Ngb-pt-0262-vol-03-text

From Rangjung Yeshe Wiki Texts
Revision as of 05:52, 20 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། མརྫི་ཤི་ཀྲོ་དྷ་ཙིསྟ་ཤསྐུ་གུ་རྒྱ་ཏནྟྲ། བོད་སྐད་དུ། འཇམ་དཔལ་ཁྲོ་བོ་སྙིང་གཟེར་གསང་བའི་རྒྱུད། བཅོམ་ལྡན་འདས་ཡེ་ཤེས་རྔམ་པའི་རྒྱལ་པོ་གདུག་པ་གསུམ་འདུལ་བ་དེ་ལ་ཕྱག་འཚལ་ལོ། །དེ་ནས་རྡོ་རྗེ་སྙིང་པོ་ཡིས། །རྡོ་རྗེ་ཁྲོ་བོ་འཇིགས་པའི་ཚོགས། །ཀུན་ནས་གུས་པས་ཐལ་སྦྱར་ཏེ། །བདེ་ཆེན་ཡབ་ལ་འདི་སྐད་གསོལ། །ཨེ་མ་ཧོ་སངས་རྒྱས་ཀུན་རང་བཞིན། །རྡོ་རྗེ་འཆང་གི་ངོ་བོ་ཉིད། །སྙིགས་མ་ལྔ་ཡི་དུས་ཉིད་དུ། །མཚམས་མེད་ལས་ངན་ཀུན་སྤྱོད་པས། །ནད་དང་གདོན་དུ་རྣམ་སྨིན་པའི། །ས་ཡམས་དྲག་པོ་ཛ་ལའི་ནད། །འགྲོ་བ་ཡོངས་ལ་ཁྱབ་པ་ལ། །སྲུང་བའི་རིམ་པ་བཤད་དུ་གསོལ། །དེ་ནས་ཕྱག་རྒྱ་ཆེན་པོ་ཡིས། །རྡོ་རྗེ་སྙིང་པོའི་ཁྲོ་ཚོགས་ལ། །གསང་ཚིག་དྲག་པོའི་དམོད་པ་ཡིས། །བབ་ལྔའི་སྙིང་པོ་གསོ་བའི་མཆོག །འཁོར་ལ་ངེས་པར་བཀའ་སྩལ་ཏོ། །སྙིགས་མ་ལྔ་ཡི་དུས་ཉིད་དུ། །མཚམས་མེད་ལས་ངན་ཀུན་སྤྱོད་པས། །མཛེ་ཡམས་དྲག་པོ་ཉམ་ང་དར། །ནད་ནི་རྣམ་པ་གསུམ་ཡིན་ཏེ། །སྤྱི་དང་ཁྱད་པར་ལ་སོགས་པ། །སྡོམ་པར་གྱུར་པ་ཀུན་ཉམས་དང་། །མཚམས་མེད་ཉེ་བའི་རྣམ་སྨིན་པས། །གནས་ངན་ལྟུང་བའི་རིགས་དག་ལ། །ལས་ཀྱི་རྣམ་སྨིན་ནད་འབྱུང་བའོ། །རླུད་མཁྲིས་བད་ཀན་འདུས་པ་ཡིས། །འབྱུང་བ་ཞབྲུགས་པ་ལས་གྱུར་པའི། །འདུ་བ་སྨིན་པའི་ནད་འབྱུང་བའོ། །རིགས་དང་རང་གི་གླང་ཐབས་ལས། །རྩོལ་བ་བྱད་ཀྱི་གཏད་ཁྲམ་དང་། །རང་གི་གནས་སུ་མ་ཕྱིན་ལོག །དེ་ལྔའི་རྐྱེན་ལས་བྱུང་བའི་ནད། །རྐྱེན་གྱིས་བསླང་བའི་ནད་འབྱུང་བའོ། །དེ་ཡི་ནད་རིགས་བསྟན་བྱ་བ། །སྔགས་དང་སྨན་གྱི་སྦྱོར་བ་བསྡེབས། །སྔགས་ལ་ཕན་གནོད་མ་ཚོར་བར། །སྨན་གྱི་ཕན་གནོད་ཆེ་བ་ན། །འདུ་བ་རྣམ་བཞིའི་ནད་དར་བས། །འཚོ་བྱེད་སྨན་གྱིས་བཅོས་པར་བྱ། །སྔགས་རྣམས་བཟླས་ཀྱང་ཕན་གནོད་མེད། །ཟས་ལ་ཡང་ན་ཕན་གནོད་མེད། །དེ་ནི་རྣམ་སྨིན་ལས་ཡིན་པས། །འདུས་བྱས་དགེ་རྩ་ཅི་ནུས་བྱ། །སྔགས་ལ་ཕན་གནོད་ཆེར་འབྱུང་ཞིང་། །ཟས་ལ་ཕན་གནོད་མ་ཐོན་ན། །རྐྱེན་ཟློག་སྔགས་ཀྱི་སྦྱོར་བ་བྱ། །ནད་པ་གླུ་ལ་དགའ་བ་དང་། །ནུབ་མོ་ན་ནས་སྙིང་མི་དགའ། །ལུས་ལ་ཚ་བའི་ཁྲག་སྐྱེས་པ། །ཀླུ་ཡ་ནད་ཀྱིས་ཟིན་པའོ། །དེ་ལ་གདུག་པའི་ནད་དང་དུག །རིགས་བཞི་གདོལ་པ་ཁ་འཁོར་གྱི། །འཇུག་པ་ངེས་པའི་ཚད་མས་བརྟག །རྒྱལ་རིགས་མགོ་ནས་འཇུག་པར་བྱེད། །རྗེ་རིགས་ལག་པ་གཡས་ལ་འཇུག །བྲམ་ཟེ་ལག་པ་གཡོན་ལ་འཇུག །དམངས་རིགས་རྐང་པ་གཡས་ལ་འཇུག །གདོལ་པ་རྐང་པ་གཡོན་ལ་འཇུག །ཁ་འཁོར་ལུས་ལ་ཁྱབ་པ་སྟེ། །དྲག་སྔགས་འཁོར་ལོས་དུག་རླངས་གདོན། །ལྕི་འཐིབས་རྒྱལ་རིགས་ས་ཡི་དུག །གྲང་བ་བྲམ་ཟེ་ཆུ་ཡི་དུག །ཚ་བ་རྗེ་རིགས་མེ་ཡི་དུག །ཡང་གཡོ་དམངས་རིགས་རླུད་གི་དུག །ནད་ཀྱི་མཚན་ཉིད་ངོ་ཤེས་ན། །སྙིང་གཟེར་འཁོར་ལོ་གཉན་པོར་གདོན། །རྟགས་མེད་ཀླུ་ཡི་གདོན་གནོད་ན། །ཕྱག་རྒྱ་བསམ་གཏན་ཆོ་ག་བྱ། །ཀུན་ནས་ཞུགས་པར་གྱུར་པ་ལ། །ཡང་གསང་ཐུགས་ཀྱི་འཁོར་ལོ་བསྐོར། །རང་བཞིན་དྲག་པོ་བཙན་ཐབས་ཀྱི། །དུག་གསུམ་ནད་དང་ཞེན་ཆགས་དབྲལ། །བསམ་གཏན་ཁྲུས་ཀྱི་ཆོ་ག་དང་། །ཕྱག་རྒྱ་ཆེན་པོའི་སྦྱིན་སྲེག་རྒྱ། །འཇམ་དཔལ་ཁྲོ་བོ་སྙིང་གཟེར་གཇོང་བའི་རྒྱུད་ལས།ས་ཡམས་ཀྱི་ནད་བརྟགས་པའི་ལེའུ་སྟེ་སྐབས་དང་པོའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ས་ཡམས་དྲག་པོའི་ནད་དེ་དག་གི་གཉེན་པོ། དྲག་སྔགས་འཁོར་ལོ་འདི་དག་གསུངས་སྒོ། །རྩ་བ་ལུས་ཀྱི་སྙིང་པོ་ནི། ཁེས་ལ་ཚན་ཆེ་རྣོ་ལ་མྱུར། །ཀླད་དུ་ཆེ་ལ་རྒྱལ་པོ་འདྲ། །སྤུ་གྲི་དུ་མ་སྐབས་ཀྱིས་ཏེ། །རྒྱལ་རིགས་རྗེ་རིགས་བྲམ་ཟེ་དང་། །དམངས་དང་གདོལ་པར་གྱུར་པ་དང་། །བ་སུ་ཏ་དང་འཕྱེ་ཇོ་དྭང།ཉི་་གཅིག་གེལ་པ་མགོ་མང་དང་། །གདུག་པ་ཆེ་དང་ས་ཡམས་དང་། །ལྟོ་འཕྱེ་འཐོམས་པ་མགོ་དགུ་ལྔ། །ས་བདག་ས་སྲིན་གཉན་གྱི་རིགས། །ཀླུ་བདུད་ཀླུ་སྲིན་ལ་སོགས་པ། །མ་མོ་རྒྱལ་པོ་བཙན་མཛེ་རྣོདྲོ།།ལ་དང་སྦྱོར་བ་སྟོབས་ཀྱིས་གཅད། །དེ་ནས་བཅོམ་ལྡན་འདས་ཀྱིས་གདུག་པ་གསུམ་༢དུལ་གྱི་གསང་སྔགས་འདི་གསུངས་སོ། །ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་རྩི་ཡི། ས་ནཱ་ག་ཙིསྟ་རི་མྱགས་རྦད། ཁྲག་ལ་མྱགས་ཏི་ཡ༷་ཤག་རྦད། དུག་ཕྱུང་ཁྲག་ཤིག་ཙིསྟ་རྦད། ཁ༷་ཤག་ཐུ༷་རིལ་ཧྲིལ་མྱགས་རྦད། ཙ་ཏྲི་མ་མ་དབུགས་ལ་ཐང་གཟེར་རྦད། ས་ནཱ་ག་རྩ་ལ་ཧུར་ཐུ༷་རྦད། སྲོ་ག་ལ་ཐུན་རྦད་སྦྱོ་། ས་ནཱ་ག་མ་ཏྲག་སྙིང་གཟེར་རྦད། ས་ནཱ་ག་ཙ་ཏྲི་སྙིང་གཟེར་རྦད། ས་ནཱ་ག་དུ་མེ་སྙིང་གཟེར་རྦད། ས་ནཱ་ག་སྟེ་ཏྲི་སྙིང་གཟེར་རྦད། ས་ནཱ་ག་དུག་ཕྱུང་སྙིང་གཟེར་རྦད། ས་ནཱ་ག་ཁ༷་ཤག་སྙིང་གཟེར་རྦད། ས་ནཱ་ག་སྲོ་ག་སྙིང་གཟེར་རྦད། ས་ནཱ་ག་ཐུ༷་སྙིང་གཟེར་རྦད། ས་ནཱ་ག་སྙིང་གཟེར་སྦུར་ནན་རྦད། ས་ནཱ་ག་སྙིང་གཟེར་ཛ། ས་ནཱ་ག་སྙིང་གཟེར་དུག་ཕྱུང་ནན་རྦད། ས་ནཱ་ག་སྙིང་གཟེར་ཙིསྟ་ཁས་ནན་རྦད། ས་ནཱ་ག་སྙིང་གཟེར་ཐུན་ནན་རྦད། ས་ནཱ་ག་སྙིང་གཟེར་དུ་ར༷་ནན་རྦད། ས་ནཱ་ག་སྙིང་གཟེར་ཡ༷་བབློ་ག་ནན་རྦད། ས་ནཱ་ག་སྙིང་གཟེར་ཐོ་ག་ལ་ནན། ས་ནཱ་ག་སྙིང་གཟེར་ཙིསྟ་སྩོ་གས་ནན་རྦད། ས་ནཱ་ག་སྙིང་གཟེར་ཐུམ་རིལ་ནན་རྦད། ས་ནཱ་ག་སྙིང་གཟེར་ཙ་ལ་ནན་རྦད། ས་ནཱ་ག་སྙིང་གཟེར་ཡ་ནན་འདྲིད་ནན་རྦད། ས་ནཱ་ག་སྙིང་གཟེར་བྲེང་ཤག་ནན་རྦད། ས་ནཱ་ག་སྙིང་གཟེར་ཙིསྟ་ཁས་ནན་རྦད། ས་ནཱ་ག་སྙིང་གཟེར་ཁྲག་ཐིབས་ནན་རྦད། །ས་ནཱ་ག་སྙིང་གཟེར་སྐྲུར་ནན་རྦད། ས་ནཱ་ག་སྙིང་གཟེར་ཏི་ནན་རྦད། ས་ནཱ་ག་སྙིང་གཟེར་་།་ནན་ཏན་རྦད། ས་ནཱ་ག་སྙིང་གཟེར་ཨེ་ནན་རྦད། ས་ནཱ་ག་སྙིང་གཟེར་སྲོ་ག་ལ་དུན་དུན་ནན་རྦད། ས་ནཱ་ག་སྙིང་གཟེར་ཙིསྟ་ཐུམས་ནན་རྦད། ས་ནཱ་ག་སྙིང་གཟེར་དུ་ཡ༷་བཟློག་ནན་རྦད། ས་ནཱ་ག་སྙིང་གཟེར་སྐྲུར་ནན་རྦད། ས་ནཱ་ག་སྙིང་གཟེར་འདྲིད་ཕྱུང་ནན་རྦད། ས་ནཱ་ག་སྙིང་གཟེར་སྲོ་ག་ལ་མྱོགས་ནན་རྦད། ས་ནཱ་ག་སྙིང་གཟེར་དུ་ར༷་ནན་བོད། ས་ནཱ་ག་སྙིང་གཟེར་ཡ༷་བཟློག་ནན་རྦད། ས་ནཱ་ག་སྙིང་གཟེར་ཙི་ལ་ནན་རྦད། ས་ནཱ་ག་སྙིང་གཟེར་ཨུ་ནན་རྦད། སརྦ་དུ་ར༷་ཨ་ནན་འདྲིད་ཕྱུང་སྙིང་གཟེར་ཐུ༷་རིལ་ཤག་རྦད། ཧེ་ས་མ་ཡ་ཐི་པ་ར་ཡ་ས་ནཱ་ག་སྙིང་གཟེར་སྦུར་ནན། ས་ནཱ་ག་སྲོ་ག་ལ་དུན་དུན་ཤག །ས་ནཱ་ག་ཙིཏི་ཐུ༷་རིལ་ཤག །ས་ནཱ་ག་རྩ་ལ་རྦད་ཐུ༷་རིལ་ཤག །ས་ནཱ་ག་དུ་མ་ལིང་ཤག །ས་ནཱ་ག་སྲོ་ག་ལ་ཧུར་ཐུམ་རིལ་ཤག །ས་ནཱ་ག་སྙིང་གཟེར་སྦུར་ནན་ཐུ༷་རིལ་ཤག །ས་ནཱ་ག་དུ་མེ་མ་མ་སྲོ་ག་གཟིར་རྦད་ཐུ༷་རིལ་ཤག །ས་ནཱ་ག་ཙ་ཏྲི་ཤུ་ལ་གཟིར་ནན་ཐུ༷་རིལ་ཤག །ས་ནཱ་གསྣྲ་ཏྲི་ཡ༷་ཤིག་ནན་གཟིར་ཐུ༷་རིལ་ཤག །ས་ནཱ་ག་སྲོ་ག་ལ་བྲེང་ཤག་ཐུ༷་རིལ་དུན་དུན་ཛ། ས་ནཱ་ག་སྙིང་གཟེར་སརྦ་ཨུ་ནན་གཟེར་ཕྱུང་རྦད། ས་ནཱ་ག་དུ་ར༷་ཨི་དན་འདྲིད་ཕྱུང་ཙིསྟ་སྙིང་གཟེར་ཐུ༷་རིལ་ཤག་རྦད། ས་ནཱ་ག་དུག་ཕྱུང་སྙིང་གཟེར་རྦད། ས་ནཱ་ག་དུ༷་ལིང་ཐུ༷་རིལ་ཤག །ས་ནཱ་ག་དུ༷་ལིང་ཐུ༷་རིལ་ཤག་རྦད། སརྦ་ཙིསྟ་རོ་མྱགས་ཁ་ཐམ་སྲོག་གཟིར་སྦུར་ནན་འདྲིད་ཕྱུང་ཧྲི་ཤག་རྦད། ས་ནཱ་ག་ཙིཏི་རོ་མྱགས་རྦད། ཁྲག་ལ་མྱོགས་ཏི་རྦད། སྲོ་ག་ལ་མུགས་ཏི་རྦད། དུག་ཕྱུང་ཁྲ༷་ཤིང་རྦད། ས་ནཱ་ག་དུག་ཕྱུང་སྙིང་གཟེར་རྦད། ས་ནཱ་ག་མ་སྒག་སྙིང་གཟེར་རྦད། ས་ནཱ་ག་ཙ་ཏྲི་སྙིང་གཟེར་ཙིཀྟ་རྦད། ས་ནཱ་ག་སྙིང་གཟེར་སྦུར་ནན་རྦད། ས་ནཱ་ག་སྙིང་གཟེར་སྦུར་འདྲིད་ཕྱུང་རྦད། ས་ནཱ་ག་ཁ༷་ཤག་ཐུ༷་རིལ་ཧྲིལ་མྱགས་རྦད། ཙ་ཏྲི་མ་མ་དབུགས་ལ་ཐང་གཟེར་རྦད། རྩ་ལ་ཧུར་ཐུམ་རྦད། སྲོག་ལ་ཐུན་རྦད་སྨྱོ། ས་ནཱ་ག་ཁྲ༷་ལ་མྱོགས་ཏི་རྦད། ཁ༷་ཤག་ཐུ༷་རིལ་ཧྲིལ་མྱོགས་རྦད། ས་ནཱ་ག་དུ༷་ལིང་ཐུ༷་རིལ་ཤག །ས་ནཱ་ག་རྩལ་རྦད་ཐུ༷་རིལ་ཤག །ས་ནཱ་ག་ཙིསྟ་རོ་མྱག་ཁ་ཐམ་སྲོག་གཟིར་སྦུར་ནན་འདྲིད་ཕྱུང་ཧྲི་ཤག་རྦད། ས་ནཱ་ག་སྙིང་གཟེར་སྦུར་ནན་རྦད། ས་ནཱ་ག་མ་སྒག་སྙིང་གཟེར་རྦད། ས་ནཱ་ག་ཙིསྟ་རོ་མྱགས་རྦད། དུ་མེ་མ༷་སྲོག་གཟིར་ཐུ༷་རིལ་ཤག་ཙ་ཏྲི་ནཱ་ག་ཐུ༷་རིལ་ཤག །ས་ནཱ་ག་ཛ་ཡ༷་གཟིར་ཐུ༷་རིལ་ཤག་རྦད། ས་ནཱ་ག་རོ་ཏྲི་ཡ༷་ཤག་གཟིར་ཐུ༷་རིལ་ཤག །འཇུག་པ་ངེས་པར་རབ་བརྟགས་ལ། །དྲག་སྔགས་ཞབྲུལ་འཁོར་རེ་རེས་གདོན། །རྟགས་རྣམས་འཁྲུགས་སམ་ཀུན་ནས་ཞུགས། །ཤི་ཕྲད་དྲག་སྔགས་བཅུ་གཅིག་པ། །རྣོ་དབལ་མཚོན་ཆའི་དྲག་སྔགས་བསྡེབ། ས་ནཱ་ག་རྭ་ཛ། བྲི་དུ་མེ་སྲོག་ལ་བྲེང་བྲེང་། རྩ་ལ་དུན་དུན་སྦྱར་ནན་ཁ༷་ཤག་རྦད། ས་ནཱ་ག་སྲོག་ལ་བྲེང་བྲེང་དུན་དུན་ཐུ༷་རིལ་ནཱ་ག་ཛ༷༷། ས་ནཱ་ག་སྲོག་ལ་བྲེང་བྲེང་ཛ་ཛ་ཐུ༷་རིལ་ཤག །ས་ནཱ་ག་སྲོག་ལ་ཧུར་དུན་དུན་ཐུ༷་རིལ་ཤག །ས་ནཱ་ག་ཙིསྟ་ཐུ༷་རིལ་ཤག །ས་ནཱ་ག་རྩ་ལ་རྦད་ཐུ༷་རིལ་ཤག །ས་ནཱ་ག་དུ༷་ལིང་ཁས་ཐུ༷་རིལ་ཤག །ས་ནཱ་ག་སྲོག་ལ་ཐུ༷་རིལ་ཤག །ས་ནཱ་ག་ཁ༷་ནན་ཐུ༷་རིལ་ཤག །ས་ནཱ་ག་སྙིང་གཟེར་སྐྲུར་ནན་ཐུ༷་རིལ་ཤག །དུ་མེ་མ༷་སྲོག་གཟིར་ཐུ༷་རིལ་ཤག །ཙ་ཏྲི་ཤུ་ལ་གཟིར་ནན་ཐུ༷་རིལ་ཤག །རོ་ནི་ཏྲི་ཡང་ཤིག་ནན་གཟིར་ཐུ༷་རིལ་ཤག །དྲག་སྔགས་མེད་དབལ་འཁོར་ལོ་མཚོན། །གདུག་པའི་རང་གཤེད་རང་གིས་འབེབས། །འཁོར་ལོ་མེ་དབལ་མཚོན་ཆེན་གྱིས། །བདག་སྲུང་གཞན་སྐྱོབ་བསྟན་པའི་ཡུལ། །ཡང་གསང་ཐུགས་ཀྱི་སྔགས་སུ་བཤད། །འཇམ་དཔལ་ཁྲོ་བོ་སྙིང་གཟེར་གསང་བའི་རྒྱུད་ལས། དྲག་པོའི་སྔགས་ཀྱི་ལེའུ་སྟེ་སྐབས་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་པོ་སྔགས་ཀྱི་རྟེན། དྲག་པོ་རྫས་ཀྱི་འཁྲུལ་འཁོར་འདི་གསུངས་སོ། །ལྷོ་ཕྱོགས་དུར་ཁྲོད་རོ་ས་དང་། །ཕུང་ས་གསུམ་ལ་དུག་ཆུས་སྦྲུ། །གྲུབ་ཁུང་གྲུ་གསུམ་སྦག་ཏུ་བརྩིག །ཁ་དོག་ནག་པོ་རྩང་གིས་བསྐོར། །དུར་ཁྲོད་རས་སམ་རྒྱ་ཤོག་ལ། །དུག་ཁྲག་ཚ་བའི་རྫས་ཕྱུགས་ལ། །མཁས་པས་འཁོར་ལོ་བྲི་བར་བྱ། །འཁོར་ལོ་རིམ་པ་གསུམ་དུ་བསྐོར། །དབུས་སུ་གྲུ་གསུམ་ཟླ་གམ་གསུམ། །འཁོར་ལོ་བཞི་གཉིས་བཞི་གསུམ་བརྩིག །ཕྱི་རིམ་ལྕགས་མཁར་དྲུག་པར་ལྡན། ཁེ་ཕྲད་ཀུན་འཇོམས་བྱ་བ་ཡི། །རྒྱལ་རིགས་འཇོམས་པའི་འཁོར་ལོར་བཤད། །མུ་ཁྱུད་བཞི་པ་རིམ་གསུམ་དབུས། །ཞབྲུལ་མིག་བཅུ་གཉིས་རྩ་བའི་སྔགས། །རྩ་སྦུག་དགུ་ན་སྙིང་པོ་མཆོག །རྩིབས་ཆེན་བཅུ་དྲུག་ཤི་ཕྲད་སྔགས། །རྗེ་རིགས་འཇོམས་པའི་འཁོར་ལོར་གསུངས། །མུ་ཁྱུད་གསུམ་ལ་གྲུ་གསུམ་དབུས། །ཕྱི་རིམ་རྒྱ་གྲམ་རྩ་བའི་ལུས། །ཉི་ཤུ་གཅིག་རྩིབས་ཕག་མོའི་ལྟོར། །བྲམ་ཟེའི་ཀླུ་གཉན་འཇོམས་པར་བཤད། །མུ་ཁྱུད་གསུམ་ལ་རུས་སྦལ་ལྟོར། །ལུབྲུལ་མིག་བཅུ་གཉིས་རྩ་སྦུག་བདུན། །དམངས་རིགས་འཇོམས་པའི་འཁོར་ལོར་བཤད། མུ་ཁྱུད་གསུམ་ལ་གྲུ་གསུམ་དབུས། །མུ་ཁྱུད་བཅུ་གཉིས་བཅུ་བཞི་རྩིབས། །གདོལ་པའི་རིགས་འཇོམས་འཁོར་ལོར་བཤད། །མུ་ཁྱུད་བཞི་པ་འབུབ་གནས་བཞི། །རྒྱ་གྲམ་རྩ་བ་མཚམས་སུ་གཟུགས། །མུ་ཁྱུད་ཟླུམ་པོར་གདུག་པའི་གཟུགས། །ཕྱི་རོལ་འཁྲུལ་མིག་བཅུ་གཅིག་པ། །ཡང་གསང་བཅུ་གཅིག་འཁོར་ལོར་གསུངས། །ཕྱི་མ་གདུག་པའི་རོ་རས་སམ །རྒྱ་ཤོག་གྲོ་ག་དེ་དག་ལ། །གདུག་པའི་གཟུགས་ལ་སྔགས་ཀྱིས་བསྐོར། །འཁོར་ལོ་ཁ་སྦྱོར་ཐོད་པར་བྲུབ། །ལིདྷ་འབྲུབ་ཁུང་གན་རྐྱལ་གཞག །ཉུང་དཀར་དུག་ཁྲག་ཐུན་དུ་བྲབ། །ཞག་གྲངས་ཉི་ཤུ་རྩ་གཅིག་ཏུ། །དྲག་པོའི་འཁོར་ལོ་ཉིན་མཚན་བསྐོར། །བྱ་རྟ་མི་ཡི་ཚིལ་བུ་དང་། །ཁྱི་ཕག་སྤྱང་ཀིའི་རྟུག་པ་དང་། །མཛོ་རྟོལ་དྲེའུའི་སྐྲུ་དང་ནི། །ར་དུག་རེ་ལྕག་ཐར་ནུ་བཙོད། །ཉ་སྦྲུལ་སྦལ་པའི་ཤ་དག་དང་། །གུ་གུལ་ནག་པོའི་དུད་པས་བདུག །མནོལ་ཁྲག་མྱོས་པའི་ཁྲག་བརླབ་ཅིང་། །བརྟུལ་ཞུགས་རྫས་དང་མཚོན་ཆའི་དབལ། །ལས་རྫོགས་འཁོར་ལོ་ཕག་ཐོད་དམ། །སྲི་ཅན་ཐོད་པར་རབ་བྲུབས་ལ། །བཀའ་རྟེན་བྱིན་ཅན་འོག་ཏུ་གནན། །གཞན་ཡང་གདུག་པའི་ནད་ཟུག་ན། །བསྐུ་དང་བྱུག་པའི་སྦྱོར་བ་ནི། །སྤྱང་དུག་ཚེར་མ་གླ་ཆུ་དང་། །སྤོད་དང་ཚ་སྣ་བཙོད་ཁུ་དང་། །ར་དུག་ལོང་རྟོལ་གུ་གུལ་དང་། །ཀ་ར་བི་ར་དྲི་ཆེན་དང་། །ག་བུར་ཙན་དན་དཀར་ཆུ་དག །རྨུ་ཟི་དྲི་ཆེན་ལྡང་རོས་དང་། །ཏི་ཙ་མར་དཀར་བ་བླ་དང་། །གུ་གུལ་ར་དུག་ར་གཞོབ་བསྐུ། །ར་ཚྭ་རྒྱ་ཚྭ་ཁ་རུ་ཚྭ། །ར་དུག་བ་སྤྲུ་དྲི་ཆེན་དང་། །ག་བུར་གུར་གུམ་བ་བླ་བསྐུ། ཁྲ་རོ་ལྡང་རོས་དབྱི་མོ་ཚྭ། །དུར་བྱིད་སྣ་ཚོགས་ཐབས་ཀྱིས་སྦྱར། །དུག་དང་མུ་ཟི་སྐར་ཆུ་བསྐུ། །བྱུག་དང་བསྐུ་བའི་རིམ་པའོ། །གླ་རྩི་སྒོག་སྐྱ་ཤ་ཆེན་དང་། །དྲི་ཆུ་དང་ནི་ཟིལ་པ་ལ། །བརྟག་པ་གསུམ་བྱས་སྔགས་བཟླས་ལ། །ཁོང་དུ་བཏང་བར་ཡང་དག་བཤད། །འཇམ་དཔལ་ཁྲོ་བོ་སྙིང་གཟེར་གྱི་གསང་རྒྱུད་ལས། རྫ་དང་འཁོར་ལོའི་ལེའུ་སྟེ་