Ngb-pt-0781-vol-08-text

From Rangjung Yeshe Wiki Texts
Revision as of 07:13, 20 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། །ཙིར་མ་ཏྲི་ཡ་ཤ་པྲ་ཏ་པྲ་ལེ་ཏན་ཏྲ། །བོད་སྐད་དུ། །ཨེ་ཀ་ཛ་གི་ཐུགས་ཀྱི་གསང་བ་ས་ཏི་ནག་པོའི་རྒྱུད་ཅེས་བྱ་བ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །ཀུན་བཟང་ལྷའི་རྒྱལ་པོ་ཡིས། །བྱང་ཕྱོགས་རི་མ་ལ་ཡ་ཡི་བྲག་ཕུག་ཏུ། །ཡང་དག་གི་ཐུགས་ཀྱི་སྒྲུབ་ཐབས། །རྟག་ཏུ་གསང་བའི་སྙིང་པོ་བསྒྲགས་པ། །ཨེ་ཀ་ཛ་གིའི་ལས་རྣམས་འགྲུབ། །ཅེས་གསུངས་སོ། །དེ་ནས་བཛྲ་བཱ་ཁི་ཡིས་དྲག་པོ་དགུ་དང་བཅུ་བདུན་སྔགས། །སྐུ་གསུང་འདོད་ཐུགས་དང་ཡོན་ཏན་འཕྲིན་ལས་ལས། །ཐམས་ཅད་བསྒྲུབ་ཕྱིར་ལས་བདུན་དྲག་པོ་བསྟན། །དགྲ་བགེགས་ཐམས་ཅད་རྩད་ནས་གཅད་པ་ཡི། །ཡེ་ཤེས་ལྔ་ཡིས་དུག་ལྔ་གནས་སུ་བསྲེགས། །རྟགས་པའི་སྔགས་དང་ལས་རྣམས་རིམ་པར་ཤེས། །ཐམས་ཅད་མ་ལུས་འགྲུབ་པའི་ལུང་དུ་བསྟན། །འདོད་པའི་དྲག་སྔགས་ཐམས་ཅད་མ་ལུས་འབྱུང་། །གསོ་བསྲུངས་ལས་མཛད་བསྐོང་བཟློག་ཅི་འདོད་སྒྲོལ། །དབྱིངས་ལས་སྐུའི་ཕྱག་རྒྱ་ཆོ་འཕྲུལ་རྣམ་བཞི་འབྱུང་། །ཕྱག་རྒྱ་རྣམ་གཉིས་བསྒྲུབ་པར་བྱའོ། །ད་ནས་ཨེ་ཀ་ཛ་གི་ལ། །དབྱིངས་ལས་བསྐྱེད་དང་ཤེས་རབ་སྟེ། །ལས་ཀྱི་རལ་གཅིག་བྱུང་ཚུལ་ལོ། །ངང་པོར་བདུད་པའི་འཕྲེང་བ་ཅན་ཞེས་ཀྱང་བྱ་སྟེ། །བདུད་མི་ཟན་སྤ་རོ་གཅེས་ཀྱང་བྱ་སྟེ། །སེམས་ཅན་གྱི་བདུད་དུ་ཆེ་བ་དང་། །བདུད་མོ་ཀུན་དགའ་མོ་གཉིས་དང་ལས་སེམས་མཐུན་པས། །ཐམས་ཅད་ལ་འདུད་དེ་ནས་ལུས་མཐུན་ཏེ། །ནམ་ཤོབ་ལས་ཆགས་ཏེ། །ཕ་ཡིས་སྨོན་ལམ་བཏབ་པས་ཁྱེའུ་རུ་སྐྱེས་ཤིག་པར་སྨོན་ལམ་བཏབ་པོ། །མས་སྨོན་ལམ་བཏབ། །བུ་མོར་སྐྱེས་ཤིག་པར་སྨོན་ལམ་བཏབ་པ་ལས། །མའི་སྨོན་ལམ་བརྩན་ནས། །བུ་མོར་སྐྱེས་སོ། །སྐྱེས་མ་ཐོག་བྱ་བ་མང་པ་ལས། །ཕ་མཐུ་ཆུངས་པ་མ་དགའ་ནས། །མ་གཉིད་ལོག་པའི་བར་དུ་བུ་མོ་ལག་པ་ནས་བཟུངས་ནས། །ཐལ་ཁུང་དུ་བསྒྱུར་ཏེ། །གཏང་བ་ལས། །མ་གཉིད་སད་ནས་བུ་མོ་མེད་དེ་བཙལ་བས། །ཐལ་ཁུང་ན་སྦས་འདུག་སྟེ། མས་ངུས་ནས་བུ་མོ་ཤུག་སྒྲོལ་མ་དྲུག་དང་། །བུ་མོ་སྒྲོལ་བགྱིད་མ་དྲུག་ལ་ལས་བཅོལ་ནས། །ཨུ་ཡུ་ཚེ་ཡུ་བྲུ༷་གིས་བརྗོད་པས་བུ་མོ་ལ་ལྕགས་ཀྱུ་བྱུང་སྟེ། །ཕ་ཡིས་ཐལ་ཁུང་དུ་མ་བསྒྱུར་ན་དབང་དུ་མི་འདུས་སོ། །ཕས་མ་སྨ་ཕབ་པས་སྲིད་པ་གསུམ་ལ་དབང་བྱེད་དོ། །ཕས་ནི་མིང་བཏགས་པ་བདུད་མོ་ཡ་ནག་མོ་ཞེས་བྱ ། །མས་ནི་མིང་བཏགས་པ་སྦས་པའི་མ་མོ་ཐལ་མདོག་མ་ཞེས་བྱའོ། །སྦས་པའོ་མ་མོ་རོ་ལངས་མ་ཞེས་ཀྱང་བྱའོ། །ཨེ་ཀ་ཛ་ནི་རལ་གཅིག་མ་ཞེས་ཀྱང་བྱའོ། །གནས་ནི་ཉིན་མོ་བྲག་དམར་པོ་སུལ་མངས་འདྲ་བ་ལ་གནས་སོ། །ས་ཞག་ལ་འབྲི་ཁམས་མ་བརྒྱའི་འོ་མས་མཁར་བརྩིགས་ནས། །ཕྱི་ལྟས་ནི་སྤེལ་ལེ་མཁའ་རོ། །ནང་ལྟས་ནི་བཅུད་རེ་གསལ་ལོ། །དབྱར་ནི་ཆར་པས་མི་ཚུགས་སོ། །རྒུན་ནི་ལྷགས་པས་མི་ཚུགས་སོ། །དེའི་ནང་དུ་ཐོད་པས་བརྩིགས་པ། །ཀ་གདུང་ནི་མཆོང་ལས་བྱས་པ། །དྲལ་ཕྱམ་ནི་མུ་ཏིག་ལས་བྱས་པ། །དུར་ཁྲོད་ཀྱི་རྒྱུན་གྱིས་བརྒྱན་པའི་ནང་ན། །ཨེ་ཀ་ཛ་སྐྱི་བཞུགས་ཏེ། །མགོ་ལ་རལ་གཅིག་མ། །དཔྲལ་ན་དམིག་གཅིག་མ། །ཁ་ན་སོ་གཅི་མ། །བྲང་ན་ནུ་གཅིག་མས་རྣལ་འབྱོར་གྱི་སྲིའི་གསོའོ། །ཕྱག་ན་ལྕགས་ཀྱུ་རྩེ་དགུ་སོགས་བསྣམས་པའོ། །ཞབས་ལ་རྐང་གཅིག་གི་མི་རོ་རྟག་རོའི་ཁྲི་ལ་བཞུགས་པ། །ཆིབས་སུ་དྲེའུ་རྟ་རྐང་གསུམ་བཅིབས་པ། །མགོ་ལ་རལ་གཅིག་མ་ཡིས་བསྐལ་པའི་མུན་ལྟར་གཏིབས་པ། །དཔྲལ་ན་མིག་གཅིག་གིས་ཁམས་གསུམ་ཡོངས་ལ་ས་ལེ་ལྟའོ། །ཁ་ནས་སོ་གཅིག་གིས་སྐྱེ་ཤི་གཉིས་ཀྱི་རྩ་བ་གཅོད་པའོ། །ཕྱག་ན་ལྕགས་ཀྱུ་དགུ་བརྩེགས་ཐོགས་པའོ། །དམ་ཉམས་དགྲའི་སྙིང་ནས་འདྲེན་པའོ། །མི་རོ་རྟ་རོའི་ཁྲི་ལ་བཞུགས་པ་ནི། །མ་མོ་ཀུན་གྱི་རྒྱལ་མོའོ། །རག་ཏའི་རྒྱ་མཚོའི་རྦ་ཀློང་ཁྱི་ལི་ལི། །ཆིབས་སུ་དྲེའུ་བཅིབས་སྐད་ཅིག་ཙེ་རེ་རེ་། །གཡུ་མཚོ་སྔོན་མོ་ཁྱི་ལི་ལི། །འཁོར་དུ་མ་མོ་འབུམ་གྱིས་བསྒོར། །མཁར་ལ་སྲིན་བྱ་ཉིན་ཀྱང་ཁུ་འདེབས་པ། །འབྲོག་ལྕགས་མཚན་ཀྱང་འགྱུར་བ་བྱ། །སྣ་ཚོགས་ལྟས་ངན་པའི་སྐད་སྒྲོགས། །བྱང་མཚི་འབྲོག་མཚོ་ཕྱང་ངེ་ཕྱང་། །ཨེ་ཀ་ཛ་ཏི་རལ་གཅིག་མ་དག་ཅེས་སུ་མཚན་བརྗོད་མ་གླེང་གཞིའི་ལེའུ་སྟེ་དང་པོའོ། །གཞུང་དང་མཐུན་པའི་གནས་ཉིད་དུ། །མཎྜལ་ལ་སོགས་ལེགས་པར་བྱ། ཁྲུ་གསུམ་མཐིང་ནག་དྲག་པོ་ཚུལ། །ཟླ་གམ་རྣམ་གསུམ་དབང་གི་ཚུལ། །མུ་ཁྱུད་ཟླུམ་པོ་ཞི་བའི་ཚུལ། ཁུ་ཆད་རྒྱས་པ་ལས་རྣམས་འགྲུབ། །བར་ཁྱམས་རྡོ་རྗེ་ར་བ་འགྱུར་བ་མེད། །སྒོ་བཞི་སྒོ་ཁྱུད་མེད་རི་འབར། །ལྕགས་རི་ལ་སོགས་དཀྱིལ་འཁོར་ཚང་བར་བྱ། །དམ་རྫས་ལ་སོགས་ཚང་ཞིང་འཚོགས་པ་གཅེས། །མི་དབང་འབྲས་བུ་ཚང་བ་དང་། །ཞིང་ཆེན་ཙིསྟ་སྤྱང་ཀུའི་སྙིང་། །བྱ་ནག་སྙིང་དང་ལུག་ནག་སྙིང་། །རྟ་ནག་སྙིང་དང་ཁྱི་ནག་སྙིང་། །ཁྱུང་གི་སྙིང་དང་ར་རོག་སྙིང་། །སྙིང་སྣ་ཁྲག་སྣ་ཚང་བར་སོགས། །བསྣོལ་གྲིའི་ཐོད་པ་མུ་ཟི་རའི་ཐོད་པ་དང་། །མོན་དང་རབས་ཆད་ཐོད་པ་དང་། །གཞན་ཡང་དྲུག་པ་འམ་བརྒྱད་པ་ནི། །དམ་ཅན་སྣོད་དུ་ཤིན་ཏུ་བསྔགས། །རྒྱལ་རིགས་རྗེའུ་རིགས་རུས་པ་ཡི། །དབང་དང་དངོས་གྲུབ་བརྟེན་དུའོ། །རྨ་བྱའི་རྒྱལ་མཚན་དང་རུ་དང་། །བྱ་ནག་ལུག་ནག་རྟེན་དུ་བཞག །དབུས་སུ་སྤྱན་གཟིགས་ཚངས་པར་བྱས་ལ་དཔལ་གཏོར་རོ། །ནུབ་ཏུ་ཁྲག་སྣ་སྙིང་སྣ་མང་པོ་ལ། །མ་མོ་ཡི་ནི་གཏོར་མའོ། །མཐིང་ནག་དར་གྱི་གུར་དབུབ། །དབུས་ནི་གྲུ་གསུམ་མཐིང་ནག་ལ །མཆོག་ཕུར་གསུམ་པོ་སྒེད་ཀར་གཟུགས། །ཕུར་ཆེན་ལྕགས་ཕུར་སྐྱེར་ཕུར་གསུམ། །ཕོ་བྲང་ཨེ་ཡི་གྲུ་ལ་གཟུགས། །མེ་ཏོག་ལ་སོགས་སྙིང་སྣ་ཁྲག །ཨ་ཀ་རུ་དང་དུ་རུ་ཀ། །ཙན་དན་ག་པུར་གླ་རྩི་དང་། །དྲི་ཞིམ་སྤོས་སྣ་ཚང་བ་དང་། །ཚིལ་ཆེན་དག་གིས་མར་མེ་བྱ། །འཛའ་གད་རག་ཏའི་རྒྱ་མཚོ་དང་། །གཞན་ཡང་བསྐང་བའི་དམ་རྫས་ཀུན། །ཅི་དང་སྔོས་ལ་གཞུང་དང་སྦྱར། །དངོས་གྲུབ་འདོད་པའི་རྣལ་འབྱོར་པས། །རྫས་རྣམས་བཀའ་ཡང་བསོགས་པར་བྱ། །སྔགས་ལ་གྲངས་ཚད་སེལ་མི་གཞུག །ཐུགས་དམ་བམ་གྱིས་བསྐང་ནས་འགྲུབ། །དམ་ཚིག་ཉམས་ན་ལས་མི་འགྲུབ། །བསྟོད་དང་མཆོད་གཤེགས་བསྐུལ་ཞིང་རྦད། །གཏོར་མ་ཟས་ཕུད་སྣང་སྲིད་རྫས། །བདུད་རྩིར་བསམ་ཤིང་དུས་སུ་མཆོད། །གཟའ་སྐར་དྲག་པོ་གདུག་པ་ལས། །དམེ་ཁྲག་དུག་དང་སྦྱར་བ་ཡིས། །མ་ར་ཡ་ཡི་མིང་རུས་བྲིས། །རྗེས་སམ་སྣབས་ལུད་ཕྱི་ས་འམ། །གོས་སམ་སྐྲ་ཤད་གང་རྙིང་ལ། ལིང་ག་རྩ་གཅིག་བཅུ་བདུན་བྱ། དུག་སྦྲུལ་ནག་པོའི་ལྷོ་རུ་གཞུག །མིང་རུས་བཅུ་བདུན་ཡི་གེས་བྲབ། །བསྣོལ་གྲི་མོ་ཡི་ཐོད་པ་དང་། །རབས་ཆད་ཕོ་མོ་རསྒ་དང་ཕོག །ནང་དུ་ཡ་དང་མ་བྲིས་ལ། །བར་དུ་མིང་བྱང་ལིང་ག་གཞུག །སྨེ་ཁྲག་དུག་གི་ཕྱི་རོལ་བྱུག །ནང་དུ་མཐུན་པའི་རྫས་རྣམས་གཞག །མཐིང་ནག་དར་གྱིས་ཐོད་པ་གྲིལ། ཁུ་གསུམ་ཨེ་ལ་གཞག་པར་བྱ། །བསྙེན་པའི་དུས་སུ་ལྷ་དང་དབྱེ། །ཐོད་པ་མཚན་ངན་དུམ་མངས་སུ། །དུག་སྣ་ཁྲག་སྣ་དང་། །བ་བླ་ཐལ་ཆེན་སྨེ་ཁྲག་སྦྱར། །རྡོ་པྱེ་ཟངས་ཕྱེ་ལྕགས་པྱེ་བླུགས། །བྱང་ཤར་མཚམས་སུ་གཞག་པར་བྱ། །ཡུངས་ཀར་རྒྱལ་པོས་གསང་སྔགས་བྲབ། །ནུབ་བྱང་མཚམས་སུ་སྙིང་ཐུན་གཞག །རྟག་ཏུ་བཟླས་པ་བྱའོ། །གཞན་ཡང་བསྐང་དང་བསྒྲུབ་པའི་མཐུན་རྫས་རྣམས། །གཞུང་དང་མཐུན་པ་དགོད་པར་བྱ། །མ་མོ་ས་ནག་གི་ལེའུ་ལས་བཅའ་གཞིའི་ལེའུ་སྟེ་གཉིས་པའོ།། །།འདི་ན་མར་བསྒོམ་པའི་དམིགས་པ་སྟོན་ཏེ། །ཀུན་ཏུ་བཟང་མོ་ཆོས་ཀྱི་དབྱིངས་ཞི་བའི་ངག་ལས་ཆེ་མཆོག་དྲག་པོའི་སྐུར་བསྒོམ་ལ། །བདག་ཉིད་བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །དབུ་དགུ་ཕྱག་བཅྭ་བརྒྱད་ཞབས་བཞི་སྐུ་ཆེ་ལ་ཡན་ལག་རགས་པ་གཅིག་བསྒོམ། །དབུ་དགུ་ནི་ཧེ་རུ་ཀ་དགུའོ། །ཕྱག་བཅྭ་བརྒྱད་ནི་དང་པོ་གཉིས་བན་དམར་རྡོ་རྗེས་ཞབྲུག་ཅིག་གསོལ་པའོ། །གཡས་འོག་མ་བརྒྱད་ཀེའུ་རི་བརྒྱད། །གཡོན་འོག་མ་སིང་ང་མ་བརྒྱད། །ཞབས་བཞི་ལྷ་ཆེན་པོ་བརྒྱད་བརྫིས་པའོ། །དུར་ཁྲོད་ཀྱི་ཆས་བརྒྱད་ཀྱི་མཚན་པ་གཅིག་བསྒོམ་མོ། །དེ་ལྟ་བུའི་ཐུགས་ཀ་ནས། །ཡི་གེ་སྒག་ལས་ཨེ་ཀ་ཛ་ཞི་སྐུ་མདོག་མཐིང་ནག་དབུ་དགུ་ཐོརཚུགསགཅིགཏུའཁྱིལ་པ། །རལ་པའི་ཟར་བུ་གཡས་ནས་གཡོན་དུ་འཁྱིལ་བ། །ཁྲག་དང་ཞག་གི་ཐིག་ལེས་བརྒྱན་པ། །ཕྱག་གཡས་ན་སྒྲུལ་ཞགས། །གཡོན་ན་གཡུའི་སྦྱང་མ་ཁྲག་ཐབས་སུ་བསྣམས་པ། །དུར་ཁྲོད་ཀྱི་རྒྱན་ཆ་བརྒྱད་ཀྱིས་སྐུ་ལ་བརྒྱན་པ། །གཟའ་ཆེན་པོ་བརྒྱད་ཀྱི་སྐུ་རགས་བྱས་པའོ། །དྲེའུ་ནག་པོ་ཆེ་ལ་ཆིབས་ལ། །སྐུ་ལ་བེར་ཆེན་མཟིང་ནག་གསོལ་བ་གཅིག་ལ། །འཁོར་གཡུའི་སྤྱང་མ་འབུམ་གྱིས་བསྐོར་བ། །མ་མོ་ནག་མོ་འབུམ་གྱིས་བསྐོར་བའི་ནང་ནས་བལ་མོ་ནག་མོ་གསུམ་ཐུགས་ལས་འགྱེད་པ། །ཆོ་འཕྲུལ་དང་གཟུགས་མངོན་དུ་སྟོན་པའོ། །དགྲ་བོའི་ཙིརྟི་མངོན་དུ་འབྱིན་པའོ། །མ་མོ་ས་ནག་གི་རྒྱུད་ལས། །སྐུའི་ལེའུ་སྟེ་གསུམ་པའོ།། །།ཨོ་ཏྲག་རག་ཤ་ཁ་མུན་ཏྲ་མུ་རུ་ལུ་རུ་ལུ་ཧཱུཾ་སྨྱོ་ཧཱུཾ༷། །རག་མོ་ཏེ་ཀེ་ཁ་ལ་མ་ཏིང་སྨྱོ་ཛུ་ཛུ། །་ག་རག་ཤད་ཁ་མུན་ཏྲ་རུ་ལུ་རུ་ལུ་སྨྱོ་ཛ། །རྟག་པར་བཟླས་པ་སྒག་རག་ཤ་ནན་མོ་ནི་ཤམ་ཤམ་ལས་ལ་སྨྱོ། །ས་མ་ཡ་ལྷ་དང་ཕྲོལ་ཅིག །སྲོག་རྩ་ལ་ཁུ་མུན་ཏྲ་རུ་ལུ་རུ་ལུ་ཧཱུཾ་སྨྱོ་ཧཱུཾ༷་ཛ། །བསྲུང་བའི་ལྷ་ལྔ་དང་དབྲལ་པའོ། །་ག་རག་ཤ་ཁ་མུན་ཏྲ་རག་ཤ་མུན་ཏྲ་མོ་ཀ་ཛ་ཞི་སྒག་མོ་ནི་སྙིང་ལ་ཤད་ཤད། །དུ་ནི་དུན་རིང་དུ་ལ་ཡ་ཡ་ཛ། །དུ་རུ་སྦ་ལ་ནི་ཧ་ན་ཛ། །དུ་མ་ར་ཧ་ཛ་སྨྱོ། །ཨེ་ར་ར་ཙ་ས་མ་ཡ་ཛ་ཛ། །ར་བྲ་དུ་ཛ་ནཱ་ར་ཡ་ཛ་ཛ ། །མུ་ར་ཡ་མ་མ་སྙིང་ཁ་རག་སྟི་བཛི་དུན་སྨྱོ། །ཏྲག་རག་ཤ་མུརྙ་ཁ་མུན་ཏྲ་མུ་རུ་ལུ་རུ་ལུ་ཧཱུཾ་སྨྱོ་ཧཱུཾ༷། །ཏྲག་མོ་ཏེ་ཀེ་ཛ་ཛ་ཁ་ལ་མ་ཏིང་སྨྱོ། །་ག་རག་ཤ་ཁ་མུན་ཏྲ་ཧྲོ་སོགས་བམ་རིལ། །སྙིང་ཤ་ཀ་ལ་རག་མོ་་ག་ནི་་ག་དུན་སྨྱོ། །་ག་མོ་སྙིང་རྩ་ལོ་་ག་ནི་ཤོ་ཤ༷་སྲོག་པ་རྩ་ལ་དུན་སྨྱོ། །ཨོ་་ག་རག་ཤ་ས་མ་ཡ་དུན་སྨྱོ། །སྙིང་ཁྲག་ཤ་སྨྱོ། །མ་ཏི་ཏ་ཛ་ལ་ར་མ། །འབྲས་བུ་སྣ་ཚོགས་ན་གཟིགས་གཏོར་མ་འདི། །ཨེ་ཀ་ཛ་གིའི་ཞལ་དུ་བ་ལི་ཁུ་ཧི། །ཏྲག་རག་ཤ་མུན་ཏྲ་རག་མོ་ན་སྙིང་ལ་ཛ་ཛ། །བཙན་མོ་མ་ཏི་པ་ཏྲ་ཙ་ཀྲ་ཛ་ཛ། །ནག་མ་འབུས་འབུས་རྦད་གྲྭ་ཧྭ། །ཨོ་རུ་རག་ཤ་ཤི་ཧེ་རུ་པེ་ཏ་ལི་རག་ཤ་ས་མུན་ཏྲ་མུ་རུ་ལུ་རུ་ལུ་ཧཱུཾ༷་སྨྱོ་ཧཱུཾ༷། །ཧཱུཾ༷་་ག་མོ་ནི་ཀེ་ཛ་ཛ། །སྙིང་རྦད་སྨྱོ། །སྒག་སྒག་བ༷་བ༷་བད་སྨྱོ་ཕྱེ། །ནིར་མ་ཀི་ལ་པ་ཕ་ཡེ། །་ག་རག་ཤ་ཁ་མུ་ཏྲ་ཁ་ལ་ཏྲ་ཏི་སྨྱོ་རུ་ལུ་རུ་ལུ་་ག་མོ་སྦྱོ། །གནད་ལ་དབབ་པ། །ཨོ་ཙ་རེ་ཡ༷་སྙིང་ཁ་རག་སྒྲི་བཛྲ་དུན་སྦྱོ། །ཨོ་མེ་དང་ར་ལིག་སྙིང་ཁ་རྦད། །མེད་རསྤྱ་ཐུ༷་རིལ་རྦད། །སྒྲུབ་སྔགས་ཀུན་གཞི་ལ་དབབ་པ། །ཏྲིག་ཏྲིག་སེར་སེར། །ཀུ་ལུ་ཀུ་ལུ། །མོ་ཀུ་མོ་ཀུ། །ཙ་ཧ་ཙ་ཧ། །མུ་སྟག་ཙ་ལ་ཁ་ཧེ་ཙ་ར་ལིང་མུ་རུ་མྱོག །ལྡིང་ལྡང་བུ་ཕྱུག་ཕྱུག །མེ་ཧ་ཧེ་བཤལ་བཤུལ། །མུ་སུ་ས་ནི། །ཙག་ཙག་ཙིག་ཙིག །མུ་ཧ༷་ཏེ་ཧེ་སྟེ། །པུ་རུ་ཏི་སྟ་མྱོག་མྱོག་ཐུ༷་ཐུ༷། །དཀར་ལྡན་མི་ཧེ་ཧ༷། །ཀུ་མ་ལུ་ཙེ་ཕཊ་ནི། །མ་མ་རག་ཤ་སྙིང་ལ་དུན་དུན། །སྙིང་ལ་ཧུར་ཧུར། །རག་མོ་ཁྲག་དུན་སྨྱོ་ཛ། །ཙིང་མིང་མུ་ཁ་ཧེ།། ཀོད་ཀོད་མ་ཧི་ཧེ། །མྱི་མྱ་མྱ་མྱེ་ཙ་ཧཱུཾ༷། །རུ་ཙེ་ཧེ་མུ་ཧ་ཧེ། །ཙི་ལྡིང་ལྡིང་། །ཁུ་ཙོག་ཙ་ཧ་མུ་ཧེ་ཧེ། །ཏིང་མུ་ལོ་ཙ་ཀ་ཡ་ཧར་མི་ཏིང་ཕྲབ་ཕྲབ། །ཕྲབ་ཕྲབ་ཅི་ལྡིང་ཧཱུཾ༷་ཙོག