Ngb-pt-0617-vol-07-text

From Rangjung Yeshe Wiki Texts
Revision as of 07:10, 20 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

བ་བྱས་པ། རྣམ་པར་སྣང་མཛད་ཀྱི་སྙིང་པོ་ལས་ཡང་དག་པར་འབྱུང་བ་སྣ་ཚོགས་དང་། རྡོ་རྗེ་དང་། རིན་པོ་ཆེ་ཆེན་པོ་དང་། འོད་དཔག་མེད་ཀྱི་སྤྱོད་པ་བསྐྱོད་ནས། སྒོ་ཞིང་སེཆེན་འིཚོངང་ང་་འི་་་་བ འ་ག་སྐབས་ནས་བྱུང་བ། བྱང་ཆུབ་ མས་དཔའ་ ་པ ་ གས་དང་། རག་པའ་ལྷ་མ་རྣམས་ཀྱས་བརྒྱན་པ། ཁྲ་བ ་རྒྱལ་པ་དང་། བྲན་དང་། བྲན་མ་དང་། ཕ་ཉ་དང་། ཕ་ཉ་་ང་ང་ངངངངེཛིང་ཤེངདེདེངངམིམ་དང་། ཕྱག་བརྙན་དང་། ཕྱག་བརྙན་མ་དུ་མའ་འཁར་གྱས་བསྐར་ཅང་། མདུན་གྱས་བལྟས་པས། །ཏང་ ་འ ན་གྱ་ཡ་ ས་ཀྱ་བ ་བ་ འ་བདག་ཉད་ལ་ད གས་པ་དང་མ་བྲལ་བ། ཐུགས་རྗེ་ཆེན་པོསམཉེསགཤིན པ། སེམས་ཅན་ཐམས་ཅད་བསྐུལ་བ་ལ་བརྩོན་པ་མཛད་པ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་ལ་སོགས་པ་མང་པོས་བརྒྱན་པ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པ་བཞུགས་སོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་འཁོར་གྱི་དབུས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་གཟིགས་ནས་འཛུམ་པ་མཛད་དོ། །འཛུམ་པ་མཛད་པ་སྣང་བར་གྱུར་མ་ཐག་ཏུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བློ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། འགྱིང་བག་ཅན་དུ་བལྟས་ནས་རྡོ་རྗེ་གསོད་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ལག་པ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་གསོལ་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགོངས་པ་མ་མཆིས་པར་འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་ཀྱིས་དགོངས་པ་གང་གི་སླད་དུ་གཟིགས་པ་དང་འཛུམ་པ་མཛད། དེས་ན་བདག་དང་འཁོར་རྣམས་ངོ་མཚར་དུ་གྱུར་ལགས་ན།དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་སེང་གེ་ཆེན་པོའི་སྒྲ་དབྱངས་ཀྱིས་བཀའ་སྩལ་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་གསོལ་བ་བཏབ་མ་ཐག་ཏུ། བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་གྱི་དྲ་བ། ཡེ་ཤེས་ཆེན་པོས་རྣམ་པར་བསྤྱིངས་པ། རྒྱུད་ཐམས་ཅད་ཀྱི་ཕྱི་མའི་ཡང་ཕྱི་མའི་ཐབས་བདེ་བ། རྡོ་རྗེའི་ཡེ་ཤེས་བསྒྲུབ་པ། རོལ་པས་མཉེས་བར་བྱ་བའི་ཐབས དེ་ཁོ་ན་ཉིད་ཐམས་ཅད་ཀྱི་འབྱུང་གནས། སྟངས་ཐབས་ཀྱིས་རྣམ་པར་རྒྱལ་བའི་ཐབས་དང་ཤེས་རབ་ཆེན་པོ་རྡོ་རྗེས་བསྒོལ་བ་རོལ་པས་བཞད་ཅིང་བསྤྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྒྱུ་འཕྲུལ་གྱི་དྲ་བའི་རྒྱུད་ཀྱི་དམ་ཚིག་དང་། དཀྱིལ་འཁོར་དང་། རི་མོའི་གཟུགས་དང་། བསྒོམ་པ་དང་། བཟླས་བརྗོད་དང་། སྟངས་ཐབས་དོང་། སྦྱོར་བ་དགོད་པ་དང་། ཏིང་ངེ་འཛིན་དང་།བསྐྲད་པ་དང་། དགྲོག་པ་དང་། བཅིང་བ་དང་། བརྡེག་པ་དང་། བསྡིག་པ་དང་། ཉམ་ཐག་པར་བྱ་བ་དང་། བཅད་པ་དང་། བསྲེག་པ་དང་། སྐམ་པ་དང་། བསྐྲུན་པ་དང་། དབང་བསྐུར་བ་སྦྱིན་པ་དང་། སློབ་དཔོན་དང་སློབ་མ་ཡོངས་སུ་གཟུང་བ་དང་། གསང་སྔགས་མང་པོའི་རྫོགས་ཚུལ་རྣམས་ངས་བཤད་པར་བྱ། དེའི་ཕྱིར་ཐམས་ཅད་ཀྱིས་ཏིང་ངེ་འཛིན་མཆོག་ལ་སྙོམས་པར་ཞུགས་ལ་དེ་ཉོན་ཅིག །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། གཞན་ཡང་གང་དག་འཁོར་དུ་འདུས་པ་དེ་དག་ཐམས་ཅད་ཀྱིས། ཆོས་ཀྱིས་འབྲེལ་བའི་གཏན་མཉན་པར་བརྩམས་སོ། །དེ་ལ་རེ་ཞིག་དང་པོ་དངོས་གྲུབ་ནི། སློབ་དཔོན་གྱི་རྗེས་སུ་འབྲང་བ་ཡིན་པས། སློབ་དཔོན་མེད་པར་གྱུར་ན་ནི། །དངོས་གྲུབ་ཐོབ་པར་མི་འགྱུར་བས། །སློབ་དཔོན་མཚན་ཉིད་བཤད་པར་བྱ། །ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད། །གསང་སྔགས་རྒྱུད་ཀྱི་སྦྱོར་ཤེས་པས། །དཀྱིལ་འཁོར་བྲི་བའི་ལས་བྱའོ། །དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །ཐེག་པ་ཆེ་ལ་བརྟག་དཀའ་བ། །དེ་ནི་སློབ་དཔོན་ཡིན་པར་གསུངས། །ཕྱི་རོལ་བསྟན་ཆོས་ཡེ་ཤེས་དང་། །ཉན་ཐོས་རྣམས་ཀྱི་ལམ་འགྲོ་དང་། །གསང་བ་དེ་ཉིད་བསྡུ་བ་དང་། །ཐེག་པ་ཆེན་པོ་མི་ཤེས་པ། །སྙིང་རྗེ་ཡོད་པ་མ་ཡིན་དང་། །དད་པ་མེད་དང་བརྩོན་འགྲུས་མི་ལྡན་ལ། །རྟག་ཏུ་ངན་པའི་ཚུལ་སྤྱོད་དང་། །བསྟན་བཅོས་རྣམས་ལ་སྨོད་པ་མིན། །གོང་དུ་བསྟན་པའི་མཚན་ཉིད་དང་། །ལྡན་པ་སློབ་དཔོན་ཡིན་པར་གཟུང་། །དེ་ཡིས་དཀྱིལ་འཁོར་བྲི་བ་དང་། །དེ་ཉིད་ཀྱིས་ནི་རྒྱུད་རྣམས་བསྟན། །དེ་ཡིས་བསྟན་པའི་གསང་སྔགས་དག །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དགེ་དང་སྒོམ་ལ་དགའ་བ་དང་། །རྟག་ཏུ་བླ་མ་ལ་གུས་དང་། །རྒྱུན་དུ་ལྷ་རྣམས་མཆོད་བྱེད་པའི། །ཡོན་ཏན་བདེ་ལྡན་སློབ་མ་ཡིན། །སློབ་དཔོན་ཇི་འདྲ་ལྟ་ཞེ་ན། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ནི་རྟག་ཏུ་རྡོ་རྗེ་འཆང་། །དེ་བཞིན་གཤེགས་པ་རིནཆེནཏོག །དེནིཡེཤེས་རྒྱ་མཚོ་ཆེ། །ཡིདབཞིནནོརབུརིནཆེན་སྤྱིན། །སློབ་དཔོན་གྱི་ནི་ཡོན་ཏན་གཟུང་། །སྐྱོན་རྣམས་ཀྱང་ནི་མ་ཡིན་ནོ། །ཡོན་ཏན་གཟུང་བས་དངོས་གྲུབ་ཅིང་། །སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས། །དེ་ཡི་གྲིབ་མ་མི་འགོམ་སྟེ། །མཆོད་རྟེན་བཤིག་དང་འདྲ་བར་གསུངས། །རྒྱུ་དང་མི་རྒྱུ་གསང་བ་ཡི། །དམ་པ་ཐམས་ཅད་སྤངས་པར་འགྱུར། །སློབ་དཔོན་སྨོད་པར་བྱེད་པ་དག །རྨི་ལམ་དུ་ཡང་མཐོང་མི་བྱ། །སློབ་དཔོན་སྨོད་པ་གང་ཡིན་ཏེ། །བགེགས་དང་ལོག་འདྲེན་རྣམས་ཀྱིས་གཟུང་། །ངན་པ་ག་་པོའི་ལས་བྱེད་པ། །མཁས་པས་རྟག་ཏུ་སྤང་བར་བྱ། །མནར་མེད་ཤིན་ཏུ་སྐྱི་གཡའ་བའི། །དམྱལ་བ་བསྟན་པ་གང་ཡིན་པ། །དེར་ནི་སློབ་དཔོན་སྨོད་བྱེད་པ། །གནས་པར་འགྱུར་ཞེས་རབ་ཏུ་གསུངས། །དེ་ཕྱིར་ཀུན་གྱིས་རབ་བསྒྲིམས་ཏེ། །བསམ་ཡས་འབྲས་བུ་སྨིན་བྱེད་པ། །སངས་རྒྱས་འབྲས་བུ་འདོད་པ་ཡི། །སེམས་ཅན་དད་པས་དེ་མཆོད་ཅིག །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་གྱི་དྲ་བ་ལས། འཇུག་པའི་རིམ་པར་ཕྱེ་བ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་རྡོ་རྗེའི་དེ་བཞིན་གཤེགས་པས། ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས། སྒྱུ་འཕྲུལ་ཆེན་པོའི་ཡེ་ཤེས་དགྱིངས་པ། །གསང་བའི་བྱིན་གྱིས་བརླབས་ཀྱི་མཆོག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་ནས་ཀྱང་རྡོ་རྗེ་འཆང་ལ་བཀའ་སྩལ་པ། ཕྱ་ག་ན་རྡོ་རྗེ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ། དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱི་མའི་ཡང་ཕྱི་མ། ཡེ་ཤེས་ཆེན་པོའི་སྙིང་པོ་འབར་བ། རྡོ་རྗེའི་བསྙེན་བཀུར་བྱེད་པ་ཞེས་བྱ་བའི་དཀྱིལ་འཁོར་འདིར་དབང་བསྐུར་ན། དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བར་འགྱུར་བ། ཕྱག་ན་རྡོ་རྗེ་སེམས་དཔའ་གང་ལལས་མཚོན་ཅིང་མཐོང་བ་དག་ཀྱང་། དེ་བཞིན་གཤེགས་པ་ཐམས་ཅད་ཕྱག་བྱས་པ་དང་། མཆོད་པ་བྱས་པར་འགྱུར། གང་དག་ཞུགས་པ་དེ་དག་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་ཉིད་ཀྱི་གྲངས་སུ་འགྲོ་བར་འགྱུར་པ་དེ་ཉོན་ཅིག །དང་པོ་ཁོ་ནར་ས་ཡོངས་སུ་གཟུང་པར་བྱ་སྟེ། སློབ་དཔོན་གྱིས་ལྷ་ཉིད་ཀྱི་སྟང་སྟབས་སུ་འདུག་ལ། ལག་པ་གཡས་པས་བསྒྲིམས་ཏེ་རྡོ་རྗེ་གསོར་ཞིང་། ལག་པ་གཡོན་པས་དྲིལ་བུ་གསིལ་ནས། རྡོ་རྗེའི་འགྲོས་ཀྱིས་དཀྱིལའཁོར་གྱི་ས་བརྗིད་བག་དང་བཅས་པས་ཡོངས་སུ་བསྐོར་བར་བྱའོ། །རྒྱན་རྣམས་ཀུན་གྱིས་རབ་བརྒྱན་ལ། །ཁྲོ་བོ་ང་རྒྱལ་ཧུ༷་བརྗོད་ཅིང་། སྡང་བའི་ལྷ་དང་ལྷ་མ་ཡིན། །གསང་བར་བཅས་པས་བསྐྲད་པར་བགྱི། །ཁྲོ་བོའི་སྐུ་ནི་བསྒོམས་ནས་སུ། །ཚིག་འདི་རབ་ཏུ་བརྗོད་པར་བྱ། །སློབ་དཔོན་མིང་འདི་ཞེས་བྱ་བས། སློབ་མ་ཆེ་གེ་མོ་ཞིག་གིས་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བ་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། ས་ཕྱོགས་འདིར་དཀྱིལ་འཁོར་གྱི་རྒྱལ་པོ་མིང་འདི་ཞེས་བྱ་བ་འབྲི་ཡིས། ལྷ་དང་། ལྷ་མ་ཡིན་དང་། གནོད་སྤྱིན་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། བརྗེད་བྱེད་དང་། འབྱུང་པོ་དང་། མཁའ་འགྲོ་མ་དང་། གནོན་པོ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། རིག་སྔགས་གྲུབ་པ་རྒད་པོ་དང་རྒན་མོ་གཡོག་དང་འཁོར་དུ་བཅས་པ་གང་དག་འཁོད་པ་རྣམས་དེངས་ཤིག །འདི་ལྟར་རྡོ་རྗེ་འཆང་གི་བཀའ་ཐོས་ནས་མྱུར་བ་ཉིད་དུ་དེངས་ཤིག །གང་དག་མི་འགྲོ་བ་དེ་དག་ནི། ཕྱག་ན་རྡོ་རྗེ་ཧཱུཾ་ཞེས་བྱ་བ་རབ་ཏུ་བོས་པའི་བཞིན་འབར་བ་ཅན་གྱིས། ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་རབ་ཏུ་འབར་བས་མགོ་ཚལ་པ་བརྒྱར་འགེམས་པར་འགྱུར་རོ། །ཞེས་ལན་གསུམ་བརྗོད་ནས་སྟང་སྟབས་ལ་གནས་བཞིན་དུ། ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །གཡས་བརྐྱང་དང་། གཡོན་བརྐྱང་དང་། སེང་གེའི་འདུག་སྟངས་དང་། ཟླུམ་པོའི་འདུག་སྟངས་དང་། མཐུན་པའི་རྐང་སྟབས་དང་། རུས་སྦལ་གྱི་རྐང་སྟབས་དང་། རྡོ་རྗེ་བརྡེག་པ་དང་། རྡོ་རྗེ་འཇོ་ཚུལ་དང་། རྐང་པ་གཅིག་གི་སྟངས་དང་། བུང་བའི་འཕུར་སྟངས་དང་། སེང་གེའི་སྟབས་དང་། སེང་གེའི་གླལ་བ་དང་། རྡོ་རྗེ་སྒྲོགས་དང་། རྡོ་རྗེ་གསོར་བ་དང་། རྡོ་རྗེའི་ལྟང་སྟབས་དང་། རྡོ་རྗེའི་གར་དང་། རྡོ་རྗེའི་འཇིགས་སུ་རུང་བ་དང་། རྡོ་རྗེ་རོ་ལངས་མ་དང་། རྡོ་རྗེ་ཐོ་བ་དང་། སྒོ་བཞི་བྱིན་གྱིས་བརླབས་དང་། རྡོ་རྗེ་གདུ་བུ་དང་། བུད་མེད་ཀྱི་སྒྱུ་འཕྲུལ་གྱི་སྟང་སྟབས་དང་། རྡོ་རྗེ་དྲལ་པ་དང་། རྡོ་རྗེ་སྟོབས་པོ་ཆེ་བརྡེག་པ་དང་། རྡོ་རྗེའི་མཆེ་བ་དང་། རྡོ་རྗེ་གད་མོ་དང་། རྡོ་རྗེ་སྒྲ་དང་། རལ་གྲིའི་ཐབས་དང་། རྡོ་རྗེའི་ཐབས་དང་། འཁོར་ལོའི་ཐབས་དང་། ག་་ཤིང་གི་ཐབས་དང་། བ་དན་གྱི་ཐབས་དང་། ཞགས་པའི་ཐབས་དང་། པདྨའི་ཚུལ་དང་། བེ་ཅོན་གྱི་ཐབས་དང་། མི་འཇིགས་པའི་ཚུལ་དང་། ལྕགས་ཀྱུའི་ཐབས་དང་། འབྲས་བུའི་ཚུལ་དང་། མདུང་གི་ཐབས་དང་། གཞུའི་ཐབས་དང་།མདའ་གཟུང་བའི་ཐབས་དང་། མདའ་འཕང་བའི་ཐབས་དང་། ཐག་མདུང་བསྐོར་བའི་ཐབས་དང་། མཆོག་སྤྱིན་པའི་ཚུལ་དང་། མདུང་ཐུང་གི་ཚུལ་དང་། མཚོན་རྩེ་གཅིག་པའི་ཐབས་དང་། ཕྱག་འཚལ་བའི་ཚུལ་དང་། རྡོ་རྗེ་འདུག་སྟངས་དང་། བསམ་གཏན་གྱི་ཚུལ་དང་། རྡོ་རྗེ་སྐྱིལ་མོ་ཀྲུང་དང་། པདྨའི་འདུག་སྟངས་དང་། སེམས་དཔའི་སྐྱིལ་མོ་ཀྲུང་དང་། དཔའ་བོའི་འདུག་སྟངས་དང་། བཟང་པོའི་འདུག་སྟངས་དང་།ཙོག་བུའི་འདུག་སྟངས་དང་། བརྩེ་བའི་སྟངས་ཐབས་དང་། མདུན་དུ་སྣུར་བ་དང་། ཕྱིར་དགེད་པ་དང་། མཐའ་ཡས་དང་། རྣམ་པར་རྒྱལ་བ་དང་། སྤྲིན་སྒྲ་དང་། གསུས་པོ་ཆེ་དང་། རྒྱལ་པའི་ཕུར་བུས་གནས་ལྔ་བཅིང་བ་དང་། ཕུར་བུ་བརྡུང་བ་དང་། དྲ་བས་མཚམས་བཅད་པ་དང་། ཕྱོགས་བཅིང་བ་དེ་ལྟ་བུས་ས་གཞི་རྡོ་རྗེའི་རང་བཞིན་འོད་འབར་བས་འཁྲིགས་པར་བསྒོམས་ཏེ་གཏན་ལ་དབབ་པར་བྱའོ། །རང་གི་མིང་ནས་སྨོས་ཏེ། ཧུ༷་ཞེས་བྱ་བའི་གསང་སྔགས་ཀྱི་སྒྲ་འདི་བརྗོད་ན། འཁོར་ལོ་ཐམས་ཅད་ཀྱི་བླ་ན་མེད་པར་འགྱུར། དེ་ནས་སའི་ལྷ་མོ་སྟ་གོན་དུ་གནས་པར་བྱ་སྟེ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་གྱི་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །དངོས་འགྲུབ་ཐམས་ཅད་ཐོབ་བྱའི་ཕྱིར། །བདག་གིས་དཀྱིལ་འཁོར་བྲི་བར་བྱ། །ཞེས་ལན་གསུམ་བརྗོད་དོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྟ་གོན་དུ་གནས་པ་སྟེ། ཐུགས་བརྩེ་ཕན་པའི་དགོངས་པ་ཅན། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །སྲས་དང་ཐབས་ཅིག་གཤེགས་ནས་སུ། །ས་གཞི་ཡོངས་སུ་གཟུང་བར་མཛོད། །དེ་ནས་འཁོར་ལོའི་དབུས་སུ་སྤོས་ཀྱི་དཀྱིལ་འཁོར་བྱས་ལ། མཐའ་ཀུན་ཏུ་ཡང་མཚན་ནས་སྨོས་ཏེ་དཀྱིལ་འཁོར་བྱའོ། །དེ་ནས་སྤྱན་དྲངས་ཏེ་མཆོད་པས་མཉེས་པར་བྱས་ནས་ཕྱིར་ཕྱུང་སྟེ་ཕྱོགས་ཀྱི་གཏོར་མ་སྤྱིན་ནོ། །དེ་ནས་སེམས་ཅན་སྟ་གོན་དུ་གནས་པར་བྱ་སྟེ། སྤོས་ཆུས་སྤྱི་བོར་བསང་གཏོར་བྱས་ནས། ལག་པས་སྙིང་ཁར་བྱས་ནས་སུ། །རྩེ་མོ་ལྔ་པ་རྒྱ་གྲམ་བྱ། །གཡས་ལ་སྲུང་སད་བཅིངས་ནས་སུ། །ལག་མཐིལ་སོ་ཤིང་ཀུ་ཤ་སྤྱིན། །དེ་ནས་འདུག་སྟེ་གསུམ་ལ་སྐྱབས་སུ་བཏང་བ་དང་། །སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བདག་ཉིད་དབུལ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེ་ལ་འདི་ནི་སྐྱབས་སུ་འགྲོ་བ་ཡིན་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །འགྲོ་བའི་དགེ་ལ་ཡི་རང་སྟེ། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་ལན་གསུམ་བརྗོད་དོ། །དེ་ནས་ཅི་ནུས་ཀྱིས་ཅི་འདོད་པའི་ཆོས་བཤད་པར་བྱའོ། །སྔར་བསྟན་པའི་སྟངས་ཐབས་ཀྱིས། མཆོད་པའི་ཆོ་ག་བྱ་བ་དང་། །རྗེས་སུ་དགྱེས་པ་ལེགས་བྱས་ལ། །དེ་ནས་ནང་ཞུགས་སླར་གཤེགས་གསོལ། དེ་ནས་ནང་དུ་ཞུགས་ལ་དཀྱིལ་འཁོར་གྱི་ས་གཞིར་གློ་གཡས་པས་ཉན་ཏེ། །རྨི་ལམ་བཟང་ངན་བལྟས་ནས། །ཕྱི་ཉིན་དཀྱིལ་འཁོར་བྲི་བར་བྱའོ། །ཚོན་དང་ཐིག་ལ་སངས་རྒྱས་རིགས་ལྔའི་ངོ་བོ་དག་ཀྱང་སྤྲུལ་པར་བྱ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རྣམ་གྲོལ་མཛད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྣམ་སྣང་མཛད་རྒྱལ་བདག་བྱས་ཏེ། །ཉེས་པ་ཐམས་ཅད་སྤངས་པ་ཡི། །ཚོན་རྩི་དགྱེ་བ་བརྩམ་པར་བྱ། །དང་པོ་སློབ་དཔོན་ཉིད་ཀྱིས་དགྱེ། །དེ་ནས་སློབ་མས་ཀུན་ཏུ་བྱ། །དང་པོ་ས་གཞི་ཡོངས་སུ་བཟུང་། །གཉིས་པ་སྟ་གོན་གནས་པ་སྟེ། །ནུབ་གསུམ་པ་ནི་འཇུག་པ་ཡིན། །ཚོན་སྣ་ལྔ་པའི་སྲད་བུ་ཡིས། ཁྲུ་སྟོང་ངམ་ནི་ལྔ་བརྒྱ་པར། །དཀྱིལ་འཁོར་དམ་པ་ཐིག་གདབ་བོ། །ཡང་ན་ཁྲུ་ལྔའམ་ཁྲུ་དོ་པ། །ཁྲུ་གང་བ་ཡི་བར་དུ་བྱ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་བརྒྱན་པ་ཡི། །དབུས་སུ་འཁོར་ལོ་ལེགས་པར་བྲི། །དཀྱིལ་འཁོར་དུ་རྣམ་པར་སྣང་མཛད་གཞག །ཤར་ཕྱོགས་སུ་ནི་མི་འཁྲུགས་པ། །ལྷོ་ཕྱོགས་སུ་ནི་རིན་ཆེན་འབྱུང་། །ནུབ་ཕྱོགས་སུ་ནི་འོད་དཔག་མེད། །བྱང་ཕྱོགས་དོན་ཡོད་རྡོ་རྗེའོ། །འཁོར་ལོའི་གྲྭ་བཞིར་ལྷ་མོ་བཞི། །དངོས་གྲུབ་སྤྱིན་པར་མཛད་པ་བྲི། །དབང་བདག་གི་ཕྱོགས་སུ་ནི་སྤྱན་མའོ། །མེའི་ཕྱོགས་སུ་སྙི་མ་ཀིའོ། །བདེན་བྲལ་གྱི་ཕྱོགས་ནི་གོས་དཀར་ཅན་ནོ། །རླུད་གི་ཕྱོགས་སུ་ནི་ལྷ་མོ་སྒྲོལ་མའོ། །རྡོ་རྗེ་ཤུགས་ཀྱིས་ཕྱིར་ཕྱུང་ནས། །རིམ་པ་གཉིས་པ་ལ། ཤར་ཕྱོགས་སུ་རྡོ་རྗེ་སེམས་མ། ལྷོར་རྡོ་རྗེ་རིན་ཆེན་མ། ནུབ་ཏུ་རྡོ་རྗེ་ཆོས་མ། བྱང་དུ་རྡོ་རྗེ་ལས་མ་རྣམས་བྲིའོ། །གྲྭ་རྣམས་སུ་སྐུལ་བྱེད་མ་དང་། རིན་ཆེན་སྒྲོལ་མ་དང་། ཁྲོ་གཉེར་ཅན་དང་། རྡོ་རྗེ་ལུ་གུ་རྒྱུད་རྣམས་སོ། །དེ་ནས་ཡང་འགྱི་བག་ཏུ་ལངས་ཏེ། རྡོ་རྗེ་ཤུགས་ཀྱིས་ཕྱིར་ཕྱུང་ནས། རིམ་པ་གསུམ་པ་ལ། ཤར་ཕྱོགས་སུ་བྱང་ཆུབ་སེམས་དཔའ་བྱམས་པ་དང་། འཇམ་དཔལ་དང་། སྤོས་ཀྱི་གླང་པོ་དང་། ཡེ་ཤེས་ཏོག་རྣམས་བྲིའོ། །ལྷོ་ཕྱོགས་སུ་བཟང་སྐྱོང་དང་། བློ་གྲོས་རྒྱ་མཚོ་དང་། བློ་གྲོས་མི་ཟད་པ་དང་།སྤོབས་པ་བརྩེགས་རྣམས་བྲིའོ། །ནུབ་ཕྱོགས་སུ་མཐུ་ཆེན་ཐོབ་པ་དང་། ངན་སོང་ཐམས་ཅད་སྤོང་བ་དང་། །མྱ་ངན་གྱི་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་དང་། །དྲ་བ་ཅན་གྱི་འོད་རྣམས་བྲིའོ། །བྱང་ཕྱོགས་སུ་ཟླ་འོད་དང་། །འོད་དཔག་མེད་དང་། །ནམ་མཁའ་མཛོད་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་རྣམས་བྲིའོ། །ཤར་སྒོར་ནི་གཤིན་རྗེ་གཤེད་བྱེད་དོ། །ལྷོ་སྒོ་ནི་ཤེས་རབ་མཐར་བྱེད་དོ། །ནུབ་སྒོར་ནི་པདྨ་མཐར་བྱེད་དོ། །བྱང་སྒོར་ནི་བགེགས་ཀྱི་གཤེད་བྱེད་དོ། །གྲྭ་རྣམས་སུ་མི་གཡོ་བ་དང་། །འདོད་པའི་རྒྱལ་པོ་དང་། །བེ་ཅོན་སྔོན་པ་དང་། །སྟོབས་པོ་ཆེའོ། །ཟུར་རྣམས་སུ་རྡོ་རྗེ་བྲིའོ། །སྒོའི་གོང་འོག་ཏུ་ཡང་རྡོ་རྗེ་བྲིའོ། །འཁོར་ལོའི་ཚོན་རྩི་དཀར་པོས་བྲིའོ། །གཉིས་པ་ནི་ཚོན་རྩི་དཀར་པོ་དང་། སེར་པོ་དང་། སྔོན་པོ་གསུམ་གྱིས་བྲིའོ། །གསུམ་པ་ནི་ཚོན་སྣ་ལྔས་བྲི་བར་བྱ་སྟེ། དེ་ལྟ་བུའི་དཀྱིལ་འཁོར་ཆེན་པོ་ཡིན་ནོ། །དེ་ནས་དབང་བསྐུར་དོན་དུ་དཀྱིལ་འཁོར་གྲུ་བཞི་པ་སྒོ་བཞི་དང་ལྡན་པ་རིམ་པ་གཉིས་པར་བྱའོ། །དབུས་སུ་ནི་པདྨ་འདབ་མ་བརྒྱད་པ་སྙིང་པོ་དང་བཅས་པ་བྲིའོ། །སྣམ་བུ་གཉིས་པ་ལ། ཤར་ཕྱོགས་སུ་རྡོ་རྗེ། ལྷོ་ཕྱོགས་སུ་རིན་པོ་ཆེ། ནུབ་ཕྱོགས་སུ་པདྨ། བྱང་ཕྱོགས་སུ་རལ་གྲི་སྟེ། དེ་ལྷ་བུའི་དཀྱིལ་འཁོར་བྲི་བར་བྱའོ། །དེ་ནས་སློབ་དཔོན་གྱིས་ལུས་ལེགས་པར་བཀྲུས་ཏེ། སྤོས་ཀྱིས་བཀྲུས་ནས། ལེགས་པར་བདུགས་པའི་མེ་ཏོག་གི་འཕྲེང་བ་མགོ་ལ་བཅིངས་ཏེ། མགུལ་བ་རས་ཀྱིས་བཅིངས་པ་ལ། །ལྡུམ་བུ་ཡིས་ནི་ཁ་བཀབ་པ། །རིན་ཆེན་སྨན་འབྲུ་སྣ་ལྔ་དང་། སྤོས་ཆུ་ཡིས་ནི་བཀང་བ་ཡི། །བུམ་པ་མངོན་པར་བསྔགས་པར་བྱ། །རྣམ་རྒྱལ་བུམ་པའི་དཀྱིལ་འཁོར་གྱི། །བདག་པོ་ལྷ་མོ་རྣམས་ཀྱི་གཞི། །ལྷ་རྣམས་ཀུན་གྱི་བུམ་པ་བཞི། །སྒོ་ཡི་ཕྱོགས་ཀྱི་བུམ་པ་ནི། །ལས་ཀུན་བྱེད་པར་བཟླས་བརྗོད་དེ། །སེམས་ཅན་ཀུན་ལ་བསང་གཏོར་བྱ། །ཡང་ན་ཀུ་ཤའི་ཆུན་པོ་བྱ། །དེ་ནས་བུམ་པ་མངོན་པར་བསྔགས་ཏེ། ལྷ་བཤོས་དང་གཏོར་མ་ཕུལ་ནས། མེ་ཏོག་དང་། བདུག་པ་དང་། དྲི་དང་། འཕྲེང་པ་དང་། མཆོད་ཡོན་དང་། ཞབས་བཀྲུ་བ་ལ་སོགས་པ་དབུལ་ལོ། །དེ་དག་ཕུལ་ནས་བུམ་པ་རྣམས་གྲྭར་གཞག་པར་བྱའོ། །རྣམ་པར་རྒྱལ་བའི་བུམ་པ་ནི་དབུས་སུ་སྤྱན་དྲང་བར་བྱའོ། །དེ་བཞིན་གཤེགས་པ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷའི་འཁོར་རྣམས། རྡོ་རྗེ་ལྕགས་ཀྱུ་འབར་བས་སྤྱན་དྲངས་ནས་བསལ་བ་དང་། གཞུག་པ་དང་། བསྡམ་པ་དང་། དབང་དུ་བྱས་ཏེ། ཕུར་བུ་དང་། ར་བ་དང་། དྲ་བས་ཕྱོགས་བཅིང་བ་དང་། མཚམས་བཅད་པ་བྱས་ལ། མཆོད་ཡོན་དང་། ཞལ་བསིལ་དང་། གདན་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་ཡང་དངོས་སུ་ཕུལ་ནས། ཕྱག་རྒྱའི་ཚོགས་རྣམས་རང་རང་ལ་བསྟན་པར་བྱའོ། །བསྟོད་པ་དང་། རྡོ་རྗེའི་གླུ་དང་། དྲིལ་བུ་གསིལ་བའི་སྒྲ་དང་། སིལ་སྙན་དང་། གླིང་བུ་དང་། རྒྱུད་ཀྱི་སྒྲའི་ཁྱད་པར་ཡང་དབུལ་ལོ། །རོལ་མོའི་ཁྱད་པར་གཞན་རྣམས་ཀྱིས་ཀྱང་བསྟོད་པར་བྱའོ། །བསྟོད་ནས་བཟོད་པ་གསོལ་ཏེ། དངོས་གྲུབ་ཐམས་ཅད་ཀྱི་ཕྱིར་གསོལ་བ་གདབ་བོ། །དེ་ནས་སློབ་དཔོན་བདག་ཉིད་ལ་ཞུགས་ཏེ། དེའི་འོག་ཏུ་སློབ་མ་གཞུག་གོ །དེ་ནས་སེམས་ཅན་ཐམས་ཅད་དང་། སྙིང་པོ་འདི་དང་། ཕྱག་རྒྱས་གནས་ལྔ་བསྲུང་ཞིང་ཆོ་ག་ཡང་བྱའོ། །ཛི་ན་ཛིག །རད་ན་དྷིག །ཨ་རོ་ལིག །བཛྲ་དྷིག །དེ་ནས་ཚིགས་སུ་བཅད་པ་འདིས་གཞུག་པར་བྱ་སྟེ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕོ་བྲང་དཀྱིལ་འཁོར་སྙིང་པོ་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །རྡོ་རྗེ་སེམས་མས་མེ་ཏོག་འཐོར་བར་བྱ་སྟེ། པྲ་ཏིསྣྲོ་བཛྲ་ཧོ། ཚིགས་སུ་བཅད་པ་འདིས་གདོང་གཡོག་དགྲོལ་ལོ། །དེ་རིང་དད་པའི་ཤུགས་ཀྱིས་ནི། །དཀྱིལ་འཁོར་དེང་འདིར་བལྟ་བར་བགྱི། །སངས་རྒྱས་གདུང་གི་རིགས་སུ་འཁྲུངས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་འགྱུར་བར་བྱེད། །པ་ཤ་བཛྲ། གང་ལ་མེ་ཏོག་བབ་པ་དེ་ནི་དེའི་ལྷ་ཡིན་ནོ། །དེ་ནས་དབང་བསྐུར་སྤྱིན་བྱ་སྟེ། །དྲི་དང་མེ་ཏོག་འཕྲེང་བས་བརྒྱན། །གོས་དང་རྒྱན་གྱིས་ལེགས་པར་མཆོད། །སྟེང་དུ་བླ་རེ་བྲི་བར་བྱ། །གདུགས་དང་རྒྱལ་མཚན་བ་དན་དང་། །ལྷམ་དང་ཚངས་པའི་སྐུད་པ་དང་། །གདུ་བུ་དག་དང་སྐ་རགས་དང་། །བཀྲ་ཤིས་ཡོ་བྱད་རྣམས་ཀྱིས་ཀླུབས། །སློབ་མ་སྡིག་རྣམས་བྲལ་བ་དང་། །སློབ་དཔོན་གྱིས་ནི་དབང་བསྐུར་རོ། །དང་པོ་རྣམ་རྒྱལ་བུམ་པ་ཡིས། དེ་ནས་ལྷ་མོ་བཞི་རྣམས་དང་། །ལྷ་རྣམས་ཀུན་གྱི་བཞི་པོ་ཡིས། །བཀྲ་ཤིས་ཚིགས་བཅད་གླུ་སྒྲ་དང་། །རྡོ་རྗེ་དྲིལ་བུ་གསིལ་བ་ཡིས། །སྐྱོབ་པ་ཀུན་གྱིས་མངོན་སུམ་དུ། །ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །དེ་ཉིད་ལ་ནི་དབང་བསྐུར་བར། །དཀྱིལ་འཁོར་དེ་ཉིད་རིག་པར་བསམ། །དེ་ལྟ་བུའི་ནི་བསམས་ནས་ཀྱང་། །ཆོས་ཀྱི་མཚན་ཉིད་བསྟན་པར་བྱ། །ཐུར་མ་མེ་ལོང་འཁོར་ལོ་དང་། །དུང་དང་རྡོ་རྗེ་གླེགས་བམ་དང་། །གསེར་དག་དང་ནི་དངུལ་རྣམས་ཀྱིས། །མི་ཤེས་རབ་རིབ་ལ་སོགས་པ། །ཅི་ནུས་པར་ནི་གསལ་བར་བྱ། །ཐུར་མ་ལ་སོགས་མ་རྙེད་ན། །ཕྱག་རྒྱའི་གཟུགས་རྣམས་བསྟན་པར་བྱ། །དེ་ནས་དམ་ཚིག་བསྟན་པར་བྱ། །དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས། །སྲོག་དང་རུས་པ་ལ་བབ་ཀྱང་། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སློབ་དཔོན་ལ་ནི་བརྙས་མི་བྱ། །རྡོ་རྗེ་སྤུན་རྣམས་བཀུར་སྟི་ཞིང་། །སྡང་ལ་བྱམས་དང་ཆགས་བྲལ་དང་། །ནམས་ཀྱང་བྱ་བ་མ་ཡིན་ནོ། །དེ་ལྟར་བྱས་ན་སངས་རྒྱས་ཀྱིས། །ཁྱོད་ནི་དམྱལ་མེའི་ནང་དུ་འདོར། །དེ་ནས་བླ་མས་ཡོན་བླངས་ཏེ། །ས་དང་ཡིད་འོང་ཆུང་མ་དང་། །རིན་ཆེན་གསེར་དང་ནོར་བུ་འབར། །མུ་ཏིག་བྱུ་རུ་ལ་སོགས་དང་། །ལུས་ཀྱང་འབུལ་དུ་གཞུག་པར་བྱ། །བླ་མ་ལ་ནི་གུས་པ་ཡི། །སློབ་མསདེབཞིནཁོནརབྱ། །བླམདེབཞིནམགུབརབྱ། །བླ་མ་མགུ་བས་དངོས་གྲུབ་ཀྱི། །གཞན་དུ་མིན་ཞེས་ཐུབ་པས་གསུངས། །དེ་ནས་སློབ་མ་སླར་སྟེང་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་མཆོད་པ་བྱས་ཏེ། སྦྱིན་སྲེག་གི་ལས་བྱའོ། །དེ་ནས་ཆོ་ག་མཐོང་བས་ལས་བྱས་ནས། །སྤྱིན་སྲེག་བཟླས་བརྗོད་མཆོད་པ་དང་། །དེ་བཞིན་བསྒོམ་པའི་རིམ་པའི་ཚུལ། །ཞི་དང་རྒྱས་པའི་རིམ་པ་ཡིས། །ལྷ་རྣམས་ཐམས་ཅད་ཚིམ་པར་བྱེད། །དེ་ནས་དུས་གསུམ་གཤེགས་པ་ཡི། །རྒྱལ་བ་ཐམས་ཅད་གཤེགས་སུ་གསོལ། །བསྒྲོམས་ཏེ་ཚོན་རྩི་རྣམས་བསྡུས་ནས། །ཆུ་ཀླུང་ཆེན་པོར་བཀུར་བ་དང་། །བ་ཡི་ལྕི་བས་བྱུག་པར་བྱ། །དཀྱིལ་འཁོར་གྱི་ནི་ཡོ་བྱད་ཀུན། །སློབ་དཔོན་ཉིད་ཀྱིས་བཀུར་བར་བྱ། །སློབ་མས་ཅུང་ཟད་མི་བཀུར་ཏེ། །དེ་ནི་དམ་ཚིགས་ཉམས་པར་འགྱུར། །སློབ་དཔོན་གྱིས་ཀྱང་ཅི་རིགས་པར། །བདག་ཉིད་འདོད་པ་སྤྱོད་པར་བྱ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་གྱི་དྲ་བ་ལས། དཀྱིལ་འཁོར་རིམ་པར་ཕྱེ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་རྡོ་རྗེའི་དེ་བཞིན་གཤེགས་པས་ཡང་གསང་སྔགས་ཀྱི་འཁོར་ལོ་ལ་འཇུག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་ནས་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་གསང་སྔགས་ཀྱི་སྙིང་པོའི་ཡི་གེ་རྣམས་ཉོན་ཅིག །ཕྱག་ན་རྡོ་རྗེས་གསོལ་བ། །སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བདེ་བར་གཤེགས་པས་བཤད་དུ་གསོལ། ཨོ་ཨ། རྣམ་པར་སྣང་མཛད་དོ། །ཨོ་ཧུ༷། མི་ཞབྲུགས་པའོ། །ཨོ་ཏྲ༷། རིན་ཆེན་འབྱུང་གནས་སོ། །ཨོ་ཧྲི།འོད་དཔག་མེད་དོ། །ཨོ་ཁ༷། དོན་ཡོད་གྲུབ་པའོ། །ཨོ༷་ག་ག་ན་ལོ་ཙ་ན། སྤྱན་མའོ། །ཨོ་ཀི་རི་ཀི་རི་མུ་མ་ཀི་ཧུ༷། མྱ་མ་ཀིའོ། །ཨོ་ཀ་ཏེ་བི་ཀ་ཏེ། ཀ་ཏེ་ཀ་ཏེ་གྲྭཧྭ། གོས་དཀར་མོའོ། །ཨོ་ཏྭ་རེ་ཏུད་ཏྭ་རེ་ཏུ་རེ་སྲུཧྭ།སྒྲོལ་མའོ། །ཨོ་སད་ཏྭ་བཛི་ཧྲུ༷། རྡོ་རྗེ་སེམས་མའོ། །ཨོ༷་རད་ན་བཛི་ཧུ༷། རྡོ་རྗེ་རིན་ཆེན་མའོ། །ཨོ་དྷརྨ་བཛི་ཧུ༷། རྡོ་རྗེ་ཆོས་མའོ། །ཨོ་ཀརྨ་བཛི་ཧུ༷། རྡོ་རྗེ་ལས་མའོ། །ཨོ་ཙ་ལེ་ཙུ་ལེ་ཙུ་ནཱ་དྷི་གྲྭཧྭ། སྐུལ་བྱེད་མའོ། །ཨོ་རད་ན་ལི་ཀ་རིད་ན་ཙ་ལི་ནི་གྲྭཧྭ། རིན་ཆེན་སྒྲོལ་མའོ། །ཨོ་སྒྲི་ཀུ་ཏི་བྲིང་། ཁྲོ་གཉེར་མའོ། །ཨོ་བཛྲ་ཐྲིང་ཁ་ལེ་ཧུ༷་ཕཊ་གྲྭཧྭ། རྡོ་རྗེ་ལུ་གུ་རྒྱུད་དོ། །ཨོ་མི་ཏྲི། བྱམས་པའོ། །ཨོ་མུ། འཇམ་དཔལ་ལོ། །ཨོ་ས་མན་ཏ་བྷ་དྲེ་ཧུ༷། ཀུན་ཏུ་བཟང་པོའོ། །ཨོ་གན་དྷ་ཧ་ཏི་ནི་ཧུ༷། སྤོས་ཀྱི་གླང་པོ་ཆེའོ། །ཨོ་ཙྭ་ན་ཀེ་ཏོ་ཙྭ་ན་བ་ཏི་ཧུ༷། ཡེ་ཤེས་ཏོག་གོ །ཨོ་བྷད་ཏྲ་བ་ཏི་བྷད་ཏྲ་པ་ལེ་ཧུ༷། བཟང་སྐྱོང་ངོ་། །ཨོ་ས་ག་རེ་མཧྭ་ས་ག་རེ་ཧུ༷། སྔོ་གྲོས་རྒྱ་མཚོའོ། །ཨོ་ཨག་སྒ་ཡེ་ཕུ་ཕུ་ཨ་ཤ་ཤ་ཡ་ཀརྨ་ཨ་བ་ར་ན་པ་རི་ཤོ་དྷ་ནི་གྲྭཧྭ། བློ་གྲོས་མི་ཟད་པའོ། །ཨོ་པྲ་ཏི་བྷ་ནེ་པྲ་ཏི་བྷ་ན་ཀླུ་ཏེ་ཧུ༷། སྤོབས་པ་བརྩེགས་པའོ། །ཨོ་སྦ་མེ་མ་ཧྭ་སྦ་མེ་ས་མ་བྷ་ཏི་སྲུཧྭ། མཐུ་ཆེན་ཐོབ་བོ ཨོ༷་སརྦ་ཨ་པ་ཡ་ཛ་ཧེ་སརྦ་བཱ་པ༷་ཤོ་དྷ་ནེ་ཧུ༷། ངན་སོང་ཐམས་ཅད་སྤོང་བའོ། །ཨོ༷་སརྦ་ཤོ་ཀ་ཏ་མོ་མར་བྷ་ཏ་མ་ཏི་ཧུ༷། མྱ་ངན་ཐམས་ཅད་ཀྱི་མུན་པ་འཇོམས་པའི་བློ་གྲོས་སོ། །ཨོ༷་ཛུ་ལི་ནི་མ་ཧྭ་ཛུ་ལི་ནི་ཧཱུཾ། དྲ་བ་ཅན་གྱི་འོད་དོ། །ཨོ་སུ་དྷི་ནི་བྲི་ཡེ་ཧུ༷། ནོར་བཟངས་སོ། །ཨོ་ཙན་དྲེ་སུ་ཙན་དྲེ་ཙན་དྲ་བྱ་བ་ལོ་ཀེ་ཏི་སྭཧྭ། ཟླ་འོད་དོ། །ཨོ་ཨ་མི་ཏ་པྲ་སྙེ་ཨ་མི་ཏ་མ་ཏི་ཧུ༷། འོད་དཔག་མེད་དོ། །ཨོ་ག་ག་ནེ་ག་ག་ན་བར་ལོ་ཙ་ནི་ཧཱུཾ།ནམ་མཁའ་མཛོད་དོ། །ཨོ་སརྦ་ན་བྷ་ར་ན་བིཤོཀ་མ་སྟི་ནི་ཧུ༷། སྒྲིབ་པ་རྣམ་པར་སེལ་བའོ། །ཨོ༷་ཡ་མན་ཏ་ཀ་ཧུ༷། གཤིན་རྗེ་གཤེད་དོ། །ཨོ༷་པྲཙྭརྙ་ཀ་ཧུ༷། གཞན་གྱིས་མི་ཐུབ་པའོ། །ཨོ༷་པདྨ་ཀ་ཏ་ཧུ༷། རྟ་མགྲིན་ནོ། །ཨོ་ཨ་མྲི་ཏ་ཀུ་ཌ་ལི་བི་ག་ཀྟ་ན་ཏ་ཀ་ཧུ༷། བདུད་རྩི་ཐབས་སྦྱོར་རོ། །ཨོ་ཨ་ཙ་ལ་ཧུ༷་ཧུ༷། མི་གཡོ་བའོ། །ཨོ་ཀྲ་ཀི་རྭ་ཛ་ཧུ༷། འདོད་པའི་རྒྱལ་པོའོ། །ཨོ་ནི་ལ་དན་ར་མ་ཧྭ་དན་ར་ཧུ༷། བེ་ཅོན་སྔོན་པོའོ། །ཨོ་ཀྲོ་དྷ་ན་ཧུ༷་ཛ། སྟོབས་པོ་ཆེའོ། །དཀྱིལ་འཁོར་དུ་དགོད་པ་གསང་སྔགས་ཀྱི་ཡི་གེ་ནི་དེ་དག་གོ །འདི་དག་ལ་བརྟེན་ནས། ཏིང་ངེ་འཛིན་གྱི་ཁྱད་པར་ལས་ངེས་པར་འབྱུང་བའི་གསང་སྔགས་བྱེ་བ་ཕྲག་དུ་མ་གསུངས་སོ། །དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ནི་ལྕགས་ཀྱུས་སྤྱན་དྲང་ངོ་། །བྱང་ཆུབ་སེམས་དཔའ་རྣམས་ནི་རྡོ་རྗེའི་ཕྱག་རྒྱས་སོ། །རིག་པའི་ལྷ་མོ་རྣམས་ནི་རིགས་ཀྱི་ཡུམ་རྣམས་སོ། ཁྲོ་བོ་རྣམས་ནི་ཞལ་གྱི་ཕྱག་རྒྱས་སོ། །བྲན་རྣམས་ནི་ཞགས་པའི་ཕྱག་རྒྱས་སོ། །ཕོ་ཉ་རྣམས་ནི་ལྕགས་ཀྱུའི་ཕྱག་རྒྱས་སོ། །དེ་དག་ལ་སོགས་པ་སྤྱན་དྲང་བའི་སྦྱོར་བས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་གྱི་དྲ་བ་ལས།གསང་སྔགས་རིམ་པར་ཕྱེ་བ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་རྡོ་རྗེའི་དེ་བཞིན་གཤེགས་པ་ཡེ་ཤེས་ཆེན་པོའི་སྟོབས་ཀྱི་རྣམ་པར་འཕྲུལ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་རས་ས་མ་རྩིག་པ་ལ་སོགས་པ་ལ་གཟུགས་བརྙན་གྲུབ་པ། དམིགས་པ་གང་གིས་གསང་སྔགས་འཆང་རྣམས་ཀྱི་ཡེ་ཤེས་རྫོགས་པར་འགྱུར་ཞིང་། ཡེ་ཤེས་རྫོགས་པས་སངས་རྒྱས་ཉིད་བདེ་བླག་ཏུ་ཐོབ་པར་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་སུ་ཅི་དགོས་པའི་གསང་སྔགས་ཀྱི་ཚོགས་ཐམས་ཅད་ཀྱི་ཏིང་ངེ་འཛིན་སང་ཆེན་བཤད་པར་བྱ་ཉོན་ཅིག །ཨོ་གྱིས་ཡེ་ཤེས་ཀྱིས་བསྒྲུབས་པ། །རྒྱལ་ཆེན་རྣམ་པར་སྣང་མཛད་ནི། ཁྲེས་རབ་ཡེ་ཤེས་རབ་བརྒྱན་པ། །སངས་རྒྱས་ཀུན་གྱི་མཆོག་གིས་མཆོད། །ཞི་བ་ཐོར་ཚུགས་ཅོད་པན་འཆང་། །ཞལ་གསུམ་གྱིས་ནི་རྣམ་པར་མཛེས། །གསེར་གྱི་མདོག་ཅན་ཕྱག་དྲུག་པ། །དང་པོ་བསམ་གཏན་ཕྱག་རྒྱ་ཅན། །བགྲང་འཕྲེང་ལྡན་ཞིང་མདའ་ཡིས་བརྒྱན། །གཡོན་གྱི་ལྷ་མོ་ཀུ་ཙ་འཛིན། །རྡོ་རྗེའི་བཞུགས་སྟངས་ཆས་པས་རྣམས། །ལྷ་རྣམས་བྲེད་ཅིག་ཁམས་མཛད་པ། །འབར་བའི་འོད་ཀྱིས་བརྒྱན་པ་ལ། །སངས་རྒྱས་ཀུན་གྱི་སྤྲིན་འཕྲོ་བ། །རབ་ཏུ་བྱུང་ཞིང་ལེགས་འཁྱུད་པ། །ནང་གི་གསང་སྔགས་བཟླས་བརྗོད་ཅིང་། །དེ་ཉིད་སྤྱོད་ཡུལ་སྒོམ་པར་གྱིས། །ཏིང་ངེ་འཛིན་ཐམས་ཅད་ཀྱི་སྟོབས་རྫོགས་པར་བྱེད་པའི་ཡེ་ཤེས་ཞེས་བྱ་བའི་ཏིང་ངེ་འཛིན་ནོ། །ཨ་ཞེས་བྱ་བ་ཚོགས་ཀྱི་ལམ། །འཇིག་རྟེན་དབང་ཕྱུག་འདོད་ཆེན་བསམ། །ཐོར་ཚུགས་ཅོད་པན་འཆང་བའི་ལྷ། །དབུ་རྒྱན་ཐམས་ཅད་མཁྱེན་པས་རྒྱས། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །གཙོ་བོ་ཟླ་བའི་གཟུགས་དང་འདྲ། །ཞལ་གསུམ་སྤྱན་གསུམ་འབར་བ་ལ། །ཕྱག་དྲུག་འདུག་སྟངས་ཞི་བ་ཅན། ཕྱག་གཉིས་པདྨ་འཇོ་ཚུལ་ལྡན། །གཡས་ན་བགྲང་འཕྲེང་རྡོ་རྗེ་འཆང་། །དེ་བཞིན་གཡོན་པས་པུ་ཙ་འཛིན། །རིལ་པ་སྤྱི་བླུགས་གསུམ་པ་ན། །གཟུགས་བརྙན་ཐམས་ཅད་འཕྲོ་མཛད་ཅིང་། །ཀུན་ནས་འོད་ཟེར་འཕྲེང་བ་ཅན། །ལག་ནས་མཚོན་ཆར་འཇིགས་ཞབྲུག་པའི། །བགེགས་འགྱེལ་པ་ལ་ལྟ་བྱེད་པ། །དེ་འདྲའི་ཚིག་གིས་མ་བསྒོམས་ན། །རིང་པོར་མི་ཐོགས་སངས་རྒྱས་ཐོབ། །རྣམ་པ་ཐམས་ཅད་ཀྱི་མཆོག་ཡངས་པའི་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཟླ་བའི་གཟུགས་ལ་ཧུ༷་ཞེས་པ། །སེམས་ཀྱི་རྡོ་རྗེ་བསྒོམ་པར་བྱའོ། །མཐིང་ཤིང་བཟང་པོ་ལྟ་བུའི་མདོག །རྒྱན་རྣམས་ཀུན་གྱིས་རབ་ཀླུབས་པ། །སངས་རྒྱས་མི་འཁྲུགས་ཅོད་པན་ཅན། །རིན་ཆེན་ཀུན་གྱིས་ཡོངས་སུ་བརྒྱན། །ཞལ་གསུམ་ལྡན་པ་སྤྱན་གསུམ་ལྡན། །ཅུང་ཟད་བཞད་ཅིང་འཇོ་སྒེག་ཅན། །ཕྱག་བརྒྱད་ཀྱིས་ནི་བརྒྱན་པ་ལ། །རྡོ་རྗེ་དམ་པ་གསོར་བ་དང་། །གཉིས་པ་ཡིས་ནི་རལ་གྲི་གདེངས། །ལྕགས་ཀྱུ་བཟང་པོ་གསུམ་པ་ན། །བཞི་པ་ཡིས་ནི་མདའ་ཡང་གསོར། །དེ་བཞིན་གཡོན་ན་དྲིལ་བུ་བསྣམས། །དེ་བཞིན་གཉིས་པ་ནུ་མ་འཁྱུད། །གསུམ་པ་ནི་ན་ཞགས་པ་སྟེ། །བཞི་པ་ལྷ་རྫས་གཞུ་ཡང་འཛིན། །རོལ་པའི་སྟིངས་སུ་ལེགས་པར་བཞུགས། །རྡོ་རྗེ་འཆང་བའི་སྤྲིན་རྣམས་འབྲོ། །དེ་བཞིན་སངས་རྒྱས་སྤྲིན་གྱིས་འབར། །འདི་འདྲ་གང་ཞིག་རྟག་སྒོམ་པ། །དེ་ཡི་རྡོ་རྗེ་སེམས་བརྟན་ཞིང་། །རིང་པོར་མི་ཐོགས་བྱང་ཆུབ་འཐོབ། །རྒ་བཞི་རྣམས་ཀྱི་ཕ་རོལ་འགྲོ། །སེམས་ཀྱི་སྟོབས་མཐའ་ཡས་པ་རྫོགས་པར་བྱེད་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་ཤུགས་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཏྲ༷་གི་ཡེ་ཤེས་ལས་གྲུབ་པ། །རིན་ཆེན་འབྱུང་བ་བདག་ཉིད་དོ། །ཞལ་རས་གསུམ་ལ་སྤྱན་གསུམ་པ། །ཐོར་ཚུགས་ཅོད་པན་རྣམས་ཀྱིས་བརྒྱན། །བདེ་བ་ཆེན་པོ་ཁ་དོག་དམར། །ཏིང་འཛིན་ཕྱག་རྒྱར་རྣམ་པར་བཞུགས། །སེམས་དཔའི་སྐྱིལ་ཀྲུང་བཅས་པ་སྟེ། །ཕྱག་གཡས་ན་ནི་རྡོ་རྗེ་དང་། །གཡོན་པས་རིན་ཆེན་ཡོངས་སུ་འཛིན། །འོད་ཟེར་སེར་པོ་རབ་ཏུ་འཕྲོ། །རིན་ཆེན་འབྱུང་གནས་སྤྲིན་ཆེན་ལས། །བྱང་ཆུབ་སེམས་དང་དེ་བཞིན་གཤེགས། །རིན་ཆེན་འཕྲོ་བ་ཆར་ལྟར་འབེབས། །རིན་ཆེན་མངོན་པར་མཐོང་བ་པོ། །ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ཁ༷་གྱི་ཡེ་ཤེས་ལས་གྲུབ་པ། །དོན་ཡོད་རྡོ་རྗེ་བསམ་པར་བྱ། །ཏིང་འཛིན་ཕྱག་རྒྱར་ལེགས་ཞུགས་པ། །མར་གད་འདི་ཡི་འོད་ལྟར་འབར། །གཡས་པའི་ཕྱག་ན་རལ་གྲི་དང་། །གཡོན་པ་ཡིས་ནི་ལྕགས་ཀྱུ་ཉིད། །སངས་རྒྱས་རྣམས་ཀྱི་སྤྲིན་འཕྲོ་ཞིང་། །ལེགས་པར་འགྲུབ་ཕྱིར་སླར་ཡང་སྡུད། །འོད་ཟེར་ཆེན་པོ་རབ་གསལ་ཞིང་། །ཡེ་ཤེས་རྒྱ་མཚོའི་འོད་དང་མཚུངས། །འདི་འདྲ་རྟག་ཏུ་སེམས་བྱེད་པ། །ནམ་མཁའི་སྙིང་པོ་ཐུབ་པ་ཆེ། །འདུ་བྱེད་ཐམས་ཅད་སྤངས་པ་ཡི། །མཁའ་དང་མཉམ་པར་དེར་འགྱུར་རོ། །ནམ་མཁའ་སྣང་བར་བྱེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ལ་ཡི་ཡིག་འབྲུ་བསྒྲུབས་པ་སྟེ། །རྒྱལ་བ་ཐམས་ཅད་ཀྱིས་ཀྱང་བརྒྱན། །ལྷ་མོ་སྤྱན་གསུམ་ཕྱག་བརྒྱད་པ། །ཞལ་གསུམ་གསེར་གྱི་མདོག་དང་མཚུངས། །སྒེག་པའི་ཆ་ལུགས་ལེགས་འཆང་བ། །ཅུང་ཟད་བཞད་པ་འདོད་ཆེན་མ། །དང་པོའི་ཕྱག་ན་མཆོག་སྦྱིན་མཛད། །དེ་བཞིན་གཉིས་པ་མི་འཇིགས་སྤྱིན། །ཕྱག་གསུམ་པ་ན་རྡོ་རྗེ་སྟེ། །བཞི་པ་ན་ནི་མདའ་ཡང་གསོར། །གཡོན་པ་སྡིགས་མཛུབ་ཞགས་པ་ཅན། །རིན་ཆེན་སྙེ་མ་གཉིས་པ་ན། །གསུམ་པ་ན་ནི་བགྲང་འཕྲེང་སྟེ། །བཞི་པ་གཞུ་ཡིས་རྣམ་པར་བརྒྱན། །འོད་དམར་འོད་ཟེར་འཕྲེང་བ་ཅན། །ལྷ་རྣམས་འཇིགས་བས་སེམས་མྱོས་ཏེ། །ལག་པ་ཐལ་མོ་སྦྱོར་བར་བྱེད། །སངས་རྒྱས་རྣམས་ཀྱི་སྤྲིན་འཕྲོ་བར། །ཡེ་ཤེས་རྡོ་རྗེ་སྤྱན་མ་བསམས། །བྱང་ཆུབ་ཡན་ལག་འབྲས་བརྒྱན་པའི། །ལྷ་མོ་འདི་འདྲ་བསྒོམ་པར་བྱ། །ཡེ་ཤེས་ཀྱི་སྤྱན་གྱི་སྣང་བར་བྱེད་པའི་རྡོ་རྗེའི་འཇོ་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །མ་ཡི་ཡེ་ཤེསལསབསྒྲུབས་པ། །རྡོ་རྗེ་གདན་ཅན་མྱ་མ་ཀི །ལྷ་མོ་ཞལ་གསུམ་ཕྱག་དྲུག་པ། །དགོད་ཅིང་ཞལ་རས་ཁྲོ་དང་བཅས། །ཨུཏུལ་སྔོན་པོའི་མདོག་འདྲ་བ། །འོད་དམར་ཤིན་ཏུ་དམར་བ་ཅན། །དང་པོ་མི་འཇིགས་སྤྱིན་པའི་ཕྱག །གཉིས་པ་ལེགས་པར་རྡོ་རྗེ་བསྣམས། །གསུམ་པ་ཡིས་ནི་མདའ་ཡང་གསོར། །གཡོན་པ་སྡིགས་པའི་མཛུབ་མོ་སྟེ། །གཉིས་པ་ཞགས་པ་ལེགས་པར་བསྣམས། །གསུམ་པ་ཡིས་ནི་གཞུ་ཡང་འཛིན། །རྡོ་རྗེ་ཅན་མ་སྐུ་གསུམ་འཆང་། །དངོས་མེད་ངོ་བོའི་མཚན་ཉིད་ཅན། །སངས་རྒྱས་རྣམས་ཀྱིས་སྤྱིན་འཕྲོ་བ། །འདི་འདྲ་སྒོམ་པས་བསྒོམ་པར་བྱ། །སྒྱུ་འཕྲུལ་འབྱུང་བ་སྟོབས་ཀྱི་ཡེ་ཤེས་ཟབ་མོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །པ་ཡི་ཡེ་ཤེས་ལས་བསྒྲུབས་པའི། །ཟླ་བའི་མདོག་དང་ལྡན་པའི་ཡུམ། །མིང་ནི་གོས་དཀར་མོ་ཞེས་བྱ། །སྤྱན་གསུམ་དག་གིས་རྣམ་པར་བརྒྱན། །ཞལ་རས་གསུམ་པ་དགའ་མཛད་པ། །ཕྱག་དྲུག་མི་འཇིགས་སྤྱིན་མཛད་པ། །གཉིས་པ་ན་ནི་རྡོ་རྗེ་སྟེ། །གསུམ་པ་མདའ་ཡིས་རྣམ་པར་བརྒྱན། །གཡོན་པ་པདྨ་བསྣམས་པར་བྱ། །གཉིས་པ་ན་ནི་བགྲང་ནོར་འཕྲེང་། །གསུམ་པ་ན་ནི་གཞུ་བསྣམས་ཤིང་། །རོལ་པའི་སྟབས་སུ་ལེགས་པར་བཞུགས། །པདྨའི་སྤྲིན་ལ་སངས་རྒྱས་ཀྱི། །སྐུ་རྣམས་འབྱུང་བར་བསྒྲུབ་པར་བགྱི། །གལ་ཏེ་བྱང་ཆུབ་མཆོག་འདོད་ན། །རིན་ཆེན་སྐུར་ནི་བསྒོམ་པར་བྱ། །པདྨའི་གཟུགས་ཀྱི་འཇོ་ཚུལ་སངས་རྒྱས་ཀྱི་རྒྱལ་བ་དྲན་པ་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཏ་ཡི་ཡེ་ཤེས་ལས་བསྒྲུབས་པ། །ལྷ་མོ་སྒྲོལ་མ་རྫུ་འཕྲུལ་ཆེ། །འཇོ་སྒེག་ཆ་ལུགས་ལ་གནས་པ། །ཞལ་རས་གསུམ་པ་སྤྱན་གསུམ་པ། །ཕྱག་དྲུག་སེམས་དཔའི་སྐྱིལ་མོ་ཀྲུང་། །བཞད་པ་མར་གད་འོད་དང་ལྡན། །དང་པོ་མི་འཇིགས་སྤྱིན་པའི་ཕྱག །གཉིས་པ་ན་ནི་རྡོ་རྗེ་བསྣམས། །གསུམ་པ་ཡིས་ནི་མདའ་ཡང་གསོར། །གཡོན་པས་སྡིགས་པའི་མཛུབ་མོ་སྟེ། །གཉིས་པ་ན་ནི་ཨུཏྣལ་ཉིད། །གསུམ་པ་ཡིས་ནི་གཞུ་ཡང་འཛིན། །འོད་ཟེར་དམར་པོ་འབར་བ་ཅན། །སངས་རྒྱས་འཕྲོ་བས་རྒྱས་མཛད་པ། །དགའ་མཛད་སེམས་ཅན་ཀུན་གྱི་མ། །རྟག་པར་རྒྱུན་དུ་བསྒོམ་པར་བྱ། །སེམས་ཅན་ཐམས་ཅད་དབང་དུ་འགྲོ་ཞིང་དགའ་བར་བྱེད་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །སྐྱེས་མཆོག་རྒྱལ་བའི་བསྲུང་པ་ཡི། །སེམས་མ་བཞིར་ནི་གསུངས་པའི་མིང་། །སེམས་མ་དང་ནི་རིན་ཆེན་མ། །ཆོས་མ་རྡོ་རྗེ་ལས་མ་སྟེ། །རོལ་པས་རྗེས་སུ་མཉེས་མཛད་མ། །དེ་དག་ཇི་ལྟར་རིགས་པར་བསྒོམ། །དེ་དག་ཀྱང་ནི་བསྒོམས་པ་ཡིས རིང་པོར་མི་ཐོགས་བྱང་ཆུབ་འཐོབ། །སེམས་ཅན་རབ་ཏུ་དགའ་བར་བྱེད་པའི་འཕགས་མ་བཞིའི་ཏིང་ངེ་འཛིན་ཏོ། །ཙུང་གིས་ཡེ་ཤེས་ལས་བསྒྲུབས་པ། །མིང་ནི་སྐུལ་བྱེད་ཅེས་པའི་གཟུངས། །སྐུ་གསུམ་རྒྱལ་བ་བྱེ་བ་ཕྲག །བདུན་གྱིས་གསང་སྔགས་གླུ་འདིས་བསྟོད། །ཡི་གེ་དགུ་པ་ཐབས་དགུ་ཅན། །ལྷ་དགུ་རྣམས་ཀྱི་གནས་ཀྱང་ཡིན། །ཞལ་གསུམ་སྟོན་ཀའི་འདམ་བུའི་མདོག །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །ན་ཆུང་སྐལ་ལྡན་དར་ལ་བབ། །རིག་སྔགས་ཐམས་ཅད་གྲོལ་མཛད་མ། །དང་པོའི་ཞལ་ནི་ཅུང་ཟད་ཙམ། །བཞད་ཅིང་སྤྱན་གསུམ་ལྡན་པ་སྟེ། །གཡས་ཀྱི་ཞལ་ནི་གནམ་གདངས་པ། །ཨུ་ཏཱལ་སྔོན་མོའི་འདབ་མའི་འོད། །མཆེ་བ་ཟླ་བ་ཚེས་པ་བཞིན། །ལྕེ་ནི་གློག་བཞིན་ལྗིབ་པར་མཛད། །གཡོན་པ་ཁ་དོག་སེར་པོ་སྟེ། །ཚེམས་ཀྱི་སྒྲོས་ནི་རྣམ་པར་མནན། །རོལ་པའི་སྟབས་སུ་ལེགས་པར་བཞུགས། །གདུ་བུ་རྣམ་པ་སྣ་ཚོགས་ཀྱིས། །བརྒྱན་པའི་ཕྱག་ཉི་ཤུ་རྩ་དྲུག་ལ། ཕྱག་གཉིས་ཀྱིས་ནི་རྩ་བའི་ཕྱག་རྒྱས་སྙིང་ཁའི་གནས་རྣམ་པར་བརྒྱན་པའོ། །གཡས་པ་གཉིས་པ་ནི་མི་འཇིགས་པ་སྦྱིན་པའོ། །གསུམ་པ་ནི་རལ་གྲིའོ། །བཞི་པ་ནི་རིན་པོ་ཆེ་སྦྱིན་པའོ། །ལྔ་པ་ནི་ཤིང་ཐོག་བི་ཛ་པུ་རའོ། །དྲུག་པ་ནི་མདའ་གསོར་བའོ། །བདུན་པ་ནི་དགྲ་སྟའོ། །བརྒྱད་པ་ནི་དབྱུག་ཐོའོ། །དགུ་པ་ནི་ཐོ་བའོ། །བཅུ་པ་ནི་ལྕགས་ཀྱུའོ། །བཅུ་གཅིག་པ་ནི་རྡོ་རྗེའོ། །བཅུ་གཉིས་པ་ནི་སེ་གོལ་གཏོགས་པའོ། །བཅུ་གསུམ་པ་ནི་བགྲང་འཕྲེང་ངོ་། །གཡོན་པ་གཉིས་པ་ན་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་ནོ། །གསུམ་པ་ན་པདྨའོ། །བཞི་པ་ན་རིལ་བ་སྤྱི་བླུགས་སོ། །ལྔ་པ་ན་ཞགས་པའོ། །དྲུག་པ་ན་གཞུའོ། །བདུན་པ་ན་མདུང་ཐུང་ངོ་། །བརྒྱད་པ་ན་འཁོར་ལོའོ། །དགུ་པ་ན་དུང་ངོ་། །བཅུ་པ་ན་སྡིགས་པའི་མཛུབ་མོའོ། །བཅུ་གཅིག་པ་ན་བུམ་པ་བཟང་པོའོ། །བཅུ་གཉིས་པ་ན་ཐག་མདུང་ངོ་། །བཅུ་གསུམ་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འོད་ཟེར་དམར་པོའི་དཀྱིལ་འཁོར་ཅན། །པདྨ་ལ་བཞུགས་བསྒོམ་པར་བྱ། །ལ་ཡི་ཤིང་ཆུང་བགོས་པ་ཡི། །སྟོང་ནས་རྒྱན་བཀྲ་བཏགས་པ་སྟེ། །སྨད་གཡོགས་ན་བཟའ་ཚི་གུ་བཏགས། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་དང་། །སངས་རྒྱས་རྣམས་ཀྱི་སྐུ་གཟུགས་འཕྲོ། །སུམ་ཅུའི་ལྷ་རྣམས་ལྟུང་བ་དང་། །བགེགས་རྣམས་ཤིན་ཏུ་འཇིགས་སྐྲག་དང་། །ཐལ་མོ་སྦྱོར་བར་བྱེད་པ་སྟེ། །འདི་འདྲ་གང་ཞིག་རྟག་སྒོམ་ཞིང་། །བསྐྲིམས་ནས་གསང་སྔགས་བརྗོད་པ་དེས། །སངས་རྒྱས་མྱུར་དུ་ཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་ཅི་ཞིག་སྨོས། །ཏིང་འཛིན་ངོ་བོ་ཐོབ་འཀྱུར་ན། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །རྒྱལ་བ་མཐའ་༄༅ ཡས་ཡེ་ཤེས་སྐུལ་བར་བྱེད་པའི་སྟོབས་ཀྱི་རྡོ་རྗེས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རའི་ཡེ་ཤེས་ལས་གྲུབ་པའི་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བའི་གཟུངས། ཞལ་རས་གསུམ་པ་སྤྱན་གསུམ་པ། །ཕྱག་དྲུག་གསེར་གྱི་མདོག་དང་ལྡན། །ལང་ཚོ་དར་ལ་བབ་པའི་ཚད། །ཞལ་ནི་ཅུང་ཟད་བཞད་པ་སྟེ། །ཕྱག་ན་རིན་ཆེན་གདུ་བུས་གཏམས། །ཕྱག་གཉིས་རིན་ཆེན་ཐལ་མོ་སྟེ། །འོད་ཀྱི་འོད་ཟེར་འཕྲེང་བ་ཞབྲུག །གཡས་པའི་ཕྱག་ན་མི་འཇིགས་སྤྱིན། །གསུམ་པ་མདའ་ནི་རྣམ་པར་གསོར། །གཡོན་འཇུག་མ་རུངས་རྣམས་ལ་སྡིགས། །གསུམ་པ་ཡིས་ནི་གཞུ་ཡང་འཛིན། །འོད་ཟེར་དམར་པོ་ལེགས་པར་འབར། །རོལ་སྟངས་སྟབས་ཀྱིས་ཞབས་ཀྱིས་གནོན། །སངས་རྒྱས་སྤྲིན་ནི་འཕྲོ་ཞིང་སྡུད། །ཆོས་མཛད་ཡིད་དུ་འོང་བ་ཡི། །ལྷ་མོ་འདི་འདྲ་བསྒོམ་པར་བྱ། །སངས་རྒྱས་རིན་ཆེན་གྱི་སྤྲིན་གྱི་དྲ་བ་སྣང་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དྷིང་གི་ཡེ་ཤེས་ལས་བསྒྲུབས་པ། །འཇིགས་ལས་སྒྲོལ་བའི་ཁྲོ་གཉེར་ཅན། །ཞལ་རས་གསུམ་པ་སྤྱན་གསུམ་པ། །སྟོན་ཀའི་ཟླ་བའི་འོད་དང་མཚུངས། །ཕྱག་དྲུག་པདྨ་ལ་བཞུགས་པ། །རོལ་པའི་སྟངས་ལ་བརྩོན་པ་སྟེ། །ཞལ་ནི་ཁྲོ་དང་བཅས་པར་བཞད། །ལེགས་པར་འབར་བའི་རྩེར་ལྡང་ཅན། །གཡས་པའི་ཕྱག་ན་རྡོ་རྗེ་སྟེ། །གཉིས་པ་བེ་ཅོན་འཛིན་པར་མཛད། །ཕྱག་གསུམ་པ་ན་མདའ་ཡང་གསོར། །གཡོན་པ་སྡིགས་པའི་མཛུབ་མོ་ཅན། །གཉིས་པ་རིལ་བ་སྤྱི་བླུགས་བསྣམས། །གསུམ་པ་ན་ནི་མཚོན་ཆ་གཞུ། །སངས་རྒྱས་རྣམས་ཀྱི་སྤྲིན་འཕྲོ་ཞིང་། །དེ་བཞིན་གཞན་དག་ལེགས་སྡུད་པ། །ཉལ་དང་འདུག་དང་འགྲེང་བ་ན། །ལྷ་མོ་འདི་འདྲ་རྟག་ཏུ་བསྒོམ། །འཇིགས་པ་ཐམས་ཅད་སྒྲོལ་བར་བྱེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཧུ༷་གི་ཡེ་ཤེས་ལས་བསྒྲུབས་པ། །མིང་ན་རྡོ་རྗེ་ལུ་གུ་རྒྱུད། །ཐམས་ཅད་འཆིང་བར་སྐྱེད་པ་སྟེ། །སེམས་ཅན་མ་རུངས་ཕུང་བར་བྱེད། །ཞལ་རས་གསུམ་པ་སྤྱན་གསུམ་པ། །ཕྱག་དྲུག་སྔོ་བསངས་གཟུགས་བཟང་བ། །ཞལ་ནི་ཅུང་ཟད་བཞད་པར་མཛད། །ལག་པ་གཡས་པ་རྡོ་རྗེ་སྟེ། །གཉིས་པ་རྡོ་རྗེ་ལུ་གུ་རྒྱུད། །གསུམ་པ་ན་ནི་མདའ་ཡང་བསྣམས། །གཡོན་པ་སྡིགས་པའི་མཛུབ་མོ་སྟེ། །གཉིས་པ་ན་ནི་ཞགས་པ་གསུངས། །གསུམ་པ་གཞུ་ཡང་ཐོགས་པར་བརྩོན། །སངས་རྒྱས་རྣམས་ཀྱི་སྤྱིན་འཕྲོ་བ། །རྡོ་རྗེ་ལུ་གུ་རྒྱུད་བསྒོམས་ན། །བྱང་ཆུབ་སྐད་ཅིག་གིས་ཐོབ་ན། །དངོས་གྲུབ་གཞན་ལྟ་ཅི་ཞིག་སྨོས། །རྡོ་རྗེ་སྒྲོག་གི་ཡེ་ཤེས་ཀྱི་རྡོ་རྗེས་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །མ་ཡི་ཡེ་ཤེས་ལས་བསྒྲུབས་པ། །ཐུབ་པ་སྐྱེས་མཆོག་བྱམས་པ་ནི། །ཞལ་རས་གསུམ་པ་སྤྱན་གསུམ་པ། །དེ་ཡི་འོག་མ་པདྨ་སྟེ། །སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས། །ཕྱག་བཞི་དག་གིས་རྣམ་པར་མཛེས། །ཕྱག་གཉིས་ཆོས་འཆད་ཕྱག་རྒྱས་བརྒྱན། །གཡས་པ་ཡི་ནི་ཕྱག་གཉིས་པ། །སེམས་ཅན་སྐྱོབ་པ་མཆོག་སྤྱིན་མཛད། །གཡོན་པ་ལྷ་རྫས་ཀླུ་ཤིང་གི །མེ་ཏོག་ཟེའུ་འཕྲོའི་མགོ་ལྕོགས་བསྣམས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །སྤྲིན་རྣམས་དེ་བཞིན་འཕྲོ་བར་མཛད། །བྱམས་པའི་སྟོབས་ཀྱི་ཡེ་ཤེས་ཀྱིས་རྡོ་རྗེས་རྣམ་པར་བརྒྱན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །མུ༷་གྱི་ཡེ་ཤེས་ལས་གྲུབ་པ། །གཞོན་ནུ་འཇམ་པའི་ཚིག་གི་ལམ། །ཤེས་རབ་ཡེ་ཤེས་མཆོག་ཐོབ་པ། །ཟབ་མོའི་ཚུལ་ནི་སྟོན་པ་པོ། །ཞལ་གསུམ་སྤྱན་གསུམ་ཟུར་ཕུད་གསུམ། །གཞོན་ནུའི་རྒྱན་གྱིས་བརྒྱན་པ་སྟེ། །ཅོད་པན་བཟང་པོ་མི་འཁྲུགས་ཅན། །མེ་ཏོག་སྣ་ཚོགས་རྣམས་ཀྱིས་ཀླུབས། །འོག་མ་པདྨ་ཆེན་པོ་ལས། །སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས། །འཇོ་སྒེག་ཐབས་ཀྱིས་རོལ་པ་སྟེ། །ཞལ་ནི་ཅུང་ཟད་བཞད་པ་ལ། །དཔའ་བོ་ཆེན་པོ་ཕྱག་དྲུག་པ། །དང་པོ་མི་འཇིགས་སྒྱིན་པར་བྱ། །གཉིས་པ་ན་ནི་རལ་གྲི་ཉིད། །གསུམ་པ་ན་ནི་མདའ་ཡང་གསོར། །དེ་བཞིན་གཡོན་ན་ཤེས་རབ་འཆང་། །གཉིས་པ་ན་ནི་ཨུ་ཏཱལ་ཐོགས། །གསུམ་པ་ན་ནི་གཞུ་ཉིད་དོ། ་གོས་རབ་ཡོན་ཏན་མཆོག་གིས་ཀླུབས། །འཕྲ་བར་སངས་རྒྱས་འདོད་པ་སྒོམ། །འཇམ་པ་མཆོག་གི་ཤེས་རབ་དང་། །ཡེ་ཤེས་ཀྱི་རྡོ་རྗེ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །སྤོས་ཀྱི་གླང་པོ་ཡེ་ཤེས་ཏོག །དེ་བཞིན་དུ་ནི་བཟང་སྐྱོང་དང་། །བློ་གྲོས་རྒྱ་མཚོ་བློ་གྲོས་དང་། །མི་བཟད་པ་དང་སྤོབས་བརྩེགས་ཉིད། །ངན་སོང་ཀུན་སྤོང་མཐུ་ཆེན་ཐོབ། །མྱ་ངན་ཀུན་མྱུར་འཇོམས་པའི་བློ། །ནོར་བཟངས་དང་ནི་དྲ་བའི་འོད། །དེ་བཞིན་ཟླ་འོད་དཔག་མེད་དང་། །ནམ་མཁའ་མཛོ་དང་སྒྲིབ་ཀུན་སེལ། །དེ་ལྟར་དེ་སོགས་གྲངས་མེད་པའི། །བྱང་ཆུབ་སེམས་དཔའ་སྐྱོབ་པ་ཀུན། །ས་བོན་ཡིག་འབྲུ་རྣམས་ལས་འཁྲུངས། །ཡེ་ཤེས་ཕྱག་རྒྱའི་སྦྱོར་བ་ཅན། །ཞལ་རས་གསུམ་པ་སྤྱན་གསུམ་པ། །སྣ་ཚོགས་ཐབས་ཀྱིས་རོལ་པ་མཛད། །བྱང་ཆུབ་སེམས་དཔའ་འདི་ཡི་རྒྱུ། །གསང་སྔགས་ཟློས་པ་བསྒོམ་པར་བྱ། །མདོག་ལྡན་འདུ་ཞིང་འཕྲོ་མཛད་པ། །རྣལ་འབྱོར་ཅན་གྱིས་རྟག་ཏུ་བསམ། །ཧཱུཾ་གིས་ཡེ་ཤེས་ལས་བསྒྲུབས་པ། །གཟི་བརྗིད་ལྡན་པ་འཇམ་དབྱངས་ཀྱིས། །གཤིན་རྗེའི་སྒྲ་ཞེས་རྣམ་གྲགས་པ། །བསྐལ་པ་མེ་ལྟར་འབར་བ་སྟེ། །མདོག་ནི་དབྱར་གྱི་ཆར་སྤྲིན་འདྲ། །ཞལ་དྲུག་པ་ལ་ཕྱག་དྲུག་པ། །དེ་བཞིན་ཞབས་དྲུག་མིའུ་ཐུང་འདྲ། །གསུས་འཁྱིལ་ཤིན་ཏུ་ཆེ་བ་སྟེ། ཁ་གདངས་དྲག་པོ་ཆེན་པོ་ཡིན། །ལྗགས་འདྲི་ལ་རྡོ་རྗེའི་མཆེ་བ་ཅན། །སྦྲུལ་གྱི་རྒྱན་གྱི་ཞགས་པ་སྟེ། །སྟག་ལྤགས་ཀྱི་ནི་ཤམ་ཐབས་བགོས། །རོལ་པའི་སྟབས་ཅན་མ་ཧེ་ཆིབས། །དེ་ཡི་འོག་ཏུ་པདྨ་བྱ། །མི་ཐོད་འཕྲེང་ཅན་སྐྲ་འཁྱིལ་བ། །ཨག་ཙོམ་སེར་ལ་སྒྲ་ཆེན་འབྱིན། །མགོ་བོའི་སྟེང་མ་མི་འཁྲུགས་པ། །སྐུ་གསུམ་ལ་ནི་རྣམ་པར་བཞུགས། །འཇམ་པའི་དཔལ་གྱིས་ལེགས་པར་རྣམ་པར་བརྒྱན། །གཡས་པའི་ཕྱག་ན་རལ་གྲི་སྟེ། །གཉིས་པ་ན་ནི་རྡོ་རྗེ་ཉིད། །གསུམ་པ་ཡིས་ནི་མདའ་ཡང་གསོར། །གཡོན་པ་སྡིགས་མཛུབ་ཞགས་པ་ཅན། །གཉིས་པ་ཡིས་ནི་པུ་ཙ་འཛིན། །གསུམ་པ་གཞུ་ནི་བདུངས་པ་ཡིས། ཁེན་ཏུ་ལེགས་པར་རྣམ་བར་བརྒྱན། །ལྷ་མོ་ཡིས་ནི་གཡས་ནས་འཁྱུད། །གཉིས་པ་ཡིས་ནི་ཨུཏུལ་ཐོགས། །གཡོན་པ་ཟླ་བ་ལྟར་སྣང་བ། །པདྨ་དཀར་པོ་ཐོགས་པར་བྱ། །འོག་ཏུ་ལྷ་དང་བགེགས་ཀྱི་རྣམས། །བདར་མ་བྲེད་ནས་ཕྱག་ཀྱང་འཚལ། །འོད་ཟེར་དམར་པོ་འབར་དང་བཅས། །སངས་རྒྱས་སྤྲིན་རྣམས་འཕྲོ་ཞིང་སྡུད། །རྣལ་འབྱོར་གང་གིས་བསྒོམས་ནས་སུ། །བསྒྲིམས་ནས་གསང་སྔགས་ཟློས་པ་སྟེ། །འདུག་དང་འཆག་དང་ཉལ་བ་ན། །ལེགས་པར་སེམས་དཔའ་ཀུན་ཟློས་ཤིག །འདོད་པ་ལྔ་ལ་ལོངས་སྤྱོད་ཀྱང་། །ནམ་མཁའ་ལྟ་བུར་གོས་མི་འགྱུར། །གཤེད་བྱེད་ཐམས་ཅད་སློང་བར་བྱེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་གཤིན་རྗེ་གསོད་པའི་འདུལ་བ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །པྲ་བའི་ཡེ་ཤེས་ལས་བསྒྲུབ་པ། ཁྲོ་བོ་གཞན་གྱིས་མི་ཐུབ་པ། །ཞལ་རས་གསུམ་པ་སྤྱན་གསུམ་པ། །ཕྱག་དྲུག་གིས་ནི་རྣམ་པར་མཛེས། །མདོག་སེར་མིའུ་ཐུང་གཟུགས་ཅན་ལ། །འོད་ཟེར་དམར་པོའི་དཀྱིལ་འཁོར་ཅན། །པདྨ་ལ་བཞུགས་རོལ་པའི་སྟབས། །སྦྲུལ་གྱི་རྒྱན་གྱིས་བརྒྱན་པ་ལ། །དང་པོའི་ཞལ་ནི་རྣམ་པར་བཞད། །དེ་བཞིན་གཡས་པ་རྣམ་པར་བསྒྱུར། །གཡོན་པ་ཚེམས་ཀྱི་སྒྲོས་ཀྱང་གནོན། །སྣ་ཚོགས་ཚུལ་གྱིས་འབར་བ་སྟེ། །ལག་པ་གཡས་ན་རྡོ་རྗེ་ཐོགས། །གཉིས་པ་ན་ནི་དབྱུག་ཏོ་སྟེ། །གསུམ་པ་ན་ནི་མདའ་ཡང་ཐོགས། །གཡོན་པ་སྡིགས་མཛུབ་ཞགས་པ་ཅན། །གཉིས་པ་ཡིས་ནི་པུ་ཙ་འཛིན། །གསུམ་པ་གཞུ་ཅན་ཡིན་པར་གསུངས། །སྤྱི་བོའི་སྟེང་ན་མི་འཁྲུགས་པ། །རིམ་བཞིན་འཕྲོ་དང་སྦུད་པ་སྟེ། །འདི་འདྲ་གོམས་པར་བསྒོམ་བྱས་ན། །ཟློས་པས་སངས་རྒྱས་ཉིད་ཀྱང་འཐོབ། །གཞན་གྱིས་མི་ཐུབ་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཧ་ཡི་ཡེ་ཤེས་ལས་བསྒྲུབས་པ། །ཁྲོ་བོ་པདྨ་ཐར་བྱེད་པ། །ཞལ་རས་གསུམ་པ་སྤྱན་གསུམ་པ། ཁ་དོག་དམར་པོ་ཕྱག་བརྒྱད་པ། །སྐུ་ནི་སྦྲུལ་གྱིས་དཀྲིས་པ་སྟེ། །པདྨ་ལ་བཞུགས་རོལ་པའི་སྟབས། ཁྲོ་བོ་ལྟ་བས་རྟོགས་མཛད་པ། །དང་པོའི་ཞལ་ནི་རྣམ་པར་བཞད། །གཡས་པ་ལྕགས་ནི་འདྲིལ་བ་སྟེ། །གཡོན་པ་ཚེམས་ནི་སྒྲོས་མནན་པ། །སྟག་ལྤགས་གསོལ་ཞིང་ཁྲོ་བ་ལ། །གཡས་པའི་ཕྱག་ན་རྡོ་རྗེ་སྟེ། །གཉིས་པ་ན་ཡང་དབྱུག་པར་གསུངས། །གསུམ་པ་ན་ནི་མཚོན་རྩེ་གཅིག །བཞི་པ་ན་ནི་མདའ་ཡང་གསོར། །གཡོན་པ་སྡིགས་པའི་མཛུབ་མོ་སྟེ། །གཉིས་པ་ཡིས་ནི་པུ་ཙ་འཛིན། །གསུམ་པ་ལ་ནི་པདྨ་སྟེ། །བཞི་པ་ན་ནི་གཞུ་ཉིད་དོ། །དེ་ཡི་ཅོད་པན་མི་འཁྲུགས་པ། །སངས་རྒྱས་གཟུགས་ནི་མང་པོ་དག །འཕྲོ་ཞིང་འདུ་བ་བསྒོམ་བྱས་ན། །འགྲུབ་པར་འགྱུར་ཏེ་གཞན་དུ་མིན། །རྟ་མཆོག་གི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཧུ༷་གི་ཡེ་ཤེས་ལས་བསྒྲུབས་པ། །མིང་ནི་ཁྲོ་བོ་བགེགས་ཀྱི་གཤེད། །མེ་ཡི་དཀྱིལ་བཞུགས་གྲུབ་པ་སྦྱིན། །ལག་ན་རྡོ་རྗེའི་རྗེས་འབྲེང་བ། །ཞལ་རས་གསུམ་པ་སྤྱན་གསུམ་པ། །བགེགས་རྣམས་འཇོམས་མཛད་ཕྱག་དྲུག་ཅན། །དང་པོའི་ཞལ་ནི་བཞད་པ་སྟེ། །དེ་བཞིན་གཡས་ཀྱི་ཞལ་གདངས་པ། །གཡོན་པ་ཚེམས་ཀྱི་སྒྲོས་མནན་ཁྲོ། །ཨུཏུལ་སྔོན་པོའི་འདབ་མའི་མདོག །ཞབས་ཀྱིས་བགེགས་ནི་མནན་པ་སྟེ། །གཉིས་པ་པདྨའི་སྟེང་ན་བཞུགས། །གཡས་ཀྱི་ཕྱག་ན་རལ་གྲི་སྟེ། །གཉིས་པ་ན་ནི་དགྲ་སྟར་གསུངས། །གསུམ་པ་ན་ནི་མདའ་ཡོང་གསོར། །གཡོན་པ་སྡིགས་མཛུབ་ཞགས་པ་ཅན། །དེ་བཞིན་གཉིས་པས་ཀུ་ཙ་འཛིན། །གསུམ་པ་ན་ནི་གཞུར་ཡང་གསུང་། །སངས་རྒྱས་རང་བཞིན་སྤྱིན་འཕྲོ་བར། །ཡེ་ཤེས་མཁས་པས་བསྒོམ་པར་བྱ། །བགེགས་ཐམས་ཅད་འདྲལ་བའི་ཡེ་ཤེས་ཀྱི་རྡོ་རྗེས་རྣམ་པར་རྒྱལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཧ༷་གི་ཡེ་ཤེས་ལས་གྲུབ་པ། །མི་གཡོ་བྱིས་པའི་གཟུགས་དང་ལྡན། །ཞལ་རས་གསུམ་པ་སྤྱན་གསུམ་པ། །གཤོན་ནུའི་རྒྱན་གྱིས་བརྒྱན་པ་ལ། །དང་པོའི་ཞལ་ནི་བཞད་པ་སྟེ། །དེ་ཡི་གཡས་ཕྱོགས་ཞལ་གདངས་པ། ཁྲག་གིས་བརླན་པའི་ལྗགས་ཀྱང་འདྲིལ། །གཡོན་པ་ཚེམས་ཀྱི་སྒྲོས་མནན་ཁྲོ། ། ཧྲུ༷་གི་སྙིང་ཁའི་ཕྱོགས་ཀྱང་བཀང་། །མཐིང་ཤུན་གྱི་ནི་མདོག་ཅན་དེ། །རིན་ཆེན་རི་སྟེང་པདྨ་ལ། །རོལ་པའི་ཞབས་ཀྱི་སྟབས་ཀྱིས་བཞུགས། །ཐུབ་པ་བགེགས་ཀྱི་ཆུ་འཇིགས་འཇོམས། །ཕྱག་དྲུག་འབར་བ་འཕྲེང་བ་ཡི། །འོད་བཟང་དམར་པོའི་དཀྱིལ་འཁོར་ཅན། །གཡས་པའི་ཕྱག་ན་རལ་གྲི་སྟེ། །གཉིས་པ་ན་ནི་རྡོ་རྗེར་གསུངས། །གསུམ་པ་ན་ནི་མདའ་ཡང་གསོར། །གཡོན་པ་སྡིགས་མཛུབ་ཞགས་པ་ཅན། །གཉིས་པ་ཡིས་ནི་པུ་ཙ་འཛིན། །གསུམ་པ་གཞུ་ནི་བདུངས་པ་ལ ཆང་པས་བཟུང་སྟེ་ལྟ་བ་དང་། །སྣ་ཚོགས་མེ་ཏོག་གིས་བཅིངས་པ། །ཅོད་པན་དང་ནི་དབུ་རྒྱན་ཐོགས། །ཟུར་ཕུད་གཡོན་པ་བུང་བའི་མདོག །མི་འཁྲུགས་པ་ཡིས་རྣམ་པར་བརྒྱན། །སངས་རྒྱས་རང་བཞིན་སྤྲིན་དག་གིས། །ཆོ་འཕྲུལ་ཆེན་པོ་དུ་མ་འཕྲོ། །དེ་དག་རྟག་ཏུ་རྣལ་འབྱོར་གང་། །སྒོམ་པས་སྒོམ་པར་བྱེད་པ་དེ། །བླ་ན་མེད་པའི་བྱང་ཆུབ་ཀྱི། །ཐེམ་སྐས་ལ་ནི་འཛེག་པར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་སངས་རྒྱས་ཀྱི་བཀའ་བཞིན་བྱེད་པ་ལ། མི་གཡོ་བའི་ཡེ་ཤེས་ཀྱི་རྡོ་རྗེ་བསྤྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཧུ༷་གི་ཡེ་ཤེས་ལས་བསྒྲུབས་པས། །མིང་ནི་འདོད་པའི་རྒྱལ་པོ་སྟེ། །ཞལ་རས་གསུམ་པ་སྤྱན་གསུམ་པ། །ཕྱག་དྲུག་པ་ཞེས་བྱ་བར་གྲགས། །དབུ་རྒྱན་སངས་རྒྱས་ཀྱིས་བརྒྱན་པའི། །ཐོར་ཚུགས་ཅོད་པན་བཟང་པོ་འཆང་། །དང་པོའི་ཞལ་ནི་བཞད་པ་ལ། །གཡས་པ་ཡི་ནི་རྣམ་པར་བསྒྱུར། །གཡོན་པ་ཚེམས་ཀྱིས་སྒྲོས་མནན་ཁྲོ། །དཔྲལ་བ་ཁྲོ་གཉེར་རིམ་པ་ཅན། །འབར་བ་ཆར་སྤྱིན་ལྟ་བུའི་མདོག །དཀྱིལ་འཁོར་དམར་པོར་འབར་བ་ཅན། །ཕྱག་གཉིས་འདོད་པའི་ཕྱག་རྒྱར་ལྡན། །གཡས་པ་ན་ནི་རྡོ་རྗེར་གསུངས། །གཉིས་པ་མདའ་ཡིས་རྣམ་པར་རོལ། །གཡོན་པ་སྡིགས་མཛུབ་ཞགས་པ་ཅན། །གཉིས་པ་ཡིས་ནི་པྲུ་ཙ་འཛིན། །གསུམ་པ་ཕྱག་ན་གཞུ་ཡང་བསྣམས། །པདྨ་ལ་བཞུགས་རོལ་པའི་སྟབས། །འོག་ཏུ་བགེགས་རྣམས་རྣམ་པར་མནན། །སངས་རྒྱས་ལང་ལོང་འཕྲོ་མཛད་པ། །ཏིང་ངེ་འཛིན་གྱིས་བསྒོམས་བྱས་ནས། །བླ་ན་མེད་པའི་ཡེ་ཤེས་ཐོབ། །སྙིང་ཐམས་ཅད་འགུགས་པར་ཡེ་ཤེས་ཀྱི་རྡོ་རྗེས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཧུ༷་གི་ཡེ་ཤེས་ལས་བསྒྲུབས་པ།ཁྲོ་བོ་བེ་ཅོན་སྔོན་པོ་ཅན། །ཞལ་རས་གསུམ་པ་སྦྱན་གསུམ་པ། །ཕྱག་དྲུག་གིས་ནི་རྣམ་པར་བརྒྱན། །དང་པོའི་ཞལ་ནི་འཇོ་སྒེག་བཞད། །དེ་བཞིན་གཡས་པ་རྣམ་པར་གདངས། །གཡོན་པ་ཚེམས་ཀྱིས་སྒྲོས་ཀྱང་མནན། །སྐུ་ནི་རི་སྔོན་འདྲ་བ་སྟེ། །ལུས་ནི་སྦྲུལ་གྱིས་རྣམ་པར་བརྒྱན། །སྐྲ་ཚུགས་ལྕང་ལོར་འཁྱིལ་བ་སྟེ། །དབུ་རྒྱན་ལ་ནི་སངས་རྒྱས་བཞུགས། །པདྨ་ལ་བཞུགས་རོལ་སྟངས་མཛད། །གཡས་པའི་ཕྱག་ན་རྡོ་རྗེ་སྟེ། །གཉིས་པ་ན་ནི་བེ་ཅོན་ཉིད། །གསུམ་པ་མཚོན་ཆ་མདའ་དང་ལྡན། །གཡོན་པ་སྡིགས་མཛུབ་ཞགས་པ་སྟེ། །གཉིས་པ་ཡིས་ནི་བྱུ་ཛ་འཛིན། །ཕྱག་གསུམ་པ་ན་གཞུ་ཉིད་བསྣམས། །དཀྱིལ་འཁོར་དམར་པོ་འབར་བ་ཅན། །སྦྱོར་བའི་ཡེ་ཤེས་ཀྱིས་བསྐྲུན་པའི། །སངས་རྒྱས་སྤྲིན་ནི་རྣམ་པར་འཕྲོ། །བགེགས་རྟོག་པའི་ཡེ་ཤེས་ཀྱི་རྡོ་རྗེས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཧུ༷་ཞེས་གསུངས་པའི་ཁྲོ་བོ་ནི། །ཡེ་ཤེས་དམ་པ་སྟོབས་པོ་ཆེ། །ཞལ་རས་གསུམ་པ་སྤྱན་གསུམ་པ། །ཕྱག་བརྒྱད་ཀྱིས་ནི་རྣམ་པར་བརྒྱན། །སྤྲིན་གྱི་ཁ་དོག་འདྲ་བ་སྟེ། །སྦྲུལ་གྱི་རྒྱན་གྱིས་རྣམ་པར་ཀླུབས། །མིག་དམར་སྒྲ་འབར་གྱེན་དུ་བརྗེས། །མགོ་བོ་ལ་ནི་མི་འཁྲུགས་བཞུགས། །དང་པོའི་ཞལ་ནི་རྣམ་པར་བཞད། །དེ་བཞིན་གཡས་པ་རྣམ་པར་གདངས། །གཡོན་པ་ཚེམས་ཀྱིས་སྒྲོས་མནན་པ། །པདྨ་ལ་བཞུགས་འགྱིང་བག་ཅན། །དྲག་པོ་ཚད་མ་སྟང་སྟབས་ཅན། །ཕྱོགས་བཅུའི་ལྷ་རྣམས་ཕུང་བར་མཛད། །འབར་བ་རྣམས་ཀྱིས་ཡོངས་བསྐོར་བའི། །ཉི་མའི་དཀྱིལ་འཁོར་ནང་ན་བཞུགས། །གཡས་པའི་ཕྱག་ན་རྡོ་རྗེ་སྟེ། །གཉིས་པ་བེ་བརྩོན་ཐོགས་པར་བརྩོན། །གསུམ་པ་ཡིས་ནི་རལ་གྲི་གདེངས། །བཞི་པ་མདའ་ཡིས་རྣམ་པར་བརྒྱན། །གཡོན་པ་སྡིགས་མཛུབ་ཞགས་པ་ཅན། །གཉིས་པ་ཡི་ནི་པྲུ་ཙ་འཛིན། །གསུམ་པ་ན་ནི་ཐོ་བ་ཉིད། །ཕྱག་བཞི་པ་ན་གཞུ་ཅན་ལ། །སངས་རྒྱས་རང་བཞིན་སྤྲིན་འཕྲོ་བ། །སྒོམ་པ་མཆོག་གིས་བསྒོམ་པར་བྱ། །མནོལ་བ་མེད་པའི་ཡེ་ཤེས་ཀྱིས་རྡོ་རྗེའི་སྟོབས་ཀྱིས་རྣམ་པར་བརྒྱན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །བྲུ༷་གྱི་ཡེ་ཤེས་ལས་བསྒྲུབས་པ། །གཙུག་གཏོར་འཁོར་ལོས་སྒྱུར་པ་སྟེ། །སྐུ་གསུམ་ལྡན་པ་ཞལ་རས་གསུམ། །གསེར་གྱི་མདོག་ཅན་འོད་བཟང་བ། །འདོམ་གང་འོད་ཀྱིས་རྣམ་པར་བརྒྱན། །ཏིང་འཛིན་ཕྱག་རྒྱར་རྣམ་པར་གནས། །རིན་ཆེན་རི་སྟེང་པདྨ་ལ། །རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས། །རིགས་ཀྱི་ཡུམ་ནི་བཞི་པོ་རྣམས། །གཟུགས་དང་ཡན་ལག་ཀུན་མདངས་ཅན། །ཞལ་རས་འཇོ་སྒེག་ཚུལ་གྱིས་བརྒྱན། །གོས་དང་རྒྱན་གྱིས་ཀླུབས་པ་སྟེ། །ཕྱགས་ཕྱིར་སྤྲོ་ཞིང་རྩོལ་བ་ཅན། །ཕྱག་རྒྱ་རིན་ཆེན་སྙེ་མ་དང་། །རྡོ་རྗེ་པདྨ་ཨུཏྣལ་ལྡན། །ལྷ་མོ་སོ་སོའི་ཕྱོགས་ན་བཞུགས། །གཙུག་ཏོར་འོད་ཟེར་ལྔ་པ་ཅན། །ཀུན་ཏུ་འཁོར་ལོའི་འཕྲེང་བ་དང་། །འཁོར་ལོའི་བར་ན་རྡོ་རྗེ་གནས། །འོད་ཟེར་འཕྲེང་བས་རྣམ་པར་བརྒྱན། །སངས་རྒྱས་རང་བཞིན་སྤྲིན་འཕྲོ་བས། །ནམ་མཁའ་ཐམས་ཅད་འགེངས་པར་མཛད། །བྱང་ཆུབ་སྙིང་པོ་དོན་གཉེར་བས། །འདི་འདྲའི་འཁོར་ལོ་ཅན་བསྒོམ་ཞིང་། །བསྒྲིམས་ནས་རྣལ་འབྱོར་སྒོམ་པ་ཡིས རིང་པོར་མི་ཐོགས་འདོད་པ་ཐོབ། །བྱང་ཆུབ་སྙིང་པོ་ཐམས་ཅད་ཀྱི་རྒྱན་གྱི་ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རྫ་གྱིས་ཡེ་ཤེས་ལས་སྐྲུན་པ། །གནོད་སྤྱིན་གནོད་གནས་སྐུ་གསུམ་ཅན། །ཞལ་རས་གསུམ་པ་ཕྱག་གཉིས་ན། །བེ་ཛ་བུ་ར་ནེའུ་ལེ་ཅན། །པདྨའི་གདན་ལ་རྣམ་བཞུགས་ཤིང་། །དེ་བཞིན་བཟང་པོའི་འདུག་སྟངས་གནས། །ངོས་ན་རྒྱན་རྣམས་ཐམས་ཅད་ཀྱིས། །བརྒྱན་པའི་གནོད་སྤྱིན་མོ་བཞི་དག །རིན་ཆེན་ཆར་པ་འབེབས་པར་བྱེད། །མགོ་བོའི་སྟེང་ན་སངས་རྒྱས་ལྔ། །དེ་ཡི་ཅོད་པན་བཟང་པོ་ཡིས། །གཡོགས་ན་ཕྱོགས་རྩེ་བྲན་ཡང་ཆག །སངས་རྒྱས་རྣམས་ཀྱི་སྤྲིན་འཕྲོ་ཞིང་། །རིན་ཆེན་ཆར་བ་འབེབས་པར་མཛད། །གང་གི་ནོར་རྫས་འདོད་པ་ཡིས། །གནོན་གནས་འདི་འདྲ་བསྒོམ་བྱས་ན། །དེ་ཡི་ས་ཆེན་ནོར་རྫས་ཀྱིས། །རིང་པོར་མི་ཐོགས་གང་བར་འགྱུར། །ལག་ནས་རྡོ་རྗེ་བདུད་རྩི་ཡིས། །ཆུ་ཡང་རྟག་ཏུ་དབུལ་བར་བྱ། །རིན་པོ་ཆེའི་སྤྲིན་སྤྱིན་པའི་ཆར་འབེབས་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །མ་ཡི་ཡེ་ཤེས་ལས་བསྒྲུབས་པ། །ཉི་མའི་དཀྱིལ་འཁོར་འོད་ཟེར་ཅན། །རྟ་བདུན་ལྡན་པའི་ཤིང་ལྟར་བཞུགས། །འབར་བའི་དཀྱིལ་འཁོར་སྣང་མཛད་པ། །ཞལ་རས་གསུམ་པ་སྤྱན་གསུམ་ལྡན། །ཕྱག་དྲུག་ཁ་དོག་སེར་པོ་སྣང་། །ཕྱོགས་བཅུ་བསྲུང་བར་བརྩོན་པ་སྟེ། །འཇོ་སྒེག་ཚུལ་དུ་ཞལ་ཡང་བཞད། །ན་ཆུང་རྒྱན་ནི་གཡོ་བ་ཅན། །ཅོད་པན་རྫོགས་པའི་སངས་རྒྱས་ལ། །ཐོར་ཚུགས་མེ་ཏོག་རྣམས་ཀྱིས་བརྒྱན། །གཡས་པའི་ཕྱག་ན་རྡོ་རྗེ་སྟེ། །གཉིས་པ་ན་ནི་ཁ་བསྐུད་བསྣམས། །གསུམ་པ་ན་ནི་མདའ་ཡང་གསོར། །གཡོན་པ་སྡིགས་མཛུབ་ཞགས་པ་བསྣམས། །གཉིས་པ་ཨ་་།འི་ཡལ་ག་སྟེ། །གསུམ་པ་ན་ནི་གཞུ་ཉིད་དོ། །གཟུགས་བརྙན་མང་པོ་འཕྲོ་བ་ཡིས། །སྡང་བའི་སེམས་ཅན་འཆིང་བ་དང་། །མིག་དང་ཁ་ནི་འདྲུབ་པར་བྱེད། །གསང་སྔགས་བཟླས་བརྗོད་འབད་པ་དག །གལ་ཏེ་བྱང་ཆུབ་མཆོག་འདོད་ན། །ལྷ་མོ་ཧུ༷་མཛད་བསྒོམ་པར་བྱ། །འདི་ནི་སྒོམ་པར་བྱེད་པ་ཡི། །དབང་དུ་སེམས་ཅན་རབ་ཏུ་འཕྲོ། །སྡང་བ་ཐམས་ཅད་ཀྱིས་མི་ཚུགས་པར་བྱེད་པའི་ཡེ་ཤེས་ཀྱི་རྡོ་རྗེའི་མཆོག་རབ་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །བ་ཡི་ཡེ་ཤེས་ལས་བསྒྲུབས་པ། །རིག་པ་རི་ཁྲོད་ཤིང་ལོ་ཅན། །ཞལ་རས་གསུམ་པ་སྤྱན་གསུམ་པ། །ཞལ་རས་བཞད་ཅིང་ཁྲོ་དང་བཅས། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །ན་ཆུང་གཞོན་ནུ་ཕྱག་དྲུག་མ། །གཡས་པའི་ཕྱག་ན་རྡོ་རྗེ་སྟེ། །གཉིས་པ་ན་ནི་དགྲ་སྟ་ཉིད། །གསུམ་པས་མདའ་ནི་རྣམ་པར་གསོར། །གཡོན་པ་སྡིགས་མཛུབ་ཞགས་པ་ཅན། །གཉིས་པ་ཤིང་ལོ་བིམ་པ་སྟེ། །ཕྱག་གསུམ་པ་ན་གཞུ་ཉིད་དོ། །ཐོར་ཚུགས་མེ་ཏོག་འཕྲེང་བས་བརྒྱན། །དེ་སྟེང་ཁ་དོག་ལྔ་པོ་དག །རབ་ཏུ་འདྲེན་པའི་སངས་རྒྱས་བཞུགས། །པདྨ་དཀར་པོའི་གདན་ལ་གནས། །མདོག་སེར་འབར་བ་ཆེན་པོ་སྟེ། །དཀྱིལ་འཁོར་དམར་པོ་འབར་དང་བཅས། ཁྲོ་བོའི་སྤྲིན་འཕྲོ་སྡུད་མཛད་ཅིང་། །གདོན་གང་སྐྱེ་དགུའི་ནང་གནས་པ། །དེ་དག་ཁྲོ་བོའི་མེས་ཀྱང་བསྲེགས། །ཕྱིར་ཡང་བསྲེགས་ལས་སངས་རྒྱས་ཀྱིས། ཁ་དོག་བདུད་རྩིའི་ཆར་འབེབས་མཛད། །དེ་་དྲ་རྣལ་འབྱོར་གྱིས་བསྒོམས་ན། །མི་ངས་ཐམས་ཅད་ཞི་བར་འགྱུར། །ནད་ཐམས་ཅད་ཉབརཞིབརབྱེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཛ་ཡི་ཡེ་ཤེས་ལས་བསྒྲུབས་པ། །རིག་སྔགས་མཚན་ནི་དུག་སེལ་མ། །སྦྲུལ་མགོ་བདུན་གྱི་གདེངས་ཀས་བརྒྱན། །ནོར་བུ་འབར་བས་བརྒྱན་པ་སྟེ། །ཞལ་རས་གསུམ་པ་སྤྱན་གསུམ་པ། །གཤོན་ནུའི་མཚན་ནི་འབར་བ་ཅན། །བཞད་ཅིང་ཁྲོ་དང་བཅས་པ་སྟེ། །སྦྲུལ་གྱི་སྐེ་རགས་དག་གིས་བརྒྱན། །ཕྱག་དྲུག་རོལ་པའི་སྟབས་སྟངས་ཅན། །མགོ་ཡི་སྟེང་ན་མི་འཁྲུགས་བཞུགས། །གཡས་ཕྱག་ན་ནི་རྡོ་རྗེ་སྟེ། །གཉིས་པ་རལ་གྲི་ཐོགས་པ་བཅོམ། །ཕྱག་གསུམ་པ་ན་གར་ཐབས་ཀྱི། །སྟངས་ཐབས་ཚུལ་གྱིས་མདའ་ཡང་གསོར། །གཡོན་པ་སྡིགས་མཛུབ་ཞགས་པ་ཅན། །གཉིས་པ་དུག་གི་མེ་ཏོག་སྟེ། །ཕྱག་གསུམ་པ་ན་གཞུ་ཉིད་དོ། །དབུ་རྒྱན་མེ་ཏོག་རྣམས་ཀྱིས་བརྒྱན། །གསེར་མདོག་པདྨའི་གདན་ལ་བཞུགས། །འོད་ནི་དམར་པོའི་དཀྱིལ་འཁོར་ཅན། །མཛའ་རྣམས་འཕྲོ་བས་བསྐོར་བ་སྟེ། །ཀུན་ནས་འབར་བ་རྣམས་ཀྱིས་ཁེབས། །སངས་རྒྱས་གཟུགས་བརྙན་འཕྲོ་བ་ཅན། །ཕྱག་བཟང་བུམ་པའི་ཟླ་འདྲ་བའི། ཁ་ནི་ཛ་ཡིས་རྣམ་བརྒྱན་པས། །དུག་གིས་ཕོག་པ་རྣམས་ལ་ལུགས། །རྟག་ཏུ་སྐུ་གསུམ་དུག་སེལ་མ། །དུག་གིས་ཕོག་པ་རྣམས་ལ་བསྒོམ། །དེ་ལྟར་བསྒོམ་པ་བྱས་པ་ཡིས རིང་པོར་མི་ཐོགས་བྱང་ཆུབ་འཐོབ། །ཉོན་མོང་ཐམས་ཅད་ཀྱི་དུག་སེལ་བ་གདེངས་ཀའི་དབང་པོའི་རྡོ་རྗེ་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དྷ་ཡི་ཡེ་ཤེས་ལས་བསྒྲུབས་པ། །སྐུ་ཆེན་ཧ་ལ་ཧ་ལ་སྟེ། །ཞལ་རས་གསུམ་པ་སྤྱན་གསུམ་པ། །ཐོར་ཚུགས་ཅོད་པན་རྣམས་ཀྱིས་བརྒྱན། །ཟླ་བ་ཚེས་པ་བསྣམས་པའི་ལྷ། །དབུ་རྒྱན་ཐོད་པ་དག་གིས་བྱས། །ཐོར་ཚུགས་རྒྱལ་བའི་སྐུ་གཟུགས་བཞུགས། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །པདྨ་དཀར་པོ་ལྟ་བུར་སྣང་། །སེམས་སྟོབས་ལྡན་པ་འཇོ་ཚུལ་ཅན། །ཕྱག་བརྒྱད་ཞལ་ཡང་བཞད་པ་སྟེ། །སྨད་གཡོགས་སྟག་གི་པགས་པ་བསྣམས། །གཡས་པའི་ཕྱག་ནི་མཆོག་སྤྱིན་མཛད། །གཉིས་པ་བགྲང་འཕྲེང་ནོར་བུ་ཅན། །གསུམ་པ་ཡིས་མི་མདའ་ཡང་གསོར། །གཡོན་པ་པདྨ་རྣམ་པར་བརྒྱན། །གཉིས་པ་ཡིས་ནི་པུ་ཛ་འཛིན། །གསུམ་པ་ན་ནི་གཞུ་ཉིད་དོ། །གཡས་ན་མདུང་རྩེ་གསུམ་པ་ལ། །སྦྲུལ་གྱིས་ཡོངས་ཕུང་དཀྲིས་པ་སྟེ། །གཡོན་ན་ཐོད་པ་དྲི་ཞིམ་པའི། །མེ་ཏོག་སྣ་ཚོགས་ཀྱིས་བཀང་པའི། པདྨ་དམར་པོ་ལ་བཞུགས་ཤིང་། །རོལ་པའི་སྟང་སྟབས་ཚུལ་དུ་གནས། །རིན་ཆེན་རི་ཕུག་ནང་བཞུགས་པར། །རྣལ་འབྱོར་སེམས་དཔས་བསྒོམ་པར་བྱ། །སངས་རྒྱས་རང་བཞིན་གཟུགས་དང་ནི། །ཆོ་འཕྲུལ་ཆེན་པོ་སྣ་ཚོགས་འཕྲོ། །རྣམ་པར་མི་རྟོག་ཏིང་འཛིན་གྱིས། ཁ་ཟས་ཐམས་ཅད་ཟ་བྱེད་ཅིང་། །ནང་གི་བཟླས་པས་སྔགས་བརྗོད་ན། །རིམ་བཞིན་རྣལ་འབྱོར་གྱིས་བསྒོམས་ན། །བྱང་ཆུབ་མྱུར་དུ་ཐོབ་འགྱུར་ཞིང་། །བླ་ན་མེད་པའི་བདེ་བ་འདྲེན། །འདོད་པ་ཐམས་ཅད་པར་སྒྲུབ་པ། །ཧ་ལ་ཧ་ལ་ཡོངས་སུ་མཉེས་པར་བྱེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །བ་ཡི་ཡེ་ཤེས་ལས་བསྒྲུབས་པ། །སྲིན་མོ་འབར་བའི་གློག་ཅན་མའམ། །མིང་ནི་དངུལ་དཀར་ལས་སྐྱེས་མ། །སྟོབས་པོ་ཆེ་ལ་ཕ་རོལ་གནོན། །གསུས་པ་འཕྱང་བ། །མཆེ་བ་གཙིགས་པ། སྐྲ་སེར་པོའམ་ཁམ་པ་གྱེན་དུ་བརྫེས་པ། ཐོར་ཚུགས་དང་ཅོད་པན་གྱིས་བརྒྱན་པ། སྤྱི་བོ་ལ་མི་འཁྲུགས་པ་བཞུགས་པ། །ཕྱག་བཅོ་བརྒྱད་པ། མགོ་བཅུ་གཉིས་པ། སྤྱན་གསུམ་པ། ཐོད་པའི་འཕྲེང་བ་དང་ལྡན་པ། དྲག་མོ་ལག་ན་ཁྲག་གིས་བཀང་བའི་ཐོད་པ་ཐོགས་པ། སྨད་གཡོགས་ལ་སེང་གེའི་པགས་པ་བཅིངས་པ། སྦྲུལ་གྱི་མཆོད་ཕྱིར་ཐོགས་པ། རལ་གྲི་དང་། ལྕགས་ཀྱུ་དང་། འཁོར་ལོ་དང་། གཏུན་ཤིང་དང་། མདུང་རྩེ་གསུམ་པ་དང་། དྲིལ་བུ་དང་། བ་དན་དང་། ལྟག་དབྱུག་དང་། མདུང་དང་། མཆོག་སྤྱིན་པ་དང་། གཞུ་དང་། མདའ་དང་། མདུང་ཐུང་དང་། བེ་ཅོན་དང་། ཞགས་པ་དགྲ་སྟ་ཐོགས་པ། སྐྲ་ཁམ་པ་གྱེན་དུ་འཁྱིལ་བ། ལུས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མདོག་ནག་པ། པདྨའི་གདན་ལ་རོལ་པའི་སྟབས་སུ་བཞུགས་པ། སྡང་བ་འདུལ་བ་ཞེས་བརྗོད་པ་འདི་ལྟ་བུ། རྟག་ཏུ་ཧྭ༷་གིས་ཧུ༷་མཛད་པ། །བཟླས་བརྗོད་ཡང་དག་ལྡན་པར་བསྒོམ། །སེམས་ཅན་ཀུན་དོན་ཕུན་ཚོགས་པའི། །བྱང་ཆུབ་རིང་པོར་མི་ཐོགས་འཐོབ། །སེམས་ཅན་ཐམས་ཅད་འཆིང་བར་བྱེད་པའི་མཆོག་རབ་བྱང་ཆུབ་ཀྱི་སྙིང་པོར་རྣམ་པར་རྒྱལ་བའི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །སྒིང་ཞེས་བྱ་བས་བསྒོམ་པའི་གཟུགས། །རྒྱན་རྣམས་ཀུན་གྱིས་་བརྒྱན་པ་སྟེ། །ལང་ཚོ་གཞོན་ནུའི་འཇོ་ཚུལ་ཅན། །མགོ་ཡི་སྐྲ་ཚུགས་ཕྱེད་དུ་གཟུགས། །དེ་བཞིན་དུ་ནི་སྟོད་གཡོགས་དང་། །ལ་དཀར་སེངས་པ་བགོས་པ་སྟེ། །དེ་ཡི་སྐྲ་ལ་མེ་ཏོག་ནི། ཁ་དོག་ལྔ་པ་རྣམས་ཀྱིས་བརྒྱན། །གསེར་གྱི་མདོག་ཅན་བཞིན་འཛུམ་པ། །ཕྱེད་གཟུགས་པས་རྣམས་རྣམ་པར་རོལ། །དཔག་བསམ་ཤིང་གིས་བརྒྱན་པ་སྟེ། །རིན་ཆེན་རི་ལ་ལེགས་པར་འདུག །འཇམ་དཔལ་རྡོ་རྗེ་ཁྲོ་བོ་ཡིས། །དེ་ཡི་མགོ་བོ་མནན་ནས་བཞུགས། །མཐའ་མ་ཐོག་ཐག་གནོད་སྤྱིན་མོས། །ནམ་མཁའ་གང་བར་བསྒོམ་པར་བྱ། །གནོད་སྤྱིན་མོ་ཐམས་ཅད་སྒྲུབ་པར་རྡོ་རྗེ་མཆོག་རབ་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །མ་ཨུ་ཨུ། ཡི་གེ་གསུམ་པ་མིག་གསུམ་གཟུགས། ཁྱབ་འཇུག་ལྷ་ཆེན་མིས་པོ་ཆེ། །གདོང་གསུམ་རང་གི་མཚོན་ཐོགས་པ། །རྡོ་རྗེ་ཧུ༷་མཛད་ཀྱིས་བསྐུལ་ཞིང་། །རྡོ་རྗེ་ཏིང་འཛིན་གྱིས་བསྒོམས་ན། །མོད་ལ་དངོས་གྲུབ་ཐོབ་པར་འགྱུར། །འཇིག་རྟེན་ཐམས་ཅད་བསྒྲུབ་པ་མིག་གསུམ་པ་རྣམ་པར་རོལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །གཞན་ཡང་གསང་སྔགས་ཡི་གེ་ཡི། །ས་བོན་གང་ཡིན་སྦྱར་བྱས་ཏེ། །རྡོ་རྗེ་ཡིག་འབྲུ་རྣམས་བཟུང་ན། །དེ་དག་མ་བསྒྲུབས་བཞིན་དུ་འགྲུབ། །འཕྲོག་མ་འཕྲོག་བྱེད་ལས་སྐྱེས་པའི། །བུ་ནི་ལྔ་བརྒྱ་པོ་རྣམས་དང་། །ལྔ་རྩེན་དཔག་ཆེན་མ་ལ་སོགས། །མྱུར་བ་ཉིད་དུ་འགྲུབ་པར་འགྱུར། །རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་གྱི་དྲ་བ་ལས། ཏིང་ངེ་འཛིན་རིམ་པར་ཕྱེ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ཆེན་པོས་རྡོ་རྗེའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བལྟས་ནས། ཞི་བ་རྡུལ༷་དང་བྲལ་བའི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ། བྱ་བ་སྣ་ཚོགས་ཉིད་ཀྱི་ཡེ་ཤེས་སྐྱེས་པ། རྡོ་རྗེ་སེམས་ཀྱི་དམ་ཚིག་རྣམས་ལས་ཕྱུང་བའོ། །ཨོ་བྷ་ག་བ་ཏི་རུ་རུ་པུ་རུ་ཛ་ལ་ཏསྤྱི་སིད་དྷ་ལོ་ཙ་ནི་སརྦ་ཨཐེ་སུ་དྷ་ནི་གྲྭཧྭ། དེ་ནས་འདི་ནི་གསུངས་ཙམ་གྱིས། །ལས་རྣམས་ཐམས་ཅད་རབ་ཏུ་རྫོགས། །སངས་རྒྱས་རྣམས་ནི་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་མཁས་རྣམས་དགྱེས། །བདུད་ཀྱི་དཔུང་རྣམས་འདར་གྱུར་ཏེ། །སངས་རྒྱས་རྡོ་རྗེ་རྗེས་དྲན་བྱེད། །ཞི་བ་སངས་རྒྱས་རྣམས་ཀྱི་ཡུམ། །རྡོ་རྗེ་དམ་ཚིག་གིས་བསྐུལ་ན། །ཤི་བ་རྣམས་ལ་སྲོག་སྤྱིན་མཛད། །མ་གྲུབ་པ་རྣམས་གྲུབ་པ་སྩོལ། །དེ་ནས་བཅོམ་ལྡན་འདས་སྐུ་གསུམ་འབར་བའི་མཆོག །དམ་ཚིག་གི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་འཆང་མཆོག་ཐམས་ཅད་སྐྱེད་པའི་ཡུམ། རྡོ་རྗེ་དཀྱིལ་འཁོར་ཐམས་ཅད་ཀྱི་དངོས་གྲུབ་རབ་ཏུ་སྒྲུབ་པར་བྱེད་པ་འདི་ཕྱུང་ངོ་། །ཨོ་ཤ༷་ཀ་རེ་ཤང་ན་ཏི་ཀ་རེ། སྟུད་ཏ་ལྷུད་ཏ། སྙུད་ཏ་ནི། བྷ་ཏ་ཡ་བྷ་ཏ་ཡ། ལྷུ་ཏ་ནི་གྲྭཧྭ། དེ་ནས་འདི་ནི་གསུངས་ཙམ་གྱིས། །རྡོ་རྗེ་གསུམ་ལས་སྐྱེས་གྱུར་པ། །ཐམས་ཅད་ཀྱི་ནི་མིག་ཕྱེ་ནས། །རྡོ་རྗེ་ཐུགས་ནི་རྗེས་དྲན་གྱུར། །གྲུབ་པ་ཐམས་ཅད་སྲུང་མཛད་མ། །དེ་བཞིན་ལས་རྣམས་སྒྲུབ་པ་ཡིན། །སྡིག་པ་ཐམས་ཅད་འཇོམས་མ་སྟེ། །ཞི་དང་རྒྱས་པ་འཕེལ་མཛད་མའོ། །དེ་ནས་བཅོམ་ལྡན་འདས་འདོད་ཆགས་ཆེན་པོས་འདྲེན་པ་པདྨ་གར་གྱི་རྣམ་པར་འཕྲུལ་པས་འཐོར་བའི་དམ་ཚིག་གི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆོས་ཐམས་ཅད་འཛིན་པའི་མཆོག་གི་ཡུམ་འདི་རྡོ་རྗེ་གསུམ་ལས་བྱུང་ཕྱུང་ངོ་། །ཨོ་ཀ་ཏེ་བི་ཀ་ཏེ་ནེ་ཀ་ཏེ་ཀ་ཏང་ཀ་ཏེ། ཀ་རོ་ཏ། བི་བྱེ་གྲྭཧྭ། དེ་ནས་ཆོས་ཀྱི་རྒྱལ་མཚན་མཆོག་དམ་པ་འདི་གསུངས་ཙམ་གྱིས། ཏིང་ངེ་འཛིན་གྱི་མིག་ཕྱེ་ནས། །རྡོ་རྗེ་པདྨ་རྗེས་དྲན་བྱེད། །རྒྱས་པ་ཆེན་པོའི་ཡུམ་ཡིན་ཏེ། །ཆོས་མཛད་རྣམ་པར་འཕེལ་མཛད་མ། །བསྒོམས་ཤིང་བརྟེན་ཏེ་བཟླས་བརྗོད་ན། །རྒྱ་ཆེར་བསྲུང་བ་མཛད་པ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དབང་དུ་བྱ་བ་ཁོང་དུ་ཆུད་པ་རྡོ་རྗེ་གསུམ་མཉམ་པ་ཉིད་ཀྱིས་དགའ་བར་བྱེད་པའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སྙོམས་པར་ཞུགས་ནས། །ཡེ་ཤེས་ལས་འཇུག་པར་བྱེད་མ། །སྣ་ཚོགས་ཐམས་ཅད་འཆང་བའི་ཡུམ་མཆོག་སྒྲོལ་མ་མཆོག་འདི་གསུངས་སོ། །ཨོ་ཏྭ་རེ་ཏུད་ཏྭ་རེ་ཏུ་རེ་སྲུཧྭ། དེ་ནས་འདི་ནི་གསུངས་ཙམ་གྱིས། །སངས་རྒྱས་ཀུན་དང་སྲས་ཀྱི་རྣམས། །སྤྱན་ཆེ་རྣམ་པར་གདངས་ནས་སུ། །ཡེ་ཤེས་རྡོ་རྗེ་ལྡན་པ་དྲན། །ལྷ་མོ་བཟླས་བརྗོད་བྱས་ཙམ་གྱིས། །སྐྱེ་དགུ་རྣམས་ནི་མངག་གཞུག་གྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་བར་ཞུགས་ནས། འདི་རྡོ་རྗེ་གསུམ་ལས་ཕྱུང་ངོ་། །ན་མ་ཏི་བཛྲ་ནན། ཨོ༷་ཁ་ཁ་ཁའ་ཧི་ཁའ་ཧི། སརྦ་ཤན་ད་མ་ཀ །ཨ་སི་མུ་ས་ལ་པར་ཤུ་པ་ཤ་ཧསྟ། ཙ་ཏུར་པུ་ཛ། ཙ་ཏུར་མུ་ཁ་ཤང་ཙ་ར། ན་གད་ཛ་གད་ཛ། མཧྭ་བིག་བྷ། བྷ་ཏ་ཀ་བི་ཀྲི་ཏ། ཨ་ནན། སརྦ་བུད་ཏ་བ་ཤང་ཀ་ར། ཨད་ཏད་ཏ་ཧ་ས་ན་དི་ཏི། བྱ་གྲལ་ཙརྨ་ནི་བས་ན་ཀུ་རུ་ཀུ་སྲ སརྦ་ཀང་ར་མི་ནི། ཚིན་དྷ་ཚིན་དྷ། སརྦ་མན་ཏྲ༷། དྷིན་དྷ་སྟིན་དྷ། པ་ར་མུད་ཏྲ༷། ཨ་ཀར་ཤེ་ཡ་ཨ་ཀར་ཤ་ཡ། སརྦ་བུད་ཏ༷། ནིར་མ་ཐ་ཡ། ནིར་མ་ཐ་ཡ། སརྦ་དུ་ལྟ༷་པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། མན་ཌ་ལ་མན་དྷི། བེ་བ་སཏྭ། ཛི་བི་རྟ་ཏ་ཀ་ར། ཀུ་རུ་ཀུ་རུ། ཨི་མན་ཀརུན། ད་ཧ་ད་ཧ། པ་ཙ་པ་ཙ། མ་བི་ལམ་བྷ་ཡ། ས་མ་ཡ་མ་ནུ་སྨ་ར་ཧུ༷་ཧཱུཾ་ཕཊ་ཕཊ། སྤོ་ཏ་ཡ་སྤོ་ཏ་ཡ། སརྦ་ཨ་ཤི་པ་རི་པུ་ར་ཀ་ཧེ་ཧེ་བྷ་ག་བྷན། ཀི་ན་ཙི་ར་ཡ་སི། མ་མ་སརྦ་ཏ་ཨརྟ་སཏྭ་ཡ་གྲྭཧྭ། དེ་ནས་ཁྲོ་འདི་གསུངས་ཙམ་གྱིས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །འདར་ཞིང་འཇིགས་པ་སྐྱེས་གྱུར་ནས། །གཙོ་བོ་རྡོ་རྗེ་རྣམ་སྣང་མཛད། །ཡེ་ཤེས་སྣ་ཚོགས་རྡོ་རྗེ་ཡིས། །ར་བ་དྲ་བ་རྣམས་ལ་ལྟ། །སྲུབས་གཅིག་པའམ་སྲུབས་གཉིས་པའི། །ཐོད་པ་བཟང་པོ་རྙེད་པ་དང་། །རྐང་རྗེས་ས་ཡི་ཆོ་ག་ལ། །ལྷ་མོ་བཞི་ཡི་སྦྱོར་བ་དང་། །སངས་རྒྱས་ལྔ་ཡིས་བྱིན་བརླབས་ཏེ། །སྐུ་གསུམ་དབྱེར་མེད་བསྒོམས་ནས་སུ། །མྱུར་བར་ཁུགས་ཀྱི་བར་དུ་ནི། །རྐང་པས་མནན་ཏེ་དེ་ལ་བཟླས། །ཞེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཀྱི་རྡོ་རྗེ་མཆོག་གི་སྤྲིན་ཆེན་པོ་དམ་པ་རྡོ་རྗེ་བདུད་རྩི་ཁྲོ་བོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་གསུམ་རྣམས་ལ་སྙིང་པོ་འདིས་ཕྱུང་ངོ་། །ན་མ་ས་མན་དྷ་བུད་དྷ་ནན། ན་མོ་བཛྲ་ཀྲོ་དྷ་ཡ། དོསྒོ་ཀ་ཊ་ལྷི་ར་བ་ཡ། ཨ་སི་མུ་རལ་པར་ཤུ་པ་ས་ཧ་ཏ་ཡ། ཨོ་ཨ་མྲི་ཏ་ཀུཎྜ་ལི། ཁ་ཁ་ཁ། ཁུ་ཧི་ཁའ་ཧི། ཏིཛི་ཏིམོ བན་དྷ་བན་དྷ།ཧ་ན་ཧ་ན། གརྫ་གརྫ། བི་པོ་ཏ་ཡ་བི་པོ་ཏ་ཡ། སརྦ་བིག་བྷ་བིག་ན་ཡ་ཀ །མཧྭ་ག་ན་བི་ཏི། མཧྭ་ག་ན་པ་ཏི་ཛི་བི་ཏ་ཨན་ཏ་ཀ་ར་ཡ་གྲྭཧྭ། ཁྲོ་བོ་ཆེན་པོས་གསུངས་པ་ཡིས། །གྲགས་ཆེན་སངས་རྒྱས་ཐམས་ཅད་ནི། །ཡིད་བྱུང་ནས་ནི་བསྒྲགས་པར་འཀྱུར། །ལོག་འདྲེན་དག་དང་བགེགས་རྣམས་འདར། །སྐུ་གསུམ་ཡེ་ཤེས་མཆོག་མངའ་བ། །རྡོ་རྗེ་རྣམ་སྣང་མཛད་པ་དྲན། །དེ་ཡི་རྐང་རྗེས་ས་དང་ནི། །རླུང་གིས་བཙུགས་པའི་ཤིང་ལོ་ལ། ཁྲོ་བོའི་འཁོར་ལོས་གཟིར་ནས་སུ། །ཚོགས་བདག་རྐང་པའི་དྲུང་དུ་གཞག །ཧུ༷་དང་ཕཊ་ཀྱིས་བསྐུལ་ནས་སུ། །བསྐྲད་པའི་སྦྱོར་བ་བྱས་པས་ནི། །སངས་རྒྱས་རྡོ་རྗེ་ཅན་ཡང་བསྐྲད། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རིན་ཆེན་གྱིས། རིན་ཆེན་སྒྲོན་མ་འཕྲོ་བའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་ཞེས་བྱ་བའི་ཁྲོ་བོ་ཆེན་པོ་སྐུ་གསུམ་རྣམས་ལས་ཕྱུང་ངོ་། །ན་མ་ས་མན་ཏ་བུད་དྷ་ནན། ཨོ་ཛི་ནར་ཏི་ཏ་ཧུ༷་ཧུ༷། ཕཊ་ཕཊ་གྲྭཧྭ། དེ་ནས་ཁྲོ་བོ་འདི་བརྗོད་པས། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །འཇིགས་པར་གྱུར་ཅིང་སྐྲག་གྱུར་ནས། །གཙོ་བོ་རྣམ་པར་སྣང་མཛད་དྲན། །སྲིན་པོ་འབྱུང་པོ་མཁའ་འགྲོ་དང་། །སྐེམ་བྱེད་གདོན་རྣམས་གཟིར་བ་ལས། །རྡོ་རྗེའི་གཟིར་བ་སྦྱོར་བ་ཡིས། །ཧུ༷་ཙམ་གྱིས་ཀྱང་ལས་བྱེད་དོ། །དེ་ནས་བཅོམ་ལྡན་འདསདེབཞིན གཤེགསཔརྡོ་རྗེ་མཐའ་ཡས་ཀྱིས། ཡོན་ཏན་རིན་པོ་ཆེ་དཔག་ཏུ་མེད་པ་ཀུན་ནས་བརྩེགས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་པདྨའི་ཁྲོ་བོ་ཆེན་པོ་འདི་སྐུ་གསུམ་རྣམས་ལས་བྱུང་ངོ་། །ཨོ་ཧུ༷་ཧུ༷་ཧུ༷། ཏ་རུ་ལ་བི་རུ་ལ་སརྦ་བི་ཤ་ཤ་བྷ་ཏ་ཀ །ཛ་ལི་ཏ། བི་པུ་ལིང་གི །ཨད་ཏ་ཧ་སེ་ཀེ་ས་རི། ས་ཏ་ཏོ་པ་བཛྲ། ཁུ་ར་ནི་རབྷ་ཏ། ཙ་ཙ་ལི་ཏ་བ་སུ་ཏ། ཏ་ལ་ནི་ཤ་ས། མ་རུ་སྟོད་ཀྱི་པ་ཏ། དྷ་ར་ནི་དྷ་ར། བི་ཤ་ན།ཨད་ཏད་ཏ་ཧ་ས། ཨ་པ་ར་མམ། བ་ལ་པར་ཀྲ་མ། ཨརུ་སྟི་ཏ་སྒུད་ཏ་ག་ན། བུད་བྱ་བྱུད་ཏུ་ཧ་ཡ་གྲི་བ། ཁ་ད་ཁ་ད། པ་ར་མན་ཏྲ༷། བིན་དྷ་བིན་དྷ། སིད་དྷི་མ་མི་དྲི་ཤི །ཨ་བེ་ཤ་ཡ་ཨ་བེ་ཤ་ཡ། ཛར་བི་ཤ་ཙ། སརྦ་གྲ་ཧེ་ཤུ། ཨ་པྲ་ཏི་ཧ་ཏོ་བྷ་པ། བཛྲ་ད༷་ལྟ་ཀི་མུ་ར་ཡ་སི། ཨི་ད་ཏུ་ལྟ་གྲ་ཧ་ན། དུལྟ་སརྦ་མ་བ། རྙུ་ན་རྙུ་ན། མ་ཐ་མ་ཐ། མ་ཏ་མ་ཏ། བན་དྷ་བན་དྷ། བྱུད་དྷ་དྷརྨ། ས༷་ག་ཨ་ནུ་རྙོ་ཏ༷། ཀརྨ་ཀུ་རུ་ཤི་བྷ་ནེ། ཧ་ཡ་གྲི་པ་ཡ་ཕཊ། བཛྲ་ར་ཡ་ཕཊ། བཛྲ་བྷ་ཏྲ་ཡ་ཕཊ། བཛྲ་ནེ་ཏྲ་ཡ་ཕཊ། བཛྲ་དང་ཤརྒྱ་ཕཊ། བཛྲ་ཁུ་ར་ཡ་ཕཊ། བཛྲ་ཁུ་ར་ནི་རཀྟ་ཏྲ་ཡ་ཕཊ། པ་ར་མན་ཏྲ་བི་ན་ཤན་ཡ་ཕཊ། ཏྲེ་ལོག་ཀྱ་བྷ་ཡང་ཀ་ར་ཡ་ཕཊ། སརྦ་ཀར་མེ་ཤུ་ཨ་ཨ་པྲ་ཏི་ཧ་ཏི་ཡེ་ཕཊ། བཛྲ་ཀུ་ལ་ཏྲ༷་ས་ན་ཡ་ཕཊ། ཧུ༷་ཧཱུཾ་ཧུ༷་ཕཊ་ཕཊ་ཕཊ་གྲྭཧྭ། དེ་ནས་ཁྲོ་ཆེན་བྱུང་བ་ཡིས། །རྡོ་རྗེ་པད་མཆོག་ལས་བྱུང་རྣམས། །ཡིད་ནི་འཇིགས་ཤིང་སྐྲག་པར་འགྱུར། །འཁོར་རྣམས་འཇིགས་པས་རྣམ་འཁྲུགས་ནས། །བྱང་ཆུབ་ཚོགས་ནི་དྲན་བྱེད་ཅིང་། །ཡེ་ཤེས་རྡོ་རྗེ་རྗེས་དྲན་གྱུར། །ལག་པ་ལ་ནི་པདྨ་དང་། །ཧ་ཞེས་བྱ་བ་མཆོག་འབར་བསམ། ཁྲོ་རྒྱལ་ཏིང་འཛིན་ལ་གནས་ནས། །རྡོ་རྗེ་གསུམ་ཡིག་འཛིན་པ་ཡིན། ཁམས་གསུམ་དག་ཀྱང་ཁྱབ་བྱེད་པའི། །མི་ཟད་དུག་ནི་དྲང་བར་བྱ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་ཀྱིས། དོན་ཡང་དག་པར་གྲུབ་པའི་རྒྱན་མཚན་གྱི་མཆོག་ནོར་བུའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཁྲོ་བོའི་རྒྱལ་པོ་ཆེན་པོ་བེ་ཅོན་སྔོན་པོ་ཅན་འདི་རྡོ་རྗེ་གསུམ་རྣམས་ལས་ཕྱུང་ངོ་། །ན་མ་ས་མན་ཏ་བུརྙ་ནན། ཨོ༷་ཨེ་གྱེ་ཧི་བྷ་ག་བན། ནི་ལ་དན་ཌ། བཛྲ་དྷན་ཏ། ཏུ་རུ་ཏུ་ར། ཧུ་ལུ་ཧུ་ལུ། ཧ་ཧ་གུ་ལུ་གུ་རུ། གུ་ལ་པ་ཡ། ཀྲ་མ་ཀྲ་མ། བྷ་ག་བྷན། པ་ཡུ་བེ་གེ་ན། བྱུ་ཏན་ཐྲི་སྨྲན། ད་ཧ་ད་ཧ། ད་ར་ད་ར། བ་ཧ་བ་ཧ། པ་ཙ་པ་ཙ། པ་ཏ་པ་ཏ། བཱ་ཏ་ཡ་བཱ་ཏ་ཡ། པ་ཏ་ལ་ཏ་ཡ། མ་ཏ་མ་ཏ་པ་ཡ། སརྦ་ཀརྨ་ནི། ཚིན་དྷ་ཚིན་དྷ། བྷག་ཀྟ་ཡ། བྷག་ཀྟ་ཡ། མེ་དྷ་མ་ས་ཡ། རུ་དྷི་ར་མས་པྱ། མེ་ཏ་མ་ཏ་ཛ། རུ་དྷི་ར་པ་ཡ། ཨ་གྱེ་ཧི་བྷ་ག་བན། སརྦ་སྟིག་ཀྟ་ནི། སརྦ་སྟིག་བྷ་ནི། སརྦ་སྟི་ད་སྒྱེ་ནི། སརྦ་མུ་ལ་ཀརྨ་མ་ན། སརྦ་མུ་ལ་གྲ་ཧ་ན། ཧ་ན་ཧ་ན། བྷན་ཛ་བྷན་ཛ། མ་ར་དྷ་མ་ར་དྷ། ཨི་ན་མེ་ཀ་རུང་ས་དྷ་ཡ། ཧུ༷་ཧུ༷་ན་ལ་ཡ། ནི་ལ་དན་ཌ་བཛྲ་ཡ། ཏུ་རུ་ཏུ་རུ་སྟིག་བྷན། ན་ཤ་ཀ་ཡ། ཧུ་རུ་ཧུ་རུ། དིབ་ཏ་ཙན་ཏ་ཡ། སརྦ་ཤ་ཧཱུཾ་ན་ན། ཧྲི་ཏ་ཡ་ནི། བི་ཏ་ཡ། ཚིན་ད་བིད་བྱ་ནན། ཆེ་ད་ཀ་ཧུ༷། བྱིད་ཏུ་ནན། ཤི་ཏ་ཀརྨ་ར་ས་མ་ཡན། བཛྲ་དྷ་ར་པ་ཙ་ན་ན། མ་རྨ་ནི་ནི་ཀྲིན་ཏྲ་ཧུ༷། །ཧུ༷་ན་ཧ་ན། ད་ཧ་ད་ཧ།ཏུ་རུ་ཏུ་སྲ ཀུ་རུ་ཀུ་མྲ ཕཊ་ཕཊ། ཧྭ༷་ཧུ༷། ཀྲི་ཏན་ཏྲ་ཡ་དེ་བ། རི་ཤི་བདི་ཏྲ་པ་ཀ་ཡ་བཛྲ་དན་དེ་ན་གྲྭཧྭ། ཁྲོ་བོ་ཆེན་པོའི་མཆོག་གསུངས་མ་ཐག་ཏུ་བདུད་ཀྱི་རིས་ཐམས་ཅད་དང་། སངས་རྒྱས་ཀྱི་ཞིང་ཁམས་རབ་ཏུ་གཡོས་ཏེ། སྐུ་གསུམ་གྱི་མཆོག་གཅ་་བོ་རྣམ་པར་སྣང་མཛད་དྲན་པར་གྱུར་ཏོ། །སངས་རྒྱས་ཐམས་ཅད་ཀྱི་སྦྱོར་བའི་ཆོ་གས་བསྐུལ་ནས། བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པ་ཙམ་གྱིས་མོད་ལ་ཁྲོ་བོ་ཆེན་པོས་གསོད་པར་བྱེད། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་དེ་བཞིན་གཤེགས་པ་མི་འཁྲུགས་པས། བཀོད་པ་ཀུན་ཏུ་རྣམ་པར་འཕྲོ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྟོབས་པོ་ཆེ་འདི་རྡོ་རྗེ་གསུམ་ལས་ཕྱུང་ངོ་། །ན་མ་ས་མན་ཏ་བུད་དྷ་ནན། ཨོ༷་ཧུ༷་ཧུ༷་ཧུ༷་ཕཊ་ཕཊ་ཕཊ། ཨུ་ཏྲ་ཤུ་ལ་པ་ནི། ཧུ༷་ཧུ༷་ཧུ༷་ཕཊ་ཕཊ་ཕཊ། ཨོ་ཕྱོ་ཏི་ནི་རི་ན་ད། ཧུ༷་ཧུ༷་ཧུ༷་། ཨོ༷་ཨོ༷་ཨོ་ཕཊ་ཕཊ་ཕཊ། ཨོ་མཧྭ་པ་ལ་གྲྭཧྭ། དེ་ནས་ཁྲོ་འདི་གསུངས་ཙམ་གྱིས། །གདེངས་ཀ་ཡིས་ནི་བསྐོར་བ་ཀུན། །ཡིད་ནི་ཤིན་ཏུ་འཇིགས་སྐྲག་སྟེ། །རྡོ་རྗེ་རྣམ་པར་སྣང་མཛད་དྲན། །གསང་སྔགས་རྒྱལ་པོ་བཟླས་པ་ཡིས། །ལས་ཀུན་རབ་ཏུ་གྲུབ་པར་བྱེད། །ཆར་པ་ཆེ་ན་གཅོད་འགྱུར་ལ། །ཆར་པ་ཆུང་ན་རབ་ཏུ་འབེབས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་ཏུ་འབར་བའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཁྲོ་བོ་ཆེན་པོ་འདོད་པའི་ཁྲོ་བོ་འདི་སྐུ་གསུམ་རྣམས་ལས་ཕྱུང་ངོ་། །ན་མ་ས་མན་ཏ་བུད་དྷ་ནན། ཨོ་ཏ་ཀ་ཧུ༷་ཛ། དེ་ནས་ཁྲོ་བོ་གསུངས་པ་ཡིས། །སངས་རྒྱས་ཐམས་ཅད་རབ་ཏུ་འདར། །བྱང་ཆུབ་སེམས་དཔའ་རྣམས་ཀྱང་རབ་ཏུ་སྐྲག །བདུད་ཀྱི་དཔུང་རྣམས་ལྷུང་བར་འགྱུར། །རྐང་གཡས་སྣ་ཚོགས་རྡོ་རྗེ་ཡི། །སྦྱོ་བར་མཚན་པ་མཚན་ནས་སུ། །སྐུ་གསུམ་ཡེ་ཤེས་སྟོབས་ལྡན་པས། ཁྲོ་གཉེར་རིམ་པ་གཉེར་བྱས་ཏེ། །གསང་སྔགས་ཀུན་གྱིས་བཀུག་ནས་ནི། །སེམས་ཅན་ཐམས་ཅད་དབང་དུ་བྱེད། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས། རྡོ་རྗེ་རབ་ཏུ་འབར་ཞིང་འཕྲོ་བའི་ཡེ་ཤེས་རབ་ཏུ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་ཁྲོ་བོ་མི་གཡོ་བ་ག་་པོ་འདི་རྡོ་རྗེ་སྐུ་གསུམ་རྣམས་ལས་བྱུང་ངོ་། །ན་མ་ས་མན་ཏ་བུད་དྷ་ནན། ཨོ་ཨ་ཙ་ལ་ཀ་ན། ནད་ཏ་ནད་ཏ། མོད་ཏ་མོད་ཏ། སད་ཏ་སད་ཏ། ཏི་ཏ་ཏི་ཏ། ཨ་བི་ཤ་ཨ་བི་ཤ །མ་ཧ་མ་ཧ། མད་ཏ་པ་ལ་ཀ །རྙུ་ན་རྙུ་ན། ཏི་ནི་ཏི་ནི། ཁ་ད་ཁ་ད། སྟིག་བྷ་ན། མྱ་ར་ཡ་མྱ་ར་ཡ། དུ་། རཀྟ་རཀྟ་མ༷། སརྦ་ན་ཀུ་རུ་ཀུ་སྲ ཀི་རི་ཀི་རི། མཧྭ་བི་ཤ་མ་བཛྲ་ཕཊ། སྤོ་ཏ་ཡ་སྤོ་ཏ་ཡ། ཧུ༷་ཧུ༷་ཧུ༷་། ཏྲི་བ་ལི། ཏ་རང་ག །ཨ་ནན་ཏ་ཀ །ཨོ་ཧུ༷་ཧུ༷་ཧུ༷་། ཨ་ཙ་ལ་ཙེ་ཏ། སྤོ་ཏ་ཡ་སྤོ་ཏ་ཡ། ཧུ༷་ཨ་ས་མན་ཏི་ཀ །ཏྲ༷་ཏ་མཧྭ་བ་ལ་ཤ་ཏ་ཡ། ས་མ་ཡ་ན། ཏྲ༷་མ༷་ཧ༷། ཤུད་སྦྱ་དུ་ལོ་ཀ །ཏུ་ཤ་ཏུ་ཤ །བཛྲ་ན་མོ་ཏུ། ཨ་པྲ་ཏི་ཧ་ཏ། བ་ལེ་བྷ་ཛ་ལ་ཡ་ཏྲ་ཏ། ཨ་ས་ཧ་ན་མ་གྲྭཧྭ། དེ་ནས་རྡོ་རྗེ་མི་གཡོ་བ། །ཁྲོ་བོ་སྟོབས་ཆེན་འདི་གསུངས་པས། །ལྷ་དང་ཀླུ་ཀུན་མངག་གཞུག་བྱེད། །གནོད་སྦྱིན་སྲིན་པོ་ལྷ་མ་ཡིན། །འཇིགས་པ་ཐོབ་ནས་བརྒྱལ་བར་འགྱུར། །བདུད་ཀྱི་སྡེ་རྣམས་ལྷུང་ནས་སུ། །ཚིག་གཅིག་རབ་ཏུ་ཞུམ་བཞིན་དུ། །གཙོ་བོ་རྡོ་རྗེ་སྣང་མཛད་དྲན། ཁྲོ་བོའི་རྒྱལ་པོ་འདི་ཡིས་ནི། །འཇིགས་པས་ཉེན་རྣམས་འགུགས་བྱེད་ཅིང་། །གཙོ་བོ་རྣམ་པར་སྣང་མཛད་ཉིད། །སྣ་ཚོགས་ལས་རྣམས་མྱུར་དུ་མཛད། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོས་སྐུ་གསུམ་གྱི་རྡོ་རྗེ་ཡེ་ཤེས་འབར་བའི་འོད་ཟེར་གྱིས། འཇིགས་པ་ཆེན་པོའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རིག་པའི་རྒྱལ་པོ་གནོད་མཛེས་འདི་གསུངས་སོ། །ཨོ་སུ༷་བྷ་ནི་སུ༷་བྷ་ཧྭ༷་། གྲོ་ཧ་ན་གྲོ་ཧ་ན་ཧུ༷། གྲོ་ཧ་ན་པ་ཡ་གྲོ་ཧ་ན་པ་ཡ་ཧུ༷་། ཨ་རྒྱ་ཧོ་བྷ་ག་བན། བི་བྱ་རྭ་ཛ་ཧུ༷་ཕཊ། དེ་ནས་ཁྲོ་འདི་གསུངས་པ་ཡིས། །ལྷ་ཡི་བུ་མོ་ཐམས་ཅད་ནི། །སྐྲ་ཚུགས་ཞིག་ཅིང་གཅེར་བུར་གྱུར། །མིག་རྩ་རིག་རིག་བྱེད་པ་དག །སྐུ་གསུམ་རྡོ་རྗེའི་མཆོག་མངའ་བ། །ཞབས་ཀྱིས་ནུ་མ་གཉིས་མནན་པས། །གཙོ་བོ་རྡོ་རྗེ་རྣམ་སྣང་མཛད། །ཡེ་ཤེས་ཀྱིས་འཇོམས་དྲན་པར་བྱེད། །ལྕགས་ཀྱུ་ཡིས་ནི་རྣམ་དྲལ་ཏེ། །རྡོ་རྗེ་ཞགས་པས་བཅིངས་ནས་སུ། །བུ་མོ་ཐམས་ཅད་དགུག་བྱ་བ། །བུ་མོ་དགུག་པའི་མཆོག་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཆེན་པོས་རྣམ་པར་བསྤྱིངས་པའི་དགའ་སྟོན་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། སྐུ་གསུམ་གྱི་མཆོག་རྡོ་རྗེ་འཆང་སྐྱེད་པར་མཛད་པ་འདི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྗེས་སུ་དྲན་པར་མཛད་དོ། །འཁོར་ལོ་ཆེ་ལ་རྣམ་གནས་ནས། །སངས་རྒྱས་རྣམས་ཀྱི་སྤྲིན་དག་དང་། །དེ་བཞིན་རྡོ་རྗེ་འཆང་བའི་སྤྲིན། །རྡོ་རྗེ་ལྕགས་ཀྱུ་ཞགས་ཐོགས་འབྱིན། །ཀུན་མཁྱེན་ཡེ་ཤེས་ལས་བྱུང་གཙོ། །གསང་སྔགས་སྐྱེས་བུར་བདག་བསྒོམས་ན། །སངས་རྒྱས་ཀུན་ཀྱང་འགུགས་བྱེད་ན། །རྡོ་རྗེ་འཆང་སོགས་ཅི་ཞིག་སྨོས། །བུད་མེད་ལྷ་མིན་བུ་མོ་དག །རླུད་ལ་རྐང་པ་གཞག་ནས་སུ། །ལྕགས་ཀྱུས་སྙིང་ལས་དྲངས་ནི། །སེམས་ཅན་ཀུན་ཀྱང་འགུགས་འགྱུར་ཏེ། །འདི་ལ་སྤྱད་པ་ཅུང་ཟད་མེད། །རྡོ་རྗེ་རྣམ་པར་སྣང་མཛད་ནི། །སྐུ་ཆེ་ཟླ་བའི་ཁ་དོག་ན། །ཟླ་བའི་དཀྱིལ་འཁོར་ལ་གནས་པ། །རྡོ་རྗེ་བདུད་རྩི་འབབས་བསམས་ཏེ། །ལན་གྲངས་བཅུ་ནི་བརྗོད་པ་ཡིས། །དེ་ནི་གདོན་མི་ཟ་བར་ཁུགས། །རྡོ་རྗེ་དཀྱིལ་འཁོར་ལས་བྱུང་བ། །རྡོ་རྗེ་ལྕགས་ཀྱུ་སྐུ་ཆེན་པོ། །འབར་བའི་འོད་ཟེར་འཕྲོ་བ་ཡིས། །གཞོན་ནུ་མ་དག་ངེས་པར་འགུགས། །རྡོ་རྗེ་གསུམ་འཁྲུངས་ཁྲོ་བོས་ནི། །རྡོ་རྗེ་ས་འོག་གནས་པ་སྟེ། །ལྷ་མ་ཡིན་ཀུན་ངེས་སྲེག་ཅིང་། །ལྷ་མིན་བུ་མོ་རྗེས་ཆགས་པས། །གསལ་ཤིང་གིས་ནི་བསྒྱེལ་ནས་སུ། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཡིས། །དྲངས་ནས་ལྷ་མིན་བུ་མོ་འགུགས། །བཙག་དང་ཐོད་ལོ་སྐོར་དང་ནི། །བ་བླ་འབྱོར་པ་གང་ཡང་རུང་། །གཟས་ཟིན་ཚེ་ན་ཁར་བཅུག་སྟེ། །རྫས་རྒྱལ་རྡོ་རྗེ་ལྕགས་ཀྱུས་བསྒྲུབ། །དྲག་པོ་རླུད་དང་ཁྱབ་འཇུག་དང་། །ཀླུ་མོ་གནོད་སྤྱིན་གནོད་སྤྱིན་མ། །མངག་གཞུགས་བཅས་པས་འཇིགས་སྐྲག་སྟེ། །མིང་བྲིས་ཀུན་ན་རྟག་ཏུ་འགུགས། །སངས་རྒྱས་འཁོར་ལོ་ལེགས་ཞུགས་ཏེ། །འཇམ་པའི་རྡོ་རྗེ་རྣམ་པར་བསྒོམ། ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད། །ལག་ན་རྡོ་རྗེ་ལྕགས་ཀྱུ་ཐོགས། ཁྲོས་ཤིང་འབར་བ་འཕྲོས་པ་ཡིས །གནོད་སྤྱིན་ཕོ་མོ་བཀུག་ནས་སྤྱད། །ཕྱག་རྒྱ་གསང་སྔགས་སྦྱོར་བ་དང་། །བསམ་གཏན་འཁོར་ལོ་སྦྱོར་བ་ཡིས། །དགུག་པར་བྱ་བའི་ཚིག་གསུངས་པ། །གཞན་དུ་བྱས་ན་འགྲུབ་མི་འགྲུབ། །རྒྱལ་པོའི་ཞབས་དྲུང་ཀུན་གནས་པ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཀུན་གྱི་སེམས་རབ་རྫོགས་བྱེད་པས། །ཡང་དང་ཡང་དུ་བསྐུལ་བར་བྱ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་རྡོ་རྗེ་དེ་བཞིན་གཤེགས་པས། ཡེ་ཤེས་ཀྱིས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྒྱལ་མོ་ཆེན་མོ་རྣམ་པར་བསྐུལ་བའི་རྡོ་རྗེ་འདི་རྡོ་རྗེ་གསུམ་རྣམས་ལས་ཕྱུང་ངོ་། །ཨོ་ཤུ་ལ་ནི་སྲུཧྭ། དེ་ནས་འདི་ནི་གསུངས་ཙམ་གྱིས། །ཀླུ་མོ་དབང་ཆེན་གྲགས་པ་དག །གོས་དང་བྲལ་ཞིང་ཚིག་པ་བཞིན། །གཙོ་བོ་རྡོ་རྗེ་སྣང་མཛད་དྲན། །གསང་སྔགས་རིག་པ་འདི་ཡིས་ནི། །ཀླུ་རྣམས་ཐམས་ཅད་འགུག་པར་བྱེད། །བསམ་གཏན་རྡོ་རྗེ་མཐུ་དང་ནི། །གསང་སྔགས་བཟླས་བརྗོད་བྱས་པ་ཡིས། །གསེར་གྱི་གདུབ་རྒྱན་གཡོན་པར་ནི། །ཀླུ་མོ་མིག་ཡངས་བཀུག་ནས་སུ། །འདོད་པའི་ཡོན་ཏན་ལྔས་ཆགས་པའི། །ཀླུ་མོ་ཉེ་བར་སྤྱོད་པར་བྱེད། །དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་མཁའ་ཆེན་པོའི་ཤུགས་རྒྱ་མཚོ་འཕྲོ་བའི་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུལ་བྱེད་ཆེན་མོའི་གཟུངས་ཀྱི་རིགས་སྔགས་ཆེན་མོ་འདི་གསུངས་སོ། །ན་མ་སརྦ་ཏ་ན་ནན། སརྦ་ས༷་བུད་དྷ་ཀྲོ་དྷི་ནན། ཏབྱ་ཐུ།ཨོ་ཙ་ལ་ཙུ་ལེ་ཙུན་དེ་སྲུཧྭ། དེ་ནས་རིག་སྔགས་ཆེ་གསུངས་པ། །སངས་རྒྱས་ཞིང་རྣམས་རབ་ཏུ་གཡོས། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས། །ཏིང་ངེ་འཛིན་ལས་གཡོས་པར་འགྱུར། །བདུད་རྣམས་བརྒྱལ་ཞིང་ཚིག་ནས་སུ། །ཐམས་ཅད་ཆོ་ངེས་འདེབས་པར་བྱེད། །ས་ཡི་འོག་གི་བུ་མོ་དང་། །ལྷ་མིན་མོ་དང་ཀླུ་མོ་དང་། གསང་དབང་བུ་མོ་རྣམས་འཁྲུགས་ནས། །གཙོ་བོ་རྡོ་རྗེ་སྣང་མཛད་དྲན། །རིག་སྔགས་འདི་ནི་བཟླས་པ་དང་། །བསྒོམ་པ་ཡི་ནི་སྦྱོར་བ་ཡིས། །བཟླས་པ་ཙམ་གྱིས་འགྲུབ་འགྱུར་ཞིང་། །བཀུག་ནས་རབ་ཏུ་ལོངས་སྤྱོད་བྱེད། །དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་མཁའ་མཛོད་ཀྱི་རྡོ་རྗེ་རྣམ་པར་རྒྱལ་བའི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆོས་བདུད་རྩིའི་དམ་ཚིག་གི་རྡོ་རྗེ་ཁྲོ་གཉེར་འདི་རྡོ་རྗེ་སྐུ་གསུམ་རྣམས་ལས་ཕྱུང་ངོ་། །ཨོ་བྷ་ཡ་ན་ཤ་ནི་ཏྲ་ས་ནི་ཏྲ་སེ་ཏྲ་ས་ཡ། སྒྲི་ཀུ་ཏི་ཏ་ཏི།བེ་ཏ་ཏི་བེ་ཏ་ཏི། བེ་ར་ཏི་བེ་ར་ཏི། ཤི་ཏི་ཤི་ཏི་ཛ་ཏི་གྲྭཧྭ། དེ་ནས་འདི་ནི་གསུངས་ཙམ་གྱིས། །རིག་སྔགས་འཆང་དང་ལྷ་རྣམས་ཀུན། །གཡོས་ཤིང་འཇིགས་པ་ཐོབ་པར་འགྱུར། །བདུད་རྣམས་འཇིགས་པས་རྣམ་འཁྲུགས་ཏེ། །ཡིད་ནི་གཅིག་ཏུ་དྲན་པར་བྱེད། །གཙོ་བོ་རྡོ་རྗེ་རྣམ་སྣང་མཛད། །ཡིད་གཅིག་ཏུ་ནི་དྲན་པར་བྱེད། །ནོར་བུའི་གདུབ་རྒྱན་གཡོ་བ་ནི། །རིག་སྔགས་འཆང་བ་ཀླུ་མོར་བཅས། །ལྷ་མིན་མོ་དང་གསང་བ་ཡི། །བུ་མོ་ཀུག་ནས་སྤྱོད་པར་བྱེད། །འདི་ནི་ལས་ཀུན་བྱེད་པ་དང་། །མཁའ་འགྲོ་མ་རྣམས་འཇིག་པར་བྱེད། །ཡང་ན་གསང་སྔགས་ཐམས་ཅད་ནི། །སྐྱེ་བོ་མེད་པའི་ནགས་ཚལ་དུ། །སྔགས་པས་བྱེ་བ་བཟླས་ནས་སུ། །ལས་རྣམས་ཐམས་ཅད་བྱ་བར་གསུངས། །གང་གཞན་སློབ་དཔོན་སྨོད་པ་དང་། །ཐེག་པ་ཆེན་པོ་སུན་འབྱིན་དང་། །མི་གང་གསང་སྔགས་རྒྱུད་འདི་དག །སྦྱོར་བ་ལ་ནི་འཕྱ་བྱེད་པ། །དེ་ཡིས་དངོས་གྲུབ་ཐོབ་མི་འགྱུར། །དེ་ནི་རྟག་ཏུ་གདོན་གྱིས་ཟིན། །བསྒྲིམས་ནས་བསད་པར་བྱ་བའམ། །ཡང་ན་ལུས་ནི་གཞིག་པར་བྱེད། །སྔགས་པས་འདི་ལྟར་བྱས་ནས་ནི། །བྱང་ཆུབ་དངོས་གྲུབ་ལེགས་པར་འགྲུབ། །ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ནི། །སྐུ་གསུམ་ཡེ་ཤེས་ལས་བྱུང་བར། ཁྱད་པར་དུ་ནི་བསྒོམ་བྱ་བ། །དགྲ་ལའང་འདིར་ནི་ཐེ་ཚོམ་མེད། ཁྲག་གམ་ཆུ་ཡིས་བརླན་པའམ། །དུར་ཁྲོད་ཐལ་བའམ་བཤང་གཅི་འམ། །བརླན་པའི་གོས་ནི་བགོས་ནས་ཀྱང་། །རྐང་པས་མཚན་མ་མནན་ནས་སུ། ཁྲོ་བོའི་རྒྱལ་པོ་སྦྱར་བྱས་ཏེ། །གསང་སྔགས་བརྒྱ་རྩ་བརྒྱད་བཟླས་ནས། །སངས་རྒྱས་ཀྱང་ནི་ངེས་པར་འཛིན། །ཆུས་བརླན་པ་ཡི་གོས་བགོས་ཏེ། །ཁྲོ་བོའི་མདུན་དུ་བཅིངས་ནས་སུ། །རྐང་པ་གཡོན་བས་མནན་ནས་ནི། །སངས་རྒྱས་ཉིད་ཀྱང་ངེས་པར་འཛིན། །བཤང་གཅི་ཡིས་ནི་སྦང་བའི་གོས། །རུལ་པའི་དྲི་ཅན་སྨད་པ་དག །བགོས་ནས་གསང་སྔགས་བཟླས་བརྗོད་ན། །མོད་ལ་འཆིའམ་བསྐམས་པར་འགྱུར། །དུར་ཁྲོད་ཐལ་ཆུས་བསྐུས་པའི་གོས། །བགོས་ནས་ཁྲོ་བོ་འཁྲུགས་པ་ཡིས། །ལན་གྲངས་སྟོང་དུ་བརྗོད་ན་ནི། །རྡོ་རྗེ་སེམས་དཔའ་རྣམ་པར་འཇིགསྐྲ་ནི་ལྷུག་པར་་བཤིག་ནས་སུ། ཁ་བཞིན་རྣམ་པར་བསྒྱུར་བྱས་ཏེ། །རྐང་པས་མཚན་མ་མནན་ནས་ནི། །ནམ་མཁའི་ཁམས་ཀྱང་འཇིག་པར་འགྱུར། །མ་མོའི་གནས་སམ་དུར་ཁྲོད་དམ། ཁ་སྟོང་ལམ་ནི་བཞི་མདོ་འམ། །མཚན་མ་གཅིག་གམ་ཤིང་གཅིག་གམ། །དྲག་ཤུལ་སྤྱད་པ་བརྩམས་པར་བྱ། །དེ་ཡི་རྐང་རྗེས་ས་ལ་ནི། །མི་རུས་ལས་བྱས་ཕུར་བུ་དག །སོར་བརྒྱད་ཙམ་གྱི་ཚད་ཙམ་ལ། །ལན་གྲངས་བརྒྱ་རྩ་བརྒྱད་བརྗོད་པའི། །ཕུར་བུ་ཡིས་ནི་བཏབ་ནས་སུ། །དགྲ་ཡི་ཁྱིམ་སྒོར་བགོར་ཏེ་གཞུག །སངས་རྒྱས་སྐུ་གསུམ་མཆོག་སྦྱིན་པ། ཁོ༑ས་དང་མི་ཤེས་སྤངས་པ་ཡང་། །ཟླ་ཕྱེད་ཉ་ཡི་ནང་རོལ་ཏུ། །འཇིག་པའམ་ནི་འཇིག་པར་འགྱུར། །མཁས་པའི་ཐོབ་པ་ཡོངས་ཚང་བ། ཁྱད་པར་ཅན་ནི་རྙེད་པ་དང་། །དེ་ལ་གསང་སྔགས་ཚིག་བྲིས་ཏེ། །རྡོ་རྗེའི་ཚིག་གིས་བཟླས་བརྗོད་ནས། །དགྲ་ཡི་སྒོ་ཁའམ་ཡང་ན་ནི། །གྲོང་དུ་སྦས་ན་ངེས་པར་ཀྲིད། །ཏ་ལའི་འདབ་མའམ་གཞན་ལའང་རུང་། ཁྲོ་བོ་གསང་སྔགས་ལེགས་བྲིས་ཏེ། །དགྲ་ཡི་ཁྱིམ་མམ་སྒོ་ཁར་ན། །སྦས་ན་འཆི་བའམ་བསྐམས་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུམ་རྡོ་རྗེའི་ཕུར་བུའི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཁམས་གསུམ་ཐམས་ཅད་ཀྱི་ཡེ་ཤེས་སྐུ་དང་གསུང་ཐུགས་རྡོ་རྗེའི་ཕུར་བུ་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་། །ཨོ་བྷ་བྷ་ལྷུ་ཏ་ཡ་ལྷུ་ཏ་ཡ། སརྦ་དུཛི་ན་ཕཊ། ཀི་ཡ་ཡ་ཀི་ལ་ཡ། སརྦ་བཱ་པ༷་ཕཊ་གྲྭཧྭ། ཧུ༷་ཧུ༷་བཛྲ་ཀི་ལ་ཡ། བཛྲ་ཧ་རི་ཨུཙྭ་པ་ཡ་ཏི། ཀྭ་ཏ་བཱ་ག་ཙིསྟ། བཛྲ་ན་ཀི་ལ་ཡ་ཧུ༷་ཕཊ། དེ་ནས་འདི་ནི་གསུངས་ཙམ་གྱིས། །རྡོ་རྗེ་དབང་ཆེར་གྲགས་པ་ཀུན། །བརྒྱལ་ནས་འདི་གསུངས་སྐྱེས་ཏེ། །རྡོ་རྗེ་རྣམ་སྣང་མཛད་པ་དྲན། །བི་རུས་པ་ཡི་ཕུར་བུ་ཡི། །ཡང་ན་སེང་ལྡེང་ལས་བྱུང་བའམ། །ལྕགས་ལས་བྱས་པའི་ཕུར་བུས་ནི། །རྡོ་རྗེ་སེམས་དཔའ་རྣམ་པར་འཇིག །རྡོ་རྗེ་སེམས་དཔའ་མཉམ་གཞག་སྟེ། །འོད་བཟང་མེ་སྟག་འཁྲུག་པ་ཅན། །སྐུ་གསུམ་རྡོ་རྗེ་མཐས་གཏུགས་པ། །གཟུགས་བརྙན་ལ་ནི་བསམས་ནས་སྦྱར། །རྣམ་སྣང་ཕྱག་རྒྱ་ཆེན་པོའམ། །ཡང་ན་འདོད་ཆགས་རྡོ་རྗེ་ཅན། །ཕྱག་རྒྱ་ཆེན་པོ་གཤིན་རྗེ་གཤེད། །འདོད་པས་ཁྲོ་བ་ཉིད་དུ་ནི། །རྡོ་རྗེའི་ཕུར་བུ་བསམ་པར་བྱ། །བདག་ཉིད་ཆེན་པོ་སྟོབས་པོ་ཆེ། །བདུད་རྩི་ཐལ་སྦྱོར་རྡོ་རྗེ་དང་། །རྡོ་རྗེ་ཡི་ནི་རྣལ་འབྱོར་གྱིས། །སྡང་དང་གཏུམ་པོ་གཅད་པར་བྱ། །སངས་རྒྱས་བདག་ཉིད་ཆེན་པོ་ཡང་། །ཐུགས་ནས་ཞབས་ལ་ཐུག་བར་དུ། །རྡོ་རྗེའི་ཕུར་བུ་རྣམ་པར་བསྒོམ། །རྡོ་རྗེའི་ཏིང་འཛིན་སྦྱོར་བ་ཡིས །སངས་རྒྱས་དག་ཀྱང་ངེས་པར་གནོན། །འདི་ནི་ཕུར་བུའི་ཐུར་བརླབས་ཏེ། །སྟེང་འོག་ལྷ་ཡི་དམ་ཚིག་ཡིན། །རྒྱལ་ཆེན་རྡོ་རྗེ་སེམས་དཔའ་དང་། །སངས་རྒྱས་ཐམས་ཅད་གནས་པ་ཡི། །ཏིང་འཛིན་སྦྱོར་བ་འདི་ཡིས་ནི། །མྱུར་དུ་འཆི་བའམ་བསྐམས་པར་འགྱུར། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེའི་རྣམ་པར་སྣང་མཛད་ཆེན་པོས། དེ་བཞིན་གཤེགས་པའི་སྐུའི་ཡེ་ཤེས་རྣམ་པར་བསྤྱིངས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེའི་སྐུ་གཉིས་སུ་མེད་པའི་དམ་ཚིག་གིས་ཕུར་བུའི་གསང་སྔགས་འདི་ཉིད་ཀྱི་རྡོ་རྗེའི་སྐུ་དང་། གསུང་དང་། ཐུགས་རྣམས་ལས་ཕྱུང་ངོ་། །ཨོ་ཚིན་ད་ཚིན་ད། ད་ཧ་ད་ཧ། དི་བ་ཏ་ཙཀྲ་ཧུ༷་ཕཊ། ཕན་ཚུན་བཟླས་པའི་ཚུལ་གྱིས་ནི། །མཐེ་བོའི་ངོས་ནི་དྲུང་དུ་བསྡུ། །སྣང་མཛད་ཞབས་ཀྱིས་མནན་ནས་སུ། །རྡོ་རྗེ་ཕུར་བུས་གདབ་པར་བྱ། །བཏབ་པ་ཙམ་གྱིས་སེམས་དཔའ་ཆེ། །སྐུ་གསུམ་ཡེ་ཤེས་ལས་བྱུང་བ། །དམ་ཚིག་མཆོག་གི་བཞེད་པར་མཛད། །གཞན་དུ་བྱས་ན་བརླག་པར་མཛད། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཐུགས་ཀྱི་ཡེ་ཤེས་ཆེན་པོ་རྣམ་པར་བསྤྱིངས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དམ་ཚིག་ཆེན་པོའི་སྟང་སྟབས་ཀྱི་ཕུར་བུ་ཞེས་བྱ་བའི་གསང་སྔགས་འདི་ཉིད་ཀྱི་རྡོ་རྗེའི་སྐུ་དང་། གསུང་དང་། ཐུགས་རྣམས་ལས་ཕྱུང་ངོ་། །ཨོ་བཛྲ་རྭ་ཛ་ཧུ༷། རྩེ་མོ་ལྔ་པ་བཅིངས་ནས་སུ། །མེ་སྟག་འཕྲོ་བ་བསྒོམ་བྱས་ཏེ། །རྡོ་རྗེའི་ཕུར་བུས་གདབ་པར་བྱ། །བཏབ་པ་ཙམ་གྱིས་རྒྱལ་པོ་ཆེ། །སྐུ་གསུམ་ཡེ་ཤེས་ལས་བྱུང་བ། །དམ་ཚིག་མཆོག་གིས་བཞེངས་པར་མཛད། །གཞན་དུ་བྱས་ན་བརླག་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་དབང་ཕྱུག་གི་དམ་ཚིག་མཆོག་རྣམས་བསྤྱིངས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསུང་དམ་ཚིག་གི་སྟང་ཐབས་ཀྱི་ཕུར་བུའི་གསང་སྔགས་འདི་ཉིད་ཀྱི་རྡོ་རྗེའི་སྐུ་དང་། གསུང་དང་། ཐུགས་རྣམས་ལས་ཕྱུང་ངོ་། །ཨོ་ཧྲི་ཨོ་སྟུར་བྱུ་པ། རྡོ་རྗེ་སོར་མོ་བཅུམ་པའམ། །པདྨ་ཁ་ཕྱེ་འབར་བ་ཡི། །འདོད་ཆགས་རྡོ་རྗེའི་ཞབས་ཀྱིས་མནན། །རྡོ་རྗེ་ཕུར་པུས་ངེས་པར་གདབ། །བཏབ་པ་ཙམ་གྱིས་རྒྱལ་པོ་ཆེ། །སྐུ་གསུམ་ཡེ་ཤེས་ལས་བྱུང་བ། །བྱང་ཆུབ་མཆོག་གང་བཞེངས་པར་མཛད། །གཞན་དུ་བྱས་ན་བརླབ་པར་འགྱུར། །སྐུ་གསུང་ཐུགས་ཀྱི་ཆགས་པ་ཡིས། །ཆོ་ག་བཟང་པོ་ཙམ་གྱིས་ནི། །རྡོ་རྗེ་མཁའ་དབྱིངས་མཐས་གཏུགས་པ། །མནན་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་རྡོ་རྗེའི་ཕུར་བུའི་ཚིག་གི་རྣམས་བཀའ་སྩལ་ཏོ། །དེ་ནས་སངས་རྒྱས་སྐུ་གསུམ་མཆོག །སེམས་ཅན་ཁམས་ལ་ཕན་བཞེད་རྣམས། །དགྱེས་ཤིང་མགུ་བ་བརྙེས་ནས་སུ། །རྡོ་རྗེའི་དབྱིངས་ཀྱིས་འདི་སྐད་གསུང་། །ཀྱེ་མའོ་གསང་བའི་ཚིག་གི་མཆོག །ཀྱེ་མའོ་གསང་བ་ཀུན་འདུས་པ། །ཀྱེ་མ་ཞི་བའི་ཆོས་ཀྱི་ཚིག །ཡེ་ཤེས་རྡོ་རྗེའི་ཕུར་བུ་རྨད། །གསང་སྔགས་ཀུན་གྱི་ཕུར་བུ་འདི། །བདེ་གཤེགས་བཀའ་ཡི་རྗེས་སུ་བྱེད། །དེ་དག་སངས་རྒྱས་ཀུན་གྱི་སྟེ། །ཕུར་བུ་དེ་ཉིད་རྣམས་ལས་བྱུང་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོམ་རྐུན་ཐམས་ཅད་ལྷོངས་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་འོད་ཟེར་ཅན་ཞེས་བྱ་བ་འདི་གསུངས་སོ། །ཨོ་མ་རི་རྒྱེ་དེ་བ་ཏ་ཡེ་གྲྭཧྭ། རིན་ཆེན་གསུངས་པའི་མདོ་ལ་ནི། །དབང་ཆེན་གྲགས་པའི་སངས་རྒྱས་ཀུན། །ཐུགས་ནི་དགྱེས་ཤིང་མགུ་བར་འགྱུར། །སྲས་བཅས་ཀྱི་ནི་སྤྱན་ཡང་ཕྱེད། །འདི་ནི་ལས་རྣམས་ཐམས་ཅད་མ། །ཆོམ་རྐུན་སྡང་བ་འཆིང་མཛད་མ། །འདི་ཡི་སྦྱོ་བ་ལ་གནས་ན། །འགྲོ་བའི་ཚེ་ན་མཐོང༷་མི་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་པར་བྱེད་པ་ཐམས་ཅད་གདུལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྲིན་མོ་གློག་འབར་བའི་བསྒྱུར་བའི་སྙིང་པོ་འདི་གསུངས་སོ། །ཨོ་རོ་ཏྲི་ན། པྲ་ཀུ་པ་ཏི་ཙན་དེ། མ་ཧྭ་བེ་སྙེ་དྷ་རི་བིད་རུ་ཛི་ཧེ། མ་ཧོ་ད་རི་རོ་ཏྲེ་ཀ པ་ལ་མ་མ་ལ་དྷ་རི། ཛ་ཏ་མ་ཀུ་ཏ་མན་ཏི་ཏེ། ནན་པྲ་ཧ་ར་ན་དྷ་རི། ཧུ༷་ཧུ༷་ཕཊ་ཕཊ། ཏ་ཐུ་ག་ཏ་ཡ་ས་མ་ཡ། མ་ནུ་སྨར། ཧུ༷་ཧུ༷། པྲ་མར་དྷ་ཡ། སརྦ་ཤ་ཏྲུ་ནན། ་།་ན་ཏི་བི་བ་ཙན་དེ་བ་ག་དྷ་རི། །པ་ཙ་ཏ་པ་ཏེ། ཤ་ཏ་ཡ་ཧུ༷། བི་ཀ་ར་བི་ཀ་ར་ཧུ༷། ད་ཧ་ད་ཧ།སརྦ་ཤ་ཏྲུ་ན། སརྦ་དུརྟི༷་ནི་ཀྲིན་ཏ། ཏྲ་ས་ཏ་ཡ༷་ཧུ༷། མཧྭ་བེ་ག་བ་ཏི། ཛ་ལ་ཛ་ལ་ཧུ༷་ཕཊ་ཕཊ། ཆེ་གེ་མོ་ཞིག་མེ་བ་ཤ་མ་ན་ཡ་གྲྭཧྭ། དེ་ནས་སྲིན་མོ་འབར་བའི་གློག །རིག་སྔགས་ཆེན་མོ་འདི་གསུངས་པས། །བདུད་ཀྱི་གནས་རྣམས་ཚིག་པར་འགྱུར། །དགྲ་རྣམས་ཀྱི་ནི་སྙིང་ཡ་བསྐམས། །དུར་ཁྲོད་ཀྱི་རས་ལ་སྲིན་མོའི་བཅག་གིས་བྲིས་ནས་ལེགས་པར་སྦས་ཏེ། གུ་གུལ་གྱིས་བདུག་པས་བསྲེག་ཅིང་། ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ། མེ་ཏོག་དམར་པོ་དང་། དྲི་དམར་པོ་དང་། གཏོར་མ་དང་ལྟ་བཤོས་དམར་པོ་བྱས་པ་བྱིན་ནས། དུར་ཁྲོད་དུ་བསྐོར་བར་བྱའོ། །དེའི་སྟེང་དུ་མིང་ནས་སྨོས་ཤིང་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པའི་ཡུངས་ཀར་གྱིས་གཏོར་རོ། །བརྐོས་པའི་མོད་ལ་ཕྱིར་རྒོལ་བ་དང་དགྲ་ཐམས་ཅད་བཅིངས་པར་འགྱུར་རོ། །མནན་པ་དང་རྨོངས་པ་དང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ནད་ཆེན་པོ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། མི་ངས་ཆེན་པོ་ཉེ་བར་མཛད་པའི་རིག་སྔགས་ཀྱི་རི་ཁྲོད་ཀྱི་ལོ་མ་ཅན་འདི་གསུངས་སོ། །ཨོ་བི་ཤ་ཙི་པ་རྣ་ཤ་བ་རི།སརྦ་མ་རི་པྲ་ཤ་མ་ནི་ཧུ༷། དེ་ནས་རིག་སྔགས་ཆེ་གསུངས་པས། །སངས་རྒྱས་ཞིང་རྣམས་རབ་ཏུ་གཡོས། །གནོད་བྱེད་ནད་འགོ་སྲིན་པོ་དང་། །སྡང་བ་རྣམས་ཀྱི་སྲེས་ཀྱང་ཟགས། །ཡ༷་ཤིང་ལོ་མ་ཅན་དང་ཏིལ། །འོ་མ་དུར་བས་ཞི་བར་འགྱུར། །ནམ་མཁའ་ཀུན་ནས་རིག་སྔགས་ཀྱི། །རྒྱལ་མོ་ལེགས་པར་བཀང་ནས་སུ། །བདུད་རྩི་ཆར་འབེབས་བསམས་ན་ནི། །མོད་ལ་གནོད་པ་ཞི་བར་འགྱུར། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེ་དེ་བཞིན་གཤེགས་པས་སྡང་བ་ཐམས་ཅད་རྣམ་པར་འཇོམས་པས སེམས་ཅན་སྒྲོལ་བར་བྱེད་པའི་ཡེ་ཤེས་ཆེན་པོའི་སྟོབས་ཀྱིས་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྟོང་པ་ཆེན་པོ་རབ་ཏུ་འཇོམས་པའི་སྔགས་ཀྱི་རྒྱལ་མོ་འདི་གསུངས་སོ། །ཨོ་ཧ་ར་ཕྲ་མར་དྷི། ནེ་བར་སིད་དེ་ད་ཡི་གེ་མ་ནི། བཛེ་ཧུ༷་ཕཊ་སྲུཧྭ། དེ་ནས་རིག་སྔགས་ཆེ་གསུངས་པས། །སངས་རྒྱས་ཞིང་རྣམས་རབ་ཏུ་གཡོས། །བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། །བདུད་ཀྱི་རིས་རྣམས་གཡོས་པར་གྱུར། །གཙོ་བོ་རྡོ་རྗེ་སྣང་མཛད་ལ། །ཐམས་ཅད་ཚིག་བཞིན་འདུད་ནས་སུ། །བཅོམ་ལྡན་རིག་སྔགས་མཐུ་སྟོབས་ཀྱིས། །གནོད་བགྱིད་ཐམས་ཅད་གཟིར་ལགས་སོ། །གང་ན་རིག་སྔགས་སྟོབས་པོ་ཆེ། །ཕ་རོལ་གནོན་པ་འདི་ཟློས་པ། དེར་ནི་བདག་ཅག་མི་མཆི་ཞིང་། །དེར་ནི་སྲུང་བ་དག་ཀྱང་བགྱིད། །ས་ཡི་ཡེ་ཤེས་ལས་བསྐྲུན་པ། །སྟོང་ཆེན་རབ་ཏུ་འཇོམས་མཛད་མ། །ལྷ་མོ་ནད་ཀུན་འཕྲོག་མ་སྟེ། །སྡང་བའི་སེམས་རྣམས་འཇོམས་མཛད་མ། །ཕྱག་སྟོང་ལྡན་ཞིང་ཞལ་སྟོང་ལ། །སྤྱན་གསུམ་དག་གིས་རྣམ་པར་བརྒྱན། །བཅོན་ཆེན་ཕྱག་བརྒྱད་ཁྲོ་བོ་དང་། །སྟེག་བའི་ཐབས་ཀྱི་དགོངས་པ་ཅན། །ཕྱག་གཡས་མཆོག་སྤྱིན་ལྷ་རྫས་ཀྱི། །རལ་གྲི་ལྕགས་ཀྱུ་མདའ་དང་ལྡན། །ཕྱག་གཡོན་པདྨ་རྡོ་རྗེ་ནོར། །ཞགས་པ་གཞུ་དང་སྟ་རེ་དང་། །མདོག་དམར་ཞལ་རས་བཞི་པ་སྟེ། །བགེགས་སྟོང་འཇོམས་པར་མཛད་པ་ཡིན། །རང་གི་རྣལ་འབྱོར་ལ་བརྩོན་པས། །ནམ་མཁའི་མཐས་གཏུགས་འཇུག་ཅིང་སྤྲོ། །གླང་པོ་རྟ་དང་སྐྱེས་པ་དག །ཟ་བར་མཛད་མ་འབར་འཕྲེང་ཅན། །དེ་ཡི་ལས་ཀྱིས་བསྐུལ་བ་ནི། །གསང་སྔགས་དཔའ་བོས་གདོན་པར་བྱ། །རྣལ་འབྱོར་དབང་ཕྱུག་ལས་འདོད་པའི། །འདི་བྱས་པས་ནི་སྲུང་བར་འགྱུར། །དཔུང་ཆེན་པོ་ལ་རྣམ་པར་ལྟ་བའི་ཐམས་ཅད་སྲུང་བའི་སྟོབས་ཀྱི་མཆོག །སྟོང་ཆེན་མོ་རྣམ་པར་འཇོམས་པའི་ཡེ་ཤེས་ཀྱི་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པས། །བརྒྱ་བྱིན་མངོན་པར་མཐོ་བའི་སྟོབས་ལྷ་མ་ཡིན་རྣམ་པར་འཇོམས་པས་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་གྱི་གཟུངས་ཆེན་མོ་འདི་གསུངས་སོ། །ཨོ༷་བྷ་ག་བ་ཏི་ཧྭ་ཙག་ཀྲ། ཀེ་ཡུ་རེ་བ་ར་སེན། བིད་དན་ས་ན་ཀ་རི། སྭ་སེན་པ་རི་པ་རི་པ་ལ་ནི། ཨུ་ལ་ཁ་མུ་ཁི་ཁ་ཁ་ཁའ་ཧི། པ་ར་པྱེ་རྒྱེ་མ། ཨ་ན༷་ཏ་མུ་ཁེ་ན། ཨ་ནན་ཏ་བུ་ཙོ་ན།པྲ་ཧ་ར་ཧ་ཧ་ར་ཧུ༷་ཕཊ་ཕཊ་གྲྭཧྭ། དེ་ནས་རིག་སྔགས་ཆེ་གསུངས་པ། །སངས་རྒྱས་ཞིང་རྣམས་གཡོས་པར་འགྱུར། །བྱང་ཆུབ་སེམས་དཔའ་རབ་གཡོས་ཤིང་། །བདུད་ཀྱི་རྣམས་ནི་ཚིག་པར་འགྱུར། །གནོད་སྤྱིན་སྲིན་པོ་གོས་བྲལ་ནས། །འཇིགས་ཤིང་སྐྲག་པར་འགྱུར་བ་ཡིས། །གཙོ་བོ་རྡོ་རྗེ་རྣམ་པར་སྣུང་མཛད་དྲན། །བཅོམ་ལྡན་འདས་ཀྱི་རིག་སྔགས་ཀྱི་རྒྱལ་མོའི་གཟི་བརྗིད་ཀྱི་ཚིག་ལགས་ཏེ། བདག་ཅག་དམ་ཚིག་ལ་གནས་པར་འཚལ་ལགས་ན། མགོན་མཛད་ཅིང་ལུས་ཐམས་ཅད་རབ་ཏུ་སྒྲུབ་ཏུ་གསོལ། ཨོ་ཞེས་བྱ་བས་བསྐྱེད་པའི་མཛུབ་མོའི་ཕྱག་རྒྱ་ཅན། དྲག་མོ་ཆེན་མོ་ཞལ་བཞི་པ། །སྤྱན་གསུམ་དང་ཕྱག་བརྒྱད་ཀྱིས་རྣམ་པར་བརྒྱན་པ་ལ། རལ་གྲི་དང་། ག་་ཤིང་དང་། འཁོར་ལོ་དང་། མདའ་བསྣམས་པ། མདུང་རྩེ་གསུམ་པ་དང་། རྡོ་རྗེ་དང་། གཞུ་དང་། ཆོམ་རྐུན་ལ་མཛུབ་མོས་བསྡིགས་པ་སྟེ། རྡོ་རྗེའི་རོ་ལངས་འབྱུང་བ་དག །མཐོང་བས་དཔུང་རྣམས་བཅོམ་གཏོར་ལ། །ལྷ་མོ་རྟག་ཏུ་བསྒོམས་ནས་ནི། །རིང་པོར་མི་ཐོགས་བྱང་ཆུབ་འཐོབ། །འཇིག་རྟེན་གསུམ་རྣམ་པར་འཇོམས་པ་ལ་མཁས་པ་མཆོག་གི་རྩེ་མོའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པས། །མངལ་ཐམས་ཅད་ཡང་དག་པར་བསྐྱེད་པས་ཁྱབ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་སོ་སོར་འབྲང་མ་འདི་གསུངས་སོ། །ཨོ༷་མ་ཁི་དྷ་རི་བཛྲ་ནི་མཧྭ་པྲ་ཏི་ས་རེ་སྲུཧྭ། རིག་སྔགས་ཆེན་མོ་གསུངས་པ་དང་། །རིག་སྔགས་རྒྱལ་མོའི་མཐུ་ཡིས་ནི། །མི་ཡི་སྐྱེ་དགུ་མཚོ་བྱེད་པ། །མཐུ་ཆེན་མངལ་ནི་འཕྲོག་པ་དང་། །ལོག་འདྲེན་ཀུན་དང་སྡང་བ་རྣམས། །མི་བཟད་མེ་ལྕེས་ཚིག་གྱུར་ནས། །འཇིགས་པ་དང་ནི་སྐྲག་པ་དང་། །རྡོ་རྗེ་རྣམ་མཛད་དྲུང་ལྷགས་ཏེ། །ཞབས་ལ་ག་ས་ཏེ་ཚིག་སྨྲས་པ། །བདག་ཅག་དམ་ཚིག་གནས་པར་འཚལ། །རིག་སྔགས་དམ་ཚིག་རྟག་གནས་པ། །གང་གི་མངལ་ཡང་མི་འཕྲོག་ཅིང་། །རྟག་ཏུ་མངལ་ནི་སྤེལ་བར་འཚལ། །པྲ་ཡི་ཡེ་ཤེསལས་བསྒྲུབས་པ། །སྟོབས་མོ་ཆེ་ཕ་རོལ་གནོན་པར་མཛད། སྤྱན་གསུམ་ཕྱག་བརྒྱད་ཀྱིས་རྣམ་པར་བརྒྱན་པ། ཕྱག་གཡས་ན་རལ་གྲི་དང་། འཁོར་ལོ་དང་། མདུང་རྩེ་གསུམ་པ་དང་། མདའ་དང་། ཕྱག་གཡོན་ན་རྡོ་རྗེ་དང་། ཞགས་པ་དང་། དགྲ་སྟ་དང་། གཞུ་བསྣམས་པ། ཞབས་བཞི་པ། འཇོལ་བ་དང་། དཔའ་བོའི་ཐབས་ཀྱིས་རོལ་པ། སྐུ་གསུམ་འཕྲོ་བ་དང་ལྡན་པ། འབར་བའི་དཀྱིལ་འཁོར་གྱི་ནང་ན་བཞུགས་ན།སྡང་བའི་བགེགས་རྣམས་ལྟུང་བར་མཛད་པར་བྱའོ། །བུ་མི་འཚོ་བ་དང་མོ་གཤམ་དག་གསང་བའི་དཀྱིལ་འཁོར་དུ་བཅུག་ནས། ལྷ་རྣམས་ཀུན་གྱི་བུམ་པ་ཡིས། །སློབ་དཔོན་གྱིས་ནི་དབང་བསྐུར་ཞིང་། །དེ་ཡི་མངལ་དུ་བྱིས་པ་ནི། །འཇམ་པའི་གཟུགས་ཅན་འཇུག་པ་བསམ། །ཞགས་པའི་ཕྱག་རྒྱས་མཚན་ངན་ནས། །སྐྱེས་པའི་གཟུགས་ཅན་དབྱུང་བ་དང་། །བྲལ་བྱ་སྡིག་པ་བྲལ་ནས་ཀྱང་། །མངལ་ནི་བསོད་ནམས་དག་གིས་སྤེལ། །མངལ་ཐམས་ཅད་ལ་རྣམ་པར་ལྷ་བ་སོ་སོར་འབྲང་བ་ཡེ་ཤེས་ཀྱི་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པས། ནོར་གྱི་རྒྱུན་གྱི་ཡང་དག་པར་འཛིན་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་ནོར་གྱི་རྒྱུན་འདི་གསུངས་སོ། །ཨོ་བ་སུ་ད་རེ་མ་ཧྭ་བ་སུ་བྲི་ལྟི་ནི་པ་ཏ་ན་བ་སུ་གྲྭཧྭ། ནོར་གྱི་རྒྱུན་ཅེས་བྱ་བ་ཡི། །རིན་ཆེན་གསུངས་པའི་མོད་ལ་ནི། །བགེགས་དང་ལོག་འདྲེན་ཐམས་ཅད་དག །ཡིད་ནི་འཇིགས་ཤིང་སྐྲག་གྱུར་ནས། །རྡོ་རྗེ་རྣམ་པར་སྣང་མཛད་ཀྱི། །དྲུང་དུ་ཉེ་བར་འོངས་ནས་སུ། །དམ་བཅའ་བ་ཡི་ཚིག་སྨྲས་པ། བཅོམ་ལྡན་ནོར་རྒྱུན་ཅེས་པ་ཡི། །མཚན་ནི་མི་མཆོག་སྒྲོགས་བགྱིད་ན། །དེ་ལ་ནོར་གྱི་ཆར་དབབ་ཅིང་། །ནོར་ཆེན་དག་དང་ལྡན་པར་བགྱི། །ལྷ་མོ་ནོར་གྱི་བློ་གྲོས་མ། །བ་ཡི་ཡེ་ཤེས་རོལ་པས་བསྐྲུན། །གཟི་ཅན་གསེར་གྱི་མདོག་ཅན་ལ། །ཕྱག་དྲུག་ལང་ཚོ་དར་ལ་བབ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །འཇོ་སྒེག་ཐབས་མཁས་འབར་བ་ཅན། །དེ་ཡི་ཕྱག་གཡས་མཆོག་སྤྱིན་མཛད། །གཉིས་པ་འབྲུ་ཡི་སྙེ་མ་ཅན། །གསུམ་པ་ཡིས་ནི་མདའ་ཡང་གསོར། །ཕྱག་གཡོན་ཡིད་བཞིན་ནོར་བུ་དང་། །རིན་ཆེན་ཆར་འབེབས་གཞུ་ཡང་འཛིན། །གྲོགས་མོའི་སྐྱེ་བོས་ཡོངས་བསྐོར་ཅིང་། །མངག་གཞུག་གནོད་སྤྱིན་མོ་ཡི་གཟུགས། །རིན་ཆེན་ཆར་པ་འབེབས་པར་མཛད། །ནོར་ཀུན་གྱི་ནི་ཆར་པ་དག །འབེབས་པར་བྱེད་པར་བསམ་པར་བྱ། །ནོར་གྱི་བློ་གྲོས་ཆེན་པོ་ནི། །དེ་ལྟར་སྔགས་པས་བསྒོམས་ན་དེས། །དཔག་ཚད་བདུན་ནི་རྒྱས་པ་ཡང་། །ནོར་གྱི་ཆེར་གྱིས་ཁྱབ་པར་མཛད། །བྱང་ཆུབ་སྤྱིན་མཆོག་སྤྱིན་མཆོག་དམ་པ་མ། །དེ་ལྟར་རྣལ་འབྱོར་བདག་ཉིད་བསྒོམ། །ནོར་གྱི་རྒྱུན་གྱི་ཆར་ཆེན་པོ་རབ་ཏུ་འབེབས་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཕྲོག་མའི་དགའ་སྟོན་གནོད་སྤྱིན་མའི་ཚོགས་དགའ་བར་བྱེད་པའི་དངོས་གྲུབ་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་ཆེན་པོའི་འཕྲོག་མའི་གསང་སྔགས་འདི་གསུངས་སོ། །ཨོ་ཧ་རི་ཏྲི་མཧྭ་ཡཀྟ་ནི་ཡེ། ཧ་ར་ཧ་ར། སརྦ་ན་བ་བ༷། ཁྲིང་སརྦ་ཡ་ཁྲི་ན། པྲ་པེ་ཤ་ནི་གྲྭཧྭ། དེ་ནས་འཕྲོག་དགའ་འཕྲོག་མ་ནི། །གནོད་སྤྱིན་ཆེན་མོ་གསུངས་པ་དང་། །གནོད་སྦྱིན་མ་ཀུན་གཡོས་ནས་སུ། །དངོས་གྲུབ་ཕྱིར་ན་མངོན་ཕྱོགས་གྱུར། །ཁྲོ་བོའི་འཁོར་ལོ་གནོད་སྤྱིན་མ། །བརྒྱད་དབུས་འཕྲོག་མས་བརྒྱན་བྱས་ཏེ། །ལྕགས་ཀྱུ་འབྲས་བུ་ལེའུ་ལེ་ཅན། །གནོད་སྦྱིན་བརྒྱད་ཀྱིས་ཀླུབས་ནས་སུ། །གནོད་སྤྱིན་མ་ཀུན་བསྒྲུབ་པར་བྱ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་གྱི་དྲ་བ་ལས། གསང་སྔགས་ཡེ་ཤེས་རྣམ་པར་བསྤྱིངས་པ་༄༅ རིམ་པར་ཕྱེ་བ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་མཛད་ཆེན་པོས་རྡོ་རྗེའི་དེ་བཞིན་གཤེགས་པས། ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐུ་གསུམ་གྱི་ཡེ་ཤེས་ཀྱི་རྡོ་རྗེ་ལས་ཡང་དག་པར་འབྱུང་བ་ལས་ཕྱག་རྒྱ་ཐ་དད་པ་རྣམས། མཉམ་པར་བཞག་པའི་སེམས་ཀྱིས་ཉོན་ཅིག །གང་ཞིག་བཅིང་བ་ཙམ་གྱིས་ནི། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་། །འདི་ནི་ལུས་ཀྱི་བྱིན་རླབས་ཏེ། །རང་གི་གཟུགས་ནི་རྣམ་བསྒོམ་ན། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་མོས་ཅི་དགོས། །ལག་པ་གཉིས་ཁུ་ཚུར་བཅངས་པ་ལས། མཐེ་བོང་གཉིས་བཏེག་པ་ནི། དེ་བཞིན་གཤེགས་པའི་སྟེ། སྐུ་བྱིན་གྱི་རླབས་པའི་ཕྱག་རྒྱའོ། །དེ་ཉིད་ལས་གཡོན་པའི་མཐེ་བོང་ནང་དུ་བཀུག་སྟེ་གཡས་བཏེག་པ་ནི། འཇིག་རྟེན་དབང་ཕྱུག་སྟེ། གསུང་བྱིན་གྱི་རླབས་པའི་ཕྱག་རྒྱའོ། །དེ་ཉིད་ལས་གཡས་པའི་མཐེ་བོང་ནང་དུ་བཅུག་སྟེ། གཡོན་པའི་མཐེ་བོང་བཏེག་པ་ནི། རྡོ་རྗེ་འཆང་གི་སྟེ། ཐུགས་བྱིན་གྱི་རླབས་པའི་ཕྱག་རྒྱའོ། །ལག་པ་གཡས་པའི་ཁུ་ཚུར་བཅངས་པ་ལས། གཡོན་པའི་མཛུབ་མོ་བསྒྲེང་བའི་ཐོར་ཏོག་ཡས་པའི་ཁུ་ཚུར་གྱིས་བཟུང་བ་ནི། རྡོ་རྗེ་རྣམ་པར་སྣང་མཛད་ཅེས་བྱ་བའི་ཕྱག་རྒྱའོ། །སེམས་དཔའི་སྐྱིལ་མོ་ཀྲུང་དུ་འདུག་ནས། ལག་པ་གཡོན་པ་པང་པར་བཞག་ནས་གཡས་པ་ས་གནོན་པ་ནི། མི་འཁྲུགས་པའི་ཕྱག་རྒྱའོ། །དེ་ཉིད་ལས་གཡས་པའི་མཆོག་སྤྱིན་པར་མཛད་པ་ནི། རིན་ཆེན་འབྱུང་གནས་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་ལག་པ་གཉིས་བསམ་གཏན་གྱི་ཚུལ་དུ་བྱས་པ་ནི། འོད་དཔག་མེད་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་གཡས་པ་མི་འཇིགས་པར་སྤྱིན་པར་བྱས་པ་ནི། གདོན་མི་ཟ་བར་གྲུབ་པའི་ཕྱག་རྒྱའོ། །ལག་གཉིས་རྡོ་རྗེ་བཅངས་པར་བྱས་པ་ལས་གུང་མོ་གཤིབས་ཅིང་བསྒྲེངས་པ་ནི། རྡོ་རྗེ་སེམས་མའི་ཕྱག་རྒྱའོ། །དེ་ལས་གུང་མོའ་ཚིགས་དང་པོ་བཀུག་སྟེ་རིན་པོ་ཆེའི་ཚུལ་དུ་བྱས་པ་ནི། རྡོ་རྗེ་རིན་ཆེན་མའི་ཕྱག་རྒྱའོ། །དེ་ཉིད་ལས་གུང་མོ་པདྨའི་འདབ་མ་ལྟར་གདུ་བུ་ཚུལ་དུ་བྱས་པ་ནི། རྡོ་རྗེ་ཆོས་མའི་ཕྱག་རྒྱའོ། །དེ་ཉིད་ལས་གུང་མོ་ནང་དུ་བསྐུམ་པ་ནི། རྡོ་རྗེ་ལས་མའི་ཕྱག་རྒྱའོ། །ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས། མཛུབ་མོ་གཉིས་གདུ་བུ་ལྟར་བྱས་ཏེ་མཐེ་བོའི་རྩེ་མོར་མིག་གི་ཚུལ་དུ་བྱས་པ་ནི། སངས་རྒྱས་སྤྱན་གྱི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་པ་ལས་གུང་མོ་བསྒྲེངས་པའི་ཚིགས་གསུམ་ལས། མཛུབ་མོ་གཉིས་རྡོ་རྗེའི་ཚུལ་དུ་བཟུང་བ་ནི། །མྱ་མ་ཀིའི་ཕྱག་རྒྱའོ། །ལག་པ་གཉིས་ཐལ་མོ་ཁོང་དུ་སྦྱར་ཏེ་པདྨ་ཁ་མ་བྱེ་བའི་ཚུལ་དུ་བྱས་པ་ནི། གོས་དཀར་ཅན་གྱི་ཕྱག་རྒྱའོ། །ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས། མཛུབ་མོ་གཉིས་བཀུག་པས་སོར་མོས་གུང་མོའི་སེན་མོ་མནན་ཏེ། མཐེ་བོང་གཉིས་དབུས་སུ་བཞག་ནས་ཅུང་ཟད་བཀུག་པ། སྒྲོལ་མའི་ཨུཏུ་ལའི་ཕྱག་རྒྱའོ། །ལག་པ་གཉིས་ཐལ་མོ་སྦྱར་ཏེ། མཛུབ་མོ་གཉིས་གུང་མོའི་ཚིགས་དབུ་མར་གདུ་བུའི་ཚུལ་དུ་བྱས་ནས། མཐེ་བོ་དག་གློར་བཞག་པ་འདི་ནི། བཀུལ་མ་གཟུགས་ཀྱི་ཕྱག་རྒྱའོ། །དེ་ནས་རྡོ་རྗེ་བཅིང་བ་བྱས་ནས་མཛུབ་མོ་གཉིས་མཐེ་བོའང་རྩེ་མོར་བཀུར་བ་འདི་ནི། རིན་ཆེན་སྒྲོལ་མའི་ཕྱག་རྒྱའོ། །ལག་པ་གཉིས་བརྐྱང་སྟེ། མཐེ་བོས་སོ་སོའི་མཐེའུ་ཆུང་གིས་སེན་མོ་མནན་ཏེ། ལྷག་མ་རྡོ་རྗེའི་མཚན་ཉིད་དུ་བྱས་པ་འདི་ནི། ཁྲོ་གཉེར་ཅན་མའི་ཕྱག་རྒྱའོ། །ལག་པ་གཉིས་སོ་སོར་ཁུ་ཚུར་བཅངས་པ་ལས། མཛུབ་མོ་དང་མཐེའུ་ཆུང་ལུ་གུ་རྒྱུད་དུ་བཅིངས་པ་འདི་ནི། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཕྱག་རྒྱའོ། །ལག་པ་གཉིས་ཁུ་ཚུར་བཅངས་པ་ལས། གུང་མོ་དང་སྲིན་ལག་གཉིས་བསྒྲེངས་ཏེ་རྩེ་མོ་ཚུལ་དུ་བྱས་ལ། གུང་མོའི་རྒྱབ་ཏུ་སྲིན་ལག་བསྣོལ་བ་མཛུབ་མོ་གཉིས་གདུ་བུའི་ཚུལ་དུ་བྱས་པས་དཀྲིས་ནས། མཐེ་བོང་གཉིས་མདུན་དུ་བཞག་པ་ལས་ཅུང་ཟད་བཀུག་སྟེ་ཁའི་ཚུལ་དུ་བྱས་པ་འདི་ནི། གཤིན་རྗེ་གཤེད་ཀྱི་ཕྱག་རྒྱའོ། །ལག་པ་གཡོན་པ་རྡོ་རྗེའི་ཁུ་ཚུར་བཅངས་པ་ལས། ཁྲོ་བོའི་མཛུབ་མོ་སྙིང་ཁར་གཞག་ལ་ལག་པ་གཡས་པ་ཐལ་ལྕག་གི་ཚུལ་དུ་བྱས་པ་འདི་ནི། ཁྲོ་བོ་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱའོ། །ལག་པ་གཡོན་པ་རྡོ་རྗེའི་ཁུ་ཚུར་བཅངས་པ་ལ། ཁྲོ་བོའི་མཛུབ་མོ་སྙིང་ཁར་བཞག་ལ། ལག་པ་གཉིས་ཀྱི་མཐེ་བོང་མཐེའུ་ཆུང་གི་སེན་མོས་མནན་ནས། དཔུང་མགོའི་དྲུང་དུ་རྡོ་རྗེ་བཅིངས་པའི་ཚུལ་བྱས་ཏེ་ཁྲོས་པ་ནི། བདུད་རྩི་ཐབས་སྦྱོར་གྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ལས་མཐེའུ་ཆུང་ལུ་གུ་རྒྱུད་ལྟར་འདུད་ནས་མཛུབ་མོ་གཤིབས་ཏེ་བསྒྲེངས་པ་ལས་བཟློག་སྟེ་དཔྲལ་བར་བཞག་པ་ནི། རྟ་མགྲིན་གྱི་ཕྱག་རྒྱའོ། །ལག་པ་གཉིས་ཀྱི་མཐེ་བོས་སྲིན་ལག་དང་མཐེའུ་ཆུང་གི་སེན་མོ་མནན་ལ། རལ་གྲི་ཤུབས་ནས་དབྱུང་བའི་ཚུལ་དུ་བྱས་པ་ནི། འཕགས་པ་མི་གཡོ་བའི་ཕྱག་རྒྱའོ། །ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བཅངས་པ་ལ། རྒྱབ་རྩེ་སྤྲད་དེ་མཐེའུ་ཆུང་གཉིས་ལུག་གུ་རྒྱུད་ལྟར་བཅིངས་ནས། མཛུབ་མོ་གཉིས་བསྒྲེངས་པ་ལས་ཞགས་པའི་ཚུལ་དུ་བྱས་པ་ནི། འདོད་པའི་རྒྱལ་པོའི་ཕྱག་རྒྱའོ། །ལག་པ་གཡོན་པ་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་སྙིང་ཁར་བཞག་ལ། གཡས་པ་ཁྲོ་བོའི་སོར་མོ་བེ་ཅོན་གྱི་ཚུལ་དུ་འཕྱར་བ་ནི། བེ་ཅོན་སྔོན་པོ་ཅན་གྱི་ཕྱག་རྒྱའོ། །ལག་པ་གཡོན་པ་རྡོ་རྗེའི་ཁུ་ཚུར་སྙིང་ཁར་བཞག་ལ། ལག་པ་གཡས་པའི་རྡོ་རྗེའི་ཁུ་ཚུར་བརྡེག་སྟངས་དང་བཅས་པ་འཕྱར་བ་ནི། སྟོབས་པོ་ཆེའི་ཕྱག་རྒྱའོ། །ལག་པ་གཉིས་སོར་མོ་ཁུར་ཚུར་བཅངས་པ་ལ། མཛུབ་མོ་དང་གུང་བསྒྲེང་སྟེ་སྤྲད་ནས་མེ་ཏོག་གི་ཚུལ་དུ་བྱས་པ་ནི། བྱམས་པའི་ཕྱག་རྒྱའོ། །ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས། མཛུབ་མོ་གཉིས་ཀྱིས་སྲིན་ལག་གཉིས་ཀྱི་སེན་མོ་མནན་ནས། ཨུཏུལ་ཁ་བྱེ་བའི་ཚུལ་དུ་བཞག་པ་ནི། འཇམ་པའི་དབྱངས་ཀྱི་ཕྱག་རྒྱའོ། །ལག་གཡོན་པ་ཕང་པར་བཞག་ལ། ལག་པ་གཡས་གླང་པོ་ཆེའི་སྣ་ལྟར་བྱས་པ་ནི། སྤོས་ཀྱི་གླང་པོ་ཆེའི་ཕྱག་རྒྱའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་ནམ་མཁའ་ལ་བསྒྲེངས་ལ། ལག་པ་གཡས་པའི་ཁུ་ཚུར་བ་དན་གྱི་ཚུལ་དུ་བྱས་པ་ནི། ཡེ་ཤེས་ཏོག་གི་ཕྱག་རྒྱའོ། །བཟང་པོའི་འདུག་སྟང་སུ་འཇུག་སྟེ། ཐལ་མོ་ཁོང་སྟོང་དུ་འདུག་སྟེ་སྙིང་ཁར་བཞག་པ་ནི། བཟང་སྐྱོང་གི་ཕྱག་རྒྱའོ། །ལག་པ་གཉིས་ཆུ་རླབས་ཀྱི་ཚུལ་དུ་བརྐྱང་བ་སོར་མོ་རྣམས་ཆུ་རླབས་ལྟར་དྲང་བ་ནི། བློ་གྲོས་རྒྱ་མཚོའི་ཕྱག་རྒྱའོ། །གཡོན་པ་རྡོ་རྗེ་ཁུ་ཚུར་སྙིང་ཁར་བཞག་པ་ལས། གཡས་པ་མཆོག་སྤྱིན་པ་ནི། བློ་གྲོས་མི་ཟད་པའི་ཕྱག་རྒྱའོ། །གཡོན་པ་རྡོ་རྗེའི་ཁུ་ཚུར་པང་དུ་བཞག་པ་ལས། གཡས་སེ་གོལ་གཏོགས་པའི་ཚུལ་བྱས་པ་ནི། སྤོབས་པ་བརྩེགས་པའི་ཕྱག་རྒྱའོ། །ལག་པ་གཉིས་པདྨ་ཅུང་ཟད་ཁ་ཕྱེ་བ་ལྟར་བྱས་པ་ནི། མཐུ་ཆེན་ཐོབ་ཀྱི་ཕྱག་རྒྱའོ། །ལག་པ་གཉིས་འདོར་བའི་ཚུལ་དུ་བྱས་པ་ནི། ངན་སོང་ཐམས་ཅད་སྤོང་བའི་ཕྱག་རྒྱའོ། །ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས་བསྣུན་པའི་ཚུལ་དུ་བྱས་པ་ནི། མྱ་ངན་ཐམས་ཅད་ཀྱི་མུན་པ་ངེས་པར་འཇོམས་པའི་བློ་གྲོས་ཀྱི་ཕྱག་རྒྱའོ། །ལག་པ་གཉིས་བསྐང་ནས་འཕྲོ་བའི་ཚུལ་དུ་བྱས་པ་ནི། དྲ་བ་ཅན་གྱི་འོད་ཀྱི་ཕྱག་རྒྱའོ། །གཡས་པ་མཆོག་སྤྱིན་ལྟར་བྱས་ལ། གཡོན་པ་ཟླ་བའི་ཚུལ་དུ་བྱས་པོ་ནི། །ཟླ་འོད་ཀྱི་ཕྱག་རྒྱའོ། །ལག་པ་གཉིས་བུམ་པའི་ཚུལ་དུ་བྱས་ནས་དབང་བསྐུར་བ་ནི། འོད་དཔག་མེད་ཀྱི་ཕྱག་རྒྱའོ། །གཡོན་པ་རྡོ་རྗེ་ཁུ་ཚུར་དུ་བྱས། གཡས་པའི་ཁུ་ཚུར་ནམ་མཁའ་ལ་བསྐོར་བའི་ཚུལ་དུ་བྱས་པ་ནི། ནམ་མཁའ་མཛོད་ཀྱི་ཕྱག་རྒྱའོ། །གཡོན་པ་ས་ལ་བརྐྱང་ནས་ལག་པ་གཡས་པའི་མཛུབ་མོ་དང་མཐེ་བོང་སྤྲད་ནས་ཞུ་བའི་ཚུལ་དུ་བྱས་པ་ནི། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་ཕྱག་རྒྱའོ། །གཡོན་རྡོ་རྗེའི་ཁུ་ཚུར་ལས་ཁྲོ་བོའི་མཛུབ་མོ་སྙིང་ཁར་བཞག་ལ། ཧུ༷་ཞེས་བྱ་ཞིང་ལག་པ་གཡས་པའི་རྡོ་རྗེ་ཁུ་ཚུར་བརྡེག་སྟངས་དང་བཅས་པར་ཕྱར་བ་ནི། རི་ཁྲོད་འོ་་མ་ཅན་གྱི་ཕྱག་རྒྱའོ། །ལག་པ་གཡོན་པའི་སོར་མོ་བརྐྱང་བ་ལས། མཛུབ་མོ་དང་མཐེ་བོང་སྐམ་པས་འཛིན་པའི་ཚུལ་དུ་བྱས་པ། ལག་པ་གཡས་པ་ཁབ་ཀྱི་ཚུལ་གྱིས་འཚེ་བར་བྱེད་པ་རྣམས་ཀྱི་ཁ་མིག་དྲུབ་པ་ནི། འོད་ཟེར་ཅན་མའི་ཕྱག་རྒྱའོ། །ལག་པ་གཉིས་སྤྱི་བོར་སྦྲུལ་མགོ་གདེངས་ཀའི་གདུགས་ལྟར་བྱས་ནས། ཕཊ་ཅེས་བརྗོད་པ་ནི། དུག་སེལ་མའི་ཕྱག་རྒྱའོ། །འདོད་པའི་རྒྱལ་པོའི་ཕྱག་རྒྱ་ཉིད་ལས། མཛུབ་མོ་གཉིས་བསྒྲེངས་པ་ནི། རྡོ་རྗེ་ཧུ༷་མཛད་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་ལག་པ་གཡས་པའི་ཁྲོ་བོ་ལྕགས་ཀྱུས་ཛ་ཞེས་བྱ་བས་དགུག་པ་ནི། རྡོ་རྗེ་ཁྲོ་བོའི་ལྕགས་ཀྱུས་དགུག་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པ། རྡོ་རྗེ་ཁྲོ་བོའི་ལྕགས་ཀྱུའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེའུ་ཆུང་མཆེ་བའི་ཚུལ་དུ་བྱས་པ་ལས་བསྣོལ་ཏེ་འགྲམ་པ་གཉིས་སུ་བཞག་ལ། ལྕེ་ལྕིབ་ཅིང་ཁྲོ་བོའི་ལྟ་བས་བལྟ་བར་བྱས་པ་ནི། རྡོ་རྗེ་མཆེ་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེའུ་ཆུང་གཉིས་བཀུག་ལ། མཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དུ་བྱས་ནས་ཁའི་གྲྭར་བཞག་སྟེ། ཧྭ༷་ཞེས་བྱ་བའི་ཁྲོ་བོའི་ལྟ་བས་ལུས་བཅུ་པ་ནི། རྡོ་རྗེ་མཁའ་འགྲོ་མའི་ཕྱག་རྒྱའོ། །ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བཅངས་ལ། མཛུབ་མོ་གཉིས་བརྐྱང་སྟེ་བསྣོལ་ནས་གྱེན་དུ་འདེག་པ་ལྟར་བྱ་བ་ནི། དཀྱིལ་འཁོར་གྱི་ཕྱག་རྒྱའོ། །དེ་ཉིད་ལས་ཁྲིག་མ་གཉིས་བསྣོལ་ཏེ་བཏོད་ཅིང་བཏེག་པ་ནི། སྒོ་དབྱེ་བའི་ཕྱག་རྒྱའོ། །ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བསྣོལ་ནས་མཆན་ཁུང་དུ་བསྡམས་ཏེ། ཁྲོ་བོའི་ལྟ་བས་འགྱུར་བ་དང་བཅས་པ་ནི། གདོན་ཐམས་ཅད་བསྐྲད་པར་བྱ་བའི་ཕྱག་རྒྱའོ། །ལག་པ་གཡོན་པ་བརྐྱང་སྟེ་ཁ་ཕུབ་ལ།དེའི་སྟེང་དུ་གཡས་པ་བཞག་ནས། ལག་པ་གཉིས་ཀའི་སོར་མོ་བསྐྱོད་པ་ནི། ལྷ་མ་ཡིན་གྱི་སྒྱུ་དང་། འཁྲུལ་འཁོར་དབྱེ་བ་དང་། ལྷ་མ་ཡིན་གྱི་བུ་མོ་བུ་སྨྲ་གཞུག་པའི་ཕྱག་རྒྱའོ། །ལག་པ་གཉིས་ཀྱི་མཐེ་བོང་དང་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་ལྟར་བཅིངས་ཏེ་བཞག་ལ། ལྷག་མ་བ་དན་རྩེ་གསུམ་པའི་ཚུལ་དུ་བྱས་ནས། སྟང་ཐབས་དང་བཅས་པར་ཧུ༷་ཞེས་བྱ་བའི་ཁྲོ་བོ་རྡོ་རྗེ་ས་འོག་གི་ཕྱག་རྒྱའོ། །གཡོན་པ་རྡོ་རྗེ་ཁུ་ཚུར་གྱི་ཁྲོ་བོའི་མཛུབ་མོས་བསྡིགས་པ་ནི། རྡོ་རྗེ་ནག་མོའི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་པ་ལས་མཛུབ་མོ་གཉིས་བརྐྱང་སྟེ་ཕུར་བུའི་ཚུལ་དུ་བྱས་པ་ནི། རྡོ་རྗེ་ཕུར་བུའི་ཕྱག་རྒྱའོ། །གཡས་པའི་རྡོ་རྗེ་ཁུ་ཚུར་བརྡུང་བའི་ཚུལ་དུ་བྱས་པ་ནི། རྡོ་རྗེ་ཐོ་བའི་ཕྱག་རྒྱའོ། །ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བཅངས་པ་ལས། མཛུབ་མོ་གཉིས་བརྐྱང་སྟེ་རྡོ་རྗེ་མདུད་པ་བོར་བའི་ཚུལ་དུ་བྱས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཅིང་བའི་ཕྱག་རྒྱའོ། །ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བཅངས་ཏེ་སོག་ལེ་དྲང་བའི་ཚུལ་དུ་བྱས་པ་ནི། རྡོ་རྗེ་སོག་ལེའི་ཕྱག་རྒྱའོ། །ལག་པ་གཉིས་ཟླ་བའི་ཚུལ་དུ་བྱས་ཏེ་གདོང་གཡོག་ཅིང་བརྐྱང་ལ་ཁྲོ་བོའི་མིག་ཏུ་བྱས་ནས་ཨ་ལ་ལ་ཞེས་བྱ་བ་ནི། རྡོ་རྗེ་སྲིན་མོའི་ཕྱག་རྒྱའོ། །ལག་པ་གཉིས་ལུ་གུ་རྒྱུད་དུ་བཅིངས་ལ་མཛུབ་མོ་དང་མཐེ་བོང་གཉིས་ཆེན་པོའི་ཚུལ་དུ་བྱས་པ་ནི། སྤྲིན་ཐམས་ཅད་གཏུབ་པ་ཆེན་པོའི་ཕྱག་རྒྱའོ། །ལག་པ་གཉིས་ཁུ་ཚུར་བཅངས་པ་ལས། །མཛུབ་མོ་གཉིས་གདུ་བུ་ལྟར་བྱས་ཏེ། སྐམ་པའི་ཚུལ་དུ་དཔུང་པ་བརྐྱང་བ་ནི། ཞབྲུལ་འཁོར་གྱི་ཕུར་པ་དབྱུང་བའི་སྐ་།་པའི་ཕྱག་རྒྱའོ། །ལག་པ་གཉིས་ཀྱི་མཐེ་བོང་ལག་མཐིལ་དུ་བཞག་སྟེ།ལྷག་མ་རྣམས་འདབ་མ་ལྟར་གཡབ་ཅིང་རྐང་པ་ཡ་གཅིག་ས་ལ་བཙུགས་ལ། གཅིག་རྒྱབ་ཏུ་བསྐུམ་ནས། ཁྲོ་བོའི་ལྟ་བས་ལྕེ་ལྕིབ་བཅིང་ཧུ༷་ཕཊ་ཅེས་བྱ་བས་རིམ་གྱིས་བསྐྱོད་ནས་ནི། རྡོ་རྗེ་ནམ་མཁའ་ལྡིང་གི་ཕྱག་རྒྱའོ། །འདི་བཅིངས་པ་ཙམ་གྱིས་ཁམས་གསུམ་ཁྱབ་པའི་དུག་ཀྱང་སྐད་ཅིག་གིས་སེལ་བར་བྱེད་དོ། །རྡོ་རྗེ་ཁུ་ཚུར་གཉིས་མདའ་གཞུ་དག་པའི་ཚུལ་གྱིས་ཕྱོགས་བཞིར་མདའ་འཕངས་ཏེ་འཕགས་པས་ཕ་རོལ་དཔུང་གཞིག་པ་ནི། མཉེས་པར་བྱེད་པའི་མདའི་ཕྱག་རྒྱའོ། ཁུ་ཚུར་གཉིས་ལ་གུང་མོ་གཉིས་གཤིབས་ཏེ་བསྒྲེང་བ་ལས་རིན་པོ་ཆེའི་ཚུལ་དུ་བཀུག་ལ། མཐེ་བོང་བརྐྱང་བའི་སྟེང་དུ་མཛུབ་མོ་གཉིས་གདུ་བུའི་ཚུལ་དུ་བྱས་པ་ནི། སངས་རྒྱས་འཁོར་ལོ་ཅན་གྱི་ཕྱག་རྒྱའོ། །གཡུལ་ལས་སྒྲོལ་བར་བྱེད་པའོ། །ལག་པ་གཡོན་པའི་མཐེ་བོས་སོར་མོ་མནན་ཏེ་གུང་མོ་བསྒྲེང་ལ་གཡས་པ་པདྨ་ཁ་བྱེ་བའི་ཚུལ་དུ་བྱས་པ་ནི། ཧ་ལ་ཧ་ལའི་ཕྱག་རྒྱའོ། ཁུ་ཚུར་གཉིས་ཀྱིས་མཐེའུ་ཆུང་གཉིས་དཀྲིས་ལ། མཛུབ་མོ་གཉིས་གཤིབས་ཏེ་བསྒྲེངས་ནས་བཟློག་ལ་འཕྲར་བར་བཞག་པ་ནི། རྡོ་རྗེ་ཁྲག་འཐུང་གི་ཕྱག་རྒྱའོ། །དུར་ཁྲོད་དུ་འཛུག་པ་ནམ་མཁའ་འགྲོ་རྣམས་འཇིགས་པར་བྱེད་པའོ། །གཡོན་པས་ཐོད་པ་བཟུང་ལ་གཡས་པས་མདུང་རྩེ་གསུམ་ཐོགས་ནས། རལ་པ་བཅིངས་ཏེ་ཟླ་བས་བརྒྱན་ཅིང་མཚན་མ་བསྒྲེང་ལ་མིག་གསུམ་པ་གར་བྱེད་པ་ནི།གར་ཐབས་ཀྱི་ཕྱག་རྒྱའོ། །འདི་ནི་བདེ་བྱེད་ཀྱི་ཕྱག་རྒྱའོ། །ཕྱག་གཡས་པ་མི་འཇིགས་པར་བྱས་པ་ལ་སོར་མོ་རྣམས་ཅུང་ཟད་ཕྱེ་སྟེ། མཐེ་བོང་ལག་མཐིལ་དུ་བཞག་ལ། དེ་བཞིན་དུ་གཡས་པའི་ཁུ་ཚུར་དབྱུག་ཐོ་འཛིན་པ་ལྟར་བྱས་པ་ནི། ཁྱབ་འཇུག་གི་ཕྱག་རྒྱའོ། །ལག་པ་གཉིས་བརྐྱང་ནས་པདྨའི་ཚུལ་དུ་བྱས་པ་ནི། ཚངས་པའི་ཕྱག་རྒྱའོ། །ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ་མེ་ཏོག་ལྟར་བྱས་པ་ནི། །མ་མོ་རྣམས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ནི། །རྒྱབ་ཏུ་མདུད་པ་ལྟར་འདོད་ཞིང་། །རྡོ་རྗེ་སེམས་མ་ལ་སོགས་པའི། །རིན་ཆེན་ཅོད་པན་འཕྲེང་དབང་བསྐུར། །ཏིང་འཛིན་གནས་པ་འཁོར་ལོ་ཅན། །འཁོར་ལོ་མངའ་བའི་ལྷ་རྣམས་ལ། །སངས་རྒྱས་ས་ནི་རབ་འགེངས་པ། །གསང་བའི་མཆོད་པ་འབྱུང་བར་བསམ། །འགྱུར་ཞིང་ཆུབ་ཟད་འཇོ་ཚུལ་ཅན། །སྒེག་མོ་ཡི་ནི་ཕྱག་རྒྱ་ཡིས། །གར་གྱི་ཚུལ་དུ་བསྐྱོད་ནས་ཀྱང་། །ཧུ༷་ཞེས་བྱ་བ་གླུར་བླང་ཞིང་། །དེ་ནས་སངས་རྒྱས་ཀུན་དགྱེས་པ། །རྡོ་རྗེའི་རྒྱུད་ནི་བསྒྲེང་བར་བྱ། །དེ་ན་འཕྲེང་ཚུལ་འཕྲེང་བ་ཡིས། །ལྷ་རྣམས་ཀུན་ལ་བཅིང་བར་བྱ། །འཇོ་སྒེག་ཐབས་ལ་སྤྲོ་བ་ཡིས། །ལག་གཉིས་བསྐོར་ཞིང་དགྲོལ་བ་དང་། །གཡས་ནས་གཡོན་དུ་བསྐོར་བ་ཡིས། །གར་ཐབས་བྱས་ནས་མགོ་ལ་གཞག །མེ་ཏོག་དབུལ་བའི་ཚུལ་དུ་ནི། །གར་གྱི་མེ་ཏོག་ཐལ་མོ་སྦྱར། །བདུག་སྤོས་རྩེ་མོའི་སྦྱོར་བ་ཡིས། །གུང་མོ་གཉིས་ནི་བཟློག་སྟེ་བསྒྲེང་། །སྟང་སྟབས་བསྐོར་ཞིང་བསྒྱུར་བ་ཡིས། །མཐེ་བ་གཉིས་མར་མེའི་ཚུལ་དུ་བཞག །དུང་གི་ཚུལ་དུ་ལག་བསྒྱུར་ནས། །དུང་ཕོར་ལྟ་བུར་མཆོད་ཡོན་འབུལ། །དེ་ནས་ལྷ་རྣམས་ཀུན་ལ་ཡང་། །ལག་པའི་གར་གྱིས་བྱུག་ཚུལ་བྱ། །དེ་ནས་སིལ་སྙན་ཚུལ་གྱིས་སུ། །ལག་གཉིས་སིལ་སྙན་ལེགས་པར་བརྡུང་། །དུང་དང་གླིང་བུ་འབུད་པ་དང་། །ལག་པ་ཡིས་ནི་རྔ་ཡབ་གཡབ། །བསིལ་ཡབ་ཚུལ་གྱིས་བསིལ་ཡབ་དང་། །རྩེ་མོ་གཉིས་ཀྱི་རྒྱལ་མཚན་བྱ། །མཚོན་དགྱེས་ཆེ་ན་ལྕག་ཕྲན་ལྟར། །བསྐྱོད་ཅིང་ཚོན་ཕྱེ་འཕྲེང་བ་དགྱེ། །ལག་གཡོན་སྣོད་ཀྱི་ཚུལ་བྱས་ལ། །གཡས་པ་ཡིས་ནི་ལྷ་བཤོས་དབུལ།ཁང་པ་བརྩེགས་པ་བཞག་ནས་སུ། །གོས་ཀྱི་ཚུལ་གྱི་རྣམ་པ་དང་། །གདུ་བུ་དོ་ཤལ་རྐང་རྒྱན་དང་། །རྣ་ཆ་གནས་ལྔ་རྣམས་སུ་གཞག །དེ་ནས་གདུགས་ཀྱི་ཚུལ་གྱིས་སུ། །ལྷ་རྫས་གདུགས་ནི་ལེགས་པར་གཟུགས། །བསམ་གཏན་ཚུལ་གྱི་ལག་པ་དག །ནམ་མཁའ་ལ་ནི་མཛེས་བསྐོར་ན། །སངས་རྒྱས་ཞིང་བར་འགེངས་བྱེད་པའི། །བླ་རེ་རྣམ་པ་སྣ་ཚོགས་འགྱུར། །གར་ནི་པདྨའི་འཕྲེང་བ་དང་། །དྲིལ་བུ་གཡེར་ཀའི་དྲ་བས་བརྒྱན། །གསང་སྔགས་འདིས་ནི་ཆོ་ག་བཞིན། །རྡོ་རྗེ་དྲིལ་བུ་གསིལ་བ་ཡིས། །སྒོ་འཕར་དག་ཀྱང་དབྱེ་བར་བྱ། །ཨོ་བཛྲ་གན་དྷི་རཏྣ། པྲ་རཏྣ་ས་མ་པྲ་རཏྣ། སརྦ་བུརྙ་སྟེ་ཏྲ༷། པྲ་ཙ་ལི་རེ། པྲ་ཙྭ་པ་ར་མི་ཏ་ན་ད་སྭ་བ་བེ། བཛྲ་ད་ར་ཧྲི་ད་ཡ། ཨུ་བ་ཏོ་ཤ་ནི། ཧུ༷་ཧུ༷་ཧུ༷། ལག་པ་གཡས་པ་རྡོ་རྗེ་གསོར། །སྣ་ཚོགས་ཁུགས་སུ་འགྱུར་བ་ཡི། །རྡོ་རྗེ་གླུ་ཡིས་བསྟོད་པར་བྱ། །རྡོ་རྗེ་ཐེག་པས་མཉེས་བྱེད་པ། །འདི་ནི་དོན་དམ་མཆོད་པ་ཡིན། གང་གིས་རྣམ་རྟོག་རྣམ་སྤངས་ཏེ། །བྱང་ཆུབ་སེམས་ནི་རྣམ་བསྒོམས་པས། །ལུས་ངག་སེམས་ནི་རྣམ་དག་པ། །དེ་ཡི་མཆོད་པ་བླ་ན་མེད། །སེམས་ཅན་གང་གིས་དབུ་མ་ཡི། །ཐེག་པ་བསྒོམས་པས་མ་བསྒོམས་ཤིང་། །ཐེག་པ་དམན་ལ་ལྷག་མོས་པ། །དེ་ཡི་མཆོད་པ་ཀུན་རྫོ་བ་བོ། །སངས་རྒྱས་དབང་ཆེན་གྲགས་ཀུན་གྱིས། །མཆོད་པ་དེ་དག་གསན་པ་དང་། །ངོ་མཚར་གྱུར་པའི་སྤྱན་ཕྱེ་ནས། །ལེགས་སོ་ཞེས་ནི་རབ་ཏུ་གསུངས། །བྱང་ཆུབ་སླད་དུ་སངས་རྒྱས་ནི། །ཀུན་གྱི་ཐབས་ཀུན་ངོ་མཚར་ཆེ། །རྡོ་རྗེ་བསྒོམ་པར་བྱས་པ་ཡིས། །ཉོན་མོངས་མེད་པར་བྱང་ཆུབ་འཐོབ། །རྡོ་རྗེའི་ཐེག་ཆེན་ལེགས་པ་སྟེ། །སངས་རྒྱས་རྣམས་ཀྱི་བསྟན་པ་ལེགས། །ཟབ་ཅིང་རྒྱ་ཆེན་ལེགས་པ་སྟེ། །རྡོ་རྗེ་རིན་ཆེན་ཀུན་འདུས་ལེགས། །དེ་ནས་ཡེ་ཤེས་ཀྱི་སྐུ་གསུམ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་དེ་དག་གི །སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེའི་ཐེག་པའི་བསྔགས་པ་ཐོས་ནས། དགའ་བས་སྐྲུ་ཟིང་ཞེས་བྱེད་པར་གྱུར་ནས། གཙོ་བོ་རྡོ་རྗེ་རྣམ་སྣང་ལ། །དགའ་བའི་ཡིད་ཀྱིས་བསྟོད་པ་བྱེད། །ཐོག་མ་མེད་ཅིང་སྐྱེ་བ་མེད། །འགྱུར་བ་མེད་ཅིང་གནས་པ་མེད། །མཁའ་བཞིན་རྣམ་རྟོག་ལས་གྲོ་ལ་བ། །རྟོགས་པས་དེ་རྣམས་རྣམ་པར་བརྟགས། །ཐབས་སུ་བརྟག་པ་གང་ཡིན་པས། །ཡེ་ཤེས་ཀྱི་ནི་སྲས་པོ་ཀུན། །རྡོ་རྗེ་ཐེག་པ་བསྒོམ་པ་ཡིས། །སངས་རྒྱས་པ་ཡང་ཐོབ་པར་ཞེས་སྨྲས་སོ། །བདེ་བ་ལས་འཁྲུངས་རྡོ་འཆང་བ་ཡིས། །དངོས་པོ་དངོས་མེད་འབྱུང་གནས་ཆེན་པོར་མཁྱེན། །གང་དུ་དང་པོ་རྣམ་པར་སྣང་མཛད་ནི། །དག་ཅིང་དྲི་མེད་བློས་ནི་ཨོ༷་དུ་སྤྲུལ། །གཟུགས་མང་ཚུལ་གྱིས་འཕྲེང་བར་བསྐོར་བ་ཡི། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །གསུང་སྙན་ཡི་གེ་ཀུན་ལ་ཁྱབ་པ་ཡིས། །སྤྲོས་མེད་གསུང་དུ་འཇིག་རྟེན་དབང་ཕྱུག་བཞུགས། །མིག་གསུམ་ལྷ་མོ་དང་བཅས་འདུལ་མཛད་པ། །རྫུ་འཕྲུལ་ཚུལ་དང་ལྡན་པ་འགའ་མ་མཆིས། །གང་དུ་བདེ་ཆེན་རང་བཞིན་རྗེས་ཆགས་པ། །ན་ཆུང་དག་དང་ལྷན་ཅིག་བཞད་ཅིང་བཞུགས། །གཡས་པའི་ཕྱག་གིས་རྡོ་རྗེ་གསོར་ནས་སུ། །གཡོན་པའི་ཕྱག་གིས་དྲིལ་བུ་འཁྲོལ། །ལྷ་མོ་མཐའ་དག་བཙུན་མོར་གྱུར་པ་ཡིས། །དམ་ཚིག་རྣམས་ཀྱིས་བྱ་བ་བྱས་པར་འགྱུར། །གཅིག་གི་ལག་པས་ཀུན་ནས་འཁྱུད་པ་སྟེ། །གཉིས་པ་རྗེས་སུ་ཆགས་ཕྱིར་བདེ་བའི་མཐུ། །གསུམ་པ་མི་བཟད་མེ་ཏོག་འཕྲེང་བ་འཐོར། །བཞི་པ་བདེ་བའི་མདའ་ཡང་འཕེན། །གང་ཞིག་གླུ་འདི་ལེན་པར་བྱེད་པ་དག །བདེ་བའི་རྡོ་རྗེ་ཅན་དང་མཉམ་པར་འགྱུར། །འདི་ནི་སངས་རྒྱས་ཐམས་ཅད་མཉེས་པར་བྱེད་པའི་རྡོ་རྗེའི་གླུ་ཡིན་ནོ། །ཨོ་ཨ་ནུད་ཏ་ར་སརྦ་བུ་ཛ་མེ་ཀྟ་ཨུད་ག་ཏེ་ཕ་ར་ན་ཧྲི་མངག་ག་ན་ཁང་ཧུ༷་ཕཊ་སྭཧྭ། འདི་ལན་གསུམ་བརྗོད་པས་མཆོད་པའི་སྤྲིན་རབ་འབྱམས་ཐམས་ཅད་བྱིན་གྱིས་བརླབས་པར་འགྱུར་རོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས། ཕྱག་རྒྱའི་མཆོད་པ་རིམ་པར་ཕྱེ་བ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཚིག་མཐུན་པར་སྒྲ་དབྱངས་གཅིག་གིས་གསོལ་བ་བཏབ་པ། བཅོམ་ལྡན་དེ་བཞིན་གཤེགས་ཀུན་གྱིས། །ཡེ་ཤེས་གཅིག་པ་དྲི་མ་མེད། །བྱང་ཆུབ་སེམས་ནི་རིན་པོ་་ཆེ། །བླ་ན་མེད་པ་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་པ་བཏབ་པར་ཐུགས་སུ་ཆུད་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ནི་ལུས་ཀྱི་རྣམ་པ་ཡིན་ལ། ལུས་ཀྱང་སེམས་ཀྱི་རྣམ་པ་ཡིན་ཞིང་། སེམས་ཀྱང་ཚིག་གིས་རབ་ཏུ་བརྗོད་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའི་དེ་དག་གིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་རྣམ་པར་སྦྱོར་བ་ཐོས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཀྱེ་མའོ་ཀུན་ཏུ་བཟང་པོ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཆོས་རྣམས་སྐྱེ་བ་མེད་པ་སྟེ། །ཡི་གེ་མེད་ཅིང་གནས་མེད་ལ། །རྟོག་དང་སྤྱོད་པའི་ཚུལ་སྤངས་འདི། །བསྐྱེད་པར་བྱ་ཞེས་རབ་ཏུ་གསུངས། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་འཁྲུགས་པས། གསུང་སྤྲོས་པ་མེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དངོས་པོ་འདི་དག་མ་སྐྱེས་ཏེ། །ཆོས་ཅན་མེད་ཅིང་ཆོས་ཉིད་མེད། །ནམ་མཁའ་བཞིན་དུ་དམིགས་མེད་པ། །བྱང་ཆུབ་སེམས་ནི་བརྟན་པ་ཡིན། །ཞེས་བཅོམ་ལྡན་འདས་རྡོ་རྗེའི་དེ་བཞིན་གཤེགས་པས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་དམིགས་སུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དངོས་པོ་འདི་དག་དངོས་མེད་དེ། །ཆོས་ཀྱི་མཚན་ཉིད་སྤངས་པ་ཡིན། །བདག་མེད་ཆོས་ལ་ལེགས་བྱུང་བའི། །བྱང་ཆུབ་སེམས་ནི་བརྟན་པ་ཡིན། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཏོག་གིས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་འོད་དཔག་མེད་ཀྱིས་མེ་ལྕེ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དངོས་པོ་སྐྱེ་བ་མེད་པ་ལ། །དངོས་པོ་མེད་ཅིང་བསྒོམ་དུ་མེད། །ནམ་མཁའི་གོ་འཕང་ཐོབ་ནས་སུ། །དེ་ལྟར་དངོས་རྣམས་རབ་ཏུ་བརྗོད། །ཅེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱིས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་ཀྱིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་མའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་ཅིང་རྙོག་པ་མེད། །སེམས་ཅན་མེད་ཅིང་སྲོག་ཀྱང་མེད། །སངས་རྒྱས་ཉིད་དང་བྱང་ཆུབ་མེད། །རྨི་ལམ་སྒྱུ་མ་ལྟར་སྣང་བའི། །བྱང་ཆུབ་སེམས་ནི་བརྟན་པ་ཡིན། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་ཀྱིས་གསུངས་སོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་ཐོབ་ནས།ངོ་མཚར་སྐྱེས་པར་གྱུར་ཏེ། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཀྱེ་མའོ་སངས་རྒྱས་ཀྱེ་མའོ་དག །ཀྱེ་མའོ་ཆོས་ནི་སྟོན་པ་རྣམས། །བདག་མེད་ཆོས་ལ་ལེགས་བྱུང་བ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཚོགས་ཀྱི་བསྒོམ་པ་ཡིས། །མི་གཡོ་ཡི་གེ་ལས་བྱུང་བ། །རྨི་ལམ་སོགས་ལྟར་དེ་བཞིན་སྐྱེས། །རྡོ་རྗེ་སེམས་ལ་ཕྱག་འཚལ་ལོ། །གནས་དང་སྟན་ནི་རྣམ་བསམས་ཏེ། །སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ནས། །དང་པོ་རང་བཞིན་དག་པའོ་ཞེས། །དག་པའི་ཆོས་ཀྱིས་ཚུལ་ལ་གནས། །ཡིད་ཀྱིས་ཧུ༷་བྱས་རྡོ་རྗེ་ཅན། །རྡོ་རྗེ་སེམས་མས་བྱིན་གྱིས་བརླབས། །རིན་ཆེན་ལུས་སུ་ང་རྒྱལ་བྱ། །ལག་པ་ལྕགས་ཀྱུ་ཡིས་ནི་སྤྱན་ཡང་དྲང་། །བྱོན་ནས་དང་པོར་ཕྱོགས་བཅིངས་ཏེ། །དམ་ཚིག་དག་ཀྱང་དབུལ་བར་བྱ། །གདན་རྣམས་སོ་སོར་ཕུལ་ནས་སུ། །མཆོད་ཡོན་དབུལ་བའི་སྦྱོར་བ་བྱས། །དབང་བསྐུར་མཚོན་ཆ་གོ་ཆ་སོགས། །སིལ་སྙན་མཆོད་སོགས་ངོ་བོ་བྱ། །རྣམ་པ་ཀུན་གྱིས་མཉེས་བྱ་བ། །རྣལ་འབྱོར་བདག་ཉིད་ཅན་གྱིས་བརྟགས། །རྣལ་འབྱོར་རྣམ་གསུམ་ཤེས་བྱ་སྟེ། །བྱིན་གྱིས་བརླབས་དང་ཡེ་ཤེས་བརྟགས་ནས་སུ། །གཟུགས་ཉིད་རྫོགས་པར་གྱུར་པ་ནི། །རྣལ་འབྱོར་ཡིན་ཞེས་སངས་རྒྱས་གསུངས། །སྔགས་ཀྱིས་བྱིན་རླབས་ང་རྒྱལ་བསྐྱེད། །རྣལ་འབྱོར་བྱིན་རླབས་ཡིན་པར་གསུངས། །བྱང་ཆུབ་སེམས་ནི་དག་པ་དང་། །གསང་སྔགས་ས་བོན་སྐྱེ་བའི་ཚེ། །ཕྱག་རྒྱའི་ཚིགས་སུ་བཏགས་པ་ཡིས། །རིམ་གྱིས་གཟུགས་ནི་རྫོགས་བྱས་ལ། །དེ་ཡི་རྟགས་པར་བརྗོད་པ་སྟེ། །རྣལ་འབྱོར་ཆོ་ག་ཡིན་པར་གསུངས། །བསྡུ་དང་སྤྲོ་བར་བྱ་བ་ལས། །རྣམ་པའི་མཆོག་ཀུན་ལྡན་པ་དག །སྐད་ཅིག་ཡེ་ཤེས་ཀྱིས་རྫོགས་པ། །རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ། །དང་པོའི་དམ་ཚིག་བྱིན་རླབས་པར། །རྣལ་འབྱོར་སྤྱོད་པ་དག་གིས་བཏགས། །རབ་ཏུ་རྫོགས་པར་བྱ་བ་དག །འདི་ནི་རྣལ་འབྱོར་ཆོ་གར་བཤད། །ཉོན་མོངས་དྲི་མར་བྱས་པའི་སེམས། །བྱང་ཆུབ་སེམས་ཀྱིས་དག་བྱ་སྟེ། །དེ་ནི་རང་བཞིན་དག་པའོ་ཞེས། །བརྗོད་ཅིང་ཐལ་མོ་གསུམ་གྱིས་སྦྱར། །དག་གྱུར་དེ་ནས་བློ་ཡིས་ནི། །སེམས་ལ་སོ་སོར་བརྟག་པར་བྱ། །སེམས་ལ་སོ་སོར་བརྟགས་ནས་སུ། །ཕྱི་རོལ་རང་བཞིན་སྟོང་བར་བྱ། །སེམས་ཙམ་གྱིས་ནི་གནས་ནས་སུ། །བྱང་ཆུབ་ཕྱོགས་ཀྱི་བག་ཆགས་དེས། །བསྒོམ་པར་བྱ་བའི་ངོ་བོ་དག །ཟླ་བའི་གཟུགས་སུ་རྣམ་པར་བརྟག །པ་ཡི་པདྨ་ལ་གནས་པ། །ཨོ་གྱི་མྱུ་གུ་བསྐྲུན་པ་ཡི། །ཡན་ལག་ཀུན་གྱི་མཚན་ཉིད་གཟུགས། །རྡོ་རྗེའི་སྐུ་ནི་བསྒོམ་པར་བྱ། །ཨུ་ཞེས་བྱ་བ་སྤྲོས་མེད་གསུང་། །སེམས་ནི་ཧུ༷་ཞེས་བྱ་བར་སྤྲུལ། །ཡི་གེ་གསུམ་གྱིས་བྱིན་རླབས་ལུས། །སྙིང་ལ་གནས་པའི་ཟླ་བའི་གཟུགས། །དེ་ལ་རང་གི་ཡི་གེ་ནི། །མདོག་གཟུགས་འོད་ནི་བྱེད་བསམས་ཏེ། །ང་རྒྱལ་བསྐྱེད་ནས་དེ་ལ་ནི། །རྡོ་རྗེ་བདག་ཉིད་བདག་ཡིན་བརྗོད། །རྒྱན་ཀུན་ཡོངས་སུ་རྫོགས་པ་དང་། །འོད་ཀྱི་དཀྱིལ་འཁོར་གྱིས་བརྒྱན་པ། །ཆ་ཤས་ཀྱི་ནི་དྲ་བ་ཅན། །ཡེ་ཤེས་སེམས་དཔའ་རྫོགས་པར་བརྟག །དེའི་འོག་ལག་པའི་ཕྱག་རྒྱ་ཡི། །གོ་ཆ་མཚོན་ཆ་ལ་སོགས་བྱ། །རྫོགས་སངས་རྒྱས་ལྔས་དབང་བསྐུར་ཏེ། །ཅོད་པན་འཕྲེང་བ་རྣམས་ཀྱིས་ཀླུབས། །དེ་ནས་དེ་འོག་སངས་རྒྱས་ཀྱི། །སྤྲུལ་པ་མཛད་པའི་སྒྱུ་མ་སྤྲོ། །ཡན་ལག་བཞི་པའི་དཔུང་ལྡན་པའི། །ཕྱོགས་བཅུར་ཁྲོ་བོ་བཅུ་དག་དང་། །བསྙེམས་མ་དང་ནི་ཏོག་ལྡན་མ། །མཚོན་ཆ་མ་དང་རྩེད་མོ་དང་། །སྒྱུ་མའི་ཆ་བྱད་རྣམས་མང་པོ། །རྣམ་པར་འཕྲུལ་བ་བྱིན་གྱིས་བརླབས། །ཀུན་ལ་ཁྱབ་པར་བྱེད་པ་ཡི། །སྣ་ཚོགས་དབུས་སུ་གཞག་ནས་ནི། །དེ་ཉིད་ཆེན་པོའི་བདག་ཉིད་ལྔས། །ཕྱོགས་བཞི་འཁོར་ལོས་ཁྱབ་བྱས་ཏེ། །དགའ་བར་དགའ་བྱེད་བཞི་ཡང་སྤྲོ། །ཏིང་འཛིན་ཀུན་གྱི་དགའ་བ་ལ། །ལོངས་སྦྱོད་པ་ཡི་སྔགས་པ་ཡིས། །འཁོར་ལོ་ལ་ནི་རྡོ་རྗེའི་གཟུགས། །པདྨའི་གཟུགས་ལས་དེ་དག་ནི། །འཁོར་ལོ་ཀུན་ལ་པདྨ་ཡི། །ངོ་བོ་ཡིས་ནི་རོལ་པ་དང་། །ཨེ་ཞེས་བྱ་བ་འཕྲོས་པ་ལས། །མདོག་ལྡན་བདག་གི་གཟུགས་སུ་བྱ། །མཛེས་པའི་རྒྱན་རྣམས་ཀུན་ལྡན་པ། །ཉིད་ཀྱི་གདན་ལ་བཞུགས་པ་ལྟ། །སྒེག་མོ་གླུ་དང་གར་རྣམས་དང་། །རྒྱལ་མཚན་ལ་སོགས་མཚོན་དགྱེ་དང་། །སིལ་སྙན་མཆོད་པའི་རྣམ་པ་ནི། །སྣ་ཚོགས་རྣམས་ཀྱིས་མཆོད་པ་བྱ། །རྣམ་པ་ཀུན་དང་ལྡན་པར་ནི། །བདག་ཉིད་ཀྱི་ནི་ལུས་བསྒོམས་ན། །མྱུར་ཅེས་པ་དང་བུལ་བ་དང་། །མི་གསལ་གུག་སྐྱེད་ཉམས་པ་དང་། །རྟོག་པ་ངན་པ་རྣམས་སྤངས་ནས། །དེ་ནས་གསང་བསྔགས་བཟླས་བརྗོད་བྱ། །བཟླས་པ་སྐྱོ་ན་ལག་གཡས་ཀྱིས། །བསྒྲིམས་ཏེ་རྡོ་རྗེ་གསོར་ནས་ཀྱང་། །གཡོན་པས་རྡོ་རྗེ་དྲིལ་གསིལ་ཞིང་། །རྡོ་རྗེའི་གླུ་ཚུལ་སྣ་ཚོགས་དང་། །བ་དན་ཚུལ་དུ་བྱས་པས་མཆོད། །བཟླས་པའི་མཇུག་ནི་བསྡུས་ནས་ཀྱང་། །གཤེགས་སུ་གསོལ་ཏེ་བདག་ཉིད་བསྲུང་། །ལུས་དང་ངག་དང་སེམས་བསྒོམས་ཏེ། །བརྟན་པོ་ཅི་བདེར་འགྲོ་བར་བྱ། །བར་ཆད་དུ་ཡང་གྱུར་ན་ཡང་། །ཡི་གེ་བརྒྱ་པས་བྱིན་གྱིས་བརླབ། །དེ་ལྟར་བསྒོམ་པས་སྒོམ་བྱེད་པ། །རྡོ་རྗེ་ཐེག་པས་རབ་རྫོགས་པའི། །བྱང་ཆུབ་སེམས་ནི་མྱུར་ཐོབ་ནས། །ཟླ་བའི་དཀྱིལ་འཁོར་ལྟ་བུར་སྣང་། །སྣ་ཚོགས་ལས་ཀྱི་ཐོག་འདྲེན་ཅིང་། །རིན་ཆེན་རྒྱལ་མཚན་རབ་དགའ་བྱེད། །རྒྱལ་ཆེན་པདྨའི་གདུང་རྒྱུད་ཅན། །གནས་ཆེན་འཇིག་རྟེན་དབང་ཕྱུག་འགྱུར། །དཔལ་ལྡན་རིག་སྔགས་ཀུན་གྱི་གཙོ། །དགའ་ཆེན་འདོད་དགུའི་ལྕགས་ཀྱུར་འགྱུར། །སྒྱུ་མ་བཤིག་པ་ཀུན་ཤེས་ཤིང་། །དྲེགས་པ་འཇོམས་བྱེད་ཁྲོ་བར་འགྱུར། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་གྱི་དྲ་བ་ལས། བྱང་ཆུབ་སེམས་བསྒོམ་པའི་ཡེ་ཤེས་བསྒྲུབ་པ་རིམ་པར་ཕྱེ་བ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའི་འཁོར་ལོ་རབ་ཏུ་བསྒྲུབ་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕྱི་ནང་གི་འཁོར་ལོ་ཐམས་ཅད་རབ་ཏུ་བསྒྲུབ་པའི་ལས་ཀྱི་སྦྱོར་བ་རབ་འབྱམས་འདི་བཀའ་སྩལ་ཏོ། །ལྷ་ནི་གང་ཡང་རུང་པ་ཞིག །འཁོར་ལོའི་དབུས་སུ་གཞག་ན་ནི། །དེ་ཡི་མིང་སྨོས་རྡོ་རྗེ་ཡི། །དཀྱིལ་འཁོར་ཡིན་ཞེས་སངས་རྒྱས་གསུང་། །ཞི་དང་རྒྱས་དང་དྲག་ཤུལ་དང་། །དབང་གིས་ལས་ལ་སྦྱོར་བ་ནི། །འཁོར་ལོའི་རྒྱལ་པོ་རྣམ་བསྒོམས་ནས། །བདག་པོ་ཉིད་ཀྱི་རབ་ཏུ་བྱ། །ཞི་བ་སྤྱན་དང་སྐུལ་བྱེད་མ། །རྒྱས་པ་རིན་ཆེན་གོས་དཀར་མས། །དབང་ལ་སྒྲོལ་མ་ལུ་གུ་རྒྱུད། །ཡམས་དང་གནོད་པ་གཞིག་པའི་ཕྱིར། །འོད་ཟེར་ཅན་དང་རི་ཁྲོད་མས། །དྲག་ཤུལ་སྤྱད་ན་མུ་མ་ཀི ཁྲོ་གཉེར་ཅན་མ་དག་གིས་བྱ། །འདི་དག་ཤེས་རབ་རལ་པ་སྟེ། །ཆགས་པ་རྡོ་རྗེས་རྗེས་ཆགས་པ། །གསང་སྔགས་དེ་ཉིད་ཀྱིས་བསྐུལ་ན། །གདོན་མི་ཟ་བར་འཕྲིན་ལས་མཛད། །སྤྱན་དང་ལྷ་མོ་བསྐུལ་བྱེད་མ། །དབང་པོ་ཞི་བ་ཟླ་འདྲ་བ། །ཕྱག་གཉིས་ན་ནི་བགྲང་འཕྲེང་དང་། །རིལ་བ་སྤྱིལ་བླུགས་ཀྱིས་བརྒྱན་པ། །དང་པོར་ཏིང་འཛིན་གྱིས་སྤྲུལ་ནས། །བུམ་པ་ཟླ་བའི་མདངས་ལྡན་པ། །བདུད་རྩི་འོ་མས་རབ་བཀང་སྟེ། །ལག་གཉིས་པདྨའི་གདུབ་མཆོག་གིས། །རྣམ་པར་སྣང་མཛད་ཞབས་དྲུང་དུ། །ནད་པ་ལ་ནི་ག་ས་པར་བསམ། །རིན་ཆེན་མ་དང་གོས་དཀར་ཅན། །སྐུ་ཆེ་ཁ་དོག་སེར་པོ་སྟེ། །ལྷ་མོ་སེར་པོར་སྣང་བ་ལ། །ཕྱག་ན་རིན་ཆེན་པདྨ་ཅན། །དང་པོ་ཏིང་འཛིན་གྱིས་སྤྲུལ་ནས། །ཡིད་འོང་རྒྱས་པར་འདོད་པ་ཡིས། །རིན་ཆེན་འབྱུང་བའི་ཞབས་དྲུང་དུ། །བདུད་རྩི་རབ་ཏུ་དགང་བ་དང་། །བླ་མེད་རིན་ཆེན་ཆར་ཕབ་ན། །རྒྱས་པ་མཚུངས་མེད་མཛད་པར་འགྱུར། །ལྷ་མོ་སྐུ་ཆེན་མདོག་དམར་བ། །སྒྲོལ་མ་དེ་བཞིན་ལུ་གུ་རྒྱུད། །ཀུན་ནས་འོད་དམར་འབར་བ་ཅན། །ལྷ་རྫས་ལྕགས་ཀྱུ་ཞགས་ཐོགས་པ། །རབ་ཏུ་བཞད་ཅིང་སྤྱན་ཕྱེ་ནས། །འོད་དཔག་མེད་པའི་ཞབས་དྲུང་དུ། །བསྒྲུབ་བྱ་རྒྱགས་པས་མྱོས་པ་དག །བཀུག་སྟེ་མདའ་ཡིས་བསྣུན་ནས་ནི། །སྐད་ཅིག་ཉིད་ལ་དབང་དུ་མཛད། །མི་ངས་གནོད་པ་གཞིག་པའི་ཕྱིར། །སྐུ་ཆེན་ནམ་མཁའི་ཁ་དོག་ཅན། །འོད་ཟེར་ཅན་དང་རི་ཁྲོད་མས། །རྡོ་རྗེ་དོན་ཡོད་ཞབས་དྲུང་དུ། །མཁས་པས་སྔར་བཤད་ཚུལ་དུ་ནི། །བདུད་རྩི་ཡིས་ཀྱང་རྣམ་པར་བཟློག །ལྷ་མོ་ཁྲོ་གཉེར་མུ་མ་ཀི །མ་རྒད་ལྟ་བུའི་མདོག་ཅན་ལ། །ཧུ༷་ཞེས་བྱ་བའི་སྒྲ་སྒྲོགས་པ། །རྡོ་རྗེ་སྡིགས་པར་བརྩོན་པ་ཡིས། །རྡོ་རྗེ་མི་ཞབྲུགས་ཞབས་དྲུང་དུ། །ཁྲོས་ནས་རྡོ་རྗེ་མེ་ཡི་ཆར འབེབས་པར་རྣམ་པར་བསམ་པར་བྱ། །རྡོ་རྗེ་རབ་ཏུ་འབར་བ་དེས། །བསྒྲུབ་བྱ་ཚིག་ནས་མྱོགས་ཞེས་བྱེད། །སྦྱོར་བ་འདི་ཡི་མོད་ལ་ནི། །དེ་ནི་འཆི་བར་འགྱུར་བའམ། །ཡང་ན་ལུས་ནི་འཇིག་པར་མཛད། །བྱིན་རླབས་དམ་ཚིག་དབང་བསྐུར་ལ། །རྡོ་རྗེ་སེམས་མ་རིན་ཆེན་འཆང་། །ཆོས་དང་རྡོ་རྗེ་ལས་མ་བཞི། །སྦྱོར་བ་རྣམས་ནི་རབ་ཏུ་སྦྱར། །སེམས་དཔའ་ཆེན་པོ་བཅུ་དྲུག་ཀྱང་། །བླ་མེད་འཁོར་ལོ་བྱེད་པ་སྟེ། །རང་གི་ཕྱོགས་གནས་ལས་བྱས་ནས། །འབྲས་བུ་དོན་ཡོད་སྤྱིན་པར་བྱེད། ཁྲོ་བོའི་ལུས་ལ་ལེགས་གནས་ཏེ། ཁྲོ་བོའི་རྒྱལ་པོ་སྦྱོར་བ་བྱ། །དམ་ཚིག་ལ་སོགསཆོགབཞིན། །དེརནིརྡོ་རྗེ་བསྒོམས་ནས་བསྐུལ། །རྐང་པའི་རྗེས་ཀྱི་ས་བླངས་ལ། །དུར་ཁྲོད་ཐལ་བ་དག་དང་བསྲེ། །དེ་ཡི་རབ་བླངས་མི་རུས་དང་། །ཆུ་འགྲམ་གཉིས་ཀྱི་ས་དག་ནི། །བཏགས་ནས་ལུང་བོང་གཅིན་གྱི་བཀྲུ། །དེ་ནས་དགྲ་བོའི་གཟུགས་བྱས་ལ། །དེ་ཚེ་གཟུགས་བརྙན་བཅིང་བར་བྱ། །དུག་དང་སྐེ་ཚེ་ལན་ཚྭ་དང་། །འབྲུ་མར་ཚ་བ་རབ་སྤྲོས་ཏེ། །དགྲ་བོའི་ཚེ་བ་བསྐྱེད་པའི་ཕྱིར། །དེ་ཡིས་ལུས་ནང་རབ་ཏུ་དགང་། །དེ་ནས་རྣམ་ཤེས་རླུད་འདྲ་བའི། །ལྕགས་ཀྱུ་ཡིས་ནི་བཀུག་ནས་ཀྱང་། །སྤྲིན་བུ་མེ་ཁྱེར་འདྲ་བཅུག་སྟེ། །ཞགས་པ་ཡིས་ནི་དམ་དུ་བཅིང་། །དེ་ནི་རྡོ་རྗེའི་སྒྲོག་ཏུ་གཞུག །བསྒྲིམས་ནས་དེ་ཡི་མིང་སྨོས་ཏེ། །དགྲ་བོའི་ལུས་ནི་མ་ལུས་པར། །མ་ད་པ་ཡི་ཚེར་མས་དབུག །མི་རུས་ལས་བྱས་ཕུར་བུའམ། །ཡང་ན་སེང་ལྡེང་ལས་བྱུང་བས། །དཔྲལ་བ་སྙིང་མགྲིན་དཔུང་མགོ་གཉིས། །གནས་ལྔ་དག་ཏུ་བསྒྲིམས་ཏེ་གདབ། །ནིམ་པའི་ཤིང་ལ་སྤར་བ་ཡིས། །མེ་འབར་བ་ལ་བསྐམ་པར་བྱ། །མཁས་པས་རྐང་པ་ནས་བརྩམས་ཏེ། །མཚོན་ཆ་རྣོན་པོས་གཏུབས་ནས་ནི། །འབར་བའི་ལུས་ཅན་ཁྲོས་པ་ཡིས། །དེ་ཡི་དུམ་བུ་སྤྱིན་སྲེག་བྱ། །ལས་འདི་ལ་ཡང་ནི་ལྷག་པར་ཡང་། །རུ་སྦལ་གྱི་ནི་རྐང་སྟབས་སྦྱར། །ཉི་མ་གུང་ངམ་ནམ་ཕྱེད་ན། །ལས་འདི་ཉིད་ནི་བསྒྲུབ་པར་བྱ། །ལས་འདི་བྱས་ན་ངེས་པར་ནི། །གང་ཞིག་རྒྱལ་བས་བསྲུངས་ནའང་དེས། །ངེས་པར་འཆི་ན་ཁྱབ་འཇུག་དང་། །ལྷ་ཆེན་ཚངས་པས་ཅི་ཞིག་སྨོས། །ཕྱི་རོལ་གྱི་དྲག་ཤུལ་སྤྱད་པའི་ཆོ་གའོ།། །།གསོད་པའི་ཡེ་ཤེས་ལས་སྤྲུལ་པ། །ནང་གི་ཡང་ན་བཤད་པར་བྱ། །བསྒྲུབ་བྱ་ཡིད་ཀྱིས་བསྲུངས་ནས་སུ། །རློ་ག་བཞིན་དུ་དགུག་པར་བྱ། །ལག་ན་མཚོན་ཆ་རལ་གྲི་དང་། །བེ་ཅོན་རྡོ་རྗེ་གཏུན་ཤིང་ཞགས། །ལག་ན་འཁོར་ལོ་མདའ་གཞུ་ཅན། །ཁྲོ་བོ་སྣ་ཚོགས་བསམས་ནས་དེས། །བསྒྲུབ་བྱ་ཞགས་པས་བཅིངས་ནས་སུ། །རྡོ་རྗེ་ཡི་ནི་ཁྲོ་བོ་ཡིས། །ལྷོ་ཡི་ཕྱོགས་སུ་ཁྲིད་པ་དང་། །རྡོ་རྗེ་གཞན་གྱིས་རྡོག་བཞིན་དུ། །དེ་ཡི་རལ་གྲིས་ག་ས་པ་དང་། །རྒྱུ་མ་ལང་ལོང་ནར་བར་བསམ། །ཨོ་ཧུ༷་བཛྲ་རཀྟ་སྣཧྭ། བག་ཀྟ་ཡ་ཐ་ཕཊ། རྡོ་རྗེ་སྲིན་པོར་བསྒོམས་ནས་ཀྱང་། །བྱ་རོག་ཝ་དང་བྱ་རྒོད་ཀྱིས། །ཀུན་ནས་ཡོངས་སུ་བསྐོར་ནས་སུ། །དེ་དག་བཟའ་རྟོག་བྱེད་པར་ནི། །བསྒོམ་ཞིང་མིང་ནས་བསྐུལ་བར་བྱ། །རླུང་གི་དཀྱིལ་འཁོར་ལ་གནས་པ། །རྡོ་རྗེའི་རྔ་མོ་རྣམ་བསམས་ཏེ། །བསྒྲུབ་པར་བྱ་བ་ཡོངས་བརྟགས་པས། །དེ་ཡི་རྒྱབ་ཏུ་ཞོན་ནས་སུ། །རྡོ་རྗེ་ཁྲོ་བོས་གཟིར་ནས་སུ། །ལྷོ་ཕྱོགས་སུ་ནི་བཀྲི་བར་བྱ། །དེ་ཡི་རྐང་རྗེས་ས་དང་ནི། །རླུད་གིས་གཙུབས་པའི་ཤིང་ལོ་ལ། །དེ་ཡི་མིང་ནས་བརྗོད་བྱས་ཏེ། །རྡོ་རྗེ་སྣ་ཡོན་རྐང་དྲུང་ས། །དེ་ལྟ་བུར་ནི་སྦྱོར་བའི་ལས། །བསྒོམ་ཞིངཆོགབཞིནབྱསནས། །བརྒྱ་བྱིན་ཉིད་ཀྱང་བསྐྲད་འགྱུར་ན། །ས་སྟེངས་སྐྱེ་བོ་སྨོས་ཅི་དགོས། །དེའི་མིང་གསང་སྔགས་དང་སྤེལ་ཏེ། །འུག་པའི་སྒྲོ་ལ་བྲིས་ནས་ནི། །དགེ་སྦྱོང་བྲམ་ཟེའི་སྐྲས་དཀྲིས་ཏེ། །ས་ཡི་འོག་ཏུ་བརྐོས་ནས་གཞུག །རྡོ་རྗེ་ཁྲོ་བོ་གཉིས་ཀྱིས་ནི། །ཐལ་མོ་འགྱེད་པར་བསམ་པར་བྱ། །དེ་ལྟར་བསམ་པའི་སྦྱོར་བ་ཡིས། །འདོད་པ་བཞིན་དུ་བྱེད་པར་འགྱུར། །ཧུ༷་ཞེས་བྱ་བའི་གང་བ་ཡི། །རྡོ་རྗེ་ཕྲ་མོ་བསྒོམ་བྱས་ནས། །སྣ་ཡི་རྩེ་མོ་ནས་བཏོན་ཏེ། །བསྒྲུབ་བྱའི་ལུས་ནི་དགང་བར་བྱ༷། །ལུས་ཀྱི་ཚིགས་ནི་ཐམས་ཅད་དུ། །སྣ་ཚོགས་རྡོ་རྗེས་བཅིངས་ནས་སུ། །རྡོ་རྗེ་འབར་བ་འཕྲོས་གྱུར་པ། །དེ་ནི་ལུས་ཀྱང་བསྐམ་པར་བྱ། །རྡོ་རྗེ་མཁའ་འགྲོ་མ་བསྒོམས་ཏེ། །ཀུན་ནས་ཀྱང་ནི་གཞིབ་པར་བྱ། །ཨོ་བཛྲ་ཌའ་ཀི་ནི་ཨ་མུ་ཀས་པྱེ། རག་ཏེ་མ་ཤ་ཀར་ཤ །ཙུ་ཤ་ཡ་ཧུ༷་ཕཊ། སྦྱོར་བའི་རིམ་པ་འདི་ཡིས་ནི། །བསྐམས་འགྱུར་འདི་ལ་ཐེ་ཚོམ་མེད། །མཁས་པས་རླུད་གི་ཕྱོགས་སོང་སྟེ། །དཀྱིལ་འཁོར་གྲུ་བཞིར་བྱས་ནས་ནི། །སྤོས་ཀྱི་ཐིག་ལེ་བདུན་བྱས་ཏེ། །དེ་དག་ཁམ་པའི་ཕོར་པས་གདབ། །དེ་ནི་རི་རབ་ཐམས་ཅད་བསམ། །རྩེ་མོ་བརྒྱད་པར་སྤྲུལ་བྱས་ཏེ། །རྡོ་རྗེ་འཕྲོ་བས་བརྒྱན་པ་ཡི། །དེ་དག་རྣམས་ནི་གནས་པར་བྱ། །ཡ༷་ཞེས་བྱ་བའི་སྐྱེད་པའི་རླུང་བདུན་རྣམས། །ལ་ཞེས་བྱ་བ་མཚན་མའི་དབང་ཆེན་གྱི། །ནང་དུ་རླུད་རྣམས་ངེས་པར་ཆུད་པར་བྱ།།དེ་ཡི་སྦྱོར་བས་འཇིགས་པའི་རླུད་རྣམས་བཅིངས། །པདྨ་འདབ་བརྒྱད་བསྒོམ་ལ། །དེའི་འདབ་མ་ལ། །ཀླུ་བརྒྱད་བཀོད་དབུས་མའི་ཚོགས་འབར་བ་ཅན། །རྡོ་རྗེ་ཁྲོ་བོའི་སྐུ་ཡི་ཞབས་མཐིལ་གྱིས། །ཀླུ་རྣམས་མནན་ན་ཆར་སྤྲིན་ཆར་པ་འབེབས། །ཧཱུཾ་ཞེས་བྱ་བ་གཉིས་དབུས་ཀླུ་རྣམས་ཀྱིས། །སྙིང་པོ་ཡོངས་བཅུག་སྤེལ་མས་གཟིར་ནས་སུ། །ཧུ༷་ཞེས་བྱ་བས་བཟླས་བརྗོད་བྱས་ནས་ནི། །འཇིག་དུས་ཆར་པ་ལྟ་བུའི་ཆར་པ་བབས། །ཉི་མའི་མདོག་ལྟར་དམར་པོའི་འོད་བཟང་ཞལ། །ནམ་མཁའ་ཁྱབ་པར་རྣམ་པར་གདངས་ནས་ནི། །ཀུན་ནས་ཆར་ཆུས་ཡོངས་སུ་གང་བའི་སྤྲིན། །ཧྭ༷་ཞེས་བྱ་བའི་འབར་བའི་ལྕེ་ཡིས་བལྡག །དབུགས་རྔུབས་པ་ཡིས་བཀུག་ནས་འབྱུང་བ་ཡིས། །ཤིང་བལ་བཞིན་དུ་རབ་ཏུ་གཏོར་བར་བྱ། །ཡང་ན་རང་གི་ཕྱག་རྒྱའི་ཚོགས་འབར་པ། །བཏགས་པས་སྐད་ཅིག་ལ་ནི་གཅད་གཏུབས་ཏེ། །ཧུ༷་ཞེས་བྱ་བས་བསྡིག་པ་བྱས་ན་ནི། །ནམ་མཁའི་དཀྱིལ་འཁོར་དག་ཀྱང་སྟོན་ཀའི་དུས་ལྟར་སྣང་། །མེ་ཡི་དཀྱིལ་འཁོར་ལ་གནས་སྣང་མཛད་ཀྱི། །ཞལ་དྲུག་འཕྲ་དབྱེས་ནས་བྱུང་མི་གཡོ་བྲན་། །བདུད་ལས་རྣམ་རྒྱལ་ཕྱག་དྲུག་མདའ་གཞུ་དང་། །རལ་གྲི་ཞགས་བསྣམས་རྡོ་རྗེ་ཆར་འབེབས་པ། ཁྲོ་བོ་གྲངས་མེད་པ་ཡིས་ཡོངས་བསྐོར་ནས། །བགེགས་རྣམས་སྐྲག་མཛད་ཧུ༷་གི་སྒྲས་བཀང་ནས། །འཇིག་རྟེན་གསུམ་པོ་གང་བའང་རྣམ་པར་འཇིག །རྐང་རྗེས་ས་དང་ཁྱི་ཡི་ཁྲག་དག་ལས། །མི་ཡི་གཟུགས་བྱས་མི་རུས་ཕུར་བུ་ལ། །འོད་ཟེར་ཅན་གྱི་གསང་སྔགས་བསྒྲགས་པ་ཡིས། །ལན་གྲངས་ཉི་ཤུར་མངོན་བསྔགས་མིག་ཏུ་གདབ། །ཚོགས་ཀྱི་བདག་པོའི་ཁར་ནི་མི་བཅུག་ནས། །ཕྱི་སྤྱིན་རྡོ་རྗེ་གཏུན་ཤིང་དག་གིས་བསྲུང་། །ཨོ་སུམ་བྷ་བཛྲ་མུ་ས་ལེན། ཙུ་ར་ན་ཡ། ན་ར་བྱིག་ག་ན་ཧུ༷་ཕཊ། ལས་འདི་བསམས་པའི་མོད་ལ་ནི། །མི་ཡི་བགེགས་ཀྱང་བཟློག་པར་འགྱུར། །སྟང་ཟིལ་ཁ་དོག་ལྟ་བུའི་ནམ་མཁའ་ལྡིང་། །ལུས་ལ་སྦྲུལ་སྟོང་དག་གིས་བརྒྱན་བྱས་པ། །མཁའ་ལ་འདུག་ནས་གདེངས་ཀ་སྟོང་ལྡན་པའི། །ཀླུ་བརྒྱད་དག་དང་ཆར་སྤྲིན་དག་ལ་བསྒོ། །བརྒྱ་བྱིན་བཀའ་ནི་དེ་དག་གིས་ཐོས་ནས། །སྤྲིན་ཚོགས་བུམ་པའི་ཆར་གྱིས་མེ་ཡང་གསོད། །ནམ་མཁའ་ལྡིང་གི་འདབ་མས་བཀབ་ནས་ནི། །མཆུས་བརྐོས་ཆུ་ཀླུང་གིས་ནི་མཚམས་ཀྱང་གཅད། །ཨོ་བཛྲ་ན་ར་ཡ་ན། ནིར་བྷ་པ་ཡུ། བཱན་དྷི་ན་བཱམ་བུ་མེ་གེ་ཧུ༷། ཞལ་རས་གསུམ་པ་སྟོན་ཀའི་ཟླ་བའི་མདོག །ཕྱག་བཞི་འོད་དམར་སྣ་ཚོགས་འབར་བའི་འོད། །ལྷ་མོ་བཞི་པ་བསྙེམས་མ་བྱམས་མ་དང་། །ཆུ་སྤྱིན་རྒྱལ་མཚན་མེ་ཏོག་རོལ་པས་བསྐོར། །གཡས་པའི་ཕྱག་གིས་རྡོ་རྗེ་ལེགས་གསོར་ཅིང་། །གཡོན་པས་རྡོ་རྗེ་དྲིལ་བུ་རྐེད་པར་བཞག །ལྡེམ་བག་འཇོ་སྒེག་ཚུལ་གྱི་རོལ་པ་སྟེ། །སེམས་པ་འབྱུང་བའི་སྤྲིན་དང་རྣམ་པར་འབྲེལ། །རྣམ་པ་ཀུན་གྱིས་རྣམ་བརྒྱན་ཅིང་། །རིན་ཆེན་ཅོད་པན་དབང་བསྐུར་བས། །ནམ་མཁའ་ལས་ནི་དབབ་པ་ཡི། །ཐོག་ཐོག་རྣམ་པར་བཟློག་པར་བྱ། །ཨོ་མ་ཧྭ་སུ་ཀ་བཛྲ་ཆེ་གེ་མོ་ཛ་ཞེས་བྱ་བ་དང་། ཧུ༷་ཞེས་བྱས་ནས། སུ་ར་ཏ་བན་དྷ་ཧུ༷་ཕཊ། སྦྱོར་བ་འདི་ནི་བྱེད་པ་ཡིས། །བླ་མེད་བྱང་ཆུབ་རྒྱས་པར་འགྱུར། །དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོས། མི་འཁྲུགས་རིན་ཆེན་འོད་དཔག་མེད། །དོན་ཡོད་གསང་སྔགས་རྒྱལ་རྣམས་དང་། །བཟང་པོ་རྣམ་པ་བཅུ་དྲུག་པོ། །ཀུན་ནས་དྲག་པོའི་ཏིང་འཛིན་ལས། །གནས་པ་ཡི་ནི་ཁྲོ་བོ་དང་། །གསང་སྔགས་རྫོགས་མཛད་རིགས་རྒྱལ་མ། །རྣམ་པ་ཀུན་དང་ལྡན་པ་དག །རིམས་བྲལ་རང་གི་ཏིང་འཛིན་གནས། །ཐམས་ཅད་ལྡན་པའི་འཁོར་རྣམས་ལ། །གཟིགས་པ་ཆེན་པོས་རྣམ་གཟིགས་ནས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སྨིན་མ་མཛེས་པར་བསྐོར་ནས་སུ། །ཡན་ལག་འཕྲོག་བའི་འཛུམ་མཛད་ནས། །ཐུགས་ཀྱི་སེམས་ནི་དགའ་བར་མཛད། །དགའ་བར་མཛད་པའི་མོང་ལ་ནི། །སངས་རྒྱས་མཆོག་ཀུན་གྱིས་མཆོད་པ། །ཤེས་རབ་ཆེན་པོའི་ཐོག་འདྲེན་པས། །བསྒྲིམས་ཏེ་རྡོ་རྗེ་གསོར་ནས་དེས། །བདེ་ཆེན་ཏིང་འཛིན་ལ་གནས་ཏེ། །ལྡེམ་བག་འཇོ་ཚུལ་གྱིས་བལྟས་ནས། །ལག་གཉིས་པདྨའི་ཚུལ་བསྒྱུར་ཏེ། །སྤྱི་བོར་ཐལ་མོ་སྦྱར་བྱས་ནས། །ཡེ་ཤེས་ལམ་ནི་རབ་སྟོན་པ། །རྒྱལ་ཆེན་རྣམ་པར་སྣང་མཛད་ལ། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །ཡིད་རྒྱས་པ་ཡིས་ཚིག་གསོལ་པ། །ཅི་སླད་རྣམ་པ་ཐམས་ཅད་དུ། །ཟུར་གྱིས་རྣམ་པར་གཟིགས་པ་་་། །དང་། །སྨིན་མ་བསྐྱོད་བཅས་འཛུམ་མཛད་པ། །ཡེ་ཤེས་རྣམ་པར་བསྤྱིངས་པ་གསུངས། །བྱང་ཆུབ་ཆེན་པོའི་རྡོ་རྗེ་ཅན། །ལག་ན་རྡོ་རྗེས་གསོལ་མོད་ལ། །བརྟན་ཞིང་ཟབ་མོའི་གསུང་གི་ནི། །སངས་ས་རྣམས་ཀྱི་རོལ་པ་མཛད། །བསྒོམ་པའི་ལམ་ལས་ལེགས་བྱུང་བ། །རྡོ་རྗེ་ཡེ་ཤེས་རྣམས་ཀྱིས་ཐབས། །བདེ་བས་བྱང་ཆུབ་ཐོབ་འགྱུར་བ། །སངས་རྒྱས་ཀུན་དང་སངས་རྒྱས་ཀྱི། །རྗེས་སུ་འབྲང་བའི་འཁོར་ཉོན་ག །གང་ལ་དངོས་རྣམས་དངོས་མེད་ཅིང་། །མཐའ་གཉིས་ཀྱིས་ནི་མཚན་མ་མེད། །དབུས་ལའང་སྤྱོད་པ་མེད་པ་དག །དུས་གསུམ་འདས་པ་ནམ་མཁའ་འདྲ། །ཐབས་དང་ཤེས་རབ་རྣམ་སྤངས་པ། །དེ་ལ་བྱང་བ་ཇི་ལྟར་རྟོགས། །རྟོག་པར་འདོད་པ་དེ་དག་གི །ཐབས་རྣམས་ང་ཡིས་བཤད་པར་བྱ། །ཕུང་པོ་དངོས་པོ་དངོས་མེད་པའི། །བྱང་ཆུབ་སེམས་ནི་གྲོགས་གྱུར་པའི། །སྤྲུལ་པ་དང་ནི་བསྡུ་བ་ཡིས། །སྐུ་གསུང་ཆོག་གིས་མཆོད་པར་བྱ། །སེམས་ཀྱི་སྐུ་ནི་འཐོབ་འགྱུར་ཞིང་། །སེམས་ཀྱིས་ཆོས་རྣམས་བསྟན་པ་ཡིན། །སེམས་ཀྱི་བྱང་ཆུབ་འཐོབ་འགྱུར་བས། །དེ་བཞིན་ཡིད་ཀྱི་རྣམ་པ་བསྒོམ། །སེམས་ནི་སྒྱུ་མའི་རྣམ་པ་། །བྱང་ཆུབ་ཀྱང་ནི་སྒྱུ་མ་འདྲ། །དཔེར་ན་སྒྱུ་མའི་མཁན་པོ་ལ། །གྱོ་མོ་ལ་ནི་སྔགས་བཟླས་ཏེ། །ལེགས་པར་བྱས་པའི་གཟུགས་དག་ལས། །སྦྱོར་བསྒོམས་པས་ནི་བསྣུན་ན་ནི། །རྐང་བཞི་པ་ལ་སོགས་པའི་གཟུགས། །ཞེས་པའི་སེམས་ལ་སྣང་བར་འགྱུར། །དེ་བཞིན་བསོད་ནམས་ཡེ་ཤེས་ལས། །བྱུང་བའི་ཚོགས་ཀྱིས་བསྒོམ་པའི་སེམས། །སེམས་ཅན་རྣམས་ཀྱི་བསམ་པ་ལ། །བླ་མེད་བྱང་ཆུབ་སྣང་བར་བྱེད། །དངོས་པོའི་དོན་དམ་མི་ཤེས་པ། །ཕྱི་རོལ་དངོས་ལ་མངོན་ཞེན་པས། །ངན་པར་རྟོག་པའི་རྣམ་རྟོག་གིས། །རིན་ཆེན་སེམས་ནི་དྲི་མར་བྱས། །འབྱུང་བ་ཆེན་པོ་བཞི་རྣམས་དང་། །དངོས་པོ་ཐམས་ཅད་ལྡན་ཞེས་གསུངས། །དེ་ལ་གཙང་དང་མི་གཙང་སོགས། །མི་ཤེས་པ་ཡིས་ཡོངས་སུ་བརྟགས། །བདག་ཏུ་འཛིན་ལ་མངོན་ཞེན་པས། །དོན་དམ་ཕྱི་རོལ་བྱས་པ་ཡིས། །ཐེག་པ་སྨན་པ་པ་རྣམས་ཀྱིས། །བླ་མེད་བྱང་ཆུབ་ཇི་ལྟར་འཐོབ། །བྱང་ཆུབ་རྣམ་པ་གཉིས་གསུངས་ཏེ། །ལྷག་མ་དང་བཅས་ལྷག་མ་མེད། །ལྷག་བཅས་ཕུང་པོའི་ངོ་བོ་སྟེ། །ཉོན་མོངས་པ་རྣམས་ཡོངས་སུ་བསྲེགས། །ལྷག་མེད་བག་ཆགས་མེད་པ་སྟེ། །མཁའ་ལྟར་དྲི་མ་མེད་པ་ཡིན། །བླ་མེད་བྱང་ཆུབ་འདི་ལྟ་བུར། །སངས་རྒྱས་ཀྱིས་ནི་རྣམ་པར་བཤད། །དེ་ཡི་བྱང་ཆུབ་སེལ་བའི་ཕྱིར། །ལས་ཀྱི་ཚུལ་ནི་སྣ་ཚོགས་ཡིན། །རྣལ་འབྱོར་ཅན་གྱི་གསང་སྔགས་གདང་། །ཡེ་ཤེས་སེམས་དཔའ་ཞབས་དྲུང་དུ། །རྟག་ཏུ་མཉེས་བྱས་མ་གྲུབ་པའི། །ལྷག་མ་ང་ཡིས་བཤད་བྱས་ཏེ། །དེ་ནི་བདེ་རླག་ཐབས་ཀྱིས་སུ། །ཚར་གཅད་ནས་ནི་བསྒྲུབ་པ་བཤད། །རྡོ་རྗེའི་ལྕགས་ཀྱུ་རྒྱལ་པོ་ཆེ། །རྡོ་རྗེ་ཞགས་པ་རབ་གདུང་བྱེད། །རྡོ་རྗེ་ཁུ་ཚུར་གཟི་བརྗིད་ཆེ། །རྡོ་རྗེ་ཕུར་བུ་རྣམ་འདྲིལ་བྱེད། །རྡོ་རྗེ་ཐོ་བ་བརྡུང་བ་སྟེ། །རྡོ་རྗེ་ནག་པོ་ཆེར་འབར་བ། །ལྷ་རྣམས་ཀུན་ལ་འཇིགས་པ་བསྐྱེད། །ཕྱག་རྒྱ་རྣམ་པ་སྣ་ཚོགས་འདི། །བསྒོམས་ནས་ལས་ལ་སྦྱར་བ་ནི། །དམ་ཚིག་རྒྱལ་བས་བསྟན་པའི་ཕྱིར། །མཚུངས་པ་མེད་པའི་ལས་བྱེད་དོ། །གསང་སྔགས་རིག་པ་ཧུ༷་ཞེས་པའི། །ལྕགས་ཀྱུ་བཏབ་ནས་ཞབས་དྲུང་དགུག །འདིས་ནི་གལ་ཏེ་སངས་རྒྱས་སམ། །རྡོ་རྗེ་འཆང་བའང་སྙིང་ལས་འགུགས། །དམ་ཚིག་འདིས་ནི་ཁུག་པ་དང་། །རྡོ་རྗེ་བཅིང་བས་བཅིང་བར་བྱ། །རྡོ་རྗེ་ཁུ་ཚུར་གྱིས་གཟུང་ན། །རྡོ་རྗེ་ནག་མོས་ཀུན་ཏུ་བསྡིགས། །རྡོ་རྗེ་ཡི་ནི་ཕུར་བུ་ཡིས། །གཟུགས་བརྙན་གྱི་ནི་གནས་ལྔ་པོ། །དཔྲལ་བ་མགྲིན་པ་སྙིང་ཁ་དང་། །དེ་བཞིན་དཔུང་པ་གཉིས་སུ་བཏབ། །རྡོ་རྗེ་ཐོ་བས་བརྡུང་བར་བྱ། །ཆོ་གའི་སྦྱོར་བ་འདི་ཡིས་ནི། །སངས་རྒྱས་ཉིད་ཀྱང་ངེས་པར་མནན། །བསྡིག་ལ་སོགས་པའི་སྦྱོར་བ་ཡིས། །གཟུགས་བརྙན་མི་གཡོར་གྱུར་བ་དང་། །སངས་རྒྱས་བྱང་ཆུབ་རབ་རྫོགས་པའི། །དངོས་གྲུབ་དེ་ཚེ་སྤྱིན་པར་མཛད། །འདི་ནི་མཐུ་ཡི་བསྒྲུབ་པ་ཡིས། །སྦྱོར་བ་གཅིག་ཏུ་གསང་ཆེན་ཡིན། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་གིས་གསང་བའི་བསྒྲུབ་པ་ཐོས་ནས། མགྲིན་གཅིག་ཏུ་ཐམས་ཅད་ཀྱིས་ལེགས་སོ་ལེགས་སོ་ཞེས་གསོལ་ཏོ། །གཙོ་བོ་རྡོ་རྗེ་རྣམ་སྣང་མཛད། །དཔའ་བོ་ཆེན་པོ་ལེགས་སོ་ཞེས། །ཟབ་མོ་ཆོས་ཀྱི་མཆོག་གྱུར་པ། །དམ་པ་བཤད་པར་མཛད་པ་ལེགས། །སེམས་ཅན་ཕན་ཕྱིར་ཐུགས་བརྩེ་བའི། །ལྕགས་ཀྱུ་ཀུན་ནས་འབར་བ་ལེགས། །བདག་མེད་ཆོས་རྣམས་བསྒྲུབ་པ་ཡི། །ཡེ་ཤེས་སྙིང་ཁུ་འབར་བ་ལེགས། །གསང་ཆེན་ཐམས་ཅད་བརྟན་པ་ཡི། །རྡོ་རྗེ་ཐེག་པ་དགེ་བར་གསུང་། །ཐེག་པའི་ཚུལ་འདི་ལ་གནས་ན། །བླ་མེད་བྱང་ཆུབ་བདེ་བར་འཐོབ ཨོ་བཛྲ་ཨུ་འགུ་ཤ །ཨ་ཀར་ཤ་ཡ་ཧཱུཾ། ཨོ་བཛྲ་བཱ་ཤ་བན་དྷ་ཧཱུཾ། ཨོ་བཛྲ་ཀ་ལ་ཏར་ཚ་ཡ་ཧུ༷། ཨོ་བཛྲ་མུ་ཏི་གྲི་ན་ཧུ༷། ཨོ་བཛྲ་ཀི་ལི་ཀི་ལ་ཧུ༷། ཨོ་བཛྲ་མུད་ག་རོ་ཨ་ཀྲོ་ཊ་ཡ་ཧུ༷། ཡེ་ཤེས་ཀྱི་སྙིང་གུས་སྙིང་པོ་ཅན་དུ་གྱུར་པའི་གསང་སྔགས་དག་པའི་མཆོག་ཏུ་གྱུར་པ། དོན་ཡོད་པའི་ལས་གྲུབ་པ་འདི་དག་སུ་ལ་ཡང་བསྟན་པར་མི་བྱའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་གྱི་དྲ་བ་ལས། སྦྱོར་བའི་ཐབས་ཀྱིས་བསྒྲུབ་པ་རིམ་པར་ཕྱེ་བ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོ། སྦྱོར་བའི་ལས་ཐམས་ཅད་ཀྱི་རྗེས་སུ་འབྲང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།འབབ་པ་ལ་སོགས་པའི་ལས་བྱ་བ་འདི་བཤད་དོ། །ཨོ་ཞེས་བྱ་བ་མགོར་གཞག་སྟེ། །ཨུ༷༷ནི་བཞིན་གྱི་སར་མ་ལས། །ཧུ༷་ནི་བསྐུལ་ནས་སྙིང་ཁར་བཞག །ཡ་ཡི་རླུད་གི་དཀྱིལ་འཁོར་ལ། །གཞག་ནས་བསྒྲིམས་ཏེ་བཏེག་བྱས་ན། །འགྲོ་བ་དང་ནི་གནས་པ་ཡི། །འགྲོ་བ་ཐམས་ཅད་འབབ་པར་འགྱུར། །དབབ་སྣོད་སྐུལ་བྱེད་གཟུགས་དེ་ཡི། །གཟུགས་ཀྱི་ངོ་བོར་བསམས་ནས་སུ། །རྡོ་རྗེ་འཆང་བའི་ང་རྒྱལ་གྱིས། །གསང་སྔགས་སྙེམས་དང་བཅས་བར་བརླག །བརྗོད་པར་བྱ་བ་ཐོགས་པ་མེད་པའི་འཕྲེང་བ་ནི། ན་མ་ས་མན་ཏ་ན་ན། ས༷་མྱག་ས༷་བུད་དྷ་ཡ་ཀྲོ་ཞི་ནན་ཏད་ཡ་ཐ། ཨོ༷་ཙ་ལེ་ཙུ་ལེ་ཙུན་དེ་སྭཧྭ། བརྩོན་འགྲུས་ཆེན་མོ་ཐོགས་པ་མེད་པར་འདུལ་བ། སྟོབས་ཆེན་ཕ་རོལ་གནོན་པ་ཆེ། ཕྱག་ན་རལ་གྲི་དང་། དགྲ་སྟ་དང་། ཞགས་པ་བསྣམས་པ། ཁྲོ་བོ་ཆེན་མོ་ཁྲོ་མོའི་དབང་ཕྱུག་དྲག་པོའི་གཟུགས་ཅན་མ། ཞལ་རས་མཐའ་ཡས་མ། ཕྱག་སྟོང་མངའ་མ མ་འཕམ་མ། གཞན་གྱིས་མི་ཐུབ་མ། དོན་ཡོད་པ་འདུལ་བར་དཀའ་བ། མིག་སྟོང་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། ལྷ་ཐམས་ཅད་ཀྱིས་ཕྱག་བྱས་ཤིང་མཆོད་པ། རབ་ཏུ་བསྒྲུབ་མ་རྡོ་རྗེའི་སྣ་མོ་ཅན། རྡོ་རྗེས་འདྲེན་པ། རྡོ་རྗེའི་མཚོན་ཆ་ཅན། རྡོ་རྗེའི་སྐུ་ཅན་མ། རྡོ་རྗེའི་སྤྱན་གདངས་པའི་སྟང་ཐབས་ཅན། དྲག་ཤུལ་ཅན་མ་ལགས་ཀྱང་། དྲག་ཤུལ་ཅན་གྱི་གཟུགས་སུ་བསྒྱུར་བ། སྐུ་རྡོ་རྗེ་དང་བིཌརླས་བརྒྱན་པ། ཨོ་བྷ་ག་བྷ་སྟེ་ཙུན་དེ། དུ་ཏྲི་ཏྲི་ཏྲི། མྲི་མྲི་རུ་རུ་སྲུ་སྲུ་རུ་སྲ གྲོ་ན་གྲོ་ན། ཨ་བེ་ཤ་ཡ། ཨ་བེ་ཤ་ཡ། གྲི་རྙ་པ་ཡ་གྲི་རྙ་པ་ཡ། ཧ་ར་ཧ་ར། མ་ར་མ་ར། བཱ་ར་ཡ་མུ་ར་ཡ། ཧ་ར་ཧ་ར། བྷན་ཛ་བྷན་ཛ། མ་ར་མ་ར། མྱ་ར་ཡ་མྱ་ར་ཡ། པ་ཙ་པ་ཙ། ད་ཧ་ད་ཧ། གྲི་རྙར་གྲི་རྙར། སྡང་བའི་གདོན་དང་། རིམས་ཞག་གཅིག་པ་དང་། ཞག་གཉིས་པ་དང་། ཞག་གསུམ་པ་དང་། ཞག་བཞི་པ་དང་། རྟག་པའི་རིམས་དང་། ཡུད་ཙམ་པ་དང་། འབྱུང་པོ་དང་། རོ་ལངས་དང་། གནོད་སྤྱིན་དང་། སྲིན་པོ་དང་། གྲུལ་བུམ་གྱི་གདོན་མངལ་ནས་སྐྱེས་པ་དང་། ལས་ལས་སྐྱེས་པ་དང་། འགྲོ་བ་དང་།གནས་པ་འདི་དག་དང་། སྡང་བ་གང་དག་བདག་ལ་འཚེ་བ་དེ་དག་ཐམས་ཅད། ས་དྷ་ཡ་ས་དྷ་ཡ། མར་དྷ་ཡ་མར་དྷ་ཡ། ་།་ཥཡ་༑་ཥ་ཡ། པ་ཏ་ཡ་པ་ཏ་ཡ། ཨུད་ས་དྷ་ཡ་ཨུད་ས་དྷ་ཡ། ཧ་ན་ཧ་ན། བཛེ་ན་ས་ར་ས་ར། དམ་རྐེ་ཎ་མ་ར་མ་ར་ཁད་༷གེ་ཎ། ཧུ༷་ཧུ༷་ཧུ༷། ཙུང་ཙུང་ཏྲིང་ཏྲིང་ཏྲིང་། ཨོ་ཙ་ལེ་ཙུ་ལེ་ཙུན་དྷི། སརྦ་སདྷ་ཡ་སྲུཧྭ། དེ་ནི་རྡོ་རྗེས་བསྐུལ་ནས་སུ། །རྡོ་རྗེ་དྲིལ་བུ་གསིལ་བའམ། །རྡོ་རྗེའི་བཅིང་བ་བསྐྱོད་པར་བྱ། །དབང་ཆེན་དཀྱིལ་འཁོར་ལ་གནས་ཨོ། །དབུས་སུ་པདྨ་འདབ་བརྒྱད་དང་། །འབྲེལ་བའི་པདྨ་བཞག་ནས་སུ། །ཨ་ཞེས་བྱ་བ་བརྒྱད་ཀྱིས་བརྒྱན། །དབུས་སུ་བསྒྲུབ་བྱ་བཞག་ནས་སུ། །ཧུ༷་བཞི་ཡིས་ནི་མཛེས་པར་བྱ། ཁམ་ཕོར་ཁ་སྦྱོར་ནང་བཅུག་སྟེ། །སྟེང་དུ་རྡོ་རྗེ་འཆང་བས་གནན། །བསྒོམ་ཞིང་གསང་སྔགས་བསྐུལ་ཚིག་གིས། །བཟླས་བརྗོད་དག་ནི་བྱ་བ་དང། །བ་ཞེས་བྱ་བའི་ཐེག་པ་ཡིས། །ཀུན་ནས་ཀྱང་ནི་དཀྲི་བར་བྱ། །འདི་ནི་སྐུ་གསུང་ལས་བྱུང་བའི། །ལྷ་དང་མི་ཀུན་མནན་བར་འགྱུར། །སྔགས་ལ་མཁས་པ་བདག་ཉིད་ནི། ཁ་དོག་དམར་པོ་རྡོ་རྗེ་ཅན། །འདོད་ཆགས་ཆེ་དང་ལྡན་པའི་གཟུགས། །འདོད་པའི་ལྷ་དང་ལྷན་ཅིག་བསམ། །སྐུ་གསུང་ལྡན་པ་མདའ་ཐོགས་ཤིང་། །གཡོན་པ་ཡིས་ནི་གཞུ་ཡང་གཟུང་། ཨོ་ཧུ༷། བུད་མེད་སྤྱི་བོར་བསམ་ནས་ནི། །འདོད་པས་སྙིང་ཟག་དྲེགས་བདོ་པ། །མདོག་དམར་ཐལ་མོ་སྦྱར་ནས་ནི། །འདུད་བཞིན་དུ་ནི་མདུན་བཞག་སྟེ། །རྡོ་རྗེ་མདའ་ཡིས་བསྣུན་ན་ནི། །པདྨ་དག་ནས་ཟིལ་པ་འཛག །རྡོ་རྗེ་མདའ་ཡི་སྦྱོར་བ་ཡིས། །འདོད་ཆགས་ཅན་ལ་འཛག་པར་འགྱུར། །རྣལ་འབྱོར་ཅན་གྱི་དབང་བྱའི་ཕྱིར། །འདོད་ཆགས་རྡོ་རྗེ་ཅན་ཡངས་བསྒོམ། །མི་ཐོད་ལས་བྱས་ཅང་ཏེའུ་ལ། །སྤྲེའུའི་བགས་པས་གཡོགས་ནས་ནི། །ངོས་གཉིས་ལ་ནི་པདྨ་བྲི། །བུད་མེད་ཁྲག་གིས་མཛེས་པར་བྱ། །སྙིང་པོ་ལ་ནི་ཀྲེང་བྲིས་ཏེ། །མི་ཡི་སྐྲ་ཡིས་བཏགས་ནས་ནི། །ཐིང་རིལ་གྱི་ནི་རྐང་རུས་ཀྱིས། ཁྲེང་ཧུ༷་མིང་ནས་བརྗོད་དེ་བརྡུང་། །ལམ་གྱི་སུམ་མདོར་དཀྱིལ་འཁོར་ནི། །རྐང་པ་གཡོན་པའི་མཐེ་བོས་བྲིས། །གྲྭ་ནི་བུམ་མོ་ཟས་སྤྱིན་མ། །འགུག་པར་བརྩོན་པའི་ལྕགས་ཀྱུ་བྱ། །གཙོ་བོ་ཁྲག་འཐུང་ཆ་ལུགས་ཀྱིས། །གཟུགས་ཅན་གྱི་ནི་རྙིང་པར་བརྡུང་། །འདིས་ནི་ཁམས་གསུམ་རྣམས་གནས་པའི། །བུ་མོ་ཟས་སྦྱིན་འགུགས་པར་འགྱུར། །གང་ཡང་རུང་བའི་གཟུགས་བརྙན་ལ། །གནས་པ་ཡི་ནི་ང་རྒྱལ་གྱིས། །རྣལ་འབྱོར་འཁོར་ལོ་རྫོགས་འགྱུར་ན། །ཚིག་གི་རྣམ་པ་ཙམ་གྱིས་ཀྱང་། །ལྷ་དང་ལྷ་མིན་ལ་སོགས་རྣམས། །རྣལ་འབྱོར་ཅན་གྱིས་ཐམས་ཅད་བྱེད། །གང་ཚེ་དབང་ཉིད་ལ་གནས་པ། །དེ་ཚེ་ཐམས་ཅད་མངག་པར་འགྱུར། །བལྟས་པ་ཙམ་གྱིས་འཆི་བའམ། །མ་ཙམ་གྱིས་ཀྱང་མཆོད་པའི་མཆོག །སྒྱུ་མའི་ཡེ་ཤེས་ཀྱིས་བསྐུལ་ན། །རྣལ་འབྱོར་ཅན་གྱིས་གླུ་དང་གར། །ཇི་ལྟ་ཇི་ལྟར་བསྒོམ་བྱས་པས། །དེ་ལྟར་འགྲོ་བ་རབ་ཏུ་དབྱེ། །སྤྱིན་སྲེག་དེ་ཉིད་ལ་གནས་པའི། །མེ་ནི་ལྷ་ཡི་ཞལ་ཡིན་པས། །སྣ་ཚོགས་ལས་རྣམས་གྲུབ་བྱེད་པས། །སྤྱིན་སྲེག་ལས་ནི་རབ་ཏུ་བཤད། །སྤྱིན་སྲེག་གིས་ནི་ལྷ་རྣམས་ཚིམ། །ཚིམ་པར་གྱུར་ན་དངོས་གྲུབ་སྟེར། །གསང་སྔགས་ལྷག་ཆད་གང་ཡིན་པ། །ཐམས་ཅད་སྦྱིན་སྲེག་དག་གིས་སྐོངས། །དེ་ཕྱིར་སྐུ་གསུང་མཁས་མཆོག་གིས། །སྤྱིན་སྲེག་རབ་ཏུ་བསྔགས་པ་མཛད། །གཙུབ་ཤིང་ལས་ནི་བྱུང་བའི་མེ། །དགེ་བ་ཡི་ནི་ལས་རྣམས་བྱེད། །གདོལ་བའམ་དུར་ཁྲོད་ནས་བྱུང་བའི། །མེ་ཡི་ལས་རྣམས་རབ་ཏུ་བསྒྲུབ། །ཐབ་ཁུང་ཟླུམ་པོ་གྲུ་བཞི་དང་། །ཟླ་གམ་དང་ནི་ཟུར་གསུམ་པ། །དཀྱིལ་འཁོར་ཟུར་གྱི་ཁ་ཁྱེར་ལ། །རྡོ་རྗེ་མཚན་མ་དག་གིས་བརྒྱན། །སྤྱིན་སྲེག་དེ་ཉིད་ཚུལ་རིག་པས། །ཐབ་ཁུང་རྣམས་ཀྱི་དབུས་སུ་ནི། །པདྨའི་སྟེང་གནས་གཙུག་ཏོར་དང་། །རྡོ་རྗེ་རིན་ཆེན་པདྨ་གཞག །ཇི་ལྷར་རིགས་པར་འདུག་ནས་སུ། །ལག་གཉིས་པུས་མོའི་བར་བཞག་སྟེ། །དགང་གཟར་མར་གྱིས་བཀང་ནས་ནི། །བླུགས་གཟར་བཀང་སྟེ་དེ་བཞིན་བསྲེག །སྤྱིན་སྲེག་ལ་དགོས་གཡས་སུ་གཞག །གཡོན་དུ་ཆུ་ཡི་སྣོད་དག་གོ །ལས་ཀུན་བྱེད་པས་བཟླས་ནས་སུ། །བསང་གཏོར་གྱི་ནི་འཐོར་ཁུད་བྱ། །ཀུ་ཤ་ཙེ་མོས་ནོན་པ་ཡིས། །ཐབ་ཁུང་ཁོར་ཡུག་བསྐོར་བར་བྱ། །མེ་ནི་འབར་བར་ཤེས་པ་དང་། །གཡས་པ་མི་འཇིགས་མཐེབ་བསྐྱོད་ཅིང་། །གསང་སྔགས་འདིས་ནི་ཆོ་ག་བཞིན། །མེ་ཡི་ལྷ་ནི་སྤྱན་དྲངས་སོ། །ཚུར་བྱོན་ཚུལ་བྱོན་འབྱུང་པོ་ཆེ། །ལྷ་དང་དྲང་སྲོང་བྲམ་ཟེའི་མཆོག །སྲེག་བླུགས་ཞལ་ཟས་བཞེས་ནས་ཀྱང་། །འདི་ཉིད་དུ་ན་བཞུགས་སུ་གསོལ། །ཨོ༷་ཨག་ནེ་ཡེ་དིབ་པྱ་དི་ཕྱ། ཨ་བི་ཤི་མཧྭ་ཧྲི་ཡེ། ཧབ་བྱ་ཀབ། བཱ་ཧ་ན་ཡ་སྲུཧྭ། ལག་གཡོན་རྡོ་རྗེས་བསང་གཏོར་ཏེ། །མཆོད་ཡོན་མཆོད་པ་རྣམ་ལྔ་དབུལ། །མེ་ཡི་ཕྱོགས་ནས་བོད་པ་ནི། །གསུས་པོ་ཆེ་ལ་མིག་གསུམ་པ། །གདོང་བཞི་ལག་པ་བཞི་དང་ལྡན། །འོད་དམར་རལ་པ་ཐོར་ཚུགས་ཅན། །མེ་ཡི་དཀྱིལ་འཁོར་ལ་གནས་ཤིང་། །ལས་ཀྱི་འོད་ཟེར་རྣམས་ཀྱིས་བརྒྱན། །ལག་པ་དང་པོ་མཆོད་སྦྱིན་ལ། །གཉིས་པ་ན་ནི་སྔགས་ནོར་འཕྲེང་། །གཡོན་ན་རིལ་བ་སྤྱི་བླུགས་ཏེ། །གཉིས་པ་ན་ནི་བེ་ཅོན་ཉིད། །མདོག་དམར་རྒྱན་ནི་མེད་པ་ལ། །དྲང་སྲོང་རྣམས་ཀྱིས་ཡོངས་བསྐོར་བ། །འདི་ལྟའི་གཟུགས་ནི་བསམས་ནས་ཀྱང་། །ཐབ་ཀྱི་དབུས་སུ་བཞུགས་སུ་གསོལ། །དེ་ལ་སྤྱིན་སྲེག་ལ་དགོས་པ། །ཀུན་ནས་ལན་གསུམ་སྲེག་བླུགས་དབུལ། །དེ་ནས་ཐོར་འཐུང་བྱས་ནས་སུ། །འབར་བའི་རྣམ་པར་གྲུབ་པར་བྱ། །རིམ་པ་འདི་ཡི་ཚུལ་གྱིས་ནི། །མཁས་པས་ལྷ་རྣམས་ཚིམ་པར་བྱ། །ལེགས་པར་ཚིམ་བྱས་བཟོད་གསོལ་ཏེ། །འདོད་པའི་དངོས་གྲུབ་གསོལ་བ་གདབ། །བུམ་པ་རྒྱལ་མཚན་རྡོ་རྗེ་གདུགས། །པདྨ་ལྕགས་ཀྱུའི་རྣམ་པ་དང་། །མེ་ལྕེ་མདོག་དཀར་སྣང་བ་དང་། །འཁྱིལ་བའི་མཚན་མ་མཁས་པར་བརྟག །དེས་ན་མྱུར་དུ་འགྲུབ་འགྱུར་བས། །བསྒོམ་དང་བཟླས་ལ་འབད་པར་བྱ། །ཞི་དང་རྒྱས་དང་དབང་ལ་ནི། །ཨོ་ཞེས་པ་དང་སྲུཧྭ་མཐར། །དབྱངས་ཀྱི་རྒྱུད་ནི་བསྲིང་བ་དང་། །བར་ཆད་མེད་པའི་དབྱངས་ཀྱིས་སྦྱར། །ཞི་བའི་སེམས་ཀྱིས་ཞི་བ་ལ། །འབྱོར་པས་རྒྱས་པ་མངོན་པར་སྤེལ། །དྲེགས་བདོའི་སྟངས་ཚུལ་བཅས་པ་དང་། །དབང་ དུ་གྱུར་པས་དབང་བྱའོ། །དྲག་ཤུལ་སྤྱོད་ཚུལ་ལ་གནས་པས། །ཧུ༷་ཞེས་པ་དང་ཕཊ་དང་བཅས། །ལུས་ནི་མེ་ལྕེ་འབར་བ་དང་། །འཇིག་རྟེན་གསུམཔོ་བཟར་བསམས་ནས། །བསྐུལ་བའི་ཚིག་དང་སྤེལ་བ་ཡི། །གསང་སྔགས་ཡི་གེ་ངེས་པར་སྦྱར། །སྔགས་སྒྲུབ་ཆོ་ག་ཤེས་པ་ཡིས། །སྤྱིན་སྲེག་ཆོ་ག་ཐམས་ཅད་ལ། །སྣ་ཚོགས་ལས་དང་ལྡན་པའི་ལྷ། །གང་དག་ཡིན་པ་མཆོད་པ་བྱ། །སྦྱིན་སྲེག་དེ་ཉིད་ཀྱིས་བསྐུལ་ཞིང་། །དང་པོར་གང་བླུགས་བསྲེག་ཅིང་དབུལ། །ཕྱིས་ནི་རིམ་བཞིན་རྣམ་པར་སྤེལ། །ཞི་དང་རྒྱས་དང་དབང་རྣམས་ལ། །དགེ་བའི་རྫས་རྣམས་སྤྱིན་སྲེག་བྱ། །བཤང་གཅི་ཁྲག་རྐང་རུས་པ་དག ཁྲ་ཆེན་དག་ཀྱང་སྤྱིན་སྲེག་བྱ། །ཅི་སྟེ་ཡེ་ཤེས་སེམས་དཔའི་ཞལ། །མི་གཙང་པ་ཡི་བཀང་ན་ཀོ །ཇི་ལྟར་སྡིག་པ་སྐྱེ་མི་འགྱུར། །གལ་ཏེ་སྡིག་འགྱུར་འབྲས་བུ་གང་། །སེམས་ཅན་མི་ཤེས་པས་རྨོངས་ནས། །ཐབས་དང་ཤེས་རབ་རྣམས་སངས་ཤིང་། །ཕྱི་རོལ་དངོས་ལ་མངོན་ཞེན་པ། །རྣམ་རྟོག་དྲ་བས་བླུན་བྱས་གང་། །དེ་དག་གིས་ནི་དགེ་སྡིག་གི །ཕུང་པོ་གཉིས་སུ་རྣམ་པར་བརྟགས། །ཆོས་འདི་རང་བཞིན་གྱིས་དག་སྟེ། །སྐྱེ་བ་མེད་ཅིང་གནས་ཀྱང་མེད། །སེམས་ཅན་ཤེས་པ་སྤེལ་བའི་ཕྱིར། །སངས་རྒྱས་རྣམས་ཀྱི་ཐབས་ཀྱིས་བསྟན། །དམ་པའི་དོན་དུ་དགེ་སྤངས་ན། །བསོད་ནམས་མེན་པ་ཅི་ཞིག་སྨོས། །དཔེར་ན་ཆུས་གང་ཆུ་ཀླུང་གིས། །ཕ་རོལ་འགྲོ་བའི་སེམས་ཅན་དག །ཙྭ་དང་ཤིང་ལ་སོགས་བསྡུས་ཏེ། །ཆུ་ལས་བརྒལ་བའི་གཟིང་བྱས་ནས། །དེ་ལ་ཞུགས་ཏེ་ལེགས་བརྒལ་ནས། །བོར་ཏེ་བདེ་བར་འགྲོ་བ་ལྟར། །དེ་བཞིན་འཁོར་བའི་ཕ་རོལ་གྱིས། །ཆོས་ཀྱི་ལམ་ནི་བསྐྱོད་བྱས་ཀྱང་། །ཆོས་དང་ཆོས་མིན་རྣམ་སྤངས་ལ། །བྱང་ཆུབ་བདེ་བ་འཐོབཔབཞིན། །དེཕྱིརརྣམ་རྟོག་དྲ་སྤངས་ལ། །ཟབ་མོ་ཡི་ནི་ཆོས་སྤེལ་ཏེ། །དེབཞིན་གཤེགས་པས་གསུངས་ལམ་ལ། །སྔགས་རིག་རྣམ་རྟོག་མ་བྱེད་ཅིག །རྣམ་རྟོག་རྨོངས་པ་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་པས། །ནམ་མཁའ་ལྷ་བུར་དྲི་མེད་པའི། །རྣམ་པར་མི་རྟོག་ཏིང་འཛིན་མནོས། །དབང་པོ་གཉིས་ནི་མཉམ་སྦྱོར་ཏེ། །ལུས་དང་ངག་དང་སེམས་བསྡུས་ནས། །ང་འོ་སྙམ་པར་གཟི་བསྐྱེད་གཟུགས། །རྣམ་པ་ཀུན་གྱིས་རྣམ་བརྒྱན་ན། །རྣལ་འབྱོར་ལྡན་པ་ཚེ་འདི་ལ། །ཡེ་ཤེས་རྫོགས་པ་ཉིད་དུ་འགྱུར། །ལས་ལས་བྱུང་བར་རྣམ་བརྟན་པའི། །སྐྱེས་པ་བུད་མེད་གཟུགས་མང་ལ། །བརྙས་པ་ཉིད་དུ་མི་བྱ་ཡི། །རྡོ་རྗེ་ལུས་ཅན་དམ་ཚིག་ཡིན། །ངན་རྟོག་བཟང་རྟོག་དྲ་བ་ཡི། །སེམས་ཀྱིས་སེམས་ཅན་རྣམས་ལ་ནི། །སྣ་ཚོགས་གདུང་བས་སུན་མི་དབྱུང་། །རྡོ་རྗེ་སེམས་ལྡན་དམ་ཚིག་ཡིན། །སྲིད་པས་བསྐྱེད་རྩུབ་ཕྲ་མ་ཡི། །ཚིག་དང་རྣམ་པར་མི་སྨྲ་ཞིང་། །མཉམ་པར་བདེ་བ་འདོད་པ་འདི། །རྡོ་རྗེ་ངག་ཅན་དམ་ཚིག་ཡིན། །རྣམ་པར་སྣང་མཛད་ཆེར་འཁུངས་མཆོག ཁྲ་ཡི་ཁམས་ལ་གནས་པ་ཡི། །རྐང་ལ་མི་འཁྲུགས་རྒྱལ་པོ་སྟེ། ཁྲག་ལ་རིན་ཆེན་འབྱུང་བ་གཙོ། །སེམས་ཅན་རྣམས་ཀྱི་རུས་ཕུང་ནི། །རུས་གོང་ལ་ནི་འོད་དཔག་མེད། །རྩ་ཡི་ཚིགས་པ་རྣམས་འདྲེན་ལ། །ཐུབ་པ་སྐྱེས་མཆོག་དོན་ཡོད་པ། །དམ་ཚིག་ཤེས་པ་རྣམས་ལ་ནི། །གསང་ཆེན་ང་ཡིས་བསྟན་པ་འདི། །བློ་ལྡན་རྡོ་རྗེ་སེམས་ཀྱིས་ནི། །རྟག་ཏུ་བསྟན་ཞིང་བསྒོམ་པར་བྱ། །འདོད་ཆགས་ཞེ་སྡང་དེ་བཞིན་རྨོངས། །སྲིད་དང་འདུ་བྱེད་རྣམ་སྤངས་པའི། །ཆོས་ནི་རྣམ་པ་ལྔ་པོ་འདི། །ཐུབ་པ་སྐྱེས་མཆོག་རྣམས་ཀྱིས་གསུངས་། །བཤང་གཤི་ཁུ་ཆུ་མཆིལ་མ་ཁྲག །འཛག་པར་འབྱུང་བ་བཞི་བསྡུས་པ། །བསྒོམ་པའི་བློ་གྲོས་རྫོགས་པ་ཡིས། །དམ་ཚིག་བརྟན་པར་བྱ་བ་སྟེ། །རྟག་ཏུ་བཟའ་ཞིང་སྤྱིན་པར་བྱ། །རྫས་ཐམས་ཅད་གྲུབ་པའི་དངོས་གྲུབ་སྒྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་གྱི་དྲ་བ་ལས། སྤྱིན་སྲེག་རིམ་པར་ཕྱེ་བ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་དེ་བཞིན་གཤེགས་པས། ཏིང་ངེ་འཛིན་ཐམས་ཅད་ཀྱི་དངོས་གྲུབ་དམ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་མཆོག་དངོས་གྲུབ་འདི་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་གསང་སྔགས་བསྒོམ་པའི་རྣལ་འབྱོར་གྱི་མཆོག་ཡང་དག་པར་བསྐུལ་ནས།རྫས་ཐམས་ཅད་གྲུབ་པའི་དངོས་གྲུབ་བསྒྲུབ་པའི་ཐབས་གསང་ཆེན་ཉོན་ཅིག །རྣམ་པར་སྣང་མཛད་ཏིང་འཛིན་ལ། །གནས་ཤིང་སྐུ་གསུང་ཐུགས་བསྒོམ་སྟེ། །མདུན་དུ་འཁོར་ལོ་ལེགས་པར་གཞག །སྐུ་གསུང་རྡོ་རྗེ་ཅན་གྱི་གཟུགས། །འབར་བའི་འཕྲེང་བ་འཁྲིག་པའི་འོད། །འཁོར་ལོའི་ནང་དུ་ཞུགས་གྱུར་པས། །བསྒོམ་ཞིང་འཁོར་ལོ་བསྒྲུབ་པར་བྱ། །མེ་ཡི་འོད་ལྟར་འབར་བའི་འོད། །འཁོར་ལོ་ཆེན་པོ་འཕགས་པར་འགྱུར། །སྤྱན་ནི་བཟླས་བརྗོད་བརྗོད་བཞིན་དུ། །བླ་མེད་འཁོར་ལོ་བླང་བར་བྱ། །རྒྱལ་ཆེན་འཁོར་ལོ་གྲུབ་པ་དག །འོད་ནི་རྣམ་པར་སྣང་མཛད་བཞིན། །ལམ་གསུམ་འཇུག་པའི་སེམས་ཅན་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །མི་འཁྲུགས་པ་ནི་རྣམ་བསྒོམ་ཞིང་། །རྡོ་རྗེ་མདུན་དུ་གཞག་ནས་ནི། །རིམ་པ་བཞིན་དུ་བསྐུལ་ན་འདིས། །སྐུ་གསུམ་རྣམ་པར་འཕེལ་གྱུར་ཞིང་། །འབར་བའི་འཕྲེང་ཆེན་མཉམ་པའི་འོད། །རྡོ་རྗེ་ཆེན་པོ་འཕགས་པར་འགྱུར། །མུ་མ་ཀི་ནི་ཟློས་བཞིན་དུ། །རྡོ་རྗེ་བླ་མེད་བླང་བར་བྱ། །རྡོ་རྗེ་རྒྱལ་པོ་བླངས་པར་བྱ། །གཙོ་བོ་རྡོ་རྗེ་འཆང་ཉིད་འགྱུར། །གཙོ་བོ་ཆེན་པོ་སངས་རྒྱས་དང་། །བྱང་ཆུབ་སེམས་དཔས་ཡོངས་བསྐོར་ནས། །སེམས་ཅན་ཀུན་སེམས་ལ་གནས་པའི། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་། །འཇིག་རྟེན་ཁམས་སུ་རྣམ་རྒྱུ་ཞིང་། །ཀུན་གྱི་བསམ་པ་ཡོངས་རྫོགས་བྱེད། །རིན་ཆེན་འབྱུང་བ་བསྒོམས་ནས་ནི། །རིན་པོ་ཆེ་ནི་མདུན་བཞག་སྟེ། །སྦྱོར་བའི་རིམ་པ་རྣམ་སྤེལ་ན། །རིན་ཆེན་ཆེན་པོ་འཕགས་པར་འགྱུར། །རིན་ཆེན་སྒྲོན་མས་ཟློས་བཞིན་དུ། །འོད་བཟང་གཟི་བརྗིད་འབར་བ་ཅན། །ཕྱོགས་ཀུན་སྣང་བར་བྱེད་པ་ཡིས། །ནོར་བུ་རྒྱལ་པོ་བླང་བྱ་བར། །ལྷ་རྫས་ནོར་བུ་བླང་བ་ཡིས། །རིན་ཆེན་འབྱུང་གནས་གཉིས་པར་འགྱུར། །དེ་ནི་སེམས་ཅན་ཐམས་ཅད་ཀྱི། །ཡིད་བཞིན་ནོར་བུ་ཆེན་པོ་སྤྱིན། །རིན་ཆེན་འབར་བ་རབ་འབེབས་ཤིང་། །སེམས་ཅན་རྣམས་ཀྱི་དབུལ་བ་འཇོམས། །གཙོ་བོ་ཡིད་བཞིན་ནོར་བུ་ཅན། །སངས་རྒྱས་ཞིང་དུ་རྣམ་པར་རྒྱུ། །འོད་དཔག་མེད་པ་རྣམ་བསྒོམ་ནས། །པདྨ་ཆེན་པོ་མདུན་བཞག་སྟེ། །རིམ་བཞིན་གཟི་བརྗིད་གཟེངས་བསྟོད་ནས། །འདབ་མ་བྱེ་བས་རྣམ་བརྒྱན་པ། །འོད་བཟང་གསེར་ལྟར་འབར་བ་ཅན། །པདྨ་ཆེན་པོ་འཕགས་པར་འགྱུར་། །གོས་དཀར་ཅན་མའི་གསང་སྔགས་ཀྱིས། །ཡིད་ལས་བྱུང་བའི་པདྨ་བླང་། །པདྨའི་རྒྱལ་པོ་བླངས་པ་ཡིས། །འོད་དཔག་མེད་པ་གཉིས་པར་འགྱུར། །ཆོས་མཛད་རྣམས་ཀྱི་ཐོག་འདྲེན་ཅིང་། །སེམས་ཅན་རྣམས་ལ་བདུད་རྩི་སྩོལ། །སངས་རྒྱས་ཞིང་རྣམས་སྣང་བྱེད་གཙོ། །བདེ་བ་ཅན་གྱི་རྒྱན་དུ་འགྱུར། །དོན་ཡོད་གྲུབ་པ་རྣམ་བསྒོམ་ནས། །རལ་གྲི་མདུན་དུ་རྣམ་བཞག་སྟེ། །རྣལ་འབྱོར་རིམ་པ་འདི་ཡིས་ནི། །བསྒོམ་པ་དེ་ཉིད་ཀྱིས་བསྐུལ་ན། །རྡོ་རྗེ་འབར་བ་ལྟ་བུའི་འོད། །རལ་གྲི་ཆེན་པོ་འཕགས་པར་འགྱུར། །སྒྲོལ་མའི་གསང་སྔགས་ཟློས་བཞིན་དུ། །རལ་གྲི་བླ་མེད་བླང་བར་བྱ། །དེས་ནི་རལ་གྲི་མཆོག་བླངས་པས། །དོན་ཡོད་གྲུབ་པ་གཉིས་པར་འགྱུར། །སངས་རྒྱས་ཞིང་དུ་རྣམ་འགྱུར་ཞིང་། །སེམས་ཅན་རྣམས་ཀྱིས་མི་ཤེས་གཅོད། །རྟག་ཏུ་དྲི་མེད་སྣང་འགྱུར་ཞིང་། །ཆུ་ཡི་ནང་གི་སྟོན་ཟླ་བཞིན། །རྫས་ཀྱི་དངོས་གྲུབ་བསྟན་ནས་ནི། །རྣལ་འབྱོར་ཆེ་ལ་རྣམ་གནས་པས། །དེབཞིན་གཤེགས་པའི་བཙུན་མོ་ཆེ། །ཞེ་སྡང་རིགས་ནི་འདྲེན་མཛད་མ། །རྡོ་རྗེ་གདན་ཅན་ནཱ་མ་ཀི །རིན་ཆེན་འབྱུང་དང་ལྷ་མོ་དང་། །ལྷ་མོ་སྒྲོལ་མ་དབང་མཛད་ཅིང་། །མཁས་ལ་ལོངས་སྤྱོད་སྤྱོད་མཛད་མ། །རིམ་པ་བཞིན་དུ་ང་ཡིས་བཤད། །དེ་ནས་བུ་མོ་མིག་ཡངས་མ། །ལོ་ནི་བཅུ་དྲུག་ལོན་པ་ལ། །གཟུགས་དང་མདངས་དང་ལང་ཚོར་ལྡན། །གསེར་གྱི་རྣ་ཆ་གཡོ་བ་ཅན། །གཅིག་གཅིག་བསྒྲིམས་ཏེ་བཙལ་ནས་སུ། །ལྷ་མོ་བྱི་དོར་ལེགས་བྱས་ཏེ། །རིགས་ལྔ་ཡི་ནི་ཚོགས་ཅན་མ། །ལས་ཀྱི་རྗེས་སུ་བསྒོམ་བྱས་ནས། །བཞག་སྟེ་སྤྲད་པའི་སྦྱོར་བ་ཡིས། །པདྨ་ལ་ནི་རྡོ་རྗེ་བཞག །སྤྲོད་པ་དང་ནི་འཁྱུད་པ་ཡིས། །རྡོ་རྗེ་དང་ནི་པདྨ་བསྒུལ། །གར་གྱི་ཚུལ་དུ་བསྒྱུར་བ་དང་། །དེ་བཞིན་སྤྲོ་དང་བསྡུས་བ་ཡིས། །མོད་ལ་སྒྱུ་མས་དྲེགས་ཉོས་ནས། །རྡོ་རྗེ་ལས་ནི་བདུད་རྩི་འབྱུང་། །རྣལ་འབྱོར་ལྡན་པའི་ཤེས་རབ་ཁས། །པདྨ་ལ་མ་གནས་བདུད་རྩི་བཏུང་། །རྣལ་འབྱོར་ལྡན་པའི་ཁ་ཡིས་ནི། །འཐུངས་པས་དེ་བཞིན་གཤེགས་པ་ཡི། །སྐུར་ནི་ཡོངས་སུ་འགྱུར་བ་ཐོབ། །ནམ་མཁའ་འདྲ་བའི་ཆོས་ཀུན་ལ། །ཐབས་དང་ཤེས་རབ་རྣམ་པར་འཕེལ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་སྙིང་པོ་བསྒྲུབ་པ་སྟེ། །འདོད་ལྔའི་ཡོན་ཏན་རྗེས་འཇུག་པའི། །བྱང་ཆུབ་བདེ་བས་བསྒྲུབས་ན་ནི། །རྡོ་རྗེ་པདྨས་བྱིན་བརླབས་པས། །རྗེས་སུ་ཆགས་པས་ཐོབ་པར་འགྱུར། །གྲུབ་ཆེན་གསང་བའི་དངོས་གྲུབ་ནི། །སྡུག་བསྔལ་མེད་པ་བདེ་བའི་ཐབས། །རྗེས་སུ་ཆགས་པ་མཉེས་པ་ཡི། །རྡོ་རྗེ་ཐེག་པས་འགྲུབ་པར་འགྱུར། །སྦྱོར་བའི་ཁྱད་པར་འདི་ཡིས་ནི། །ལན་གསུམ་འཇུག་པའི་གསང་སྔགས་དང་། །ལས་ཀྱི་ཕྱག་རྒྱ་ངས་བཤད་དང་། །དེ་བཞིན་ལག་པའི་ཕྱག་རྒྱ་དག །ཡེ་ཤེས་ཕྱག་རྒྱས་རབ་བསྐུལ་བས། །དམ་ཚིག་མཆོག་གིས་འགྲུབ་པར་འགྱུར། །ཐུགས་ཆེན་སྣ་ཚོགས་གཟུགས་མངའ་བའི། །སྣ་ཚོགས་འཕྲིན་ལས་མཛད་པར་འགྱུར། །དེ་ནས་ཕྱག་ན་རྡོ་རྗེ་ཁམས་གསུམ་གྱི་དམ་ཚིག་གི་འཁོར་ལོ་འདི་རྡོ་རྗེའི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ས་ནི་སྤྱན་དུ་བརྗོད་པ་སྟེ། །ཆུ་ཁམས་མྱ་མ་ཀི་ཞེས་བརྗོད། །སྒྲོལ་མ་མེ་ཞེས་ཀུན་ཏུ་བརྗོད། །གོས་དཀར་ཅན་མ་རླུ་་དུ་བསྒྲགས། །རྡོ་རྗེ་དམ་ཚིག་ནམ་མཁའི་དབྱིངས། །བསྟན་པས་རྡོ་རྗེ་འཆང་བས་བཤད། །ཆེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སའི་དབང་ཕྱུག །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཆེན་པོས་གསུངས། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་དེ་བཞིན་གཤེགས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྐུ་དང་། གསུངས་དང་། ཐུགས་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་བལྟས་ནས་ཅང་མི་གསུངས་བརགྱུར་ཏོ། །དེ་ནས་བྱང་ཆུབ་སེམསདཔའ་སེམས་དཔའ་ཆེན་པོབྱམས་པས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་གསང་བ་འདུས་པར་དབང་བསྐུར་བའི་སློབ་དཔོན་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཇི་ལྟར་བལྟ་བར་བགྱི་ལགས། རིགས་ཀྱི་བུ་དེབཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའསེམས་དཔའ་ཆེན་པོ་ཐམསཅད་ཀྱིས། །འདི་ནི་རྡོ་རྗེའི་བྱང་ཆུབ་སེམསསུལྟ་བར་བྱེད། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་དང་རྡོ་རྗེ་སློབ་དཔོན་འདི་གཉིསསུ་མེད་པའིཕྱིར་ཞེས་བྱ་བའི་བར་ནས། མདོར་བསྡུས་ནས་བཤད་པར་བྱའོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་ཤིང་གཞེས་པའི་བར་དེ་དག་ཐམས་ཅད་དུས་གསུམ་དུ་བྱོན་ནས། སློབ་དཔོན་ལ་དེ་བཞིན་གཤེགས་པ་ཐམས་ཅདཀྱི་མཆོད་པས་མངོན་པར་མཆོད་ནས་འདི་སྐད་ཅེས། བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕ་ཡིན་ནོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མ་ཡིན་ནོ། །བདག་དེ་བཞིན་གཤེགསཔ་ཐམས་ཅད་ཀྱི་སྟོན་པ་ཡིན་ནོ། །ཞེས་རྡོ་རྗེའི་ཡི་གེ་གསུང་ཕྱུང་ནས་སླར་ཡང་རང་གི་སངས་རྒྱས་ཞིང་དུ་གཤེགས་པར་འཀྱུར་རོ། །རིགས་ཀྱི་བུ་དཔེར་ན་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་བཞུགས་པ་དེ་དག་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྡོ་རྗེའི་སྐུ་དང་། གསུང་དང་། ཐུགས་ཀྱི་བསོད་ནམས་ཀྱི་ཕུང་པོ་བས་ནི། སློབ་དཔོན་གྱི་བ་སྐྲུའི་ཁུང་བུ་གཅིག་གི་བསོད་ནམས་ཀྱི་ཕུང་པོ་ཆེས་ཁྱད་པར་དུ་འཕགས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་ལམ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་སྙིང་བོར་འགྱུར་བའི་བར་ནས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱུང་གནས་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འཇིགས་ཤིང་སྐྲགས་པའི་ཡིད་ཀྱིས། །ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་འཁྲུགས་པ་དང་རིན་ཆེན་བྱུང་བ་དང་། །དོན་ཡོད་གྲུབ་པ་དང་དེ་བཞིན་གཤེགས་པ་འོད་དཔག་མེད་དང་། །དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་རྣམ་རྡོ་རྗེ་འཆང་ཐམས་ཅད་ཀྱི་དམ་ཚིག་ལ། །དམིགས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེས་འཛིནལ། །སྙོམས་པར་བཞུགས་ནས་བྱང་ཆུབ་སེམས་དཔའ་དེ་དག་ལ་བོད་ཏེ། ཤེས་ལྡན་བྱང་ཆུབ་སེམས་དཔའ་ཐམས་ཅད་ཉིན་ཅིག་ཕྱོགས་བཅུ་དུས་གསུམ་དུ་འབྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་སློབ་དཔོན་གྱིས་དྲུང་དུ་བྱོན་ནས། འཆོད་མཛད་ཅིང་ཕྱག་འཚལ་བར་མཛད་དོ། །དེའི་ཅི་ཕྱིར་ཞེན། དེབཞིནགཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྟོན་པ་ཡིན་པ་དང་། བཅོམ་ལྡན་འདས་རྡོ་རྗེ་འཆང་དེ་ཉིད་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས། དེ་བཞིན་གཤེགས་པ་དེ་དག་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྐུ་དང་། གསུང་དང་། ཐུགས་ཀྱི་དངོས་གྲུབ་གང་ལ་གནས།དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། རྡོ་རྗེའི་སྐུ་དང་། གསུང་དང་། ཐུགས་ཀྱི་གསང་བ་གསུམ་ནི། རྡོ་རྗེ་སློབ་དཔོན་གྱི་ལུས་དང་། ངག་དང་། ཡིད་ལ་གནས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གསོལ་པ། རྡོ་རྗེའི་ལུས་དང་། ངག་དང་། སེམས་ཀྱི་གསང་བ་གང་ལ་གནས། གང་དུ་ཡང་མ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་ངོ་མཚར་དུ་གྱུར་ནས། ཅང་མི་ཟེར་བར་འཁོད་དོ། །དཀྱིལ་འཁོར་དང་། ཏིང་ངེ་འཛིན་དང་། ཕྱག་རྒྱ་དང་། སྟང་སྟབས་དང་། འདུག་སྟངས་དང་། བཟླས་བརྗོད་དང་། སྦྱིན་སྲེག་དང་། མཆོད་པ་དང་། ལས་ལ་སྦྱར་བ་དང་། སླར་བསྡུ་བ་རྣམས་ནི་གསང་སྔགས་ཀྱི་ཚུལ་ལ་དེ་ཁོ་ན་ཉིད་བཅུ་ཡིན་པར་གསུངས་སོ། །དུས་གསུམ་དུ་འབྱུང་བའི་རྒྱལ་བ་ཐུགས་རྗེའི་རོ་གཅིག་པ་རྣམས་ཀྱིས། གསང་བ་དང་། གསང་ཆེན་དང་། ཡེ་ཤེས་རྣམ་པ་གསུམ་གྱི་སྙིང་པོ་བསྟན་པ་བདག་ནི།སློབ་དཔོན་གྱི་ཁ་ནས་བླ་མ་ལ་གུས་པའི་སློབ་མས་ཤེས་པར་བྱའོ། །བླ་མས་དམ་ཚིག་ཅི་ལྟར་ལྟ་བའི་དབང་དུ་བྱས་ནས་བཤད་པར་བྱའོ། །བསྒྲིམས་ནས་སེམས་ཅན་རྣམས་ལ་རྣལ་འབྱོར་དང་།ལྷག་པའི་རྣལ་འབྱོར་དང་། རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། གོ་རིམ་བཞིན་དུ་བཤད་པར་བྱའོ། །འདི་མཐའ་དག་ནི་རྒྱུད་ཐམས་ཅད་ཀྱི་སྤྱིར་ཤེས་པར་བྱ་བ་ཡིན་ནོ། །དེ་ཁོ་ན་ཉིད་ཀྱིས་དངོས་པོ་མཐའ་དག་ཡོངས་སུ་མི་ཤེས་པར། གསང་སྔགས་སྨྲ་བ་ང་ཡིན་ནོ། །ཞེས་མངོན་པའི་ང་རྒྱལ་གྱིས་གསང་སྔགས་ཀྱི་ཆོ་ག་འཆད་པར་བྱེད་ན་དམ་ཚིག་ཉམས་པར་འགྱུར་རོ། །དམ་ཚིག་ལས་ཉམས་ན་བདུད་ཀྱིས་གཟུང་བར་འགྱུར་རོ། །སྐྱེས་བུ་ཤི་ནས་མི་བཟད་པ་ཆེན་པོར་འགྲོ་བར་འགྱུར་རོ། །སེམས་ཅན་རྣམས་ལ་བསྟེན་ཏོ། །བྱང་ཆུབ་འཐོབ་པར་འགྱུར་བས་སེམས་ཅན་རྣམས་ལ་བསླུ་བར་མི་བྱའོ། །ཞེས་ཤེས་པར་བྱས་ནས།དེ་བཞིན་གཤེགས་པའི་ལམ་དེ་ཉིད་ལ་སེམས་ཅན་དེ་དག་སྦྱར་བར་བྱའོ། །གང་ཞིག་འདི་དག་ལ་བརྩོན་པར་མ་བྱས་པ་དེ་དག་གིས་ནི་ལག་པ་དང་། རྐང་པ་དང་། མིག་སྤྱིན་པའི་དཀའ་བ་སྤྱོད་པ་དང་།དཀའ་ཐུབ་ཅི་ལྟ་བུས་ཀྱང་སྡིག་པ་གཞོམ་པ་དང་། བདུད་རྩིའི་རོ་ཐོབ་པར་མི་ནུས་སོ། །རྣལ་འབྱོར་གཅིག་ཁོང་དུ་ཆུད་ནས་དབེན་པར་སོང་སྟེ་བསྒོམ་པ་བྱས་ན། སྡིག་པ་ལས་གྲོལ་ཞིང་ཚེ་འདི་ཉིད་ལ་སངས་རྒྱས་ཀྱི་ཡོན་ཏན་རྣམས་དང་ཆོས་བདག་མེད་པར་བསྒོམ་པས། ཐམས་ཅད་འབྱེད་པའི་རྣལ་འབྱོར་ཁོང་དུ་ཆུད་པར་བྱའོ། ཁྲེས་རབ་དང་ཡེ་ཤེས་ཀྱི་འཇོ་ཚུལ་གྱིས། གསང་བ་ལྔའི་བདག་ཉིད་ཀྱི་གཙོ་བོ་ལ་མཆོད་པར་བྱའོ། །དངོས་བོ་ཐམས་ཅད་དངོས་མེད་པར། །བཞི་བཅུའི་དོན་ནི་རྟོགས་པ་དང་། །རྡོ་རྗེ་པདྨ་དབང་བསྐུར་བས། །བདུད་རྩི་ལྔས་ནི་དགའ་བར་བྱེད། །གསང་བ་བྱ་བའི་ཆོས་གསང་བ། །གསང་ཞིང་སྦས་ཏེ་གཞག་པར་བྱ། །འདོད་ཡོན་ལྔ་ཡི་རྣམ་པ་ནི། །གཟུགས་སྒྲ་དྲི་རོ་རེག་རྣམས་ནི། །རྣལ་འབྱོར་སེམས་པས་དཔྱད་བྱ་ཞིང་། །དེ་བཞིན་བཟའ་ཞིང་བཏུང་བྱས་ན། །བལྟས་དང་ཁུ་ཚུར་རྣམ་པ་ཡིས། །སེམས་ཅན་ཐམས་ཅད་དབང་དུ་བྱེད། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་གྱི་དྲ་བ་ལས། ཆོས་ཐམས་ཅད་བསྟན་པ་རིམ་པར་ཕྱེ་བ་སྟེ་བཅུ་པའོ།། །།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་གྱི་དྲ་བ་ཐེག་པ་ཆེན་པོའི་ཡང་ཆེན་པོ།ཚུལ་ཟབ་མོ་ཆེས་གསང་བ་བས་ཀྱང་ཆེས་གསང་བ་རྫོགས་སོ།། །།