Ngb-pt-0030-vol-01-text

From Rangjung Yeshe Wiki Texts
Revision as of 05:21, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/ngb-pt-0030-text.docx.wiki to Ngb-pt-0030-vol-01-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། མ་ཧྭ་ས ་ས་མརྙ་བྷ་དྲ་ཙྭ་ན་པྲ་ཀ་ཊ་ཤཱ་ ་ཏནྟྲ་པ ་མ་ཙ་པ ་མ་ནཱ་མ། བད་སྐད་དུ། །རྫགས་པ་ཆེན་པ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད། ཕྱི་མའི་ཡང་ཕྱི་མ་ཞེས་བྱ་བ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་འཁོར་རྣམས་ལ་བཀའ་སྩལ་པ། །ཀྱེ་ཉོན་ཅིག་རྡོ་རྗེ་འཛིན་པ་རྣམས། །རིག་པ་སྟོང་གསལ་རྟོགས་འདོད་ན། །དང་པོ་སེམས་ཉིད་བཟུང་བ་དང་། །དེ་ནས་ལམ་དུ་བསླང་བར་བྱ། །ཞེས་བཀའ་སྩལ་ཏོ། །དེ་ནས་རྡོ་རྗེ་སེམས་དཔས་གསོལ་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །རིག་པ་སྟོང་གསལ་རྟོགས་འདོད་པ། །སེམས་བཟུང་རིམ་པ་ཇི་ལྟར་ལགས། །དེ་སྐད་ཅེས་ནི་གསོལ་པའི་ཚིག་གསན་ནས། །རྡོ་རྗེ་འཛིན་པས་བཀའ་སྩལ་པ། །སེམས་བཟུང་རིམས་པ་འདི་ལྟ་སྟེ། །མཐོ་དང་རི་མོ་འཇམ་རླུད་དང་། །ཐིག་ལེ་གདུགས་དང་འཁོར་ལོ་དང་། །ཡིག་འབྲུ་དང་ནི་ཤེས་རབ་མ། །སློབ་དཔོན་འགྲན་རླུད་ནམ་མཁའོ། །ཞེས་གསུངས་སོ། །རྒྱུད་ཕྱི་མའི་ཕྱི་མ་ལས་ལེའུ་སྟེ་དང་པོའོ།། །།དེ་ནས་གཞན་ཡང་བཀའ་སྩལ་པ། །དང་པོ་མཐོ་ལ་བཟུང་བ་ནི། །མདུན་དུ་མཐོ་ལ་གཏད་དེ་བཟུང་། །རི་མོ་དག་ལ་བཟུང་བ་ནི། །བདེ་བའི་སྟན་ལ་འདུག་པ་དང་། །མདུན་དུ་རི་མོའི་ནང་དུ་བཟུང་། །འཇམ་རླུད་དག་ལ་བཟུང་བ་ནི། །སྟེང་འོག་བར་རླུད་གར་བདེར་བཟུང་། །ཐིག་ལེ་དག་ལ་བཟུང་བ་ནི། །སྨིན་མཚམས་དག་གམ་སྣ་རྩེ་སྲ །ཐིག་ལེ་དག་ལ་གཏད་ལ་བཟུང་། །དེ་བཞིན་གདུགས་ལ་བཟུང་བ་ནི། །འོག་ཏུ་རྒྱ་གདུགས་འཁོར་ལོ་བཟུང་། །འཁོར་ལོ་དག་ལ་བཟུང་བ་ནི། །ཤོ་གུའི་གདུགས་བྱ་བླ་ན་བསྐོར། །སྣ་རུ་བདུག་པ་རྣ་བར་སྒྲ། །མ་ཡེངས་གཏད་ལ་བཟུང་བར་བྱ། །ཡིག་འབྲུ་དག་ལ་བཟུང་བ་ནི། །སེམས་ཀྱི་གནས་པ་བཞི་རུ་ཡང་། །ཨ་ལ་སོགས་པའི་ཡིག་འབྲུ་དག་ལ་གཟུང་བར་བྱ། ཁྲེས་རབ་མ་ལ་བཟུང་བ་ནི། །མཁའ་གསང་བརླབས་ཤིང་དབང་པོ་སྤྲད། །ཐིག་ལེ་གཅིག་ཤོར་གཉིས་ལ་བཟུང་། །སློན་དཔོན་དག་ལ་བཟུང་བ་ནི། །སྤྱི་བོའི་གཙུག་ཏུ་བསམ་ལ་བཟུང་། །དྲག་རླུད་དག་ལ་བཟུང་བ་ནི། ཁྲེས་པའི་འགྲེན་རྟེན་བྱས་ལ་བཟུང་། །ནམ་མཁའ་དག་ལ་བཟུང་བ་ནི། །ཁྲུ་གང་དག་ལ་གཏད་ལ་བཟུང་། །ཞེས་གསུངས་སོ། ཁུད་ཕྱི་མའི་ཕྱི་མ་ལས། སེམས་བཟུང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བཀའ་སྩལ་པ། །ཉོན་ཅིག་དཔལ་ལྡན་རྡོ་རྗེ་འཛིན། །སེམས་འཛིན་པ་ཡི་དུས་ཉིད་དུ། །ཡོན་ཏན་སྐྱོན་དུ་སྣང་བའི་ཕྱིར། །སྐྱོན་རྣམས་བཅོས་པ་འདི་ལྟར་བྱ། །རླུད་སྐྱེས་པར་ནི་གྱུར་པ་ན། །དེ་ནས་རྒོད་ཅིང་གཉིད་མི་ཕེབས། །དེ་ལ་སྐུ་མཉེ་བཅུད་ཅན་བསྟེན། །སེར་པོ་དམར་པོའི་སྣང་བའོ། །དེ་ལ་བསིལ་བར་བསྒོམ་ཤིང་བསིལ། །སྨན་བསིལ་ཟས་ནི་བཅུད་ཅན་བཏང་། །བད་ཀན་སྐྱེས་ན་ཅད་འཁྲོག་བྱེད། །དང་ག་མི་བདེར་གྱུར་པ་ན། །ཁ་ཟས་བསིལ་བཏང་བཅག་པར་བྱ། །སེམས་འཛིན་པ་ཡི་བར་དུ་ཡང་། །གཡེངས་པའི་འཁྲུལ་པ་ཐག་བཅད་ལ མ་ཡེངས་པར་ནི་བཟུང་བར་བྱ། །སེམས་ནི་མ་ཟིན་བར་དུ་ཡང་། །མཚན་མོའི་སེམས་འཛིན་ཁ་དོན་དང་། །སེམས་ཀྱི་རྒྱུ་འགྲུལ་བཅད་དེ་ཡང་། །དེ་ནས་སེམས་འཛིན་བརྟན་པ་དང་། །རིག་པ་སྟོང་གསལ་ལྟ་བ་སྟེ། །དེ་ཡིས་ངང་གནས་བསྒོམ་པའོ། །དེ་ལ་མ་ཡེངས་སྤྱོད་པ་ཡིན། །དེ་ལས་འབྲས་བུ་སྐུ་དང་ནི། །ཡེ་ཤེས་ལྔ་རུ་སྣང་བའོ། །དེ་ནི་ལམ་དུ་བསླང་བའི་དོན་ཞེས་གསུངས་སོ། །རྒྱུད་ཕྱི་མའི་ཕྱི་མ་ལས། སྐྱོརྣེ་བཅོས་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དཔལ་ལྡན་ཀུན་ཏུ་བཟང་པོས། རྡོ་རྗེ་སེམས་དཔའ་ལ་སོགས་པའི་འཁོར་རྣམས་ལ་བཀའ་སྩལ་པ། རྒྱུ་འདི་ལ་མ་ཚང་བ་ཁ་སྐོང་བའི་རྒྱུད་ཕྱི་མའི་ཕྱི་མ་ཞེས་བྱ་སྟེ། འཁོར་བ་ཐམས་ཅད་མྱ་ངན་ལས་བསྒྲལ་ཞིང་། སྐུ་དང་ཡེ་ཤེས་སུ་ལ་ཟླ་བའི་ཕྱིར། ཤིན་ཏུ་གཅེས་པར་གྱིས་ལ་བཟུང་ཞིང་བཅང་བར་བྱའོ། །ཞེས་བཀའ་སྩལ་ཏེ། སྟོང་གསལ་དུ་སངས་རྒྱས་པར་གྱར་ཏོ། །རྒྱུད་ཕྱི་མའི་ཕྱི་མ་ལས། འཁོར་རྣམས་ལ་རྒྱུད་གཏད་པའི་ལེའུ་སྟེ་བཞི་པའོ།། །།རྫོགས་པ་ཆེན་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མའི་ཕྱི་མ་ཞེས་བྱ་བ་རྫོགས་སོ། །ཤི་སིདྷ་དང་ཡང་དཐྲོང་གཏེར་གྱིས་བསྒྱུར། །འདི་མཚམས་ཕྱི་མ་གསང་བའི་རྒྱུད་དང་མཐར་ཐུག་གི་རྒྱུད་འཛུད།། །། རྒྱ་གར་སྐད་དུ། ཙྭ་ན་ཙཀྲ་ཏནྟྲ། བོད་སྐད་དུ། ཡེ་ཤེས་འཁོར་ལོའི་རྒྱུད། བཅོམ་