་གྲུབ་བླང་། །ཅི་བསམ་ལྷུན་གྱིས་གྲུབ་པར་བྱེད། །གནོད་སྦྱིན་བྲན་དུ་འཁོལ་བར་འགྱུར། །ཅེས་གསུངས་སོ། །གནོད་སྤྱིན་ཨ་པ་ར་ཙིཀྟ་སྲོག་རྩ་མངོན་དུ་ཕྱུང་བའི་རྒྱུད་ལས། སྐུ་གཟུགས་ལ་བརྟེན་ནས་གཟིར་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ལྷ་དབང་བརྒྱ་བྱིན་གྱིས། །བཅོམ་ལྡན་འདས་གསང་བའི་བདག་པོ་རྡོ་རྗེ་འཆང་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་གསང་བའི་བདག་པོ་ཆེན་པོ། གནོད་སྤྱིན་ནོར་ལྷའི་རྒྱལ་པོ་འདི་བསྒྲུབ་པས་གྲུབ་པའི་རྟགས་ཇི་ལྟར་འབྱུང་། མི་འགྲུབ་པའི་རྟགས་གང་ལགས། །བསྒྲུབ་པ་ལ་བར་ཆད་འོང་ན་ཇི་ལྟར་མཆི། །འཁུ་ལྡོག་བྱེད་ཅིང་མི་འཆུན་པའི་རྟགས་གང་ལགས། ཆུན་པའི་དུས་སུ་རྟགས་ཇི་ལྟར་འབྱུང་། བཅོམ་ལྡན་འདས་གསང་བའི་བདག་པོས་བཀའ་སྩལ་དུ་གསོལ། ཞེས་ཞུས་པས། །འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཅན་རྣམས་ལ་ཕན་བྱའི་ཕྱིར། །ང་ཡིས་ཁྱོད་ལ་བཤད་པར་བྱའོ། །གནོད་སྤྱིན་ནོར་ལྷ་གྲུབ་པའི་རྟགས། །རབ་ནི་དངོས་སུ་འབྱུང་འགྱུར་ཏེ། །སྐུ་མདོག་དཀར་པོ་བཞད་ཅིང་འབྱུང་། །ཚེ་ཡི་དངོས་གྲུབ་སྟེར་བ་ཡིན། །སེར་པོ་འོད་ཟེར་འཕྲོ་བྱུང་ན། །མི་བཟད་གཏེར་གྱི་སིརྙི་སྟེར། །དམར་པོ་ལྕགས་ཀྱུ་ཐོགས་བྱུང་ན། །གཟི་བརྗིད་དབང་སི་དངོས་གྲུབ་སྟེར། །ནག་པོ་གྲི་གུག་ཐོགས་བྱུང་ན། །དྲག་པོ་མཐུ་ཡི་དངོས་གྲུབ་སྟེར། །དཀར་པོ་ནེ་ལེ་ཐོགས་བྱུང་ན། །ལོངས་སྦྱོད་ནོར་གྱི་དངོས་གྲུབ་སྟེར། །སེར་པོ་རིན་ཆེན་ཐོགས་བྱུང་ན། །དམ་པ་ཆོས་ཀྱི་སིདྷི་སྟེར། །དམར་པོ་བ་དན་ཐོགས་བྱུང་ན། །བསོད་ནམས་འཁོར་གྱི་སིརྙི་སྟེར། །སྔོན་པོ་མཆེ་བ་ཅན་བྱུང་ན། །འཚོ་བ་ཟས་ཀྱི་སིདྷི་སྟེར། །ནག་པོ་རལ་པ་ཅན་བྱུང་ན། །བདུད་འདུལ་སྔགས་ཀྱི་སིརྙི་སྟེར། །མི་རེང་དཀར་པོ་མིག་དགུ་འབྱུང་། །རྣལ་འབྱོར་ཅི་བསམ་གྲུབ་པའི་རྟགས། །བྱིས་པ་ཁྱེའུའི་གཟུགས་བྱུང་ན། །ནོར་དང་ལོངས་སྤྱོད་སྟེར་བ་ཡིན། །ཁྲོ་བོ་མིག་འབོར་ཅན་བྱུང་ན། །ཐམས་ཅད་ཟིལ་གནོན་གཟི་བརྗིད་འབྱུང་། །མི་ནག་