Ngb-pt-0802-vol-09-text

From Rangjung Yeshe Wiki Texts
Revision as of 07:13, 20 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

བསྒྱུར་ནས་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། བཛྲ་ག་རུ་ཌ་གསྟོ་ཙིལྟི་མྱུ་ལ་ཏན་ཏྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཁྱུང་གི་སྙིང་པོ་སྲོག་གི་རྩ་བའི་རྒྱུད་ཅེས་བྱ་བ།དཔལ་རྡོ་རྗེ་གཏུམ་པོ་གཟི་བརྗིད་འབར་བ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ལྕང་ལོ་ཅན་གྱི་གནས་ནས་རྒྱ་མཚོ་ཆེན་པོར་བྱོན་ནས། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཚོགས་དང་ཐབས་གཅིག་ཏུ་བཞུགས་པ་ལས། །བྱང་ཆུབ་སེམས་དཔའི་མཆོག་ཁྲོ་བོ་བདུད་རྩི་འཁྱིལ་བས་གསོལ་བ། ཀྱེ་ཀྱེ་བཅོམ་ལྡན་འདས། འཛམ་བུའི་གླིང་ན་སེམས་ཅན་ཀླུ་གཉན་དང་ས་བདག་གིས་གཙེས་པ་རྣམས་ལ་བསྐྱབ་ཏུ་གསོལ། ཞེས་ཞུས་པས། དབང་རྡོ་རྗེ་གཏུམ་པོས་ཀླུ་འདུལ་བའི་ཏིང་ངེ་འཛིན་དུ་གནས་ཏེ། ཨོ་བཛྲ་ཙཎྜ་མ་ཧྭ་རོ་ཥ་ཎ་བཛྲ་ག་རུ་ཌ་ཧུ༷་ཕཊ། ཅེས་བཀའ་སྩལ་པ་དང་། །ཀླུ་ཐམས་ཅད་བརྒྱལ་ཏེ་གདུག་པ་ཞི་བར་གྱུར་ཏོ། །རྡོ་རྗེ་ཁྱུང་གི་རྩ་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཁྲོ་བོ་བདུད་རྩི་འཁྱིལ་པས་གསོལ་བ། ཀྱེ་མ་བཅོམ་ལྡན་འདས། ཁྲོ་བོ་རྡོ་རྗེ་གཏུམ་པོས་ཁྱུང་གི་རྩ་བའི་རྒྱུད་བཤད་དུ་གསོལ། ཅེས་གསོལ་ཏོ། །དེ་ནས་དཔལ་རྡོ་རྗེ་འཛིན་པ་བཀའ་སྩལ་པ། །རྡོ་རྗེ་ག་་པོ་ཁྱུང་དང་བཅས། །ངོ་བོ་གཅིག་ལ་ཐ་དད་ཚུལ། །བསྒྲུབ་པར་འདོད་པའི་རྣལ་འབྱོར་པས། །ཡིད་དང་མཐུན་པར་ཡོ་བྱད་བསག །ཁྱུང་གི་མཎྜལ་བྲི་བ་ནི། ཁུ་གསུམ་སུམ་བརྩེགས་དཀྱིལ་འཁོར་ལ། །འཕྲིན་ལས་བཞི་ཡིས་འབྲུབ་ཁུང་བྱ། །བདག་ཉིད་ཧུ༷་ལས་གཏུམ་པོར་བསྐྱེད། །ཕྱི་ནང་གསང་བའི་མཆོད་རྫས་བསག །བདག་གི་ཐུགས་ཁའི་ཧུ༷་ལས་ནི། །བླ་མ་གཏུམ་པོ་རབ་སྦྲུལ་ལ། །བསོད་ནམས་བསག་ཏེ་སྟོང་ཉིད་ལས། །རྡོ་རྗེ་གཏུམ་པོའི་ཐུགས་ཁ་སྲ །སྤྲུལ་པའི་ཁྱུང་ནག་བསྐྱེད་པ་ནི། །ཆུ་དང་ཆུ་ཟླའི་ཚུལ་དུ་ནི། །བསྒོམས་ནས་སྤྱན་དྲངས་བྱིན་བརླབས་ནས། །དབང་བསྐུར་མཆོད་ནས་གསང་སྔགས་བཟླས། །སྲོག་ཚིག་ནན་རྦད་ལུས་དུལ་ནཱ་ག་མྱ་ར་ཡ་ཕཊ། ར༷་ར༷་ཛ་ལ་ཛ་ལ། ཤི་ཤི་རྡུལ་ཕུང་ནཱ་ག་མ་ར་ཡ་རྦད་སོད། ཨག་ན་དེ་བ་ན་ག་ར༷་ར༷། ཛ་ལ་ཛ་ལ། མ་ར་ཡ་ཕཊ། ནཱ་ག་ཤཱན་ཏིང་ཀུ་རུ་གྲྭ་ཧྭ། ན་ག་ཚུཉེ་ཀུ་རུ་སྲུ་ཧྭ། ནཱ་ག་པ་ཤང་ཀུ་རུ་གྲྭ་ཧྭ། ནཱ་ག་མྱ་ར་ཡ་ཕཊ། ཧུ༷་ཧུ༷་ཕཊ། མུ་ར་ཡ་མུ་ར་ཡ། སྤྲོ་ཊ་སྤྲོ་ཊ་ཡ་ཕཊ་ཕཊ། ཅེས་གསུངས་སོ། །