་ན། །ཙ་ར་མུ་ཀ་ཀེ་གྲྭ་ཧྭ། །མི་ལིང་ཀ་མང་ཕྱེ་མྱོག་སྟེ་རེ་ཧེ་རྦད། །རག་མོ་རུ་རུ་རྩེ་རུ་རྩེ་རུ་་ག་ཤ་ཁ་མུ་ཏྲ་ཨེ་ཀ་ཛ་སྐྱི་སྙིང་ཁ་རག་རག་མོ་ཏི་ཀེ་མ་ཛ་ཛ། །ཁ་ལ་མ་ཏིང་སྙིང་ཁ་ལ་རག་ཤ་རག་མོ་སྨྱོ་ཛ། །རག་མོ་ནི། །རག་མོ་ནི། །དུན་ནི་དུན་ཏིང་། །དུ་ཧ་ན་རྦད་པུ་རྦད་ཡུ་ཙལ་པ་བམ་རིལ་ཧཱུཾ༷་ཕཊ། །ཏྲག་རག་ཤ་རྦད། །གག་ཤ་རྦད། །རག་མ་སྙིང་བོད། །ཙིསྟ་རྦད། །ཁ་ཐུ༷་རྦད། །ཙིཏི་ནི་ཤ་མ་རར་ཡ་མ་ར་ཡ་རྦད། །རག་མོ་ཛ་ཛ་མ་དུན་སྨྱོ། །ཏྲག་རག་ཤ་ཁ་མུན་ཏྲ་མུ་ཏྲ་མ་རུ་ལུ་རུ་ལུ་སྨྱོ། །ཏྲག་རག་ཤ་བཛྲ་ཏི་ཏ་ས་མ་ཡ་སྨྱོ། །ཨེ་ཀ་ཛ་གི་སྙིང་ཁ་རག་བ༷་རིལ་སོགས་མོ་བ༷་རིལ་སྨྱོ། །ཨ་ཀར་ནག་མོ་ཡག་ཤ་སྨྱོ། །ཨེ་ཀ་ཛ་གི་མེད་དར་ལིག་སྙིང་ལ་ཁ་རག་སྒྲི་བཛྲ་དུན་སྨྱོ། །ཨེ་ཀ་ཛ་གི་མི་ཤ་དགྲ་ལ་ཕཊ་ནན། །མ་མོ་ཏྲག་རག་ཤ་མུན་ཏྲ་མར་ཡ་སྨྱོ། །མ་མ་སྙིང་ཁ་རག་སྙིང་ཐིལ་ལིང་རྦུད། །ཡག་ཤ་སྙིང་ཏེ་ཀོ་རྦད་པུ་རྦད་ད་ར་ཡ་རྦད། །སྙིང་ཁ་རག་ད༷་ཛ་ཛ་པྲ་བེ་ཤ་ཕཊ། །ས་མ་ཡ་སྙིང་ཁ་ལ་རག་ཤ་ཛ་ཛ། །སྙིང་ཐུན་བསྒྲུབ་པའོ། །སྒག་རག་ཤ་ཁ་མུན་ཏྲ་སྨྱོ། །རུ་ལུ་རུ་སྒག་མོ་ནག་མོ་ནག་ཧ་ན་ནག་མོ་ཙིསྟ་ཏ་་ག་ཤ་ལ་སྨྱོ། །་ག་མོ་ནི་ཧར་ཧུད་སྙིང་ཡག་ཤ་ཏེ་ཀེ་ཛ་ཛ་པྲ་བེ་ཤ་ཕཊ། །ཐུན་ཟོར་འཕྲིན་ལས་ཞེས་བྱའོ། །ཙིསྟ་བམ་རིལ་ཁུབ་ཏ་ཡ། །སྲོག་སྙིང་ལ་བརྡེག་ཅེས་ཀྱང་བྱའོ། །ཡག་ཤ་རག་ཤ་ཁྲག་ཁྲུག་རྣམས་བ༷་རིལ། །སྙིང་ལ་ཤིག་ཤིག་བ༷་རིལ་རྦད། །སྙིང་མོ་ན་ཏུ་དབྱུང་བ། །སྒག་རག་ཤ་ཨེ་ཀ་ཛ་ཞི་མུ་ར་ཡའི་ཙིསྟ་ལ་རག་མོ་ནི་ས་མ་ཡ། །རག་མོ་ནི་ཨུ་ཙུས་མ། །རག་མོ་ནི་ཧར་ཧམ་དུ་ལ་ཡ། །ཡག་ཤ་་ག་མོ་ཨིས་ཨིས། །ས་མ་ཡ་འུར་འུར། །མ་ར་ཡའི་ཙིསྟ་ལ་རྦད། །ཁ་ལ་རག་ཤ་སྒག་ཏྲ༷་ཛ་ཛ། །ཙིཏི་ནི་ཞུང་ཐེད་ཁྲོལ། །སྣི་ཤ་བ༷་ཁ་རག་ཤ་ཛ་ཛ་ཁུག །་ག་་ག་ནི་ར་བྷ་བྷ། །རག་ཤ་མ་ར་ཡའི་སྙིང་ཕྱུང་། །ནི་ཙི་ཏ་ལ་ས་མ་ཡ་ཛ་ཛ། །ཕྲ་མ་ཀུན་ཏིང། །ཕྲ་མ་ཀུན་ཏིང་། །ཧེ་ཤ་ག་ཛ་ཛ་སྨྱོ་ཨོ། །ཨེ་ཀ་ཛ་ཞི་་ག་རག་ཤ་ཙིསྟ་ལ་མུ་རུ་མྱག་ལིང་སྣི་ཤ་པ༷། །ཙག་ལེ་མུ་རུ༷་སོད་སྙིང་བ༷་རིལ། །ཏྲག་རག་མོ་སྙིང་ཁ་ལ་རག་ཤ་ཏི་ཏ་རྦད། །ཏྲག་་པ་ག་ཙི་ཏ་རྦད། །ཨེ་ཕཊ། ཙིསྟ་ལ་རྦད་ན་དག་པའི་མཆོག་ཆེན་པོའོ། །སྲོག་པ༷་རིལ། །ཙིསྟ་ད་ར་ན་རྦད། །སྲོག་ཀྲོལ་ད་ར་ཀ་ཀུམས་རྦད། །ཁོ་ཐུ༷་རུ་ན་ཤག་ཚལ་པ་རྦད། །ཙིསྟ་ལ་མུགས་ཐིགས་ས་མ་ཡ་སྣིས་སྲོག་ཁྱེར་རྦད། །སོད་སོད་ཨ་ལོ་ཤ་སྲོག་ཁྱེར་རྦད། །ཙིསྟ་ལ་བ༷་ལ་རིལ་ལི་རྦད། །མ་མོ་ནག་མོ་ས་ནག་གི་རྒྱུད་ལས། །གསུང་དྲག་སྔགས་ཀྱི་ལེའུ་སྟེ་བཞི་པའོ། །ད་ནི་གསད་ཅིང་འཕམ་པའི་དམ་ཚིག་དཔོག་པ་སྟོན་ཏེ། །མར་ཡ་གསད་ཅིང་མྱུར་དུ་བསྒྲལ་བ་དང་། །སྨྱོ་འབོག་བརྒྱལ་ནད་དུ་གཏང་པ་དང་། །མཛེ་ནད་དུག་མདར་འཕང་པའོ། །དེ་ལ་ནཱ་ར་ཡ་མྱུར་དུ་གསད་པ་ནི། །དེ་ཡང་དང་པོར་གྲུ་གསུམ་བརྩིག །ནང་དུ་སེལ་ཆེན་གཏང་བར་བྱ། །ཁ་ཁྱེར་ཐལ་ཆེན་བསྐོར་བར་བྱ། །མུ་ཁྱུ་ཟླུམ་པོ་ཟླ་གམ་བྲི། །ཐོད་པའི་ར་བ་ཤེས་པར་བྱ། །མེ་རི་དམར་ནག་དག་གིས་བསྐོར། །གང་ཡིན་ལས་ཀྱི་འཁོར་ལོ་བསྐྱོན། །ཕོ་ཐོད་མོ་ཐོད་དྲག་པོ་ལ། །ཡམ་དང་མ་ནི་གནག་དང་དམར། །བར་དུ་མིང་རུས་ལིང་ག་གཞུག ཁེང་བུ་དྲག་པོ་དབང་བསྐུར་གཟུགས། །ལྕགས་ཕུར་སོར་བཞི་མན་ངག་ཅན། །ཡབ་ཡུམ་བར་དུ་འཁོར་ལོ་བསྐྱོན། །མིང་རུས་བཅུ་བདུན་ལིང་ག་ཀུན། །འཁོར་ལོ་མཚོན་ཆས་ཙིརྟི་གཤག །འཁོར་ལོ་རྩིབས་བཞི་བརྒྱད་དང་བཅུ་དྲུག་རྩིབས། །ལྕགས་དང་གསེར་ལས་བྱས་པ་ཡིས། །བཅུ་དྲུག་ཟང་དང་དཀར་པོ་དབུས། ཁུ་གསུམ་མཐིང་ནག་ཁ་ཁྱེར་ཅན། །ཟླ་གམ་རྣམ་གསུམ་རང་བཞིན་ནོ། །དྲག་སྔགས་ལྔ་པ་དགུ་དང་བཅུ་བདུན་ནོ། །མོན་དང་རབས་ཆད་ཐོད་པ་དང་། །རྣེལ་དྲི་མོ་ཡི་ཐོད་པ་ལ། །ཕྱི་རོལ་དམེ་ཁྲག་གསུམ་གྱི་བྱུག །ནང་དུ་དུག་སྣ་ཚང་བ་དང་། །ཡུངས་ཀར་ཡུངས་ན་ག་ཐལ་ཆེན་བླུག །དེ་ནི་ལྟོ་ཟུར་དག་ལའོ། །བཅའ་གཞི་བསྟན་པའི་དམ་རྫས་ལ། །ཁྲག་གིས་བྱུགས་ལ་དགོད་པར་བྱའོ། །དེ་ནས་བལ་མོའི་ངན་སྔགས་འདི། །ཁ་རུ་ཁྲག་བླུག་ལྷ་དང་དབྱེ། །ཨོ་ཨེ་ཀ་ཛ་ཞི་མུ་ར་ཡ་ཙིསྟ་སྲོག་ཐུམས་རྦད། །ཉུ༷་བཱ་བཱ་ཤུ་བ་ཏུ་ཉ་མ༷་བྲ༷་ཧྲ༷་དྲ་ན་མ་ར་ཡ་ཙིསྟ་སྲོག་ཐུམས་རྦད། །ཨ་ཨོ་ཨོ་ཧཱུཾ༷་རྦད་ཏྲ་ཏུ་ཧར་ཏ་དྷ་ཏཀ་ཧ༷། །ལི་ར། །ག་ར། །སྤྱ་ཙད། །ཧཱུཾ༷་ཧར་མོ། །མ་མ་ཁ་ཀྲ་ཏྲ། །ཧྲ་ཧྲ་ཎ་ནཱ་མུ་ར་ཡ་ཙིསྟ་སྲོག་རྦད། །འཁོར་ལོ་ལ་ནི་རིམ་གྱིས་བྲིས། །ཡི་གེ་བརྒྱ་པ་འདོན་གྱི་ན་དགོད། །རྣལ་འབྱོར་ཏིང་འཛིན་གསལ་བ་ཡིས། །ཁ་རུ་ཁྲག་བླུག་བྲབ་ལ་བཟླས། །ཀུན་དུག་མ་ཡི་ཙཀྲ་ཡི། །སྔགས་དེ་བར་དུ་གཞུག་པར་བྱ་བ་ཡིན། །རྟགས་པའི་སྙིང་པོ་དང་པོ་བཟླས། །ཏྲག་བདུན་གཉིས་པ་བཟླས་པར་བྱ། །གསུམ་པ་དཀྲུག་སྔགས་ཆེན་པོ་བཟླས། །བཞི་པ་རྟེན་པ་ཚང་བར་བྱ། །ཞག་གསུམ་ཙཀྲ་བསྐོར་བྱས་ལ། །གང་ལ་བྱ་བའི་གདོན་མི་ཟ། །ཁྱབ་འཇུག་འཁོར་ལོས་བཅས་གྱུར་ན། །སེམས་ཅན་གཞན་ལྟ་སྨོས་ཅི་དགོས། །དེ་ནས་སྔགས་དེ་འབུམ་བཟླས་ཏེ། །འཁོར་ལོ་རལ་གྲིས་ག་ས་བྱས་ལ། །དུག་གི་ཐུན་དང་ཡུངས་ཐུན་དང་། །སྙིང་དང་ཁྲག་གཉིས་ཐུན་རྣམས་དང་། །སྔགས་ཐུན་ཕུར་ཐུན་ཀུན་གྱིས་བྲབ། །དེ་ནས་དྲག་པོའི་སྤྱིན་སྲེག་བྱ། །སྔགས་ནི་སྟོང་གིས་མཆོད་པར་བྱ། །ཐལ་བ་ཁྲག་གི་བསྲེགས་ནས་ཀྱང་། །སུམ་ཆ་གཅིག་ལ་མནན་པ་བྱ། །དེ་ལྟར་བྱས་ན་འགྲུབ་པར་འགྱུར། །སུམ་གཉིས་དགྲ་བོའི་ཡུལ་ཕྱོགས་སམ། །ཉེ་ན་ཁང་པ་རང་ལ་བརྡེག །ཡང་ན་ཁང་པའི་འགྲམ་དུ་མནན། །མ་མོ་ས་ནག་ལས་བཱ་ར་ཡ་མྱུར་དུ་གསད་པའི་ཐུགས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་མཛེ་ནད་དུག་དུ་གཏང་བ་ནི། །མཎྜལ་གོང་དང་མཐུན་པར་བྱ། ཁེན་ཏུ་དྲག་པོའི་མཛེ་ཐོད་ལ། །དཀར་ནག་རྫས་ཀྱི་ཕྱི་རོལ་བྱུག །ནང་དུ་ཀླུ་སྨན་སྣ་ཚོགས་དང་། །མཛེ་ནད་ཤ་ཁྲག་བླུག་པར་བྱའོ། །སྦྲུལ་དང་སྦལ་བའི་ཤ་ཚིལ་དང་། །དགྲ་བོ་སྣབས་ལུས་མཆིལ་མ་དང་། །བཤད་གཅི་མཆི་མ་སྐྲ་ཤད་ཀུན། །དེ་བཞིན་ཐོད་པའི་ནང་དུ་བསྲེགས། །ལིང་ག་སྨེ་བའི་ཁྲག་གིས་བྲི། །དྲག་པོའི་སྔགས་ཀྱིས་བར་དུ་གཟེར། །མཐིང་ནག་དར་གྱིས་ཐོད་པ་གྲིལ། །ཨོ་པ་ཤ་མེ་ཀེ་དུ་རུ་མ་ཤིག་ཀུ་ཀ་ཨེ་ཀ་ཛ་ཞི་ཙི་ཏི་ཛ་ཀ་ཏི་ཡ༷་ཨ་ཙི་ཏེ་ན་ཀ་ཀུ་རུ་ཤ་ཏ་ཛ་ལ་མུ་ར་ཡ་ཕཊ། །དེ་ནས་དྲག་པོས་བསྲེག་པར་བྱ། །ཐལ་བ་མཛེ་ཐོད་ཆུ་མིག་ཏུ། །གཟའ་སྐོར་དྲག་པོ་རྩིབས་ལ་མནན། །མིང་རུས་མི་བསྲེག་མནན་པ་བྱ། །ནག་མོ་ས་ནག་གི་རྒྱུད་ལས། །མཛེ་ནད་དུག་མདར་འཕངས་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་སྨྱོ་འབོག་བརྒྱལ་ནད་དུ་གཏང་པ་ནི། །མཎྜལ་གོང་དང་མཐུན་པ་ལ། །སྨྱོ་འབོག་ཤི་བའི་ཐོད་པ་མྲ །མུ་ར་ཡ་ཡི་མིང་རུས་དང་། །གསེར་དང་དངུལ་ལས་བྱས་པ་ཡི། །རྒྱལ་པོ་ཐེའུ་རང་གཟུགས་བྱས་པ་ལ། །མིང་རུས་དེ་ལ་སྙིང་ཁར་བླན། །དར་ཟབ་དཀོར་ཆ་ལ་སོགས་ཐོད་པར་སྦ། །བལ་མོའི་དམ་རྫས་ཚང་བར་བསོག །སྙིང་སྣ་ཁྲག་སྣ་ཚང་བ་ཡང་། །ཐོད་པའི་ནང་དུ་སྩལ་བར་བྱ། །དུག་སྣ་མང་པོའི་གཏོར་མ་དང་། །དགྲ་བོའི་མིང་རུས་ཐོད་པ་ཀུན། །ནམ་མཁའ་དག་ལ་ཕྱར་བྱས་ལ། །རླུད་ལ་ཕྱར་ལ་སྔགས་འདི་བཟླས། །སྒག་ཤ་བཱ་ར་ཡ་རྩེ་ཏེ་ཁ་རག་མྱོས་ས་མ་ཡ་ཐམས་ཐམ་ཤོག་ཐམ་ཤོག་ཐམ། །བ༷་མུགས་སྟི་སྟ་ཛ་ལ་ཁུ་ཧི་ཙིསྟ་ཕུར་ཕྱོད་མྱོས་འུད་བྲན་ཕུང་སོད་ཨ་རོ་ཨེ་ཕཊ། །ཅེས་འབུམ་བཟླས་ལ་ལ་བཙས་ཉི་མའི་ནུབ་མོ་ནམ་ཕྱེད་ན་མནན་པ་བྱ། །འབོག་བརྒྱལ་དུ་གཏང་བའི་ལེའུ་སྟེ་བདུན་པའོ། །དེ་ནས་དུག་གིས་གསད་པ་ནི། །དྲག་པོའི་སྣོད་དུ་སྣ་ཚོགས་དུག །མངལ་ཁྲག་སྨྲེ་ཁྲག་རྣམ་པ་སྩལ། །སྣ་ཚོགས་དར་གྱིས་གྲིལ་བར་བྱ། །སྔོ་དམར་དཀར་ནག་སྐུད་པ་བཏགས། །ཉིད་ཀྱི་སྐུ་གཟུགས་ཕུར་པ་ལ། །སྲོག་གི་སྙིང་པོ་གདགས་པར་བྱ། །གཡས་སུ་མཐུན་པའི་རྫས་རྣམས་བསོག །གཡོན་དུ་དྲག་པོའི་དུག་གཏོར་གཞག །བསྒྲུབ་དང་དབང་བསྐུར་འདི་ཡིས་བྱ། །དྲག་ཏུ་ཀུར་ར་ལན་སེར་ཆུག་ཏུག་་ག་བེ་ཤ་ཁ་ཐུན་སྨྱོ། །ཞེས་བསྒྲུབ་དང་དབང་བསྐུར་བར་བྱའོ། །་ག་རག་ཤ་སྙིང་ཁ་རག་མུགས་བ༷་ནི་ཏི་སྟ་ཛ་ལ་ཁུ་ཧི། །ཏྲག་མོ་རུ་རུ་ཙ་པ་ལ་ཨ་ཤུག་མེ་སྨྱོ། །མེ་ད་ར་་ལི་བ་སྙིང་ཁ་རག་ར་སྐྲོ་བཛྲ་དུན་སྨྱོ། །ཨེ་ཀ་ཛ་གི་དགྲ་བོའི་ཤ་ལ་ཕཊ། །ཏྲག་ཤ་རག་ཤ་ཤ་ཁ་ལ་མི་ཏི་སྙིང་དུ་རག་མོ་སྨྱོ། །དུ་ནི་དུན་ཏིང་དུ་རུ་ཧ་ན་རྦད་དུ་སྨྱོ། །རྦད་དུ་ཚལ་པ་བ༷་རིལ་སྒག་རག་ཤ་རྦད། །སྙིང་ག་སྒ་རྦད། །ཁ་ཐུམ་རྦད། །ཙིསྟ་ཨ་ལོ་རྦད། །ཡག་མོ་ཧེ་ཀོ་ཛ་ཛ་རྦད། །སྙིང་ཁ་རག་ཤ་ཐུན་སྦྱོ། །ས་མ་ཡ་ད༷་ཛ་ཛ་ཐུན་སྨྱོ། །དུག་ཐུན་ནག་པོ་འདི་ནི་ལས་དྲག་པོ་ཐམས་ཅད་གདགས་སོ། །དུག་ཐུན་བསྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །།རྣལ་འབྱོར་ཆེན་པོ་གང་ཞིག་གིས། །ཨེ་ཀ་ཛ་གི་ས་ནག་བསྒྲུབ་འདོད་ན། །བྱ་བ་ཐམས་ཅད་སྔགས་པ་ཡི། །དགོན་པ་དུར་ཁྲོད་དབེན་པ་འམ། །ཡང་ན་བྲག་དམར་ནགས་ཚལ་ལམ། །གསང་སྔགས་པ་ཡི་ཐིག་པ་ཡི། །རྩ་བ་ཡན་ལག་དམ་ཚིག་བཅའ། །མིག་གི་འབྲས་བུ་བཞིན་དུ་བསྲུངས། །རྟོག་པའི་མཚོན་ཆས་སྤང་པ་དང་། །བདག་ཀྱང་བདུད་ཀྱི་བུ་མོ་བས། །འཇིག་རྟེན་མི་གཙང་རྟོགས་པ་ཡིན། །དམ་ཚིག་ཐུབ་པར་བགྲུངས་པ་ཡི། །གསད་དང་གསོ་བ་བདག་གིས་འགྲུབ། །གསང་བའི་དཀྱིལ་འཁོར་དབང་ཐོབ་པའི། །བླ་མའི་མན་ངག་དེ་སྙེད་པའི། །ཕྱག་རྒྱ་རྣམ་གཉིས་ངེས་པ་ཡིས། །ཏིང་ངེ་འཛིན་རྩེ་གཅིག་བསྒོམ་པ་དང་། །རྩ་བ་དང་ནི་ཡན་ལག་གི། །དམ་ཚིག་ཐུབ་པར་བསྲུངས་པ་ནི། །ཨེ་ཀ་ཛ་ཞི་བསྒྲུབ་པའི་མཆོག །ཐེག་མཆོག་སྨོད་ཅིང་སྐུར་ལ་སོགས། །དཀོན་མཆོག་སྤྱི་དག་ལ་མི་རྩོད། །ཐེག་ཆེན་མཆོག་ལ་མི་གནོད་པའི། །བདག་ཉིད་དགྲ་ལ་རྩོད་པ་དང་། །མ་ཉེས་པ་ལ་རྩོད་པ་དང་། །ཉེས་ཀྱི་རྣལ་འབྱོར་མཆེད་ལ་རྩོད། །རྣལ་འབྱོར་ཉམས་ལ་མི་རྩོད་དང་། དུར་ཁྲོད་དབེན་པར་མི་འདུག་དང་། རྣལ་འབྱོར་བསྲུངས་མ་ཡིན་པའི་ཕྱིར། །དམ་ཚིག་དབང་དང་ལས་ཀྱི་འབྲེལ། །རྩོད་ཅིང་ཞེ་ལ་འཛིན་པ་དང་། །འཁོན་གྱི་བར་དུ་འཇུག་པ་དང་། །འཇིག་རྟེན་པ་ཡི་མི་གཙང་བ་དང་། །དེ་ལྟ་བ་ཡི་ལས་བྱས་ན། །ཚེ་ཡི་བར་ཆད་འབྱུང་བའོ། །གཞན་ཡང་ས་ནག་བསྒྲུབ་པ་ལ། ཁེན་ཏུ་གསང་ནས་མི་བརྟེན་ན། །ཏིང་འཛིན་ཤུགས་དང་མི་ལྡན་པའི། །རྣལ་འབྱོར་པ་ཡི་རྩོད་བྱས་ན། །རྩད་ཀྱང་འགྲུབ་པར་མི་འགྱུར་རོ། །དེ་བས་འདི་ནི་འདའ་བར་དཀའ། །དམ་ཚིག་འདི་ལས་མ་འདས་ན། །ཨེ་ཀ་ཛ་གི་མ་བས་བྱམས། །པ་ཏི་པོ་གྲོག་པས་བྱམས། །མ་མོ་ནག་མོ་འབུམ་རྣམས་ཀྱང་། །མཁའ་ལ་སྦྱིན་འདུས་བཞིན་དུ་འདུ། །དམ་ཅན་རྣལ་འབྱོར་གང་ཞིག་གིས། །ལྟབས་ཐག་གཅད་སྤྱོད་པས་ལ་བོར་ནས། །མི་ཆོས་གཡེངས་པའི་ལས་ལ་ཆགས་མི་བྱ། །གྲོང་ཡུལ་འདུ་འཛིའི་ཟས་ལ་ཆགས་མི་བྱ། །རྨི་ལམ་རིན་ཆེན་བསྟན་པར་བྱ་བ་ལ། །མ་དང་སྒྱུག་མོར་མཐོང་ན་དངོས་གྲུབ་རབ། །མཛའ་མོ་གྲོག་མོར་མཐོང་ན་དངོས་གྲུབ་འབྲིང་། །ཆུང་མ་བུད་མེད་གཞན་དུ་མཐོང་ན་ཐ་མ་ཡིན། །དེ་གསུམ་བྱུང་ན་འགྲུབ་པར་གསུངས་པ་ཡིན། །ནམ་མཁའ་ཁ་དོག་ལས་ཀྱི་དུས་སུ་ནི། །དམར་ནག་སྔོ་ནག་སེར་ནག་སྦྱིན་བྱུང་བ། །ས་ནག་གྲུབ་པ་ཡིན་པར་གསང་བདག་གསུང་། །ས་ཏི་ནག་པོའི་རྒྱུད་ལས་དམ་ཚིག་ལྟ་སྦྱོད་རྨི་ལམ་གྱི་ལེའུ་སྟེ་དགུ་པའོ།། །།ས་ནག་ཐུགས་ཀྱི་རྒྱུད་ཤིན་ཏུ་གསང་བ་། །རྣིར་ཤ་ཀུ་རུ་རྣིར་ཤ་ཀུ་སྲ །ཁ་སོ་པ་ཧྲི་ཡམ། །སེན་མེན་ཡ༷། །རུ་ཡ༷། །ཙིཏི་ཀུ་ལུ་ནན། །ཚ་རམ་ཁད་ཚ་ཁ་ར་མ། །ལྕེ་རམ་སོ་ཏི་ཁ་ར་མ་སུ་རྣེར་ཏི་རྣེར་ཏི་ཛ། །ཙན་དྷ་ཧ་དྷི་ཏྲི་ར་ཁ་ལི་ཤ་རག་ཏྲ་དུ་སི་དུ་སི་ཏྲག་ཏ་རེ་ར༷། །རྫོགས་སོ།། །།