སྐབས་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་ཆེན་པོ་ཟིལ་གནོན་འདི་གསུངས་སོ། །ཐོག་མར་ཤེས་རབ་རྩལ་རིག་ལ། །སྟོང་ཉིད་སྙིང་རྗེའི་རང་བཞིན་ལས། །སྐྱེ་འགག་མེད་པའི་ཡེ་ཤེས་གསལ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དཀར་དབུས་མཐིང་རྔམས། །འཁོར་ལོ་རྡོ་རྗེ་རལ་གྲི་དང་། །བེ་ཅོན་གཏུན་ཤིང་སྡིག་མཛུབ་འབར། །རིགས་ལྔའི་བདུད་མོ་དང་དམ་སྲི་དང་། །སྡོང་ཟླར་གྱུར་པ་ལ་སོགས་པ། །རང་རང་གནས་ནས་སྲོག་འཕྲོག་སྟེ། །མྱོས་ཏེ་འཁྲུལ་འཁོར་ལྟོ་བར་བཅའ། །བསམ་གཏན་སེམས་ཀྱི་འཁོར་ལོར་བཤད། །འཇམ་དཔལ་ཁྲོ་བོ་སྙིང་གཟེར་གསང་བའི་རྒྱུད་ལས། དབང་སྡུད་འཁོར་ལོར་བསྟན་པའི་ལེའུ་སྟེ་སྐབས་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བསམ་གཏན་བུམ་པའི་ཆོ་ག་དང་། ཕྱག་རྒྱ་ཆེན་པོ་སྤྱིན་སྲེག་གི་ཆོ་ག་འདི་གསུངས་སོ། །མཎྜལ་དྲི་དང་མེ་ཏོག་མཛེས། །རིན་ཆེན་བུམ་པར་རིན་ཆེན་བཅུད། །འབྲུ་དང་སྨན་ཚོགས་དྲི་དང་ལྡན། །གཙང་མ་གཟའ་སྐར་ཅན་གྱི་ཆུ། །ཁ་རྒྱན་མགུལ་ཆིངས་རབ་ལྡན་བཤམ། །སྔགས་པས་ཟིལ་གནོན་སྐུར་བསྒོམ་ལོ། །ཐུགས་ཀྱི་སྙིང་པོ་འཕྲོས་འདུས་ལས། །བུམ་པར་ཕྱག་རྒྱའི་ལྷ་ཚོགས་བསམ། །དྲག་སྔགས་བརྒྱ་བཟླས་བསྟིམ་ཞིང་བཞུ། །ཡེ་ཤེས་ཆུ་དང་སྔགས་ཀྱི་ཟེར། །སྤྲོ་ཞིང་སྤྲུལ་པས་ཞེན་ཆགས་སྦྱོང་། །བསམ་གཏན་བསྲུང་བའི་སྤྱོད་པ་བཤད། །སྙིང་ལ་ཕྱག་རྒྱ་གསལ་བ་ཡིས། །གསང་སྔགས་གསལ་བས་རྩ་རྒྱུད་དག །ཡེ་ཤེས་གོང་བུར་རབ་གསལ་བ། །ཟླ་གསལ་འཁོར་ལོའི་སྲུང་བར་བཤད། །རྣམ་རྟོག་བག་ཆགས་སྤྲིན་ལྟ་བུ། །ནམ་མཁའ་ལྟ་བུར་འཛིན་མེད་ན། །བསམ་གཏན་སེམས་ཀྱི་སྲུང་བར་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས། ཕྱག་རྒྱ་སེམས་ཀྱི་བསམ་གཏན་གྱི་སྔགས་འདི་གསུངས་སོ། །སརྦ་ཙིསྟ་རོ་མྱགས་ཁ་ཐ༷་སྲོག་གཟིར་སྐྲུར་ནན་འདྲིད་ཕྱུང་ཧྲི་ཤག་རྦད། ཁ་ཆིངས་རྒྱལ་པོ་གསང་བའི་མཆོག །བསམ་གཏན་འཕྲུལ་གྱི་སྲུང་བར་བཤད། །ཕུང་ས་གསུམ་གྱི་ཐབ་ཁུང་ནི། །ཁ་ཁྱེར་གསུམ་པ་གྲུ་གསུམ་བརྩིག །ཁ་དོག་ནག་པོས་བྱུག་པའི་དབུས། །སྣ་ཚོགས་རྡོ་རྗེ་ལྗང་གུ་མཛེས། །གང་གནོད་ས་གནས་རྫས་རྣམས་ལ། །གདུག་པ་གསུམ་དང་སྡོང་ཟླ་བྲི། །སྙིང་ག་གདུག་ཅིང་རབ་ཏུ་གཅེས། །མིང་རུས་གྲོ་ག་སེན་གང་བ། །དུག་གི་རིལ་བུ་བརྒྱ་རྩ་བརྒྱད། །མི་རྟ་ཁྱི་དང་གདུག་པའི་ཤ །དུག་གསུམ་ཚིལ་གསུམ་གི་ཧང་བཅས། །ཏིལ་དང་ཡུངས་ནག་ཚ་བ་གསུམ། །མར་ཁུ་འོ་མ་སྨེ་བའི་ཁྲག ་་་དཀར་རྡོ་ཕྱེ་ལྕགས་ཟངས་ཕྱེ། །བསྲེག་རྫས་རྫོགས་དང་རྣལ་འབྱོར་བྱ། །ཐབ་ཁུང་ར༷་ལས་མེ་ལྷར་བསྐྱེད། །ཐུགས་ཀར་ཕྱག་རྒྱའི་ལྷ་གསལ་བར། །རྫས་དང་ལིསྐོ་དབུལ་བར་བྱ། །ཕོ་ཉ་གཏང་ཞིང་གདབ་པ་དང་། །དྲག་སྔགས་བཟླས་ཤིང་བསྲེག་པར་བསམ། །ས་ནཱ་ག་དུ་ར༷་ནཱ་ག་ཨུ་ནན་གཟེར་ཕྱུང་སྲོག་ལ་དུ་ར༷། ཙིསྟ་བྲེང་ཤག་ཐུ༷་རྦད་ཨེ་ར༷། ས་ནཱ་ག་སྙིང་གཟེར་དུ་ར༷་ཨེ་ནན་འདྲིད་ཕྱུང་། ས་ནཱ་ག་ཙིརྟི་ཐུ༷་རིལ་རྦད། ཛ་ལ་ར༷་མྱ་ར་ཡ་ཕཊ་ཕཊ། ཅེས་པས་གདུག་པ་བསྲེག་པར་བཤད། ཐལ་བ་གནོན་ཅིང་གཟེར་བར་བྱ། །ཞེས་གསུངས་སོ། །དེ་ནས་ཡང་ནི་བཤད་བྱ་བ། །ཉོན་ཅིག་ཁྲོ་བོ་རོལ་པའི་ཚོགས། །སྔགས་དང་རྫས་དང་ཏིང་འཛིན་དག །སྦྱོར་བ་རྣམ་པ་གསུམ་གྱི་བསྡེབ། །བསྡེབ་དང་རྐྱང་པ་ཉམས་ཀྱིས་བརྟག །བསྡེབ་ན་རྩ་བའི་སྙིང་པོ་ལ། །སྐྲུ་གྲི་མཚོན་གྱིས་སྣོལ་མར་བསྡེབ། །བག་ཆགས་ཞེན་པ་ཁྲུས་ཀྱིས་སྦྱང་། །གདུག་རྩུབ་སྦྱོར་བ་མེ་ཡིས་བསྲེག །ལས་དང་སྦྱོར་བ་ཐུན་གྱིས་བཟློག །འབྱུང་བ་འཁྲུགས་པ་སྨན་གྱིས་བཅོས། །ཞེས་གསུངས་ཏེ་འཁོར་ལ་གདམས་སོ། །འཇམ་དཔལ་ཁྲོ་བོ་སྙིང་གཟེར་གསང་བའི་རྒྱུད་ལས། བཀྲུ་བ་དང་སྲེག་པའི་སྦྱོར་བ་བསྟན་པའི་ལེའུ་སྟེ་སྐབས་ལྔ་པའོ།། །།སྙིང་གཟེར་གསང་བའི་རྒྱུད་རྫོགས་སོ། །ཕྲ་རྒྱུད་དྲུག་ཅུ་རྩ་གཅིག །རྣལ་འབྱོར་ཆེན་པོའི་རྒྱུད། འཇམ་དཔལ་གཤིན་རྗེ་འབུམ་སྡེ་རྣམ་པར་བཀོད་པ་ལས། གདུག་པ་ཀླུ་འདུལ་བྱེད་ལེའུ་བཀོལ་པའོ། །བལ་པོའི་རྒྱལ་པོ་བ་སུ་དྷ་ར་དང་། བོད་ཀྱི་ལོ་སྣྲོ་བ་སྐྲུ་ངན་སངས་རྒྱས་ཡེ་ཤེས་ཀྱིས་བསྒྱུར་བའོ།། །རྒྱུདའདིདཔེ་གལསབསྡུརསམརྙེད། །།