གཡག་ཞོན་བྱུང་བ་ན། །དྲག་པོ་མཐུ་ཡི་དངོས་གྲུབ་འབྱུང་། །མགོ་བརྙན་འཕྲ་མེན་འཇིགས་བྱུང་ན། །བདུད་འདུལ་སྔགས་ཀྱི་སིརྙི་ཐོབ། །དེར་ཡང་མི་ཟད་ཆོ་འཕྲུལ་ནི། །སྣ་ཚོགས་དུ་མ་ཅིར་ཡང་འོང་། །རྟ་ཡི་ཚོགས་དང་ཞིབ་ཅན་དང་། །བཙུན་ཆེན་བན་དེ་ནག་པོ་དང་། །འོད་དང་སྒྲ་དང་སྒྱུགས་པ་དང་། །སེང་ཕྱུག་དང་ནི་རྟ་སྔོན་དང་། །ཟས་དང་ནོར་སྟེར་བལ་སོགས་འབྱུང་། །སྐུ་གཟུགས་གཞད་ཅིང་སྨྲ་བ་དང་། །ག་འུའི་རྫས་རྣམས་འཕེལ་བ་དང་། ཁྲེས་པ་འཚིག་ཅིང་ཁྲོ་སྙིང་འདོད། །ནོར་ལྷ་གྲུབ་པའི་རྟགས་སུ་འབྱུང་། །ཞེས་གནོད་སྤྱིན་ཨ་པ་ར་ཙིསྟ་སྲོག་རྩ་མངོན་དུ་ཕྱུང་བའི་རྒྱུད་ལས། གྲུབ་རྟགས་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་འདིར་ནི་བཤད་པར་བྱ། །གཞན་ཡང་ངན་རྟགས་བསྟན་པ་ནི། །སྒྲེན་མོ་ཐུར་སྐྱ་རྒྱུག་པ་དང་། །རྩི་ཐོག་ཟོར་གྱིས་གཅོད་པ་དང་། །འབྲུ་ལ་སེར་བ་འབེབ་པ་དང་། །ཟས་ནོར་གཞན་གྱིས་ཕྲོགས་པ་དང་། །ཉི་ཟླ་གཟའ་ཡིས་ཟིན་པ་དང་། །མུན་སྲོས་ནུབ་མོར་འདུག་པ་དང་། །ཉི་མ་ཟླ་བ་ནུབ་པ་དང་། །ཡུལ་ཁམས་ཆུ་ཡིས་ཁྱེར་བ་དང་། །དོང་དང་ཁྲོན་པ་འབྲུ་བ་དང་། །ཁང་སྟོང་ཉལ་ཞིང་ངུ་བ་དང་། །རྒྱ་མཚོར་གྲུ་ལས་རྒལ་བ་དང་། །བཤལ་སྒྱུགས་མགོ་ལུས་འཁྱུད་པ་དང་། །འདི་རྣམས་ངན་པའི་མཚན་རྟགས་ཡིན། །སྔགས་དང་ཕྱག་རྒྱ་རབ་ཏུ་བསྒྲིམས། །ཡུན་དུ་སྲིང་ན་གང་ཡང་འགྲུབ། །གཞན་ཡང་རྟགས་དང་མཚན་མ་ནི། །འཇིགས་ཤིང་ཤེས་པ་ལྕི་བ་དང་། །འཐིབ་ཅིང་གཉིད་ལ་དགའ་བ་དང་། །དཔྱལ་ཅིང་མཆི་མ་འབྱུང་བ་དང་། ཁྲེས་པ་འཕྱོ་ལ་ཚིག་པ་ཟ། །བུ་དང་བུད་མེད་བུ་ཆུང་དང་། །ལྷ་ཁང་འབག་དང་སེང་གེ་དང་། །བྱི་ལ་སྤྲེའུ་གར་པ་དང་། །ཁྱི་དང་འབུ་སྒྲང་ལ་སོགས་པ། །བགེགས་དང་ལོག་འདྲེན་བར་ཆད་ཡིན། །འཚམས་དང་དྲག་པོའི་ལས་རྣམས་བྱ། །ཁ་བ་བུ་ཡུག་ཆར་པ་དང་། །ཆུ་དང་འདམ་རྫབ་ལ་སོགས་པ། །མི་གཙང་ཉམས་གྲིབ་སྦྱད་པ་ཡིན། །བསང་དང་ཁྲུས་ཀྱི་ཆོ་ག་བྱ། །ཞེས་གསུངས་སོ། །གནོད་སྦྱིན་ཨ་པ་ར་ཙིསྟ་སྲོག་རྩ་མངོན་དུ་ཕྱུང་བའི་རྒྱུད་ལས། ངན་རྟགས་བར་ཆད་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་འཁུ་ཞིང་བཟློས་པའི་རྟགས། །དོན་མེད་ཤེས་པ་འཕྲོ་བ་དང་། །རང་སེམས་སྣང་བ་འཁྲུལ་གྱུར་ནས། །རི་རབ་སྟེང་དུ་ཉིལ་བ་དང་། །མིག་གཉིས་ས་ལ་ལྷུང་བ་དང་། །སྙིང་ཁྲག་ཁ་ནས་སྒྱུག་པ་མཐོང་། །གཡང་ལ་འཕྱོ་བ་མཐོང་བ་དང་། །དུ་ཞིང་ལྕེབ་ལ་གཟོ་བ་དང་། །ཆོས་སྨྲ་ཁ་ནས་གླུ་ལེན་དང་། །རྨི་ལམ་དུ་ཡང་བུད་མེད་ཀྱིས། །བསྐོར་ནས་ཤ་ཁྲག་ཟ་བ་དང་། །དམག་དང་དགྲ་ཡིས་དེད་པ་དང་། །གོས་སྔོན་ལུས་ལ་གྱོན་པ་རྨི། །འདི་ནི་མ་འཆུན་ལྡོག་པའི་རྟགས། །ཡེ་ཤེས་ལྷ་ཡི་བསྙེན་པ་སྒྲིམ། །གཞན་ཡང་ནོར་ལྷ་ཆུན་པའི་རྟགས། །དམག་དང་ཞིབ་ཅན་རྟ་པའི་ཚོགས། །ཕྱག་འཚལ་མཆོད་པ་བསྐོར་བ་བྱེད། །མི་དཀར་ཟས་ནོར་སྟེར་བ་དང་། །ལྷ་ཕྲུག་བྱིས་པ་ལ་སོགས་པས། །དངོས་གྲུབ་ཅི་འདོད་ཟེར་བ་དང་། །བཀའ་སྩལ་ཉན་ཞེས་ཟེར་བ་ནི། །ནོར་ལྷ་འཆུན་པའི་རྟགས་ཡིན་པས། །རྟག་གཏོར་བྱིན་ལ་དངོས་གྲུབ་བླང་། །གནོད་སྤྱིན་ཨ་པ་ར་ཙིསྟ་སྲོག་རྩ་མངོན་དུ་ཕྱུང་བའི་རྒྱུད་ལས། ནོར་ལྷ་འཆུན་པ་དང་མ་འཆུན་པའི་རྟགས་ཀྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་གཞན་ཡང་བཤད་པར་བྱ། །ནོར་ལྷའི་དངོས་གྲུབ་བསྒྲུབ་པའི་ཚེ། །རྣལ་འབྱོར་དབང་ཕྱུག་བསྒྲུབ་པ་པོས། །དང་པོ་ཡིན་མིན་བརྟག་པའི་ཕྱིར། །ཁབ་ཀྱི་ཕྱག་རྒྱ་བཅས་ལ་བཟུང་། །སེ་མོ་དེ་ཡི་མུ་འདྲ་བསྟན། །ནོར་ལྷ་ཡིན་ན་གསང་མཚན་སྟོན། །བདུད་དང་བར་ཆད་ཡིན་ན་འབྲོས། །ཡང་ན་རང་ཉིད་ཕྱག་རྡོར་དུ། །བསྒོམ་ལ་སྙིང་པོ་དྲག་ཏུ་བཟླས། །སྡང་མིག་སྡིགས་མཛུབ་རྡོ་རྗེ་གསོར། །བགེགས་དང་ལོག་འདྲེན་འབྲོས་པར་འགྱུར། །གཞན་ཡང་ནོར་ལྷའི་རྟགས་ཡིན་ན། །ཉམ་དགའ་ཤེས་པ་གསལ་བར་འགྱུར། །མ་ཡིན་མི་དགའ་ཤེས་པ་འ་། །ཡིན་ན་ཁ་ཆུ་ཤ་སྐྲུགས་མདོག །ཡང་ན་སྣབས་དང་དྲི་ཆུ་གཏོར། །ཡང་ན་མེ་ཏོག་མཆོད་ཡོན་གཏོར། །དེས་ནི་བསྣོལ་གྱིས་ཆོད་པར་འགྱུར། །བྲན་བཞིནརྣལའབྱོརལས་བྱེད་འགྱུར། །གསོལ་བྱང་པདྨའི་ཕྱག་རྒྱ་བསྟན། །རྟག་གཏོར་ཕུལ་ལ་དངོས་གྲུབ་བླང་། །བཀའ་བསྒོ་དམ་བདར་མནའ་བསྒག་ཅིང་། །གང་འདོད་ལས་བཅོལ་དངོས་གྲུབ་བླང་། །ཞེས་གནོད་སྦྱིན་ཨ་པ་ར་ཙིསྟ་སྲོག་རྩ་མངོན་དུ་ཕྱུང་བའི་རྒྱུད་ལས། མན་ངག་མདོར་བསྡུས་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོ་རྡོ་རྗེ་འཆང་ཆེན་པོས། །གནོད་སྤྱིན་ནོར་ལྷའི་རྒྱལ་པོ་ལ་བསྟོད་པ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །ཧུ༷་།གླིང་བཞི་འཇིག་རྟེན་དཀྱིལ་འཁོར་ནས། །རི་རྒྱལ་ལྷུན་པོའི་ཕོ་བྲང་ནས། །རི་རབ་རི་ཡི་ཁོང་སེང་ནས། །རིན་ཆེན་ལྔ་ཡི་གཞལ་ཡས་ནས། །སྒོ་བཞི་པ྅་ལི་གར་བཅས། །འདབ་བརྒྱད་པདྨའི་ལྟེ་བ་སྲ །བདེ་གཤེགས་ལག་ན་རྡོ་རྗེ་འམ། །བཀའ་བསྲུང་གནོད་སྤྱིན་ནོར་གྱི་ལྷ། །ནོར་སྐྱོང་རྒྱལ་པོ་ཨ་པ་ར། །ཁྱོད་ནི་བདེ་གཤེགས་ཐུགས་ཀྱི་སྲས། སེམས་ཅན་ཀུན་གྱི་དོན་བྱེད་པས། །བར་སྣང་ཉི་མའི་འོད་ཟེར་འདྲ། །བསྒྲུབ་ལ་སིརྙི་སྟེར་མཛད་པ། །རྣལ་འབྱོར་དགོས་འདོད་སྐོང་བའི་ཕྱིར། །ཡིད་བཞིན་ནོར་བུ་རིན་ཆེན་འདྲ། །ཁྱོད་ལ་སྟེན་ནས་སེམས་ཅན་རྣམས། །བདེ་འདོད་ཐར་པ་བསྒྲུབ་པའི་ཕྱིར། །རིན་ཆེན་གསེར་གྱི་ས་གཞི་འདྲ། །ཁྱོད་ནི་ཐུགས་རྗེས་དབུལ་འཕོངས་ཀྱི། །བཀྲེས་སྐོམ་དུ༷༷ཁ་སེལ་བའི་ཕྱིར། །དཔག་བསམ་ཤིང་གི་སྡོང་པོ་འདྲ། །ཁྱོད་ཀྱི་མཐུ་དང་རྫུ་འཕྲུལ་གྱིས། །ཉོན་མོངས་ནད་འཇོམས་བདེ་ལ་དགོད། །སྨན་གྱི་རྒྱལ་པོ་བདུད་རྩི་འདྲ། །ཁྱོད་ཀྱི་དངོས་གྲུབ་འོད་ཟེར་གྱིས། །མ་རིག་འཁོར་བའི་བདུད་འཇོམས་པས། །མཚོན་གྱི་རྒྱལ་པོ་གནམ་ལྕགས་འདྲ། །ཁྱོད་ཀྱི་གཟི་བརྗིད་མཐུ་སྟོབས་དང་། །གྲགས་པས་ལོ་ཀ་ཁྱབ་པའི་ཕྱིར། །བདེ་གཤེགས་ཐུབ་པ་ཆེན་པོ་འདྲ། །དེ་ཕྱིར་མཚན་དོན་ལྡན་གྱུར་པའི། །གནོད་སྒྱིན་རྒྱལ་པོ་ཁྱོད་ལ་འདུད། །ནོར་ལྷ་ཁྱོད་ལ་ཕྱག་འཚལ་བསྟོད། །གཏེར་བདག་ཁྱོད་ལ་གུས་པས་འདུད། །ནོར་དང་ལོངས་སྤྱོད་དངོས་གྲུབ་དང་། །མཐུ་དང་གཟི་བརྗིད་གྲགས་པ་དང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་ཡི། །དངོས་གྲུབ་ཆེན་པོ་བདག་ལ་སྩོལ། །ཅེས་གནོད་སྤྱིན་ཨ་པ་ར་ཙིརྟི་སྲོག་རྩ་མངོན་དུ་ཕྱུང་བའི་རྒྱུད་ལས། བསྟོད་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་གསང་བའི་བདག་པོ་དེ་ཉིད་ཀྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་ཧོ། །རྒྱུད་ཆེན་རྒྱལ་པོ་འདི་ལྟ་བུ། །འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། །འཇིག་རྟེན་འདི་རུ་སྔར་མ་གསུངས། །མ་འོངས་སངས་རྒྱས་རྣམས་ཀྱིས་ཀྱང་། །ཕྱིན་ཆད་གསུང་བར་ཡོངས་མི་འགྱུར། །ད་ལྟའི་སངས་རྒྱས་རྣམས་ཀྱིས་ཀྱང་། །ང་ཡིས་བཤད་པ་མ་གཏོགས་པར། །གཞན་གྱིས་གསུངས་བ་ཡོད་མ་ཡིན། །བསམ་འཕེལ་ནོར་བུ་རིན་ཆེན་ལྟར། །འཇིག་རྟེན་ཁམས་ན་ཤིན་ཏུ་དཀོན། །འདི་ཡི་ཡོན་ཏན་བསམ་མི་ཁྱབ། ཁུད་འདི་ཕྱོགས་བཅུ་གར་གནས་པར། །ནོར་ལྷའི་ཚོགས་ཀྱང་དེ་ན་གནས། །ནོར་ལྷ་གང་ན་གནས་པ་ན། །མི་ཟད་གཏེར་ཡང་དེ་ན་ཡོད། ཁུད་འདི་འཛིན་ནམ་འཆང་བ་ན། །ཀློག་དང་ཁ་དོན་བྱེད་པ་དང་། །བསྒྲུབ་ཅིང་མཆོད་པ་དེ། །མི་ཟད་གཏེར་ལ་ལོངས་སྤྱོད་ཅིང་། །དུས་གསུམ་སངས་རྒྱས་བྱིན་གྱིས་བརླབ། །ལྷ་སྲིན་སྡེ་བརྒྱད་བསྲུང་ཞིང་སྐྱོབ། །ནོར་ལྷའི་ཚོགས་ཀྱིས་དངོས་གྲུབ་སྟེར། །ཐམས་ཅད་མོས་ཤིང་གུས་པར་འགྱུར། །ལྷ་འདྲེ་མི་གསུམ་དབང་དུ་འདུ། །འདོད་ཡོན་ལྔ་ལ་ལོངས་སྤྱོད་དང་། །ཅི་བསམ་ལྷུན་གྱིས་གྲུབ་པར་འགྱུར། །ལྷ་མ་ཡིན་གྱི་ལོ་ཐོག་དང་། །རིན་ཆེན་གཏེར་རྣམས་བདག་ལ་སྟེར། །ཐ་སྐར་དྲི་མེད་ལྷ་མོ་ཡང་། །བདག་ལ་ཤིན་ཏུ་ཆགས་པར་འགྱུར། །བསྒྲུབ་པ་པོ་ནི་གར་གནས་ཀྱང་། །དགྲ་ཡི་གནོད་པ་ཡོངས་མི་འགྱུར། །ཁྲོས་པས་ཐམས་ཅད་འཆི་བར་འགྱུར། །འདི་ནི་བཟླས་པ་ཙམ་གྱིས་ཀྱང་། །གླིང་བཞི་འཇིག་རྟེན་མི་སེམས་འགུལ། །ནོར་དང་ལོངས་སྤྱོད་ཆར་དུ་འབབ། །བཟའ་བ་་བར་སྣང་སྤྲིན་ལྟར་འདུ། །སུམ་ཅུ་རྩ་གསུམ་གནས་སུ་སྐྱེ། །ལྷ་ཡིས་རྒྱལ་པོས་དབང་བསྐུར་ཞིང་། །ཚེ་ཡང་བསྐལ་པ་དྲུག་ཅུ་ཐུབ། །ཡི་དྭགས་ནས་སུ་ཡོངས་མི་སྐྱེད། །དེ་ཕྱིར་བསྒྲུབ་ལ་བརྩོན་པར་བྱ། །ཞེས་གསུངས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་རྣམ་པ་དྲུག་ཏུ་གཡོས་པར་གྱུར། ནམ་མཁའ་ལས་རིན་པོ་ཆེའི་ཆར་ཡང་བབས་སོ། །འཇིག་རྟེན་གྱི་ཁམས་ན་སེམས་ཅན་དམུས་ལོང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་མིག་དང་ལྡན་པར་གྱུར་ཏོ། །འོན་པ་རྣམས་ཀྱང་སྒྲ་ཐོས་པར་གྱུར་ཏོ། །ཞ་བོ་རྣམས་ཀྱང་འགྲོ་ཤེས་པར་གྱུར་ཏོ། །ལྐུགས་པ་རྣམས་ཀྱང་སྨྲ་ཤེས་པར་གྱུར་ཏོ། །དབུལ་ཞིང་ལོངས་སྤྱོད་ཆུང་བ་རྣམས་ཀྱང་འབྱོར་པ་དང་ལྡན་པར་གྱུར་ཏོ། །ཨ་པ་ར་ཙིསྟ་སྲོག་རྩ་མངོན་དུ་ཕྱུང་བའི་རྒྱུད་ལས། རྒྱུད་ཀྱི་ཕན་ཡོན་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོས། རྒྱུད་ཡོངས་སུ་གཏད་པ་འདི་བཀའ་སྩལ་ཏོ། །འདུས་པའི་འཁོར་རྣམས་ང་ལ་ཉོན། །ང་ཡིས་བཤད་པའི་རྒྱུད་ཆེན་འདི། །གནོད་སྤྱིན་དབང་དུ་བསྡུ་བའི་ཐབས། །སྲོག་རྩེ་སྔོན་དུ་ཕྱུང་ཞེས་བྱ། །ནོར་དང་ལོངས་སྤྱོད་འགུགས་པའི་མཆོག །གཞན་གྱི་སྙིང་འདྲེན་ཞེས་ཀྱང་བྱ། །འདོད་པ་ཡོངས་སུ་གྲུབ་པའི་ཐབས མི་སེམས་བསྒུལ་བའི་རྒྱུད་ཅེས་བྱ། །འདི་འདྲའི་རྒྱུད་རྒྱལ་ཁྱད་པར་ཅན། །ལྷ་མཆོག་ཁྱོད་ལ་གཏད་ཀྱིས་ཆོངས། །ཀུན་ལ་སྤེལ་ཞིང་བསྟན་གྱུར་ན། །རང་ལ་དངོས་གྲུབ་མི་འབྱུང་སྟེ། །ནོར་ལྷས་ཚེ་ལ་བར་ཆད་བྱེད། །དེ་ཕྱིར་ཀུན་ལ་མི་བསྟན་ཏེ། །རང་སྲོག་ཤིན་ཏུ་བཙའ་བར་བྱ། །ཞེས་གསུངས་སོ། །ཨ་པ་ར་ཙིརྟི་སྲོག་རྩ་མངོན་དུ་ཕུང་བའི་རྒྱུད་ལས། གཏད་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་འཁོར་ཐམས་ཅད་རྗེས་སུ་ཡི་རང་ནས། བཅོམ་ལྡན་འདས་གསང་བའི་བདག་པོ་ལ་བསྟོད་པ། བཅོམ་ལྡན་དཔའ་བོ་རྡོ་རྗེ་འཆང་། །རྟོག་མེད་སྤྲོས་བྲལ་ཆོས་སྐུ་ལས། །ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས། །བདུད་འདུལ་དོན་མཛད་ཁྱོད་ལ་འདུད། །སེམས་ཅན་བདེལ་དགོད་པའི་ལེའུ་སྟེ་ཉེར་གསུམཔའོ།། །།ཨ་པ་རཙིསྟ་སྲོག་རྩ་མངོན་དུ་ཕྱུང་བའི་རྒྱུད་རྫོགས་སོ།།རྒྱ་གར་སྐད་དུ། ཡཀྟཨ་པ་ར་རྭ་ཛ་ཀྲོ་དྷ་ཏན་ཏྲ། བོད་སྐད་དུ། གནོད་སྤྱིན་འདོད་པའི་རྒྱལ་པོ་ཁྲོས་པའི་རྒྱུད། རྡོ་རྗེ་ག་་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདགགིས་ཐོས་པའི་དུས་གཅིག་