རྡོ་རྗེ་ཁྱུང་གི་སྙིང་པོ་སྲོག་གི་རྒྱུད་ལས། བསྒྲུབ་པའི་ཐབས་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་གཞན་ཡང་བཀའ་སྩལ་བ། །དང་པོ་རྩ་སྔགས་གྲུབ་པ་དང་། །ལིང་ག་བཅས་ལ་ཐུན་གྱིས་བྲབ། །དེ་ནས་གནོད་བྱེད་ཐམས་ཅད་ལ། །ལས་ཀྱི་མཐའ་བརྟུལ་སྦྱིན་སྲེག་བྱ། །ཐབ་ཁུང་གྲུ་གསུམ་ནང་དུ་ནི། །ཚེར་མ་ཅན་གྱི་ཤིང་བརྩེགས་ལ། ཁྲན་པའི་མེ་སྤར་ལྷར་བསྐྱེད་ལ། །ཨག་ནེ་ཛ་ལ་བཅུ་བཞི་པས། །བཀུག་ལ་གཏུགས་ཏེ་བསྲེག་པར་བྱ། །དེ་ནས་ལིང་བཞི་ཐལ་བ་ལ། །ལིང་ག་བྱས་ལ་གདུག་པ་གནན། །བསྲེག་རྫས་དུག་དང་ཏིལ་སོགས་ཁག །དེ་ཡིས་གདུག་པ་བརླག་པར་འགྱུར། །ཅེས་གསུངས་སོ། །རྡོ་རྗེ་ཁྱུང་གི་སྙིང་པོ་སྲོག་གི་རྒྱུད་ལས། མཐའ་བརྟུལ་གྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་གཞན་ཡང་བཀའ་སྩལ་པ། །བཟླས་པ་མི་ནུས་གང་ཟག་ལ། །རྣལ་འབྱོར་བསྙེན་པ་རྫོགས་པ་ཡིས། །རྡོ་རྗེ་བྱབ་པའི་ཏིང་འཛིན་བྱ། །བླ་རྩི་དག་ལ་བཟླས་ཏེ་གཏང་། །ཁོང་ནས་ཕྱི་རུ་འདོན་པར་བྱེད། །བདུད་རྩི་དཀའ་ལ་ལ་སྔགས་ཏེ། །མན་ངག་བཞིན་དུ་སྦྱར་ལ་བཏང་། །དེ་ལྟར་བྱས་ན་ངེས་པར་གྲོལ། །བསམ་གཏན་ཡེ་ཤེས་འཁོར་ལོར་བསམ། །ཞེས་གསུངས་སོ། །རྡོ་རྗེ་ཁྱུང་གི་སྙིང་པོ་སྲོག་གི་རྒྱུད་ལས། ལོག་ནོན་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་གཞན་ཡང་བཤད་བྱ་ནི། །ཡུལ་ན་ཀླུ་གཉན་གནས་པ་ལ། །དང་པོ་ཞི་བས་བདེན་པ་བདར། །གཏོར་མ་བྱིན་ལ་མཛའ་གདུམས་བྱ། །ནོར་རྫས་གླང་ཞིང་རྟ་རུ་གཟུང་། །དེ་ཡིས་རྣལ་འབྱོར་བཀའ་ཉན་འགྱུར། །གཞན་དུ་ཀླུ་གཉན་གནོད་པ་ལ། །དགྲ་བོ་ཞི་བས་དགྲོལ་བར་བྱ། །དེ་ནས་ཞི་བའི་བཟླས་པ་བྱ། །གཞན་ཡང་བདེ་བ་མ་ཐོབ་ཀླུ། །གདོལ་པ་ལ་སོགས་གདུག་པ་ཅན། །བདེན་པ་མི་ཉེན་དྲག་པོའི་ལས་ལ་འཇུག །དྲག་པོའི་སྤྱིན་སྲེག་དུས་ཉིད་དུ། །བདེན་པས་ཉེས་མེད་དགྲ་མི་བླང་། །བདག་ཉིད་དུས་ནི་ཐམས་ཅད་དུ། །ལྷ་དང་ཐ་དད་མེད་པར་བྱ། །ཞེས་བཀའ་སྩལ་པ་དང་། །ཁྲོ་བོ་བདུད་རྩི་འཁྱིལ་པས་གསོལ་པ། །ཀྱེ་མ་བཅོམ་ལྡན་འདས། རྒྱུད་འདི་བདག་གིས་ཇི་ལྟར་གཟུང་། །ཞེས་གསོལ་པས། རྒྱུད་འདི་ནི་རྡོ་རྗེ་ཁྱུང་གི་སྲོག་གི་སྙིང་པོ་ཞེས་བྱ་བར་ཟུང་ཞིག །མན་ངག་རྩ་བའི་རྒྱུད་ཅེས་བྱ་བར་ཟུང་ཞིག །ཅེས་བཀའ་སྩལ་པ་ལས། བདུད་རྩི་འཁྱིལ་བ་ལ་སོགས་པའི་འཁོར་རྣམས་ཡི་རངས་པར་གྱུར་ཏོ། །རྡོ་རྗེ་ཁྱུང་གི་སྙིང་པོ་སྲོག་གི་རྩ་བའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།བལ་པོའི་མཁན་པོ་བ་སུ་དྷ་རའི་ཞལ་མངའ་ནས། རྡོ་རྗེ་ཡང་དབང་གཏེར་གྱིས་བསྒྱུར་བའོ