Ngb-pt-0288-vol-03-text

From Rangjung Yeshe Wiki Texts
Revision as of 05:53, 20 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

རྒྱ།། །། རྒྱ་གར་སྐད་དུ། །པཏྲེ་ཤུ་ར་མ་ཧྭ་གུ་རྒྱ་ཀྲོ་ཏ་ཏན་ཏྲ་ནཱ་མ། བོད་སྐད་དུ། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ཅེས་བྱ་བ། དཔལ་ཧ་ཡ་རྒི་ཝ་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་ཧ་ཡ་རྒི་ཝ་དབང་གི་རྒྱལ་པོ་དེ། །དབང་ཆེན་རྔམས་པ་འབར་བའི་གནས་ན། །འཁོར་གྱི་ཚོགས་པདྨའི་ཁྲོ་བོ་ཁྲོ་མོ་རྣམས་དང་། འཇིག་རྟེན་འདུལ་བའི་དྲེགས་པ་ཅན་བསམ་གྱིས་མི་ཁྱབ་པ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་པདྨ་ཁྲག་འཐུང་ཆེན་པོ་དེས། དབང་ཆེན་ཁྱད་པར་བསྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་ཏེ། འུར་འུར་རབ་ཏུ་འུར། ཆེམ་ཆེམ་རབ་ཏུ་ཆེམ། འདེགས་ཤིང་འཇིགས་ལ་ཁད་པར་གྱུར་ཏོ། །འཁོར་ཐམས་ཅད་བརྒྱལ་ཏེ་ལུས་ས་ལ་རྡེབས་སོ། །སྲིད་པ་གསུམ་གྱི་དྲེགས་པ་ཅན་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་། དཔེར་ན་ཤིང་ལོ་སྐམ་པོ་རླུད་གིས་བཏབ་པ་བཞིན་དུ་རང་ལ་དབང་མེད་པར་དབང་དུ་འདུས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བདུད་ཟིལ་གྱི་མནན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཐམས་ཅད་ཀྱང་དབུགས་ཕྱུང་སྟེ་དྲན་པ་རྙེད་པར་གྱུར་ཏོ། །དེ་ནས་འཁོར་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་བཅོམ་ལྡན་འདས་དབང་ཆེན་དཔལ། །པདྨ་ཁྲག་འཐུང་དབང་ཆེན་རྒྱལ། །བྱིན་རླབ་ཆོ་འཕྲུལ་ངོ་མཚར་ཆེ། །བདག་ཅག་སྣང་སྲིད་དྲེགས་པ་ཅན། །སྲོག་གི་སྙིང་པོ་ཉིད་ལ་འབུལ། །དཔལ་གྱི་བྲན་གཡོག་ཕོ་ཉ་བགྱིད། །ཅི་བགྱི་ལ་སོགས་བཀའ་སྩལ་ཉན། །གལ་ཏེ་སྤྱན་སྔར་དམ་བཅས་བཞིན། །མ་བགྱིས་བདག་ཅག་དྲེགས་རྣམས་ཀྱི། །མགོ་ལུས་སྙིང་ཡང་འགས་གྱུར་ཅིག །ཅེས་བྲོ་བོར་རོ། །དེ་ནས་བཅོམ་ལྡན་འདས་པདྨ་དབང་ཆེན་གྱིས་འཁོར་དུ་འདུས་པའི་དྲེགས་པ་ཅན་དེ་དག་དམ་ལ་བཏགས་ཏེ། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་མངགས་སོ། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡུམ་ཁྲོ་མོ་པདྨ་གར་གྱི་དབང་ཕྱུག་མ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། བཅོམ་ལྡན་འདས་རྟ་མཆོག་དཔལ། །རང་བཞིན་དཀྱིལ་འཁོར་ཇི་ལྟར་ལགས། །ཉག་གཅིག་དཔལ་ལ་ཉན་པར་འཚལ། །འེས་ཤུ་ས་ པས། བཅོམ་ལྡན་འདས་ཉིད་ཀྱིས་རང་བཞིན་གྱི་དཀྱིལ་འཁོར་འདི་བཤད་དོ། །ཆོས་ཉིད་ནམ་མཁའ་ལྟ་བུ་ལ། །རང་བྱུང་ཡེ་ནས་དཀྱིལ་འཁོར་ནི། །དབུས་ན་གྲུ་གསུམ་ཟླ་གམ་གསུམ། །ཕྱི་རོལ་འཁོར་ལོ་རྩིབས་བཞི་ལ། །ཐོད་པ་སྐམ་རློན་འཕྲེང་བ་ཟླུམ། ཁུ་ཆད་སྒོ་བཞི་རྒྱན་དང་ལྡན། །མཐའ་མ་རྡོ་རྗེ་མེ་རིས་བསྐོར། །གྲུ་གསུམ་སྨུག་ནག་ཟླ་གམ་དམར། །རྩིབས་བཞི་གྲུ་ཆད་སྒོ་ཕྱོགས་ཚོན། །རྩིབས་མཆན་མཛེས་ཚོན་རྩིགས་པ་ལྔ། །འདོད་ཡོན་དྲ་ཕྱེད་ཕ་གུ་དང་། །རྟ་བབས་དང་བཅས་རབ་ཏུ་མཛེས། །དབུས་ཀྱི་གྲུ་གསུམ་བདུད་ནག་དག །པདྨ་ཉི་མ་འོད་དུ་འབར། །མེ་དཔུང་འབར་བའི་ཀློང་དཀྱིལ་ན། །པདྨ་ཁྲག་འཐུང་རྟ་མཆོག་དཔལ། །སྐུ་མདོག་དམར་ནག་ཆེན་པོ་ལ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་ལྗང་དབུས་དམར་གནག །དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ། །དབུ་ལ་ཐོད་སྐམ་ལྔ་ཡིས་བརྒྱན། །གཙུག་ན་རྟ་མགོ་ལྗང་ཁུ་མཚེར། །སྐུ་སྟོད་ཞིང་ཆེན་གླང་ཆེན་མནབས། སྐུ་སྨད་སྟག་ཤམ་ཐོད་རློན་ཕྲེང་། །རིགས་བཞིའི་སྦྲུལ་རྒྱན་ཆས་རྣམས་རྫོགས། །སྤྱན་གསུམ་ཞལ་བགྲད་མཆེ་བ་གཙིགས། །སྨིན་མ་སྨ་ར་ཨག་ཚོམ་སེར། །པདྨ་ལྕགས་ཀྱུ་བེ་ཅོན་གཡས། །བྷན་དམར་ཞགས་པ་རལ་གྲི་གཡོན། །ཞབས་བཞི་བརྐྱང་བསྐུམ་ཚུལ་དུ་བཞུགས། །གཡོན་ན་ཡུམ་ཆེན་ཁྲོ་མོ་ནི། །པདྨ་གར་གྱི་དབང་ཕྱུག་མ། །སྐུ་མདོག་སྔོན་ནག་དུར་ཁྲོད་ཆས། །དབུ་རལ་ནག་པོ་རིན་ཆེན་སྤྲས། །ཁྲོ་ཚུལ་སྤྱན་གསུམ་མཆེ་བ་གཙིགས། །གཡས་འཁྱུད་གཡོན་པ་དུང་དམར་སྟོབ། ཁྲར་གྱི་རྩིབས་ལ་དྲི་ཟའི་གདན། །རྡོ་རྗེ་དབང་ཆེན་ཁྲོ་བོའི་སྐུ། །ཞལ་གཅིག་ཕྱག་གཉིས་ཤིན་ཏུ་ཁྲོས། །དུར་ཁྲོད་ཆས་བརྒྱད་རྫོགས་པར་ལྡན། །རྡོ་རྗེ་ཐོད་དབྱུག་ཕྱག་ན་བསྣམས། །ལྷོ་ཡི་རྩིབས་ལ་གྲུལ་བུམ་གདན། །རིན་ཆེན་དབང་ཆེན་ཁྲོས་པའི་སྐུ། །རིན་ཆེན་ལྕགས་ཀྱུ་ཕྱག་ན་བསྣམས། །ནུབ་ཀྱི་རྩིབས་ལ་ཀླུ་དབང་གདན། །པདྨ་དབང་ཆེན་ཁྲོས་པའི་སྐུ། །པདྨ་ཞགས་པ་ཕྱག་ན་བསྣམས། །བྱང་གི་རྩིབས་ལ་གནོད་སྤྱིན་གདན། །ཕྲིན་ལས་དབང་ཆེན་ཁྲོ་བོའི་སྐུ། །རལ་གྲི་ཁ་ཊ༷་ཕྱག་ན་བསྣམས། །བཞི་ཀའང་ཞལ་གཅིག་ཕྱག་གཉིས་པ། །ཆས་བརྒྱད་མེ་དཔུང་ཀློང་ན་བཞུགས། །སྒོ་བཞིར་སྒོ་མ་བཞི་གནས་ཏེ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །དཀར་སེར་དམར་ལྗང་དུར་ཁྲོད་རྒྱན། །དེ་ནིརངབཞིནདཀྱིལའཁོར་རོ། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལསརངབཞིནགྱིདཀྱིལའཁོར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡུམ་པདྨ་གར་གྱི་དབང་ཕྱུག་མས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཧོ་བཅོམ་ལྡན་རྟ་མཆོག་དཔལ། །རྩ་བའི་སྒྲུབ་དང་ཕྲིན་ལས་དང་། །དྲག་པོ་ལས་ཀྱི་རིམ་པ་རྣམས། །འཁོར་ལ་རྒྱས་པར་བཤད་དུ་གསོལ། །ཞེས་ཞུས་པས་བཅོམ་ལྡན་འདས་ཀྱིས་རྩ་བའི་ཕྲིན་ལས་འདི་བཤད་དོ། །བསྟན་པ་གཉེན་པོ་བསྲུང་བའི་ཕྱིར། །པདྨ་དབང་ཆེན་སྒྲུབ་ཐབས་བརྩམ། །དབང་དྲོད་དང་ལྡན་སློབ་དཔོན་ལུབུར། །བརྩོན་འགྲུས་ལྡན་པས་རྩེ་གཅིག་བསྒྲུབ། །དུར་ཁྲོད་རི་བྲག་དམར་པོ་ལ། །ནུབ་རི་མཐོ་བརྗིད་ཤར་རི་དམའ། །ནགས་ཚལ་སྟུག་པོ་ནུབ་ཏུ་བལྟས། །ནམ་མཁའ་པདྨ་འདབ་བརྒྱད་འདྲ། །ཉི་ཟླ་གཟའ་སྐར་འོད་འབར་ཞིང་། །ཆུ་བྲན་རི་བྲག་ཀུན་འདུད་པར། །ཚ་ཚ་སྤྱིན་གཏང་མདོ་སྡེ་འདོན། །འདུས་བྱས་དགེ་རྩ་ནུས་ཚད་བྱ། །དུར་ཁྲོད་རི་ལྷུན་ཐལ་ཆེན་ལ། །མཎྜལ་ཁྲུ་གང་གྲུ་གསུམ་པ། །གྲུ་བཞི་རྩིབས་ལ་ཁྲག་སྣས་བྱུག