Ngb-pt-0032-vol-01-text
BASIC METADATA | |
---|---|
Title of Text | |
Title on Cover | |
Cover Title San | |
Cover Title San in Tib | |
Cover Title San in Lanydza | |
Title on Spine | |
Margin Title | |
Author of Text | |
Name of Collection (if applicable) | |
PUBLISHING | |
Publisher Name | |
Publisher Place | |
Publisher Date | |
IDs | |
ISBN (if applicable) | |
Library Call-number (if applicable) | |
Other ID number (if applicable) | |
Volume Letter (if applicable) | |
Volume Number (if applicable) | |
Pagination of Text | |
Pages Represented in this file | |
CREATION | |
Name of Agent Creating Etext | |
Date Process Begun | |
Date Process Finished | |
Place of Process | |
Method of Process (OCR, input) | |
PROOFING | |
Name of Proofreader | |
Date Proof Began | |
Date Proof Finished | |
Place of Proof | |
MARKUP | |
Name of Markup-er | |
Date Markup Began | |
Date Markup Finished | |
Place of Markup | |
CONVERSION | |
Name of Converter | |
Date Conversion Began | |
Date Conversion Finished | |
Place of Conversion | |
PROBLEMS | |
Front
Body
[123][123.4]ཤེས་འཁོར་ལོའི་རྒྱུད་ལེའུ་སྟེ་བདུན་པ་རྫོགས་སོ།། །། རྒྱ་གར་སྐད་དུ། །མ་ཧྭ་སན་དྷི་ཙྭ་ན་ཙཀྲ་གུ་རྒྱ་ཙེསྟ་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་[123.5]བ་ཐུགས་ཀྱི་རྒྱུད་ཅེས་བྱ་བ། དཔལ་རང་བྱུང་རིག་པའི་ཆོས་སྐུ་དེ་ཁོ་ན་ཉིད་ལ་ཕྱག་འཚལ་ལོ། །འདི་སྐད་གསུངས་པའི་དུས་གཅིག་ན། །རང་བྱུང་ངོ་བོ་སྟོན་པ་དེ། །ཡེ་ཤེས་ཀློང་གི་གནས་མཆོག་ན། །ཉིད་ལས་མི་[123.6]གཞན་རྟོགས་པའི་འཁོར། །དོན་གཅིག་བསྟན་པ་མངོན་གྱུར་ཏོ། །དེ་ཚེ་ཆོས་ཀུན་སྙིང་པོ་འདི། །དཔལ་གྱི་དཔལ་གྱུར་ཀུན་བཟང་གིས། །རྒྱུ་དག་རྡོ་རྗེ་སེམས་དཔའ་ལ། །བཀའ་རྟགསལྔ་ཡི་དོན་བསྡུས་ནས། །ངེས་[124][124.1]དོན་གདམས་ངག་བཀའ་སྩལ་པ། །སངས་རྒྱས་ཀུན་གྱི་ངེས་པའི་དོན། །དོན་གྱི་ཁྱབ་དང་རྟོགས་པ་ཡི། །བྱིན་རླབས་བརྡ་དང་ཚིག་གི་དོན། །སྣོད་ལྡན་བློ་དང་ལྡན་པ་ལ། །མ་ནོར་ངེས་པ་ངས་བཤད་ཀྱིས། །བརྗོད་[124.2]མེད་དད་པའི་ཡིད་ཀྱིས་ཉོན། །དེ་སྐད་ཅེས་ནི་གསུངས་པ་དང་། །ཁབ་ལེན་ལ་ནི་ལྕགས་འདུ་བཞིན། །བྱིན་གྱི་རླབས་ཀྱི་སྣང་བ་ཡིས། །འཁོར་རྣམས་དགའ་མགུ་མོས་པས་ཉན། །རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་[124.3]ལོ་གསང་བ་ཐུགས་ཀྱི་རྒྱུད་ལས། གསུང་བར་ཞལ་གྱིས་བཞེས་ཏེ། གླེང་གཞི་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཀུན་རིག་སྟོན་པ་དེས། །སྔོན་གྱི་ཐུགས་དམ་ཞལ་བཞེས་པས། །འགྲོ་དོན་ཐུགས་རྗེ་[124.4]རྫོགས་མཛད་ཕྱིར། །ཆེད་དུ་དགོངས་ནས་བཀའ་སྩལ་པ། །བདེར་གཤེགས་སྙིང་པོ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །ཀུན་ལ་ཁྱབ་པས་ནམ་མཁའ་བཞིན། །རང་བྱུང་ངོ་བོ་ཡེ་ནས་ཡོད། །དེ་ཡང་[124.5]འཁོར་གྱི་སྙིང་པོ་ཉོན། །འཁོར་འདས་མེད་པའི་གོང་རོལ་དུ། །ཡེ་ནས་གནས་པའི་ཆོས་ཉིད་ལ། །མ་འཁྲུལ་ཕྱིར་ན་ངང་གིས་རྟོགས། །ཡོན་ཏན་ལྔ་ལྡན་ཤེས་པ་དང་། །སངས་རྒྱས་དུས་མཉམ་ཀུན་བཟང་[124.6]བྱུང་། །ཉིད་ལས་མི་གཞན་འཁོར་རྣམས་བཅས། །འོག་མིན་གནས་སུ་ཀུན་བཟང་གིས། །རྒྱུད་དག་རྡོ་རྗེ་སེམས་དཔའ་ལ། །ཚིག་ཏུ་མ་གསུངས་དོན་རྣམས་གོ། །རང་གིས་རིག་ཅིང་དགོངས་པས་བརྒྱུད། །དེ་ཕྱིར་[125][125.1]བྱིན་གྱིས་བརླབས་ཞེས་བྱ། །སྤྲུལ་སྐུས་བརྡའ་ཡིས་བརྒྱུད་པ་ཡང་། །ཚིག་དོན་ལུས་དང་རྟགས་ཀྱི་བརྡ། ཁྲཀ་ཐུབ་སྤྲུལ་པ་གཞན་རྩལ་གྱིས། །ལྷ་གནས་མི་ཡིས་ཡུལ་དུ་ཕྱུངས། །རིག་འཛིན་འཕྲུལ་[125.2]གྱི་ཐེག་པ་རི། །ཡང་ཞུན་གསེར་གྱི་ཡི་གེར་བྲིས། །ལག་ན་རྡོ་རྗེའི་སྤྲུལ་པ་ལ། །ངེས་དོན་དགོངས་དོན་མངོན་ཕྱུང་ནས། །སྡེབ་སྦྱོར་ཚིག་གིས་བཀྲོལ་ནས་བཤད། །དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། །རིགས་བཙུན་[125.3]ཁྱད་འཕགས་སྣོད་ལྡན་ནི། །གང་ཟག་རྗེས་སུ་མི་འབྲང་བར། །ལུང་རིགས་གཉིས་ལ་རྟོགས་པ་མཁས། །མན་ངག་ཆོས་ཕྱིར་ཤིན་ཏུ་མོས། །བླ་མ་ལ་གུས་ཕྱི་ཐག་རིང་། །ཕངས་མེད་དབུལ་ནུས་སྣོད་ལྡན་[125.4]ལ། །འབྲལ་མེད་ཡེ་ཤེས་རང་ཤར་དོན། །རྒྱུད་དྲུག་ཡང་སྙིང་ཡིན་པའི་ཕྱིར། །བསྟན་མ་ཐག་ཏུ་ཤེས་པའི་ཆོས། །སྣོད་ལྡན་གསང་ཐུབ་འགའ་ལ་བསྟན། །རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་[125.5]རྒྱུད་ལས། ཚུལ་དུ་གསུངས་པ་མདོར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཆེད་དུ་གསུངས་པའི་དོན་གོ་ནས། །འཁོར་རྣམས་ལ་ནི་རྩེར་དགོངས་ནས། །རྫོགས་[125.6]སངས་རྒྱས་་ལ་འདི་སྐད་གསོལ། །གཞི་ཉིད་དཔེ་དོན་གང་གིས་མཚོན། །དང་པོ་སངས་རྒྱས་ཇི་ལྟར་བྱུང་། །དེ་ཡིས་བྱིན་རླབས་ཇི་ལྟར་རྟོགས། །བརྡ་དང་ཚིག་གིས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་གསན་[126][126.1]ནས། །འདུས་པའི་འཁོར་ལ་ངེས་པའི་དོན། །མ་ནོར་ངེས་པའི་སངས་རྒྱས་བཀའ། །ང་ཡིས་བཤད་ཀྱིས་ངེས་པར་ཉོན། །རང་བཞིན་གཞི་ཡི་མཚོན་དཔེ་ནི། །འདུས་མ་བྱས་ཀྱི་ནམ་མཁའ་ནི། །གང་ནས་མ་འོང་ཡེ་[126.2]ནས་ཡོད། །གང་ཡང་མི་འགྲོ་དུས་གསུམ་གཅིག །དེ་ལྟར་ཀུན་ཁྱབ་ངོས་གཟུང་མེད། །ཐོག་མཐའ་མེད་པའི་ནམ་མཁའ་འདྲ། །རིག་མེད་སྟོང་པ་ཡིན་པའི་ཕྱིར། །དཔེ་རུ་ཟབ་སྟེ་དོན་དུ་མེད། །དེ་ཡང་རྡོ་རྗེ་སེམས་[126.3]དཔའ་ཉོན། །དེ་བཞིན་ངོ་བོའི་གནས་ལུགས་ནི། །འཁོར་འདས་མ་རིག་རང་བཞིན་ལུས། །སངས་རྒྱས་སེམས་ཅན་གཉིས་མེད་པའི། །འཁོར་འདས་གཉིས་ཀྱི་གཞིར་གྱུར་པ། །མ་ཡེངས་པར་ནི་ཡོད་གྱུར་[126.4]ཀྱང་། །དོན་གྱིས་མ་ཟིན་རང་སྣང་བ། །ངོས་མ་ཟིན་ཅིང་ཤན་མ་ཕྱེད། །འགྲོ་འོང་མེད་པར་རྒྱུན་དུ་གནས། །ཐོག་མཐའ་མེད་ཕྱིར་ངོ་མ་ཤེས། །ད་ལྟ་ཀུན་གཞིའི་སེམས་ལ་གནས། །འདུས་མ་བྱས་ཕྱིར་སྐྱེ་འཇིགས་[126.5]མེད། །སེམས་ཅན་ཀུན་གྱི་རྟེན་གནས་གཞི། །མོས་གུས་མེད་ཕྱིར་རྟོགས་པར་དཀའ། །རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལས། གཞིའི་དཔེ་བསྟན་པའི་ལེའུ་སྟེ་གསུམ་[126.6]པའོ།། །།དེ་ནས་ཀུན་རིག་སྟོན་པ་ཡིས། །དང་པོ་སངས་རྒྱས་རྟོགས་ཚུལ་ནི། །དད་ལྡན་འདུས་པའི་འཁོར་རྣམས་ལ། །ང་ཡི་རྟོགས་ཉམས་བཀའ་སྩལ་པ། །འཁོར་འདས་མེད་པའི་གོང་རོལ་དུ། །ས་ཆུ་མེ་[127][127.1]རླུད་གང་ཡང་མེད། །སྲིད་པ་མ་ཆགས་སྟོང་པ་ཉིད། །དེ་ཚེ་རང་བཞིན་ལུས་དེ་ནི། །ཡེ་ནས་ཡོད་པའི་ཆོས་ཉིད་དེ། །དོན་དེ་མ་འཁྲུལ་རིག་པ་ཡིས། །ད་ལྟ་མ་འཁྲུལ་ངེས་བསྟན་ཕྱིར། །གཞི་དང་རིག་[127.2]པ་གཅིག་ཏུ་ཤེས། །རྟོགས་དང་སངས་རྒྱས་དུས་མཉམ་བྱུང་། །ནམ་ལངས་ཉི་མ་ཤར་དུས་མཉམ། །རི་བོ་ཏ་ལའི་དཔེ་བཞིན་དུ། །འཁོར་འདས་ཐོག་མཐའ་དུས་གཅིག་ཆོད། །དེ་ཡང་རྡོ་རྗེ་སེམས་དཔའ་[127.3]ཉོན། །ཀུན་བཟང་རྒྱལ་བའི་རྟོགས་པ་དེ། །རང་བྱུང་ངོ་བོ་ཉིད་ཀྱི་སྐུ། །རྒྱུ་རྐྱེན་མ་བྱས་འདུས་མ་བྱས། །ཀུན་ལ་ཁྱབ་པས་ཆོས་ཀྱི་སྐུ། །རང་གི་རིག་པ་ཡེ་ཤེས་ཐུགས། །དེ་ཉིད་ཡིན་པར་ངོ་ཤེས་པས། །ལྷག་མཐོང་[127.4]ཡེ་ཤེས་རང་ཤར་ཕྱིར། །ཡོད་མེད་གཉིས་ཀྱི་སྒྲོ་སྐུར་བྲལ། །དུས་གསུམ་མི་འགྱུར་བརྟན་ངེས་པར། །ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ། །དེ་ལས་སངས་རྒྱས་ཆོས་རྣམས་བྱུང་། །དེ་ཕྱིར་ཀུན་ཏུ་བཟང་པོ་བྱ་། །།རྫོགས་[127.5]པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལས། ཀུན་ཏུ་བཟང་པོའི་རྟོགས་པ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཀུན་རིག་སྟོན་པ་ཡིས། །འོག་མིན་ཆོས་དབྱིངས་གནས་དེ་མུ །།ཇི་[127.6]བཞིན་རྡོ་རྗེ་སེམས་དཔའ་ཡིས། །མ་འཁྲུལ་རིག་པ་གསལ་བ་ནི། །རང་ལ་ཡེ་ནས་ཡོད་མིན་ཡང་། །གཞི་ནི་མི་འགྱུར་ངེས་པ་ནི། །འདི་ཉིད་ཁོ་ན་ཡིན་ནམ་མིན། །ཡིད་ལ་ཐེ་ཚོམ་ཆ་ཕྲ་ཡོད། །དེ་རྟོགས་གསལ་ཕྱིར་[128][128.1]མོས་གུས་བྱེད། །དེ་ཕྱིར་ཀུན་བཟང་དེ་ཆེད་དུ། །མཉམ་བཞག་དགོངས་པ་ཐུགས་བརྟན་པས། །ཐེ་ཚོམ་མེད་པར་ཆོས་ཉིད་རྟོགས། །དེ་ཕྱིར་ཡེ་ཤེས་རྒྱུད་དག་པའི། །རྡོ་རྗེ་སེམས་དཔས་མངོན་གྱུར་གོ། །ཚིག་ཏུ་མ་[128.2]བསྟན་དོན་དུ་ཤར། །དེ་ཡང་འདུས་པའི་སྙིང་པོ་ཉོན། །དེ་ཕྱིར་བྱིན་གྱི་བརླབས་ལུགས་ནི། །ཀུན་བཟང་ཐུགས་ཀྱི་ངེས་དོན་དེ། །ཆོས་དྲུག་མིང་དང་དོན་དཔེ་གཉིས། །དྲུག་གསུམ་གཅིག་ཕྱིར་རིམ་གྱིས་ཀྱང་། །གང་[128.3]ལ་མ་བརྟེན་ཡིད་ཀྱིས་ནི། །ལྷག་མཐོང་ཆོས་སྐུ་དེ་ལྟར་ཤེས། །དེ་ཕྱིར་དགོངས་པས་བརྒྱུད་པའི་ཕྱིར། །རྟོགས་པ་མངོན་གྱུར་སངས་རྒྱས་པའི། །ཕྱིས་མི་ལེན་པའི་རིག་པས་གོ །ཉིད་ལས་མི་གཞན་སངས་རྒྱས་[128.4]འབྱུང་། །དེ་ཕྱིར་བྱིན་གྱིས་བརླབས་ཞེས་བྱ། །ད་ཡང་འདུས་པའི་སྙིང་པོ་ཉོན། །སྟོན་པ་ཀུན་བཟང་བྱིན་རླབས་ཀྱིས། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གསུམ། །གཟའ་སྐར་རྒྱ་མཚོ་ཇི་བཞིན་དུ། །ངེས་དོན་ཉིད་ཀྱི་རྩལ་[128.5]དུ་བྱུང་། །རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལས། རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས་བཤད་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་འདུས་པའི་ཚོགས་རྣམས་ལ། །ཀུན་རིག་སྟོན་[128.6]པས་བཀའ་སྩལ་པ། །སྤྲུལ་སྐུའི་བརྡའ་ཡིས་བསྟན་པ་ཡང་། །ཚིག་གི་བརྡ་ཡི་སྒྲོན་མེ་ཡིས། །མ་རིག་མུན་པ་བསལ་བའི་ཕྱིར། །ལུང་དང་ལྡན་པའི་གདམས་ངག་གིས། །བསྟན་པ་རྣ་བའི་རྒྱུད་ཅེས་བྱ། །དེ་ཡང་[129][129.1]འདུས་པའི་སྙིང་པོ་ཉོན། །དོན་གྱི་བརྡ་ཡིས་གདམས་ངག་གིས། །ཡེ་ཤེས་རིག་པ་ཁོང་ནས་ཤར། །དེ་ཙམ་ཉིད་ན་སྐྱེ་འགག་མེད། །ད་ལྟ་ཉིད་ན་མངོན་གྱུར་རྟོགས། །ལུས་ཀྱི་བརྔའ་ཡིས་སྤྲལ་པ་[129.2]འགྱེད། །སྟོང་གསུམ་མ་ལུས་ཐམས་ཅད་ཀུན། །སྤྲུལ་པ་གྲངས་མེད་ཀུན་ཏུ་ཁྱབ། །ལྔ་བཅུ་རྩ་བདུན་བརྡའ་ཡིས་ནི། །སྐྱོན་གྱིས་མ་གོས་འགྲོ་དོན་འགྲུབ། །དེ་ཡང་འདུས་པའི་སྙིང་པོ་ཉོན། །རྟརྒིས་ཀྱི་བརྗོ་ཡིས་[129.3]བསྟན་པའི་ཕྱིར། །སྐུ་མདོག་ཕྱག་མཚན་སྣ་ཚོགས་ལ། །གང་འདུལ་ཕྲིན་ལས་རྫོགས་མཛད་པ། །བྱིན་རླབས་སངས་རྒྱས་དངོས་གྲུབ་ཐོབ། །རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་སྐྱི་རྐྱིད་ལས།།ཚིག་[129.4]དང་བརྡའ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཡེ་ཤེས་མངོན་དུ་རྟོགས་བྱའི་ཕྱིར། །ཀུན་རིག་ཆོས་ཀྱི་རྒྱལ་པོ་ལ། །བདེན་པའི་ཡིད་ཀྱིས་འདི་་རྡོ་[129.5]གསོལ། །ཆོས་རྣམས་ཀུན་གྱི་རྩ་བ་ཡི། །གཞི་གསུམ་འབྲེལ་པ་ཡོད་དམ་མེད། །ཀུན་གཞི་སེམས་ཀྱི་མུན་གསེབ་ནས། །ཆོས་སྐུ་ངོས་ནི་ཇི་ལྟར་བཟུང་། །ད་ལྟའི་ལུས་དང་མ་བྲལ་བར། །གཟུགས་སྐ་མི་འརྒྱཇེ་སྒོརྔོ་[129.6]གིས་བསྒྲིབས། །མཉམ་པའི་རྒྱལ་པོས་བཤད་དུ་གསོལ། །དེ་སྐད་གསུངས་པའི་དོན་གསན་ནས། །འདུས་པའི་འཁོར་ལ་བཀའ་སྩལ་པ། །དེ་དོན་རྩ་བ་མདོར་བསྡུ་ན། །གཞི་གསུམ་མ་ནོར་ངེས་པ་ཡིརྨི། །འ་བྲེལ་ཛི་[130][130.1]ཡད་མེད་ངས་བཤད་ཀྱས། །དེ་གསུམ་ཡོད་མེད་གཅིག་ཏུ་རྟོགས། །འཁོར་འདས་གཞི་ཡི་རང་བཞིན་ལུས། །འཁོར་གཞི་ཤེས་པ་ལུང་མ་བསྟན། །གནས་སྐབས་འབྲེལ་ཡོད་མཐར་ཐུག་མེད། །གནས་སྐབས་འ ལ་[130.2]པ་ཡོད་པ་ནི། །ལུང་མ་བསྟན་པ་རྣམ་གསུམ་ལ། །རང་བཞིན་ལུས་ཀྱིས་ཁྱབ་པའི་ཕྱིར། །དེ་ཡང་འདུས་པའི་སྙིང་པོ་ཉོན། །མཐར་ཐུག་འབྲེལ་པ་མེད་པ་ནི། ཁེས་གཞི་ལུང་མ་བསྟན་པ་ལ། །ཡིད་སྒྲིབ་ཡོད་ཕྱིར་[130.3]མོས་གུས་མེད། །བྱིན་རླབས་རྟོགས་དང་ལུང་ལྡན་གྱིས། །བསྟན་ཐབས་མེད་ཕྱིར་འཁོར་བའི་རྒྱུ། །དེས་བསྐྱེད་འཁོར་བ་འབའ་ཞིག་ཡིན། །དེ་ཕྱིར་མཐར་ཐུག་འབྲེལ་པ་མེད། །མུན་དང་ཉི་མ་དུས་མི་མཚུངས། །མ་[130.4]རིག་ཡེ་ཤེས་དེ་བཞིན་ནོ། །ད་ཡང་འདུས་པའི་སྙིང་པོ་ཉོན། །འཁོར་འདས་གཞི་ཡི་རང་བཞིན་ལུས། །མྱང་འདས་ཀུན་བཟང་གཞི་དང་ནི། །མཐར་ཐུག་འབྲེལ་ཡོད་གནས་སྐབས་མེད། །མཐར་ཐུག་འབྲེལ་པ་ཡོད་[130.5]པ་ནི། །ལན་ཅིག་སྐྱེ་ཤི་བར་དོ་ལ། །ལུང་བསྟན་གདམས་ངག་ཕྲད་སྲིད་ན། །མོས་གུས་དང་བས་རྟོགས་འགྱུར་ཚེ། །ལུང་མ་བསྟན་པ་དག་ཅིང་སྟོང་། །མཐར་ཐུག་ཡེ་ཤེས་འབྲེལ་པ་ཡོད། །ནམ་ལངས་ཉི་མ་ཤར་བ་[130.6]འདྲ། །དེ་ཡང་འདུས་པའི་སྙིང་པོ་ཉོན། །མྱང་འདས་ཀུན་བཟང་གཞི་དང་ནི། །འཁོར་གཞི་ལུང་མ་བསྟན་པ་གཉིས། །ལྷན་ཅིག་མི་གནས་འགལ་བའི་ཕྱིར། །གནས་སྐབས་མཐར་ཐུག་འབྲེལ་པ་མེད། །ཉི་མའི་[131][131.1]དཀྱིལ་འཁོར་མུན་མེད་བཞིན། །དེ་ཕྱིར་ཡེ་ཤེས་ཟང་ཐལ་ཉིད། །དེ་ཡང་འདུས་པའི་འཁོར་རྣམས་ཉོན། །འཁྲུལ་གཞི་ལུང་མ་བསྟན་ལ་སོགས། ཁྲན་ཕྱེའི་སྐབས་སུ་ངས་བཤད་ཀྱིས། །ལ་ཟླེའི་དས་[131.2]སུ་ངས་མ་གསུངས། །ཕྱི་རབས་རྣལ་འབྱོར་དེ་བཞིན་ནོ། །རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལས། གཞི་གསུམ་འབྲེལ་པ་ཡོད་མེད་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེན་ས་[131.3]ཀུན་རིག་སྟོན་པ་ཡིས། །ཀུན་གཞི་སེམས་ཀྱི་མུན་གསེབ་ནས། །འཁྲུལ་དང་མ་འཁྲུལ་བཀའ་སྩལ་པ། །འཁྲུལ་པ་རྣམ་བཞི་དབྱེ་བའི་ཕྱིར། །གསུམ་འབྲེལ་བཞི་ལྡན་གོལ་བ་་མེད། །དེ་ཕྱིར་ཆོས་སྐ་གསྒོ་རྡོང་[131.4]གཅིག །དེ་ཡང་འདུས་པའི་སྙིང་པོ་ཉོན། །འཁྲུལ་དང་མ་འཁྲུལ་ཤན་ཕྱེད་པས། །ཐོག་མ་ཉིད་ནས་བསགས་པ་ཡི། །སྔར་གྱི་བག་ཆགས་བཟང་ངན་ནི། །དུས་དང་གནས་སྐབས་འགྱུར་བའི་ཕྱིར། ཁྲེཇོ་ཐི་རྨི་[131.5]འཁྲུལ་དངོས་པོ་ཞབྲུལ། །ཞེན་པ་བརྟས་ཕྱིར་བག་ཆགས་ཏེ། །མི་ཤི་ཁ་དོག་དྲན་པ་འདྲ། །དེ་ཡང་འདུས་པའི་སྙིང་པོ་ཉོན། །ཆགས་སྡང་འབྱུང་བའི་རྒྱུར་གྱུར་པའི། །ཕྱིས་ཀྱི་ཉོན་མོངས་སྐྱི་བ་ཡང་། །དགཧཱུཾ་དང་མི་[131.6]དགའ་ལ་སོགས་པའི། །གློ་བུར་རྐྱེན་གྱིས་འབྱུང་བའི་ཕྱིར། །དངོས་པོ་མ་ཞབྲུལ་ཤེས་པ་འཁྲུལ། །ཐག་པ་སྦྲུལ་དུ་འཛིན་པ་འདྲ། །དེ་ཡང་འཁོར་གྱི་སེམས་དཔའ་ཉོན། །སྣང་བ་གཞི་ལ་མེད་པ་ལ། །སྒོཇོ་སྡུད།་ཞེན་[132][132.1]པ་བྱེད་པ་ནེ། །བློ་དངོས་གཉིས་ཀ་འཁྲུལ་པའི་ཕྱིར། །མེད་པ་ལ་ནི་ཡོད་བརྟག་པ། །རི་བོང་རྭ་ལ་རྟོག་དཔྱོད་འདྲ། །དེ་ཡང་འཁོར་གྱི་སྙིང་པོ་ཉོན། །སྐྱེ་བོ་ཐ་མལ་ཤེས་པ་ཡང་། །བྱ་བ་མ་འཁྲུལ་གང་བྱེད་[132.2]ཀྱང་། །བློ་དངོས་མ་འཁྲུལ་ཆོས་ཉིད་མེད། །ལུང་ལྡན་གདམས་ངག་མེད་པའི་སྐྱིར། །གཞི་ཉིད་མ་ཤེས་མ་རིག་ཡོད། །ཟླ་བ་དཀར་ཀྱང་མུན་ཡོད་འདྲ། །ད་ཡང་འདུས་པའི་སྙིང་པོ་ཉོན། །དེ་དག་རྩ་བ་མདོར་བསྡུ་[132.3]ན། །འཁྲུལ་པ་ཟུང་བཞི་ཡ་བདུན་དག །སྣང་བ་མེད་པར་མ་ཤེས་ཕྱིར། །སྒྲོ་སྐུར་ཞེན་པས་རང་བསླུས་ཏེ། །གདམས་ངག་མེད་ཕྱིར་ཆོས་སྐུ་མིན། །དེ་ཕྱིར་གྲུབ་མཐས་བློ་མ་བསྒྱུར། །རྫོགས་པ་ཆེན་པོ་ཡེ་ཤེས་[132.4]འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལས། སྔེ་ཕྱིའི་རྟོག་པ་འཁྲུལ་པ་བསྟན་པའི་་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་འདུས་པའི་ཚོགས་རྣམས་ལ། །ཆོས་སྐུ་ངོ་སྤྲོད་དོན་གསུངས་པ། །སྔ་ཕྱིའི་རྟོགས་[132.5]གསུམ་བྲལ་བ་ཡིས། །རང་རིག་ཆོས་སྐའི་ཡེ་ཤེས་རྣི། །འ་ལ་མེད་ད་ལྔའི་ཤེས་པ་ལ། །ཐ་མལ་ལུས་ལ་རྟེན་བཅས་པའི། ཁེས་པ་མ་བསྒྲིབས་གསལ་བ་འདི། །རང་བྱུང་ཆོས་སྐུ་དག་པའོ། །དེ་ལ་མ་རིག་མུན་པ་[132.6]རྨེད། །ད་ཡང་འདུས་པའི་སྙིང་།པོ་ཉོན༄། །དེ་ལ།་ཡོན།་ཏན་ཀྲུཞི་ལྡན།་ཐོཐོ། །རྡེམ་ཚིག་འཛིན་པའི་ཡེ་ཤེས་སྐྱེས། །སྐྱེ་བོ་མུ་སྟེ།གས་ཡུལ་འདི་ལ། །ང་དང་བདག་ཏུ་རང་རྒྱུད་བྱེད། །ཞེན་པའི་གཉིས་འཛིན་མེད་པའི་[133][133.1]ཕྱར། །སྣང་བ་ ད་པའ་ཡ་ ས་ན། །གལ་ ད་ཆས་དབྱངས་ནམ་མཁའ་འདྲ། །ངང་ ས་གསལ་བའ་ཡ་ ས་ཀྱས། ། གས་དྲུག་བཀག་པའ་འགག་པ་དང་། །ལུས་མེད་མེད་པའ་ལྟ་རྒྱུ་ནི། །གོལ་ས་[133.2]ཀ་ནས་མེད་པའི་ཕྱིར། །རིན་ཆེན་འོད་འདྲ་འཆར་ནུབ་མེད། །དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། །ཡེ་ཤེས་ག་་མར་གནས་པ་ཡིས། །དབུ་མ་སེམས་ཙམ་ཐུན་བསྒོམ་དང་། །ཐབས་ཀྱི་རྩ་དང་ཐིག་ལེ་[133.3]སོགས། །འབྱུང་འཇུག་ཅན་གྱི་གོལ་ས་མེད། །བསྐྱེད་རིམ་ཀུན་གཞི་ལ་སོགས་པ། །ཞི་ཁྲོའི་ལྷ་རུ་བསྒོམ་པ་དང་། །འཕེལ་འགྲིབ་ཅན་གྱི་གོལ་ས་མེད། །དེ་ཕྱིར་རྒྱུན་དུ་འབྲལ་མེད་ཡིན། །དེ་ཡང་འས་ཐེའི་སྨིཇེ་པོ་[133.4]ཉོན། །གཏན་ལ་འབེབས་པའི་ཡིད་ཀྱིས་ནི། །ལྷག་མཐོང་རིག་པ་རྟོགས་ཙམ་ན། །དམིགས་འཛིན་མེད་པར་ངང་གིས་གསལ། །ག་་མར་གནས་དང་འཕེལ་འགྲིབ་མེད། །ད་ལྟའི་ཤེས་པ་འདི་ཉིད་་ལ། །རཛ་རིག་[133.5]ཆོས་སྐུ་གཅིག་ཏུ་འདུས། །རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལས། ཆོས་ཀྱི་སྐུའི་བསྒོམ་པ་ངོས་བཟུང་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་འདུས་པའི་ཚོགས་རྣམས་ལ། །ཀརྣོ་[133.6]རིག་སྟོན་པ་ཆོས་རྗེ་ཡིས། །རྣམ་སྨིན་ལུས་དང་བཅས་འདུས་འདིར། །གཟུགས་སྐུ་མི་འབྱུང་བཀའ་སྩལ་པ། །ལྷ་མིན་མངལ་གྱི་སྒྲིབ་པ་འདྲ། །གཟུགས་སྐུ་ངོ་སྤྲོད་མི་འདོད་དོ། །ཆེ་བའི་ཡོརྣེ་ཏན་མི་ ་ཇེ་[134][134.1]ཕྱིར། །ནམ་སྲོས་ཉི་མ་མི་འཆར་འདྲ། །དེ་ཡང་འདུས་པའི་སྙིང་པོ་ཉོན། །ལན་ཅིག་དུས་ཀྱི་དེང་སང་ནི། །ལུང་མེད་རྨོངས་པའི་ང་རྒྱལ་ཅན། །དཔྱད་བཟོ་རིག་པ་བྱེད་པ་ཀུན། །གཟུགས་སྐུ་ད་ལྟ་ངོ་སྤྲོད་ཡོད། །ཁ་[134.2]ཚབ་རྫུན་ཚིག་སྨྲ་བ་ལ། །རྨོངས་པ་བདེན་པར་འཛིན་པ་འབྱུང་། །ད་ཡང་འདུས་པའི་སྙིང་པོ་ཉོན། །མ་རིག་རྫུན་དེ་སུན་འདོན་ཕྱིར། །ད་ལྟ་མངལ་གྱིས་བསྒྲིབས་གཡོགས་པས། །ལོངས་སྐུ་དང་ནི་སྤྲུལ་[134.3]པའི་སྐུ། །བཞུགས་ཚུལ་སྒྲོན་མའི་དཔེ་མཚོན་ཀྱང་། །ད་ལྟ་རང་ལ་འབྱུང་མི་སྲིད། །ཁྱུང་སྒོང་མ་ཆག་འཕུར་མི་ནུས། །དེ་ཕྱིར་གཟུགས་སྐུའི་གཟུགས་བརྙན་དེ། །རིས་སུ་བྲིས་དང་ལུགས་སུ་བླུགས། །འབུར་དུ་[134.4]བརྐོས་པ་ལ་སོགས་པའི། །གཟུགས་སྐུའི་ལྷ་རུ་བྱུང་བ་ཡང་། །དངོས་སུ་སྤྲད་དུ་མི་འདོད་པས། །དེ་ཕྱིར་དྲང་དོན་ལྡེམ་དགོངས་སུ། །ཁྲོ་བོ་བསྒོམ་པའི་ལྷ་ཚོགས་བསྟན། །ད་ཡང་འདུས་པའི་སྙིང་པོ་ཉོན། །སྔོན་བྱུང་[134.5]གཟུགས་སྐུ་བྱུང་བ་ཡང་། །རང་རྒྱུད་ལུས་ཅན་མ་ཡིན་ཏེ། ཁུད་དག་སྤྲུལ་པ་གཞི་གཅིག་ལས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིན། །ཆགས་སྡང་ལྔ་དང་བཅས་པའི་ཡིད། །ཐ་མལ་རང་ལུས་སེམས་འདི་[134.6]ལ། །གཟུགས་སྐུ་ད་ལྟར་འབྱུང་མི་སྲིད། །ནམ་མ་ལངས་པར་ཉི་མི་འཆར། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །ད་ལྟ་གཟུགས་སྐུ་སྤྲད་འདོད་ན། །མཚན་དང་དཔེ་བྱད་མ་ལུས་ཀུན། །རང་གི་ལུས་ལ་ཚང་དགོས་[135][135.1]ན། །ཞིང་ཁམས་ཡོན་ཏན་ཀུན་མཐོང་དགོས། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །སྐུ་གསུང་ཐུགས་ནི་མཉམ་དགོས་ན། །དེ་མེད་ཡིད་སྨོན་ངོ་སྤྲོད་མེད། །དེ་ཡང་འས་པའི་སྨིང་པོ་[135.2]ཉོན། །མངལ་གྱིས་སྒྲིབ་གཡོགས་མ་བྲལ་བར། །ལུང་ལྡན་རྐྱེན་དང་ཕྲད་སྲིད་ན། །རང་སེམས་ཆོས་སྐུར་རྟོགས་པ་ལས། །གཟུགས་སྐུ་མི་འབྱུང་ལུས་ཀྱིས་བསྒྲིབས། །ཉི་མ་སྤྲིན་གྱིས་བསྒྲིབས་ཐོ་འདྲ། །རྡོ་ཡང་[135.3]འཁོར་གྱི་སྙིང་པོ་ཉོན། །སྤྲུལ་སྐུ་ངོ་སྤྲོད་ཡོད་ཟེར་ན། །ད་ལྟ་ཐ་མལ་ལུས་འདི་ཡིས། །འཛམ་གླིང་བྱེ་བ་ཕྲག་བརྒྱ་སྲ །སྤྲུལ་པ་བྱེ་བ་ཕྲག་བརྒྱ་དགོས། །སངས་རྒྱས་དམྱལ་བ་ཡན་ཆད་དུ། །ལུས་ཀྱི་མིག་གིས་རྨིཐོང་[135.4]བ་དགོས། །རྣམ་སྨིན་ལུས་དང་བཅས་དུས་འདིར། །ཇི་ལྟར་གཟུགས་སྐུ་ངོ་སྤྲད་ཀྱང་། །མཐའ་འཁོབ་ཆུ་དང་བྲག་ལ་ཡང་། །མི་ཐར་སྡུག་བསྔལ་འབྱུང་བའི་ཕྱིར། །སྤྲུལ་སྐུ་ངོ་སྤྲོད་ཡོད་ཟེར་རྫན། །ཉི་སྨྲོ་་ན་གྱི་[135.5]སྨད་བསད་རིགས། །དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། །ཡིད་སྨོན་ཙམ་དུ་སྤྲོད་ཟེར་ནས། །ཞི་ཁྲོ་ལ་སོགས་བསྒོམ་པ་ཡང་། །རྒྱུད་ལུང་ཆོས་སུ་ལྡམ་དགོངས་བསྟན། །དེ་ཕྱིར་གཟུགས་སྐུ་གནས་ཟླེརྒྱིཇི་ལརྨི། །སྡོརྫེས་[135.6]སུ་འབྱུང་བར་ངས་མ་བཤད། །དེ་ཡང་འདུས་པའི་སྙིང་པོ་ཉོན། །གཟུགས་སྐུ་ངོ་ནི་སྤྲད་འདོད་ན། །དེ་ལ་རྟགས་ཆེན་འདི་འབྱུང་སྟེ། །སེང་གེ་ཁྱུང་དངཨུ་དུམ་ཝར། །རིན་ཆེན་ལ་སོགསི་དུས་འདིཇོ་འབྱུང་། །འསྡིག་[136][136.1]རྟེན་སངས་རྒྱས་འབྱུང་བའི་རྟགས། །དེ་མེད་གཟུགས་སྐུ་འཇིག་རྟེན་དུ། །སེམས་ཅན་ལུས་དང་མ་བྲལ་བར། །གཟུགས་སྐུའི་ཡོན་ཏན་འབྱུང་འདོད་པ། །མུ་སྟེགས་ཀ་ཏ་རི་བ་ཟེར། །མ་རིག་རྨོངས་པ་སྙིང་རེ་[136.2]རྗེ། །མནར་མེད་དམྱལ་བ་ཆེན་པོར་འགྱུར། །རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལས། ལུས་དང་མ་བྲལ་བར་གཟུགས་སྐུ་མི་འབྱུང་བར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་[136.3]རྡོ་རྗེ་སེམས་དཔའ་ཡིས། །རང་རིག་ཆོས་སྐུ་ལ་བཟླའི་ཕྱིར། །ཀུན་རིག་ཆོས་ཀྱི་རྒྱལ་པོ་ལ། །བདེན་པའི་དོན་གྱིས་འདི་སྐད་གསོལ། །མ་བསྒོམས་དོན་དང་མི་འབྲལ་བའི། །ཡེ་ཤེས་རང་ཤར་མན་ངག་གང་། །ཐ་[136.4]མལ་རྣམ་རྟོག་མི་གོས་པའི། །རང་ཤར་སྒོད་པ་ཇི་ལྔ༡ར་སྒོད། །མཉམ་པའི་རྒྱལ་པོས་བཤད་དུ་གསོལ། །དེ་སྐད་གསོལ་པའི་དོན་གསན་ནས། །མ་བསྒོམས་འབྲལ་བ་མེད་པ་ཡིས། །ཡེ་ཤེས་རང་ཤར་ངེས་པའི་[136.5]དོན། །ཀུན་རིག་སྟོན་པས་བཀའ་སྩལ་པ་། །དངོས་པོ་མ་་འ་ལ་རིག་པ་ལ། །ཚོར་བ་བདེ་སྡག་ཅི་རྒྱུང་ཡང་། །ལུང་ལྔན་རིན་ཆེན་རྐྱེན་གྱིས་ཀྱང་། །དེ་ཉིད་ཆོས་སྐུར་ཉམས་སུ་མྱོང་། །ད་ཡང་རྡོ་རྗེ་སེམས་དཔའ་[136.6]ཉོན། །ཡུལ་གྱི་རྣརྨེ་པ་གང་བྱུང་ཡང་། །དངོས་པོ་མ་འཁྲུལ་་རིག་པ།་ཡིས། །དོན་གྱིས་ཟིན་་པའི་ཡེ་་ཤེས་ཏེ། །ཆོས་རྙེད་ཡང་དག་གནས་ལུགས་ཡིན། །དེ་ཉིད་ལུང་ལྡན་སྒྲོན་མ་ཡིས། །མ་རིག་མུན་པ་མེད་པའི་[137][137.1]རྙི༅། །།དེ་རྟེན་ཡུ།ཕྱལར་ད།ང།སྒྲ་འཧཱུཾནཱ་་བྲམེ།་ལྒིའས་། ས།དེཔ་ཚོ༷་།བ།།་༷་སྐྱུ།མ་ །ང་ ཞིལམབྱ། །།ད།ག་༷༷རྡཉ་མས་ སྐྱུསམྱོལྗིཔབའའིཉཕྱིནར།།།ད།།ལ་པམེ་བད་ཡཉསམ་ནཱདསུ་ལྡ་།ངལ་ཚ།ད།དནིང།ས།་༷།་༷གལ༷ངབནི྅་ས་།།སྙི།ས།སྣ། ང།དེ་བཕྱི་ཧཱུཾ་༷གོ།ས་ཐ༷༷་ཧཱུཾ྅་[137.2]ཡིན། །དེ་ཡང་འདུས་པའི་སྙིང་པོ་ཉོན། །ཚོར་བ་མི་བདེ་སྡུག་བསྔལ་ཡང་། །ན་ཚ་མི་ཞིམ་རྩུབ་པ་དང་། །མི་དགའ་ལ་སོགས་ཅི་བྱུང་ཚེ། །ལུང་ལྡན་རིན་ཆེན་རྐྱེན་གྱིས་ནི། །ཆོས་སྐུར་ཉམས་་སུ་མྱོང་ཐོའི་[137.3]ཕྱིར། །ཡུལ་དང་གནས་སྐབས་མཐར་ཐུག་གི། །འབྲེལ་པ་མེད་ཤེས་ཉམས་ཀྱི་ཚད། །དེ་ཡང་འདུས་པའི་སྙིང་པོ་ཉོན། །ཡུལ་འདི་རིག་མེད་འཁྲུལ་པར་ཤེས། །འདུས་བྱས་ཡིན་ཕྱིར་ཆོས་སྐུ་མེད། །སྔག་བསྔལ་ཚོར་[137.4]བ་གང་བྱུང་ཡང་། །དེ་དུས་རྟག་ཆད་མཐར་མ་ལྟུང་། །བྱིང་རྒོད་གཉིས་ཀྱི་རྐྱེན་མ་གོས། །དེ་ཕྱིར་ཆོས་སྐུ་བསྒོམ་མི་དགོས། །དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། །ཡུལ་གྱི་དྲན་རྟོག་ཅི་བྱུང་ཡང་། །ག་ང་།ཕྱིར་ཆོས་སྐ་[137.5]ཉམས་སུ་མྱོང་། །ཡང་དྲུག་ཉམས་དང་འབྲེལ་མེད་ཤེས། །རྟོགས་ཐབས་རྣམ་པ་དགུར་ནི་བརྟེན། །རྐྱེན་ཐུབ་གང་དྲག་ལྷག་མཐོང་ལ། །རྐྱེན་ཐུབ་དྲུག་ཏུ་དབྱེ་མི་དགོས། །དེ་ཡང་འདུས་པའི་སྙིང་པོ་ཉོན། །མཐའ་སྡུ་[138][138.1]མི་འཛིན་ལྟ་བ་ལ་། །རིག་པ་རྒྱ་ཡན་ཆོས་སྐུར་གསལ། །ཡིད་ཆེས་གདེང་གིས་ཟིན་པ་ལ། །ཉམས་དང་ལྡན་པའི་ཚད་ཅེས་གསུངས། །རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལས། ཡེ་ཤེས་[138.2]རང་ཤར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཀུན་རིག་ཆོས་རྗེ་ཡིས། །ཐ་མལ་རྣམ་རྟོག་མི་གོས་པའི། །ལ་བབློའི་སྤྱོད་པ་བཀའ་སྩལ་པ། །གཞི་ཤེས་བློ་དངོས་གཅིག་པ་དང་། །བརྟུལ་[138.3]ཞགས་མཆོག་དང་གེགས་མེད་པའི། །ལ་བབློའི་སྟོད་པ་བཀའ་སྩལ་པ། །གཞི་ཤེས་རང་ཤར་སྟོད་པའི་དུས། །ལུང་ལྡན་ངེས་པའི་གདམས་ངག་གིས། །ཡུལ་མེད་ཆོས་སྐུར་ངོས་ཟིན་པས། །ལུས་ངག་བྱར་མེད་[138.4]བ་རྗེད་པ་ཡི། །གཞན་ཛུ་འཛིན་མེད་རང་རིག་སྐུ། ་།སྔ་ཕྱིས་མ་།བསླད་མ་བཅོརྨི་ཤིཇི་། །འདུ་རྨེབྲརྨོ་མེད་པའི་ཡེ་ཤེས་ནི། །སུས་ཀྱང་མ་བྱས་རང་བྱུང་སྟེ། །གཞི་ཉིད་ཤེས་པས་ནམ་མཁའ་འདྲ། །ད་ཡང་འདུས་པའི་[138.5]སྙིང་པོ་ཉོན། །ཆོས་སྒའི་རིག་པ་འགྲོ་འོང་མེད། །རྟག་ཆད་མཐའ་ཡི་སྒོ་སྐུར་བྲལ། །རང་གི་སྟོད་པ་གང་སྟོད་ཀྱང་། །ཆོས་ཀྱི་སྐུ་ལས་མ་རྟོགས་པ། །རྡུལ་ཙམ་གཞན་ན་ཡོད་མི་སྲིད། །དེ་ཕྱིར་ཤེས་པ་རང་ཡན་[138.6]རྨེ། །ལྷག་མཐོང་དྲན༄་པའི་ག།དེང་གིས་ཟིན། །ཡེངརྨེ་དང་མ་ཡེངས་མེད་་པཇོ་ནི། །བལྟ་བའི་གརྡོང་འབྲལ་རྨོད་པའི་ཕྱིར། །ཆོས་སྐུ་གཞི་ཞེས་སྤྱོད་པ་ཡིན། །རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་[139][139.1]རྒྱུད་ལས། གཞི་ཤེས་པའི་སྤྱོད་པ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཀུན་རིག་རྒྱལ་པོ་ཡིས། །འདུས་པའི་འཁོར་ལ་བཀའ་སྩལ་པ། །བློ་དངོས་སྤྱོད་པ་བསྟན་པའི་ཕྱིར། །གཞི་[139.2]ཉིད་དེ་ལྟར་རྟོགས་པ་ལ། །སྣང་བ་ངེས་མེད་སེམས་ལ་རྒྱུ། །དེ་རྒྱུ་ཙམ་ན་ཆོས་སྐུ་ཡིན། །དེ་ལྟར་ཐག་ཆོད་ངེས་པ་ཡིས། །བསྒོམ་དང་མ་བསྒོམས་རང་སར་གྲོལ། །གང་ཡང་ཆོས་སྐུ་གྱུར་པ་ལས། །བློ་དང་དངོས་[139.3]པོའི་དབྱེར་མེད་ཕྱིར། །ནམ་མཁའི་གཞའ་ཚོན་མ་ངེས་རྫོགས། །བློ་དང་སྣང་བ་དངོས་པོ་ཆོས། །སེམས་ཀྱི་དྲན་པ་ཅི་སྣང་ཡང་། །དངོས་མེད་རིག་པ་ཆོས་སྐུར་གསལ། །བསྒོམ་དང་མི་བསྒོམ་ཐ་སྙད་བྲལ། །དེ་ཕྱིར་[139.4]བློ་དངོས་ཡེ་ཤེས་ཤར། །རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལས། བློ་དངོས་ཡེ་ཤེས་རང་ཤར་གྱི་སྤྱོད་པ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་འདུས་པའི་ཚོགས་[139.5]རྣམས་ལ། །བརྟུལ་ཞུགས་མཆོག་སྤྱོད་བཀའ་སྩལ་པ། །ལྟ་བ་ལ་ནི་བཟླ་བའི་ཕྱིར། །སྤྱོད་པ་རྩིང་མོ་ཆེད་དུ་དགོས། །ངེས་མི་འཆིང་བའི་གདམས་ངག་ཡོད། །དེ་ཕྱིར་རང་གྲོལ་རྟོགས་པ་གཅེས། །དེཡངའདུས[139.6]པའི་སྙིང་པོ་ཉོན། །ངེས་ལུང་བསྟན་པའི་རྣལ་འབྱོར་པས། །མ་དང་སྲིང་མོ་ཀུན་ཀྱང་སྤྱད། །གཞན་གྱིས་བུད་མེད་སྨོས་ཅི་དགོས། །སེམས་ཅན་མནར་ཅིང་བསད་གྱུར་ཀྱང་། །དགེ་འདུན་མཆོད་རྟེན་དཀོར་འཕྲོག་[140][140.1]ནའང་། །རྐྱེན་སྒྲིབ་མེད་པར་ཡེ་ཤེས་ཤར། །དམྱལ་དཔོན་ལྟུང་བ་མེད་པ་བཞིན། །བརྟུལ་ཞུགས་མཆོག་གི་སྤྱོད་པ་ལ། །བསྲུང་བའི་དམ་ཚིག་མི་འགལ་ཏེ། །ལུང་རིག་མཐུན་པའི་ཆོས་འདི་དགོས། །དེ་ཡང་རྡོ་རྗེ་[140.2]སེམས་དཔའ་ཉོན། །དེང་སང་དུས་ཀྱི་ཆོས་བྱེད་རྣམས། །ཞི་འཇམ་རྒྱུད་འབོལ་འདོད་པ་དེ། །གདམས་ངག་མེད་ཕྱིར་བྱོལ་སོང་རྒྱུ། །དེ་ཕྱིར་རྨོངས་པ་སྙིང་རེ་རྗེ། །ཞི་འབོལ་འབྲས་བུ་ཐོབ་པ་མེད། །ལྷ་རྣམས་[140.3]འཇིག་རྟེན་དུ་ལྟུང་ཞིང་། །ལྟ་བ་མ་རྟོགས་ཐམས་ཅད་ལྟུང་། །རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལས། བརྟུལ་ཞུགས་མཆོག་གིས་ཡེ་ཤེས་རང་ཤར་བསྟན་པའི་ལེའུ་སྟེ་བཅུ་བཞི་[140.4]པའོ།། །།དེ་ནས་འདུས་པའི་ཚོགས་རྣམས་ལ། །གཞི་ལ་འདྲེ་མེད་བསྟན་པའི་ཕྱིར། །སྟོན་པ་ཀུན་རིག་ཆོས་རྗེ་ཡིས། །འདྲེ་སུན་འདོན་པ་བཀའ་སྩལ་པ། །གཞི་ལ་ལྷ་འདྲེ་མེད་པ་ལ། །མུ་སྟེགས་སྐྱེ་བོ་[140.5]བདེན་འཛིན་པ། །འདྲེ་ཡོད་སུན་འདོན་ལ་བཟླའི་དོན། །ང་ཡིས་བཤད་ཀྱིས་སེམས་ལ་ཞོག །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །ཡུལ་གྱིས་རྟོག་པ་མ་ཟད་པར། །གནོད་པའི་བགེགས་ལ་ཟད་པ་མེད། །བགེགས་[140.6]རིགས་སྟོང་ཕྲག་བརྒྱད་བཅུ་དང་། །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་རྣམས། །གཞི་ལ་གང་ཡང་མེད་པ་ལ། །བཙུན་པ་ཁྲིམས་འཆལ་ཨུ་ལི་ཡིས། །མུ་སྟེགས་ལོག་ལྟའི་ལྷ་བསྒྲུབས་ནས། །ཁ་ཆེའི་བྱེ་བྲག་སྨྲ་བ་[141][141.1]༄༅ ཡིས། །ཐོལ་ཐོལ་སྨྲ་ཞིང་ལམ་ལམ་བོར། །བདུད་ཀྱི་བྱིན་རླབས་གློ་བུར་འབྱུང་། །ལྷ་མེད་ལྷར་འཛིན་འདྲེ་རྣམས་གནོད། །འདུ་བ་རྣམ་བཞིའི་ནད་དང་ནི། །ཡེ་འདྲོག་སུམ་བརྒྱ་འདྲེ་ཡིས་བྱས། །ལྷ་[141.2]མཆོད་འདྲེ་བརྡུང་ནད་ལ་ཕན། །དེ་སྐད་རྫུན་དུ་སྨྲ་བ་ལ། །རྨོངས་པའི་སྐྱེ་བོ་བདེན་སྙམ་ནས། །བོན་མཆོག་བྱས་པས་ཕན་པ་སྙམ། །འདྲེ་མཆོད་བདུད་དུ་ཕྱི་མང་ཆེ། །འབྱུང་བ་ལྔ་ལ་འདྲེ་ཡོད་ཟེར། །སྲིད་པའི་སྙི་[141.3]བགེགས་མི་ལ་གནོད། །མི་ཤི་འདྲེ་རུ་གནོད་ཟེར་ཏེ། །རྒྱབ་མཆོད་འདྲེ་ནི་བཏགས་བྱས་པས། །ན་ཚ་གོད་ཁ་སླར་ལ་འོང་། །དེ་ཡང་འདུས་པའི་སྙིང་པོ་ཉོན། །སྲིད་པའི་སྤྱི་བགེགས་ཆེན་པོ་འདི། །སྐྱེ་བོ་རྒྱང་འཕེནོ་[141.4]པ་ལ་ཡོད། །སངས་རྒྱས་ཆོས་ལ་འདྲེ་མེད་ཕྱིར། །ཆོས་དང་གང་ཟག་བདག་དང་བྲལ། །དེ་ཕྱིར་སྣང་བ་མེད་པའི་ཕྱིར། །སྲིད་པའི་སྤྱི་འདྲེ་གཞི་ལ་མེད། །འདྲེ་ཡོད་ཟེར་བ་བལྟ་བ་ལོག །རྫོགས་པ་ཆེན་པོ་ཡེ་ཤེས་[141.5]འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལས། གཞི་ལ་འདྲེ་མེད་པར་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་འདུས་པའི་ཚོགས་རྣམས་ལ། །ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས། །འདྲེ་སུན་འདོན་པ་བརྐེའ་[141.6]སྩལ་པ། །འཇིག་རྟེན་ཞིག་ན་འདྲེ་ཡང་མེད། །ཀུན་བརྟགས་མ་རིག་ཡུལ་དུ་བརྟགས། །མ་རིག་མེད་ན་འདྲེ་ཡང་མེད། །འདྲེ་ནི་གློ་བུར་བཏགས་ཙམ་པ། །མི་ལས་གྱུར་པས་འདྲེ་གནོད་ན། །ལུས་ཅན་གནོད་ན་[142][142.1]མ་ཤིར་རིགས། །ལུས་མེད་སྟོང་པས་གནོད་མི་ནུས། །དེ་ཕྱིར་འདྲེ་གནོད་རྫུན་པོ་ཆེ། །ལྷབ་ཀའི་མོས་མ་ཀུན་གྱིས་བསླུས། །ཐ་མལ་ལས་ཀྱི་དུས་ཟད་ན། །མོ་ཆོག་བྱས་དང་མ་བྱས་མེད། །རྐྱེན་མི་བཟློག་སྟེ་ཀུན་ཀ་[142.2]འཆི། །ད་ཡང་འདུས་པའི་སྙིང་པོ་ཉོན། །དེ་ཕྱིར་ལྷ་འདྲེ་ཀུན་མེད་དེ། །ཞབྲུལ་པའི་བློ་ཡིས་བཏགས་པ་ལས། །རྟོག་པས་འདྲེ་མེད་ལ་ཟློ་ན། །འཁོར་འདས་མ་རིག་ཆོས་འདི་ལ། །ལྷ་འདྲེ་བྱ་བའི་མིང་མེད་[142.3]ཤེས། །ཐམས་ཅད་ཐིག་ལེ་ཉག་གཅིག་ལ། །དུག་ཉིད་སྨན་དུ་སྒོར་ཤེས་ལྟར། །འདྲེ་ཉིད་ཡེ་ཤེས་ཀློང་དུ་ཤེས། །དགག་བསྒྲུབ་མེད་ཕྱིར་འདྲེ་རྣམས་སྟོང་། །རྐྱེན་གྱིས་མི་ཚུགས་ནམ་མཁའ་འདྲ། །ད་ཡང་འདུས་པའི་[142.4]སྙིང་པོ་ཉོན། །སྔགས་དང་དོན་གྱི་ངོ་བོ་ལ། །ལྷ་འདྲེ་མི་ཤེས་་ཡེ་ཤེས་སྐུ། །གང་ལ་རྟོག་མེད་རང་བྱུང་ལ། །ངེས་དོན་གདམས་ངག་གསལ་ཐེབས་ཕྱིར། །བསླུ་བྲིད་ཆོས་ཀྱི་གོལ་སྒྲིབ་མེད། །འདྲེ་མེད་ཡེ་ཤེས་ལ་[142.5]བཟླའོ། །རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལས། འདྲེ་སུན་འབྱིན་པར་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །རྟོགས་ལྡན་འཁོར་གྱི་དོན་[142.6]ཆེད་དུ། །ཀུན་རིག་སྟོན་པ་ཆོས་རྗེ་ལ། །བདེན་པའི་དགོངས་དོན་འདི་སྐད་གསོལ། །ཡེ་ཤེས་ལ་ནི་ཇི་ལྟར་བཟླ། །དེ་ཡི་འབྲས་བུ་ཇི་ལྟར་འབྱུང་། །ངེས་དོན་རྒྱུད་འདི་གང་ལ་གཏད། །མཉམ་པའི་སྟོན་པས་བཤད་[143][143.1]དུ་གསོལ། །དེ་སྐད་ཞུསླ་པས་དོན་གསན་ནས། །འདུས་པའི་འཁོར་ལ་བཀའ་སྩལ་པ། །རྒྱུ་དང་འབྲས་བུ་རོ་གཅིག་ཕྱིར། །རིམ་པར་དབྱེར་མེད་ངོ་བོ་གཅིག །སངས་རྒྱས་མ་ཚོལ་རང་ལ་གནས ངེ་[143.2]ཕྱིར་རྒྱུ་འབྲས་དབྱེ་རུ་མེད། །དེ་ཡང་འདུས་པའི་སྙིང་པོ་ཉོན། །འཁོར་འདས་རྩ་བ་གཅིག་པའི་ཕྱིར། །རང་བཞིན་ལུས་དེ་ངོ་ཤེས་པས། །ཐར་པ་ཐོབ་ཅེས་བསྟན་པའི་ཕྱིར། །འཁོར་འདས་མེད་པཧཱུཾ་།ཆོས་་་[143.3]རྟོགས། །ཕྱི་ནང་སྣོད་བཅུད་མ་ལུས་ཀུན། །མ་བྱུང་མ་སྐྱེས་ཆོས་དབྱིངས་ལ། །དུས་གསུམ་སངས་རྒྱས་འགྱུར་མེད་ཕྱིར། །ཕྱི་ནང་མ་བཙལ་ཡེ་ནས་ཡིན། །དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། །མ་སྡེག་ལཧཱུཾ་སྐེས་སེམཟློ་[143.4]ཅན་དང་། །ཡེ་ཤེས་ལས་བྱུང་སངས་རྒྱས་གཉིས། །ངས་ལུང་བསྟན་པས་ཆོས་སྐུར་གཅིག །མ་བཙལ་ལ་ཟློ་ཆེན་པོ་ཡིན། །བདེ་དང་སྡུག་བསྔལ་འཁོར་འདས་ཆོས། །རྟོགས་དང་མ་རྟོགས་གཉིརྨེ་མེད་སྐྱིར། །ཡུལ་[143.5]དུ་འཛིན་པས་བློ་མེད་པས། །མ་བཙལ་རང་གནས་ཡེ་ཤེས་ཡིན། །དེ་ཡང་འདུས་པའི་སྙིང་པོ་ཉོན། །གཙང་སྨེ་གཞི་ལ་མེད་པའི་ཕྱིར། །བློ་ཡིས་བྱས་པ་ཐམས་ཅད་འཁྲུལ། །མ་བྱས་རྨི་རྦིཅོས།་རང་རྒྱང།་ཐུབས། །ལ་[143.6]བཟླ་བཟང་ངན་མེད་པར་གྱིས། །དེ་ཡང་འདུས་པའི་སྙིང་པོ་ཉོན། །མཐོ་དམན་ཆེ་ཆུང་མ་ལུས་ཀུན། །མན་ངག་ཅན་ལ་ཆེ་ཆུང་མེད། །ཡེ་ཤེས་རང་ལ་གནས་པ་ལ། །མཐོ་དམན་མེད་པར་རྟོགས་ཐྲོར་གྱིཧཱུཾ། །རང་[144][144.1]བྱུང་སྐྱེ་ཤི་མེད་པའི་ཕྱིར། །དུས་གསུམ་གཅིག་པས་ཡེ་ཤེས་སྐུ། །གྲངས་དང་ཚེ་ཚད་བགྲང་དུ་མེད། །དེ་ཕྱིར་མི་འགྱུར་ཡེ་ཤེས་ཡིན། །དེ་ཡང་འདུས་པའི་སྙིང་པོ་ཉོན། །ཡེ་ཤེས་རང་ཤར་ལ་ཟློ་ལ། །གང་ལྟར་སྣང་[144.2]དྲན་ཆོས་ཉིད་ལ། །མ་བཙལ་ཡེ་ཤེས་རང་གནས་ཕྱིར། །བསྒོམ་མི་དགོས་པར་ལ་བཟླའོ། །རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལས། ཡེ་ཤེས་རང་ཤར་དུ་ལ་བཟླ་བའི་ལེའུ་སྟེ་བཅུ་བདུན་[144.3]པའོ།། །།དེ་ནས་ཀུན་རིག་རྒྱལ་པོ་ཡིས། །དད་ལྡན་འདུས་པའི་འཁོར་རྣམས་ལ། །རྟོགས་པའི་འབྲས་བུ་བཀའ་སྩལ་པ། །རྟོགས་པའི་ཡོན་ཏན་དུས་འདིར་ནི། །ལུས་མེད་སྒོ་ལྔའི་རིག་པ་འདི། །སྔར་མ་[144.4]མཐོང་བའི་ཞིང་ཁམས་གསུམ། །ཡེ་ཤེས་མིག་གིས་དུས་གཅིག་མཐོང་། །འཆར་ནུབ་མེད་པའི་ཉི་ཟླ་ཤར། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །མ་བསམ་པ་ཡིས་ལྷག་མཐོང་ལ། །མི་བརྗེད་པ་ཡིས་གཟུངས་ཀྱིས་[144.5]གཟུང་། །མ་ཟོས་བདུད་རྩིའི་རོ་མཆོག་མྱང་། །མ་བསྒྲུབས་པ་ཡིས་འབྲས་བུ་ཐོབ། །མ་བསམས་པ་ཡིས་དོན་གཅིག་འུགྲུབ། །དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། །དེ་ཕྱིར་ངེས་དོན་འདིར་བཅངས་ན། །དུས་འདིར་[144.6]ཆོས་ཉིད་བདེན་པ་མཐོང་། །ཐུན་མོངས་དངོས་གྲུབ་ཅི་བསམས་གྲུབ། །རྗེས་དྲན་ཡོན་ཏན་བར་དོར་འོང་། །དུས་འདིར་སངས་རྒྱས་སྨོས་ཅི་དགོས། །རྫགས་པ་ཆེན་པོ་ཡེ་ཤེས་འཁོར ལ གསང༷་ཐུག༷་གི[145][145.1]རྒྱུད་ལས། འབྲས་བུ་མངོན་དུ་འབྱུང་བར་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཀུན་རིག་ཆོས་རྗེ་ཡིས། །འདུས་པའི་འཁོར་ནི་དད་ལྡན་ལ། །ངེས་དོན་གསང་བའི་རྒྱད་གརྟད་[145.2]པ། །རྒྱུད་འདི་ཐོས་པའི་ཕན་ཡོན་ནི། །དོན་མཐོང་སངས་རྒྱས་ལག་ཏུ་ཐོབ། །ཆོས་སྐུའི་ཡེ་ཤེས་དུས་འདིར་རྟོགས། །ཆོས་རྣམས་རྩ་བ་དུས་གཅིག་ཤེས། །རྒྱུད་འདི་འཛིན་པས་དངོས་གྲུབ་ཐོབ། །ཀུན་ཏུ༄་བཟཇི་་པོ་[145.3]ད་ལྟ་ཡིན། །གང་ཞིག་སངས་རྒྱས་དངོས་འདོད་པ། །རྒྱུད་ཆེན་འདི་ལ་བལྟ་བར་གྱིས། །སངས་རྒྱས་བསྟན་པ་ནུབ་ཀ་སྲ །ང་ཡི་ཆོས་འདི་དུས་དེ་སྲ །མན་ངག་སྙིང་པོ་འབྱུང་ངེས་ཀྱི། །ཕྱི་རབས་རྣལ་འབྱོར་སེམས་[145.4]ལ་ཆོངས། །དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། །ལན་གཅིག་དུས་ཀྱི་དེང་སང་ན། །འདྲ་མིན་བསླུ་ཆོས་དར་བའི་ཚེ། །འཕྱར་འཇིག་ཚོད་ལ་འདི་བསྟན་ན། །འདིར་སྡུག་ཕྱི་མར་དམྱལ་བར་ལྟུང་། །འདུས་པའི་འཁོར་[145.5]རྣམས་ཡང་ཉོན་ཅིག །རང་བྱུང་ཆོས་སྐུ་ཉག་གཅིག་གི། །མན་ངག་འདི་མེད་ལྷ་མི་ཀུན། །ཕྱི་ནང་སྣོད་བཅུད་བཀའ་རྒྱུད་ཆོས། །མཁས་ཀྱང་རྨོངས་པའི་ང་རྒྱལ་གྱིས། །ངེས་དོན་རྒྱུད་ཆེན་དོན་འདི་ལ། །སྒོ་སྐར་[145.6]འདེབས་ཤིང་འཆིང་བར་འགྱུར། །དེ་ཚེ་དུས་ཀྱི་དེང་སང་ན། །འདྲ་མིན་བསླུ་ཆོས་དར་བའི་ཚེ། །ཁ་བསགས་ཅན་གྱིས་ཀུན་བསླུས་ཏེ། །མན་ངག་གསང་བཤད་ཡོད་ཟེར་ནས། །གཞི་འབོལ་ཆགས་ཆུང་ཚུལ་་འཟློས་[146][146.1]ཏེ། །སྣོད་དང་ལྡན་ལ་བསྟན་ཟེར་ནས། །རང་ལ་ངེས་ལུང་ལྡན་པའི་བློ་མེད་པར། །གཞན་གྱིས་མཁས་བཙུན་དག་ལ་ཁུངས་ཕྱུང་སྟེ། །རིན་ཆེན་གསེར་ནི་དཔག་མེད་ངས་ཕུལ་ཞེས། །རྫུན་གྱ་ད ་ཆུང་ར་ར་མདུན་[146.2]བཀྲམ་ནས། །ཁྱོད་ཀྱིས་འབྱོར་ཚད་ཕུལ་ནི་ཟེར་ནས་སླར། །མཁས་པ་ཤེས་རབ་ཅན་ནི་བསླུར་མི་ཚུགས། །དད་ལྡན་བླུན་པོ་ཀུན་ནི་རབ་བསླུས་ཏེ། །ཁ་ཚབ་རྫུན་ཚིག་ཆེན་པོ་སྨྲས་ནས་ཀྱང་། །བསྟན་རྒྱུ་མེད་པར་[146.3]ཕྱི་ནས་བསྟན་ཟེར་ནས། །རང་ལ་གདམ་ངག་མེད་པར་གཞན་ལ་འཚོལ་དུ་འགྲོ། །གཞན་ནས་མ་རྙེད་ཕྱིར་མི་འོང་ཞིང་འཕྱར་ཀ་འོང་། །བརྒྱ་ལ་རྙེད་ན་གཏན་གྱི་ནོར་ཕུལ་ཟེར། །དད་ལྡན་ཀུན་བསླུས་སུས་བསྟན་[146.4]ཆོས་དང་བྲལ། །དད་ལྡན་གཅིག་བསླུས་སེམས་ཅན་བརྒྱ་བསད་པས། །སྡིག་པ་ཤིན་ཏུ་ཆེ་བར་རྒྱལ་བས་གསུངས། །དེ་ཕྱིར་རང་འདོད་བསླུ་བའི་ཆོས་མི་བཤད། །རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་[146.5]བ་ཐུགས་ཀྱི་རྒྱུ་ལས། རྒྱུད་གཏད་ཅིང་གཟུང་བའི་ལེའུ་སྟེ་བཅུ་དགུ་པའོ།། །།རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།