Ngb-pt-0239-vol-03-text

From Rangjung Yeshe Wiki Texts
Revision as of 05:52, 20 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

༷་གོབྱུ་༥༷་ ་སྒ་་༷ །རྒྱ་གར་སྐད་དུ། རོ་དྲ་མནྟྲ་ས་མུ་དྭ་ཡ་མྱུ་ལ་ཏནྟྲ་ནཱ་མ། བོད་སྐད་དུ། དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་མཐུ་སྟོབས་ཐམས་ཅད་ཀྱི་བདག་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་རི་རབ་ཆེན་པོའི་ཡང་སྟེང་། ལྕང་ལོ་ཅན་གྱི་གནས་མཆོག །རབ་ཏུ་བརྒྱན་པའི་ཕོ་བྲང་ཆེན་པོ་ན། །ཡུམ་ཆེན་མོ་འབྱུང་བ་ལྔའི་བདག་ཉིད་མོ་དང་། གཉིས་སུ་མེད་པར་སྙོམས་པར་ཞུགས་ཏེ། སྐུ་ལས་འོད་ཟེར་སྣ་ཚོགས་རབ་ཏུ་སྤྲོས་ནས་འཇིག་རྟེན་གྱི་ཁམས་ཀྱི་གདུག་པ་ཅན་དང་། །དྲེགས་པ་ཅན་དང་། གཟི་བརྗིད་ཅན་དང་། ། དྲག་ཤུལ་ཅན་ལ་སོགས་པ་དག་གི་གནས་ཐམས་ཅད་རབ་ཏུ་གཡོ་ཞིང་བསྐྱོད་པར་མཛད་པས། དེ་དག་གི་སྡེ་དཔོན་དང་འཁོར་དང་གཡོག་ཏུ་བཅས་པ་རྣམས་རླུད་གི་ཤུགས་ཀྱིས་བསྐྱོད་པ་བཞིན་དུ་ལྷགས་པ་ནི་འདི་ལྟ་སྟེ། གཤིན་རྗེ་འཆི་བདག་ནག་པོ་ཆེན་པོ་ཡུམ་དང་བཅས་པ་དང་། བདུད་ནག་པོ་ཆེན་པོ་མེའི་ཁ་རླངས་ཅན་དང་། ཡུམ་བདུད་མོ་ནག་མོ་ཁྲག་འཛག་མ་དང་། །སྲིན་པོའི་རྒྱལ་པོ་གསོད་བྱེད་ནག་པོ་ཡུམ་དང་བཅས་པ་དང་། གནོད་སྦྱིན་ཆེན་པོ་གང་བ་བཟང་པོ་དང་། ཡུམ་གནོད་སྦྱིན་མོ་ཤ་ཟ་རལ་གཅིག་མ་དང་། ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོ་དང་། དུ་ཏྲའི་བདག་པོ་ཐར་པ་ནག་པོ་དང་། །དམུ་རྗེ་བཙན་པ་རྒྱལ་པོ་ཆེན་པོ་དང་། ཕྱི་རོལ་ལྷའི་བདག་པོ་ཀྭ་ལ་ནག་པོ་དང་། ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ་དང་། ཀླུའི་བདག་པོ་གཞོན་ནུ་ག་་པོ་དང་། ལྷའི་རྒྱལ་པོ་ལི་བྱིན་ཆེན་པོ་དང་།གནོད་སྦྱིན་ཆེན་པོ་ལག་དགུ་པ་དང་། བདག་ཉིད་ཆེན་པོ་རྡོ་རྗེ་མཛེས་པ་དང་། ཀླུ་བདུད་ཆེན་པོ་ཡབ་ཤུད་དམར་པོ་དང་། གཞན་ཡང་ལྷ་དང་ཀླུ་དང་ལྷ་མ་ཡིན་དང་ཟ་བྱེད་དང་། ཡི་དྭགས་དང་འབྱུང་པོའི་ཚོགས་དང་། ཕོ་ཉའི་ཚོགས་འབླིགས་པར་བྱེད་པ་བསམ་གྱིས་མི་ཁྱབ་པ་རབ་ཏུ་འདུས་སོ། །དེ་ནས་ཅོམ་ལྡན་འདས་ཀྱིས་གདུག་བྱེད་ཆེན་པོའི་འཁོར་དེ་དག་རབ་ཏུ་འདུལ་བར་མཁྱེན་ནས། དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་མངོན་པར་སྤྲུལ་པར་མཛད་དེ། །ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་དག །གཟུགས་སུ་སྣང་བ་རབ་ཏུ་འཇིགས། །སྒྲ་ནི་མི་སྙན་དྲག་ཅིང་ག་། །དྲི་ནི་མི་ཞིམ་རུལ་མྱགས་སུམ། །རོ་ནི་ཁ་སྒྱུར་ཚ་བར་བྲོ། །རེག་བྱ་ཚ་རྩུབ་མི་སྡུག་སྤྱོད། །ཞེ་སྡང་ཆེན་པོ་མེ་འབར་ཞིང་། །ང་རྒྱལ་ཀེང་རུས་བྲག་ཏུ་སྐྲུངས། །གཏི་མུག་མུན་ནག་རབ་ཏུ་འཐིབས། །འདོད་ཆགས་ཁྲག་གི་ཆུ་ཆེན་བྲུབ། །ཕྲག་དོག་རླུད་ནི་རབ་ཏུ་འཁྲུགས། །ཏི་ར་ཆེན་པོའི་ལོངས་སྤྱོད་དང་། །སྟག་གཟིག་གཅན་གཟན་ཅེ་སྤྱང་དང་། །ཀང་ཀ་དུར་བྱ་འདབ་ཆགས་ཚོགས། ཁྲ་ཟ་ཁྲག་ལཐུང་རུས་པ་འཇོམས། །བམ་དང་རུལ་དང་མྱགས་པ་དང་། །འབྱེད་དང་བྲལ་དང་གཞིག་པ་དང་། །ཟོས་དང་འཐོར་དང་རབ་ཏུ་འཐོར། །བྲུལ་དང་ཟག་དང་བརླག་པ་དང་། །རྩེ་དང་རྒོད་དང་གླལ་བ་དང་། །འཇིགས་ཤིང་གདུག་དང་རྔམས་པ་ཡི། །རོལ་པའི་ལོངས་སྒྲོད་རབ་ཏུ་སྤྲུལ།།ཀུན་ཀྱང་གདུག་པའི་སེམས་འཆང་ཞིང་། །གསོད་གཅོད་བཤའ་གཏུབ་ལུས་ཀྱི་ལས། །ཚིག་རྩུབ་བརླང་པོའི་ང་རོ་འབྱིན། །ཁྲོས་པའི་བརྟུལ་ཞུགས་དྲག་པོ་ཡིས། །མ་ལུས་འདུལ་ཞིང་ཚར་གཅོད་པའི། །མངོན་པར་སྦྱོད་ལ་རབ་ཏུ་བཀོད། །འདི་ལྟར་མཐོང་ཞིང་སྣང་གྱུར་ཀྱང་། །ཀུན་རྫོབ་ཙམ་དུ་སྣང་བ་ལས། །སེམས་ཅན་གཅིག་གི་བ་སྐྲུ་ལ། །ཅུང་ཟད་གནོད་པ་ཡོངས་མེད་དེ། །རང་གི་རྣམ་རྟོག་བདེ་བར་སྤྱོད། །ངེས་པའི་དེ་ཉིད་ཁོ་ནའོ། །དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ལས། ཆོ་འཕྲུལ་ཆེན་པོ་བསྟན་པའི་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་འཆང་བའི་རྒྱལ་པོ་ཡིས། །དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས། །ཐོག་མ་མེད་པའི་དུས་ཉིད་ནས། །མ་ལུས་བསྟན་པ་བསྲུང་མཛད་པའི། །གསང་བདག་ཆེན་པོར་དབང་བསྐུར་ཕྱིར། །གནོད་སྦྱིན་ལག་ན་རྡོ་རྗེ་འཆང་། །ལྔ་བརྒྱའི་གྲོགས་དང་བཅས་པ་ཡིས། །སོ་སོའི་གཙོ་ཆེན་མདུན་ཉིད་ནས། །རང་གི་སྟན་ལས་རབ་ཏུ་ལངས། །མངོན་དུ་སྤྱོད་པའི་སྤྲུལ་པ་མཛད། །ཐུགས་ལ་གནས་པའི་ས་བོན་ལས། །ཕྱོགས་བཅུ་ནམ་མཁའི་མཐར་ཐུག་ཀུན། །ལྗང་ནག་རླུད་གིས་རབ་ཏུ་དཀྲིགས། །ཁྲག་གི་རྦ་ཀློང་འཁྲུགས་ཤིང་གཡོ། །ཤ་རུས་གཏམས་པའི་ས་གཞི་ལ། །བསྐལ་པའི་མེ་རི་རབ་ཏུ་འབར། །བྷརྙ་འབར་བའི་གཞལ་ཡས་ཁང་། །གདུག་ཅིང་འཇིགས་སུ་རུང་བ་ནི། །སྟོབས་ཆེན་རྣམས་ཀྱང་ཉེར་མི་སྦྱོད། །ཕྲིན་ལས་མ་ལུས་རྫོགས་མཛད་གཟུགས། ཕྱི་ནང་མཐའ་དབུས་ཀུན་ལ་ཁྱབ། །བསྟན་ལ་རབ་སྡང་ཕ་རོལ་པོའི། །ཕུང་པོ་ཞབས་ཀྱི་གདན་དུ་བཏིང་། །འོད་ལྡན་གཙང་མ་ཡུམ་དང་བཅས། །ཆེ་བ་མཆོག་གི་སྐུར་མཛད་དེ། །རིགས་ཅན་མཐར་གནས་དབུར་བསྟན་ཅིང་། །སྟོང་པ་བཅོ་བརྒྱད་དག་ཅིང་སྟོང་། །ཕྱག་གིས་དྲེགས་པའི་ལྷ་བརྒྱད་བསྒྲལ། །བྷརྙ་ཙིཏི་གཡས་གཡོན་བསྣམས། །ཐུགས་ཀྱི་དབང་རྟགས་དང་པོར་བཟུང་། །ཐུགས་རྗེ་མི་འགྱུར་མཐིང་ནག་མདོག །མི་འཇིགས་རིག་པར་ལྡན་པའི་ཞབས། །བདུད་བཞི་ཕྱོགས་དང་བཅས་པ་གནོན། །མ་ལུས་དབང་དུ་སྡུད་པའི་ཕྱིར། །རལ་པ་ཁམ་ནག་སྲིད་རྩེར་འབར། །འབར་བའི་སྤྱན་གྱིས་ཁམས་གསུམ་གཟིགས། །གདངས་པའི་ཤངས་ཀྱིས་སྲིད་གསུམ་རྔུབ། །སྙན་གྱི་རླུད་སྒྲས་སྟོང་གསུམ་ཁྱབ། །རྣོ་དབལ་ཚེམས་ཀྱིས་གདུག་པ་སྒྲོལ།།ལྗགས་འདྲིལ་རྐན་སྒྲ་དྲག་པོ་རྡེབ། །ཁྲོ་གཉེར་འོད་ཀྱིས་དབང་དུ་སྡུད། །དཔའ་བའི་ཆས་ཀྱིས་རབ་ཏུ་བརྒྱན། །སྤྲུལ་པའི་ལྷ་རྣམས་སྐུ་ལ་རྫོགས། །སྟོབས་ལྡན་དེ་ཉིད་མཉེས་མཛད་པའི། །འབྱུང་བ་ཆེ་ལ་དབང་བསྒྱུར་མ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་ལ། །གྲི་གུག་ཏྲི་ཤཱལ་བདུད་རྩི་གཡས། །བྷརྙ་ཞིང་ཆེན་གཡང་གཞི་གཡོན། །གཙོ་བདག་ཚུལ་འཛིན་རབ་ཏུ་སྒེག །དགྱེས་མཛད་རབ་ཏུ་རོལ་པ་ལས། །འདུལ་བྱེད་སྤྲུལ་པ་རབ་ཏུ་སྤྲོ། །ཕྱོགས་བཅུའི་འཇིག་༷རྟེན་ཁམས་ཀུན་གྱི། །གཏུམ་པོ་གདུག་པའི་ཚུལ་འཆང་བའི། །དྲག་སྔགས་བདག་པོ་མ་ལུས་ཀུན། །རང་ཉིད་སོ་སོའི་འཁོར་བཅས་པའི། །རྟེན་དང་གནས་པ་རེ་རེར་སྣང་།།རང་དབང་མེད་པར་འདུད་ཅིང་གཡོ། །ཨཱོཾ་བཛྲ་སརྦ་དུ་་ཨེ་ཀ་ཡ་མ་མ་སྟི་ར་བྷ་གྲོཎྜ་ཧུ༷་ཕཊ། །བདུད་དང་གཤིན་རྗེ་སྲིན་པོ་དང་། །གནོད་སྤྱིན་ལྷ་དང་ལོག་ལྟ་ཅན། །དམུ་རྗེ་ཆེ་དང་ཕྱི་རོལ་ཕྱོགས། །གདུག་བྱེད་མཁའ་ལ་རྒྱུ་བ་དང་། །བྱོལ་སོང་ལྷོ་འགྲོའི་ལུས་འཛིན་དང་། །ང་རྒྱལ་འཆང་དང་སྤྲུལ་པ་ཅན། །མཐའ་འཁོབ་གནས་བཅས་མ་ལུས་རྒྱུ། །ལྷ་བདུད་མི་མ་ཡིན་གྱི་གནས། །ཁ་བ་ཅན་དུ་ཕྱོགས་ཤིང་སྲིད། །ལས་ཀྱི་ལུས་ཀྱི་ནུས་པ་འབྱིན། །མ་ལུས་རྣམ་པ་ཐམས་ཅད་ཀུན། ཁུགས་དྲག་རླུད་གིས་བསྐྱོད་པ་བཞིན། །རབ་ཏུ་འདར་ཞིང་མདུན་དུ་གནས། །ཐུགས་རྗེའི་བདག་པོས་དགོངས་མཛད་དེ། །ག་་རྔམས་འཇིགས་བྱེད་ཆེན་པོའི་སྐུ། །གསང་ཚིག་དྲག་པོའི་གསུང་གི་སྒྲས། །མ་ལུས་ཚིམས་པར་བཀའ་སྩལ་པ། །ཨེ་མ་འསྡིག་རྟེན་ཁམས་ཀུན་གྱི། །དྲག་སྔགས་བདག་པོ་དྲེགས་པ་ཅན། །ཇོན་གྱི་རྡོ་རྗེ་འཆང་ཆེན་དང་། །ང་ཡི་བཀའ་༄༅ ལས་མ་འདའ་བར། །ཁྱེད་རྣམས་རང་གི་འཁོར་དང་བཅས། །སོ་སོའི་ལུས་དང་བཏགས་པའི་མིང་། །རིགས་དང་རྟེན་དང་བྱེད་པའི་ལས། །སྡེ་དང་ཆ་ལུགས་ལོངས་སྤྱོད་རྣམས། །འཇིགས་བྱེད་གནས་འདིར་མྱུར་དུ་སྟོན། །ཁྱེད་རྣམས་འ༷ དི་ལས་འགལ་བྱེད་ན། །ང་ཡི་སྔོན་གྱི་དམ་ཚིག་གིས། །ཁྱོད་ཀྱི་ལུས་སེམས་སྲོག་དང་བཅས། །མ་ལུས་གཏན་ནས་བརླག་པར་བྱ། །ཞེས་བཀའ་སྩལ་ནས། །དྲག་སྔགས་ཀྱི་ཚིག་འདི་དག་ཀྱང་བཀའ་སྩལ་ཏོ། །ཨཱོཾ་སརྦ་དུ་་ཏ་ཀ་ན་ད་ཧ་པ་ཙ་ཧུ༷་ཕཊ། ཡ་མ་ར་ཙ་པྲེ་ཏ་ཀ་པྱ་མ་མ་སྟེ་ཏ་མུ་ར་ཡ་སྣྲི་སྣྲི་ཛ་ཛ། དུ་པྲ་ཕྲག་ར་ཙ་དུག་དུན་མ་ཏིང་མྱ་ར་ཡ་ཧི་སྣྲི་ཛ་ཛ། རག་ཤ་རག་མོ་མ་ཡ་ར་ཏི་བཱ་ར་ཡ་ཧྲི་ཧྲི་ཛ་ཛ། ཡཀྟ་ཨ་པ་སྨ་རཀྟ་མི་དུ་ཤ༷་པ་མུ་ར་ཡ་ཛ་ཛ། མ་ཧྭ་དེ་བེ་ཤྭ་ར་ར་ཙ་མྱ་ར་ཡ་རྙི་སྣྲི་ཛ་ཛ། མ་ཏ༷་ཀ་རུ་ཏྲ་ཀྭ་ལ་མྱ་ར་ཡ་ཀྭ་ལ་རྙི་ཧི་ཛ་ཛ། མུན་མུན་པ་ཛ་ཙིཀྟ་མྱ་ར་ཡ་སྣྲི་སྣྲི་ཛ་ཛ། ཏིརྙི་ཀ་མ་ཏེ་མ་ཧྭ་བཱ་ར་ཡ་སྣྲི་སྣྲི་ཛ་ཛ། བྱི་ཏྲི་པ་ཏྲ་རོ་ག་ཏི་ཛ་མྱ་ར་ཡ་སྙི་སྣྲི་ཛ་ཛ། ནཱ་ག་རྭ་ཛ་ཀུ་མ་ཙ་ཏ་དྷི་ར་ཡ་རྒི་སྣྲི་ཛ་ཛ། རྭ་ཛ་བྱུ་ལིང་ཨེ་ས་མ་ཡ་྅་སྣྲི་ཛ་ཛ། མ་ཧྭ་ཁུ་ལེངས་བི་ཧུ་བཱ་ར་ཡ་སྟི་རྒི་ཛ་ཛ། བཛྲ་སྭ་བྱུ་སེ་ཨ༷་ཙ་མྱ་ར་ཡ་ཧྲི་ཧྲི་ཛ་ཛ། ཨ་སྟི་ཤུ་ཏྲི་ལིང་མྱ་ར་ཡ་ཧྲི་ཧྲི་ཛ་ཛ། དྲི་ཧུར་ཐུམ་ཛ༷མ།་སྒྲུ༷་མུ་ར་ཡ་རྦད། ཅེས་བརྗོད་ཅིང་སྐུ་འཇིགས་བྱེད་འབར་བ་དེ་སླར་ཡང་འཇིགས་སུ་རུང་བར་བསྟན་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་མ་རུངས་པའི་སྒྲ་ཆེན་པོ་དང་། འོད་དང་གློག་འབར་བ་དང་། རླུད་གི་ཤུགས་དྲག་པོས་རབ་ཏུ་གང་བར་གྱུར་ཏོ། །བདུད་དང་གཤིན་རྗེ་ལ་སོགས་པ་ཕྱོགས་བཅུའི་དྲེགས་པ་ཅན་རྣམས་ཀྱང་རང་རང་གི་འཁོར་དང་བཅས་ཏེ་རབ་ཏུ་འདུས་ནས། རང་རང་གི་རིགས་ཀྱི་དྲེགས་པ་དག་ཕུལ་ཏེ། བཅོམ་ལྡན་འདས་ཉིད་ཀྱི་མདུན་དུ་ཉེ་བར་གྱུར་ནས། བཀའ་རབ་ཏུ་བསྒྲུབ་པར་རྩོལ་བར་གྱུར་ཏོ། །དྲག་སྔགས་འདུས་བ་རྩ་བའི་རྒྱུད་ལས། བྱིན་རླབས་ཆེན་པོས་དབང་དུ་བསྡུས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་འཇིག་རྟེན་གྱི་ཁམས་ཀྱི་བདུད་ཀྱི་རྒྱལ་པོ་མེའི་ཁ་རླངས་ཅན་ཞེས་བྱ་བ། མདོག་ནག་པོ་ཁ་ནས་མེ་འབར་བ། ཁྲམ་ཤིང་དང་བདུད་ཞགས་ནག་པོ་ཐོགས་པ། ཞིང་ལྤགས་ཀྱི་གོས་གྱོན་པ། ཡུམ་བདུད་མོ་ནག་མོ་ཁྲག་འཛག་མ་ཞེས་བྱ་བ། ཁྲམ་ཤིང་དང་ཐོད་པ་རློན་པ་ཐོགས་པ། ཞིང་ལྤགས་གོན་ཞིང་བདུད་རྟ་ནག་པོ་ལ་ཁྱོད་ཤུག་གཉིས་ཅར་ཞོན་ནས། བཅོམ་ལྡན་འདས་ཀྱི་སྦྱན་སྔར་བདུད་ཀྱི་རིས་ཀྱི་ལྷ་ཚོགས་དང་བཅས་ནས་རིངས་པར་ལྷགས་སོ། །དེ་བཞིན་དུ་འཆི་བདག་གཤིནརྗེཞེསབྱ་བ། མདོག་ནག་ཐོད་པ་གྲི་གུག་འཛིན། །ཆུངམགཤིནརྗེཟབྱེད་མ། །གྲི་གུག་ཐོད་པ་ཕྱག་གིས་འཛིན། །ཁྱོ་ཤུག་ཞིང་ལྤགས་རློན་པ་བགོས། །མ་ཧེ་ཆུ་གླང་ཤོནནསནི། །གཤིནརྗེཕོམོའི་།ཚོགས་དང་བཅས། །འགལ་བྱེད་གཟིར་ཞིང་མྱུར་དུ་ལྷགས། །སྲིན་པོ་གསོད་བྱེད་ཡབ་ཡུམ་ཡང་། །མདོག་ནག་ཞིང་གི་པགས་པ་བགོས། །རལ་གྲི་གྲི་གུག་ཡབཀྱིགཡོན་གཡས་ཀྱིས་བཟུང་། །གཡོན་ཡུམགྱིས་མི་མགོ་ཡབཀྱིགཡསཐོད་ཁྲག་ཐོགས། །སྟག་དང་སེང་གེ་བཞོན་པ་བསྐྱོད། །སྲིན་པོའི་ཚོགས་བཅས་མྱུར་དུ་འཁོད། །གནོད་སྦྱིན་གང་བ་བཟང་པོ་དང་། །ཆུང་མ་ཤ་ཟ་རལ་གཅིག་བཅས། །མཐིང་ནག་མགྱོགས་བྱེད་རྟ་ལ་ཞོན། །ཞིང་ལྤགས་གྱོན་ཏེ་ཕྱག་གཉིས་ཀྱིས། །རལ་གྲི་ཡབགཡོན་དར་ནག་ཞིང་ལྤགས་ཡུམགཡསབཟུང་། །གནོད་སྤྱིན་ཚོགས་དང་བཅས་ཏེ་བསྐྱོད། །དྲག་སྔགས་བདག་པོ་སྡེ་དཔོན་ཏེ། ཁྲར་ལྷོ་ནུབ་བྱང་ཕྱོགས་དག་གི །གནས་སུ་གཙོ་ལ་འདུད་ཅིང་འཁོད། །དབང་ཕྱུག་ཆེན་པོ་ཞེས་བྱ་བ། །འཇིག་རྟེན་ལྷ་ཡི་སྔགས་བདག་ནི། །དཀར་པོ་བ་དན་ཤེལ་གྲི་ཐོགས། །དར་དཀར་གོས་ཅན་གནམ་རུ་ཤོན། །དྲེགས་པའི་ལྷ་བདུད་འཁོར་དང་བཅས། །རེངས་པར་ལྷག་སྟེ་ཤར་ཕྱོགས་འཁོད། །ཐར་པ་ནག་པོ་ཞེས་བྱ་བ། །མདོག་གནག་མཆོད་གཏོར་དུག་ཐུང་འཛིན། །དོམ་ནག་ཞོན་ཏེ་ཞིང་ལྤགས་བགོས། །སྡེ་དང་བཅས་ཏེ་ལྷོ་ཕྱོགས་འཁོད། །དམུ་རྗེ་བཙན་པོ་ཞེས་བྱ་བ། །དར་ནག་དང་ནི་ཞགས་པ་ཐོགས། །བེར་ནག་གྱོན་ཏེ་དམུ་རྟ་ཤོན། །རང་གི་སྡེར་དང་ནུབ་ཕྱོགས་འཁོད། །མུ་སྟེགས་ནག་པོ་ཆེན་པོ་ཡང་། །ཁ་ཊ༷་དང་ནི་ཏྲི་ཤཱལ་འཛིན། །མི་ལྤགས་བགོས་ཏེ་མ་ཧེ་ཞོན། །རང་གི་སྡེ་བཅས་བྱང་དུ་འཁོད། །ཁྱབ་འཇུག་རོག་ཏི་ཞེས་བྱ་བ། །མཐིང་ནག་ཁྲམ་ཤིང་དགྲ་སྟུ་འཛིན། །སྤྲིན་ནག་བགོས་ཤིང་འབྲུག་ཇོན་ཞོན། །གཟའ་བདུད་ཚོགས་བཅས་སྟེང་ནས་འཁོད། །ཀླུ་རྒྱལ་སོག་མ་མེད་ཅེས་པ། །སེར་ནག་སྤྲུལ་ལྤགས་ན་བཟའ་ཅན། །བུམ་པ་དང་ནི་རུས་སྦལ་འཛིན། །ཆུ་སྲིན་ཤོན་ཏེ་ཀླུ་ཚོགས་བཅས། །འོག་གི་ཕྱོགས་སུ་འཁོད་ཅིང་འདུག །གཞན་ཡང་ལི་བྱིན་ལག་དགུ་དང་། །ཐེ་སྐྱེས་གཙོ་དང་ཡམས་ཤུད་ཀྱི། །སོ་སོའི་བླགས་ཀྱི་བདག་པོ་དག །དཀར་སེར་དམར་པོའི་མདོག་ལྡན་ཞིང་། ཁྲེལ་གྲི་ཐོགས་དརདཀ་གིང་ལག་དགུ་འགྱེད། །དར་དམར་མདུང་དརདཀརརིང་རལ་གྲི་འཛིན། །རྟ་དཀར་བྱ་རྒོད་ར་སྐྱེས་དང་། །རྟ་དམར་ཤོན་ཏེ་ཞིང་ལྤགས་བགོས། །སོ་སོའི་སྡེ་དང་གཡོག་བཅས་ཤིང་། །ཕྱོགས་ཀྱི་སྒོ་བཞིར་གནས་པར་འཁོད། །གཞན་ཡང་ལྷ་ཀླུ་གནོད་སྦྱིན་དང་། །མ་མོ་གཤིན་རྗེ་སྲིན་པོ་བདུད། །དུ་ཏྲ་མུ་སྟེགས་འགོང་ཐེལ་དང་། །གྱིང་དམུ་གཟའ་དང་རྒྱལ་ཕྲན་སྨན། །སྣང་སྲིད་ལྷ་སྲིན་དྲེགས་པ་ཅན། །སྡེ་དཔོན་ཆེན་པོ་རྣམས་བཅས་འཁོད། །ཕྱི་དང་ནང་དང་གསང་བ་དང་། །ཡང་གསང་དང་ནི་དྲག་པོ་དང་། །བཏགས་ཤིང་ཆགས་དང་སྦས་པ་དང་། །ལས་བྱེད་ཤན་པ་ཐོར་ཤོད་དང་། །ཆེ་གྲགས་བཙན་དང་མ་མོ་དང་། །མུན་འཐིབ་སྟོང་འཁྲུགས་སྲོག་གཅོད་དང་། །གླེང་ཞིང་དབང་ཆེ་ལ་སོགས་རྣམས། །བཅོམ་ལྡན་རྡོ་རྗེ་འཆང་བ་ཡི། །བཀའ་བཞིན་རྗེས་སུ་སྒྲུབ་བྱེད་པས། །མ་ཐོགས་དུར་ཁྲོད་གནས་ཆེན་དུ། །འདར་ཞིང་མྱུར་བའི་ཤུགས་དང་བཅས། །རང་གི་ནུས་པ་རབ་བསྟན་ཏེ།།བཀའ་ཉན་གསུང་སྡོད་རྗེས་འབྲངས་གནས། །དེ་ལྟར་འཁོད་པའི་འཇིག་རྟེན་གྱི་དྲེགས་པའི་བདག་པོ་སྔགས་ཀྱི་སྟོབས་དང་ལྡན་པ་དེ་དག་གིས། རང་རང་གི་འཁོར་དང་། རིགས་ཀྱི་སྡེ་དང་། མཐུ་དང་ལོངས་སྤྱོད་ཀྱི་ཁྱད་པར་དག་ཀྱང་། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བསྟན་ནས་འདི་སྐད་ཅེས་ཀྱང་གསོལ་ཏོ། །བཅོམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ། བདག་ཅག་ལ་སོགས་པ་འཇིག་རྟེན་གྱི་ཁམས་ན་གནས་པ་མ་རུངས་པའི་ཚོགས་གདུག་པ་དང་། སྡང་བ་དང་། གནོད་པ་དང་། ཤུགས་དང་། འཚེ་བ་དང་། རྩོད་པའི་བསམ་པ་དང་ལྡན་པ་དང་། བྱམས་པ་དང་། སྙིང་རྗེ་དང་ཕན་པའི་སེམས་སྐྱེ་བར་མི་ནུས་པ་རྣམས་ཏེ། རང་རང་གི་ཁམས་དང་། བྱེད་པ་དང་། རིགས་དང་། ལས་ཀྱི་བྱ་བ་དང་། རྟེན་དང་། ནུས་པ་དང་། དབང་གི་ཁྱད་པར་དག་དང་མཐུན་པའི་བསྟན་པ་མི་བཟད་པ་སྟོབས་དང་ལྡན་པ་དག་བཀའ་སྩལ་བར་གསོལ། ཞེས་གསོལ་ཏོ། །དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ལས། ཚོགས་ཀྱི་དཀྱིལ་འཁོར་ལ་རབ་ཏུ་བཀོད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས། །སྐུ་ཡི་ཆེ་བ་རབ་བསྟན་ཅིང་། །གསུང་གི་སྙིང་པོ་གནད་བསྐུལ་ཏེ། །ཐུགས་ཀྱི་དགོངས་པ་ཆེར་མཛད་ནས། །འཇིག་རྟེན་དྲེགས་པ་མཐུ་སྟོབས་ཅན། །འདུས་པའི་འཁོར་ལ་བཀའ་ཀྟལ་པ། །ཧུ༷་འསྔིག་རྟེན་དྲེགས་པའི་ཚེགས་ཆེན་རྣམས། །ང་ཡི་བཀའ་བཞིན་ཉན་པར་གྱིས། །ང་ནི་ཆོས་སྐུ་བདེ་ཆེན་ཏེ། །ཡེ་ནས་མ་བཅོས་ལྷུན་གྱིས་གྲུབ། །སྣང་བའི་སྐུ་ལ་དངོས་པོ་མེད། །ཡེ་ཤེས་སྐུ་སྟེ་སྐུ་ཡི་མཆོག །ང་ནི་སྔགས་གསུང་མཐུ་ཆེན་ཏེ། །ཡེ་ནས་ཐ་སྙད་སྒྲ་དང་བྲལ། བརྗོད་པའི་གསུང་ལ་འཛིན་པ་མེད། །མ་འགགས་གསུང་སྟེ་གསུང་གི་དཔལ། །ང་ནི་བདེན་པའི་ཐུགས་མཆོག་སྟེ། །ཡེ་ནས་མཚན་མ་ཡང་དག་བྲལ། །གཉིས་མེད་ཐུགས་ལ་རྩོལ་བ་མེད། །སྐྱེ་མེད་ཐུགས་ཏེ་ཐུགས་ཀྱི་དཔལ།།ང་ནི་ཡོན་ཏན་ཚོགས་ཆེན་ཏེ། །ལྷུན་གྱིས་གྲུབ་ཅིང་བསམ་མི་ཁྱབ། །སྨོན་མེད་དགོས་པ་མ་ལུས་འབྱུང་། །དངོས་གྲུབ་ཆེན་པོ་བསྐྱེད་པའི་གཞི། །ང་ནི་ཕྲིན་ལས་མཛད་པ་སྟེ། །ཡོངས་རྫོགས་བརྩོན་པའི་བདག་ཉིད་ཅན། །ཞི་རྒྱས་དབང་དང་མངོན་དུ་སྤྱོད། །སྣ་ཚོགས་གཞན་དོན་ལྷུན་གྱིས་རྫོགས། །འཇིག་རྟེན་སྔགས་བདག་དྲེགས་པ་ཅན། །གཙོ་ཆེན་དབང་བསྒྱུར་ཁྱེད་རྣམ་ཀྱང་། །ང་དང་དུས་གསུམ་སངས་རྒྱས་ཀྱི།།ཐུགས་དང་ཡེ་ནས་གཉིས་སུ་མེད། །གསུང་དང་དབྱེ་བ་ཡོད་མ་ཡིན། །སྐུ་ལས་སོ་སོར་མི་བལྷ་སྟེ། །ཡོན་ཏན་མཉམ་པ་ཉིད་དུ་རྫོགས། །ཕྲིན་ལས་གཅིག་སྟེ་ཐུན་མོང་བསྒྲུབ། །ཐོག་མ་མེད་ནས་ད་། །ལྟའི་བར།ཉོན་མོངས་ལས་ཀྱི་རྒྱུ་འབྲས་ཀྱིས། །གནས་ངན་ལེན་གྱི་ཕུང་པོར་སྨིན། །ང་རྒྱལ་དྲེགས་པའི་ལུས་ངག་སེམས། །སྟོབས་དང་ནུས་པ་དཔག་མེད་རྫོགས། །ཆེ་བཙན་དབང་ཕྱུག་ལྡན་གྱུར་ཀྱང་། །ཡང་དག་ངེས་པའི་དོན་མ་རྟོགས། དོན་དམ་བདེན་པ་ཁོང་མ་ཆུད། །སྤྲོས་བྲལ་དགེ་ལ་བློ་མ་ཕྱོགས། །རང་རིག་རྒྱལ་པོའི་སྟོབས་མ་རྙེད། །སྐྱེ་མེད་དབྱིངས་ཀྱི་རྩལ་མ་ཤར། །བདེ་ཆེན་གནས་ཀྱི་གདེང་མ་ཐོབ མཚོན་མེད་བཅུད་ཀྱི་རོ་མ་མྱོང་། །ཆོས་ཉིད་སྐུ་ཡི་གཟུགས་མ་མཐོང་། །ཡེ་ཤེས་ཀློང་གི་སྒོ་མ་ཕྱེད། །དེ་བས་རིགས་ཀྱི་བུ་རྣམས་ཀྱིས། །རང་གི་གནས་ལ་རབ་ཏུ་རྟོགས། །ལུས་ལ་བདག་ཏུ་ཡོངས་མ་བཟུང་། །ངག་ལ་བརྗོད་པར་མ་སྨྲ་ཞིག །སེམས་ལ་དངོས་པོར་ག་ལ་རྟོག །གནས་ཡུལ་རིགས་ཁམས་སྡེ་དང་དཔུང་། །རྟེན་རྫས་ལོངས་སྤྱོད་དབང་སྐལ་རྣམས། །ང་དང་ང་ཡིར་གཟུང་བྱ་མིན། །ཐུན་མོང་དང་ནི་ཐ་དད་གཅིག །དེ་དག་མ་ལུས་སྟོང་པ་སྟེ། །སྟོང་པ་ཉིད་ཀྱང་དེ་དག་གོ །དེ་ལས་གུད་ན་གཞན་མེད་དེ། །གཞན་ལས་གུད་ནའང་དེ་མེད་ཅིང་། །མ་སྐྱེས་མ་འགགས་མཚན་ཉིད་མེད། །མ་ཕྲི་མ་བསྣན་མ་བསླད་ཅིང་། །མ་བཅོས་མ་བསྒྱུར་མ་བྱུང་ལ། །མ་སྐྱེས་མ་བསྒྲུབས་མ་བཤད་པའི། །དོན་ཆེན་དེ་ནི་རང་ཉིད་ལས། །ཕྱི་ནང་སྔ་ཕྱི་སྟེང་དང་འོག །ཕྱོགས་མཚམས་འཁོར་འདས་ལུས་དང་སེམས། །ཀུན་ནས་རྙེད་པ་མ་ཡིན་ཏེ། །འདི་ནའང་ཡོད་པ་མ་ཡིན་ནོ། ཁྲ་ཁྲག་ལྤགས་པ་རུས་པ་དང་། །སྙིང་དང་གློ་བ་སྣོད་རྣམས་དང་། །དབང་པོ་ཡན་ལག་བཅས་པ་ལ། །བདེ་ཆེན་དམ་པ་དེ་མི་གནས། །དེ་ལས་གཞན་ནའང་གནས་མེད་དེ། །གནས་མ་གྲུབ་ལ་གནས་ཤེས་བརྗོད། །གནས་ཡོད་སྙམ་ན་དེར་རྟོགས་ཤིག །ཅི་འདྲ་ཅི་ཞིག་ཇི་ལྟ་བུ། །གང་ནས་འོངས་ཤིང་གང་དུ་སོང་། །གང་ན་འདུག་ཅིང་ཇི་ཞིག་བྱེད། །དབྱིབས་དང་ཁ་དོག་མིང་དང་མཚན། །རིགས་དང་ཁམས་ལ་རབ་ཏུ་རྟོགས། །དེ་ལ་དེ་ཡིས་དེར་བལྟས་པས། །མཐོང་བ་མེད་པ་བལྟ་བའོ། །གང་ལ་གང་གིས་གང་བསྒོམས་པས། །བསྒོམ་དང་བྲལ་བར་བསྒོམ་ཞེས་བྱ། །ཅི་ལ་སུ་ཞིག་ཅིར་སྤྱོད་པས། །སྤྱོད་རྒྱུ་མི་གནས་སྤྱོད་པ་ཆེ། །སུ་ལ་སུས་ཐོབ་ཅི་བསྒྲུབས་པས། །མ་གྲུབ་རང་གནས་འབྲས་བུ་སྟེ། །མ་ལུས་མེད་ཅིང་རྣམ་པ་ཡི། །ཡོན་ཏན་ཡོངས་རྫོགས་དབང་ཕྱུག་གོ །ཞི་དང་རྒྱས་དང་མངོན་དུ་སྤྱོད། །དབང་དུ་བསྡུ་བ་ཕྲིན་ལས་ཡིན། །རང་ལ་རྫོགས་ཤིང་རང་གིས་གྲུབ། །ཐག་ཆོད་པ་དང་བསྟན་པ་དང་། །ཚད་ལྡན་མཐར་བྱིན་ལ་བཟླ་དང་། །འདས་དང་མ་འདས་སྟོན་པ་དང་། །བཤད་དང་ཉན་དང་སྡུད་པ་དང་། །གནས་དུས་ཡོན་ཏན་སྐྱོན་རྣམས་ནི། །རང་གི་དེ་ཉིད་རྟོགས་པས་འགྲུབ། །ཅེས་བཀའ་སྩལ་ཏོ། །དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ལས། དོན་དམ་པའི་གནས་ཉེ་བར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས། །དགོངས་པ་ཆེན་པོ་འདི་གསུངས་ཏེ། །ཡེ་ནས་མ་བྱུང་མ་སྐྱེས་པའི། །ཆོས་ཉིད་དོན་གྱི་སྙིང་པོ་ནི། །གཟུང་འཛིན་མཐའ་བྲལ་མ་རྟོགས་ཏེ། །ང་བདག་འཛིན་པའི་རྣམ་རྟོག་གིས།།དྲེགས་ཤིང་གཟིར་བའི་རྭ་ཏྲ་དེ། །མ་བསྒྲལ་བ་ནི་ཉེས་པ་ནི། །ཐབས་དང་ཤེས་རབ་སྙིང་རྗེ་གསུམ། །མཐུན་ཞིང་མཚུངས་ལྡན་སྲས་ཀྱིས་བསྒྲལ། །དམ་པའི་དོན་དེ་མ་རྟོགས་པར། །དངོས་པོར་བཤད་པས་འཁོར་བར་ལྟུང་། །མཁས་རྟོགས་ལྡན་པས་བཤད་པ་ཡིས། །འཕགས་པ་མཉེས་ཤིང་སེམས་ཅན་སྒྲོལ། །ཚོགས་གཉིས་རྫོགས་ཏེ་སྐུ་གསུམ་ཐོབ། །རྣམ་རིག་མཐོང་བས་དོན་ཐག་གཅད། །བརྟུལ་ཞུགས་དྲག་པོས་བསྒྲུབ་པ་བརྩམ། །དབང་དུ་བསྡུ་དང་འདུལ་བའི་ཕྱིར། །འཇིག་རྟེན་ལས་ཀྱིས་བསྡུས་པའི་རྒྱུད། །ང་དང་སྟོན་པ་རྣམས་ཀྱིས་བཤད། །ཆོས་དབྱིངས་དུར་ཁྲོད་རང་གནས་སུ། །རིག་པ་འཛིན་པ་རྣམས་ཀྱིས་ནི། །སངས་རྒྱས་བསྟན་པའི་དོན་དུ་བསྡུས། །སྙིགས་མ་རབ་ཏུ་བདོ་བའི་དུས། །བསྟོད་ཅིང་གཙུག་ལག་ལྟོས་པའི་ཆོས། །སྐྱོན་དང་ཡོན་ཏན་ཚུལ་དུ་འབྱུང་། །བསྟན་པ་འཇིག་བྱེད་ལས་ངན་ཅན། །དྲག་སྔགས་སྟོབས་ཀྱིས་བསྒྲལ་བྱས་ན། །རྫོགས་དང་སྤངས་པ་ཐོབ་པར་འགྱུར། །དཀྱིལ་འཁོར་གནས་པའི་རྟེན་ཡིན་ཏེ། །ལྷ་དང་སྔགས་དང་ཏིང་ངེ་འཛིན། །རྫས་རྣམས་རྒྱུ་དང་རྐྱེན་དུ་འགྱུར། །ལིདྷ་ཉ་བོ་དམིགས་པའི་རྟེན། །མིང་རུས་བྱང་བུ་རྣམ་ཤེས་དང་། །སྔ་ཚེ་འཁོར་བའི་རྟེན་ཡིན་ནོ། །འགུགས་འདྲེན་གྱིས་ནི་དེ་དག་དགུག །ཕོ་ཉས་ལས་ཀུན་སྒྲུབ་པར་བྱེད། །སྔགས་ཀྱི་རྫས་ཀྱིས་དཔལ་བསྐྱེད་ཅིང་། །ཐུན་རྫས་རྣམས་ཀྱིས་མྱོས་པ་དང་།།རེངས་ལྐུགས་མཚོན་འདེབས་རྡུལ་དུ་རློག །གནད་དུ་འབེབས་ཤིང་སྙིང་ནས་འདྲེན། །ལྷ་དང་འབྱེད་ཅིང་རྩ་བ་གཅོད། །བྱང་ཆུབ་སེམས་ཀྱི་དངོས་པོ་ནི། །དོན་པོ་ཁྲག་གི་ལན་བུའི་ལནམའིཡངའོག །ཀུན་གཞི་ཏིལ་འབྲུ་ཙམ་ཞིག་གནས། །རྩ་བ་ཀླུང་གནས་དྲ་བ་སྟེ། །ཕུར་པ་མེ་དབལ་ལྟ་བུ་ཡིས། །བསྡུས་ཤིང་བསྲེགས་ཏེ་གཅད་པ་ཡིས། །དམིགས་པ་རྟེན་དང་བྲལ་བར་བྱས། །བཀྲག་དང་གཟི་མདངས་རང་ལ་བསྡུས། །ཕྲིན་ལས་རྣམ་བཞིས་གཟིར་བ་ལས། །དགེ་སྡིག་ངོ་བོ་ཉིད་དུ་མཉམ། །བལྟ་སྤྱོད་ལྡན་པས་ཞིང་བཅུ་དེ། །ཕ་རོལ་བླ་མེད་གནས་སུ་བསྒྲལ། །བར་མ་དོ་ཡི་རྣམ་ཤེས་ནི། །ཧུ༷་དང་ཕཊ་ཀྱི་འཕྲོ་འདུ་ཡིས། །སྦྱང་དང་སྤར་བའི་ལས་རྣམས་བྱ། །ཕྱོགས་བཅུའི་རྒྱལ་བའི་སྲས་སུ་བསྐྱེད། །ཕུང་པོ་ལྷག་མ་ཙམ་ཉིད་ནི། །རྟེན་གསུམ་གྱིས་ནི་རབ་ཏུ་སྦྱང་། །ཆོས་སྐུའི་གཟུགས་བརྙན་བསྟན་པར་བྱ། །འདི་ནི་ཕ་རོལ་སྔ་ན་མེད། །བསྒྲལ་བ་དུས་གསུམ་སངས་རྒྱས་དང་། །རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཡི། །སྤྱོད་པ་རླབས་ཆེན་བཤད་པའོ། །དྲག་ཇགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ལས། སྒྲོལ་བའི་ཏིང་ངེ་འཛིན་གྱི་དམིགས་པའི་ལེའུ་སྟེ་ལྔ་པའོ།།དེ་ནས་རྡོ་རྗེ་འཛིན་པ་ཡིས། །ལས་ཀྱི་བྱེ་བྲག་འདི་གསུངས་ཏེ། །ཐོག་མར་འདི་ལ་ཤིས་པའི་གནས། །དུར་ཁྲོད་ཆུ་གླིང་རི་ཡི་སུལ། །ཁྲོས་ཤིང་གདུག་པའི་གནས་དེ་མྲ །རབ་ཏུ་གནས་ཤིང་གདེང་ལྡན་པའི། །དམ་ཚིག་གནས་པའི་བསྒྲུབ་པ་སྟེ། །ཡོངས་སུ་རྫོགས་པའི་སློབ་མ་ཡིས། །སྔོན་དུ་བླ་མ་མཉེས་བྱས་ནས། །ལྷག་པའི་ལྷ་ཉིད་སྟོབས་དང་ལྡན། །རྡོ་རྗེ་འཛིན་པ་ཧེ་རུ་ཀ །ཉེ་བར་བསྟེན་དང་གཉིས་སུ་མེད།།ཚད་དང་ལྡན་པར་གྱུར་པ་དེས། །ཡང་དག་ངེས་པའི་རྟགས་མཐོང་ནས། །རབ་ཏུ་འབད་པར་བྱ་བ་ནི། །སྨིན་འབྱོར་གདུག་ཅིང་ཤིས་པའི་ས། །ལས་ལ་བསྔགས་པ་དེ་དག་ལ། །དྲེགས་པའི་གཙོ་འཁོར་དམིགས་པའི་རྟེན། །འདོམ་གང་ལ་སོགས་ཚད་དང་ལྡན། །ལྟེ་བ་ལ་ནི་འཁོར་ལོའི་རྩིབས། །བཞིའམ་དྲུག་གམ་བརྒྱད་དུ་དགོད། །བར་ཁྱམས་ཕྱོགས་བཞི་སྒོ་བཞིར་བཅས། །རིམ་པ་གསུམ་གྱི་ཐོད་ཕྲེང་ལྡན། །རང་གི་རིགས་པ་བསྔགས་པ་ཡི། །དབྱིབས་དང་ཁ་དོག་རྒྱན་དང་རྟགས། །ཐམས་ཅད་ལྡན་པ་ཉིད་དུ་བྱ། །དྲེགས་པ་ཅན་རྣམས་སྐུ་ཡི་རྟེན། །བྲེས་སམ་བརྐོས་སམ་བརྩིགས་པ་དག །རང་གི་གནས་སུ་མཛེས་པར་དགོད།།གསུང་གི་སྙིང་པོའང་དེ་བཞིན་ནོ། །ཐུགས་རྟེན་རང་གི་ཕྱག་ཆའམ། །སྔོན་ནས་བསྔགས་པའི་རྫས་ཡིན་ནོ། །རང་སྔགས་གསང་བའི་འཁོར་ལོ་དང་། །མཐུན་གཟུགས་སྲོག་གི་རྒྱལ་མཚན་རྣམས། །ནང་དུ་མཚོན་པའི་རྟེན་དུ་གཟུག །དེ་དག་ཙིསྟ་སོ་སོ་སྲ །དམིགས་པའི་སྙིང་པོ་དྲིལ་ཏེ་གཞུག །གསང་བ་སྦས་པའི་རྟེན་དུ་འགྱུར། །དེ་ཡི་བྱང་ཤར་ཕྱོགས་མཚམས་སུ། །ང་ཡིས་སྔར་བཤད་རྒྱུད་ཉིད་ལས། །ཨེ་དབྱིབས་བཞི་དང་བརྒྱད་བཅུ་གཉིས། །ཁྲུ་གང་མཛུབ་གང་ཐུར་དུ་བརྐོ། །བདུག་ཅིང་དྲེགས་པའི་རྫས་ཀྱིས་བྱུགས། །བདུག་ཅིང་བསྲེག་པའང་དེ་ཡིས་སོ། །དེ་ཉིད་དགོད་པའི་རྫས་རྣ་་ས་ནི། །རྒྱུད་མེད་གཟུགས་ངན་ཀྭ་པ་ལ། །སེང་སྡེང་གསེར་ཤིང་ཡན་ལག་སྐྱེས། །དཔལ་ལྡན་དྲག་པོའི་ཕུར་པ་དང་། ཁྲེལ་ནག་གནམ་རུ་ནག་པོ་དང་། །གྱི་ལིང་དཀར་དང་གདོང་དམར་དང་། །བརྡ་མི་གཅིག་དང་སྲིད་ཤིང་དང་། །ཚ་ར་དཀར་དང་མགྲིན་སྙན་དང་། །ས་སྤྱོད་ཆུ་སྤྱོད་རྣམས་ཀྱིས་ལུས། །ཕྱི་ནང་བར་དང་གསང་བས་བརྒྱན། །དྲེགས་ཅན་སྤྱི་ཡི་མཉེས་པའི་རྫས། །རྒྱན་ལྡན་གཟུགས་དང་རྔ་གླིང་སྒྲ། །གསུར་ཆེན་དྲི་དང་ཤ་ཁྲག་རོ། །ཚ་རྩུབ་རེག་དང་འབྲུ་བཅུད་བཤོས། ཁྲ་ཆེན་དམ་ཚིག་བདུད་རྩིའི་ཚོགས། །རབ་ཏུ་བསྟར་ཞིང་འབད་པས་སྦྱར། །དཔའ་ཞིང་བརྟུལ་ཕོད་སྐྱེས་བུ་ཡིས། །ང་ཡི་སྔོན་གྱི་ཕྲིན་ལས་བཞིན། །ཁྲོ་ལ་ཁྲོས་པས་ཞི་མཛད་དེ། །ཐ་མལ་གནས་པའི་འབྱུང་ཆེན་ལྔ། །དྲག་པོ་སྔགས་ཀྱི་འབྱུང་བར་བསྒོམ། །ཀེང་རུས་འབར་བའི་རི་རབ་བམ། །དུར་ཁྲོད་འཇིགས་པའི་གཞལ་མེད་ཁང་། །བྷརྙ་གནས་རིགས་གསུམ་གྱིས་བརྩིག །ཏི་ར་གསར་རྙིང་ཚོགས་ཀྱིས་གཏམས། །རཀྟ་དམར་པོ་བྲུབ་ཅིང་འབབ། །ཚིལ་ཆེན་དུད་པ་འཁྱིལ་ཞིང་འཕྱུར། །དབང་པོ་དོན་སྙིང་འཕྱངས་ཤིང་འཕྲུལ། །བདུད་རྩི་བཤང་གཅི་དྲི་བསུང་ལྡན། །ཡན་ལག་ཉིང་ལག་སྐམས་ཤིང་ངརྙངཡངསྙིལ། ཁྲ་དང་པགས་པ་བརྒྱང་ཞིང་འཕྱར། །ཕྱོགས་བཞི་མཚམས་དང་སྟེང་དང་འོག །གཅུས་དང་འཕྱར་དང་བསྐུམས་དང་བརྐྱངས། །རྒྱལ་མཚན་དང་ནི་ཟ་ར་ཚགས། །བ་དན་བླ་བྲེ་ལྷབ་ལྷུབ་དང་། །འཕུར་མ་དང་ནི་ལྷབ་མ་དང་། །མི་མགོ་ཀ་བཱ་ལ་རྣམས་དང་། །རབ་ཏུ་མཛེས་པའི་རྒྱན་གྱིས་བརྒྱན། །གཞལ་ཡས་ཁང་པ་དེ་འདྲ་བ། །རབ་ཏུ་བསྔགས་པ་འདི་ལ་བཤད། །དྲེགས་པའི་བདག་པོ་ཡུམ་དང་བཅས། །སྦྱོར་ཞིང་བསྣོལ་བ་དེ་ཉིད་ཀྱིས། །བདག་གི་རང་བཞིན་ཡོངས་སུ་བསྐྱེད། །འཕྲོ་དང་ལས་ཀྱི་ཁྱད་པར་དང་། །བསྡུ་དང་རང་གི་གནས་སུ་བརྟེན། །སྐུར་གྱུར་མཚན་ཉིད་ངོ་བོ་དང་། །བྱང་ཆུབ་སེམས་ཀྱི་བྱ་བ་ཡིས། །ཡུམ་དང་བཅས་པ་ཡོངས་སུ་རྫོགས། །དེ་ཡི་ལས་ཀྱང་སྔར་བཞིན་དུ། །རྒྱས་མཛད་རང་གི་སྤྱན་སྔ་མྲ །དམིགས་པ་མྱུར་ལྷག་དེ་ཡི་འཁོར། །བདུད་དང་གཤིན་རྗེ་སྲིན་པོ་དང་། །གནོད་སྤྱིན་དྲག་པོ་སྡེ་དང་ཀླུ། །རང་གི་ཆུང་མར་བཅས་པ་དག །ངས་བཤད་བཞིན་དུ་རིགས་པར་བསམ། །སྒོ་བཞིར་གནས་པ་དེ་དག་སྟེ། ལྷ་དང་མ་མོ་རྒྱལ་པོ་གིང་། །བཙན་འགོང་དམུ་དང་མུ་སྟེགས་དང་། །རང་གི་སྡེ་དང་དཔུང་དུ་བཅས། །མ་ལུས་དྲེགས་པ་ཅན་གྱི་ཚོགས། །འདི་ལ་རབ་བརྗོད་གང་ཡིན་པ། །དེ་ཉིད་དུ་ནི་གསལ་བར་བྱ། །ང་ཡི་སྐུ་དང་གསུང་དང་ཐུགས། །ཡེ་ཤེས་རིགས་ཀྱི་དབང་བསྐུར་ཞིང་། །བྱིན་གྱིས་བརླབས་ལ་རྒྱས་བཏབ་སྟེ། །དེ་ལ་རང་བཞིན་གནས་པ་བསྟིམ། །ཡོངས་རྫོགས་སྐུ་ཡི་བརྟན་པར་བསྒྲུབ། ཕྱག་བཚལ་མཆོད་པ་འབུལ་ཞིང་བསྟོད། །རབ་ཏུ་མཉེས་པ་རྒྱ་ཆེར་བྱ། །ཕྱི་བཤད་ནང་དང་གསང་བ་ཡིས། །བསྡུ་དང་སྦྱོར་དང་སྒྲོལ་བ་དང་།།གནས་དང་རིགས་དང་རོལ་པ་དང་། །བསྐྱོད་དང་དབབ་པ་མཉེས་པ་ཡི། །གནས་ལུགས་ལྷུན་གྲུབ་མ་བཅོས་པ། །དྲག་སྔགས་རོལ་པ་མ་འགགས་སྤྱོད། །རང་གི་ལས་ལ་སྦྱར་བ་ནི། །བདུད་ཀྱི་ཁྲམ་དང་གཤིན་རྗེ་རྡོ། །སྲིན་པོའི་དམར་དང་གནོད་སྦྱིན་བྱད། །ལྷ་ཡི་ཆད་དང་མ་མོའི་དལ། །གཟའ་ཡི་ཀི་ཀང་ཀླུ་ཡི་དུག །ཚེ་ཟད་པ་དང་ཁྲི་མོན་བཅུག །གཅན་གཟན་འབླུམ་དང་ལྕགས་སྒྲོག་ཚུད། །ནད་དང་མཚོན་ནི་ཁོང་ཞུགས་དང་། །དུག་འཐུང་ཐོག་བབས་བཞིན་དུ་དྲག །ཐར་ཞེས་བྱ་བ་གདགས་སུ་མེད། །བདུད་ནི་མ་བརྟགས་སྲོག་ལ་རྒོལ། །གཤིན་རྗེ་འཁོར་བའི་འཁོར་ལོས་གཅོད། །སྲིན་པོ་རལ་གྲིའི་སོ་ཡི་འགེམས། །གནོད་སྦྱིན་གནམ་ལྕགས་ཐོག་གིས་འཇོམས། །ལྷ་ནི་འདོད་པའི་མདུང་གིས་གསོར། །མ་མོ་དཔག་ཆེན་མདའ་འཕེན་འབིགས། །གཟའ་བདུད་སྟོབས་ཆེན་སྨྱོགས་ཀྱིས་བརྡེག །ཀླུ་ནི་ས་འོག་རལ་གྲིའི་སྦོས། །ཐམས་ཅད་འདུལ་ཞིང་གཅོད་པའི་སྔགས། །མུན་པ་གླིང་འཁྲུགས་བདུད་ཀྱི་སྐད། །ངུ་འབོད་ལྷ་བུའི་གཤིན་རྗེ་སྟེ། །རོ་ལེན་དུར་བ་སྲིན་པོས་ཁྲིད། །ལྕེ་མདུད་དྲག་པོ་གནོད་སྤྱིན་ནོ། །བཀའ་ཆད་དྲག་རྩལ་ལྷ་ཡི་དམོད། །ངུ་འབོད་གདུང་བ་མ་མོ་སྟེ། །འབྲུག་སྒྲ་གློག་འབྱིན་གཟའ་བདུད་དོ། །ཀླུ་ཡི་སྦྲུལ་ནག་དུག་ལྕེས་སོ། །འཇིག་རྟེན་ལྷ་སྲིན་རང་སྒྲ་ཡིས། །ཕལ་པ་རྣམས་ལ་དམོད་པར་བྱེད། །དེ་ནི་དྲག་སྔགས་དམོད་པའོ།།ཞེས་བཀའ་སྩལ་ཏོ། །དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ལས། དྲག་སྔགས་དམོད་པ་ཉེ་བར་བསྒྲུབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས། །སོ་སོའི་དྲག་སྔགས་དམོད་པ་བསྟན།།ཕུང་ཤིགས་བདུད་ཀྱི་དྲག་སྔགས་ནི། །རབས་ཆད་ནག་པོའི་ཐོད་པ་སྲ ཁེལ་ནག་སྙིང་དུ་ཉ་བོ་སྩལ། །དུར་ཁྲོད་རས་ནག་རྒྱ་ཡིས་གདབ། །ཚོན་སྣ་ལྔའམ་ནག་པོས་བཅིང་། །གྲི་ལྕགས་སྦུག་མ་སྲོག་རྩར་གཞུག།ཉུང་དཀར་ཉུང་ནག་ཏིལ་ནག་དང་། །སྐྱེ་ཚེ་ཤིང་ཚེ་ཟི་ར་དང་། །ཟངས་ལྕགས་རྡོ་ཡི་ཕྱེ་མ་དང་། །དུག་ཕྲག་ངར་དང་བཅས་པ་རྣམས། །མུ་སུ་ར་ཡི་ཐོད་པར་བསྡུ། །བདུད་ཀྱི་སྲོག་ཏིག་སྔགས་ཀྱིས་བསྔགས།།བདུད་པོ་ནག་པོ་ཁ་མུན་དེ་བ་མི་ལ་ཆོ། །ཀྭ་ལ་མུ་ཏྲི་མུ་ར་ཡ་དགྲ་བོ་སྙིང་ལིང་ཙིརྟི་རྦུད། དྲི་ཟླུམ་ཁྱིགས། དྲི་ཟླུམ་ཁྱིགས། བྲམ་བྲམ་རོ་ལ་འདུས། ཟེད་སྤྲུག དྲོ་སྤྲུག བདུད་རྗེས་ཆོད། བདུད་མོས་རོལ། བདུད་བུས་གཏོར། །བ༷་ཁྱིགས། པྲ་མཤཱ་ཤ་ཏཱ༷་ཤཱ་ར་ཡ་རྦད། །མུན་པ་གླིང་འཁྲུགས་ཞེས་བྱ་བ། །མ་འོངས་བདུད་ཀྱི་རང་སྐད་དེ། །དྲག་ཏུ་བརྗོད་ཅིང་སྦུག་མར་བྲབ། །གང་ལ་དམིགས་པ་དེ་མྱུར་དུ། །སྣང་སྲིད་བདུད་ཀྱིས་སྲོག་ནས་འདྲེན། །མི་ནག་གོ་མཚོན་བ་ཅས་པ་དང་། །སྔགས་ནག་བུད་མེད་མོན་དང་རྡོ། །ཁྱི་ནག་རྟ་ནག་བྱ་ནག་དང་། །རྒོད་ནག་དྲེའུ་ནག་ཤེལ་ནག་དང་། །རི་ནག་མཚོ་ནག་ཤིང་ནག་ཚོགས། །དམག་དང་འཁྲུག་པ་འཐབ་པ་དང་། །འཁྲིད་དང་གསོད་དང་བཤའ་བ་དག །ལས་བྱེད་གྲུབ་པའི་རྟགས་སུ་འགྱུར། །དེ་ནས་ཉ་པོ་བསྟབ་ཅིང་བསྒྲལ། །གྲི་མཚོན་ཕུར་པ་རྣམས་ཀྱིས་ག་། །ལྷག་མ་བདུད་རྩི་ཤ་ཁྲག་སྦྱར། །ཀུ་ཀུ་ནག་པོའི་ཟས་སུ་སྤྱིན། །རོལ་བར་མི་བྱེད་བསྐྱར་ཏེ་བསྒྲུབ། །རྭ་ཏྲ་མྱོས་ཤིང་འཐིབ་ནས་འཆི། །འཆི་བདག་གཤིན་རྗེའི་དྲག་ཇགས་ནི། །རྒྱུད་མེད་ཕོ་མོའི་ཀ་བཱ་ལ། །ཟ་མོ་ཏིག་ཏུ་ཁ་སྦྱར་ཏེ། །ནང་དུ་དེ་ཉིད་ཙིསྟ་གཞུག །ཕོ་ཐོད་སྟེང་ནས་སྤྱི་བོར་ཕུག །བཅིངས་དང་དགབ་པ་དྲངས་པ་དག །སྔར་བཤད་རྫས་ཀྱིས་བྲབ་ཅིང་བརྡེག །ཡ་མ་མེ་ད་སྟེ། རྭ་ཛ་ས་དོ་མེ། རུ་ཙ་ན་ཡ་ནི། རོ་མ་ཙ་ནི། ཡ་མ་ར་ཙ་མུ་ཀ་སྙིང་ཁྲག་རྩ་ལ་རྦད། ཡ་མ་དབུགས་ལ་རྔུབས། རོ་ཙ་ཡ་མ་ར་ཙ་ར་ཙ་བཏ་རིལ་རྦད། ཡ་མ་ར་ཙ་ཧྲི་སྟི་སྙིང་ལིང་ཆོད། ཡ་མ་སྙིང་། ཡ་མ་ཁྲག ཡ་མ་དུ་བ༷་རིལརྦད། གཤིནརྗེབསྡུས་ཤིང་དྲིལ་བའི་བླགས། །རབ་ཏུ་བབླགས་ཏེ་ཙིསྟར་བྲབ། ཁྲ་ཁྲག་ཆེན་པོས་མཉེས་པར་བྱ། །གསོད་བྱེད་ནག་པོའི་ཚོགས་རྣམས་ཀྱིས། །དོན་སྙིང་རློན་པར་སྟེར་བ་དང་། །སྙིང་དང་ཐོད་པ་འཕར་བ་འབྱུང་། །དེ་ནས་ལས་ལ་སྦྱར་བར་བྱ། །གང་ལ་དམིགས་པ་མྱུར་དུ་སྒྲོལ། །གཏུམ་ཁྲོས་སྲིན་པོའི་དམོད་པ་ནི། །མྱུར་ཤིའི་ཐོད་པར་དེ་སྙིང་ནང་། །དམིགས་པ་རྣམས་ཀྱི་གཟུགས་བརྙན་དེ། །མིང་སྔགས་ལྡན་པ་སྩལ་བྱ་སྟེ། །ལེ་བརྒན་ཁ་དོག་དར་གྱིས་དཀྲིས།།སྔོན་དམར་སྐུད་པའི་དྲ་བར་གཞུག །ཏི་ར་གསར་པ་ཁ་ཕྱེ་ལ། །དབང་པོ་དོན་སྙིང་ནང་རོལ་གྱིས། །སྲིན་པོ་བསྐང་ཞིང་དམོད་པ་བཟླ། རག་ཤ་སྲིན་པོ་ས་མུན་ཛ༷༷། རག་ཤ་དུ་ཏྲ་ཧུར་ཧུར་སྨྱོ། །རྭ་ཏྲ་གཉེན་པོ་དགྲ་ལ་སྨྱོ། །དགྲ་བོ་མུ་ལི་ཤིག་སོད་གཏོར། །ཧབ་ལོ་ཧོབ་ལེ་ཁ་ཐུན་སྨྱོ། །རག་ཤ་ཛ་ཏྲི་ཏ་ཛ། དུ་ར་དུར་ཤན་ཛ། རག་ཤ་རྦད། དྲི་མུ་ར་ཡ་སོད། དམོད་པ་རྫས་ལ་བཟླས་ཤིང་བརྡེག །མི་ནག་ཤན་པའི་ཚོགས་རྣམས་ཀྱིས། །ཁྲིད་དང་གསོད་དང་དོན་སྙིང་སྟེར། །ལས་ལ་སྦྱར་བ་ཚུལ་བཞིན་གྱིས། །དགྲ་བོའི་དངོས་པོ་མྱུར་དུ་སྒྲོལ། །དྲག་རྩལ་གནོད་སྤྱིན་དྲག་སྔགས་ནི། །རྟ་དཀར་སྙིང་དང་ཐོད་པ་ནི། །ཉ་བོ་གཞུག་པའི་སྣོད་དུ་བསྔགས། །རིན་ཆེན་ལ་ཕུག་མུ་པ་ལ། །སྙིང་སྣ་ཁྲག་སྣ་སྦྱར་བས་མཆོད། །གནོད་སྤྱིན་སྲོག་ཏིག་དམོད་པ་བརྗོད། །ཡསྒ་བ༷་ཧུ་ད་རི་ཛ། མ་ག་མ་བག་ཤ་ཛ། རུ་རུ་མ་རུ་ཏྲ་མ་ཏི་ཛ། ཡསྒ་སྙིང་ལ་ཤད་ཤད་དུ་ཛ།ཡསྒ་སྲོག་ལ་བྲེང་ཐུན་ཛ། །ཉི་ཤར་ཚོགས་དང་འོད་དང་སྒྲ། །རླུད་དམར་དུག་དང་བུ་ཡུག་འོང་། །བསད་པའི་རྫས་ཀྱིས་དྲག་ཏུ་བརྡེག །ལྷག་མ་བསྲེག་ཅིང་རླུད་གིས་གཏོར། །དེ་ཉིད་ཁྲག་གིས་ལྐུགས་ཏེ་སྒྲོལ།།དྲག་རྩལ་ལྷ་ཡི་དྲག་སྔགས་ནི། །ལྷ་གཡག་དཀར་པོའི་སྙིང་ནང་དུ། །བརྣགས་པའི་གཟུགས་དང་མིང་རུས་བྲི། །ཇོན་དམར་སྐུད་པས་སྐེ་ནས་གདགས། །རྗེ་རིགས་ཐོད་པའི་ནང་དུ་གཞུག །དར་དཀར་གྱིས་ནི་ཁ་བཅད་ལ། །ཚོན་སྐུད་སྣ་ལྔས་བཅིང་བར་བྱ། །བྱ་རྒོད་དར་མའི་སྒྲོ་རྩ་ནི། །སྲོག་རྩར་བཅུག་ལ་དཀྱིལ་དུ་བརྟོལ། །དཀྱིལ་འཁོར་མདའ་གང་གྲུ་བཞི་ལ། །དབུས་སུ་གྲུ་གསུམ་ཐུར་དུ་བྲུ། །ལྷ་རྡོ་གསུམ་གྱི་སྒྱེད་པུ་ལ།།གང་གི་ཐོད་པ་གཞག་པར་བྱ། །ཐུན་རྫས་བཤོས་གཙང་རྗོན་ཆ་དང་། །རུ་དཀར་སྙིང་དང་ཤེལ་དཀར་སྙིང་། །བྱ་དཀར་སྙིང་དང་རུ་མཚོན་དང་། །བ་དན་དཀར་པོ་རྟེན་དུ་གཟུག །ཉུང་དཀར་ཇགས་ཀྱི་མདའ་མཆོག་ནི། །ཐུན་གྱི་རྫས་སུ་གཞག་པར་བྱ། །དྲག་སྔགས་སྙིང་གི་ནང་དུ་བྲབ། །སྟོབས་ལྡན་རྡོ་རྗེ་འཛིན་གསལ་བས། །ལྷ་རྣམས་ འདུས་པའི་དྲག་སྔགས་སྦྲེང་། །མ་ཧྭ་དེ་བ་ཏེ་ཛ་ཧི་ཛ། ས༷་བྲ་མ་ན་རཀྟ་ཀ༷་ཀ་ས་མ་ཡ་ཧུ༷། དེ་བ་རྭ་ཛ་མ་ཧྭ་ནི་ཛ། །དགྲ་བོ་བཱ་ར་ཡ་ཐུན་རྦད། ཐུན་རྦད། ཤག་ལེན་ཛ་ཛ། ཤག་ལེན ཛཛཧྲུ་ཏཧུ་ཏཙཏུརམུཁ་རག་ཤ་མན། ཀཏཀཡ མ ཧུ་ཏ། མཧྭདེབ ཨ་མུ་ཀ་མྱ་ར་ཡ་སོད། །འཇིག་རྟེན་དྲེགས་པ་མཐུ་རྩལ་ཅན། །ལྷ་ཡི་བོད་རྦད་བསད་གསུམ་དྲིལ། །དྲག་ཏུ་བཟླ་ཞིང་སྙིང་ལ་བྲབ། །རྟགས་ནི་རྒྱལ་པོ་རྗེ་དཔོན་དང་། །སྐྱེས་པ་སྟག་ཆས་དར་ཐོགས་དང་། །ཞུབ་ཅན་ཕོ་ཚོགས་འོང་བ་ནི།གསོད་གཅོད་བྱེད་དང་སྙིང་འབྱིན་དང་། །དངོས་སུ་སྙིང་ཕྱུང་འཕར་བ་འོང་། །རྟགས་བྱུང་སྙིང་ནས་ལིསྐོ་དབྱུང་། །མཚོན་གྱིས་གཏུབས་ལ་མེ་ལ་བསྲེག །ཐལ་བར་ཉ་བོ་བྱས་ནས་ནི། །ཐོད་པར་བཅུག་ལ་ལྷ་རྟེན་ནམ། །འཇིག་རྟེན་ལྷ་ཆེན་གནས་སར་མནན། །ལྷ་ཡི་དལ་ཡམས་དགྲ་ལ་འབེབས། །ནད་བདག་མ་མོའི་དྲག་སྔགས་ནི། །སྣེལ་གྲི་མོ་ཡི་ཐོད་པ་མྲ །དེ་ཡི་སྙིང་ནང་ལིསྐོ་གཞུག །མཐིང་ནག་དར་གྱིས་ཁ་བཅད་ལ།།ཐོད་པ་ཚོན་སྐུད་ལྔ་ཡིས་བཅིང་། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་དབུས། །ཐོད་པར་བཅུག་ལ་བསྒྲུབ་པར་བྱ། །ནག་སྨུག་གསུམ་གྱི་སྙིང་ཁྲག་གིས། །མ་མོ་འཁོར་དང་བཅས་པ་མཆོད། ་་་དཀར་ཉུང་ནག་སྐྱེ་ཚེ་སོགས། །དྲག་པོའི་ཐུན་རྫས་ཚོགས་ཚང་ལ། །མ་མོ་རྣམས་ཀྱི་དམོད་པས་བསྔགས། །མ་མ་སྙིང་ཁ་རག་མ་མ་རག་ཤ་མ་མ་རག་ཤ །ཏྲག་རག་ཤ་སྙིང་ཁྲག་ལ་ཧུབ་ཛ། སྙིང་རྩ་ལ་དུན་དུན། སྒག་རཀ་ཤ་མ་མ་ཛ་ཛ། དམ་དམ་དགྲ་སྙིང་རྦད་བུ་ནན། མ་མ་དྲི་སྙིང་ཙིསྟ་ལ་ཐུན་ཐུན། ཏྲ་རཀ་ཤ་རཀ་ཤ་རག་མོ་ཐུན་ཐུན། མུག་མུག་མྱོས་མྱོས་རྦད་རྦད་ཛ་ཛ། མ་མ་ཐུན་སྙིང་ཁྲག་ཐུན། ཤསྟི་སྟ་མ་མ་རག་མོ་ས་མ་ཡ་སྨྱོ་སྨྱོ། མ་མོའི་སྲོག་ཏིག་བསྡུས་པའོ། །བསད་པ་ལས་ཀྱི་ངན་སྔགས་འདི། །གྲི་ལྕགས་ལས་བྱས་སྦུ་གུའམ། །བྱ་རྒོད་སྒྲོ་རྩའི་ནང་ནས་བསྔགས། །མ་སྲིང་མོན་མོ་བལ་མོ་དང་། །བྱི་མོ་ལ་སོགས་བུད་མེད་ཚོགས། །བྱ་ནག་རྒོད་ནག་ཚོགས་ཆེན་ལྷགས། །དངོས་སུ་ཤ་དང་མགོ་སུག་སྟེར། །ཙིསྟ་དངོས་སུ་འཕར་བ་དང་། །བསད་རྟགས་ཡོངས་སུ་རྫོགས་པ་དང་། །སྙིང་ལ་ཕུར་པས་གདབ་ཅིང་གསད། །དུག་ཤིང་མོ་ལ་སྤྱིན་བསྲེག་བྱ།།ཐུན་ཁྲག་དམིགས་པའི་དགྲ་ལ་འཕང་། །ཐལ་བ་སྔངས་ལ་ཉ་བོ་བྱ། །དུར་ཁྲོད་དབུས་སུ་གནན་པར་བྱ། །རིམས་ནད་རྣམས་ཀྱིས་དམིགས་པ་སྒྲོལ། །དྲག་པོ་གཟའ་ཡི་དྲག་སྔགས་ནི། །མོན་པ་ནག་པོའམ་ར་རོག་པོའི། །ཐོད་པར་སྙིང་ནག་ལིསྐོ་གཞུག །སྲོག་རྩར་གྲི་ལྕགས་སྦུ་གུ་གཞུག ་་་དཀར་ཉུང་ནག་ཟངས་ལྕགས་ཕྱེ། །ཐུན་དུ་བཇགས་ཏེ་ཐོད་པར་བྲབ། །མ་ར་ཡ་པ་ཤ༷་མི་ཀི་དུ་རུ་དུ་སྲ མ་ཏི་ཛ་ལ་ཏི་ཛ། ཙ་པ་མ་ནི་རུ་རུ་རྭ་ཧུ་ལ། ཨ་ཏྲ་ཏ་ཏྲ་པདྨ་ཤ་ར་ཤ་ར་སྟ་ཨ་མུ་ཀ་བཱ་ར་ཡ་ཧུ༷་ཕཊ། ཏྲི་ལ༷་ཀ་ཤ༷་ག་དུ་ཧི༷༷། ཛ་ཛ་ཡསྒ་ཐུན། །བ༷་ཏྲིལ་ཤི་ནི་བ༷་བྷ་བ་ཏི། ཁ་ཡག་ཁ་དུན་ཏྲི། རུ་ཏི་ཤུ་ཏ་ཏྲིག ་།་ལ་པྲ་ཏི་ཤཱ་ར་ཡ་ཛ། དབང་ཆེན་གཟའ་ཡི་དྲག་ཇགས་འདི། །དྲག་པོའི་རྫས་ལ་བསྔགས་ཏེ་བརྡེག ཁྲ་རུལ་ཁྲག་རུལ་བཙོས་དང་རྗེན། །དཀར་གསུམ་མངར་གསུམ་རྫས་ཀྱིས་མཆོད། །ཉི་ཟླ་ཀླད་ལ་འཁོར་བ་དང་། །མོན་པ་ནག་པོ་འོང་བ་དང་། །སྦྲུལ་ཆེན་གཤོག་ཅན་འཁྱུག་པ་དང་། བར་སྣང་འཇའ་ཡིས་ཁེངས་པ་དང་། །དགྲ་བོ་དངོས་སུ་ཁྲིད་ནས་འོང་། །རྒོད་དང་རི་དྭགས་གསོད་པ་དང་། །དོན་སྙིང་ནང་རོལ་སྟེར་ཞིང་རོལ། །དེ་འདྲའི་བསད་རྟགས་རྫོགས་པ་དང་། །སྙིང་དང་ལིསྐོ་ཧོམ་མེར་བསྲེག །གནོད་རྫས་དགྲ་ཡི་ཡུལ་དུ་གཏོར། །ཐོད་པ་ཀླུ་ཡི་རྟེན་སར་སྦ། །ཆུ་འཁྱགས་སེར་བ་ཁྲག་ཏུ་འབེབས། ་་་ཐུམ་ནད་ཀྱིས་གློ་བུར་འཆི། །ཁ་ལྐུགས་རྐང་ལག་རེངས་པར་འགྱུར། །གདུག་པ་ཀླུ་ཡི་དྲག་སྔགས་ནི། །ལུང་གསུམ་འདུས་པའི་དབེན་གནས་སུ། །སྟེགས་བུ་མཐིང་ནག་གྲུ་གསུམ་བྲུས། །དགྲ་ཡི་ཕ་མེས་མགོ་བོའམ། །ཡང་ན་མཛེ་ཅན་ཐོད་པ་མྲ །དགྲ་ཡི་མིང་རུས་བྲིས་ཏེ་གཞུག །གཙང་མའི་སྣོད་དུ་དཀར་གསུམ་དང་། །མངར་གསུམ་ཀླུ་སྨན་སྣ་ཚོགས་སྩལ། །རྟག་ཏུ་མཆོད་ཅིང་བསྔགས་པར་བྱ། །ཨོ་ནག་པོ་ཏི་པ་ཙ་ཡ། ནཱ་ག་ར་ཙ། དགྲ་བོ་ཧེ་ཁུ་ལ་ཕེ་ཤན། །ནཱ་ག་ཕོས་ཕོས་ཤིག་ཤིག ཧུ་ཡ་ཧུ་ཡ། ཏི་ཡ་ཏི་ཡ། ཏི་པ་ཙ་ཏི་པ་ཙ། ཨ་ཤ་ནག་པོ་ཏི་པ་ཙ་ཡ། ནཱ་ག་ར་ཙ་དགྲ་པོ་མྱ་ར་ཡ་རྦད། ཤག་ཏི་རྦད། སྲོག་ཏི་རྦད། སྦར་ཏི་རྦད། སྙིང་ལ་རིལ་ཤ༷་ཤ༷་རྦད། ཨི་ནན་ནག་པོ་ཕེར་ན་ཤ་ཨུ་ཏ་ནན་ར་ཙ་ནན། ཐི་ལི་ནན། ཕི་ལི་ནན། དྲག་ཏུ་བརྗོད་ཅིང་བསྒྲུབ་པ་ཡིས། །མེ་ཆེན་འབར་དང་ཆུ་ཆེན་འབྲུབ། །བ་གླང་སྦལ་སྦྲུལ་སྡོམ་སྡིག་ཚོགས། ཁེང་གཅོད་རི་བསྙིལ་བྲག་རལ་སོགས། །ལུས་ལ་ཤུ་བ་སྐྲང་ལོ་འབྱུང་། །སྟོབས་ལྡན་གཉེན་པོས་རབ་ཏུ་གཅུན། །དེ་ནས་བྱང་བལྟས་ཆུ་མིག་ཏུ། །བ་ལི་གཏང་ཞིང་བདེན་པ་གདར། །ཐོད་པ་ལིསྐོར་བཅས་པ་གནན། །ཀླུ་རྒྱལ་འཁོར་དག་བཅས་ལ་གཏད། །ཕུང་པོ་ལྷག་མེད་བཞེས་པར་བསམ། །གནས་སུ་ཕྱིན་ལ་བསྲུང་བ་བྱ། །དགྲ་ནི་མཛེ་དང་རྨུགས་པས་འཆི། །སྡེ་བརྒྱད་སོ་སོའི་དྲག་སྔགས་ཀྱི། །འཇིག་རྟེན་ལས་ཀྱིས་མནར་བ་ཡི། །བསྟན་པའི་རྭ་ཏྲ་གདུག་པ་ཅན། །མ་ལུས་རྣམས་ཀྱི་གཤེད་དུ་འགྱུར། །ཞེས་བཀའ་སྤྲལ་ཏོ། །དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ལས། དྲེགས་པའི་སྡེ་སོ་སོའི་ལས་ལ་སྦྱར་བ་དྲག་སྔགས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས། །འཇིག་རྟེན་དྲེགས་པ་ཅན་རྣམས་ཀྱི། །སོ་སོའི་རིགས་དང་གཏན་ཚིགས་དང་། །སྡེ་དང་ལས་ཀྱི་བྱེད་པ་བསྟན། །སྔོན་གྱི་འཇིག་རྟེན་ཁམས་འདི་ཉིད། །ཕུང་པོ་ཉོན་མོངས་ལ་བརྟེན་ནས། །ང་རྒྱལ་དྲེགས་པའི་དབང་གིས་མྱོས། །རང་གཞན་ཀུན་ལ་འཚེ་ཞིང་གཅོད། །གནས་ངན་ལེན་གྱིས་ཁ་འཁྲིད་བྱས། །ལེགས་པའི་ལན་དུ་ཉེས་པར་སྤྱོད། །མ་རིག་རྩ་བ་ཡན་ལག་གིས། །གཏི་མུག་མུན་འཐིབས་བདུད་དང་ཀླུ།།ང་རྒྱལ་སྟོབས་ཀྱིས་དྲེགས་པ་དག །ལྷ་དང་རྒྱལ་པོ་ཞེས་པར་གྱུར། །ཕྲག་དོག་གཟའདངགཤིནརྗེའིརིགས། །འདོད་ཆགས་མ་མོ་གནོད་སྤྱིན་རིགས། །ཞེ་སྡང་བཙན་དང་སྲིན་པོར་གོལ། །སྲོག་ལ་འབེབས་པས་བདུད་ཅེས་བྱ། །ཡི་དྭགས་གཤིན་ཚོགས་རྣམས་ཀྱི་རྗེ། །ཕྲ་མོར་རྒྱུ་བ་སྣང་ཞིང་དྲེགས། །དེ་ཡི་དོན་གྱིས་སྲིན་པོར་བྱུང་། །གང་གིས་གནོད་པ་སྦྱིན་བྱེད་པའི། །དེ་ཡི་རིགས་དང་མཚན་ཉིད་དོ། །གང་ལས་བསྐྱེད་པ་མ་མོ་སྟེ། །སྐྱོབ་བྱེད་ནུས་པ་ལྷ་ཡིན་ནོ། །གདུག་ཅིང་གཏུམ་པས་མི་འཆོར་བས། །གཟའ་ཞེས་བྱ་བར་བརྗོད་པ་ཡིན། །གླེན་ཞིང་མྱོས་པས་ཀླུ་ཞེས་བྱ། །འགྲོ་བ་རིགས་དྲུག་སོ་སོ་ལས། །བདུད་དང་ལྷ་ནི་ལྷ་མིན་སྡེ། །གནོད་སྤྱིན་གཟའ་དང་རྒྱུད་སྐར་བཅས། །རྒྱལ་ཆེན་རིགས་བཞི་ལྷ་ཡི་སྡེ། །མ་མོ་སྲིན་པོ་མི་ཡི་སྡེ། །གཤིན་རྗེ་ཡི་དྭགས་སྡེ་ཡིན་ཏེ། །ཀླུ་ནི་བྱོལ་སོང་སྡེ་ཡིན་ནོ། །བདུད་རིགས་ཕོ་དང་མོ་ཡི་རིགས།།ཡེ་ནས་གནས་དང་གློ་བུར་བྱུང་། །འཐབ་དང་མྱོས་དང་དྲེགས་པར་བྱེད། །སྲེ་དང་ཆགས་པར་བྱེད་པ་སྟེ། །གཤིན་རྗེ་ལས་དང་ཞི་བ་སྟེ། །གཟུགས་ཅན་གཟུགས་མེད་དབང་ཆེན་དང་། །དབང་མེད་ཕྱི་དང་ནང་ཁྱད་པར། །ལས་ཀྱིས་རབ་ཏུ་བསྒྲིབས་པའོ། །སྲིན་པོ་ཤ་ཟ་གད་མོ་ཅན། །སྤྲུལ་པ་དང་ནི་གཟུ་ལུམས་ཅན། །རབ་ཏུ་རྒྱུ་དང་གཅིག་ཏུ་གནས། །གནོད་སྦྱིན་གཙོ་དང་འཁོར་གྱི་རྟགས། །གྲོ་བ་དང་ནི་རང་རྒྱུད་དེ། །ཐ་དད་རིགས་ནི་བཅོ་བརྒྱད་དེ། །གནོད་ཅིང་འཚེ་བའི་བདག་ཉིད་ཅན། །ལྷ་ནི་འདོད་པའི་གཟུགས་ཅན་དང་། །གཟུགས་མེད་ལྷ་མ་ཡིན་དུ་གཏོགས། །རབ་ཏུ་གདུག་རྩུབ་ཆེ་བས་ནི། །ལྷ་མིན་མི་མ་ཡིན་དུ་གྲགས།།གང་ལས་བྱུང་དང་གང་ལས་སྲིན། །གང་གི་བསྐྱེད་པའི་གཞིར་གྱུར་པ། །མ་མོ་ཞེས་སུ་གྲགས་པ་དང་། །ལས་དང་ཡེ་ཤེས་བསྡུས་ཤིང་ཕྱེ། །ཕྲ་དང་རགས་པའི་ཁྱད་པར་གྱིས། །ཆེ་ཆུང་གཙོ་དང་འཁོར་དུ་སྣང་།།མཁའ་ལ་རྒྱུ་བའི་དྲག་ཤུལ་ཅན། །ལས་ཀྱི་ཕུང་པོ་ཁོ་ནའོ། །རྒྱལ་པོ་བླ་རྗེ་བྲམ་ཟེ་དང་། །དམངས་དང་གདོལ་པ་ཅན་རྣམས་དང་། །ཉི་ཤུ་རྩ་ལྔའི་ཡན་ལག་འགྱུར། །ཐ་དད་རིགས་དང་སྡེ་ཡིན་ནོ། །འདི་དག་ཐོག་མའི་ལས་ཀྱི་དངོས། །དངོས་དང་རང་བཞིན་མཚན་ཉིད་ཀྱིས། །མ་རིག་འཁྲུལ་པའི་གཟུང་འཛིན་བྱུང་། །བདག་ལྟ་བག་ལ་ཉལ་དུ་གནས། །གཡོ་འགུལ་ཕྲ་མོ་ཀུན་ནས་ལྡང་། །ཞབྲུག་ཅིང་འཚེ་དང་རྩོད་པར་ཤར།།བསོད་ནམས་ལས་དང་དེ་མ་ཡིན། །ལས་ཀྱི་མཐའ་གཉིས་གཡང་སར་ལྷུང་། །གནག་ཅིང་མི་དགེ་ཟག་པར་བཅས། །ཁ་ན་མ་ཐོ་ལུང་མ་བསྟན། །ལོག་པ་ལུས་ངག་ཡིད་གསུམ་གྱིས། །གནས་ངན་ལེན་པའི་རྒྱུན་ཆགས་མཐུད། །དུས་གསུམ་ཕྱོགས་དང་བཅས་པ་ཡིས། །རྗེས་སུ་འགྲོ་དང་ལྡོག་པ་ཡིས། །འཁོར་བའི་རྟེན་གཞི་དམ་པོར་བཙུགས། །སོ་སོ་ཕ་རོལ་སྲོག་ལ་གཅོད། །ལོངས་སྤྱོད་འཕྲོག་ཅིང་རྣམ་པར་འཚེ། །གཟི་མདངས་འབྱོར་པ་བདེ་དང་རྒྱས། །གང་ཡིན་འཇོམས་ཤིང་བརླག་ནུས་ལ། །རྒྱུད་དང་སྡུག་བཇལ་སྐྱེད་བྱེད་པ། །མ་རུངས་ཉེས་པ་འབྱིན་བྱེད་ལས། །སྲོག་ལེན་ཚེ་འཕྲོག་གཙོད་དང་ཤ །མྱོས་འཐིབས་བྱིངས་ནད་རིམས་དང་ཡམས། །ཅོག་འགྱེལ་གདུག་པའི་ནད་འབེབས་ཤིང་། །དམེ་དང་འཁྲུག་པ་རྩོད་པ་དང་། །ཐོར་ཤོད་ལས་དང་རྨོད་པ་ཡིས། །རང་གི་སྡེ་ལས་རེ་རེའང་། །ཀུན་ལ་ཁྱབ་པ་བརྒྱད་བརྒྱད་དེ། །དྲུག་ཅུ་རྩ་དྲུག་ཡན་ལག་བཅས། །ལས་ཀྱི་དབྱེ་བ་བསམ་མི་ཁྱབ། །དྲེགས་པའི་བདག་པོ་སོ་སོ་ཡིས། །རང་བཞིན་དགོས་པའི་བྱེ་བྲག་གི །དུས་གསུམ་སངས་རྒྱས་བསྟན་པ་དག།ཚུལ་ལྡན་བསྲུང་བའེ་དབང་ཕྱུག་ཅན། །དྲག་སྔགས་ལས་ཀྱི་དམོད་པ་ལ། །བརྒྱད་དང་བཅུ་གཉིས་བཅུ་དྲུག་གི །ནུས་པ་རྫུ་འཕྲུལ་མཐུ་ལ་སོགས། །རང་གི་རིགས་ལ་གང་བསྔགས་པ། །དེ་དང་དེ་ལ་རབ་སྦྱར་བས། །ལས་ཀྱི་མཐའ་ལ་གང་དམིགས་པ། །རྡོ་རྗེ་ཅན་གྱི་ཡོངས་འགྲུབ་སྟེ། །ང་ཡི་སྟོབས་དང་ནུས་པ་དང་། །མཐུ་དང་རྫུ་འཕྲུལ་ཡོན་ཏན་ཚོགས། །ལུས་ངག་ཡིད་ཀྱིས་རབ་འབད་པ།།གང་ཡིན་དེ་ལ་མངོན་པར་འབྱུང་། །དེ་ཡིས་ཐུན་མོང་ཡོངས་གྲུབ་ཅིང་། །མཐར་ངེས་པ་ཡང་སོན་པར་བྱེད། །འདི་ལ་མ་འོངས་རྙོགས་པ་ཅན། །ཐེ་ཚོམས་སྐྱེད་པར་མ་བྱེད་ཅིག །ང་དང་རྒྱལ་བ་ཐམས་ཅད་ཀྱིས། །འདི་ནི་རབ་ཏུ་བསྔགས་པའོ། །ཞེས་བཀའ་སྩལ་ཏོ། །དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ལས་དྲེགས་པ་ཅན་གྱི་སྡེ་རིགས་དབྱེ་བ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས། །ལས་ལ་སྦྱར་བའི་རིམ་པ་གསུངས། །དུར་ཁྲོད་ཆུ་གླིང་རི་རྩེ་དང་། །ཆུ་འདུས་ངམ་གྲོག་འཇིགས་སུ་རུང་། །ཐུང་ཤུལ་ནགས་ཁྲོད་མ་རུངས་པ། །དྲེགས་པ་ལས་ཀྱི་གནས་ཡིན་ནོ། །མི་རུས་མི་བསད་ཕུང་ཤུལ་ས། །དུར་ཟད་པོ་དང་རུལ་ཆད་ས། །བསྙོན་པའི་དྲི་ཆེན་མ་རུངས་ཁྲག །ལས་ཀྱི་རྟེན་འབྲེལ་དམིགས་པའི་རྫས། །རྟ་ནག་དྲེའུ་ནག་མ་ཧེ་དང་། །ཆུ་གླང་དང་ནི་སྟག་སེང་དང་། །རྟ་དཀར་ཏེ་ལེ་་རྒོད་དཀར་དང་། །དོམ་ནག་དམུ་རྟ་བན་གླང་དང་། །འབྲུག་ཆེན་རྨ་བྱ་རུས་སྦལ་དང་། །བྱ་ཁྱི་ཀུ་ཀུ་ཤེལ་དང་མི། །རྒྱལ་མཚན་ཐོད་པ་སྙིང་དང་ཁྲག །བདུད་རྩི་འབྲུ་བཅུད་བྱང་ཆུབ་སེམས། །རང་གཟུགས་སྙིང་པོ་འཁོར་ལོར་བཅས། །རྒྱན་ལྡན་བཤོས་ཆ་མཐུན་པའི་རྫས། །དམ་ཚིག་མཆོད་ཅིང་བསྟེན་པའོ། །སོ་སོར་བསྔགས་པའི་ལས་ཁུང་དུ། །ཐོད་པ་འབྲུ་ནག་དུག་ཁྲག་གཡོས། །རྒྱུ་གསུམ་ཕུར་པ་མཚོན་ཆ་རྣམས། །བསད་པ་ཐུན་གྱི་རྫས་ཡིན་ནོ། །དམེ་ཁྲག་གསུམ་དང་དྲི་ངན་གསུམ། །སྲོག་ཆགས་གསུམ་དང་དམེ་རྫས་གསུམ། །ཐབ་རྫས་གསུམ་དང་བསྲེག་རྫས་གསུམ། །བརྟན་ས་གསུམ་དང་དྲེག་ས་གསུམ། །གཞུག་ས་གསུམ་དང་དབབ་ས་གསུམ། །ཀུན་རྫོབ་རྩོལ་བའི་སྦྱོར་བ་ཡིས། །ཆུ་དྲག་དབབ་པ་ངེས་པར་འགྲུབ། །རིགས་ཡུལ་སྣོད་དང་མཆོད་རྫས་དང་། །གནས་སྦྱོར་བྱང་ཆུབ་སྲིད་འདོར་བློས། །ལེགས་བླངས་ཡིད་ཀྱིས་མཐུན་སྤྱད་པ། །གང་ལ་དམིགས་པ་དེར་གཏད་པས། །ཆོས་སྐུའི་གཟུགས་བརྙན་རྟེན་ཁང་ལ། །སྟེང་འོག་གནས་གསུམ་བདག་པོ་གསུམ། །རྒྱ་མཚོའི་གཏིང་དང་རི་རབ་ཟུར། །བར་སྣང་ཁམས་དང་ནམ་མཁའི་དཀྱིལ། །བསྲུང་དང་བཟློག་དང་བསད་པའི་ལས། །དམག་དཔུང་བསྡུ་དང་དཔལ་བསྐྱེད་དང་། རབ་ཏུ་ཁྲོས་དང་སྦྱོར་བ་གཞིག །ལས་ཀྱིས་ཕ་རོལ་དམོད་པ་བཟློག །ངན་པའི་ཐོད་པ་སྣ་གསུམ་དང་། །ཤིས་པ་མ་ཡིན་ས་བརྒྱད་དུ། །རྟེན་ཅིང་འབྲེལ་པ་འབྱུང་སྦྱོར་བས། །དམིགས་པའི་མཐུ་སྟོབས་གནོན་པར་བྱེད། །ཁྱད་པར་ལས་ཀྱི་བྱེ་བྲག་གིས། །རྒྱལ་པོ་ཡ་རབས་རྗེ་དཔོན་དང་། །ཆུང་བ་སློབ་དཔོན་མཁན་པོ་དང་། །རབ་བྱུང་ཁྱིམ་པ་སྔགས་སྤྱོད་དང་། །ཕྱི་རོལ་ཕྱོགས་དང་ཆོས་ཀྱི་གྲོགས། །ཆེ་བཙན་དྲེགས་པས་བསྙེམས་པ་དང་། །ང་རྒྱལ་ལྡན་ཞིང་སྐལ་བ་བཟང་། །ཀུན་གྱིས་བཀུར་ཞིང་རྗེད་པ་དང་། །སེམས་རྒྱུད་བསྲོས་དང་ཡུལ་གྱི་དོན། །ཉེ་བར་བསྟན་ཅིང་བློ་སྦྱོང་གནས། །ལྷག་པའི་ལྷ་ཡིས་རབ་བསྐྱངས་ཏེ། །ཐུན་མོང་ནུས་པའི་སྟོབས་རྙེད་ཅིང་། །ཡོན་ཏན་གཅིག་གིས་རབ་བསྡུས་པས། །ཚར་གཅད་དཀའ་བའི་ཡུལ་ཡིན་ཏེ། །མ་ལུས་གང་ལ་བསྔགས་པ་ཡི། །ཏིང་ངེ་འཛིན་དང་དམིགས་པའི་གྲོགས། །རབ་སྔགས་བརྩོན་འགྲུས་ཅན་གྱིས་བསྒྲལ། །གཞན་ཡང་ཞི་དང་རྒྱས་པ་དང་། །དབང་དང་མངོན་པར་སྤྱོད་རྣམས་དང་། །རྡོ་རྗེ་འཛིན་པ་ང་དང་གཞན། །མཚུངས་ལྡན་རྣམས་ཀྱིས་བཤད་པ་བཞིན། །ཐོགས་མེད་ནུས་པའི་སྟོབས་ཀྱིས་སྤྱད། །དེ་དག་གསང་བའི་དམོད་པ་ཡང་། །དྲེགས་པ་སྡེ་བརྒྱད་སོ་སོ་ཡི། །གསང་གནད་སྙིང་པོ་འདི་དག་གོ །གོངའོགསྔག་འདིརིག་མཕྱིསོརབནགབྱས། ཡ་མ་བུ་ཧ་ན་ཧ་ཏི་སྟ་ཏི་སྟ་དུ་ཀྲ་མ་སོད་སོད།ཁྲ་ཏྲི་མ་མ་ཏྲི་ཛ་ཛ༷༷། ཤོན་ཏྲི་ཛ་ཛ༷༷། ཡག་ཤ་ཛ་ད་ཏྲི་ཛ་ཤ་ཏྲི་ཛ་ཏྲི་ཛ། ཙིཏི་པྲ་མ་ཡ་ཨ་མུ་ཀ་སྲོག་ལ་ཛ་ཛ་བྱོ། ཏྲི་ཙ་པ་ལ་ཨ་ཤུག་མེ། ཨ་སྟི་ཤ་ཨ་སྟི་ཤུ་ཙཀྲ་རག་ཤ་ས་མ་ཡ། དུན་ཐུམ་རི་ལི་ལི། མྱག་མྱག་མྱོག་མྱོག་སྲོག་ལ་ཐུན་རྦད། རག་ཤ་སྲོག་ལ་ཕྲིག་ཕྲིག ཨ་པ་ཏ་ལོ་ཀ་ནི་ཡ་མ་ཐྲེ་ཧྲི་བི་ཏྲི་སྟ་ན། ཀྲོ་མ་རི་པ་ཏྲ་སྲོག་ལ་ཐུན་སྨྱོ། མ་ཧྭ་ཡག་ཤ་ཐུམ་རིལ་རྦད། མ་རུ་ཙེ་དྷ་ཤ་སྒྲི་བ་པྲ་མ་ལིང་། །འདི་དག་གཅོད་བྱེད་འཕྲོག་བྱེད་ཀྱི། །མ་ལུས་ལས་ལ་བསྔགས་པར་འགྱུར། སྤོ་ཧུར་ཐུམ་ཛ། ཤ་གྱི༷་བཱ་ར་ཡ་རྦད། ཨ་མུ་ཀ་མ་རསྒྲོ་ཡ་ཀ་མ་རུ་སོད་སོད། གསད་པ་ཐུན་གྱི་དམོད་པའོ། །བྱི་ཤ་མོ་ཀི་རུ་རུ་མ་ཏྲི་ཀ་ཏ་ཛ་ལ་ཨ་ཏ་ཛ་གྲྭ་ཧྭ། ཙ་པ་ཏི་རྭ་ཧུ་ལ་མ་ཧྭ་ཀྲོ་ཏ་ཀ་པ་ཤར་ཤར་སྟ་ཤར་སྟི་ཧུ༷་ཕཊ། ཙ་ཤུལ་རུ་མ་ཀི་ཤ་ཛ་ལ་ཨ་ཏ། མ་ཧྭ་ཙན་དྷ་རག་ཤ་ཧྲི་ཏ་བྲི་མ་ཡ་རུ་ཏྲ་མ་ས་ར་ཏྲ་བྱི་ན་ག་ར་ཙ་བེ་ག་ཨ་ནན་ཏ་རག་ཤི་ཏི་སན་དྷ་རག་སྣི་ན་ཙིསྟ་བྷ་སི་ཀུ་རུ་མུན་ཏྲི་ཙན་དྷ་དུམ་བུ་དུམ་བུ་ཁལ་རག་ཤ་ཐུམ་རིལ་ལི་ལི མ་མ་ས་མ་ཡ་སྒག་རག་ཤ་མ་ཏྲི་ག་ན། །མ་ས་ཁ་ཡ་ཀུ་རུ་ཏེ་ཙེ་བྷ་ལི་ཏ་མུ་ཧ། ཧ་ར་ཧ་ར་ན་དརདརཡང། ཏྲི་ཀ་ར་མི་ཏྲི་དུལ་དུལ། སྙིང་ཁྲག་ལ་རིས་རིས། རྩ་ལ་ཐུན་ཐུན། ཏྲག་རག་མོ་ཧྲིལ་ཧྲིལ། ཤག་ཤག་ཤར་ཤར་རྦད། །མ་མ་ཙག་ཤ་ཏྲག་ཏུ་ཕོབ། བེ་ལ་མ་བྱི་རུ་ལུ་རུ་ལུ། མ་མ་སྒག་ཤ་ཧྲིལ་ཧྲིལ་ཤར་སྨྱོ། མ་ར་ཡ་ར༷་ཧྲིལ་ཤར་ཧྲིལ། ཤེལ་ཏྲ་ཧུ༷། ཏྲག་ཏུ་ཙ་ར་ཤུ་ཏི་ཕྲོམ་ཀ་ར་ཕྲོམ། རེ་མ་ཏི་པ་ཤང་མི་ཀི་རྭ་ཧུ་ལ་ཤག་ཤག་ཧྲིལ་བྱོ། ཁྲག་ལ་ཙ་རི་མུ་ཤ་སྨྱོ། སྒག་ར༷་ཐུན་ཤག་རིལ་ར༷་ཤར་སྨྱོ། དུད་ཕྲོམ་ཀར་ཕྲོམ་ཤུ་ཏི་ཕྲོམ། ནཱ་ག་ཧྲིལ་སན་ཤག་ས་དུ་མ་ཡ་ཧྲིལ་སྨྱོ། པྲ་ཏ་པ་ཤ་ཡ། ཡ་མ་སྙིང་ཡ་མ་ཁྲག རྭ་ཧུ་ལ་ཧྲིལ་ཧྲིལ་ཤག་ཤག་སེར་སེར་དུག་དུག །ཡ་ཡ་ཕོབ་ཕོབ། མུ་ཀ་ཡེ། པ་ཀ་ཡེ། ཨ་བ་ཡེ། སྙི༷༷སྐྱི༷༷བི་ཀྲི་ན་ཏེ། ཛ་པ་ཏི་རྭ་ཧུ་ལ་མ་ཧྭ་ཀྲོ་ཏ་ཀ་བབ་ཏ་ཤར་ཤལ་ཏ་སྟེ་ཧུ༷་ཕཊ། ཐིག་ནིག་ཤུ་ཏི་ཕྲོམ་དུད་ཕྲོམ། མཐོངས་ཕྱེ། ལྕགས་སྒྲོག་ཁྲོལ། མི་རེང་སོད། རྐྱང་རྗེ་རྐྱང་མོ་ཙུ་རུ་ཙུ་མྲ ཧོ་ཧོ་ཕྲོམ་ཕྲོམ། མུ་ར་མུ་ར་ཤ་དུ་རུ་ཕྲོམ། ཐིག་ཧུ༷་ཧུ༷་སོད་སོད། རླུད་དང་སྤྲིན་དང་རབ་རྒྱུ་དང་། །ཕྱོགས་དང་རྟགས་ཀྱི་ཚད་ལྡན་པས། །དབབ་པའི་སྦྱོར་བ་ཤེས་པར་བྱ། །སྟེང་འོག་བར་གསུམ་དྲག་པོའི་ལས། །གཞུག་དང་གཏོར་དང་བསྲེག་པ་དང་། །བཀོལ་དང་སྦུབ་དང་སྦྲེང་བ་དང་། །བོད་དང་སྨྲེ་དང་གདུང་བ་དང་།གཟིར་དང་བསྐོར་དང་གཞིག་པ་དང་། །བཅད་དང་དྲིལ་བའི་ལས་རྣམས་ཀྱིས། སྨིན་པའི་ལོ་ཐོག་འཇོམས་པར་བྱེད། །ནག་པོ་ཏི་པ་ཙ་ཡེ་ནཱ་ག་རྭ་ཛ་ཧེ་གུ་ལ་ཕེ་ཤ་རག་ཤ་ནན། ཕོས་ཤིག་ཤིག ཁུ་ཡ་ཧུ་ཡ། ཏིར་ཡ་ཏིར་ཡ། ཀ་ལ་ནཱ་ག་བྷནྟྲ་དགྲ་བོ་མྱ་ར་ཡ་ཛ། ནག་པོ་ཏི་པ་ཅ་ཡ་ཕེ་ཤ་རག་ཤ་ཛ༷༷། ནཱ་ག་ཀ་ལ་ཕེ་ཤ་རག་ཤ་ཛ། ཨ་ཤ་ནཱ་ག་ཏི་པ་ཙ་ཡ་དགྲ་བོ་བཱ་ར་ཡ་ཛ༷༷། ནཱ་ག་རྭ་ཛ་ཤག་ཏི་སྲོག་ལ་རྦད། སྙིང་ལ་རིས་ཤ༷ཤ༷་རྦད། ཨི་ཤ་ན་ནན། ཕེ་ཤ་རག་ཤ་ཨུ་ནན། ནཱ་ག་ནན། ཐི་ལི་ནན། ཕི་ལི་ནན། ཙ་རི་ནན། ཨ་པ་ར་སོད། རྨག་དུལ་དུལ། ཀ་ལ་རྔུབས་མྱོགས་ཐིག་ནཱ་ར་མ་དུལ་དུལ། དྷ་ར་དྷ་ར། རྙུ་རུ་ཆུ་རུ། རུ་རུ་ར་ར། ཏི་ཏི། ཏྲི་ལི་ཏི་ཏི། ག་རུ་ཎ་ར་ག་ཏོ་ར་ཛ་མ་ར་ཧེ་གད། མན་ཛ་ཕེ་ཤ་རག་ཤ་ཨུ་ཏ་ནན། བྷ་ཤི་ནི་ཤ་ར་ལེ་ཤུ་རུ་མུ་ལེ། ཏ་ཏ་མ་རེ་ན་ཧུ་ཡ་ཧུ་ཡ། ར་ཏི་ར་ཏི་ཙ་རི་ཤག་ཙག་གི །དྲི་མ་ར་ཏྲི། མ་མ་དུ་ཡ་མ་སྙིང་ཡ་མ་ཁྲག་ཚལ་པ་བ༷་རིལ། ནག་པོ་ཏི་པ་རག་ཤ་ནན། ཁུག་རི་ལ་བ༷་དགྲ་བོ་བཱ་ར་ཡ་ཛ། ནག་པོ་ཏི་པ་ཙ་སྙིང་ལ་ཛ། ཤག་ཤག་ནན་ཁུག་ཐུ༷་རིལ་རྦད། ཙིསྟ་རག་ཤ་རོལ་ཁུག་ཐུན། ཀ་ལ་སྙིང་ལ་ཐུམ་རིལ་རྦད། ཀ་ལ་་་་རི་སྙིང་ལ་་ག་ཤ་ཧ་ར་ཀ །མུ་ཀ་མུ་ར་ཡ་ཐུམ་རིལ་རྦད། ཁུག་དང་འགྲོ་དང་ལས་བྱེད་པའི། །རང་གི་རྟགས་དང་ལྡན་པ་ན། དམིགས་པའི་ལས་ལ་རབ་ཏུ་སྦྱར། །ལྡོག་དང་མ་ཐུབ་འཁྱིལ་པ་དང་། །འབྱམས་དང་རྡུག་དང་ཟད་མཐར་ག་ས། །གཉན་པོ་ལྡབ་མ་སྣ་སེལ་དང་། བསྡུ་དང་སྤྲོ་དང་མི་ཟད་སྟེར། ལོངས་སྤྱོད་ཐུག་པ་མེད་པ་ཡིས། །དབྱིངས་ཀྱི་ངང་དུ་གཏད་པར་བྱ། །སྡེ་བརྒྱད་སོ་སོའི་མིང་གི་སྔགས། །རང་སྐད་དམོད་པའི་ཡན་ལག་ལ། དྷི་བ་ཨ་པྲི་སརྦ་སྨྱོ་བཟློག །པྲ་མ་དུན་ཙེ་ཕོབ། བཛྲ་སྒྲི་ག་ནི་ས་མ་ཡ་ཧི་སྨྱོ། ས་ན་ཏི་མ་དུ་སྲ ས་མ་ཡ་ཏྲིག་སྟུ་ཧུ་ཏ་སྤྱི་པ་ལེ་ཧུ༷། བཟློག་བསྒྱུར་གདུག་པའི་དྲག་སྔགས་ཀྱི། །ལས་ཀྱི་མཐའ་བསྒྱུར་མ་ལུས་པ། །ངའམ་ང་དང་འདྲ་བ་ཡི། །རྡོ་རྗེ་འཛིན་པ་གཞན་རྣམས་ཀྱིས། །ཕྱི་ནང་གསང་བའི་ལས་རྣམས་ཀྱི། །གང་ལ་བསྔགས་པ་དེ་དག་སྦྱར། གཞན་གྱིས་ཐེ་ཚོམ་མི་བྱ་སྟེ། ང་དང་དུས་གསུམ་སངས་རྒྱས་ཀྱིས། དེ་ལ་རིགས་པར་གནང་བ་ཡིན། ཞེས་བཀའ་སྩལ་ཏོ། །དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ལས། ཕྲིན་ལས་དམིགས་པའི་ཁྱད་པར་ལས་ལ་སྦྱར་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས། །རང་གི་སྐུ་ཡི་ཁྱད་པར་ལས། །དྲེགས་པའི་འཁོར་དང་བཅས་པ་ཡི། །ཡོན་ཏན་བསྟོད་པ་འདི་གསུངས་སོ། །ཧུ༷་དུར་ཁྲོད་ཆེན་པོ་རོལ་པའི་དཀྱིལ་འཁོར་ནས། །ག་་དྲག་མེ་ལྟར་འབར་བའི་གཞལ་ཡས་ན། གདུག་བྱེད་རུ་་་ཏི་རའི་ཁྲི་སྟེང་ནས། །མདངས་ལྡན་ཉི་ཟླ་པདྨའི་གདན་སྟེང་ན། དྲེགས་པའི་བདག་པོ་རྡོ་རྗེ་འཛིན་པའི་གཙོ། །བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་ནི། །སྐུ་མདོག་མཐིང་ནག་རབ་ཏུ་འབར། །ས་དགུ་རྫོགས་པའི་དབུ་དགུ་བསྟན། །སྟོང་པ་བཅོ་བརྒྱད་ལྡན་པའི་ཕྱག །ཞབས་ཀྱིས་འཇིགས་པའི་བདུད་བཞི་གནོན། །དབུས་མཐིང་གཡས་དཀར་གཡོན་དམར་བ། །ཁྲོ་ཞིང་བཞད་དང་གཙིགས་པའི་ཞལ། །རལ་པ་ཁམ་ནག་སྲིད་རྩེར་འབར། །ཁམས་གསུམ་མ་ལུས་སྤྱན་གྱིས་གཟིགས། ཁྲངས་ཀྱིས་སྲིད་གསུམ་མ་ལུས་རྔུབས། །སྙན་གྱིས་སྟོང་གསུམ་འབྲུག་སྒྲས་འགེངས། །ཚེམས་ཀྱིས་གནོད་གདུག་མ་ལུས་སྒྲོལ། །ལྗགས་ཀྱིས་གློག་དམར་འཇིག་རྟེན་ཁྱབ། །ཁྲོ་གཉེར་འོད་ཀྱིས་དབང་དུ་སྡུད། །ཕྲིན་ལས་རིགས་ཀྱིས་དབུ་ལ་བརྒྱན། །བཅོ་བརྒྱད་ཕྱག་གི་དང་པོ་གཉིས། །དབང་སྡུད་རྡོ་རྗེ་དྲིལ་བུ་འཛིན། །གཡས་གཡོན་འོག་མའི་ཕྱག་བརྒྱད་ན། །དྲེགས་པའི་ལྷ་བརྒྱད་བྷསྟོ་གཡས། །ཙིསྟ་སྲོག་རྩ་གཡོན་ན་བསྣམས། །འབར་བའི་ཆས་ཀྱིས་སྐུ་ལ་བརྒྱན། །སྤྲུལ་པའི་ལྷ་བརྒྱད་སྐུ་ལ་རྫོགས། །གཡས་གཡོན་ཞབས་ཀྱིས་དྲེགས་པ་གཟིར། །མ་རུངས་གདུལ་དཀའ་རྣམས་ཀྱི་གཤེད། །ལོ་ལྟ་རྭ་ཏྲ་འདུལ་བའི་དཔལ། །འབྱུང་ལྔའི་བདག་མོ་གཉིས་མེད་ཡུམ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་སྦྱོར། །གྲི་གུག་ཏྲི་ཤཱལ་བདུད་རྩི་གཡས། །བྷརྙ་ཞིང་ཆེན་གཡང་གཞི་གཡོན། །མཐིང་ནག་འོད་ཀྱིས་ཀུན་ཏུ་ཁྱབ། །ཆེད་འགའ་རིགས་ཀྱི་སྤྲུལ་པ་ནི། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །སྐུ་མདོག་མཐིང་ནག་ཁྲོ་ཞིང་རྔམས། །ཕྱག་དྲུག་གཡས་གཡོན་དང་པོ་ཡིས། །རྡོ་རྗེ་དུང་ཁྲག་དཀྲུགས་ཤིང་གསོལ། །གཡས་གཡོན་འོག་མའི་ཕྱག་བཞི་ཡི། །ལྷ་བརྒྱད་ཀླུ་བརྒྱད་ཙིཏི་རོལ། །ཡུམ་ཆེན་ཞལ་གཅིག་ཕྱག་གཉིས་མ། །སྐུ་མདོག་མཐིང་ནག་ཞབས་གཉིས་སྦྱོར། །གཡས་ཀྱིས་ནམ་མཁའ་སྟོང་པ་འདེགས། །གཡོན་གྱིས་འཇིག་རྟེན་ས་གཞི་གནོན། །ཞལ་ནས་འབྱུང་བ་ལྔ་འཆར་མ། །དཔལ་ཆེན་ཡུམ་གྱི་བྱིན་རླབས་ལས། །སྤྲུལ་པ་དྲེགས་པ་ཕོ་མོའི་ཚོགས། །བདུད་ནག་མེ་ཡི་ཁ་བརླངས་ཅན། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །ཁྲམ་ཤིང་ཏྲི་ཤཱལ་གཡས་ན་བསྣམས། །གཡོན་གྱིས་ཁ་ཊ༷་ཞགས་པ་འཕེན། །ན་བཟའ་ཞིང་ལྦགས་རློན་པ་གསོལ། །ཞབས་གཉིས་གདུག་པའི་སྙིང་ལ་གཟིར། །ཡུམ་ཆེན་བདུད་མོ་ཁྲག་འཛག་མ། །ཁྲམ་བམ་ཐོད་ཁྲག་ཕྱག་ན་བསྣམས། །སྐུ་ལ་ཞིང་ལྤགས་གསར་པ་བགོས། །བདུད་རྟ་ནག་པོ་ཆིབས་སུ་བཅིབས། །ཞབས་ཀྱིས་དགྲ་བགེགས་ཤུགས་ཀྱིས་སྒྲོལ། །འཆི་བདག་གཤིན་རྗེ་ནག་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །ཕྱག་གཡས་ཐོད་ཁྲག་གྲི་གུག་གཡོན། །བཙུན་མོ་ཡུམ་ཆེན་ཟ་བྱེད་མ། །གྲི་གུག་ཐོད་པ་ཕྱག་ན་བསྣམས། །ཡབ་ཡུམ་ཞིང་ལྤགས་རློན་པ་གསོལ། །མ་ཧེ་ཁྲོས་དང་ཆུ་གླང་བཅིབས། །ཞབས་ཀྱིས་དགྲ་བགེགས་ཕོ་མོ་གཟིར། སྲིན་པོ་གསོད་བྱེད་སྐུ་མདོག་ནག །ཕྱག་ན་རལ་གྲི་ཐོད་ཕྲག་བསྣམས། ཡུམ་ཆེན་གསོད་པར་བྱེད་པ་མོ། །གྲི་གུག་མི་ཐོད་ཕྱག་ན་བསྣམས། །ན་བཟའ་ཞིང་ལྤགས་རློན་པ་གསོལ། །སྟག་སེང་རྔམས་པ་ཆིབས་སུ་བཅིབས། །གནོད་སྦྱིན་གང་བ་བཟང་པོ་ཡང་། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། །དར་ནག་འཕྱར་ཞིང་ཞིང་ལྤགས་རྡེབས། །ཡུམ་ཆེན་ཤ་ཟ་རལ་གཅིག་མ། །ཡབ་ཀྱི་ཚུལ་འཛིན་གྲུབ་པ་མོ། །ཞིང་ལྤགས་གྱོན་ཏེ་གྱི་ལིང་བཅིབས། །དྲག་སྔགས་བདག་པོ་ཆེན་པོ་ནི། །དབང་ཕྱུག་ཆེན་པོ་ལྷ་ཡི་གཙོ། །མདོག་དཀར་ཤེལ་གྲི་བ་དན་འཕྱར། །ན་བཟའ་དར་དཀར་བེར་ཆེན་གསོལ། །ཆིབས་སུ་གནམ་རུ་དཀར་པོ་བཅིབས། །ཐར་པ་ནག་པོ་དུ་ཏྲའི་གཙོ། །མཆོད་གཏོར་དུག་ཐུན་ཕྱག་ན་བསྣམས། །ཞིང་ལྤགས་གོན་ཏེ་དོམ་ནག་བཅིབས། །དམུ་བདུད་རྗེ་དཔོན་ནག་པོ་ནི། །དར་ནག་འཕྱར་ཞིང་ཏི་ར་བགྲད། །བེར་ནག་གསོལ་ཞིང་དམུ་རྟ་བཅིབས། །མུ་སྟེགས་ཀྭ་ལ་ཡག་ཤ་ནི། །མཐིང་ནག་ཁ་ཊ༷་ཏྲི་ཤུལ་འཛིན། །ཞིང་ལྤགས་བགོས་ཏེ་མ་ཧེ་བཅིབས། །ཁྱབ་འཇུག་རོག་ཏི་ནག་པོ་ཡང་། །ཁྲམ་ཤིང་དགྲ་སྟུ་ཕྱག་གིས་འཛིན། །སྤྲིན་ནག་བགོས་ཤིང་འབྲུག་སྔོན་བཅིབས། །ཀླུ་རྒྱལ་བཱ་རུ་ཎ་ཡི་རྗེ། །སེར་ནག་སྦྲུལ་གྱི་ན་བཟའ་གསོལ། །བུམ་པ་རུས་སྦལ་ཕྱག་གིས་འཛིན། །ཆིབས་སུ་ཆུ་སྲིན་མགོ་དགུ་བཅིབས། །རྒྱལ་པོ་ཧར་མཛེས་ཞེས་བྱ་ཡང་། །མདོག་དཀར་ཤེལ་གྲི་དར་དཀར་འཛིན། །སྲས་མཆོག་འབར་བ་དམར་པོ་ནི། །མདུང་རིང་གཡས་ལ་ཤེལ་གྲི་གཡོན། །རྡོ་རྗེ་མཛེས་པ་འཇམཔཡངམདོག་དམར་པོ། །རུ་མཚོན་དར་དམར་ཕྱག་གིས་འཛིན། །ཁུ་ལེ་ལག་དགུ་འབར་བ་ཡང་། །མདོག་སེར་སྤྲུལ་པ་ལག་དགུ་འགྱེད། །ཞིང་ལྤགས་བགོས་ཤིང་ཏི་ར་གནོན། །དྲག་སྔགས་བདག་པོ་གཙོ་འཁོར་བཅས། །རང་གི་རིགས་ཀྱི་འཁོར་འདུལ་བ། །སོ་སོའི་སྤྲུལ་པ་བསམ་མི་ཁྱབ། །གཅོད་པར་བྱེད་པ་བདུད་ཀྱི་སྡེ། འཆིང་བར་བྱེད་པ་བཙན་གྱི་སྡེ། །གསོད་བྱེད་ཤན་པ་སྲིན་པོའི་སྡེ། །གདུག་རྩུབ་འཆང་བ་གནོད་སྒྱིན་སྡེ། །དྲག་རྩལ་ལྡན་པ་ལྷ་ཡི་སྡེ། ནད་གདོན་འབེབས་པ་མ་མོའི་སྡེ། །ནམ་མཁར་དབང་བསྒྱུར་གཟའ་ཡི་སྡེ། གླེན་ལྐུགས་གདུག་པ་ཀླུ་ཡི་སྡེ། །སྡེ་བརྒྱད་དམོད་པའི་དྲག་སྔགས་ཅན། །མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ། །འཁོར་དང་སྡེ་རིགས་བརྗོད་མི་ལང་། ཕྲིན་ལས་མི་ཟད་ལོངས་སྤྱོད་གཏེར། །ཡོན་ཏན་ནུས་པ་དཔག་ཏུ་མེད། །ཞེ་སྡང་ཅན་ལ་ཁྲོ་བར་སྟོན། །ང་རྒྱལ་ཅན་ལ་ལྷག་པར་སྟོན། །འདོད་ཆགས་ཅན་ལ་མི་སྡུག་སྟོན། །གཏི་མུག་ཅན་ལ་མྱོས་པར་སྟོན། །སེར་སྣ་ཅན་ལ་ཕྲོག་པར་སྟོན། །ཕྲག་དོག་ཅན་ལ་འཇིགས་པར་སྟོན། །ཁྱོད་ཀྱིས་མི་འདུལ་གཅིག་མེད་ཀྱིས། །མཆོད་ཅིང་བསྐང་བའི་མཐུན་རྫས་བཞེས། །བཅོལ་ཞིང་གཉེར་བའི་ལས་མཛོད་ཅིག །བསྟོད་ཅིང་བསྒྲུབ་པས་དགྱེས་པར་མཛོད། །དེ་ནས་རང་གི་སྙིང་པོ་དང་། །འཇིག་རྟེན་དྲེགས་པའི་བདག་པོ་རྣམས། །སོ་སོའི་སྔགས་ཀྱིས་ལས་ལ་སྦྱར། །རྡོ་རྗེ་འཛིན་པ་ཆེན་པོ་ཡིས། །བྱང་ཆུབ་སེམས་ཀྱི་བསམ་པ་ཡིས། །ལྷོས་དང་རེ་བ་ཀུན་སྤངས་ཏེ། །སངས་རྒྱས་བསྟན་ལ་རབ་དམིགས་ནས། །དྲག་སྔགས་བདག་པོ་ཉེར་བསྒྲུབས་ན། །ང་དང་སངས་རྒྱས་ཐམས་ཅད་མཉེས། །རིག་པ་འཛིན་པའི་ས་ཐོབ་ཅིང་། །སེམས་ཅན་རྣམས་ཀྱི་སྟོན་པར་འགྱུར། །ཐུན་མོང་བ་དང་ཉེ་བ་དང་། །མཆོག་གྱུར་རིང་བའི་དངོས་གྲུབ་རྣམས། །དཔའ་བོ་དེ་ལ་མངོན་དུ་འབྱུང་། །ཡོན་ཏན་མཆོག་གི་སྟོབས་རྙེད་ཅིང་། །འཇིག་རྟེན་ཆོས་ལ་རབ་བསྔགས་པའི། །བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། །ས་ཆེན་པོ་ལ་གཏོགས་པ་ཡི། །རླབས་ཆེན་རྣམས་ཀྱང་ནུས་པར་སྤྱོད། །མཐུ་སྟོབས་ནུས་པས་བསྙེམས་པ་ཡི། །གཞན་གྱིས་བརྫི་བར་མི་ནུས་ཤིང་། །རང་གི་དབང་དུ་ཁུག་པ་དང་། །བསྒོ་བ་རྫོབ་པ་མེད་པར་འགྱུར། །ཞེས་བཀའ་སྩལ་ཏོ། །དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ལས། བསྟོད་པ་ཡོན་ཏན་བརྗོད་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས། ཉིད་ཀྱི་སྐུ་འཇིགས་བྱེད་ཆེན་པོའི་ཆ་ལུགས་སུ་སྦྲུལ་པ་དེ། ཐུགས་ཆོས་ཉིད་ཞི་བ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུའི་གནས་ཐམས་ཅད་ལ་འོད་ཟེར་གྱི་དྲ་བ་དཔག་ཏུ་མེད་པ་ཕྱུང་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དྲེགས་པ་ཅན་གྱི་གནས་ཐམས་ཅད་༄༅ ཁྱབ་པར་མཛད་ནས། མ་རུངས་ཤིང་གདུག་པ་དང་། ག་་པའི་སེམས་དང་བསམ་པ་ཐམས་ཅད་མ་ལུས་པ་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཏེ། ཕན་པ་དང་། བདེ་བ་དང་། གནོད་པ་མེད་པ་དང་། བརྩེ་བ་དང་། ཡི་དགའ་བ་དང་བཅས་པས་ཕྱོགས་དེར་སྣང་བར་གྱུར་ནས། །ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ལ་ཕྱག་འཚལ་ཞིང་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་རྡོ་རྗེ་འཛིན། །ཁྱོད་ཀྱིས་བསྟན་པ་གསང་ཆེན་འདི། །མ་འོངས་པ་ཡི་དུས་དག་ཏུ། །རབ་ཏུ་རྒྱས་པར་འགྱུར་ཞེ་ན། །བདག་ཅག་འཇིག་རྟེན་དྲེགས་པ་ཅན། །ཞི་བའི་སེམས་སུ་གནས་བྱས་པས། །རྗེས་སུ་སྦྱོད་པ་གང་ཡིན་པ། དེ་ལ་ཕན་པ་རྒྱས་པར་བསྟན། །ཕྲིན་ལས་དང་ནི་བལྟ་སྤྱོད་ཀྱི། །ཁྱབ་པ་དེ་ལ་ཡོངས་རྫོགས་ཤིང་། །གྲོགས་དང་བྲན་དང་དམངས་བཞིན་དུ། །གང་གིས་བསྒོ་བ་དེ་བཞིན་བགྱི། །དམ་ཚིག་ལྷ་ཡི་ཡོན་ཏན་དང་། །རོལ་པའི་ཏིང་འཛིན་ལྡན་དེ་ལ། །བཀའ་ལས་འདའ་བར་མི་སྤྱོད་ཅིང་། །གསུང་བཞིན་བསྒྲུབ་པར་རབ་ཏུ་སྤྲོ། །བཅོམ་ལྡན་རྡོ་རྗེ་འཛིན་ཁྱོད་ཀྱིས། །ཇི་ལྟར་བསྔགས་པའི་ལས་རྣམས་ནི། །བདག་ཅག་ནུས་པས་མྱུར་དུ་བསྒྲུབ། །བྱིན་གྱིས་བརླབ་པར་གཙོར་མཛོད་ཅིག །ཅེས་གསོལ་ནས་རང་རང་གི་གནས་སུ་དེངས་ཤིང་བྱིན་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་འོད་ཟེར་གྱི་བཀོད་པ་རྣམས་དང་། རང་གི་འཁོར་གྱི་སྣང་བཐམས་ཅད་ཀྱང་ཉིད་ཀྱི་སྐུའི་དབྱིངས་སུ་བསྡུས་ཤིང་སྐུ་ཉིད་ཀྱང་ཆོས་ཀྱི་སྐུའི་རང་བཞིན་དུ་གནས་པར་མཛད་དོ། །དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ལས། །ཕྲིན་ལས་ཀྱི་གཉེར་ཕུལ་བའི་ལེའུ་སྟེ་བཅུགཅིག་པའོ། །དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ཅེས་བྱ་བ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། བོད་ཀྱི་ལོ་ཙྭ་བ་བི་རོ་ཙ་ན་བདག་གིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ། །རྒྱལ་པོའི་བླ་དཔེའོ། །གཏེར་རྒྱ། སྦས་རྒྱ། གཏད་རྒྱའོ། །རྒྱ་རྒྱ་རྒྱའོ། །གུ་རྒྱ།། །། རྒྱ་གར་སྐད་དུ། སུ་ག་ཏ་ས་མུ་དྭ་ཡ་ཏནྟྲ་ནཱ་མ། བོད་སྐད་དུ། བདེ་གཤེགས་འདུས་པའི་