ཁུབ་སྨན་བདུད་རྩིའི་གོ་མ་ཡེ། །དཀྱིལ་འཁོར་བྲིས་ལ་རྒྱན་རྣམས་དགྲམ། །དབུས་སུ་པདྨ་བྷན་དྷ་སྲ །སྐྱེས་པ་དར་མ་བུད་མེད་གཤོན། །མེ་ཏོག་སྣ་ཚོགས་པདྨའི་མདངས། །གླིང་ལྔའི་ཁ་བཅད་དར་དམར་གྲིལ། །ཧཱུཾ༷་གིས་རྒྱས་བཏབ་བདུད་རྩི་བླུགས། །ནུབ་སྒོར་འབྲུ་སྣ་ཤ་རུ་ཚོགས། །མེ་ཏོག་སྣ་ཚོགས་གཏོར་མ་བཤམ། །བདུད་རྩི་རཀྟ་ཕྱི་མཆོད་ལྔ། །བླ་རེ་འཕན་གདུག་ཕྲེང་བ་དང་། །གླིང་བུ་གསུར་དང་ཀེང་རུས་བཤམ། །དུར་ཁྲོད་རས་ལ་སྐུ་བྲིས་ཏེ། །རབ་གནས་བྱས་ལ་ནུབ་ཏུ་དགྲམ། །དེ་ལྟར་རྫས་རྣམས་རབ་རྫོགས་ནས། །རང་ཉིད་སྐད་ཅིག་ཏིང་འཛིན་གྱིས། །པདྨ་ཁྲག་འཐུང་སྐུ་རུ་བསྐྱེད། །ཐུགས་ཀྱི་སྙིང་པོ་འོད་འཕྲོས་པས། །ཕྱོགས་བཅུར་མེ་མཚོན་ཁྲོ་བོའི་གུར། །དེ་ལྟར་གསལ་བས་མཚམས་བཅད་དོ། །ཧཱུཾ༷་དཔལ་ཆེན་མི་བཟད་དཀྱིལ་འཁོར་ནས། །འབར་བའི་ཁྲོ་བོ་མེ་དཔུང་འབར། །གདུག་པའི་མཚོན་ཆ་སྣ་ཚོགས་བསྣམས། །བགེགས་དང་ལོག་འདྲེན་རྡུལ་དུ་རློག །དབང་ཆེན་མེ་དཔུང་དམར་ནག་འབར། །བསྐལ་བ་དུས་མཐའི་མེ་ལྟ་བུ། །དབང་དྲག་མཚོན་ཆ་བྲག་ལྟར་གཏམས། །གང་ལ་བབ་ཀྱང་གཅོད་ཅིང་སྒྲོལ། །དབང་ཆེན་ཁྲོ་བོ་མི་བཟད་རྔམས། །སྲིད་པའི་ཡེ་ཤེས་འཁོར་ལོ་འཁྲིགས། །དབང་ཆེན་མཚམས་ལས་གང་འདའ་བ། །རྡུལ་ཕྲན་བཞིན་དུ་རླག་པར་གྱིས། །དེ་ནས་མདུན་གྱི་ནམ་མཁའ་ལ། །ཡི་དམ་ལྷ་རྣམས་སྤྱན་དྲངས་ལ། །སྡིག་སྒྲིབ་བཤགས་པ་གང་རུང་བྱ། །དེ་ནས་མཆོད་པ་བྱིན་གྱིས་བརླབ། །རེ་གྱིས་སྦྱངས་ལ་ཨ་ཡིས་སྤེལ། །ཕྱི་མཆོད་ལྷ་མོ་ལྔ་རུ་བརླབ། །ནང་མཆོད་འདོད་ཡོན་ལོངས་སྤྱོད་བརླབ། །དེ་ལྟར་རྫོགས་ནས་ཕྲིན་ལས་གཞུང་བསྲང་ངོ་། །ཧཱུཾ༷་ཆོས་ཉིད་ནམ་མཁའ་ཀློང་ཡངས་ནས། །ཆོས་རྣམས་སྣ་ཚོགས་རང་ཤར་བ། །རང་བཞིན་མེད་པ་ཆུ་ཟླ་འདྲ། །ཐུགས་རྗེ་ཆེན་པོ་ཀུན་ལ་ཁྱབ། །སྙིང་པོ་ཡེ་ཤེས་ཧཱུཾ༷་གི་དབྱིབས། །ཆེན་པོ་ལྔ་ཡི་སྙིང་པོ་ལྔ། །འབྱུང་བ་ལྔ་ཡི་དྭངས་མ་ཆགས། །ཡེ་ཤེས་འབར་བའི་གཞལ་ཡས་ཁང་། །ཆོས་ཀྱི་དབྱིངས་ཀྱི་གནས་ཆེན་པོ། །འཁོར་ལོ་དབང་ཆེན་ཕོ་བྲང་ལྡན། །ཕྱི་ནང་མེད་པ་ཡོངས་སུ་གསལ། །གདན་སྟེང་སྐུ་བསྐྱེད་དབང་བསྐུར་ཅིང་། །བྱིན་གྱིས་བརླབ་པ་རབ་ཏུ་བྱ། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །སྤྲུལ་པའི་དཀྱིལ་འཁོར་རབ་ཏུ་གདོན། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལས། དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་སོ། །ཧཱུཾ༷་ཆོས་ཀྱི་དབྱིངས་ལས་སྐུ་བཞེངས་པ། །དབང་ཆེན་ཁྲོས་པའི་རྒྱལ་པོ་བཞེངས། །དབུས་ཀྱི་ཡེ་ཤེས་གཞལ་ཡས་ནས། །པདྨ་རྟ་མཆོག་གཤེགས་སུ་གསོལ། །ཡུམ་ཆེན་ཁྲོ་མོ་གཤེགས་སུ་གསོལ། །ཕྱོགས་བཞི་འཁོར་ལོ་རྩིབས་སྟེངས་ནས། །སྤྲུལ་པའི་ཁྲོ་བོ་གཤེགས་སུ་གསོལ། །སྒོ་བཞི་གནས་ཀྱི་གཞལ་ཡས་ནས། །སྒོ་མ་བཞི་རྣམས་གཤེགས་སུ་གསོལ། །ཧཱུཾ༷་དཔལ་ཆེན་ཁྲོ་བོ་མི་བཟད་པ། །རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ། །ཁྲོ་མོ་ཡུམ་ལ་ཕྱག་འཚལ་ལོ། །སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །སྒོ་སྲུང་བཞི་ལ་ཕྱག་འཚལ་ལོ། །ཧཱུཾ༷་དམ་ཚིག་དབང་ཆེན་དཀྱིལ་འཁོར་འདིར། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཧཱུཾ༷་བདུག་སྤོས་སྣང་གསལ་ཞུགས་ཏོག་སྒྲ། །ཞལ་ཟས་དྲི་ཆབ་གཙང་མ་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །བདག་གིས་དད་པས་འབུལ་ལགས་ཀྱི། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ཧཱུཾ༷་རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །འཆི་མེད་བདུད་རྩི་རྭ་ས་ཡན། །དམ་རྫས་མཆོག་གི་མཆོད་པ་འདི། །ཁྲོ་རྒྱལ་པདྨ་དབང་ཆེན་ལ། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ཏེ་འཕྲུལ་གྱི་དངོས་གྲུབ་སྩོལ། །འཆི་མེད་བདུད་རྩི་རྭ་ས་ཡན། །དམ་རྫས་མཆོག་གི་མཆོད་པ་འདི། །ཡུམ་ཆེན་པདྨ་གར་གྱི་དབང་ཕྱུག་ལ། །བདག་གི་དད་པས་འབུལ་ལགས་ཀྱི། །བཞེས་ཏེ་འཕྲུལ་གྱི་དངོས་གྲུབ་སྩོལ། །འཆི་མེད་བདུད་རྩི་རྭ་ས་ཡན། །དམ་རྫས་མཆོག་གི་མཆོད་པ་འདི། །སྤྲུལ་པའི་ཁྲོ་བོ་བཞི་རྣམས་ལ། །བདག་གིས་དད་པས་འདུལ་ལགས་ཀྱི། །བཞེས་ཏེ་འཕྲུལ་གྱི་དངོས་གྲུབ་སྩོལ། །འཆི་མེད་བདུད་རྩི་རྭ་ས་ཡན། །དམ་རྫས་མཆོག་གི་མཆོད་པ་འདི། །སྒོ་སྲུང་ཆེན་པོ་བཞི་རྣམས་ལ། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ཏེ་འཕྲུལ་གྱི་དངོས་གྲུབ་སྩོལ། །ཧཱུཾ༷་ཡེ་ཤེས་ཁྲོ་བོ་དབང་ཆེན་གྱི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མཆོག །རྣལ་འབྱོར་ལུས་ངག་ཡིད་ལ་ཐིམ། །གཉིས་མེད་གྱུར་ནས་བརྟན་པ་ཆེ། །ཧཱུཾ༷་རྣམ་དག་རང་བྱུང་གྲུབ་སྨན་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པ་འབུལ་ལོ་ཁ་ར༷་ཁུ་ཧི། །རཀྟ་དམར་གྱི་མཆོད་པ་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པ་འབུལ་ལོ་བཞེས་སུ་གསོལ། །གསང་བ་ཐབས་དང་ཤེས་རབ་ལས། །པདྨ་ནོར་བུ་མཉམ་སྦྱར་ནས། །དགྱེས་པ་ཆེན་པོ་བདེ་ཆེན་དང་། །བྱང་ཆུབ་སེམས་ཀྱི་མཆོད་པ་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཧཱུཾ༷་ཞིང་གྱུར་ཐམས་ཅད་རང་བཞིན་བསྒྲལ། ཁྲ་ཁྲག་སྲོག་དབུགས་མཆོད་པ་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཁྱད་པར་འདོད་ཡོན་མཆོད་པའི་མཆོག ཁྲ་ཁྲག་ཀེ་རུས་གཏོར་མ་ཡིས། །ཁྲོ་རྒྱལ་དབང་ཆེན་ཐུགས་དམ་བསྐང་། །ཡུམ་ཆེན་ཁྲོ་མོའི་ཐུགས་དམ་བསྐང་། །སྒོ་མ་བཞི་ཡི་ཐུགས་དམ་བསྐང་། །ཧཱུཾ༷་བདག་ཅག་མ་རིག་ཉོན་མོངས་སེམས་ཅན་གྱི། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །པདྨ་དབང་ཆེན་ལྷ་ཚོགས་ཀྱི། །ཐུགས་དང་འགལ་བའི་ལས་ནི་ཅི་བགྱིས་པ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །བཟོད་པར་བཞེས་ནས་ཚངས་པ་འཕྲུལ་གྱི་དངོས་གྲུབ་སྩོལ། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལས་ཕྲིན་ལས་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ལས། སྔགས་འདི་བསྟན་ཏོ། །ཨོ་ར༷་ཀྲོ་ཏང་ཀ་ཤྭ་བཛྲ་ཛལར༷། ཏིཀྟབིཤྭཛལར༷། ཕཊ་ཕཊ། ར༷་ར༷། ཨོ་བཛྲ་ ་པེ་ཨུ་ཧཱུཾ༷།ཇོཁྲེ་ཨུ་ཧཱུཾ༷།ཨུ་ལོ་ཀེ་ཨུ་ཧཱུཾ༷།གརྙེ་ཨུ་ཧཱུཾ༷།ནི་ལྤི་བྱེ་ཨུ་ཧཱུཾ༷།ཤ་བྷ་ཨུ་ཧཱུཾ༷།ཨོསརྦ་པརྩི་ཨ་མྲི་ཏ་ཧཱུཾ༷།ཨོ་མ་ཧྭ་པདྨ་རཀྟ་ཧཱུཾ༷།ཨོ་མ་ཧྭ་བ་ལི་ཏ་པྱུ་ཛ་ཧཱུཾ༷།ཨཱོཾ་ཤཱརྒྱ་ཏྭ་ཙྭ་ན་ས་བཱ་ཏི་ཧཱུཾ༷།དྷ་མ་དྷ་ཏུ་ས་བཱ་ཏི་ཧཱུཾ༷།ཧཱུཾ༷་ཙྭ་ན་བཛྲ་ས་མུ་ཏི་ཧཱུཾ༷།ཧཱུཾ༷་ཨེ་ཡ༷་ར༷་ཁ༷་སུ༷་ཀེ་རྒྱུ༷།ཨེ་ཨསྣི་མཉ་།ཡ༷་ཀརྨ་རཀ་ཤ་མཎྜ་།ར༷་ཛ་ཡ་མཉ་།ཁ༷་རཀྟ་མཉ་།སུ༷་ཐྲུལྒེ་མཉ་།བྷ༷་བི་ཤྭ་བི་ཛ་་ཙྭ་ན་ཙཀྲ་མཎྜ་།ཐེ་་་བ༷་དྷི་བ་བ༷།ཡ་མ་བ༷།ནཱ་ག་བ༷།ཡསྒ་བ༷།པ༷་པདྨ་མཎྜ་།མ་སྨུརུ་མཎྜ་།༄ཨ་ཙནྟྲ་མཉ་།ཧྲི་མ་སྤ་ར་ཎ་ཕཊ།ས༷་ཧ་ར་ཎ་ཧཱུཾ༷།ཏིཛི་བཛྲ་ཧཱུཾ༷།ཨོ་མ་ཧྭ་ཀྲོ་ཏ་ཧ་ཡ་གི་བ་ཧུ་ལུ་ཧུ༄་ལུ་ཧཱུཾ༷་ཕཊ།ཨོ་མ་ཧྭ་ཀྲོ་ཏི་ཤྭ་རྡི་ཧཱུཾ༷་ཕཊ།ཨོ་ཨུ༷༷ཧཱུཾ༷།ཧཱུཾ༷་ཨོ་ཨ༷་ཧ།ཧཱུཾ༷་བཛྲ་ཧེ་རུ་ཀ་ཀྲོ་ཏི་ཤཱ་རྡི་ཧཱུཾ༷་ཕཊ།ཨོ་་་་ཧེ་རུ་ཀ་ཀྲོ་ཏི་ཤྭ་རྡི་ཧཱུཾ༷་ཕཊ།སྭ་རཏྣ་ཧེ་རུ་ཀ་ཀྲོ་ཏི་ཤྭ་རྡི་ཧཱུཾ༷་ཕཊ།ཨོ་པདྨ་ཧེ་རུ་ཀ་ཀྲོ་ཏི་ཤྭ་རྡི་ཧཱུཾ༷་ཕཊ།ཧ་ཀརྨ་ཧེ་རུ་ཀ་ཀྲོ་ཏི་ཤྭ་རྡི་ཧཱུཾ༷་ཕཊ།ཨ་པི་༑ཇོ་ཧཱུཾ༷་ཧཱུཾ༷་པ༷།ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷།ཛ༷༷ཧཱུཾ༷་བ༷་ཧོ༷།བཛེ་ཤཱ་རྡི་ཀྲོ་ཏི་ཧཱུཾ༷་ཕཊ།རསྣེ་ཤྭ་རྡི་ཀྲོ་ཏི་ཧཱུཾ༷་ཕཊ།པརླེ་ཤཱ་རྡི་ཀྲོ་ཏི་ཧཱུཾ༷་ཕཊ།ཀརྨེ་ཤཱ་རྡི་ཀྲོ་ཏི་ཧཱུཾ༷་ཕཊ།བཛྲ་ཨ༷་ཀུ་ཤ་ཛ༷༷།བཛྲ་བཱ་ཤ་ཧཱུཾ༷།བཛྲ་སྤྲོ་ཊ་བ༷།བཛྲ་ཀྟཎྜ་ཧོ༷༷།ས་ནཱ་ཛ༷༷།ཨེ་གྱེ་ཧི་བྷ་ག་ལྷུན།མ་ཧྭ་ཀ་རུ་ཁི་ཀྭ་བཛྲ་དྷ་ཏུ་ས་པ་རི་ལྷུ་ར་ཛ༷༷ཧཱུཾ༷་བ༷་ཧོ༔།ས་མ་ཡ་སྟུ༷།ཨ་ཏི་པུ་ཧོ།པྲ་ཏི་པུ་ཧོ།ས་མ་ཡ་སྟུ༷།ཨོན་མ༔སརྦ་ཏ་ཐུ་ག་བཛྲ་་པེ་པྱུ་ཛ་མེ་བྷ་ས་མུ་དྲ་ཡ་རཏྣ་ས་མ་ཡེ་ཧཱུཾ༷།ཨོན་མ༔སརྦ་ཏ་ཐུ་ག་ཏ་བཛྲ་ཇོཁྲེ་པྱུ་ཛ་མེ་བྷ་ས་མུ་དྲ་ཡ་རཏྣ་ས་མ་ཡེ་ཧཱུཾ༷། ཨོ་ན་མ་སརྦ་ཏ་ཐུ་ག་ཏ་བཛྲ་ཨུ་ལོ་ཀེ་བྱུ་ཛ་མེ་ཀྟ་ས་མུ་དྲ་ཡ་རཏྣ་ས་མ་ཡ་ཧཱུཾ༷། ཨོ་ན་མ༷༷སརྦ་ཏ་ཐུ་ག་ཏ་བཛྲ་གརྙེ་བྱུ་ཛ་མེ་ཀྟ་ས་མུ་དྲ་ཡ་རཏྣ་ས་མ་ཡེ་ཧཱུཾ༷། ཨོ་ན་མ༷༷སརྦ་ཏ་ཐུ་ག་ཏ་བཛྲ་ནི་ཝི་བྱེ་པུ་ཛ་མེ་བྷ་ས་མུ་དྲ་ཡ་རཏྣ་ས་མ་ཡེ་ཧཱུཾ༷། ཨོ་ན་མ༷༷སརྦ་ཏ་ཐུ་ག་ཏ་བཛྲ་ཤབྷ་པྱུ་ཛ་མེ་ཀྟ་ས་མུ་དྲ་ཡ་རཏྣ་ས་མ་ཡེ་ཧཱུཾ༷། མ་ཧྭ་པ྅་ཨ་སྐྲོ་ཏ་པྱུ་ཛ་ཁུ་ཧི་ཁུ་ཧི། པ྅་ཨ་སྐྲོ་ཏ་ཁ་ཁ་ཁུ་ཧི་ཁུ་ཧི། མ་ཧྭ་རཀྟ་ཁྱ་ཧི་ཁུ་ཧི། ཨོ་པདྨ་སུ་ཁ་བོ་དྷི་ཙིཀྟ་སྲུ་ཧྭ། ཨོ་མ་ཧྭ་རཀྟ་ཁུ་ཧི། མ་ཧྭ་བཱ༷་ས་ཁུ་ཧི། མ་ཧྭ་ཙིསྟ་ཁུ་ཧི། མ་ཧྭ་བ་སུ་ཏ་ཁུ་ཧི། མ་ཧྭ་ཀོ་རོ་ཙ་ན་ཁུ་ཧི། མ་ཧྭ་པརྩི་ཨ་མྲི་ཏ་ཁུ་ཧི། ཀེ་ནི་རི་ཏི་ཁུ་ཧི། མ་ཧྭ་བ་ལི་ཏ་ཁུ་ཧི་པི་པ་ཧོ། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལས། སྔགས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚོགས་ཀྱི་མཆོད་པ་དང་། བསྙེན་པའི་རིམ་གཉིས་བཤད་དོ། །ལོངས་སྤྱོད་ཏྲ༷་ལ་ཧྲི༷༷ཡིས་བསངས ཨ༷༷ཡིས་སྦྱངས་ལ་འདོད་ཡོན་གྱིས། །ལྷ་མོའི་ཚོགས་སུ་བྱིན་གྱིས་བརླབས། ཨོ་སརྦ་བི་ཤུད་རྙོ྅ཧ༷། ཨོ་མ་ཧྭ་རཏྣ་ཀ་མ་ལ་དྷི་བི་ཤུསྟེ་ཧཱུཾ༷། །ཧཱུཾ༷་རང་བཞིན་རྣམ་དག་ངང་ཉིད་ལས། །སྤྲུལ་པའི་ཁྲོ་བོ་མི་བཟད་པ། །པདྨ་དབང་ཆེན་དཀྱིལ་འཁོར་ལྷ། །ལོངས་སྤྱོད་ཚོགས་ལ་གཤེགས་སུ་གསོལ། །པདྨ་ཀ་མ་ལྭ་ཡ་སྟུ༷་ཧཱུཾ༷་ཛ༷༷། །ཧཱུཾ༷་སྤྲུལ་པའི་ཁྲོ་བོ་འབར་བ་ཡིས། །ཞིང་བཅུ་མ་ལུས་ཐམས་ཅད་དང་། །འཁོར་བའི་ཉོན་མོངས་རྒྱ་དབྲལ་ནས། །དུག་ལྔ་དབྱིངས་སུ་བསྒྲལ་བར་བྱའོ། །བཱ་ར་ཡ་ཕཊ། །དང་པོར་བར་དང་ཐ་མ་ལ། །བསྟོད་དང་གཤེགས་དང་བསྟབ་པ་བྱ། །ཧཱུཾ༷་མཛེས་སྡུག་གཟུགས་ཀྱི་མཆོད་པ་འདི། །དབང་ཆེན་དཀྱིལ་འཁོར་སྤྱན་ལ་འབུལ། །སྤྱན་གྱི་ཐུགས་དམ་སྐོང་གྱུར་ཅིག །གཟུགས་ཀྱི་མཆོད་པ་བཞེས་སུ་གསོལ། །སྙན་པ་སྒྲ་ཡི་མཆོད་པ་འདི། །དབང་ཆེན་དཀྱིལ་འཁོར་སྙན་ལ་འབུལ། །སྙན་གྱི་ཐུགས་དམ་སྐོང་གྱུར་ཅིག །སྒྲ་ཡི་མཆོད་པ་བཞེས་སུ་གསོལ། །དྲི་ཞིམ་ངད་ཀྱི་མཆོད་པ་འདི། །དབང་ཆེན་དཀྱིལ་འཁོར་ཤངས་ལ་འབུལ། །ཤངས་ཀྱི་ཐུགས་དམ་སྐོང་གྱུར་ཅིག །དྲི་ཡི་མཆོད་པ་བཞེས་སུ་གསོལ། །རོ་མངར་ཞལ་ཟས་མཆོད་པ་འདི། །དབང་ཆེན་དཀྱིལ་འཁོར་ལྗགས་ལ་འབུལ། ལྗགས་ཀྱི་ཐུགས་དམ་སྐོང་གྱུར་ཅིག །རོ་ཡི་མཆོད་པ་བཞེས་སུ་གསོལ། །འཇམ་པ་རེག་བྱའི་མཆོད་པ་འདི། །དབང་ཆེན་དཀྱིལ་འཁོར་སྐུ་ལ་འབུལ། །སྐུ་ཡི་ཐུགས་དམ་སྐོང་གྱུར་ཅིག །རེག་བྱའི་མཆོད་པ་བཞེས་སུ་གསོལ། །གཟུགས་ཀྱི་ལྷ་མོ་སྐུ་མདོག་དཀར། །གཟུགས་ཀྱི་ལོངས་སྤྱོད་སྣ་ཚོགས་འཛིན། །དབང་ཆེན་ཁྲོ་བོའི་སྤྱན་ལ་འབུལ། །སྒྲ་ཡི་ལྷ་མོ་སྐུ་མདོག་སྔོ། །སྒྲ་ཡི་ལོངས་སྤྱོད་སྣ་ཚོགས་འཛིན། །དབང་ཆེན་ཁྲོ་བོའི་སྙན་ལ་འབུལ། །དྲི་ཡི་ལྷ་མོ་སྐུ་མདོག་སེར། །དྲི་ཡི་ལོངས་སྤྱོད་སྣ་ཚོགས་འཛིན། །དབང་ཆེན་ཁྲོ་བོའི་ཤངས་ལ་འབུལ། །རོ་ཡི་ལྷ་མོ་སྐུ་མདོག་དམར། །རོ་ཡི་ལོངས་སྤྱོད་སྣ་ཚོགས་འཛིན། །དབང་ཆེན་ཁྲོ་བོའི་ལྗགས་ལ་འབུལ། །རེག་བྱའི་ལྷ་མོ་སྐུ་མདོག་ལྗང་། །རེག་བྱའི་ལོངས་སྤྱོད་སྣ་ཚོགས་འཛིན། །དབང་ཆེན་ཁྲོ་བོའི་སྐུ་ལ་འབུལ། །བར་བ་གོང་གི་བཤགས་པ་བྱ། །ཐ་མ་ལིསྐོ་བསྟབ་པ་བྱ། །ཧཱུཾ༷་ཤ་ཁྲག་རུས་པ་ནང་ཁྲོལ་མཁྲིས། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་མཆོད་པ་འབུལ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་དངོས་པོར་བཞེས་སུ་གསོལ། །སྙི༷༷བདག་ཉིད་ཁྲོ་རྒྱལ་རྟ་མཆོག་དཔལ། །ཐུགས་ཀར་པདྨ་འདབ་བརྒྱད་ཀྱི། །གེ་སར་ལ་ནི་སྙིང་པོ་སྙི༷༷། །འདབ་མ་བརྒྱད་ལ་སྔགས་ཀྱིས་བསྐོར། །འོད་འཕྲོས་བདེ་གཤེགས་རྣམས་ལ་ཐིམ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་བསྡུས། །སེམས་ཅན་སྒོ་གསུམ་སྒྲིབ་པ་སྦྱངས། །དེ་ལྟར་གསལ་བས་རྒྱུན་དུ་བགྲངས། །མཆོད་པ་གསུམ་ཡར་འཛབ་བསྟོད་བྱ། །སྐུ་ཉིད་དངོས་སུ་མཐོང་བའམ། །སློབ་དཔོན་ཉི་ཟླ་མགོ་ལ་འཆར། །རྫས་ལ་མེ་འབར་འོད་འཕྲོ་ཞིང་། །སྒྲུབ་ཁང་གཡོ་འགྱུར་སྒྲར་ཆེན་འབྱུང་། །པདྨའི་སྡོང་པོར་བདག་འདུག་དང་། །སྣང་སྲིད་མེ་ཏོག་པདྨས་ཁེངས། །སངས་རྒྱས་ཉག་གཅིག་ཆོས་ཉན་པ། །མི་ཉམས་མངོན་སུམ་ཕྱི་ནང་གསང་། །མཐོང་ནས་དངོས་གྲུབ་དམ་རྫས་བླང་། །དག་པོའི་ལས་རྣམས་ཀུན་ལ་སྦྱར། །མཚན་མ་མ་མཐོང་ལས་རྩོམ་པ། །འཇའ་ཚོན་སྦར་འཛིན་དོན་མེད་ཡིན། །སྣྲི༷༷པདྨ་རིགས་ཀྱི་ཁྲོ་རྒྱལ་མཆོག །དབང་ཆེན་པདྨ་ཧེ་རུ་ཀ །མི་བཟད་ཁྲོ་བོ་རྟ་མཆོག་དཔལ། །དབང་དྲག་སྟོབས་ཆེན་རྗོམ་བརྗིད་ག་། །སྐུ་མདོག་དམར་ནག་བརྗིད་ཅིང་འགྱིང་། །དབུ་གསུམ་རྣམ་ཐར་གསུམ་ཡང་སྟོན། །ཕྱག་དྲུག་རྒྱུ་དྲུག་རྩད་ནས་གཅོད། །ཞབས་བཞི་འཁོར་བའི་ཆོས་བཞི་སྒྲོལ། །དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། །རྟ་མགོ་ལྗང་ཞུར་རྟ་སྐད་མཚེར། །མེ་དཔུང་འབར་བའི་ཀློང་ན་བཞུགས། །རྔམ་པའི་ང་རོ་འབྲུག་སྟོང་སྒྲོག །དྲེགས་པ་ཕོ་མོ་དབང་དུ་སྡུད། །དབང་ཆེན་སྐུ་ལ་ཕྱག་འཚལ་བསྟོད། ཧཱུཾ༷་ཁྲོ་རྒྱལ་རྔམ་པའི་རྟ་མཆོག་དཔལ། །དཔལ་གྱི་སྐུ་གསུང་ཐུགས་མཆོག་ལས། །མཆོག་གི་དངོས་གྲུབ་ཡེ་ཤེས་དབྱིག །དུས་འདིར་རྣལ་འབྱོར་བདག་ལ་སྩོལ། །ཨོ་པདྷརྙ་ཀྲིཏ་པཏྲེ་ཤཱ་རི་མ་ཧྭ་ཀྲོ་ཏ་ཧ་ཡ་སྙི་ཝ། མ་མ་དྲག་མོ་དུན་ཏིང་ཧྲི་ཧྲི་ཧཱུཾ༷་ཛ༷༷། ཨོ་པདྨ་ཀྲོ་ཏ་ཀྭ་ཡ་ལྷུ་ཀ་ཙིསྟ་སིརྙི་ཨ་ལ་ལ་ཧོ། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལས།བསྙེན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་དྲག་པོའི་ལས་འདི་བཤད་དོ། །སྟེགས་བུའི་དབུས་སུ་དྲག་པོའི་ས། །ཕུང་ས་གསུམ་གྱིས་འབྲུབ་ཁུང་བརྩིག །ཁྲུ་གང་མཐོ་གང་དཔངས་སུ་བྱ། །ཕྱི་རུ་ཁྲག་ནི་སྣ་ཚོགས་བྱུག །ནང་དུ་རྒྱ་སོལ་དུག་སྣ་བྱུག །ཁ་ཁྱེར་གྲངས་མེད་རྩང་གིས་བསྐོར། །རྟེན་དྲུག་ལིསྐོ་སོར་བརྒྱད་ལ། །མིང་རུས་གྲོ་ག་སྙིང་གར་བསླན། །ཚ་བ་གསུམ་དང་དུག་སྣས་བྱུག །དབང་པོ་དོད་བྱས་བྱད་དུ་གཞུག །སྲུབས་དྲུག་ཐོད་པ་དོང་དུ་གནག །བདག་ཉིད་དབང་ཆེན་འཁོར་རྣམས་བསྐྱེད། །སྤྲུལ་པའི་ཁྲོ་བོ་བཞི་པོ་ལས། །ཡང་སྤྲུལ་ཁྲོ་ཆུང་བསམ་མི་ཁྱབ། །ལྕགས་ཀྱུ་ཞགས་པ་ཕྱག་ན་བསྣམས། །ཁྲོས་པས་བརྣག་པའི་སྙིང་སྐེ་བཟུང་། །གཟུགས་ལ་རང་དབང་མེད་པར་བསྟིམ། །སུམ་ཡར་བསྐུལ་ཞིང་གཞུང་ཡང་བསྲང་། །བྲུན་གསུམ་གཤོབ་གཉིས་མུ་ཟི་དང་། །གུ་གུལ་བདུག་པས་ལྷ་དང་དབྲལ། །སྟོང་དང་བཅུ་རུ་ཤེས་པར་བྱ། །དགྲ་བོ་དངོས་སམ་ཁོ་ཡི་ཕྱུགས། །དུད་འགྲོ་འཆིང་བཀྱིགས་སྐྱེ་ཤིང་གཅོད། །མ་ཕྱུང་བར་དུ་དགུག་ཅིང་དབྱེ། །རྟགས་བྱུང་གསོད་པའི་ལས་བྱའོ། །དེ་དག་དྲག་སྔགས་འདི་ལྟ་སྟེ། །ཨོ་བཛྲ་ཀྲོ་ཏ་ཙཎྜ་རྭ་ ག །པདྷརྙ་ཀྲིཏ་ཧ་ཡ་རྒི་བ་ཧུ༷་ལུ་ཧུ་ལུ་ཧཱུཾ༷་ཕཊ། མ་མ་ཤ་རི་པདྨ་རཀ་ཤ་སྨྱོ། ཀྲོ་ཏ་ཐུམ་རིལ་རག་ཤ་སྲོག་ལ་སྨྱོ། །དྲི་ཨ༷་ཀུ་ཤ་ཛ་ཛ། སྲོག་ལ་ཁུག ས་མ་ཡ་ཛ། དྷི་བ་པྲ་བེ་ཤ་ཕཊ་ཕཊ། དེ་ནས་བསད་པའི་སྦྱོར་བ་ནི། །རབས་ཆད་ནག་པོའི་ཀ་བཱ་ལ། །ཡུངས་ཀར་ཉུང་ནག་སྐྱེ་ཚེ་དང་། །དུག་བཞི་ཁྲག་ལྔ་ཐལ་ཆེན་དང་། །ཚེར་མ་སྣ་ཚོགས་གཅན་གཟན་སྡེར། །མཚོན་ཆ་སྣ་ཆོགས་མེ་སྟག་རླབ། །རྒྱབ་ནས་གཟུགས་ལ་ཐུན་བྲབ་པས། །མེ་སྟག་མཚོན་ཆ་རྩ་སྲོག་གཅོད། །ཁྲག་སྐམ་ལུས་དང་ཤེས་པ་དབྱེ། །བསྐུལ་དང་མཆོད་པ་སུམ་ཡར་བྱ། །དགྲ་བོ་དངོས་བསད་ཤ་ཟོས་སམ། །ཁོའི་ཕྱུགས་དངོས་བསད་རང་ཉིད་བྱེད། །དུད་འགྲོ་བསད་པའི་ཤ་སྐྱེལ་བ། །མཚན་མ་མཐོང་ནས་ལིདྷ་དྲིལ། །ལྷ་འདྲེ་ཆེ་བའི་ས་རུ་མནན། །འབྱུང་བ་ལྟོ་གཤགས་འོག་ཏུ་བརྣག །འབྱུང་བ་རིམ་བརྩེགས་རི་རབ་དང་། །དབང་ཆེན་པདྨའི་ཕོ་བྲང་གདབ། །ཐུན་ནི་ཟོར་འཕངས་ནད་སྣར་དབབ། །སྲོག་ཆགས་ཕུང་ཞིང་རླག་པར་བྱེད། །དེ་དག་ངན་སྔགས་འདི་ལྟ་སྟེ། །སྙི་ཧ་ཡ་རྒི་བ་རག་ཤ་རྦད། ཐུན་བསོད་པདྷརྙ་ཀྲིཏ་ཏ་དགྲ་བོ་ཆེ་གེ་མོའི་སྙིང་ལ་ཐུན་རྦད། མ་མ་རག་ཤ་དགྲ་བོའི་སྲོག་ལ་ཐུན་རྦད། ཏྲག་མོ་རྩལ་ཐུར་སྙིང་ལ་ཁས་རྦད་སྙིང་ཐུར་ཁས་རྦད། ཀྲོ་ཏ་རག་ཤ་དྷ་ར་དགྲ་བོའི་སྙིང་ལ་རྦད་ཐུན། །མྱ་ར་ཡ་རྦད། སྟ༷་བྷ་ཡ་ནན། ཤ་ཏྲུ༷་ནན། ཐུམ་རིལ་ཧ་ན་ཧ་ན་ཙིསྟ་ལ་བྲེང་། ཤག་ཧྲི་སྨྱོ་སྨྱོ། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལས། །ཐུན་གྱིས་བསད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་སྔགས་བདུན་པའི་འཁོར་ལོ་མནན་གཏད་འདི་བཤད་དོ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དྲག་པོའི་ཁྱིམ་གང་མཚོན་ཆ་མངག །དུར་ཁྲོད་རས་ལ་དུག་སྣས་བྱུགས། །ཁྲག་སྣ་ཚོགས་ཀྱིས་འཁོར་ལོ་བྲི། །དབུས་ནས་ཐིག་བསྐོར་རིམ་པ་གསུམ། །དབུས་སུ་གྲུ་གསུམ་ཟླ་གམ་གསུམ། །ཕྱི་རོལ་འཁོར་ལོརྩིབསཆེནབདུན། །མཐའ་མར་མེ་རི་ར་བས་བསྐོར། །དབུས་སུ་ལིདྷ་མིང་རུས་བརྣག །ཟླ་གམ་གསུམ་ལ་སྲུང་བའི་སྔགས། །རྩིབས་བདུན་དྲག་སྔགས་མཚོན་པ་རེ། །མེ་རི་མནན་དང་འཕང་སྔགས་དང་། །ཁ་སྦྱོར་ཡབ་ཡུམ་ལྟོ་བ་བཅའ། །དོང་བརྩེགས་མཁའ་ལ་ལྡིང་དུ་གཞུག །ཡུངས་ཀར་ཁྲག་སྣ་དུག་སྣས་བྱུག །སུམ་ཡར་མཆོད་བསྐུལ་བཏགས་ལ་དབབ། །ཐོན་ནས་ལིདྷ་འཁོར་ལོ་བཅས། །གདུག་པ་ཅན་གྱི་སྙིང་ལ་གཏད། །བླ་སོགས་མཚོན་ཆས་དབུས་སུ་བསྟིམ། །ལྷ་ཡི་དབང་པོའང་སྒྲོལ་བར་ངེས། །དེ་དག་དྲག་སྔགས་འདི་ལྟ་སྟེ། །ཨོ་ཧྲི་པདྨ་བྷརྙ་ཧྲི་དབང་། ཧྲི་ཙཎྜརསྒ་སྲོག་ལ་རྦད། ཧྲི་པདྨརྙ་ཀྲིཏ་སྙིང་ལ་རྦད། ཧྲི་ཧ་ཡ་རྒི་བ་ནཱ་ར་ཡ་རྦད། ཧྲི་བ་མོ་དྷ་ཡ་རྭ་ག་མུ་ར་ཡ་རྦད། མ་མ་སྒག་ཤིག་ཙིསྟ་ལ་རྦད་སྦྱོ། ཀྲོ་ཏ་རསྒ་དགྲ་བོའི་སྲོག་ལ་བཱ་ར་ཡ་རྦད། རྦད་ནན་སྨྱོ། །གསད་པ་རྦད་ལ་མནན་པ་ནན། །འཕང་ལ་སྨྱོ་ཞེས་ཡུལ་ལ་མངག །དྲག་སྔགས་བདུན་པའི་འཁོར་ལོ་བཤད། །གཞན་ཡང་དུས་ཀྱི་སྙིགས་མ་ལ། །ཞེ་སྡང་རྦོད་གཏོང་དྲག་པོ་འཁྲུགས། །སྔགས་པ་ནང་དམེ་བྱེད་པའི་ཚེ། །དམེ་ཐབ་དམར་པོའི་དྲག་སྔགས་མངག །འདི་ཡི་སྦྱོར་བ་འདི་ལྟ་སྟེ། །རྟེན་དྲུག་ལིསྐོ་སོར་བཅུ་གཉིས། །དབང་པོ་དོད་པའི་སྙིང་ག་སྲ །ཞིང་ཆེན་པགས་པའི་གཟུགས་བྲིས་ཏེ། །དུག་དང་ཚབ་གསུམ་གྱིས་བྱུག །དཔྲལ་བར་རུས་ལ་སྙིང་གར་མིང་། །ལྟེ་བར་ལྷ་སྲུང་ཡོད་ཚད་བྲི། །མཐའ་མར་དྲག་སྔགས་མཚོན་ཆས་བསྐོར། །འཁོར་སྔགས་ཡན་ལག་བཞི་ལ་དགོད། །སྙིང་གར་བཅུག་ལ་མོན་ཐོད་མནན། །དོང་དུ་བཅུག་ལ་ཐུན་གྱིས་བྲབ། །འཁོར་ལོ་དང་བཅས་ཕུར་པས་གདབ། །སུམ་ཡར་མཆོད་བསྐུལ་འབུམ་གསུམ་བཟླས། །ཐོན་ནས་འཁོར་ལོ་ཐོད་པར་གཞུག །ཁོ་ཡི་མཁར་གྱི་འགྲམ་ལ་སྦ། །ཁོ་ཡི་ལྷ་སྲུང་བདུད་དུ་བབས། །དེ་ཡི་དྲག་སྔགས་འདི་ལྟ་སྟེ། །ཧྲི་པདྨ་མ་ཧྭ་ཤི་ཧེ་རུ་ཀ །སྒྲི་ཡ་ཧ་ཏ་ཀྲོ་བཛྲ་མ་སད་ཀྲོ་པ་ཏ་ར་ཙག་ཤོག་རག མ་མ་རི་ཤྭ་ཤ་རག ་ག་ཏ་ཏོ་ཏྲིད་པདྨ་ཤི་ཧེ་རུ་ཤད་ཤདཛ་ཕཊ། དགྲ་བོ་ཙིཏི་པྲ་མ་ཡ་ཐུམས་རྦད། སྲོག་བཱ་ར་ཡ་རྦད། །མུ་ར་ཡ་སོད། མ་ཧྭ་བ་ལ་པདྷརྙ་ཀྲིཏ་སུ༷་ལ༷་ཁ༷་པ༷་སྟམ་བྷ་ཡ་ནན། པདྨ་ཤི་ཧེ་རུ་ཀ་མ་ཧྭ་ཀྲོཏ་པདྷརྙ་ཀྲོཏ་ཙཎྜ་རྭ་ག་བ་ཤ༷་མྱ་ར་ཡ་ཀི་ལི་ཀི་ལ་ཡ་ཧཱུཾ༷་ཕཊ།དུག་གསུམ་ཁྲག་སྣ་འབྲུ་གསུམ་བརྡེག །གྲི་ལྕགས་སེང་ལྡེང་ཕུར་བུ་ནི། །ཁྲོ་ཞལ་པདྨའི་དཔལ་ལྡན་བརྡེག །སྔགས་པ་ནང་རྒྱས་སྦྱོར་བར་བཤད། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལས། འཁོར་ལོ་ནང་རྒྱས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལོ་ཏོག་གཞོམ་པ་འདི་བཤད་དོ། །བསྟན་པ་གཉན་པོ་བགྲུང་བའི་ཕྱིར། །སྐྱིན་ཐང་ཆུ་འཁྱགས་སྦྱོར་བ་རྩོམ། །སྔོན་དུ་རྩ་བའི་དྲོད་ཐོན་པས། །མཎྜལ་དང་ནི་འབྲུབ་ཁུར་ལ། །གང་འབེབས་པ་ཡི་རྫས་ཀྱི་བྱུག །དོང་བུར་མི་ར་རྟ་ཁྱི་ཕག །འབྲུ་གསུམ་ཐུན་བྱས་མི་མཛོ་རྟའི། །ཐོད་པར་ཡུལ་རྫས་མིང་དང་དབྱིབས། །སེར་བསྲུང་འོག་ཏུ་ཐུན་རྣམས་བརྣག །བདག་ཉིད་དོང་བུ་ནམ་མཁའ་ལ། །གཞལ་ཡས་ཁང་དུ་དཀྱིལ་འཁོར་བསྐྱེད། །སྤྲིན་གཏིབ་གློག་འཁྱུག་འབྲུག་སྒྲ་སྒྲོག །བུ་ཡུག་འ་་ཅིང་སེར་བ་འབེབས། །གསལ་བའི་མཆོད་པ་སུམ་ཡར་འབུལ། །ཐུན་ནི་རྡོར་དང་རྟ་ལ་བྲབ། །སྐྱ་ཤར་ལུག་ཁྱུ་སེར་བ་འདྲིལ། །རྐང་འབེབས་འཁྱགས་པ་ལོ་ཐོག་སྔ། །དེ་མཐོང་རྡ་མ་ཡུལ་དབུས་བཙན། །ཀླུ་གཉན་གདུག་པ་ཅན་ལ་གཏད། །དེ་ནས་ཐུན་གསུམ་ཟོར་ལ་བྲབ སུམ་ཡར་བསྐུལ་ཞིང་མཆོད་པ་འབུལ འབུམ་བཟླས་སེར་བའི་དུས་རྣམས་སུ། །ངན་སྔགས་བདག་མོ་རྣམ་བཞི་དང་། །ཁྱབ་འཇུག་ཆེན་པོ་ལས་ལ་མངག །དེ་ནས་དུས་བརྒྱད་གང་རུང་ལ། །ཟོར་འཕངས་བསྐུལ་དང་དྲག་ཏུ་རྦད། །གལ་ཏེ་དེས་ཀྱང་སྟོབས་ཞེན་ན། །ཀླུ་གནས་ཆུ་མིག་གཉན་པོ་མྲ །མེ་སྦར་ཟོར་བསྐོལ་ལོ་ཐོག་བསྲེག །ཚིལ་བཞི་འབོག་དང་མུ་ཟི་བསྲེག །ཐབ་བྱས་ཐལ་འཇིམ་ཕྱོགསབཅུར་ག༷ཏོར། །དེ་ནས་སྐྱིན་ཐང་གདོན་མི་ཟ། །དེ་ནས་ངན་སྔགས་འདི་ལྟ་སྟེ། །ཨོ་པདྷརྙ་ཀྲིཏ་ཕྲོ༷་ཕྲོ༷། ཙཎྜརྭ་ག་ཕྲོ༷་ཕྲོ༷། །ཧ་ཡ་གི་ཝ་ཕྲོ༷་ཕྲོ༷། མ་མ་་ག་རསྒ་ཕྲོ༷་ཕྲོ༷། ཧུ་ལུ་ཧུ་ལུ་ཕྲོ༷་ཕྲོ༷། བཛྲ་རག་ཤ་ག་ཏེ་ཕྲོ༷་ཕྲོ༷། མ་ར་ཙ་ཤ་ཕྲོ༷་ཕྲོ། ཧྲིལ་ཧྲིལ་ཤར་ཤར། སྒག་ཏུ་ཧྲིལ་སྨྱོ། །ཧྲི་ལ་ཕྲེལ་རྭ་ཧུ་ལ་བཛྲ་ཡག་ཤ་ཡ་མ་སྙིང་། ཡ་མ་ཁྲག་ཧྲིལ་ཤར། ལོ་ཐོག་ལ་ཕོབ། མ་མ་ཁྲག་ལ་མུ་ཤ་མ་སྙིང་རྩ་ཤ་མ་མ་སྨྱོ། མ་མ་རྭ་ཙ་ཤ་ཧྲིལ་ཐིམ་འུར་ཡ༷་ཏྲ༷་སིབ་སྨྱོ།ལོ་ཐོག་ལ་ཕོབ། ཨོ་ཧྲི་བ་ཤ༷་ཀུ་རུ་པདྨ་ཤི་ཧེ་རུ་ཀ ཧ་ཡ་རྒི་པ་པདྨ་རྭ་ག་ཙསྡོ་ཧྲི། ནཱ་ག་ཤུ་ལ། དྷི་བ་ཏྲི་གནན། ལོ་ཐོག་ལ་བྷ་རི་ཤ་རྦད། ཧ་ན་ཧ་ན་ཤར་ཕོབ་ཡ། གཞན་ཡང་གནམ་ཐོག་དབབ་པ་ནི། །གྲི་བོའི་ཐོད་པ་དམར་ཆོད་དུ། །མོན་ཚིལ་རྟ་ཚིལ་འབྲི་དུག་པ། །གྲི་ཁྲག་སྣ་ཚོགས་གྲི་ཐོགས་ལྕགས། །བྱ་ཡི་རྐང་རུས་བྱི་ལའི་གཅིན། །གླིང་དྲུག་ཐོད་པས་སྟེང་ནས་དགབ། །གསེར་རྒོད་ཕུང་རྒོད་དཀྲུག་སྔགས་བྲི། །བཀའ་བསྟོད་ལྔ་བཅས་དཀྱིལ་འཁོར་བསྐྱེད། །ཡུངས་ཀར་ཡུངས་ནག་བྲབ་ཅིང་བཟླས། །རྫས་རྣམས་ཁོལ་འཕེལ་འཆད་འཚེགས་ན། །གྲི་མདས་ཞབས་ནས་རློགས་ཏེ་འཕང་། །ཐོད་མཁར་འགྲམ་ལ་རྟ་དམར་སྦ། །མེ་དང་ལྕགས་ཀྱི་གཟའ་ལ་ རྩོམཡངརྩི། །གནམ་ལྕགས་འབར་བ་ངེས་པར་འབབ། །དེ་ཡི་དྲག་སྔགས་འདི་ལྟ་སྟེ། །ཧྲི་ར༷་བ་ཤ༷་ཀུ་རུ་པདྨ་བྷརྙ་བ་དྷི་བ་ཙཎྜརྭ་ག་པདྨ་ཏི་ཛ་ལ་ར༷། ཡ་མ་ཤ་རི་སྒག་རག་ཁྲག་ལ་རྔུབས་ཛྲ་ལ་ར༷། རྭ་ཧུ་ལ་པི་པི་བཛྲ་ཡ་ག་ཛ་ལ་ར༷། མ་མ་ཁྲག་ལ་མུ་ཤ་ཛ་ལ་ར༷། མ་མ་ཁྲག་ལ་མུ་ཤ་མ་སྨྱོ། ཙ་རམ་ཤ་ཛ་ལ་ར༷། བཛྲ་ཤད་ཤད་དགྲ་བོའི་སྲོག་ལ་རྦད་ར༷། །ཐོག་ཐོག་གནམ་ལྕགས་ཨུར་མོ་དགྲ་བོའི་སྲོག་ལ་སྨྱོ་སྨྱོ། མྱ་ར་ཡ་རྦད། ཕོབ་ཕོབ། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལས། ཐོག་སེར་དབབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བསྲུང་གཟིགས་ཀྱི་སྦྱོར་བ་འདི་བཤད་དོ། །རྣལ་འབྱོར་རང་བསྲུང་འཁོར་བསྲུང་བས། །གདོན་ཆེན་བཙན་ཐབས་གཟིར་བ་ཡིས། །ལས་ཀྱི་འཁོར་ལོ་འདི་ལྟ་སྟེ། །རྒྱ་ཤོག་དུག་དང་ཚ་བས་བྱུག །དབུས་སུ་གྲུ་གསུམ་ཟླ་གམ་གསུམ། །གྲུ་གསུམ་གདོན་ལ་ཟླ་གམ་སྟོང་། །ཕྱི་རོལ་ལྕགས་མཁར་རྩ་བའི་སྔགས། །ཡང་ལོགས་རྩིབས་ལ་སྐྲུ་གྲི་དགོད། །ཁ་སྦྱར་ཡབ་ཡུམ་ལྟོ་བར་བཅའ། །གང་གནོད་རྫས་ལ་ལིསྐོ་བཅའ། །མིང་རྟ་ཐོ་མོ་སྙིང་གར་བརྣག །ཐོད་ཆེན་བཅུག་པ་དོང་དུ་བརྣག །ཡུངས་ཀར་དུག་བྲབ་གུ་གུལ་དང་། །དུག་གསུམ་དང་ནི་མུ་ཟི་དང་། །བྲུན་གསུམ་ཚིལ་གསུམ་གཞོབ་པས་བདུག །ཏིང་འཛིན་གསལ་བའི་ཕུར་བུ་གདབ། །ཁྲོ་ཚོགས་འོད་ཟེར་གཟིར་མྱོས་བརྒྱལ། །གང་གདོན་བསྐྱེལ་བ་གདན་དུ་འདིང་། །མཐོང་ནས་བཀའ་རྟེན་མགོ་ནས་མནན། །ཀླུ་གཉན་ས་བདག་ཟུག་པ་ལ། །ཕག་ཚིལ་སྦྲུལ་བྲུནཡིནནམདང་གླ་རྩི་བྱུག །ག་པུར་མངར་གསུམ་བཟང་དྲུག་རྣམས། །སྐར་ཆུ་དང་སྦྱར་ཁོང་དུ་གཏང་། །གོང་གི་རྫས་བདུག་གང་གནོད་པར། །ཚ་ཚོགས་སྦོང་ལ་སྦྱར་ལ་བྱུག །ཁ་དམར་གླང་དམར་ཆུས་སྦྱར་གཏང་། །སྙིང་ལ་དུད་ཐུན་ཕུར་པས་གདབ། །སྲིའུར་རིན་ཆེན་སྣ་ལྔ་གདགས། །ཕྱུགས་ནད་སྨན་ལྔ་སྐྱེ་རུ་གདགས། །དེ་དག་གསང་སྔགས་འདི་ལྟ་སྟེ། །ཨོ་པདྨ་ཤི་ཧེ་རུ་ཀ མ་ཧྭ་ཙཎྜརྭ་ག་བ་ཤ༷་ཀུ་སྲ པདྷརྙ་ཀྲིཏ་བཛྲ་ཀྲོ་ཏ་ཧ་ཡ་རྒི་བ་ཙཎྜརསྒ། །མ་ཧྭ་བ་ལ། མ་མེ་ཤྭ་རྡི་པདྨ་ཀྲོ་ཏི་ཧྲི་ཧྲེ། སརྦ་དུཛི༷་ཧྲིག་ནན། ཧ་ན་ཧ་ན་པ་ཙད་ན་ཙིསྟ་རྦད་ནན། མྱག་ཐུམ་རིལ་རྦད། ཧུར་ཐུམ་ཛ། མུ་ར་ཡ་རྦད། སྟམ་བྷ་ཡ་ནན། གཞན་ཡང་ལས་རྣམས་མཐའ་སྡུད་པ། །སྲེག་པ་མེ་ཡི་སྦྱོར་བ་བྱ། །མི་ཐབ་དམར་པོ་གྲུ་གསུམ་ལ། །དུག་ཁྲག་ཚ་བ་གསུམ་གྱིས་བྱུག །གང་གནོད་རྫས་སམ་རྟེན་དྲུག་ལ། །ལིདྨ་སོར་བརྒྱད་གན་རྐྱལ་མནན། །ཡམ་ཤིང་སེང་ལྡེང་མཛོ་མོ་དང་། །ཚེར་གནག་གླང་ཀལ་བྲ་སྐྱེར་སེ། །དུག་རིལ་བག་ཕྱེ་མར་ནག་བཙོས། །མི་རྟ་བྱ་ཕག་ཤ་ཚིལ་ཁྲག །ཡུངས་ཀར་ཉུངས་ནག་སྐྱེ་ཚེ་དང་། །དུག་སྣ་མཚལ་དང་འོ་མ་ཆགས། །མར་ནག་ལ་སོགས་བསྲེག་པའི་རྫས། །བདག་ཉིད་མེ་ཐབས་དཀྱིལ་འཁོར་བསྐྱེད། །མེ་ལྷ་དམར་སེར་ར་ལ་ཞོན། །མེ་དར་ལྕགས་ཀྱུ་བཀའ་བསྟོད་མངགས། །ཞག་གསུམ་ཡར་བསྐུལ་སྔགས་བཟླས་བསྲེག །ཐོན་ནས་ཐལ་འཇིམ་གནོད་པའི་ཁར། །གནན་དང་འཕང་པའི་ལས་བྱའོ། །དེ་ནས་བསད་གཟིར་ལས་འགྲུབ་སྟེ། །དེ་ཡི་དྲག་སྔགས་འདི་ལྟ་སྟེ། །ཨོ་པདྨ་མ་ཧྭ་གྲི་ཧེ་རུ་ཀ །མ་ཧྭ་ཙཎྜཔདྨརྙ་ཀྲིཏ་བྷ་ན་དྷ་ཧ་ཡ་རྒི་བ། ན་མོ་དྷི་བ་ཙཎྜ་རྭ་ག་པདྨ་ཀྲོ་ཏི་ཤྭ་རྡི་མ་མ་ཏྲག་དུན་ཧྲི། བྷ་བ་ཤ་རི་ཀ་ཛ་ལ་ར༷་ཁ་ར༷་ཁུ་ཧི།བཱ་ར་ཡ་ཛ་ལ་ར༷། ཨག་ན་ཡེ་ཛ་ལ་ར༷། པ་ཙ་པ་ཙ། ད་ཧ་ད་ཧ། ཛ་ལ་ར༷་ཛ་ལ་ར༷། མྱ་ར་ཡ་རྦད་ར༷། ཨུ་ཀྲི་ཀྲི་ཏ་ཡ་རྭ་ག་རྭ་ག །ཨ་ཏི་ཨུ་ཏི་ཡ། རྭ་ག་རྭ་ག །པདྨ་བྷ་ན་དྷ་རྭ་ག་རྭ་ག །གྲིཁྲགསྣཚོགསབསྲེགབྱས་ན། །གྲི་རུ་འཆི་བ་གདོན་མི་ཟ། །རིམས་ཁྲག་ཡུངས་མོ་དུག་དེ་བཞིན། །སྦལ་ཤ་བསེ་ཤོམ་ཛེ་ཡིས་འཛིན། །ཆུད་གུ་ཨ་ཆུས་སྦོས་གྲིར་འཆི། །སྒོག་སྐྱ་མུ་ཟི་གུ་གུལ་གྱིས། །གདོན་དུ་སྲུབ་ནས་རིམས་ཀྱིས་འདེབས། །བ་གླང་ལྕི་བ་དང་མ་ཤིང་། །བསེ་ཞོ་གདོན་དེ་ཁྲག་ཏུ་སྒྱུགས། །ཏིལ་དང་མེ་ཏོག་བདུད་རྩི་ཡིས། །རང་གི་བསོད་ནམས་སྐྱེད་པ་ཡིན། །ཁུ་བྱུག་རྩ་ཡིས་ནོར་འཕེལ་ཏེ། །བྱིས་དང་འབྲས་བུ་རིགས་རྒྱུད་འཕེལ། །རུ་ཏ་ཆུ་དག་རྒྱ་སྦོས་དང་། །སྲི་ཡང་ཀུ་དང་ལན་ཚྭ་དང་། །པདྨ་གེ་སར་ནཱ་ག་དབུས། །བསྲེགས་ཏེ་དུད་པས་རང་ལ་བདུག །མི་ཡི་རྒྱལ་པོ་བདག་དབང་འགྱུར། །ཁྲོས་དང་དགྲ་རྐུན་བརྩེ་ཞིང་བྱམས། །བུད་མེད་ཀུན་གྱི་ཡིད་དུ་འོང་། །གཅན་གཟན་གདུག་པ་ཅན་ཀུན་བྱམས། །སྐྱེ་འགྲོ་ཀུན་ཀྱང་བདག་དབང་འགྱུར། །འདྲེ་གདོན་ཀུན་དང་མི་གནོད་བགྲུང་། །དེ་དག་བསྲེག་པའི་ལས་ཡིན་ནོ། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལས། བསྲུང་གཟིར་དང་སྤྱིན་བསྲེག་གི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡུལ་པདྨ་གར་གྱི་དབང་ཕྱུག་མས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །པདྨ་དབང་ཆེན་བཅོམ་ལྡན་འདས། །ཁྱད་པར་ཉེ་བར་དྲག་པོའི་ལས། །འཁོར་ལ་རྒྱས་པར་བཤད་དུ་གསོལ། །ཞེས་གསོལ་བས། བཅོམ་ལྡན་འདས་ཀྱིས་ཁྱད་པར་དྲག་པོའི་ལས་འདི་བཤད་དོ། །སྐྲུ་གྲི་ལྟ་བུའི་སྦྱོར་བ་འདི། །དབེན་ཞིང་ཉམས་དགའི་གནས་དག་ཏུ། །རྩ་བའི་སྦྱོར་བ་རྟགས་རྫོགས་པས། །ཡེ་ཤེས་དཔལ་གྱི་གཏོར་མ་བཅའ། །བཤོས་དུ་དཀར་པོའི་མཁར་ཐབས་ལ། །གཡུ་བད་གསེར་སྒོ་གསེར་གྱི་སྐད་ཁུང་ཅན། །ལྗང་བུ་དཀར་པོ་ར་ལུག་བྱ། །སྙིང་དང་གཟུགས་ཙམ་དེ་ལྟར་བཅའ། ཁྲར་དུ་བཤོས་བུ་གྲུ་བཞི་དཀར། །བ་དན་དཀར་པོ་ར་དཀར་སྙིང་། །ལྷོ་རུ་བཤོས་བུ་གྲུ་བཞི་ལྡེམ། །བ་དན་སེར་པོ་ར་ཡི་སྙིང། །ནུབ་ཏུ་བཤོས་བུ་གྲུ་བཞི་གནག །བ་དན་ནག་པོ་ར་ཡི་སྙིང་། །བྱང་དུ་བཤོས་བུ་ཟུར་གསུམ་སྙིང་། །བ་དན་དམར་པོ་ར་དམར་སྙིང་། །བདག་ཉིད་དབང་ཆེན་དཀྱིལ་འཁོར་ལ། །གྱིང་ལྔ་བཀའ་སྡོད་ལས་ལ་མངག །དམིགས་པའི་བླ་ཚེ་བཀྲག་མདངས་འགུགས། །རྩ་དང་སྲོག་གཅོད་ལུས་སྲོག་འབྲེལ། ཁུ་གསུམ་རྟེན་དྲུག་ལིསྐོ་བརྣག །ཕྱེ་གསུམ་ཡུངས་ཀར་དུག་སྣ་ཁྲག །འབྲུབ་ཁུང་གཟུགས་ལ་སྔགས་ལ་བརྡེག །འོད་དཀར་ཚུབ་ནག་མེ་འབར་གཟུགས་མཐོང་བ། །རང་རང་གཟུགས་ཀྱི་མི་རྟ་ཉེ་བ་ཡིན། །གསོད་པའི་རྟགས་བྱུང་ལིསྐོ་གཉན་སར་མནན། །ཟོར་འཕང་སྨྱོ་འབོག་འཐིབ་དང་གྲི་གཟིར་གསོད། །དེ་དག་དྲག་སྔགས་འདི་ལྟ་སྟེ། །ཨོ་ཧ་ཡ་གྲི་བ་ཧྲི་དབང་པདྨ་བན་དྷ་ཧྲི་དབང་པདྨ་དྷི་བ་ཧྲི་དབང་། །ཙཀྲ་ཨ་བི་ཧྲི། ཙན་དྷ་རསྒ་ཧྲི་དབང་བ་ཤ༷་ཀུ་རུ་ཧྲི་ཛ། རྭ་ཙ་སྲོག་ལ་ཧྲི། ཨ་ཤུག་མེ་རི་སྲོག་ལ་ཛ། ཧྲི་དུན་དུན་བཛྲ་བ་ཏྲི་ཤུ་ལ་སྒྲི་བ་ཙ་པ་ལ་ཨ་ཤུག་ཙ་ཧྲིའི་ཛ། དགྲ་བོའི་སྙིང་ལ་ཁྱེར་སྨྱོ། ཙ་པ་ལ་མི་ཏྲི་ཁྱེར་སྨྱོ། །དྲི་དུན་དུན་སྲོག་ཁུག་ཛ་ཛ། ཨ་ཤུག་རྩ་བ་ལ་སྒྲི་ན་པ་ལ་ཧྲི། ལི་མ་དུན་དུན་ཁི་ཤག་རུ་ཏྲི། དགྲ་བོའི་སྙིང་མྱོག་རྦད། སྙིང་ཁྲག་རྔུབས་དུན་ཡུན་རོལ་ཡ༷་ཡ༷་རྦད། རོ་མྱགས་ཚལ་ཐུམ་ལི་ཏི་ཏི། དགྲ་བོ་བཱ་ར་ཡ་རྦད། ཧྲི་བ་ཡ་ནན། སྟམ་བ་ཡ་ནན། ཁ་ལོང་ཀ་ཆོ་ཧོ་ཐུམ་རིལ་ཤུ་ལ་སད་ཏྲ་དགྲ་བོ་ལ་སྦྱོ། གྱིང་ལྔ་དྲག་པོའི་སྦྱོར་བ་བཤད། །གཞན་ཡང་ཆུ་རྒོད་སྦྱོར་བ་ནི།།སྔོན་དུ་རྩ་བའི་རྟགས་ཐོན་པས། །ཆུ་དར་དང་ནི་རྒྱ་ཤོག་ལ། །དབུས་སུ་ཡུལ་གྱི་སེར་བསྲུང་བྲི། །ཕྱི་རིམ་རྩ་བཞི་འབྲུ་བཞི་དགོད། །ཡང་ལོགས་ཆུ་རིས་ཟླུམ་པོ་ལ། །མིང་སྲིང་བཅས་པའི་དྲག་སྔགས་དགོད། །ཁ་སྦྱར་ཡུལ་གྱི་རྫས་ཀྱིས་བྱུགས། །ཐོད་ཆེན་གང་བཞུགས་དོང་དུ་བརྣག །དོང་བུའི་ཟོར་ཐུན་གོང་བཞིན་བཅས། །མཚན་མ་མཐོང་ནས་ཡུལ་དབུས་ཀྱི། །ཀླུ་ལ་གཏའ་གཞུག་ཟོར་འཕང་བསྐུལ། །སྦོབས་ན་བསྲེགས་ཤིང་ཐ༷བ༷་བྱ་གཏོར། །དེས་ནི་ཆུ་འཁྱགས་ལོ་ལ་འབེབས། །དེ་དག་དྲག་སྔགས་༷འདི༷་ལྷ་སྟེ། །ཨོ་པདྨ་བྷན་དྷ་ཧྲི་དབང་། །ཧ་ཡ་རྒི་བ་ཧྲི་དབང་། །ཙཎྜག་ཤ་༷ཧྲི་༷དབང་། །ཙཎྜག་ཤ་ཧྲི་དབང་། །བ་ཤང་ཀུ་རུ་ཧྲི་དབང་། ཕྲོ་ཕྲོ་ཤར་ཤར་ཡ༷་ཧྲིལ། བཛྲ་ཡག་ཤ་ཡ་མ་སྙིང་མྱོག །ཡ་མ་ཁྲག་རྭ་ཧུ་ལ་ཕྲོ་ཕྲོ་ཧྲིལ་ཧྲིལ་ཤར་ཤར། རྩར་མ་ཤག་རུ་ཏྲི། ཐིབས་རུ་པའི་ཧྲིལ། །རྭ་ཧུ་ལ་ཕྲོ་ཕྲོ། ཡ་མ་སྙིང་མྱོག །ཡ་མ་ཁྲག་ཕྲོ་ཕྲོ་བཛྲ་ཡག་ཤ་ཕྲོ་ཕྲོ། དྲག་ཏུ་ཕོབ་ཕོབ། ཏིཁྱི་ས་མ་ཡ་སྨྱོ། ཙ་ར་རག་སེག་ཏྲ༷་སི་བ་སྨྱོ། ཏྲིལ་ཤར་ཕོབ་ཕོབ། ནཱ་ག་དུ་ལ་ན་ལ་བྷ་ར་ཤས་ད་དྲག་ཏུ་ཕོབ་ཕོབ། དབབ་པ་ཆུ་ཡི་འཁོར་ལོ་བཤད། །གཞན་ཡང་དབང་ཆེན་ལས་མཆོག་ནི། །རི་རྒྱལ་ས་དང་མི་ཡི་རྒྱལ་པོ། བཀའ་རྟེན་བྱིན་ཅན་དུར་ཁྲོད་ཀྱི། །ས་ལ་འབྲུབ་ཁུང་ཟླ་གམ་བྱ། །མཚལ་དང་རྒྱ་སྐྱེགས་ཙསྡེན་བྱུགས། །གང་གནོད་རྫས་ལ་གཟུགས་བྱས་ལ། །མིང་བྱང་སྙིང་པོ་སྙིང་གར་བྲི། །ཐོད་པ་སྲུབས་མེད་ནང་དུ་གཞུག །སེང་ལྡེང་མེས་བསྲོ་ཚོལ་ཆེན་དང་། །མངལ་ཁྲག་ཙསྡོན་རྒྱ་སྐྱེགས་དང་། །གིའུ་ཝང་བསེ་ཞོ་བྱུགས་ཤིང་བཟླས། །མེ་ཏོག་དམར་པོ་མཆོད་ཅིང་གཏོར། །དགྲ་ལ་དེ་བཞིན་རྟེན་དྲུག་གཟུག །དར་དམར་གྲོལ་ལ་སུམ་ཡར་མཆོད། །བདག་ཉིད་པདྨའི་དཀྱིལ་འཁོར་རྫོགས། །སྤྲུལ་པའི་ཁྲོ་ཆུང་དམར་ནག་ནི། །ལག་ན་ལྕགས་ཀྱུ་ཞགས་པ་ཐོགས། །སྣང་སྲིད་ཀུན་ཁེངས་འོད་དུ་འབར། །གང་ལ་དམིགས་པའི་སྙིང་སྐྱེ་བཟུང་། །བླ་སྲོག་དྲངས་ཏེ་གཟུགས་ལ་བསྟིམ། །ཡུལ་གསུམ་གསལ་བས་དྲག་ཏུ་བཟླས། །བསྐུལ་སྔགས་ཐོན་ནས་རང་འོག་སྦ། །གཞན་གྱི་རྦོད་གཏོང་དྲག་པོ་དང་། །སྲིད་པའི་སྤྱི་བགེགས་ཐམས་ཅད་དང་། །གནོད་སྦྱིན་མ་རུངས་པ་ཀུན་དང་། །གཅན་གཟན་གདུག་པ་མཆེ་སྡེར་ཅན། །རྭ་ཅན་ལ་སོགས་མ་རུངས་པ། །ཀུན་ཀྱང་བདག་ལ་དབང་ཉེར་འདུད། །རིན་ཆེན་སྣ་བདུན་འབྲུ་སྣ་ཚོགས། །ཟས་སྣ་ཚོགས་ཀྱི་རྟེན་སྦྱར་ན། །སྣང་སྲིད་ཟས་ནོར་དབང་དུ་འདུ། །དེ་ཡི་གསང་སྔགས་འདི་ལྟ་སྟེ། ཨོ་ཧྲི་ཧྲི་པདྨརྙ་ཀྲིཏ་བཱ་ཤ༷་ཀུ་རུ་ཟླི་ཧ་ཡ་རྒི་བ་བ་ཤ༷་ཀུ་རུ་ཧྲི། ཙཎྜ་ཙསྡོ་ཤི་བ་ཤ༷་ཀུ་རུ་ཧྲི། པདྨ་རྭ་ག་པ་ཤ༷་ཀུ་རུ་ཧྲི། ཧྲི་དབང་བ་ཤ༷་མ་ན་ཡ་ཧྲི་ཧྲི་ཛ་ཛ་རྭ་ག་དུན་དུན། དབང་ཆེན་སྦྱོར་བའི་དམ་པར་བཤད། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལས། སྦྱོར་བ་རྣམ་གསུམ་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་རྒྱལ་པདྨའི་རྒྱལ་པོ་འཁོར་དང་་བཅས་པའི་བསྐུལ་བ་འདི་བཤད་དོ། །སྙི༷༷རང་བཞིན་ཆོས་ཀྱི་སྐུ་ལ་རང་བྱུང་བ། །དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ནས། །པདྨ་འཁྱིལ་བ་དབང་ཆེན་ཁྲོ་བོའི་སྐུ། །ཐུགས་རྗེ་ཐབས་ཀྱི་སྤྲུལ་སྐུ་བཞེངས་སུ་གསོལ། །བདུད་ཕོ་བདུད་མོ་ཕྱི་ཆིངས་བསྣོལ་བའི་ཁྲི། །ཆགས་མེད་པདྨ་ཉི་ཟླའི་གདན་སྟེངས་ན། །དུས་གསུམ་དབང་བསྒྱུར་ཡེ་ཤེས་ལྷ་ཡི་ལྷ། །དབང་ཆེན་ཁྲག་འཐུང་ཧ་ཡ་སྙི་བའི་སྐུ། །སྐུ་མདོག་དམར་ནག་དབུ་གསུམ་ཕྱག་དྲུག་པ། །ཞབས་བཞི་བརྐྱང་བསྐུམ་རྔམ་འགྱིང་བརྗིད་པའི་སྐུ། །སྤྱན་གསུམ་ཞལ་བགྲད་དབང་གི་མཆེ་བ་གཙིགས། །སྨིན་མ་སྨ་ར་ཨག་ཚོགས་མེ་ལྟར་འབར། །དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་འཁྱིལ། །སྤྱི་གཙུག་རྟ་མགོ་ལྗང་གུ་ཟིལ་གནོན་རྔམ། །རྗོག་མ་དམར་པོ་དབང་གི་རྟ་སྐད་མཚེར། །གཡས་དཀར་གཡོན་ལྗང་དབུས་དམར་རྔམ་སྒྲ་སྒྲོགས། །སྐུ་སྟོད་ཞིང་ཆེན་གཡང་གཞི་གླང་ཆེན་ཀོ་རློན་གསོལ། །སྐུ་སྨད་སྟག་གི་ཤམ་ཐབས་བདུད་དཔུང་འདུལ། །ཐོད་རློན་ཚར་གསུམ་ཕྲེང་བས་རྒྱན་དུ་བྱས། །སྦྲུལ་རིགས་བཞི་ཡིས་སྐུ་བརྒྱན་ཕྱག་ཞབས་སྤྲས། །དང་པོ་པདྨ་བྷན་དྷས་དབང་དུ་སྡུད། །བར་པ་ལྕགས་ཀྱུ་ཞགས་པས་དམིགས་པ་འགུགས། །ཐ་མ་བེ་ཅོན་རལ་གྲིས་དགྲ་བགེགས་སྒྲོལ། །དབང་དྲག་མེ་དཔུང་ཀློང་དཀྱིལ་རིན་ཆེན་སྤྲས། །སྐུ་ལ་དུར་ཁྲོད་ཆས་བརྒྱད་རྫོགས་པར་ལྡན། །དབང་ཆེན་གདུག་པའི་སྤྱན་རྩ་བཟློག་པ་ཡིས། །སྣང་སྲིད་དྲག་པོ་ཐམས་ཅད་དབང་དུ་སྡུད། ཁྲངས་ནས་རླུད་ནག་འ་་མའི་བསྐལ་པ་འབྱུང་། །སྣང་སྲིད་ཀུན་གཏོར་མཐུ་ཆེན་དྲག་རྩལ་འདུལ། །སྙན་ནས་བསྐལ་བའི་འབྲུག་སྟོང་ལྡིང་བ་ཡིས། །སྲིད་པའི་ཆེ་བཙན་ཐམས་ཅད་ཟིལ་གྱིས་གནོན། །ཚེམས་ལས་དྲག་པོའི་ཐོག་ཆེན་འབབ་པ་ཡིས། །སྡང་དགྲ་གདོན་བགེགས་ཐལ་བའི་རྡུལ་དུ་རློག །ཞལ་ནས་རཀྟའི་རྒྱ་མཚོ་འཁྲུག་ཅིང་འཁྱིལ། །བསྟན་པ་བཤིག་པའི་དགྲ་ལ་སྐྱིན་ཐང་ཕོབ། །ཁྲོ་རྒྱལ་དབང་གི་རྟ་སྐད་ཙེ་རེ་རེ། །ཐུགས་རྗེ་དབང་ཆེན་ཆེ་བཙན་དབང་དུ་སྡུད། །པདྨ་དབང་ཆེན་ཁྲག་འཐུང་མི་བཟད་པ། །ཁྱོད་ཀྱི་དབང་དྲག་ཕྲིན་ལས་དུས་ལ་བབ། །སྡང་དགྲ་གནོད་བྱེད་ཐལ་བའི་རྡུལ་དུ་རློག །སྣྲི༷༷། ཁྲོ་རྒྱལ་དབང་ཆེན་སྐུ་ཡི་གཡོན་ཕྱོགས་ནས། །ཁྲོ་མོ་པདྨ་གར་གྱི་དབང་ཕྱུག་མ། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། །སྤྱན་གསུམ་ཞལ་བགྲད་དབང་གི་མཆེ་བ་གཙིགས། །དབུ་སྐྲ་རལ་པ་ནག་པོ་མུན་ལྟར་གཏིབས། །སྐུ་ལ་དུར་ཁྲོད་ཆས་བརྒྱད་ལེགས་པར་ལྡན། །ཕྱག་གཡས་ཙིསྟ་ཐོགས་ནས་ཡབ་ལ་འཁྱུད། །ཕྱག་གཡོན་དུང་ཆེན་དམར་འཁྱིལ་གཙོ་ལ་སྟོབ། །ཁྲོ་མོ་ཀུན་གྱི་དབང་ཕྱུག་ཆེན་མོ་ཁྱོད། །རྔམས་པའི་ང་རོས་ཐམས་ཅད་ཟིལ་གྱིས་གནོན། །སྤྱན་ནས་ཁྲག་འཛག་ཞལ་ནས་མི་རོ་འབྲུལ། །སྙན་ནས་འབྲུག་སྒྲོགས་ཤངས་ནས་རླུད་ནག་འཚུབས། །ཁྱོད་ཀྱི་དབང་དྲག་ཕྲིན་ལས་དུས་ལ་བབ། །སྡང་དགྲ་གནོད་བྱེད་ཐལ་བའི་རྡུལ་དུ་རློག །ཧི༷༷ཡབ་ཡུམ་ཐབས་དང་ཤེས་རབ་རོལ་པ་ལས། །ཐུགས་ཀྱི་སྤྲུལ་པ་དབང་ཆེན་ཁྲོ་བོའི་སྐུ། ཁྲར་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས། །དྲི་ཟ་ཕོ་མོ་བསྣོལ་བའི་གདན་སྟེངས་ན། །རྡོ་རྗེ་དབང་ཆེན་དཀར་པོ་ཁྲོ་བོའི་སྐུ། །ཞལ་གཅིག་ཕྱག་གཉིས་དུར་ཁྲོད་ཆས་བརྒྱད་རྫོགས། །སྤྱན་གསུམ་ཞལ་བགྲད་མཆེ་གཙིགས་མི་རོ་ཟ། །དབུ་སྐྲ་ཁམ་ནག་གྱེན་སྦྲེངས་སྦྲུལ་གྱིས་བཅིངས། །ཕྱག་གཡས་རྡོ་རྗེ་དགྲ་བགེགས་མགོ་ལུས་གཤོགས། །ཕྱག་གཡོན་དབྱུག་ཐོས་མྱོས་ཤིང་བརྒྱལ་བར་བྱེད། །མེ་དཔུང་ཀློང་ནས་འགྱིང་གར་སྟབས་ཚུལ་དུ། །རྔམས་བའི་ང་རོ་འབྲུག་སྟོང་ལྡི་རི་རི། །ཐུགས་ཀྱི་སྤྲུལ་པས་སྟོང་གསུམ་ཁྱབ་པར་བྱེད། །ཁྱོད་ཀྱི་དབང་དྲག་ཕྲིན་ལས་དུས་ལ་བབ། །སྡང་དགྲ་གནོད་བྱེད་ཐལ་བའི་རྡུལ་དུ་རློག །ཡབ་ཡུམ་ཐབས་དང་ཤེས་རབ་རོལ་པ་ལས། །ཐུགས་ཀྱི་སྤྲུལ་པ་དབང་ཆེན་ཁྲོ་བོའི་སྐུ། །ལྷོ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས། ཁུལ་བུམ་ཕོ་མོ་བསྣོལ་བའི་གདན་སྟེངས་ན། །རིན་ཆེན་དབང་ཆེན་མཐིང་ནག་ཁྲོ་བོའི་སྐུ། །ཞལ་གཅིག་ཕྱག་གཉིས་དུར་ཁྲོད་ཆས་བརྒྱད་རྫོགས། །སྤྱན་གསུམ་ཞལ་བགྲད་མཆེ་གཙིགས་མི་རོ་ཟ། །དབུ་སྐྲ་ཁམ་ནག་གྱེན་སྒྲང་སྐྲུལ་གྱིས་བཅིངས། །ཕྱག་གཡས་རིན་ཆེན་མྱུ་གུས་དགོས་འདོད་སྐོང་། །ཕྱག་གཡོན་ལྕགས་ཀྱུས་བླ་འགུགས་ཙིསྟ་འབྱིན། །མེ་དཔུང་ཀློང་ནས་འགྱིང་གར་སྟབས་ཚུལ་དུ། །རྔམས་པའི་ང་རོ་འབྲུག་སྟོང་ལྡི་རི་རི། །ཐུགས་ཀྱི་སྤྲུལ་པས་སྟོང་གསུམ་ཁྱབ་པར་འགྱེད། །ཁྱོད་ཀྱི་དབང་དྲག་ཕྲིན་ལས་དུས་ལ་བབ། །སྡང་དགྲ་གནོད་བྱེད་ཐལ་བའི་རྡུལ་དུ་རློག །སྙི༷༷ཡབ་ཡུམ་ཐབས་དང་ཤེས་རབ་རོལ་པ་ལས། །ཐུགས་ཀྱི་སྤྲུལ་པས་སྟོང་གསུམ་ཁྱབ་པར་བྱེད། །ནུབ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེངས་ན། །མིའམ་ཕོ་མོ་བསྣོལ་བའི་གདན་སྟེངས་ན། །པདྨ་དབང་ཆེན་དམར་སྨུག་ཁྲོ་བོའི་སྐུ། །ཞལ་གཅིག་ཕྱག་གཉིས་དུར་ཁྲོད་ཆས་བརྒྱད་རྫོགས། །སྤྱན་གསུམ་ཞལ་བགྲད་མཆེ་གཙིགས་མི་རོ་ཟ། །དབུ་སྐྲ་ཁམ་ནག་གྱེན་སྒྲེངས་སྦྲུལ་གྱིས་བཅིངས། །ཕྱག་གཡས་པདྨས་ཆེ་བཙན་དབང་དུ་སྡུད། །ཕྱག་གཡོན་ཞགས་པས་ལུས་དང་ཡན་ལག་འཆིང་། །མེ་དཔུང་ཀློང་ནས་འགྱིང་གར་སྟབས་ཚུལ་དུ། །རྔམས་པའི་ང་རོ་འབྲུག་སྟོང་ལྡི་རི་རི། །ཐུགས་ཀྱི་སྤྲུལ་པས་སྟོང་གསུམ་ཁྱབ་པར་བྱེད། །ཁྱོད་ཀྱི་དབང་དྲག་ཕྲིན་ལས་དུས་ལ་བབ། །སྡང་དགྲ་གནོད་བྱེད་ཐལ་བའི་རྡུལ་དུ་རློག །སྙི༷༷ཡབ་ཡུམ་ཐབས་དང་ཤེས་རབ་རོལ་པ་ལས། །ཐུགས་ཀྱི་སྤྲུལ་པ་དབང་ཆེན་ཁྲོ་བོའི་སྐུ། །བྱང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས། །ལྟོ་འཕྱེ་ཕོ་མོ་བསྣོལ་པའི་གདན་སྟེངས་ན། །ཕྲིན་ལས་དབང་ཆེན་ལྗང་དམར་ཁྲོ་བོའི་སྐུ། །ཞལ་གཅིག་ཕྱག་གཉིས་དུར་ཁྲོད་ཆས་བརྒྱད་རྫོགས། །སྤྱན་གསུམ་ཞལ་བགྲད་མཆེ་གཙིགས་མི་རོ་ཟ། །དབུ་སྐྲ་ཁམ་ནག་གྱེན་སྟེངས་སྦྲུལ་གྱིས་བཅིངས། །ཕྱག་གཡས་རལ་གྲིས་རྩ་དང་སྲོག་གཟུགས་གཅོད། །ཕྱག་གཡོན་ཁ་ཊ༷་རྩེ་གསུམ་དུག་གསུམ་སྒྲོལ། །མེ་དཔུང་ཀློང་ནས་འགྱིང་གར་སྟབས་ཚུལ་དུ། །རྔམས་པའི་ང་རོ་འབྲུག་སྟོང་ལྡི་རི་རི། །ཐུགས་ཀྱི་སྤྲུལ་པས་སྟོང་གསུམ་ཁྱབ་པར་བྱེད། །ཁྱོད་ཀྱི་དབང་དྲག་ཕྲིན་ལས་དུས་ལ་བབ། །སྡང་དགྲ་གནོད་བྱེད་ཐལ་བའི་རྡུལ་དུ་རློག །ཧཱུཾ༷་ཤར་ཕྱོགས་དུང་གི་སྒོ་ཁྱུད་ལ། །བུད་མེད་ནག་མོ་འཇིགས་ཚུལ་ཅན། །ཁྲག་གི་རལ་པ་ཤ་ར་ར། །ཕྱག་ན་ལྕགས་ཀྱུས་དགྲ་སྙིང་འབྱིན། །རེངས་པར་ཁུག་ཅིག་ཨསྐུ་ཤ །ལྷོ་ཕྱོགས་གསེར་གྱི་སྒོ་ཁྱུད་ལ། །བུད་མེད་སེར་མོ་འཇིགས་ཚུལ་ཅན། །གཡུ་ཡི་རལ་པ་ཤ་ར་ར། །ཕྱག་ན་ཞགས་པ་བླ་ཚེ་འགུགས། །ཆིངས་ཤིག་སྡོམས་ཤིག་བཱ་ཤ་ཧྲི། །ནུབ་ཕྱོགས་ཟངས་ཀྱི་སྒོ་ཁྱུད་ལ། །བུད་མེད་དམར་མོ་འཇིགས་ཚུལ་ཅན །མཐིང་གི་རལ་པ་ཤ་ར་ར། །ཕྱག་ན་ལྕགས་སྒྲོག་ཚེ་སྲོག་བསྟིམ། །རྟེན་ལ་སྟིམས་ཤིག་སྤྲོ་ཊ་བ༷། །བྱང་ཕྱོགས་གཡུ་ཡི་སྒོ་ཁྱུད་ལ། །བུད་མེད་སྔོན་མོ་འཇིགས་པའི་གཟུགས། །གསེར་གྱི་རལ་པ་ཤ་ར་ར། །ཕྱག་ན་དྲིལ་བུས་བརྒྱན་པར་བྱེད། །མྱོས་པར་གྱིས་ཤིག་ཀྟསྐོཧོ༷། །རྙི༷༷བཅོམ་ལྡན་པདྨ་ཧེ་རུ་ཀ །དབང་ཆེན་ཐུགས་ཀྱི་སྤྲུལ་པ་ནི། །སྲོག་བདག་འོད་ཀྱི་རྒྱལ་པོ་འབྱུང་། །སྐྱེས་མཆོག་འོད་ཀྱི་མི་བོ་ཆེ། །སྐུ་ལ་སེང་གེའི་སློག་པ་གསོལ། །དབུ་ལ་ཇི་ལོ་དཀར་པོ་བཅིངས། །ནམ་མཁའ་འཇའ་ཡི་སྐེ་རགས་ཅན། །ལྕགས་ཀྱི་སྡེར་མོས་དགྲ་སྙིང་འབྱིན། །གཡས་པ་རལ་གྲི་དགྲ་སྲོག་གཅོད། །གཡོན་པ་འོད་ཀྱི་ཞགས་པ་འཕེན། །དགྲ་བོའི་ཚེ་སྲོག་དོན་སྙིང་ཕྱུང་། །དྲག་ཏུ་བསྐུལ་ལོ་དགྲ་སྲོག་གཅོད། ཁྲར་གྱི་དཀར་པོ་དམ་ཚིག་ཅན། །རྟ་རུ་དཀར་པོ་ངང་རིང་ཤོན། །སྐུ་ལ་དར་དཀར་རལ་ག་གསོལ། །དབུ་ལ་དུང་གི་ཅོད་པཎ་ཅན། །ཕྱག་ན་ཤེལ་གྱི་ཟངས་གྲི་ཐོགས། །ཕྱག་གཡོན་ཞགས་པ་དགྲ་ལ་འདེབས། །ཚངས་པ་དུང་གི་ཐོར་ཚུགས་ཅན། །དགྲ་བོའི་ལྷ་ཁྲོལ་ཁོང་སྙིང་ཕྱུང་། །ལྷོ་ཡི་དགེ་བསྙེན་དམ་ཚིག་ཅན། །སྐུ་ལ་ཟ་འོག་སྔོ་ཁྲག་གསོལ། །དབུ་ལ་བསེ་མེན་འགྱིང་ཐོད་བཅིངས། །རྟ་ནི་ཁམས་པ་ལག་དཀར་ཤོན། །གཡས་ན་བསེ་ཡི་རྡོ་རྗེ་ཐོགས། །གཡོན་ན་ཙིསྟ་དམར་པོ་ཐོགས། །གླིང་ཆེན་རྡོ་རྗེ་གཤོག་རྒོད་རྩལ། །དགྲ་བོའི་སྙིང་ཕྱུང་སྲོག་རྩ་ཆོད། །ནུབ་ཀྱི་བདུད་ནག་དམ་ཚིག་ཅན། །སྐུ་ལ་ལྕགས་ཀྱི་ཞུན་ཁྲབ་གསོལ། །དབུ་ལ་བདུད་ཞྭ་ལྡིང་ནག་གསོལ། །ཆིབས་སུ་བདུད་རྟ་ནག་པོ་ཆིབས། །ཕྱག་གཡས་བདུད་ཀྱི་ཁྱམ་ཤིང་བསྣམས། །ཕྱག་གཡོན་ཞགས་པ་ནག་པོ་འདེབས། །ནག་པོ་གསོད་བྱེད་བདུད་ཀྱི་བུ། །དགྲ་བོའི་ཚེ་ཕྲོག་ཁྲམ་ལ་ཐོབ། །བྱང་གི་སྲོག་བདག་དམ་ཚིག་ཅན། །སྐུ་ལ་བསེ་ཁྲབ་དམར་པོ་གསོལ། །དབུ་ལ་བསེ་རྨོག་ཟངས་རིང་གསོལ། །ཆིབས་སུ་བསེ་ཡི་ར་སྐྱེས་ཆིབས། །ཕྱག་གཡས་ཟངས་ཀྱི་གྲི་རིངས་བསྣམས། །གཡོན་པ་ཞགས་པ་དགྲ་ལ་འདེབས། །བསྤོ་རོ་སྲོག་གཅོད་ལག་དམར་གྱིས། དགྲ་བོའི་མདངས་གྲོགས་སྲོག་རྩ་གཅོད། །དམ་ཉམས་མ་བཏང་ཤོ་ར་རེ། །ཧི༷༷པདྨའི་རྒྱལ་པོ་རྟ་མཆོག་དཔལ། །ཁྲོ་རྒྱལ་ཁྲག་འཐུང་ཧེ་རུ་ཀ །ཐུགས་ཀྱི་སྤྲུལ་པ་མི་བཟད་པ། །སྐྱིན་ཐང་ཆུ་འཁྱགས་མངའ་བདག་ཁྱོད། །ཁྱབ་འཇུག་ཆེན་པོ་རྭ་ཧུ་ལ། །བི་ཏྲི་པ་ཏྲ་སྒྲ་གཅན་འཛིན། །དྲང་སྲོང་ཆེན་པོ་ཀུན་ཏུ་རྒྱུ། །གཟའ་རྒོད་དྲག་པོ་སྐྱིན་ཐང་བདག །དུང་ཁ་མགོ་དགུ་མིག་གིས་ཁེངས། །རོ་སྨད་སྐྲུལ་གྱིས་རྒྱ་མཚོ་འཁྲུགས། །ཕྱག་གཡས་སྐྱིན་ཐང་འཁོར་ལོ་བསྣམས། །ཕྱག་གཡོན་ཆུ་སྲིན་ཞགས་པ་འཕེན། །དགྲ་ཡུལ་ལོ་ཐོག་རྡུལ་དུ་རློག །དྷི༷༷ཕྱོགས་བཞིན་ནམ་མཁའི་དཀྱིལ་ཡངས་ནས། །ངན་སྔགས་བདག་མོ་སྐྱིན་ཐང་ཕོབ། ཁྲར་གྱི་སྟག་སྲིན་ཟོར་བ་གདོང་། །ལྷོ་ཡི་བ༷་སྲིན་དྲེད་མོ་གདོང་། །ནུབཀྱི་ཀོང་སྲིན་བ་ལང་གདོང་། །བྱང་གི་འབྲོག་སྲིན་ཆུ་སྲིན་གདོང་། །ངན་སྔགས་བདག་མོ་བཞི་པོ་ནི། །གཡས་པ་ཟོར་བ་གཡོན་ནད་རྐྱལ། །སྐྱིན་ཐང་ཆུ་རྒོད་མངའ་བདག་མོ། །དགྲ་བོའི་ལོ་ཐོག་སྣར་མ་ལ། །ཆུ་རྒོད་འཁྱགས་པའི་སྐྱིན་ཐང་ཕོབ། །དགྲ་ཡུལ་ཐལ་བ་རྡུལ་དུ་རློགས། །དེ་ལྟར་དྲག་ཏུ་བསྐུལ་ཞིང་རྦད། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལས་བསྐུལ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱུད་འཁོར་ལ་གཏད་པ་འདི་གསུངས་སོ། །ཨེ་མ་ཧོ། །ང་ཡི་གསང་རྒྱུད་རིན་པོ་ཆེ། །དྲག་པོ་དབང་ཆེན་པདྨ་འཁྱིལ། །དངོས་གྲུབ་ཀུན་གྱི་གནས་མཛོད་ཡིཞོ། །འཁོར་དུ་འདུས་པ་ཁྱོད་ལ་གཏད། །མི་ནུབ་རྒྱལ་མཚོ་ཐུགས་ལ་ཟུང་། །བསྟན་པ་བསྲུང་བའི་མཚོན་ཆར་བཤད། །ཕྱི་རབས་འདུས་ཚོགས་ཕལ་ཆེ་ལ། །གསང་རྒྱུད་དམ་པ་འདི་གཏད་ཟུང་། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།སློབ་དཔོན་པདྨ་འབྱུང་གནས་ཀྱིས་མངའ་བདག་རྗེ་ལ་གཏད་པ་ཡིན། །བི་རོ་ཙ་ན་བདག་གིས་བསྒྱུར། །ཡེར་པའི་ལྷ་རི་གདོང་ལ་སྦས། །གཏེར་ཤོག་དག་ལས་ཞལ་བཤུས་སོ། །ས་མ་ཡ། རྒྱ་རྒྱ་རྒྱ། མདྷལ༷།། །། རྒྱ་གར་སྐད་དུ། ཤི་ཧ་ཡ་རྒི་བ་གུ་རྒྱ་ཀརྨ་ཏནྟྲ་ནཱ་མ། བོད་སྐད་དུ།