Ngb-pt-0016-vol-01-text
BASIC METADATA | |
---|---|
Title of Text | |
Title on Cover | |
Cover Title San | |
Cover Title San in Tib | |
Cover Title San in Lanydza | |
Title on Spine | |
Margin Title | |
Author of Text | |
Name of Collection (if applicable) | |
PUBLISHING | |
Publisher Name | |
Publisher Place | |
Publisher Date | |
IDs | |
ISBN (if applicable) | |
Library Call-number (if applicable) | |
Other ID number (if applicable) | |
Volume Letter (if applicable) | |
Volume Number (if applicable) | |
Pagination of Text | |
Pages Represented in this file | |
CREATION | |
Name of Agent Creating Etext | |
Date Process Begun | |
Date Process Finished | |
Place of Process | |
Method of Process (OCR, input) | |
PROOFING | |
Name of Proofreader | |
Date Proof Began | |
Date Proof Finished | |
Place of Proof | |
MARKUP | |
Name of Markup-er | |
Date Markup Began | |
Date Markup Finished | |
Place of Markup | |
CONVERSION | |
Name of Converter | |
Date Conversion Began | |
Date Conversion Finished | |
Place of Conversion | |
PROBLEMS | |
Front
Body
[480][480.1]ནམ་མཁའི་སྙིང་པོས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བཛྲ་སཏྭ་ཤ་ཏྭ་ཀྟ་ར་ཨ་སྙི་ཁེ་ཀ་ཏོལྟི་མ་རྭ་ཛ་ཙིལྟི་ཀརྨ་སརྦ་ས་མ་ཡ་ཏནྟྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པ་ཐུགས་ཕྲིན་ལས་ཐམས་[480.2]ཅད་ཀྱི་དམ་ཚིག་གི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་མཆང་ཆེན་པོ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་འོག་མིན་[480.3]གནས་ཀྱི་དང་པོ་རྡོ་རྗེ་དབྱིངས་ན་བཞུགས་ཏེ། དེའི་ཚེ་དེའི་དུས་ན། རྡོ་རྗེ་འཆང་བ་ཡབ་ཡུམ་དང་། རྡོ་རྗེ་སེམས་དཔའ་ལ་སོགས་ཏེ། བྲརྙ་རྡོ་རྗེ་དང་། རིན་ཆེན་རྡོ་རྗེ་དང་པདྨ་རྡོ་རྗེ་དང་། ཀརྨ་རྡོ་རྗེ་དང་། སངས་[480.4]རྒྱས་སྤྱན་ལ་སོགས་ཏེ། འབྱུང་བའི་ཡུམ་ལྔ་དང་། ས་ཡི་སྙིང་པོ་ལ་སོགས་ཏེ། སེམས་དཔའ་བརྒྱད་དང་། ལྭ་པྱ་ལ་སོགས་ཏེ། སེམས་མ་བརྒྱད་དང་། རྣམ་རྒྱལ་ལ་སོགས་ཏེ། སྒོ་བ་བཞི་དང་། ལྕགས་ཀྱུ་ལ་སོགས་[480.5]ཏེ། སྒོ་མ་བཞི་དང་། བརྒྱ་བྱིན་ལ་སོགས་ཏེ། ཐུབ་པ་དྲུག་རྣམས་ཀྱིས་རྡོ་རྗེ་འཆང་ཆེན་པོ་སྟོན་པ་ལ་གཡོན་ཕྱོགས་ནས་བསྐོར་རོ། །བཛྲ་ཁྲག་འཐུང་ལ་སོགས་ཏེ། རིགས་ཀྱི་ཁྲོ་བོ་ལྔ་དང་། བཛྲ་ཀྲོ་དྷི་ལ་སོགས་ཀྲོ་[480.6]་མ་ལྔ་ ང་ ་་རྡི་ལ་སོ ས་ཏེ ་་རྡི་བརྒྱ ་ ང་ སི ་མུ་ཁ་ལ་སོ ས་ཏེ ཕྲ་མེ ་བརྒྱ ་ ང་ ལྕ ས་ ་མ་ལ་སོ ས་ཏེ ངོ་མ་བ ་ ང་ སྲི ་མོ་༄ ་ ་ལ་སོ ས་ཏེ ཡེ་་ས་ཀྱི་ བང་ ་མ་ཉི་ ་[481][481.1]རྩ་བརྒྱད་ཀྱིས་སྟོན་པ་རྡོ་རྗེ་འཆང་ལ་གཡས་རོལ་ནས་བསྐོར་ཏེ་བཞུགས་སོ། །གཞན་ཡང་དཀྱིལ་འཁོར་གྱི་ལྷ་ཚོགས་བསམ་གྱིས་མི་ཁྱབ་པ་ཕུར་པ་པདྨ་བདུད་རྩི་མ་གཤིན་ལ་སོགས་པས་ཡོངས་སུ་[481.2]བསྐོར་རོ། །ཚངས་པ་ལ་སོགས་པའི་ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། ཁྱབ་འཇུག་ལ་སོགས་པས་ཡོངས་སུ་བསྐོར་རོ། །རྡོ་རྗེ་དྲག་མོ་ལ་སོགས་པ་མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པས་བསྐོར་ཏེ། བསྐོར་བ་[481.3]དང་མཆོད་པས་མཆོད་ཅིང་གནས་སོ། །གཙོ་འཁོར་དེ་རྣམས་ཐམས་ཅད་ཀྱང་ཡིན་མིན་སྤང་བླང་མེད་པའི་ཏིང་ངེ་འཛིན་རྡོ་རྗེ་སྙིང་པོ་རྒྱ་ཆད་མེད་པར་གནས་པ་ལ། འཁོར་དེ་དག་གི་ནང་ནས་རྡོ་རྗེ་སེམས་དཔས་ཁྲོ་[481.4]བོ་ཕྱག་ན་རྡོ་རྗེ་མངོན་པར་སྤྲུལ་ཏེ། སྟོན་པ་རྡོ་རྗེ་འཆང་བ་ལ་གཡས་ཕྱོགས་སུ་བསྐོར་བ་ལན་གསུམ་བྱས་ཏེ་ཡན་ལག་ལྔ་ས་ལ་གཏུགས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་སྦྱར་རྡོ་རྗེ་བཟུང་སྟེ།[481.5]རྡོ་རྗེ་འཆང་བ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །རྡོ་རྗེའི་དབྱིངས་ན་ཀུན་བདེ་སྟེ། །ཁམས་གསུམ་འགྲོ་དྲུག་ཀུན་འཁོར་བ། །མཐོང་ལོག་གཟུང་འཛིན་དུག་ལྔ་ཡིས། །ཆགས་སྡང་[481.6]དགེ་སྡིག་ལས་སྤྱོད་ནས། །བདེ་གཤེགས་སྙིང་པོས་ཡོངས་ལ་ཁྱབ། །ཐུགས་རྗེ་ཆེན་པོས་མི་གཟིགས་སམ། །སྔོན་གྱི་ཉིད་ཀྱི་ཐུགས་དམ་ཅི། །དེ་བས་འཁོར་བ་ཐུགས་རྗེས་ཟུང་། །ཞེས་ཞུས་པས། དེ་ནས་སྟོན་པ་རྡོ་[482][482.1]རྗེ་འཆང་དེ་ཏིང་འཛིན་ཡིན་མིན་མེད་སྤང་བླང་མེད་པའི་ཉིད་དེ་ལས་བཞེངས་ཏེ། གླང་པོ་ཆེའི་ལྟ་སྟངས་ཀྱིས་ནི་གཟིགས། སེང་གེའི་སྒྲ་འདི་སྐད་ཅེས་བསྒྲགས་སོ། །ཉོན་ཅིག་རྡོ་རྗེ་དབྱིངས་སོགས་འཁོར། །བཛྲ་བཱ་[482.2]ཁི་རྩེ་གཅིག་གཏོད། །གསང་སྔགས་གསང་བའི་སྙིང་པོ་ཧུ༷། །གསང་བ་སྔགས་ཀྱི་སྤྱི་གཞི་ཡིན། །སྙིང་པོ་དེ་ཡིས་ཀུན་ལ་ཁྱབ། །རྒྱ་ཆད་ཕྱོགས་ལྷུང་ཀ་ནས་མེད། །རྒྱུ་རྐྱེན་མཚུངས་པ་འཁོར་འདས་ཚུལ། །མྱ་ངན་[482.3]འདས་པ་ང་ཉིད་ཀྱིས། །འཁོར་འདས་འགྲོ་བ་སྐལ་ལྡན་ལ། །བརྡ་རྟགས་སྒྲ་དོན་ཐུགས་རྗེས་བཟུང་། །ཞེས་ཞུས་པའི་ལན་གནང་བའོ། །རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པ་ཐུགས་ཕྲིན་ལས་ཐམས་ཅད་དམ་ཚིག་གི་[482.4]རྒྱུད་ལས། ཕུན་སུམ་ཚོགས་པའི་ཞུས་ལན་གྱི་ལེའུ་སྟེ་དང་པོའོ།། །།དེ་ནས་ཕྱག་ན་རྡོ་རྗེ་ཡིས། རྡོ་རྗེ་འཆང་ལ་ཞུ་བ་མེད་པས་འདི་སྐད་ཅེས་གསོལ་ཏོ། །གསང་སྔགས་གསང་བའི་སྙིང་པོ་ལ། །བརྡ་རྟགས་[482.5]སྒྲ་དོན་ཁོག་ཕུབ་ནས། །ཡེ་ཤེས་རང་བྱུང་ཅི་ལྟར་འཆར། །སྡིག་པ་མཚམས་མེད་མི་དགེ་བཅུ། །ཚུལ་ཁྲིམས་དམ་ཚིག་ཇི་ལྟར་ལགས། །ཕྲིན་ལས་ཁ་ཚར་ཇི་ལྟར་བསྒྲུབ། །ཆོས་ཉིད་ལ་རུ་ཇི་ལྟར་བཟླ། །ཞེས་ཞུས་[482.6]པ་དང་། རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཉོན་ཅིག་བཛྲ་བཱ་ཁི་ཁྱོད། །སྙིང་པོ་ལ་ཡང་རྣམ་གསུམ་སྟེ། །སོ་སོའི་རིགས་ཀྱི་སྙིང་པོ་དང་། །སྐུ་གསུང་ཐུགས་སུ་ཐམས་ཅད་འདུས། །དེས་ན་རང་བྱུང་སྙིང་པོ་ཧཱུཾ། །དེ་[483][483.1]དག་དོན་ལ་སྙིང་མེད་དེ། །ཚིག་ལམ་རྐྱེན་གྱིས་མ་མཚོན་ན། །རང་བྱུང་སྙིང་པོའི་དོན་མི་རྟོགས། །མཚོན་བྱེད་བརྡ་དང་ངག་གིས་མཚོན། །ཐམས་ཅད་འདུས་པའི་སྙིང་པོ་ཧཱུཾ། །སྙན་བརྒྱུད་པྲ་ཁྲིད་[483.2]གདམས་ངག་གིས། །ཡོད་མེད་གཉིས་ཀྱི་མཇུག་ཁྲིད་བསྟན། །གསང་སྔགས་སྣང་སྲིད་འཁོར་འདས་ཆོས། །བརྡ་རུ་བསྟན་པས་ཡོད་མེད་ཤེས། །དང་པོ་བརྡ་ཡིས་དེ་མཚོན་པས། །རང་ལུས་ཟག་བཅས་རྟགས་སུ་[483.3]རྫོགས། །ཕྱི་ནང་ཐམས་ཅད་ནང་དུ་སྲིད། །དཀྱིལ་འཁོར་བུམ་པ་སྐུར་རྫོགས་རྟགས། །མིང་བཏགས་རྟོག་འཛིན་སྲོག་གི་གཞི། །བརྡ་བཏགས་གྲོལ་ན་སྲོག་མེད་རྟོགས། །གང་སྣང་མིང་དུ་བཏགས་པ་ཀུན། །ཡི་[483.4]གེར་འདུས་པ་ཚིག་གི་གཞི། །རང་བྱུང་ཧུ༷་གི་བརྡ་ཡིས་བཏགས། །སྒྲ་བཏགས་ཐམས་ཅད་སྙིང་པོ་ཧྭ༷། །རང་ལ་རང་གསང་གསང་བའི་སྒྲ། །རང་གསང་ཐོས་ནས་མིང་མེད་སྒྲོལ། །སྲོག་སྙིང་གཉིས་མེད་རང་བྱུང་[483.5]བས། །ཡུལ་མེད་མིང་བྲལ་དོན་གྱི་མཆོག །ཆོས་མིན་ཆོས་ཉིད་རང་བྱུང་རང་། །དེ་བཞིན་ཉིད་དེ་ཅ་ཡང་མེད། །ལྟ་བ་མཐའ་ཆོད་ཡིན་པ་མེད། །སྒོམ་པ་རང་བྱུང་མིན་པ་མེད། །སྤྱོད་པ་མཉམ་ཉིད་སྤང་བླང་[483.6]མེད། །འབྲས་བུ་རང་ཆས་རེ་དོགས་མེད། །དོན་གྱི་མཆོག་ཅེས་ཁོག་ཏུ་དབུབས། །སྙིང་པོ་ཡེ་ནས་དེ་ལྟར་ཡིན། །གཞི་དང་དངོས་པོའི་དོན་རྟོགས་པས། །ཀུན་གྱི་གཞི་ཡིན་དངོས་རྩལ་སྲིད། །སྲིད་པ་རང་གྲོལ་གཞི་[484][484.1]མ་རང་། །གཞི་ལས་འདས་པས་ཕྱིར་མི་ལྡོག །ཡེ་ཤེས་རང་བྱུང་རང་གྲོལ་ཡིན། །སྐུ་གསུང་ཐུགས་རྗེ་རང་བྱུང་འཆང་། །སྡིག་བཅུའི་བསྲུང་བསྡོམ་བཤགས་ཐབས་དང་། །འཕྲིན་ལས་རིམ་བཞིའི་ལས་ཁ་[484.2]དང་། །ཆོས་ཉིད་ལ་ཟླ་ང་ཡི་བསྟན། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པའི་རྒྱུད་ལས་ཞུས་ལེན་ཁོག་ཕུབ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བཛྲ་བཱ་ཁིས་ཞུས་པ། ཀྱེ་ཀྱེ་སྟོན་པ་རྡོ་[484.3]རྗེ་འཆང་། །འཁོར་འདས་དེ་དོན་ཁྱོད་ཡིན་ན། །འགྲོ་དྲུག་ཁྱད་པར་དགེ་སྡིག་དང་། །ཉམས་དང་ཉམས་པའི་འབྲས་བུ་གང་། །ཞེས་གསོལ་པ་དང་། ཆོས་སྐུ་རྡོ་རྗེས་བཀའ་སྩལ་པ། །ཉོན་ཅིག་ལག་ན་རྡོ་རྗེ་[484.4]ཉོན། །འཁོར་འདས་གསང་བ་སྒྲོལ་མ་སྒྲོལ། །གསང་བའི་སྙིང་པོ་སྤྱི་ལ་ཡིན། །རང་བཞིན་རང་བརྟགས་མྱ་ངན་འདས། །ང་སོགས་མཐར་མཁྱེན་སྐུ་གསུང་ཡིན། །ཡེ་ཤེས་རང་བྱུང་རང་རིག་ཡིན། །རང་བཞིན་མ་[484.5]རིག་ཆགས་སྡང་བས། །རྒྱུ་འབྲས་འཛིན་ཆགས་དུག་ལྔར་འཁོར། །མཐོ་རིས་ངན་སོང་ཕྲ་རགས་ཁྱད། །གཟུང་འཛིན་ལུས་ངག་ཡིད་ཀྱིས་སྡིག །མི་དགེ་བཅུ་དང་མཚམས་མེད་ལྔ། །རིག་དྲུག་ལས་ཀྱི་རྣམ་སྨིན་[484.6]བསགས། །འདོད་ལོག་མ་བྱིན་སྲོག་བཅད་དང་། །མི་ཚངས་སྤྱོད་དང་རྫུན་དང་ནི། །ཕྲ་མ་ངག་འཁྱལ་ལོག་ལྟ་དང་། །བརྣབས་སེམས་གནོད་སེམས་རྣམ་པ་བཅུས། །ཕྲ་རགས་གནས་ཀྱི་ཁྱད་པར་ལས། །དུག་ལྔས་[485][485.1]གཙོ་བྱས་མི་དགེ་བཅུས། །འགྲོ་དྲུག་གནས་ན་སྡུག་བསྔལ་ཉོན་མོངས་སོ། །རང་རང་ལས་དང་ཚེ་ཚད་གཟུགས་བོང་ནི། །ཁམས་གསུམ་སེམས་ཅན་དེ་བཞིན་ནོ། །ལྷོ་ཕྱོགས་འཛམ་གླིང་མི་རིགས་[485.2]ལ། །འགྲོ་དང་ལྟུང་བའི་གླིང་འདི་ཡིན། །སྙིང་པོའི་དོན་ལ་མཇལ་ཞིང་རྟོགས་ནུས་ན། །རིགས་དང་ན་ཚོད་རྒན་གཤོན་མེད། །དབུལ་ཕོངས་ཡིན་ཀྱང་མཆོག་ཏུ་འགྱུར། །སྤྲང་པོས་རྒྱལ་པོའི་སྲིད་ཟིན་འདྲ། །ཐམས་[485.3]ཅད་སྣང་བ་སྙིང་པོར་འགྱུར། །མར་མེ་གཅིག་གི་བྱིན་རླབས་ཀྱིས། །བསྐལ་པའི་མུན་ནག་སེལ་བ་བཞིན། །སྙིང་པོའི་དོན་རིགས་སྐད་ཅིག་མས། །བསྐལ་པར་བསགས་པའི་སྒྲིབ་པ་བྱང་། །ནོར་བུ་རིན་ཆེན་བསྲེལ་[485.4]བའི་མིར། །དབུལ་བའི་འཇིགས་པ་མེད་པ་ལྟར། །མཚམས་མེད་ལྔ་དང་སྡིག་པ་བཅུ། །སྙིང་པོའི་དོན་གོ་སྐད་ཅིག་གིས་ནི་བྱང་། །ལྟུང་གནས་འཁོར་བའི་འཇིགས་པ་མེད། །སྙིང་པོའི་དོན་འདུས་སུས་མཐོང་[485.5]བ། །སྦྱིན་དང་ཚུལ་ཁྲིམས་བརྩོན་འགྲུས་བཟོད། །བསམ་གཏན་སྨོན་ལམ་སྟོབས་དང་ཐབས། ཁེས་རབ་ཡེ་ཤེས་རྣམ་པ་བཅུ། །ས་དང་དགེ་བཅུ་ཕ་རོལ་རྫོགས། །དོན་གསང་སྙིང་པོའི་ཚིག་ཙམ་གྱིས། །ཉན་ཐོས་[485.6]ལ་སོགས་དབུ་མ་དང་། །ཕྱོགས་ལྷའི་ཐེག་པ་ཟིལ་གྱིས་གནོན། །རྒྱུད་ལུང་མན་ངག་སྙིང་པོའི་ཆོས། །སེང་གེའི་སྒྲ་གྲགས་གཞན་འབྲོས་བཞིན། །སྡིག་སྒྲིབ་ཉོན་མོངས་བྱང་བར་ངེས་། །ལུས་ངག་བར་མེད་དང་བར་[486][486.1]གསལ། །སྙིང་པོའི་དོན་ལ་ཡོངས་མེད་པར། །ལུས་ངག་འགྱུ་དྲན་རང་བྱུང་བས། །སྡིག་སྒྲིབ་རང་གྲོལ་ཡེ་ཤེས་རང་། །འགྲོ་བ་ཀུན་ལ་རང་བཞིན་གནས། །དེ་ལ་དེ་བསྟན་དེ་ཡང་ཐོབ། །ཅེས་གསུངས་སོ། །ཡི་གེ་[486.2]བརྒྱ་པའི་རྒྱུད་ལས་སྙིང་པོའི་དོན་རྟོགས་ན་སྡིག་བཅུ་རང་དག་གི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་ལག་ན་རྡོ་རྗེས་གསོལ་པ། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །གསང་བ་གསང་བའི་སྙིང་པོ་ཡིས། །གསང་[486.3]སྔགས་དམ་ཚིག་སྐྱོན་ཡོན་གང་། །དམ་ཚིག་བསྲུང་སྡོམ་བཤགས་ཐབས་ཞུ། །ཞེས་གསོལ་པ་དང་། རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཉོན་ཅིག་བཛྲ་བཱ་ཁི་སོགས། །གསང་སྔགས་གསང་བའི་སྒོར་འཇུག་ན། །སྦྲུལ་[486.4]ནི་སྨྱུག་དོང་ཞུགས་པ་འདྲ། །གསང་སྔགས་གསང་བའི་དོན་སྟོན་ལ། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་བསྲུང་། །ལུས་མིག་སྲོག་ལྟར་བཀུར་བར་[486.5]བྱ། །རྒྱུད་ལུང་ཁོང་ཁྲོལ་སློབ་དཔོན་ལ། །དམ་ཚིག་ལུས་ལ་ཚད་བཙུགས་བཀུར། །དབང་བསྐུར་སྲོག་གི་སློབ་དཔོན་ལ། །དམ་ཚིག་དཔྲལ་གྱི་མིག་ལྟར་བསྲུང་། །མན་ངག་བལྟ་བསྒོམ་སློབ་དཔོན་ལ། །དམ་ཚིག་[486.6]སྲོག་ལྟར་བསྲུང་བ་ཡིན། །ཡིད་དམ་ལྷ་དང་མི་འབྲལ་བསྒོམ། །ལྕམ་དྲལ་ཕྲག་དོག་ངན་སེམས་སྤང་། །ཕ་སྤུན་སྲིང་ལ་དཔྱའ་མི་བྱ། །སྐུ་ཡི་དམ་ཚིག་བསྲུང་སྡོམ་ཡིན། །སྔགས་དང་བླ་མའི་གསུང་མི་བཅག །ཆོས་[487][487.1]༄༅ ལ་མི་བཅོས་སེལ་མི་གཞུག །རྫུན་སོགས་ངག་གི་སྐྱོན་རྣམས་སྤང་། །གསུང་གི་དམ་ཚིག་བསྲུང་སྡོམ་ཡིན། །གསང་བའི་མན་ངག་སྤེལ་མི་བྱ། །དམ་ཚིག་གནོད་སེམས་སེམས་ལ་སྤང་། །གདམས་[487.2]པའི་དོན་ལས་གཞན་མི་བརྣབ། །ཐུགས་ཀྱི་དམ་ཚིག་བསྲུང་སྡོམ་ཡིན། །གཞན་ཡང་ཡན་ལག་ཉི་ཤུ་ལྔ། །ཤེས་པར་བྱ་དང་བསྒྲུབ་པར་བྱ། །ཐོབ་པར་བྱ་དང་དང་དུ་བླངས། །མི་སྤང་དམ་ཚིག་བསྲུང་བ་ཡིན། །ཡན་[487.3]ལག་སྟོང་དང་རྩ་བརྒྱད་ཀྱང་། །དེ་བཞིན་ཤུགས་ལས་བསྲུང་བ་ཡིན། །ལུས་ངག་ཡིད་གསུམ་སྡོམ་པའི་དོན། །དམ་ཚིག་ཡིད་བཞིན་རིན་པོ་ཆེ། །འཁོར་བའི་རྒྱ་མཚོ་སྒྲོལ་བའི་གྲུ། །སྙིང་པོ་གོམས་འདྲེས་རྟོགས་པ་[487.4]ནི། །བསྲུང་སྡོམ་མེད་དང་ཕྱལ་བ་ཡིན། །ཡུལ་མེད་མིང་དང་བྲལ་ཕྱིར་རོ། །དམ་ཚིག་མི་ལྡན་གང་ཟག་ནི། །གསང་སྔགས་བླ་མེད་བསླབ་པའི་ཕྱིར། །བཀའ་བརྒྱུད་དོན་ལ་མཁས་གྱུར་ཀྱང་། །བེ་སྦྲེལ་གཡང་དུ་[487.5]ལྟུང་བ་བཞིན། །བདག་གཞན་གཉིས་ཀ་ན་རཀ་ནས། །དེ་ཉིད་ངན་སོང་རྡོ་རྗེའི་གནས། །དེ་བས་དམ་ཚིག་ཚུལ་བཞིན་བསྲུངས། །རྒྱལ་པོ་བྲམ་ཟེ་གསང་སྔགས་འབྲེལ། །རྒྱལ་པོས་ཕྲག་དོག་བྲམ་ཟེའི་རྔན། །ལྟུང་[487.6]ནས་འཁོར་བའི་སྡུག་བསྔལ་གྱིས། །དམ་ཚིག་སྐྱོན་དུ་གྱུར་པ་ཡིན། །དེ་ལ་མཆོག་གྱུར་ཐུགས་རྗེས་གཟིགས། །བཀའ་འགྲོས་ཐུགས་རྗེས་དྲངས་པ་ཡང་། །དོན་མཆོག་དོང་སྤྲུགས་ཡི་གེ་བརྒྱ་པ་ཡིན། །ཞེས་གསུངས་[488][488.1]སོ། །རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པའི་རྒྱུད་ལས་དམ་ཚིག་རྩ་བ་ཡན་ལག་སྐྱོན་ཡོན་མཚོན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་བཛྲ་བཱ་ཁི་བཞིན་འཛུམ་མུལ་ཏེ་གསོལ་པ། ཀྱེ་ཀྱེ་སྟོན་པ་འགྲོ་བའི་[488.2]མགོན། །བླ་མེད་གསང་སྔགས་དམ་ཉམས་ནས། །ན་རཀ་ངན་སོང་གནས་ལྟུང་བ། །ངན་སོང་དོང་ནས་གང་གི་སྤྲུགས། །ཅེས་ཞུས་པས། ཉོན་ཅིག་གསང་བདག་འཁོར་ཚོགས་ཁྱོད། །མཚམས་མེད་རྩ་བ་ཡན་ལག་[488.3]གིས། །ན་རཀ་ངན་སོང་རྡོ་རྗེའི་གནས། །ཚ་གྲང་ཉེ་འཁོར་རྡོ་རྗེ་དམྱལ་བ་ཡང་། །དོན་མཆོག་དོང་སྤྲུག་བརྒྱ་པས་ཐར། ཁུ་གནས་རྣམ་སྨིན་ཡི་དགས་ཀྱང་། །དོན་མཆོག་དོང་སྤྲུག་བརྒྱ་པས་འདྲེན། །རྐང་མེད་རྐང་[488.4]གཉིས་རྐང་བཞི་དང་། །རྐང་མང་ཁྲག་ཅན་རྣག་ཅན་བྱོལ་སོང་ཡང་། །དོན་མཆོག་དོང་སྤྲུག་བརྒྱ་པས་ཐར། །དོན་མཆོག་སྙིང་པོ་འབྲུ་གཅིག་ལ། །ཡོན་ཏན་ཡིག་འབྲུ་བརྒྱ་ཚན་ལྔ། །རྡོ་རྗེ་སེམས་དཔའ་ལྔ་ཚན་[488.5]ཡིན། །ལྔ་གསུམ་གཅིག་ཏུ་བསྡུས་རྒྱས་ཡིན། །ཐིག་ལེ་ཆེན་པོ་ཡི་གེ་བརྒྱ། །དམ་པ་རིགས་བརྒྱ་གསང་ཆེན་ལྔ། །རིགས་གསུམ་གཅིག་ཏུ་བྱས་པ་ཡིན། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞི་བ་སྐུ་ཡི་དཀྱིལ་[488.6]འཁོར་དང་། །རྒྱས་པ་ཡོན་ཏན་དཀྱིལ་འཁོར་དང་། །དབང་མཆོག་གསུང་གི་དཀྱིལ་འཁོར་དང་། །ཀརྨ་ཕྲིན་ལས་དཀྱིལ་འཁོར་དང་། །ཐུགས་མཆོག་ཐུགས་ཀྱི་དཀྱིལ་འཁོར་དང་། །ལྷ་བརྒྱ་པ་ཡི་དཀྱིལ་འཁོར་[489][489.1]ཡིན། །སྐུ་ཡི་ལྷ་བརྒྱ་ཡིག་འབྲུ་བརྒྱ། །གསུང་གི་ལྷ་བརྒྱ་ཡིག་འབྲུ་བརྒྱ། །ཐུགས་ཀྱི་ལྷ་བརྒྱ་ཡིག་འབྲུ་བརྒྱ། །ཡོན་ཏན་ལྷ་བརྒྱ་ཡིག་འབྲུ་བརྒྱ། །ཕྲིན་ལས་ལྷ་བརྒྱ་ཡིག་འབྲུ་བརྒྱ། །བསྡུ་ན་རྡོ་རྗེ་[489.2]རིགས་ལྔར་བསྡུ། །དེ་ཉིད་སྐུ་གསུང་དོན་གཅིག་འདྲིལ། །འཁོར་ལོ་ལྔ་དང་དཀྱིལ་འཁོར་སྡེབ། །བཤགས་པའི་རྒྱུད་ལྔ་དུག་ལྔ་ཉོན་མོངས་བརྒྱ། །བཤགས་པའི་དབང་པོ་རིགས་ལྔ་བརྒྱ་པའི་ལྷ། །བཤགས་བྱང་[489.3]ཚངས་པའི་ཡི་གེས་ཡུལ་མིང་མེད། །དོན་མཆོག་སྙིང་པོ་ཆོས་མིང་ལྟ་བའི་གདེང་། །གང་སྣང་གྲོགས་སུ་གྱུར་པ་བསྒོམ་པའི་གདེང་། །མཉམ་ཉིད་སྤང་བླང་མེད་པ་སྤྱོད་པའི་གདེང་། །རེ་དོགས་ཕྱི་དུས་མེད་པ་འབྲས་[489.4]བུའི་གདེང་། །ཞེས་གསུངས་སོ། །ཐུགས་མཆོག་ཡི་གེ་བརྒྱ་པའི་རྒྱུད་ལས་བརྒྱ་ཚན་རྒྱས་བསྡུས་བཤགས་བྱང་གི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཛྲ་བཱ་ཁི་ཡིས། །རྡོ་རྗེ་འཆང་ལ་འདི་སྐད་ཞུས། །ཀྱེ་ཀྱེ་རྡོ་རྗེ་[489.5]འཆང་བ་ཆེ། །དེ་ལྟར་ན་རག་དོང་ནས་སྤྲུག །ཐུགས་ཀྱི་དཀྱིལ་འཁོར་བཛྲ་ཡི། །ལྷ་བརྒྱའི་ཡིག་འབྲུ་བརྒྱ་པ་གང་ ། །ཞེས་གསོལ་པས། རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཉོན་ཅིག་བཛྲ་བཱ་ཁི་[489.6]སོགས། །ཐུགས་མཆོག་རྡོ་རྗེ་སེམས་དཔའ་ཡི། །ཐུགས་ཀྱི་སྙིང་པོ་འབྲུ་གཅིག་ལས། །རང་བྱུང་ཡི་གེ་འཕྲོས་པ་བརྒྱ། །རྡོ་རྗེ་སེམས་དཔའ་སེང་གེས་བསྒྲགས། །འཁོར་ཚོགས་ཁྱེད་ཀྱིས་ལེགས་པར་ཟུང་། །ཧཱུཾ་ཧུ༷་[490][490.1]བཛྲ་སཏྭ་ས་མ་ཡ། མ་ནུ་བཱ་ལ་ཡ། བཛྲ་སཏྭ་ཏེ་ནོ་པ་ཏིམོ དྲི་རྙོ་མེ་བྷ་ཝ། སུ་ཏོསྩོ་མེ་བྷ་ཝ། ཨ་ནུ་རསྟོ་མེ་བྷ་ཝ། སུ་པོསྩོ་མེ་བྷ་ཝ། སརྦ་སིརྙི་སྨེ་པྲ་ཡསྣོ སརྦ་ཀརྨ་སུ་ཙ་མེ། །ཙིསྟ༷་ཐྲེ་ཡ༷་ཀུ་རུ་ཧུ༷་ཧུ༷། ཧ་ཧ་ཧ་ཧ་ཧོ།[490.2]བྷ་ག་བཱན། སརྦ་ཏ་ཐུ་ག་ཏ། བཛྲ་མུ་མེ་མུལྒ བརྣི་བྷ་བ། མཧྭ་ས་མ་ཡ། བཛྲ་སཏྭ་ཨ། ཀུན་བཟང་ཡབ་ཡུམ་རིགས་ལྔ་དང་། །ཡུམ་ལྔ་སེམས་དཔའ་སེམས་མ་དང་། །སྒོ་བ་སྒོ་མ་ཐུབ་དྲུག་སོགས། །བཞི་བཅུ་རྩ་[490.3]གཉིས་རྡོ་རྗེ་དབྱིངས། །ཁྲག་འཐུང་ལྔ་དང་ཀྲོ་དྷི་ལྔ། །ཀོ་རི་བརྒྱད་དང་སིདྷ་བརྒྱད། །སྒོ་མ་བཞི་དང་དབང་ཕྱུག་སོགས། །ཁྲོ་བོ་ཁྲོ་མོ་བཅུ་གཉིས་ཏེ། །ལྔ་བཅུ་རྩ་བརྒྱད་རྡོ་རྗེའི་ལྷ། །རྡོ་རྗེ་རིགས་ཀྱི་ལྷ་བརྒྱ་[490.4]ཡིན། །སྐུ་མདོག་ཕྱག་མཚན་རང་རྟགས་འཛིན། །སྦྱོར་བ་དངོས་གཞི་རྗེས་ཀྱིས་བཤད། །དང་པོར་སྨོན་འཇུག་སེམས་བསྐྱེད་ལ། །ཚད་མེད་བཞི་དང་ཏིང་འཛིན་གསུམ། །སེམས་དཔའི་དོན་གསལ་སྤྲོབསྡུ་[490.5]བྱ། །མཆོད་སྦྱངས་དྲེགས་པ་ཚར་བཅད་ལ། །སྲོག་དང་སྙིང་པོའི་དོན་རྟོགས་བྱས། །ཡེ་ཤེས་རང་རིག་རང་བྱུང་གནས། །ཡུལ་མེད་མིང་དང་བྲལ་ན་ཚང་། །མཚན་མ་མེད་དང་སྨོན་པ་མེད། །སྟོང་པ་ཉིད་དང་འཁྲུལ་[490.6]པ་བཟློག །འགྱུས་དྲན་འཛིན་ཆགས་བར་མེད་པས། །རྟག་ཆད་མཐའ་མེད་རང་བྱུང་རང་། །བལྟ་བསྒོམ་དམ་ཚིག་ཡེ་ཤེས་ལ། །དཔའ་བོ་ཆིག་སྒྲུབ་བརྒྱ་རྫོགས་ཡིན། །ཞེས་གསུངས་སོ། །བཛྲ་བརྒྱ་བཤགས་ཀྱི་[491][491.1]རྒྱུད་ལས་རྡོ་རྗེ་སེམས་དཔའ་རིགས་བརྒྱའི་ལེའུ་སྟེ་དྲུག་པའོ།། །།རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཉོན་ཅིག་ལག་ན་རྡོ་རྗེའི་འཁོར། །རྡོ་རྗེ་རིགས་ཀྱི་སྐུར་བསྟན་པ། །རྣམ་པར་སྣང་མཛད་རྡོ་[491.2]རྗེའི་སྐུ། །ལྷ་བརྒྱ་སྲོག་གི་སྙིང་པོ་བརྒྱས། །མ་རིགས་གཏི་མུག་བཤགས་པའི་ཆོས། །ཞི་བར་བྱེད་པའི་བརྒྱ་པ་ནི། །བདག་ཉིད་སྨོན་འཇུག་སེམས་བསྐྱེད་ལ། །སྦྱོར་བའི་དོན་རྫོགས་འཇུག་པ་ནི། །ཏིང་འཛིན་[491.3]གསུམ་ལས་སེམས་དཔའ་གསུམ། །སྤྱི་བོ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་སྔགས་འཁོར་ལོ་ལྟར། །འཁོར་ལོ་པདྨ་རྡོ་རྗེ་དང་། །རིན་ཆེན་རྒྱ་གྲམ་ཞི་རྒྱས་དང་། །དབང་དྲག་རྡོ་རྗེ་སྙིང་པོའི་དབུས། །དཔའ་བོ་[491.4]འབྲུ་ལྔ་དཔའ་མོ་གཡོན། །སྐུ་ལྟར་སྤྲོ་བའི་བརྒྱ་པ་ཡིན། །འཁོར་ལོ་ཕྲེང་སྐོར་ཉི་ཟླའི་སྟེང་། །སངས་རྒྱས་རྣམ་པར་སྣང་མཛད་ཅེས། །སེང་གེའི་སྒྲ་བསྒྲགས་ལེགས་པར་ཟུང་། ཨོ༷་བུདྷ་སཏྭ་ས་མ་ཡ། མ་ནུ་བཱ་ལ་ཡ།[491.5]བུདྷ་སཏྭ་ཏེ་ནོ་པ་ཏིམོ དྲི་རྙོ་མེ་བྷ་ཝ། སུ་ཏོསྩོ་མེ་བྷ་ཝ། ཨ་ནུ་རལྟོ་མེ་བྷ་ཝ། སུ་པོསྩོ་མེ་བྷ་ཝ། སརྦ་སིརྙི་སྨེ་པྲ་ཡསྣོ སརྦ་ཀརྨ་སུ་ཙ་མེ། ཙིལྟི༷་ཤེ་ཡ༷་ཀུ་རུ་ཧུ༷་ཧུ༷། ཧ་ཧ་ཧ་ཧ་ཧོ། བྷ་ག་བཱན། སརྦ་ཏ་ཐུ་ག་ཏ། བུདྷ་མུ་མེ་[491.6]མུལྒ བརྡོ་བྷ་བ། མ་ཧྭ་ས་མ་ཡ། བུརྙ་སཏྭ་ཨ༷༷ །ཨོ༷་ལ་ཤཱསྟི་ཀུ་རུ་གདགས། ཨོ་ཤརྙ་ཀུ་རུ་སྲུ་ཧྭ། །འཁོར་ལོ་སྐུ་སྟེ་རྣམ་སྣང་དབུས། །སྤྱི་གཙུག་ཟླུམ་པོར་རིགས་བརྒྱའི་ལྷ། །ཨོ་ལས་འོད་ཟེར་དཀར་པོ་[492][492.1]འཕྲོས། །མཆོད་སྦྱངས་ཚར་བཅད་སྐུ་ལྟར་བཤགས། །གཏི་མུག་མ་རིག་དག་པར་ངེས། །སྲོག་སྙིང་སྣང་རྟགས་རང་བྱུང་གནས། །ཡུལ་མེད་མིང་བྲལ་ཚངས་པའི་ཚད། །ལུས་ངག་ཡིད་གསུམ་གཅུད་ལ་བོར། །སྲོག་[492.2]དང་སྙིང་པོ་ཨར་ལ་གཏད། །སྣང་བ་ཡོད་མེད་འཁྲུལ་མ་འཁྲུལ། །འཁྲུལ་པ་བདེན་རྫུན་འཁྲུལ་པའི་ཆོད། །མཐོ་དད་ཐག་པར་མི་སྦྲུལ་མེད། །སྒྱུ་མའི་ཆོས་ལ་མཐོང་སྟོབས་མེད། །ཅེས་གསུངས་སོ། །རྡོ་རྗེ་བརྒྱ་[492.3]བཤགས་ཀྱི་རྒྱུད་ལས་སྐུ་ལྟར་བཤགས་པ་ཞི་བའི་ལེའུ་སྟེ་བདུན་པའོ།། །།རྡོ་རྗེ་མཆང་གིས་བཀའ་སྩལ་པ། །ཉོན་ཅིག་ལག་ན་རྡོ་རྗེ་འཁོར་བཅས་ཀུན། །རྡོ་རྗེ་རིགས་ཀྱི་ཡོན་ཏན་ཏེ། །རིན་ཆེན་རྡོ་རྗེ་རྡོ་རྗེའི་[492.4]སྐུ། །ལྷ་བརྒྱ་སྲོག་གི་སྙིང་པོ་བརྒྱས། །ང་རྒྱལ་ཀུན་སློང་བཤགས་པས་ཚངས། །ཚེ་དང་བསོད་ནམས་ལོངས་སྤྱོད་དང་། །ཆོས་དང་ཡེ་ཤེས་སེམས་དང་མཐུ། །སྨན་དང་འབྲུ་དང་བུ་ཚ་དང་། །འཁོར་དང་ཕྱུགས་དང་[492.5]བསམ་པ་ཀུན། །འཕེལ་བར་འགྱུར་ཏེ་ཐེ་ཚོམ་མེད། །སྦྱོར་བ་དངོས་གཞི་རྗེས་གསུམ་བྱ། །བྱམས་དང་སྙིང་རྗེ་སྔོན་བཏང་ལ། །སེམས་དཔའ་གསུམ་གྱི་དོན་ལ་འཇུག །དངོས་གཞི་ཆོས་འཁོར་སྤྲོ་བསྡུ་བྱ། །མཆོད་[492.6]སྦྱངས་དྲེགས་པ་ཚར་བཅད་ཡིན། །རྗེས་སུ་ལའང་རྟོགས་པའི་གདེང་། །དམིགས་པ་མེད་པར་སྒྲོ་འདོགས་བཅད། །རིན་ཆེན་རིན་ཆེན་འབྱུང་ལྡན་ཆེས། །སེང་གེའི་སྒྲ་བསྒྲགས་ལེགས་པར་ཟུང་། །སྭ་རཏྣ་སཏྭ་ས་མ་[493][493.1]ཡ། མ་ནུ་བཱ་ལ་ཡ། རཏྣ་སཏྭ་ཏེ་ནོ་པ་ཏིམོ དྲི་རྙོ་མེ་བྷ་ཝ། སུ་ཏོསྩོ་མེ་བྷ་བ། ཨ་ནུ་རལྟོ་མེ་བྷ་བ། སུ་པོསྩོ་མེ་བྷ་ཝ། སརྦ་སིརྙི་སྨེ་པྲ་ཡསྒྲོ སརྦ་ཀརྨ་སུ་ཙ་མེ། ཙིལྟི༷་ཐྲེ་ཡེ་ཀུ་རུ་ཧཱུཾ༷། ཧ་ཧ་ཧ་ཧ་ཧོ། བྷ་ག་[493.2]བཱན། སརྦ་ཏ་ཐུ་ག་ཏ། རཏྣ་མུ་མེ་མུལྒ རཏྣ་བྷ་བ་མ་ཧྭ་ས་མ་ཡ། རཏྣ་སཏྭ་ཨ། གྲྭ་ལ་སྤྲུརྨྱི་ཀུ་རུ་གདགས། སྣ་ཚུསྐྱི་ཀུ་རུ་སྭ་ཧྭ། །སིདྷི་དོན་གྱི་གདམས་ཐབས་སོ། །རིན་ཆེན་ཀུན་འབྱུང་རིན་ཆེན་དབུས། །ལྟེ་བ་[493.3]གྲུ་བཞིར་རིགས་བརྒྱའི་ལྷ། །གྲྭ་ལས་འོད་ཟེར་སེར་པོ་འཕྲོས། །མཆོད་སྦྱངས་དྲེགས་པ་ཚར་བཅད་དོ། །སིརྙི་བསྡུ་བའི་ཏིང་འཛིན་གསལ། །སྭ་ལ་བརྒྱ་པའི་ཕྲེང་བསྐོར་ཏེ། །གཡས་གཡོན་བསྐོར་བ་ཕོ་མོའི་[493.4]ཚུལ། །ཡོན་ཏན་རིགས་བརྒྱའི་བཤགས་པ་ཡིན། །མཉམ་ཉིད་ཡེ་ཤེས་རང་བྱུང་རིག །ཡུལ་མེད་མིང་བྲལ་ཚངས་པའི་དབང་། །ཡུལ་དུ་བདེན་རྫུན་གཅིག་ལ་ལྟོས། །གཅིག་ལ་མཐོང་སྣང་ཐ་དད་པས། །གཅིག་ཏུ་[493.5]བདེན་པ་གཅིག་ཀྱང་མེད། །མིང་དུ་བདེན་རྫུན་གཅིག་ལ་ཟུང་། །གཅིག་ལ་མིང་དུ་བདེན་པ་མེད། །དེ་ལ་མིང་དུ་ཅི་ལ་འདྲེན། །བདེན་མཉམ་རྫུན་མཉམ་མིང་མེད་ཡིན། །སྣང་མཉམ་སྟོང་མཉམ་ཡུལ་མེད་[493.6]ཡིན། །བཤགས་པའི་དོན་མཆོག་ཚང་བ་ཡིན། །ཞེས་གསུངས་སོ། །རྡོ་རྗེ་བརྒྱ་བཤགས་ལས་ཡོན་ཏན་གྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་བཀའ་སྩལ་པ། །ཉོན་ཅིག་བཛྲ་བཱ་ཁི་སོགས། །རྡོ་རྗེ་རིགས་[494][494.1]ཀྱི་གསུང་མཆོག་ནི། །རྡོ་རྗེ་པདྨ་སྣང་མཐའ་ཡས། །གསུང་མཆོག་སྤྲུལ་སྐུ་གསུང་གི་ལྷ། །ལྷ་བརྒྱ་གསུང་གི་ཡི་གེ་བརྒྱ། །འདོད་ཆགས་སེར་སྣའི་བཤགས་ཚངས་བྱེད། །འཇིག་རྟེན་འདས་དང་འཇིག་རྟེན་[494.2]པ། །འབྱུང་བ་དགྲ་བགེགས་དབང་དུ་གྱུར། །སྦྱོར་བ་དངོས་གཞི་རྗེས་གསུམ་ལས། །སྲོག་དང་སྙིང་པོ་ལ་བཟླའི་ཚད། །སྦྱོར་བའི་དོན་ལ་རྣམ་གཉིས་ཏེ། །སེམས་བསྐྱེད་པ་དང་འཇུག་པ་དང་། །དངོས་གཞི་[494.3]ཆོས་ཉིད་བཤད་པ་དང་། །སྤྲོ་བསྡུ་ཏིང་འཛིན་གསལ་པ་སྟེ། །ཨོ་ལས་བརྒྱ་པའི་ཕྲེང་བསྐོར་ཏེ། །གཡས་གཡོན་འགལ་མེ་གཉིས་བསྐོར་བཞིན། །མཆོད་སྦྱངས་དྲེགས་པ་དབང་དུ་བསྡུ། །རྗེས་སུ་ཤེས་པར་བྱ་བ་[494.4]ཡིན། །སྲོག་སྙིང་ཡུལ་མེད་དམིགས་མེད་དོ། །སྣང་བ་མཐའ་ཡས་མཐའ་ཡས་ཆོས། །གསུང་མཆོག་སེང་གེའི་སྒྲ་བསྒྲགས་གསུང་། །ཨོ༷་པདྨ་སཏྭ་ས་མ་ཡ། མ་ནུ་བཱ་ལ་ཡ། པདྨ་སཏྭ་ཏེ་ནོ་པ་ཏིམོ དྲི་རྙོ་མེ་བྷ་ཝ། སུ་[494.5]རྟསྩོ་མེ་བྷ་བ། ཨ་ནུ་རལྟོ་མེ་བྷ་བ། །སུ་པོསྩོ་མེ་བྷ་བ། སརྦ་སིརྙི་སྨེ་པྲ་ཡསྒོ སརྦ་ཀརྨ་སུ་ཙ་མེ། ཙིརྟི༷་གྲེ་ཡ༷་ཀུ་རུ་ཧྭ༷། ཧ་ཧ་ཧ་ཧ་ཧོ། བྷ་ག་བཱན། སརྦ་ཏ་ཐུ་ག་ཏ། པདྨ་མྱ་མེ་མུལྒ བཛི་བྷ་བ། མ་ཧྭ་ས་མ་ཡ། པདྨ་སཏྭ་[494.6]ཨ། ཨོ་ལ་བ་ཤ༷་ཀུ་རུ་གདགས། །སྣྲི༷༷བ་ཤ༷་ཀུ་རུ་གྲྭ་ཧྭ། དབང་གི་དོན་དུ་གདགས་པ་ཡིན། །པདྨ་ཟླ་གམ་མགྲིན་པའི་སྐོར། །སྣང་མཐའ་དབུས་ལ་རིགས་བརྒྱའི་ལྷ། །ཕོ་མོ་གཉིས་ནི་གཡས་གཡོན་ནོ། །ཨུ་༷ལས་འོད་[495][495.1]ཟེར་དམར་པོ་འཕྲོས། །ཨ་ལས་འོད་འཕྲོས་དམར་པོ་གཙོ། །མཆོད་སྦྱངས་དྲེགས་པ་དབང་དུ་བསྡུས། །དབང་བསྡུའི་ཏིང་འཛིན་ང་རྒྱལ་ལྡན། །སོ་སོའི་དོན་རྟོགས་གཅིག་ཏུ་གྱུར། །འདི་ཡི་དོན་[495.2]རྟོགས་གཅིག་ཀྱང་མེད། ཁྲེས་པས་རང་བྱུང་ཡུལ་མེད་རང་། །སོ་སོར་མ་རིག་གཅིག་པུ་རང་། །ཡུལ་མེད་མིང་བྲལ་ཡེ་ཤེས་ཉིད། །གཅིག་ནི་ཀུན་གྱི་རང་བཞིན་ཡིན། །མ་འདྲེས་རྒྱ་མཚོའི་གཟའ་སྐར་[495.3]འདྲ། །ཞེས་གསུངས་སོ། །བཛྲ་བརྒྱ་པའི་རྒྱུད་ལས་གསུང་གི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་རིགས་ཀྱི་འཁོར། །རྡོ་རྗེ་ཀརྨ་ལས་ཀྱི་སྐུ། །དོན་ཡོད་གྲུབ་པ་དྲག་པོའི་[495.4]ལྷ། །མངོན་པར་བྱང་ཆུབ་བྱ་བ་གྲུབ། །ཕྲིན་ལས་བརྒྱ་པ་ངན་སྔགས་བརྒྱ། །ཁོང་ཁྲོ་ཕྲག་དོག་བཤགས་ཚངས་བྱེད། །བདུད་དང་བར་གཅོད་དགྲ་དང་བགེགས། །དགེ་ལ་བར་གཅོད་གང་བྱེད་ཀུན། །བསད་མནན་[495.5]བསྲེག་དང་བསྐྲད་དང་བཟློག །དྲག་པོའི་ལས་རྣམས་ཐམས་ཅད་འགྲུབ། །སྦྱོར་བ་དངོས་གཞིའི་རྗེས་གསུམ་སྟེ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །སྦྱོར་བའི་དོན་ལ་ཟིན་པར་བྱ། །ང་རྒྱལ་ཁྲོ་མཆོག་སྐུ་[495.6]གསུང་ཐུགས། །སེང་གེའི་ཡིད་ལ་འབྲུག་གི་སྐད། །ཁྲོ་བོའི་ལུས་ལ་མཚོན་ཆའི་ཐོག །དངོས་གཞི་དོན་ལ་ཤེས་པའི་གདེངས། །སྤྲོ་བསྡུས་མཆོད་སྦྱངས་དྲེགས་པ་འདུལ། །ཏིང་འཛིན་གློག་དང་འབྲུག་ལྟར་[496][496.1]སྦྱར། །རྗེས་སུ་ཡུལ་མེད་མིང་བྲལ་ལོ། །གོ་རིམ་བཟློག་དང་ཡིག་འབྲུ་བཟློག །ཁོག་ཏུ་ཚངས་པ་ཁོག་ཏུ་དཀྲུགས། །དོན་ཡོད་གྲུབ་པ་དོན་ཆེན་སྒྲུབ། །ལས་རྣམས་སེང་གེའི་སྒྲ་སྒྲོགས་ཟུང་། བཛྲ་སཏྭ་ཨུ། མ་ཧྭ་[496.2]ས་མ་ཡ། བཛི་བྷ་བ། བཛྲ་མྱ་མེ་མུལྒ སརྦ་ཏ་ཐུ་ག་ཏ། བྷ་ག་བཱན་ཧོ། ཧ་ཧ་ཧ་ཧ། ཧཱུཾ་ཧུ༷། ཙིཉི༷་ཐྲེ་ཡ༷་ཀུ་སྲ སརྦ་ཀརྨ་སུ་ཙ་མེ། སརྦ་སི་རྙི་སྨེ་པྲ་ཡསྣོ སུ་པོསྩོ་མེ་བྷ་བ། ཨ་ནུ་རལྟོ་མེ་བྷ་བ། སུ་ཏོསྩོ་མེ་བྷ་བ། དྲི་རྙོ་མེ་[496.3]བྷ་བ། ཏེ་ནོ་པ་ཏིམོ བཛྲ་སཏྭ། མ་ནུ་བཱ་ལ་ཡ། ཀརྨ་སཏྭ་ས་མ་ཡ། ཧྭ་ཀརྨ་སཏྭ་ས་མ་ཡ། མ་ནུ་བཱ་ལ་ཡ། བཛྲ་སཏྭ་ཏེ་ནོ་པ་ཏིལྒ དྲི་རྙོ་མེ་བྷ་བ། སུ་ཏོཏྲོ་མེ་བྷ་བ། ཨ་ནུ་རལྟོ་མེ་བྷ་བ། སུ་པོསྩོ་མེ་བྷ་བ། སརྦ་སིརྙི་[496.4]སྨེ་པྲ་ཡསྒོ སརྦ་ཀརྨ་སུ་ཙ་མེ། ཙིཀྟ༷་ཐྲེ་ཡེ་ཀུ་རུ་ཧུ༷་ཧུ༷། ཧ་ཧ་ཧ་ཧ་ཧོ། བྷ་ག་བཱན། སརྦ་ཏ་ཐུ་ག་ཏ། བཛྲ་མྱ་མེ་མུལྒ བརྡོ་བྷ་བ་མ་ཧྭ་ས་མ་ཡ། བཛྲ་སཏྭ་ཨ། བསྙེན་པའི་ལས་ལ་བྱའོ། །མ་ས་ཊ་ས་མ་ཡ། མ་ནུ་བཱ་ལ་[496.5]ཡ། ཛྲབ་སཊ། རྨྱེ་ཁོ་པ་ཏིམོ དྲི་རྙོ་ཙབ་ཊ་བ། ཨ་ཎ་རསྟོ་མེ་བྷ་བ། སུ་པོསྩོ་ཙེ་བཊ་བ། སརྦ་སིརྙི་སྩོ་པྲ་ཡསྣྲེསརྦ་ཀ་ཙེ་སུ་མ་ཙེ། ཙིཧཱུཾ་ཁེར་ཡ༷་ཀུ་མྲ རྒྱ༷་རྒྱེ་རྦ། ཊ་ཊ་རྐོ་རྐོ། བཊ་ཁ་བཱན་སརྦ་ཊ་ཐ་ཁ་ཊ། ཛྲ་བ་ཙ་ཙེ་ཙུ་[496.6]རྦ། ཛྲབ་བྷ་བ། ཙ་ཊ་ས་ཙ་ཡ་ས་ཊ་ཨ། འདི་ནི་ལོག་པའི། འདི་དག་རྙེད་ན་བསྡུར་དགོས། ཡི་གེ་བཅུ་པར་སྣང་། གསོད་པའི་ལས་སུ་ཤེས་པར་བྱའོ། །ཧ་ཧ་ཙིལྟི༷་ཐྲེ་ཡ༷་ཀུ་རུ་སརྦ། ཏ་ཐུ་ག་ཏ་ཧུ༷་ཧུ༷། བྷ་ག་བཱན། མ་[497][497.1]ཧྭ་ས་མ་ཡ། མ་ནུ་བཱ་ལ་ཡ། སརྦ་ཀརྨ་སུ་ཙ་མེ། ཏེ་ནོ་པ་ཏིལྒ བཛྲ་མུ་མེ་མུལྒ དྲི་རྙོ་མེ་བྷ་བ། སུ་ཏོསྩོ་མེ་བྷ་བ། ཨ་ནུ་རལྟོ་མེ་བྷ་བ་ཧོ་ཧོ། ཀརྨ་སཏྭ་ས་མ་ཡ། སརྦ་སིརྙི་སྨེ་པྲ་ཡསྣོ བཛྲ་སཏྭ་ཨ། ཧྭ།[497.2]སྒྲུབ་པ་ཆེན་པོ་ལས་ལ་སྦྱར་ཞེས་བྱ། །སྲོག་སྙིང་ལ་ཤན་ཕྱེད་ནས་ལས་རྣམས་ཟིན་ཞེས་བྱ། །ཡུལ་གྱི་སྒྲོ་འདོགས་ཆོད་ན་ལས་སྦྱོར་ཡིན། །བློ་ཕུགས་གཏིང་ནས་གྲོལ་ན་ལས་སྦྱོར་ཡིན། །བག་ཆགས་གཏིང་ཐག་[497.3]ཆོད་ན་ལས་སྦྱོར་ཡིན། །རང་དབང་རང་གི་ཐོབ་ན་ལས་སྦྱོར་ཡིན། །རང་བཞིན་འགྱུར་མེད་མ་འགགས་ལས་རྟོགས་ན། །ལྟ་བ་གྲུབ་མཐའ་ས་ལམ་དགེ་སྡིག་མེད། །ཅེས་གསུངས་སོ། །རྡོ་རྗེ་བརྒྱ་པའི་རྒྱུད་[497.4]ལས་ཕྲིན་ལས་དྲག་པོའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་དག་བཤད་བྱ་ཡིས། །རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཉོན། །ཕྲིན་ལས་དྲག་པོ་འདི་ཡི་མཆོང་། །ངན་སྔགས་བརྒྱ་པ་ང་ཡིས་བསྟན། །བསད་མནན་[497.5]བསྲེགས་པ་བཟློག་པ་དང་། །བྱོལ་སོང་དགུག་དང་ལས་ལ་སྦྱར། །ངན་སྔགས་མཚོན་ཆ་འདི་ལྟར་ཡིན། །མུ་ར་ཡ། མུ་ར་ཡ་རྦད། མྱ་ར་ཡ། མྱ་ར་ཡ་སྟུ༷་བྷ་ཡ་ནན། མྱ་ར་ཡ། མུ་ར་ཡ་ཛ་ལ་ར༷། མྱ་ར་ཡ་ཨུ་ཙ་ཏ་ཡ་[497.6]ཕཊ་ཕཊ། ཡ་མ་ནཱ་ག་བཟློག་རྦད། ཡ་མ་ནཱ་ག་སྙོ་སྙོ་རྦད། རྣལ་མ་གདོང་བཟློག་དཀྲུགས་བཟློག་ལ། ཤམ་བུའི་སྔགས་སུ་གདག་པ་ཡིན། །གསང་གནས་གྲུ་་གསུམ་རྒྱ་གྲམ་གནས། །ཧྭ་ལས་འོད་ཟེར་ལྗང་དམར་[498][498.1]འཕྲོས། །མཆོད་སྦྱངས་དྲེགས་པ་བསད་མནན་བསྲེག །རྗེས་སུ་ཕྲ་རགས་མཆོད་པ་དབུལ། །སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི། །རྒྱལ་བ་རྡུལ་སྙེད་མཉམ་པར་མཆོད། །ཕྲིན་ལས་རིགས་བརྒྱའི་བཤགས་པ་[498.2]ཡིན། །ཁོང་ཁྲོ་ཕྲག་དོག་ལ་སོགས་ཏེ། །དུག་ལྔ་ཆགས་སྡང་བྱང་འདག་ངེས། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས། །ལྷ་གནས་རྣམ་གསུམ་དོང་སྤྲུག་ཡིན། །ཐུགས་ལྟར་བཤགས་པས་ན་རཀ་[498.3]གནས། །ཚ་གྲང་རྡོ་རྗེ་དོང་སྤྲུག་ཡིན། །གསུང་ལྟར་བཤགས་པས་རྒྱུ་རྣམས་སྨིན། །ཡི་དྭགས་རིགས་གསུམ་དོང་སྤྲུག་ཡིན། །སྐུ་ལྟར་བཤགས་པས་མ་ངེས་གནས། །རྐང་རྫོགས་རྣག་ཁྲག་དོང་སྤྲུག་ཡིན། །ཡོན་ཏན་[498.4]ལྟར་བཤགས་གླིང་བཞིའི་མི། །རིགས་བཞི་མི་ཡི་དོང་སྤྲུག་ཡིན། །བྱ་བའི་ལས་གྲུབ་ཡེ་ཤེས་པས། །གཞན་མེད་རང་ཆས་རང་བྱུང་ཤེས། །བྱར་མེད་བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །དོན་གྲུབ་མངོན་པར་བྱང་ཆུབ་[498.5]སྐུ། །རེ་དོག་མེད་པས་ལས་རྣམས་ཟིན། །ཞེས་གསུངས་སོ། །རྡོ་རྗེ་བརྒྱ་པའི་རྒྱུད་ལས་སྔགས་བདག་མཆོང་གི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་ནི་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་རིགས་ཀྱི་[498.6]འཁོར། །དེ་དག་ཞི་རྒྱས་དབང་དྲག་ལས། །ཞི་བའི་ལས་རྣམས་བསྒྲུབ་པ་ནི། །ཉམས་དགའ་ས་དཀར་ཤར་བལྟས་པར། །དཀར་གསུམ་འབྲས་བུ་དཀར་པོའི་ཤིང་། །ཙན་དན་མེ་ཏོག་དཀར་པོ་སོགས། །དུང་དང་[499][499.1]དངུལ་གཞོང་སྣོད་ནང་དུ་། །དཀར་གཏོར་འབྲས་ཆན་བརྒྱན་པ་བཤམ། །མཎྜལ་ཟླུམ་པོ་ཧོམ་ཁུང་ཟླུམ། །ར་བ་བཞི་ཡི་ཚེས་གཅིག་བརྒྱད། །ཏིལ་དཀར་ཀ་ར་མར་བསྲེགས་ན། །ཐམས་ཅད་ཞི་འགྱུར་[499.2]དམྱལ་བར་འགྲོ་རེ་ཀན། ཁྲརྙ་ཀུ་རུ་བརྒྱ་སྔགས་གཤམ། །རིགས་བརྒྱ་བཞི་ཡིས་བསྟོད་བྱས་མཐར། །ལྷག་ཆད་སྤངས་པའི་བརྒྱ་པ་མཆོག །རྒྱས་པའི་ལས་ལ་འཇུག་པ་ན། །གསེར་དངུལ་ཟངས་ལྕགས་རིན་པོ་[499.3]ཆེ། །འབྲུ་སྣ་གཙང་མ་སྣ་ཚོགས་དང་། །བཀྲ་ཤིས་པ་ཡི་རྫས་བརྒྱད་དམ། ཁེང་སེར་མེ་ཏོག་སེར་པོ་དང་། །གསེར་རམ་སེར་པོའི་སྣོད་ནང་དུ། །གཏོར་མ་གྲུ་བཞི་རིན་པོ་ཆེ། །རིན་ཆེན་ལྔ་བདར་ཆན་དང་[499.4]སྨན། །ཉམས་དགའ་ས་སེར་ལྷོར་བལྟས་སར། །མཎྜལ་གྲུ་བཞི་གསེར་མདོག་བྱ། །ཚེས་བརྒྱད་ཉ་ཁར་ལས་རྫོགས་བྱ། །ཉུང་དཀར་ཏིལ་དམར་བསྲེགས་བྱས་ན། །རྒྱས་པའི་ལས་འགྲུབ་ངན་འགྲོར་མི་[499.5]སྐྱེའོ། །དབང་གི་ལས་ལ་འཇུག་པའི་ཚེ། །མི་རྟ་ཁྱི་དང་བ་ལད་ཤ །ཁྲག་སྣ་རྣམ་པ་ཚོགས་ཚད་དང་། །ཙན་དན་དམར་པོ་སེང་ལྡེང་དང་། །མཚལ་དང་གུར་གུམ་དར་དམར་རམ། །ཟངས་སམ་དམར་པོའི་སྣོད་ནང་[499.6]དུ། །དབང་གི་གཏོར་མ་ཟླ་གམ་ཤམ། ཁྲ་ཆེན་ཁྲག་ཆེན་རབ་བརྒྱན་ལ། །མེ་ཏོག་དམར་པོས་བརྒྱན་པར་བྱ། །ཚིལ་ཆེན་སྤོས་ལ་ཙན་དན་གྲོགས། །ཡིད་འོངས་བྲག་རི་དམར་པོ་མྲ །མཎྜལ་ཟླ་གམ་དམར་པོ་[500][500.1]ལ། །ཧོམ་ཁུང་ཟླ་གམ་དབུས་སུ་བྱ། །ཐོད་ཆེན་ལ་སོགས་ཐུན་གྱི་སྣོད། །ནུབ་ཕྱོགས་ཁ་བལྟས་ས་དམར་བྱ། །དམར་པོའི་ཤིང་སོགས་བསྲེག་པའི་རྫས། །མར་ནག་དག་གིས་སྤྱིན་བསྲེག་ཏིལ་དམར་པོ། །དབང་གི་[500.2]ལས་འགྲུབ་དབང་དུ་འགྱུར། །ཡི་དྭགས་གནས་སུ་འགྱུར་རེ་ཀན། །དྲག་པོའི་ལས་ནི་བྱེད་པའི་ཚེ། ཁྲ་ཁྲག་རྣམ་པ་སྣ་ཚོགས་དང་། །དུག་སྣ་ས་སྣ་སྣ་ཚོགས་བསོག །ཕུར་པ་ལ་སོགས་མཚོན་ཀུན་བསོག །སྲིན་པོ་[500.3]ཁྲོས་འདྲ་དྲག་པོའི་རི། །དྲག་པོར་འཇུག་པའི་གནས་མཆོག་ཏུ། །ལྕགས་སམ་ནག་པོའི་སྣོད་ནང་དུ། ཁྲ་ཁྲག་དུག་གི་གཏོར་མ་བཤམ། །དུག་ཤིང་ལ་སོགས་གདུག་པའི་ཤིང་། །གུ་གུལ་ཞུན་མར་ཏིལ་མར་[500.4]བསྲེག །ཨེ་འདྲ་རལ་གྲི་རྒྱ་གྲམ་བསྣམས། །ཉམས་འཇིགས་བྱང་དུ་ཁ་བལྟས་བར། །མཎྜལ་ནག་པོ་གྲུ་གསུམ་བྱ། རྡོ་རྗེ་རྒྱ་གྲམ་གསུམ་གྱི་དབུས། །ཧོམ་ཁུང་གྲུ་གསུམ་ལྟེ་བར་རོ། །དམིགས་པ་གསལ་བྱ་ལིདྷ་[500.5]བསྲེག །གང་ཡིན་དམིགས་པ་ཐེ་ཚོམ་མེད། །དྲག་པོའི་ལས་དེ་འགྲུབ་པར་འགྱུར། །ལྷ་དང་ལྷ་མིན་སྐྱེ་མི་བྱེད། །ཐུགས་མཆོག་ཐུགས་ཀྱི་བསྒྲུབ་པ་ནི། །སྦྱོར་བ་དངོས་གཞི་གཞུང་བསྲང་སྟེ། །སེམས་དཔའ་རྣམ་[500.6]གསུམ་གསལ་བ་ཡིས། །ལུས་ངག་ཡིད་གསུམ་དལ་མི་བྱ། །འགུགས་འདྲེན་ཡེངས་མེད་དལ་མེད་བཟླས། །མཆོད་སྦྱིན་ལས་ཀྱང་ཅི་ནུས་བྱ། །རྗེས་ལ་ལ་བཟླ་དགོས་ཚད་དོ། །ཐུགས་སྒྲུབ་ཐིན་ལས་རྣམ་བཞི་[501][501.1]ལ། །ན་རཀ་དོང་སྤྲུག་གདོན་པར་བྱ། །ཀུན་ཀྱང་དེ་རུ་འདུས་པ་ཡིན། །ལྷ་བརྒྱ་སྔགས་བརྒྱ་བཤགས་པ་ཚང་། །ཞེས་གསུངས་སོ། །རྡོ་རྗེ་བརྒྱ་པའི་རྒྱུད་ལས་ཕྲིན་ལས་བཞིའི་དགོས་པའི་དོན་[501.2]དང་། ཐུགས་སྒྲུབ་དོན་གྱི་བསྡུ་བ་དང་ནང་གི་སྤང་སྐོང་ཀུན་ལ་གཅེས་པར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཛྲ་བཱ་ཁིས་ཞུས་པ། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །ཐུགས་མཆོག་ཡི་གེ་བརྒྱ་པ་[501.3]འདིས། །མཆོད་སྤྱིན་གཏོར་མ་གཏང་བ་དང་། །སྐུ་གདུང་ཚ་ཚ་གདབ་པ་དང་། །རོ་བསྲེག་བདུན་ཚིགས་བྱེད་པ་ཡང་། །རྨོངས་པས་མ་འཚལ་བཤད་དུ་གསོལ། །ཞེས་ཞུས་པས། ཡང་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་[501.4]རིགས་ཀྱི་འཁོར། །མཆོད་སྤྱིན་ལས་ལ་འཇུག་འདོད་ན། །དོན་མཆོག་ཡི་གེ་བརྒྱ་པ་ཡིས། །གཏོར་མའི་ལས་ཀུན་རྫོགས་པ་ལ། །སྦྱོར་བ་དངོས་གཞི་རྗེས་སུ་བསྡུ། །དང་པོ་སེམས་བསྐྱེད་རྣམ་པ་གཉིས། །སྨྲོན་པ་[501.5]དང་ནི་འཇུག་པའོ། །བདག་དང་སེམས་ཅན་བྱང་ཆུབ་སྨོན། །ཕ་རོལ་ཕྱིན་དྲུག་འཇུག་པའོ། །སྦྱོར་བ་ཞེས་པ་ཚིག་ལ་སྦྱར། །ཏིང་འཛིན་རྣམ་གསུམ་ཁོག་ཕུབ་ལ། །རྒྱུ་ཡི་ཡི་གེ་ཧུ༷་དེ་ལས། །བདག་ཉིད་རྡོ་རྗེ་སེམས་[501.6]དཔར་བསྐྱེད། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་པས་རྡོ་རྗེ་གཡོན་པས་དྲིལ། །སེང་གེ་ཉི་ཟླ་པདྨའི་གདན། །བརྐྱང་བསྐུམ་སྐྱིལ་ཀྲུང་གང་གསལ་བསྐྱེད། །དེ་ནི་དམ་ཚིག་སེམས་དཔའ་སྟེ། །དེ་[502][502.1]ཡི་ཐུགས་ཀར་ཉི་ཟླ་པད། །དཀྱིལ་ན་རྡོ་རྗེ་སེམས་དཔའ་ཉིད། །གོང་མ་ཅི་འདྲ་ཚོན་གང་བསྒོམ། །དེ་ནི་ཡེ་ཤེས་སེམས་དཔའ་ལ། །དེ་ཡི་ཐུགས་ཀར་ཉི་ཟླ་པད། །གསེར་གྱི་རྡོ་རྗེ་རྩེ་ལྔ་ནི། །འགྲེང་ལྡབས་བུམ་པའི་[502.2]དཀྱིལ་ན་ཧུ༷། །དེ་ནི་ཡིག་འབྲུའི་ཆ་་ག་ཡིན། །སྒོ་སྲོག་གཉིས་ཀྱི་སྤྲོ་བསྡུ་བྱ། །གཞི་ཡི་ཡི་གེ་འགྱུར་མེད་ལས། །དང་པོ་རྒྱུ་ཡི་སྤྲོ་བསྡུ་ནི། །སྣོད་དང་བཅུད་ཅེས་གྲགས་པའི་དོན། །གཞི་པོའི་ཧཱུཾ་ལས་པ༷་གཅིག་[502.3]འཕྲོས། །པད་མ་འདབ་བརྒྱད་རིན་ཆེན་སྣོད། །མཁའ་དང་མཉམ་པར་དམགས་པའོ། །བཅུད་ནི་དཔའ་བོ་འབྲུ་ལྔས་བསྐྱེད། །གཞི་པོའི་འབྲུ་ནི་འགྲིབ་མེད་པས། །བཛྲ་སཏྭ་ཅེས་པ་བརྒྱས། །སྣོད་བཅུད་ཐམས་ཅད་[502.4]སྦྱངས་པ་ཡིན། །སྲུ་དང་བརྒྱ་པས་སྤེལ་བ་ཡིན། །ཨོ༷་དང་བརྒྱ་པས་མོས་པར་བསྒྱུར། །ཧྭ་སོགས་བརྒྱ་པས་མཆོད་སྦྱིན་བྱེད། །སོ་སོར་ཐོབ་པར་བྱ་བ་ཡིན། །ཧཱུཾ་དང་བརྒྱ་པས་དབང་དུ་བསྡུས། །དབང་བསྒྱུར་ཆེན་[502.5]པོའི་ཏིང་འཛིན་བྱ། །དེ་ལྟར་སྦྱངས་སྤེལ་མོས་བཤགས་ལ། །མགྲོན་རྣམས་རིམ་པར་སྤྱན་དྲངས་ཏེ། །ཧཱུཾ་ལས་ཛ་སྤྲོས་འདི་སྐད་བརྗོད། །རྡོ་རྗེ་འཆང་བ་འདི་སྐད་གཤེགས། །རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །མི་[502.6]འཇིགས་པདྨའི་གདན་ལ་བཞུགས། །རྡོ་རྗེ་འཆང་ལ་མཆོད་པ་འབུལ། །མྱ་ངན་མི་འདའ་འགྲོ་དོན་མཛོད། །གསང་སྔགས་འཁོར་ལོ་བསྐོར་དུ་གསོལ། །ཕྱི་ནང་སྒྲིབ་པ་སྦྱང་དུ་གསོལ། །ཡིད་ལ་སྙིང་པོ་ཐོབ་པར་[503][503.1]སྨོན། །ཡང་དག་སྙིང་པོའི་དོན་རྟོགས་ཤོག །བཛྲ་ས་མ་ཡ་ཞེས་བརྗོད། །མགྲོན་བཞིས་ནམ་མཁའ་ཁེངས་པར་བསམ། །དེ་ནས་མཆོད་སྤྱིན་བཀྱེ་བྱས་ཏེ། །སོ་སོར་ཐོབ་པར་བྱ་བའི་བརྒྱ་པ་ལ། །བ་[503.2]ལིང་ཨི་ད༷་ཁུ་ཧི་གདགས། །དེ་ནས་རང་དོན་དབང་དུ་བྱ། །དེ་ནས་ཚིག་བཅད་བསྡོ་བ་ནི། །ཧུ༷་བྱིན་བརླབས་དམིགས་མེད་གཏོར་མ་ཆེན་པོ་འདི། །སྲི་ཞུ་བླ་མ་རྒྱལ་བ་སྐེབོར་བཅས་དང་། །ཡོན་ཏན་ཕྱི་ནང་ཆོས་སྐྱོང་[503.3]འཁོར་བཅས་དང་། །སྙིང་རྗེ་འགྲོ་དྲུག་གཉོན་མོངས་སེམས་ཅན་དང་། །ལན་ཆགས་བགེགས་རིགས་སྔར་ཆགས་ཐམས་ཅད་ལ། །འདོད་ཡོན་མཆོད་སྤྱིན་གཏོར་མ་འདི་བསྔོས་པས། །མཆོད་མཉེས་ཐུགས་དམ་སྐོང་[503.4]གྱུར་ཅིག །རྐྱེན་བཟློག་སྡུག་བསྔལ་བྱང་ནས་སུ། །ལན་ཆགས་ཕྱི་ནང་སྒྲིབ་པ་དག་གྱུར་ཅིག །ཀུན་གྱིས་ཡང་དག་དོན་རྟོགས་ཤོག །ཅེས་དང་དེ་ནས་ཡང་ནི་བརྒྱ་པ་གདོན། །ལྷ་བརྒྱར་ཕྱག་འཚལ་བཤགས་པ་[503.5]བྱ། །ཞེས་གསུངས་སོ། །རྡོ་རྗེ་བརྒྱ་པའི་རྒྱུད་ལས་མཆོད་སྤྱིན་གྱི་ལེའུ་སྟེ་བཅུ་གསུམ་པའོ།། །།ཡང་སྟོན་པ་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་རིགས་ཀྱི་འཁོར། །མཆོད་རྟེན་སྐུ་གདུང་གདབ་པ་ནི། །སྦྱོར་བའི་[503.6]དོན་དང་དངས་གཞིའི་དོན། །རྗེས་ཀྱི་ལས་ཀྱི་དོན་དང་གསུམ། །སྦྱོར་བ་སྨོན་འཇུག་སེམས་བསྐྱེད་དེ། །ཚད་མེད་བཞི་ལྡན་རྣལ་འབྱོར་པས། །བསྐྱེད་རྫོགས་སྐུ་གདུང་གདབ་པར་བྱ། །འཇུག་པ་ལྷ་སྟེ་སེམས་བསྐྱེད་[504][504.1]དོ། །དངོས་གཞི་ཞེས་པ་ལས་རིམ་སྟེ། །བྱིན་བརླབས་གདབ་དང་ཏིང་འཛིན་ནོ། །བྱིན་བརླབས་ལས་རིམ་འབྱུང་བ་ལྔ། །འཇུག་པའི་ལས་རིམ་བྱ་བ་ཡིན། །ཐིག་དང་ཕུར་པ་གདབ་པ་ཡིན། །ས་རྐོ་བ་དང་བརྡུང་བ་[504.2]དང་། །སྤོས་ཆུས་བྱུག་དང་མནྟྲ་གཞུག །འབི་འབི་བྱ་དང་ན་བཟའ་སྣུམ། །བྱིན་རླབས་སྔོན་འགྲོའི་རིམ་པ་སྟེ། །རྣལ་འབྱོར་པ་ཡིས་ཤེས་པར་བྱ། །གདབ་པའི་ལས་རིམ་གཉིས་སུ་དབྱེ། །འབྱུང་བ་ལྔ་དང་འཇིམ་པ་[504.3]དང། །གང་སྣང་ལམ་དུ་འདེབས་པའོ། །འབྱུང་བ་ལྔ་ལས་ནམ་མཁའ་དག་ལ་གདབ་པ་ནི། །བདག་ཉིད་སེམས་དཔའི་སྐུ་གསལ་བས། །བརྐོས་ཕོར་བྱིན་གྱིས་བརླབས་བྱས་ལ། །གཞི་ཡི་ཡི་གེ་ཉིད་ལས་[504.4]སྤྲོས། །ངག་ཏུ་བརྒྱ་པ་འདོན་གྱིན་གདབ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དམིགས། །མེ་ཆུ་རླུད་ཡང་དེ་བཞིན་གདབ། །འཇིམ་པ་དག་ལ་གདབ་པ་ནི། །འབི་འབི་བརྐོས་ཕོར་ནང་བཅུག་ལ། །ཡིག་འབྲུ་བརྒྱ་པ་[504.5]བརྗོད་གྱིན་དུ །བྷརྨ་ཀྭ་ཡ་ཨ་ཞེས་གདབ། །བཛྲ་སཏྭའི་ལྷ་ནི་བཞུགས། །དཀྱིལ་འཁོར་ཆེན་པོའི་མཆོད་རྟེན་ལ། །ལྷ་བརྒྱ་ལ་སོགས་ཀྱིས་བསྐོར་བར། །བསྐོར་བ་མཆོད་པ་བྱེད་པར་བསམ། །དེ་ཡང་འདི་ལྟར་ཤེས་[504.6]པར་གྱིས། །གདབ་པ་ལ་ཡང་གཉིས་ཡིན་ཏེ། །གསོན་དང་གཤིན་དུ་ཤེས་པར་བྱ། །གསོན་པོ་ལ་ཡང་གཉིས་ཡིན་ཏེ། །བྱང་ཆུང་དོན་དང་རྐྱེན་བཟློག་གཉིས། །བྱང་ཆུབ་དོན་ནི་གོང་ལྟར་ཏེ། །རྐྱེན་བཟློག་ཕྲིན་ལས་[505][505.1]རྣམ་བཞིར་གདབ། །དང་པོ་ཞི་བར་གདབ་པ་སྟེ། །ཞི་བ་་རྙ་རྡོ་རྗེ་དམིགས། །བརྐོས་ཕོར་སྒྱུ༷་གྱིས་བྱིན་བརླབས་ལ། །ཨོ་བུརྙ་སཏྭ་ས་མ་ཡ་ནས་ཨ་ཞེས་བརྒྱ་པའི་སྔགས་བརྗོད་ལ། །ཆེ་གེ་མོ་ཤཱརྙི་ཀུ་[505.2]རུ་གདབས། །མཆོད་རྟེན་དཀར་པོ་ཟླུམ་པོ་ཕྱི། །ནང་དུ་ཞི་མཛད་རྡོ་རྗེ་དཕྱིངས། །འོད་ཟེར་དཀར་པོས་ག་ང་རེག་པ། །ཞི་བར་འགྱུར་ཏེ་ཞི་བར་བྱེད། །རྒྱས་པ་རིན་ཆེན་རྡོ་རྗེར་དམིགས། །བརྐོས་ཕོར་བྷ༷་གྱིས་གྲུ་[505.3]བཞིར་བརླབས། །གྲྭ་རཏྣ་སཏྭ་ཞེས་པ་ནས། །ཨ་ལ་ཐུགས་པའི་རྒྱས་པ་ནས། །ཆེ་གེ་མོ་བྲེརྨྱེ་ཀུ་རུ་གདགས། །མཆོད་རྟེན་གྲུ་བཞི་སེར་པོ་ཕྱི། །ནང་དུ་རྡོ་རྗེ་རྒྱས་མཛད་དབྱིངས། །འོད་ཟེར་སེར་པསི་ཀུན་ལ་[505.4]ཁྱབ། །ཚེ་དང་བསོད་ནམས་དཔལ་རྣམས་རྒྱས། །དབང་ལ་པདྨ་རྡོ་རྗེར་དམིགས། །བརྐོས་ཕོར་ཟླ་གམ་བྱིན་བརླབས་ལ། །ཨུ༷༷པདྨ་སཏྭ་ས་མ་ཡ་ནས། ཨ་ཞེས་ཡི་གེ་བརྒྱ་པ་བརྗོད། །ཧི༷༷པ་ཤང་ཀུ་རུ་[505.5]གདགས། །མཆོད་རྟེན་དམར་པོ་ཟླ་གམ་ཕྱི། །ནང་དུ་དབང་བསྐུར་པདྨ་དབྱིབས། །དམར་པོ་ལྕགས་ཀྱུའི་འོད་ཟེར་གྱིས། །དབང་དུ་བྱ་བ་གང་ཡིན་པ། །མོས་ཤིང་ཐམས་ཅད་དབང་དུ་སྡུད། །དྲག་པོ་དག་གི་ལས་[505.6]བསྒྲུབ་ན། །ཀརྨ་རྡོ་རྗེར་དམིགས་བསམས་ལ། །བརྐོས་ཕོར་༷་གྱིས་ཨེ་རུ་བརླབས། །ཧྭ་ཀརྨ་སཏྭ་ཞེས་པ་ནས། །ཨ་ཞེས་བརྒྱ་པ་རྫོགས་པར་བརྗོད། །ཆེ་གེ་མོ་མྱ་ར་ཡ་ཕཊ་གདགས། །ཧོམ་ཁུང་ནག་པོ་གྲུ་གསུམ་[506][506.1]གྱི། །ནང་དུ་ལས་མཛད་ཁྲོ་བོའི་དབྱིངས། །འོད་ཟེར་ནག་པོ་མེ་མཚོན་གྱིས། །དམིགས་པ་གང་ཡིན་སྒྲོལ་བར་བྱེད། །ཐམས་ཅད་སྒྲོལ་ཏེ་ཐེ་ཚོམ་མེད། །ལས་ནི་གང་བསྒྲུབ་ཐམས་ཅད་ལ། །སྲག་སྙིང་བྲིས་ཤིང་[506.2]ཁོང་པར་གཞུག །དེ་ལྟར་བཏབ་སྟེ་གང་ཡང་འགྲུབ། །ཅེས་གསུངས་སོ། །རྡོ་རྗེ་བརྒྱ་པའི་རྒྱུད་ལས་གསོན་ལྟར་གདབ་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་བཀའ་སྩལ་པ། །ཉོན་ཅིག་འཁོར་ཚོགས་རྡོ་[506.3]རྗེ་ཁྱོད། །ཚེ་འདས་དོན་དུ་གདབ་པ་ནི། །ཐར་ལམ་མཁྱེན་པ་ང་ཡིས་བསྟན། །རུས་པའི་ཕྱེ་མ་ཞིབ་པར་བསྲེ། །དོན་མཆོག་ཡི་གེ་བརྒྱ་པ་ལ། །ཨསྤོ་སུ་ཏྲི་པྲེ་དུ་དྲུག་བཏགས་པའི། །ངན་སོང་སྦྱོང་བའི་སྙིང་[506.4]པོའམ། །ཡང་ན་འདི་བཏགས་གདབ་པ་ཡིན། །ད་ཧ་ད་ཧ་སརྦ་ན་ར་ག་ཀ་ཏེ་ཧེ་དུན་ཧཱུཾ༷་ཕཊ། མ་ཐ་མ་སརྦ་ཏིབྱ་ཀ་ཏེ་ཧེ་དུན་ཧཱུཾ༷་ཕཊ། པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་དུན་ཧཱུཾ༷་ཕཊ། ཞེས་པས། ཆ་འདས་ངན་སོང་[506.5]གནས་ནས་དྲང་། །ཧཱུཾ༷་གིས་བརྐོས་ཕོར་ནང་བསྟིམས་ལ། །ཕཊ། ཀྱིས་རྒྱལ་བའི་དབྱིངས་སུ་འཕང་། །རྒྱུད་དྲུག་ས་བོན་འོད་བསྲེགས་ལ། །སྒྲིབ་སྦྱང་རྡོ་རྗེའི་དབྱིངས་སུ་བསྐྱལ། །ད་ནི་རབ་གནས་ཆ་ག་ཡང་། །དམ་[506.6]ཆག་མཆོད་རྟེན་ཅི་བཏབ་གྲངས། །ཡེ་ཤེས་མཆོད་རྟེན་སྤྱན་དྲང་བསྟིམ། །བདེ་གཤེགས་སྙིང་པོས་སྙན་གསན་དབབ། །གཤེགས་སུ་གསོལ་ཞེས་སྤྱན་དྲངས་ལ། །ས་མྱ་ཛ་ཞེས་བརྗོད་པར་བྱོན། །ཏིང་ངེ་འཇན་གྱས་[507][507.1]བསྟིམ་པར་བྱ། །འཁོར་བ་མ་སྟོངས་བར་དུ་བཞུགས། །རྣམ་དག་སྒྱུ་མའི་ཚིགས་བཤད་བརྗོད། །ཨ་ཏི་པུ་ཧོ་ཞེས་ཕྱག་བཙལ་ལ། །དེ་ནས་མཆོད་པ་རིམ་པར་བྱ། །ཕྱག་ཞབས་བསིལ་ཞིང་དྲི་དང་[507.2]ནི། །མེ་ཏོག་མར་མེ་ཨལྷི་དང་། །ཞལ་ཟས་རོལ་མོ་ཡན་ལག་བདུན། །ཀུན་བཟང་མཆོད་པ་སྤྱི་ཁྱབ་ཡིན། །དེ་ནས་དགོས་བསྟོད་སྨོན་ལམ་གདབ། །ན་རཀ་དོང་སྤྲུགས་གདོན་བྱས་ཏེ། །ཀུན་གྱི་ལས་རྣམས་རྫོགས་[507.3]པ་ཡིན། །ཞེས་གསུངས་སོ། །རྡོ་རྗེ་བརྒྱ་པའི་རྒྱུད་ལས་གཤིན་ལྟར་གདབ་པའི་རབ་གནས་མཆོད་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།ཡང་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་རིགས་ཀྱི་འཁོར། །རོ་བསྲེག་ཕུང་པོ་སྦྱང་[507.4]བ་ནི། །ས་གདོན་མེད་པའི་ས་ཕྱོགས་སུ། །མཎྜལ་འདོམ་གང་མདའ་གང་བྱ། །ཤིན་ཏུ་ཆ་མཉམ་ཆག་ཆག་གདབ། །དབུས་སུ་ཧོམ་ཁུང་བྲུ་བགྱི་སྟེ། །ཕྲིན་ལས་རྣམ་བཞིའི་ཧོམ་ཁུང་ཀུན། །ཡང་གཏིང་གྲུ་གསུམ་དེ་[507.5]སྟེང་ཟླ་གམ་བྱ། །དེ་སྟེང་གྲུ་བཞི་ཡང་ཐོག་ཟླུམ་པོས་བསྐོར། །སོར་བཞི་དཔངས་དང་རྒྱ་རུ་བྱ། །དེ་སྟེང་ཀ་བཞིའི་ཐོག་གི་སྟེང་། །ཤིང་བརྩེགས་ཕྱོགས་བཞིར་སྐར་ཁུང་རེ། །རོ་ཁ་ཤར་དུ་བསྟན་ཏེ་བཞག །ར་་་་་་[507.6]སྙིང་གར་པདྨ་འཁོར་ལོ་བརྒྱ་ལྡན་ལ། །བརྒྱ་རྫོགས་ལྷ་ཡིག་བྲིས་པ་གདགས། །འཁོར་ལོའི་སྟེང་ནས་གཟུངས་སྔག་གདགས། །ལས་ཀྱི་མཁན་པོས་དེ་བཟུང་ལ། །ཏིང་འཇིན་སེམས་དཔའ་གར།་་་་བྱར།་[508][508.1]ནས། །ཐུགས་མཆོག་བརྒྱ་པ་བཟླས་བྱས་ལ། །སྤྲོ་བསྡུ་བྱ་བ་ཤིན་ཏུ་གཅེས། །གཙོ་བོ་དཔའ་བོ་འབྲུ་ལྔ་ལས། །ཡེ་ཤེས་མེ་དཔུང་མེ་ལྕེ་བརྒྱ་དང་བཅས། །མཆོད་སྦྱངས་དྲེགས་པ་ཚར་བཅད་ནས། །རོ་ཉིད་ཕུང་པོ་[508.2]བསྲེག་པར་བྱ། །ཕྱོགས་བཞིའི་སྐར་ཁུང་རེ་ནས་གཟུངས། །རིགས་ལྷ་བརྒྱ་པའི་བཟླས་བརྗོད་བྱ། །སྔོན་འགྲོ་སྦྱོར་བ་དང་པོ་ནས། །དངོས་གཞིའི་ལས་རྣམས་ཀུན་བྱེད་དང་། །རྗེས་ཀྱི་ལས་མཐའ་རྫོགས་པ་ནི། །ན་[508.3]རཀ་དོང་སྤྲུག་ཤེས་པར་བྱ། །དང་པོ་བུམ་ཆུས་རོ་བཀྲུས་ནས། །གཤེད་དང་བྲལ་བ་དགེ་བཅུ་སྟེ། །ཁྲོ་བོ་བཅུ་ལ་ཕྱག་འཚལ་ཡིན། །འགྲོ་དྲུག་གནས་ནས་དྲང་བ་སྟེ། །ཐུབ་པ་དྲུག་ལ་ཕྱག་འཚལ་བྱ། །ས་ལམ་ཕ་[508.4]རོལ་ཕྱིན་བཅུ་སྟེ། །ཁྲོ་མོ་བཅུ་ལ་ཕྱག་འཚལ་ཡིན། །མེ་ལྷ་ཞི་བ་བཞི་བཅུ་གཉིས། །མེ་ལྷ་ཁྲག་འཐུང་ཁྲོ་ཚོགྭས་ཡིན། །དབང་བསྒྱུར་བསྐུར་བ་རང་ཆས་ཡིན། །རིགས་ལྔ་གོ་སེང་སེམས་དཔའ་སེམས་མ་དང་། །ཕྱག་[508.5]འཚལ་ཞི་ཁྲོ་རྩ་བའི་ལྷ། །བརྒྱ་ཚན་ལྔ་བརྗོད་ཆོས་ཀྱི་འཁོར་ལོ་ཡིན། །ཞི་ཁྲོའི་ལྷ་ལ་ཕྱག་འཚལ་བཞི་བསྟོད་སྦྱིན་བསྲེག་ཡིན། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་བཤགས་པ་ཡིན། །མཇུག་ཏུ་སྨོན་ལམ་གདབ་པ་[508.6]རྗེས་ཀྱི་ལས་མཐའ་ཡིན། །གཞན་ཡང་ཁ་སྐོང་ཞི་ཁྲོ་ཡིས། །གོ་རིམ་བྱས་པས་སྐྱོན་མེད་གདུལ་བྱ་ཡིན། །དེ་བཞིན་མེ་ལྷ་སྤྱན་དྲང་ཁ་བསྐང་བྱ། །ཞེས་གསུངས་སོ། །རྡོ་རྗེ་བརྒྱ་པའི་རྒྱུད་ལས་རོ་སྲེག་གི་ལེའུ་སྟེ་བཅུ་[509][509.1]དྲུག་པའོ།། །།དེ་ནས་ཡང་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་རིགས་ཀྱི་འཁོར། །དེ་ནས་ཚེ་འདས་བདུན་ཚིགས་ནི། །ཕུང་པོ་ཤ་ཁྲག་དབུགས་དང་བྲལ་བའི་ཚེ། །ཞག་གསུམ་ཞག་ལྔ་ཞག་བདུན་[509.2]དུ། །རོ་མི་བསྒུལ་བར་ཙེན་ནར་བཞག ཤེས་པ་བརྒྱལ་ཏེ་མི་རྟོག་ཡོད། །ངུ་སྐད་སྤངས་ཏེ་ཆོས་རྣམས་བསྒྲགས། །གྲོགས་དང་སློབ་དཔོན་སློབ་མས་ཆད། །གྲོགས་སུ་གྱུར་པས་ལས་རྣམས་བྱ། །དང་པོར་གཤེད་[509.3]དང་ཕྲལ་བྱ་བ། །ཁྲོ་བཅུ་བརྒྱ་པ་དྲག་པོས་དབྲལ། །ཐུབ་དྲུག་ཨ་དྲི་སུ་ཏྲི་པྲེ་དུ་ཡིས། །འགྲོ་དྲུག་གནས་ནས་དྲངས་པ་ཡིན། །བརྒྱ་པའི་ཞབས་སུ་ཡིག་འབྲུ་རེ། །དེ་ནས་ལམ་བསྟན་ཁྲོ་མོ་བཅུར། །ཕྱག་འཚལ་མཆོད་[509.4]པའི་རིམ་པ་བྱ། །མཆོད་སྤྱིན་བཏང་ཞིང་སྐུ་གདུང་གདབ། །ཡན་ལག་བདུན་པའི་གོ་རིམ་བྱ། །མར་མེ་སྨོན་ལམ་དེ་བཞིན་བྱ། །ཞི་ཁྲེའི་ལྷ་ལ་ཕྱག་འཚལ་སྡིག་པ་བཤགས། །བརྒྱ་པ་བཏོན་ཏེ་མིང་ཡིག་གདག །དེ་[509.5]ལྟར་ཚུལ་བཞིན་བྱས་བསྒྲུབས་ན། །བར་དོའི་གནས་ནི་ཨ་ཅང་ཆེས། །སྐྱེ་གནས་སྦུབས་ནས་ངེས་པར་འདྲོངས། །རབ་ནི་བདུན་ཚོ་དང་པོས་འདྲོངས། །འབྲིང་ནི་བདུན་གསུམ་ཉི་ཤུ་གཅིག །ཐ་མ་བཞི་བཅུ་ཞེ་[509.6]དགུས་འདྲོངས། །དམ་ཚིག་རྩ་བ་གསུམ་དང་ཉི་ཤུ་ལྔ། །ཉམས་པར་གྱུར་ཀྱང་ངེས་པར་འདྲོངས། །མཚམས་མེད་ལྔ་དང་རྩ་བ་བཞི། །དེ་བཞིན་ངེས་པར་འབྱངས་པར་འགྱུར། །མི་དགེ་ཕལ་རྣམས་སྨོས་ཅི་[510][510.1]དགོས། །ཞེས་གསུངས་སོ། །རྡོ་རྗེ་བརྒྱ་པའི་རྒྱུད་ལས། བདུན་ཚིགས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེའི་འཁོར་རྣམས་ཀུན། །ལག་ན་རྡོ་རྗེ་ལེགས་པར་ཟུང་ ང་ཡི[510.2]རྒྱུད་ཀྱི་རྒྱལ་པོ་འདིར། །ཐམས་ཅད་འབྲེལ་ཏེ་རྫོགས་པ་ཡིན། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །ཐམས་ཅད་མ་ལུས་བསྟན་པས་མང་པོ་འདུས། །གཙོ་དང་འཁོར་དུ་བསྟན་པས་དཀྱིལ་འཁོར་ཡིན། །རང་ལ[510.3]རང་ཆས་བསྟན་པས་དབང་ཡང་ཡིན། །རྩ་བ་ཡན་ལག་བསྟན་པས་དམ་ཚིག་ཡིན། །དམ་པ་རིགས་བརྒྱ་བསྟན་པས་ལྷ་ཡང་ཡིན། །འབྲུ་མཆོག་བརྒྱ་པ་བསྟན་པས་སྔགས་ཀྱང་ཡིན། །རྣལ་འབྱོར་ལས་སུ་བསྟན[510.4]པས་རྣལ་འབྱོར་ཡིན། །བརྩོན་འགྲུས་ཡེངས་མེད་བསྟན་པས་བསྙེན་བསྒྲུབ་ཡིན། །མཆོད་བསྟོད་གཉིས་མེད་བསྟན་པས་མཆོད་པ་ཡིན། །ཞི་རྒྱས་དབང་དྲག་བསྟན་པས་ཕྲིན་ལས་ཡིན། །ཡེངས་མེད་རྒྱུན་པ་བསྟན[510.5]པས་བསྒོམ་པ་ཡིན། །ལུས་ངག་ཡིད་གསུམ་སྤྱོད་པས་སྤྲོད་པ་ཡིན། །ཡིན་མིན་ཕྱོགས་དང་བྲལ་བས་ལྟ་བ་ཡིན། །འབྲེལ་དང་མ་ཚང་མེད་པ་དང་། །ཡོངས་སུ་རྫོགས་པས་འབྲས་བུ་ཡིན། །རྒྱུད་ཀྱང་ཡིན་ལ་འབྲེལ[510.6]རྫགས་མཆག །ང་ཡི་ལུང་བསྟན་ཁྱོད་ཀྱིས་ཟུང་། །ལུང་་ཡང་ཡིན་ལ་འཁྱེར་བདེ་མཆོག །ཚེགས་ཆུང་བ་ལ་དོན་ཆེན་བསྟན། །མན་ངག་ཡིན་ཏེ་གནད་ཀྱི་མཆོག །ཐབས་མཆོག་ཐོས་ནས་སྒྲུབ་བྱེད་པ། །སྒྲུབ་ཐབས་[511][511.1]ཡིན་ཏེ་གཟེར་ཀའི་མཆོག །ཅེས་གསུངས་སོ། །རྡོ་རྗེ་བརྒྱ་པའི་རྒྱུད་ལས་རྒྱུད་འབྲེལ་གྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་བཀའ་སྩལ་པ། །ཉོན་ཅིག་བཛྲ་རིགས་ཀྱི་འཁོར། །འཁོར་[511.2]ལོ་ལྔ་ལ་ཡིག་འབྲུ་བརྒྱ། །ལྷ་བརྒྱ་རང་བཞིན་གནས་པ་ཡིན། །སྙིང་ག་ཆོས་ཀྱི་འཁོར་ལོ་ན། །རྩ་འདབ་ཆེན་པོ་བརྒྱད་དུ་གནས། །ཆོས་འབྱུང་ཟླུམ་པོ་སྟོང་དང་དགུ། །སྙིང་དཀྱིལ་ཉི་ཟླ་པདྨའི་སྟེང་། །ཡེ་ཤེས་སེམས་[511.3]དཔའི་ཐུགས་ཀ་ན། །རྡོ་རྗེ་བསླང་བ་འགྲེང་བའི་ཚུལ། །རྡོ་རྗེ་བུམ་དབུས་ཧཱུཾ་དུ་གནས། །སྟོང་པའི་ནང་ན་ཧཱུཾ་དང་བཛྲ་སཏྭའོ། །ཊ་དང་ཨ་ཡང་གནས་པ་ཡིན། །དེ་ནས་ནུ་གཡོན་རྩ་འདབ་ལ། །ས་དང་མ་གཉིས་[511.4]གནས་པ་ཡིན། །དེ་ནས་ནུ་གཡས་རྩ་འདབ་ལ། །ཡ་དང་མ་གཉིས་གནས་པ་ཡིན། །དེ་ནས་རྩ་འདབ་གསུམ་པ་ལ། །ནུ་དང་པ་གཉིས་དེ་བཞིན་ནས། །བཞི་པ་ལ་དང་ཡ་གནས་ཏེ། །ལྔ་པ་བཛྲ་སཏྭ་གཉིས་གནས་[511.5]སོ། །དྲུག་པར་ཏྭ་དང་ཏེ་གཉིས་གནས། །བདུན་པ་ནོ་དང་པ་གཉིས་གནས། །བརྒྱད་པར་ཏི་དང་ཁྱི་གཉིས་གནས། །དེ་ནས་མགྲིན་པར་ལོངས་སྤྱོད་འཁོར་ལོ་ན། །རྩ་འདབ་བཅུ་དྲུག་གནས་པ་ལ། །དང་པོ་རྩ་འདབ་[511.6]དྲེ་རྙོ་གཉིས། །གཉིས་པ་ལ་ནི་མེ་དང་བྷ། །གསུམ་པ་ལ་ནི་བ་དང་སུ། །བཞི་པར་ཏོ་དང་སྩོ་གཉིས། །ལྔ་པ་ལ་ནི་མེ་དང་བྷ། །དྲུག་པ་ལ་ནི་བ་དང་ཨ། །བདུན་པ་ནུ་དང་རཀ་གཉིས་ཡིན། །བརྒྱད་པར་ཏོ་དང་མེ་[512][512.1]གཉིས་གནས། །དགུ་པར་བྷ་དང་བ་གཉིས་གནས། །བཅུ་པར་སུ་དང་པོ་གནས་ཏེ། །བཅུ་གཅིག་པ་ལ་སྩོ་དང་མེ། །བཅུ་གཉིས་པ་ལ་བྷ་གཉིས་ཡིན། །བཅུ་གསུམ་པ་ལ་ས་དང་རྦ། །བཅུ་བཞི་པ་ལ་སིརྙི་སྟེ། །བཅོ་[512.2]ལྔ་པ་ལ་མ་མེ་གཉིས། །བཅུ་དྲུག་པ་ལ་པྲ་དང་ཡ། །སེམས་དཔའ་ཀོ་རྡི་ཡི་གེ་ཡིན། །སྤྱི་བོ་བདེ་ཆེན་འཁོར་ལོ་ལ། །ཡིག་འབྲུ་སུམ་ཅུ་རྩ་གཉིས་པོ། །དེ་ལྟར་ཤུགས་ཀྱིས་གནས་པ་ཡིན། །རྩ་ནས་བཛྲ་སུམ་ཅུ་[512.3]གཉིས། །སྒོ སར། བ། ཀར། མ། སུ། ཙ། མེ། ཙི། སྟི། ཤེ། ཡང་། ཀུ། སྲ ཧུ༷། ཧུ༷། ཧ། ཧ། ཧ། ཧ། ཧོ། བྷ། ག བཱན། སར། བ། ཏ། ཐུ། ག །ཏ། བ། ཛྲ། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ། །རྩ་འདབ་དྲུག་ཅུ་[512.4]རྩ་བཞི་སྟེ། །དྲུག་པོ་ལ་ནི་ཡིག་འབྲུ་རེ། །ཐུབ་པ་དྲུག་ཏུ་གནས་པ་ཡིན། །མྱ། མེ། མུ། ལྒ བཛི། བྷ། གསང་བ་གསང་བའི་འཁོར་ལོ་ནི། །རྩ་ཆེན་བཞི་རུ་འདུས་པ་ཡིས། །སྒོ་བ་བཞི་རུ་གནས་པ་ཡིན། །བ །མ།[512.5]ཧྭ། ས། དེ་ནས་དབང་པོའི་སྒོ་བཞི་སྟེ། །རྣ་བ་མིག་དང་སྣ་ལྕེ་ལ། །སྒོ་མ་བཞི་རུ་གནས་པ་ཡིན། །མ་ཡ་བཛྲ་སཏྭ་ཨ། སྙིང་དཀྱིལ་ཀུན་བཟང་ཡབ་ཡུམ་དོན། །སྙང་ནས་གྱེས་ནས་སྙིང་དུ་འདྲིལ་བའོ། །ཞི་ཁྲོ་གཉིས་[512.6]ཀྱི་མཚོན་པ་ཡང་། །སྙིང་དཀྱིལ་པདྨ་འདབ་བཞི་བརྒྱད། །ཚོགས་དྲུག་ཡན་ལག་ལྔ་པོ་བཞི་བཅུ་གཉིས། །བྲརྙ་ཞེ་གཉིས་པདྨས་མཚོན། །སྙིང་ནི་འཁོར་ལོ་རྩིབས་ཆེན་བརྒྱད། །མགྲིན་པར་གྱེས་ནས་བཅུ་དྲུག་[513][513.1]ལ། །སྤྱི་བོར་འཁོར་ལོ་སུམ་བཅུ་གཉིས། །ལྔ་བཅུ་རྩ་བརྒྱད་འཁོར་ལོས་མཚོནི། །འཁོར་ལོ་ལྔ་གསུམ་རྩ་རླུང་ལས་རྫོགས་ཡིན། །ཞེས་གསུངས་སོ། །རྡོ་རྗེ་བརྒྱ་པའི་རྒྱུད་ལས་བརྒྱ་ཚན་ལུས་ལ་[513.2]རྫོགས་ལུགས་ཀྱི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་བཀའ་སྩལ་པ། །བཛྲ་བཱ་ཁི་ཁྱོད་ཉོན་ཅིག །ཞི་རྒྱས་དབང་དྲག་མཚོན་པ་ཡང་། །འདི་ལྟར་བཅས་ཤིང་བསམ་པར་བྱ། །དང་པོར་ཞི་བའི་[513.3]མཚོན་པ་ནི། །ཟླུམ་པོའི་དཀྱིལ་དུ་རྡོ་རྗེ་ཨོ། །དེ་མཐའ་འཁོར་ལོ་རྩིབས་བཞིའི་ཚུལ། །མཐའ་ནི་མུ་ཁྱུད་ཟླུམ་པོས་བསྐོར། །བུམ་པའི་ཨོ་ལ་བྲརྙ་ས་མ་ཡ་ལ་སོགས། །ཨ་ལ་ག་ས་པའི་ཕྲེང་བསྐོར་ཡིན། །དེ་ཡང་[513.4]ཟླུམ་པོར་རོ། ཁྲམ་བུ་ཨོ་ལ་ཤཱརྙི་གདགས། །ཞི་བའི་ལྷ་དང་མཆོད་རྟེན་ཀུན། །འོད་ཟེར་དཀར་པོ་འཕྲོ་བ་ཡིས། །ཞི་བར་འགྱུར་ཏེ་ཐེ་ཚོམ་མེད། །དེ་ནས་རྒྱས་པའི་མཚོན་བསམ་ཡང་། །རིན་པོ་ཆེ་ཡི་ལྟེ་བ་ལ། །རྡོ་[513.5]རྗེ་དཀྱིལ་གནས་བུམ་པར་སྲུ། །མཐའ་མ་གྲུ་བཞི་ལྟེ་བ་ཡི། །བུམ་པའི་གྲྭ་ལས་འཕྲོས་པ་ནི། །གྲྭ་རཏྣ་ས་མ་ཡ། །ཨུ་ཞེས་ཕྲེང་བས་བསྐོར་དུའོ། །གྲུ་བཞིའི་གྲུ་བཞིར་ལྷམ་པ་སྲ ཁྲམ་བུ་སྭ་ལ་པྲེཁོ་[513.6]གདགས། །རྒྱས་པའི་ལྷ་དང་མཆོད་རྟེན་ཀུན། །འོད་ཟེར་སེར་པོ་འཕྲོས་་པ་ཡིས། །རྒྱས་པར་འགྱུར་ཏེ་ཐེ་ཚོམ་མེད། །དེ་ནས་དབང་གི་མཚོན་བསམ་ཡང་། །པདྨ་འདབ་བརྒྱད་ལྟེ་བ་ལ། །རྡོ་རྗེའི་བུམ་པའི་ལྟེ་བར་[514][514.1]ཨུ༷༷ །མཐར་ནི་ཟླ་གམ་ལམ་པ་ཡིན། །བུམ་པར་ཨ༷༷༷ལས་འཕྲོས་པ་ནི། །ཧི༷༷པདྨ་སཏྭ་ས་མ་ཡུ། །ཨ་ལ་ཐུག་པའི་ཕྲེང་བས་བསྐོར། །ཟླ་གམ་ཟླ་གམ་སྒོར་སྒོར་རོ། ཁྲམ་བུར་སྣྲི་ལ་བ་ཤ༷་གདགས། །དབང་གི་ལྷ་དང་[514.2]མཆོད་རྟེན་ཀུན། །འོད་ཟེར་དམར་པོ་འཕྲོ་བ་ཡིས། །དབང་དུ་འདུས་ཏེ་ཐེ་ཚོམ་མེད། །དྲག་པོའི་མཚོན་བྱེད་བསམ་པ་ཡང་། །ཨེ་བརྩེགས་དབུས་སུ་རྒྱ་གྲམ་ལ། །རྒྱ་གྲམ་ལྟེ་ལ་ཧྭ་གནས་ཏེ། །མཐའ་ནི་གྲུ་གསུམ་[514.3]དྲག་པོར་འཁོར། །བུམ་པའི་ཧྭ་ལས་འཕྲོ་ལུགས་བཞི། །རྣལ་མར་བསྐོར་དང་གོ་རིམ་བཟློག །ཡིག་འབྲུ་བཟློག་དང་འདུག་ས་སྤོ། །གྲུ་གསུམ་ཨེ་རུ་བསྐོར་བ་ཡིན། །ཧྭ་དང་ཀརྨ་སཏྭ་ནི། །ཨ་ཞེས་དྲག་པོས་བཟླས་[514.4]པ་ཡི། །ཤམ་བུར་ནཱ་ར་ཡ་རྦད་རྦུད། །ནན་དང་ར༷་དང་བཟློག་ཕཊ་སྨྱོ། །དྲག་པོའི་སྔགས་ཀུན་གདགས་པར་བྱ། །བརླག་པར་འགྱུར་ཏེ་ཐེ་ཚོམ་མེད། །ཕྲིན་ལས་ལྷ་དང་མཆོད་རྟེན་ཀུན། །གྲུ་གསུམ་ནག་པོ་འཕྲོས་པ་[514.5]ཡིས། །བརླག་པར་འགྱུར་ཏེ་ཐེ་ཚོམ་མེད། །ཅེས་གསུངས་སོ། །རྡོ་རྗེ་བརྒྱ་པའི་རྒྱུད་ལས་ཕྲིན་ལས་བཞིའི་བསམ་པ་དང་། མཚོན་པའི་བྲི་ལུགས་ཀྱི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཡང་བཀའ་སྩལ་པ། ཉོན་[514.6]ཅིག་རྡོ་རྗེ་འཛིན་པ་ཁྱོད། །བསྟན་པ་དུས་ངན་བྱུང་བའི་ཚེ། །མུ་སྟེགས་ནག་པོ་དགྲར་ལངས་སམ། །སྔགས་མཁན་ནང་རྒྱལ་བྱུང་བའམ། །སྲི་ཅན་དྲག་པོ་ལངས་པའམ། །ལྷ་འདྲེ་དྲག་པོ་དང་འགྲས་ན། །དོན་[515][515.1]མཆོག་ཐུགས་སྒྲུབ་བརྒྱ་པ་ཡིས། །ཕྲིན་ལས་རྣམ་བཞི་མཆོད་རྟེན་དང་། །བསྒྲུབ་པ་ཆེན་པོའི་མཆོད་རྟེན་བཞེངས། །དང་པོ་དཔང་གཟུགས་བཤ༷ གས་སྦྱང་ཕྱིར། །ཞི་བའི་མཆོད་རྟེན་ཟླུམ་པོར་[515.2]བཞེངས། །ཆུ་གཏོར་དཀར་གཏོར་གཏོང་ཞིང་བཤགས་པ་ཅི་འགྱུར་བྱ། ཁྲར་གྱི་ཕྱོགས་སུ་བཞུགས་སུ་གསོལ། །ཞི་བར་བྱ་བའི་ལས་ཡིན་པས། །བརྒྱ་པར་ཤརྙི་ཀུ་རུ་གདགས། །ཞག་བདུན་བར་དུ་བཟླས་པར་[515.3]བྱ། །དགྲ་བགེགས་ངན་སྔགས་ཞི་བར་བྱེད། །ཞི་བར་བྱ་བའི་ལས་སུ་བཤད། །དཀར་གསུམ་བཟའ་ཞིང་ཁྲུས་ལ་འབད། །མཎྜལ་བུམ་པ་དཀར་པོ་ལ། །གཟུངས་ཐག་དཀར་པོ་བུམརྫས་དཀར། །དོང་སྤྲུགས་[515.4]བཀླག་ཅིང་ཁྲུས་ལ་འབད། །ཞི་བར་འགྱུར་ཏེ་ཐེ་ཚོམ་མེད། །དེ་ནས་བསོད་ནམས་སྤེལ་བའི་ཕྱིར། །རྒྱས་པའི་མཆོད་རྟེན་གྲུ་བཞི་བཞེངས། །གསེར་སྐྱེམས་གཏོང་ཞིང་གཏོར་མ་གཏང་། །འབྲུ་སྣ་རིན་ཆེན་དར་ཟབ་[515.5]རྫས། །མངར་གསུམ་རྩི་སྨན་སྣ་ཚོགས་བསོག །གསེར་གཡུ་གཉིས་ནི་མགུལ་དུ་གདགས། །བརྒྱ་པར་ཨུ་ཡུ༷༷ཚུཉི་ཀུ་རུ་གྲྭ་ཧྭ། །སརྦ་པུརྒྱ་ཚུརྨྱེ༷་ཀུ་རུ་སྭ་ཧྭ། ཞེས་གདགས། མངར་གསུམ་བཟའ་ཞིང་བུམ་སེར་[515.6]བཀྲུ། །དོང་སྤྲུག་གདོན་ཞིང་སིརྙི་བསྒྲུབ། །ཚེ་དང་བསོད་ནམས་འཕེལ་བ་ཡིན། །མཆོད་རྟེན་ལྷོ་ཡི་ཕྱོགས་སུ་བཞུགས། །རྒྱས་པར་འགྱུར་ངེས་ཐེ་ཚོམ་མེད། །དེ་ནས་དབང་དུ་བསྡུ་བའི་ཕྱིར། །དབང་གི་མཆོད་རྟེན་[516][516.1]ཟླ་གམ་བཞེངས། །སྨན་རག་ཤ་ཆེན་གཏོར་མ་བཤམས། །བརྒྱ་པར་བ་ཤང་ཀུ་རུ་གདགས། །སྙི༔དང་ཡི་གེ་ཤིན་ཏུ་གཅེས། །དགྲ་བགེགས་ངན་སྔགས་དབང་དུ་སྡུད། །ཉ་ནས་ཉི་ཤུ་གཉིས་བསྒྲུབས་ཏེ། །མཎྜལ་ཟླ་[516.2]གམ་བུམ་པ་དམར། །སྲོག་དང་སྲོག་གི་སྙིང་པོས་བསྒྲུབ། །མཆོད་རྟེན་ནུབ་ཕྱོགས་བཞུགས་སུ་གསོལ། །དམིགས་པ་གང་ཡིན་དབང་དུ་འགྱུར་། །ཚར་བཅད་རྩད་ནས་བཅད་པའི་ཕྱིར། །དྲག་པོའི་མཆོད་རྟེན་གྲུ་[516.3]གསུམ་བཞེངས། ཁྲ་ཁྲག་དུག་དང་གཏོར་མ་བཤམས། །མཚོན་ཆ་སྣ་ཚོགས་ལག་ཏུ་བླངས། །བསྐོར་བ་ཕྱི་ལོག་ནང་ལོག་བྱ། །ལིདྷ་ནག་མོའི་ཐག་པའི་གདགས། །དམིགས་རྟེན་འབྲུབ་ཁུང་རྩང་གི་[516.4]བསྐོར། །གྲུ་གསུམ་ནག་པོའི་ནང་དུ་བསད། །མིང་རུས་དམིགས་པའི་རྟེན་ཡང་བླངས། །གཤེར་ཐུན་སྐམ་ཐུན་མཚོན་གྱིས་བྲབ། །བྲབ་བརྡེག་དམིགས་པ་གསལ་བར་བྱ། །གུ་གུལ་རྒྱ་ཚིལ་ཚིལ་ཆེན་བདུག །དུག་[516.5]དང་དུག་ཆུས་བྲན་དང་བྱུགས། །གདུག་པའི་དུག་ཤིང་ཚེར་མ་ཅན། །ཧོམ་ཆེན་བཅས་ལ་བསྲེགས་པ་ཡིན། །ཐོད་པ་ངན་པའི་ནང་དུ་མནན། །བྱང་ཕྱོགས་མཆོད་རྟེན་བཞུགས་སུ་གསོལ། །དམིགས་པས་བརླག་[516.6]སྟེ་ཐེ་ཚོམ་མེད། །རྣལ་བཟློག་དཀྲུགས་དང་ཡིག་འབྲུ་བཟློག །དེ་ཤམ་ཆེ་གེ་མོ་མྱ་ར་ཡ་རྦད། །ནན་དང་རི་དང་རྦད་ལ་སོགས་པ་གདགས། །རྫས་དགུ་སྨྱོ་དང་ཡ་དང་ཕཊ། །དྲག་པོའི་ལས་ཀྱི་རྣོ་ངར་ཡིན། །མིང་[517][517.1]རུས་ཐལ་པ་ལདྷི་ཀུན། །མཆོད་རྟེན་གྲུ་གསུམ་ནག་པོ་ཡི། །འོག་ཏུ་གྲུ་གསུམ་དོང་ནང་མནན། །མཆོད་རྟེན་རབ་གནས་བྱས་པ་ནི། །བདག་ཉིད་སྒྲུབ་པའི་དཀྱིལ་འཁོར་གྱིས། །ཕྱོགས་བཞིར་དཀྱིལ་[517.2]འཁོར་དེ་ལྟར་བཞུགས། །ཞེས་གསུངས་སོ། །རྡོ་རྗེ་བརྒྱ་པའི་རྒྱུད་ལས་ཕྲིན་ལས་མཆོད་རྟེན་བཞིའི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་ཡང་སྟོན་པས་བཀའ་སྩལ་པ། །རྡོ་རྗེ་འཛིན་པ་ལེགས་པར་[517.3]ཟུང་། །མཆོད་རྟེན་ཆེན་པོའི་བཞེངས་ལུགས་ལ། །བསྒྲུབ་གནས་མཐོང་བའི་ས་བླངས་ལ། །འཇིམ་པ་བཟང་པོ་དག་དང་སྦྱར། །གསེར་དངུལ་ཟངས་ལྕགས་སྨན་རྣམས་བླུག །དཀར་གསུམ་བ་ཡི་ཆུ་ཡིས་སྤྲུ། །དང་[517.4]པོ་བུམ་པའི་འཇིམ་པ་བྱ། །ཤར་ལྷོ་ནུབ་བྱང་ས་བཞི་བླང་། །ཁ་དོག་བཞི་བཞིའི་ས་དང་སྤོལ། །འཇིམ་པ་བཟང་པོ་དག་དང་སྦྱར། །ཕྱོགས་བཞི་མགུར་ཆུ་བང་རིམ་ས། །བ་ཆུ་སྤོས་ཆུས་སྦྱར་བར་བྱ། །མི་བསད་ཡུལ་[517.5]བཀྱེས་ཕུང་ཤུལ་ས། །ནག་པོ་རེ་བའི་ནང་བླངས་ལ། །ཁྲག་སྣ་དུག་སྣ་པོད་ཆུས་སྤྲུ། །རྨང་དང་འབྲུབ་ཁུང་རྒྱུ་ཡིན་ནོ། །མཆོད་རྟེན་བང་རིམ་བཞི་པ་བཞེངས། །བུམ་པ་མགུར་ཆུ་བྲེ་ཕུལ་ལྡན། །འཁོར་ལོ་གདུགས་[517.6]དང་བྱ་རུ་ཏོག །དར་ཕྱང་དྲིལ་བུ་མེ་ལོང་ཀུན། ་༑ག་ཤོག་དག་ལ་བྱ་བ་ཡིན། །མཆོད་རྟེན་ན་བཟའ་འདི་ལྟར་གསོལ། །རིན་ཆེན་པྲེ་ཕུལ་མཐིང་གར་གསོལ། །བུམ་པ་མགུར་ཆུ་དཀར་པོར་བྱ། ཁྲར་ཕྱོགས་བང་[518][518.1]རིམ་དེ་བཞིན་དཀར། །ལྷོ་ཕྱོགས་སེར་ལ་ནུབ་ཕྱོགས་དམར། །བྱང་ཕྱོགས་བང་རིམ་ལྗང་གུར་གསོལ། །རྨང་ནི་གདུག་བྱེད་ནག་པོར་གསོལ། །འཁོར་ལོ་བཅུ་གསུམ་རྫོགས་པར་བྱ། །ཏོག་ནི་ནོར་བུ་རིན་ཆེན་[518.2]བྱ། །གདུགས་གཉིས་ཐབས་དང་ཤེས་རབ་ཚུལ། །དར་འཕྱང་ཐུགས་རྗེ་ཆེན་པོ་ཡིན། །སྲོག་ཤིང་དཔག་བསམ་ཤིང་བླ་ཡིན། །མཆོད་རྟེན་ཕྱོགས་བཞིར་རྒྱག་པར་བྱ། །བུམ་པ་ལྟོ་བ་ཟླུམ་པོར་བྱ། །རས་སམ་གྲོ་ག་[518.3]ཤིང་ཤུན་ནམ། ་༑ག་ཤོག་དག་ལ་བརྒྱ་པ་བྲི། །རང་གི་མིང་རུས་ཀུན་ཀྱང་བྲི། །བསྟེན་བསྒྲུབས་འགོ་བའི་ལྷ་ཡང་བྲི། །བུམ་པ་སྲོག་ཤིང་སྙིང་ལ་གདགས། །སྙིང་པོ་ལྔ་དང་སྨན་ལྔ་དང་། །འབྲུ་ལྔ་དྲི་ལྔ་རིན་ཆེན་[518.4]ལྔ། །དར་ཟབ་རས་ཀྱིས་གཏུམས་ལ་གཞུག །དེ་ནས་བང་རིམ་བཞིའི་ནང་དུ། །ལྷ་སྲིན་སྡེ་བརྒྱད་སྲོག་སྙིང་གཟུགས། །བྲིས་ལ་བང་རིམ་བཞི་པར་རོ། །དེ་ནས་རྨིང་དང་འབྲུབ་ཁུང་དུ། །གང་ཡིན་དམིགས་པའི་ལིདྷ་[518.5]ལ། །ནག་མོ་ནག་པོའི་ཐག་པས་དཀྲིས། །ལིདྷ་མིང་དང་བཅས་པ་ཡང་། །འབྲུ་ནག་ས་སྦྱིན་དུག་ཁྲག་གཟུགས་དང་སྦྱར། །ཐོད་པ་ནག་པོའི་ནང་འོག་ཏུ། །ཚོན་སྐུད་སྣ་ལྔས་བཅིངས་ལ་བཞག །རྒྱ་གྲམ་འཁོར་ལོས་[518.6]ཁ་ནས་བཅད། །དེ་ནས་སྒྲུབ་པོ་བདག་ཉིད་ཀྱིས། །མཆོད་རྟེན་རབ་གནས་དབང་བསྐུར་བྱ། །བརྒྱ་པའི་སྔགས་དང་རྟེན་འབྲེལ་སྡེབ། །བརྒྱ་ཕྲག་བདུན་གསུམ་རྟེན་འབྲེལ་བཅས། །རབ་ཏུ་གནས་པ་རྒྱས་པར་[519][519.1]བྱ། །བརྒྱ་པ་རྟེན་འབྲེལ་གཉིས་གཤམ་ལ། །ཀྭ་ཡ་དྷརྨ་ཨོ༷་ཞེས་བརྗོད། །མཆོད་རྟེན་ཆོས་ཀྱི་སྐུར་དམིགས་ལ། །སྐུ་ཡི་དབང་བསྐུར་རབ་གནས་ཡིན། །བརྒྱ་པ་དང་ནི་རྟེན་འབྲེལ་ཤམ་ཉིད་[519.2]དུ། །སྙི༷༷ལྭཀ་དྷརྨ་ཨུ༷༷ཞེས་བརྗོད། །མཆོད་རྟེན་ཆོས་སྒྲ་སྒྲོགས་པར་དམིགས། །གསུང་གི་དབང་བསྐུར་རབ་གནས་ཡིན། །བརྒྱ་དང་རྟེན་འབྲེལ་དེར་འཇུག་ལ། །ཧུ༷་ཙིལྟི་དྷརྨ་བཛྲ་ཧུ༷་ཞེས་བརྗོད། །མཆོད་རྟེན་ཡེ་ཤེས་[519.3]ལྔ་ལྡན་དམིགས། །ཐུགས་ཀྱི་དབང་བསྐུར་རབ་གནས་ཡིན། །བདེ་གཤེགས་ཐུགས་དང་སྐུ་གསུང་གནས། །དབང་བསྐུར་རབ་གནས་རྫོགས་པ་ཡིན། །ཀྭ་ཡ་ལྭ་ཀ་ཙིལྟི་ཏིཁྲི་བཛྲ་ཞེས་བརྗོད། །འཁོར་བ་མ་སྟོངས་[519.4]བར་ལ་བཞུགས་པར་བསམ། །མཆོད་རྟེན་སྐུ་གཟུགས་ཀུན་ལ་དེ་བཞིན་སྦྱར། །ཡི་དམ་ནར་མ་མ་ཆག་པར། །ཐུགས་མཆོག་ཡི་གེ་བརྒྱ་པ་བཟླས། །ཞི་བའི་དུས་སུ་ཞི་བ་ལྟར། །རྒྱས་པའི་དུས་སུ་རྒྱས་པ་[519.5]དང་། །དབང་གི་དུས་སུ་དབང་ལྟར་དང་། །དྲག་པོའི་དུས་སུ་དྲག་པོ་ལྟར་དུ་བཟླའ། །ཞི་བར་ནམ་ཕྱེད་ཆུ་དང་སྦྱར། །རྒྱས་པ་ཉི་མའི་དཀྱིལ་འཁོར་ལྟར། །དབང་ནི་ཆུ་རླབས་རླུང་འཚུབ་སྦྱར། །དྲག་པོའི་དུས་སུ་[519.6]འབྲུག་གློག་ཐོག་ལྟར་བཟླས། །ན་རཀ་དོང་སྤྲུག་ཉིད་ལ་བརྩོན་པར་བྱའོ། །ཚ་ཚ་ཆུ་གཏོར་དེ་བཞིན་ནོ། །སྲིའུ་གསོན་གཙུག་ཏོར་རྣམ་བཞི་སྒྲོགས། །མུ་སྟེགས་སྔགས་པ་ནག་པོ་དང་། །སྲི་དང་ལྷ་འདྲེས་ཚུགས་རེ་[520][520.1]ཀན། །ཞེས་གསུངས་སོ། །རྡོ་རྗེ་བརྒྱ་པའི་རྒྱུད་ལས་བསྒྲུབ་པ་ཆེན་པོ་མཆོད་རྟེན་ལས་རྫོགས་ཀྱི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་ཡང་བཀའ་སྩལ་པ། རྡོ་རྗེ་འཛིན་པའི་འཁོར་ཐམས་ཅད་ཉོན་ཅིག །དེ་[520.2]དག་ཐམས་ཅད་ལ་ཟློས་ཤིག །རོ་དང་ཕྲོལ་ཅིག་རང་མེད་དོ། །ཞེས་གསུངས་པས་འཁོར་རྣམས་ཕན་ཚུན་བལྟས་ཏེ་བརྒྱལ་བར་འགྱུར་ཏེ། །དེ་ནས་ལག་ན་རྡོ་རྗེ་ལངས་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་[520.3]རྡོ་རྗེ་འཆང་། །དངོས་ཅག་གིས་བསྐྱེད་རྫོགས་སྤྲོས་བསྡུ་ལ་ཟློས་ཤིག །རོ་དང་ཕྲོལ་ཅིག །རང་མེད་དོ། །ཞེས་གསུངས་པ་མ་རྟོགས་སོ། །བཀའ་སྩལ་ཐུགས་རྗེས་ཟུང་ཞིག་ཞུ་འཚལ་ལོ་ཞེས་ཞུས་པ་དང་། བཀའ་[520.4]སྩལ་པ། ལག་ན་རྡོ་རྗེ་འཁོར་རྣམས་སློངས་ཤིག །གསང་སྔགས་ཀྱི་དེ་ཁོ་ན་ཉིད་མ་ཤེས་ན་ལྷ་གནས་གསུམ་དང་ལོངས་སྐུ་མཐོང་མི་སྲིད་དོ་ཞེས་གསུངས་པ་དང་། དེ་ནས་ལག་ན་རྡོ་རྗེས། ཀྱེ་ཀྱེ་འཁོར་རྣམས་[520.5]ལངས་ལ་ཤོག །གདོད་སྟོན་པ་ལ་དོན་ཞུ་བ་ཞུ་ཡིས། །མ་ཞུས་པར་དཔའ་བའི་སེམས་ཀྱི་ཉོན། གུས་པས་ཐུད་ཅིག་ཅེས་སྨྲས་པས་འདུས་པ་བརྒྱལ་བ་སངས་པ་དང་། རྡོ་རྗེ་ཆོས་སྐུས་གསོལ་བ། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་[520.6]འཆང་། །གསང་སྔགས་ཀྱི་དེ་ཁོ་ན་ཉིད་གསུངས་འཚལ་ཞེས་ཞུཁོ་པས། ཡང་སྟོན་པས་བཀའ་སྩལ་པ། འཁོར་རྣམས་མ་སྐྲག་པར་ཉོན་ཅིག །གསང་སྔགས་ཀྱི་དེ་ཁོ་ན་ཉིད་ནི་ཅི་ཡང་མ་ཡིན་ནོ། །ཀྱེ་གསང་བའི་རྡོ་[521][521.1]རྗེ་ཅིའི་ཕྱིར་ཅི་ཡང་མ་ཡིན་ཞེ་ན། ཉོན་ཅིག་ཆོས་གང་ལ་ཡང་འདི་ཡིན་འདི་མིན་མེད་པའི་ཕྱིར་ཏེ། ཆོས་གཅིག་གཏན་ལ་ཕོབ་དང་། ཡིན་པར་ཡང་མེད་ལ། མིན་པ་ཡང་མེད་པའོ། །དེ་ཡང་སྤང་བ་[521.2]ཡང་མེད། བླང་པ་ཡང་མེད། རེ་བ་ཡང་མེད། དོག་པ་ཡང་མེད་དེ་མེད་པའོ། །ཞེས་གསུངས་པས། འཁོར་རྣམས་ངུས་ཏེ་འགྲེ་ལྡོག་གིན། ཀྱི་ཧུད་ཀྱི་ཧུད་བདག་ཅག་གིས་བསྐལ་པ་ནས་བསྐལ་པར་དེ་མ་མཐོང་བས་[521.3]སྟོན་པ་ཉིད་ཐུགས་རྗེ་དང་བྲལ་བའོ། །ཞེས་ཞུས་པས། རྡོ་རྗེ་འཆང་གིས་བཀའ་སྩལ་པ། །རྡོ་རྗེའི་རིགས་ཀྱིས་ལེགས་པར་ཉོན་ཅིག །ང་ནི་ཡིན་མིན་མེད་པའི་ཕྱིར། །སྤང་བླང་རེ་དོགས་མེད་པར་བཤད་དོ། །ཁྱེད་[521.4]རྣམས་ཀྱིས་རང་གིས་རང་མ་ཤེས་སོ། །ངས་ཀྱང་བསྐལ་པ་ནས་བསྐལ་པར་མ་ཤེས་སོ། །དེ་ལྟར་དུ་རིག་པས་ང་ཡང་མྱ་ངན་ལས་འདས་པ་ཡིན་ནོ། །རྡོ་རྗེ་འཛིན་སོགས་ལེགས་ཟུངས་ཤིག །ང་ཡི་ལྟ་བ་ཡིན་པ་[521.5]མེད། །ཕྱོགས་ལྷུང་རྒྱ་ཆད་མེད་པའི་ཕྱིར། །ཕྱོགས་ལྟ་འདོར་བ་ལྟ་བའི་སྲོག །ཕྱོགས་དང་ཕྲོལ་ཅིག་མེད་པ་ཡིན། །བག་ཆགས་རོ་ལ་ཅི་ཡིན་ལྟོས། །ལྟ་བ་མེད་དོ་མེད་པ་ཡིན། །ཁྱེད་རྟོགས་ལྟ་བ་དེ་ལྟར་ཡིན། །དེ་[521.6]རྟོགས་སྒོམ་པ་མིན་པ་མེད། །གང་སྣང་གྲོགས་སུ་རོ་མཉམ་ཕྱིར། །དེ་ཤར་སྤྱོད་པ་ཡིན་མིན་མེད། །སྤང་བྱ་བླང་བྱ་ཡུལ་མེད་ཕྱིར། །དེ་མཐོང་བ་ལ་རེ་དོགས་མེད། །གཞན་ལ་ལྷོས་པའི་ཆོས་མེད་ཕྱིར། །དེ་ལ་ལྟ་[522][522.1]བའི་ཡུལ་མི་སྲིད། །མེད་དང་གཅིག་པུ་ཕྱལ་བ་ཡིན། །ཡུལ་མེད་མིང་དང་བྲལ་བའི་ཕྱིར། །དེ་ལ་བྱ་རྩོལ་ཅི་ལ་སྲིད། །རང་བྱུང་ཡུལ་སྣང་མེད་པའི་ཕྱིར། །ཡུལ་མེད་སྲོག་གཅོད་དགེ་སྡིག་མེད། །མིང་མེད་བདེན་[522.2]རྫུན་སྒྲོ་འདོགས་ཆོད། །ཅེས་གསུངས་སོ། །ཡང་བཀའ་སྩལ་པ། དེ་ནི་གསང་སྔགས་ཞེས་བྱ་གཞི་ཞེས་བྱ། མཉམ་པ་ཉིད་ཅེས་བྱ། ཆོས་ཀྱི་སྐུ་ཞེས་བྱ། རྟོགས་པའི་ལྟ་བ་ཞེས་བྱ། ཆོས་ཉིད་ཅེས་བྱ། ཆོས་རྣམས་ཀྱི་[522.3]དེ་བཞིན་ཉིད་ཅེས་བྱ། དགོངས་པ་ཞེས་བྱ། སྤྱིས་ཆོས་ཀྱི་དབྱིངས་ཞེས་བྱ། གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱའོ། །ཡེ་ཤེས་ཡེ་ཤེས་ཡིན་ནོ། །ཅིའི་ཕྱིར་རང་བྱུང་དུ་ཤེས་པ་དང་། རང་རིག་པས་ཀྱང་ཤེས་[522.4]སོ། །ལྷག་པར་དེ་ཁོ་ན་ཉིད་རྟོགས་པས་ཡེ་ཤེས་ཞེས་བྱའོ། །གསང་སྔགས་རང་གི་དགོངས་པ་ནི། ཡུལ་མེད་མིང་དང་བྲལ་བ་ཡིན། །རང་བྱུང་ཡེ་ཤེས་དགོངས་ཚད་ཡིན། །རང་རིག་ཡེ་ཤེས་དགོངས་ཚད་[522.5]ཡིན། །ལྷག་མཐོང་ཡེ་ཤེས་དགོངས་ཚད་ཡིན། །ཞེས་གསུངས་སོ། །རྡོ་རྗེ་བརྒྱ་པའི་རྒྱུད་ལས་ལ་བཟླ་དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་ཉེར་གསུམ་པའོ།། །།ཡང་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་རིགས་ཀྱི་[522.6]འཁོར། །སྲོག་དང་སྙིང་པོ་གསང་སྔགས་བསྟན། །གང་སྣང་བ་ཡི་ཆོས་ཀུན་ལ། །མཚན་མར་སྣང་བས་སྲོག་ཅེས་བྱ། །ཅིའི་ཕྱིར་འཛིན་པས་བཟུང་བའི་ཕྱིར། །སྲོག་གི་ངོ་བོར་འཛིན་པ་ཡིན། །ངེས་ཚིག་འདུས་[523][523.1]བྱས་མི་རྟག་པ། །དབྱེ་བ་དབུགས་ཅན་དབུགས་མེད་སྲོག །དཔེ་ནི་ར་ཤིང་འདུས་པས་བསྟན། །གང་སྣང་བ་ཡི་ཡུལ་དེ་ལ། །མིང་བཏགས་འབོད་པས་སྙིང་པོ་ཡིན། །ཅི་ཕྱིར་དེ་ལ་ཉེས་འཛུགས་[523.2]ཕྱིར། །དེས་ན་བཏགས་པ་མེད་ན་གང་ལ་གཟུང་། །སྣང་བ་དེ་ལ་མིང་གིས་འབོད། །དེས་ན་སྲོག་རང་སྙིང་པོ་ཡིན། །སྲོག་ནི་གཟུགས་ཏེ་སྙིང་པོ་མིང་། །གཟུགས་ནས་བཟུང་ལ་སྙིང་པོར་ཕོད། །སྲོག་ཀྱང་མེད་ལ་[523.3]སྙིང་པོ་མེད། །དཔེར་ན་འབྱུང་བ་ཆུ་ལྷ་བུ། །གཅིག་ལ་ཀུན་ཏུ་སྣང་བས་མཚོན། །དེས་ན་དེ་ལྟར་བདེན་པ་མེད། །དེས་ན་དེ་ལ་མེད་པ་གང་། །དཔེར་ན་ཆོས་ཅན་བུམ་པ་ལ། །ཡིན་མིན་གཉིས་ཀའི་ཆོས་ཅན་[523.4]མེད། །འོ་ན་ཆོས་ཅན་གཅིག་པོ་དེ། །གཟུགས་ཀྱིས་ཡིན་ནམ་མིང་གིས་ཡིན། །མདོག་གིས་ཡིན་ནམ་བསམ་པས་ཡིན། །འདུས་པས་ཡིན་ནམ་འབྲལ་བས་ཡིན། །མཚོན་པས་ཡིན་ནམ་ལས་ཀྱིས་ཡིན། །རྡོ་རྗེ་[523.5]འཛིན་པ་སྤོབས་པ་སྐྱེད། །ལག་ན་རྡོ་རྗེ་ལན་གསོལ་པ། །ཀུན་གྱིས་ཡིན་ཏེ་ཀུན་གྱིས་མིན། །ཡིན་པ་མིན་པས་མིན་པ་མེད། །མ་སྤངས་མ་བླངས་མཉམ་པ་མེད། །རང་ཡིན་རེ་དོགས་མེད་པར་ཁུམས། །ལེགས་སོ་[523.6]ལེགས་སོ་རྡོ་རྗེ་འཛིན། །གསང་སྔགས་བླ་མེད་དེ་བཞིན་ཉིད། །ཁོ་ན་ཉིད་ནི་དེ་ལྟར་རོ། །ཡེ་ནས་ཡིན་ཤེས་ཡི་ཤེས་ཡིན། །ཞེས་གསུངས་སོ། །རྡོ་རྗེ་བརྒྱ་པའི་རྒྱུད་ལས་ཆོས་ཅན་རོ་མཉམ་ལ་བཟླ་དེ་ཁོ་ན་ཉིད་ཀྱི་[524][524.1]ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་ལག་ན་རྡོ་རྗེས་གསོལ་པ། །ཀྱེ་ཀྱེ་སྟོན་པ་ཐུགས་མཆོག་གཙོ། །རྡོ་རྗེ་རིགས་ཀྱི་བརྒྱ་པ་དེ་ལྟར་ན། །དེ་བཞིན་གཤེགས་དང་རིན་ཆེན་རིགས། །པདྨའི་རིགས་དང་ལས་ཀྱི་[524.2]རིགས། །འབྲུ་མཆོག་བརྒྱ་ལྡན་བསྟན་དུ་གསོལ། །ཞེས་གསོལ་པས། ཐུགས་མཆོག་རྡོ་རྗེས་བཀའ་སྩལ་པ། །ང་ཡིས་གཙོ་བྱས་རྡོ་རྗེའི་རིགས། །བརྒྱ་པ་དེ་ལྟར་གོང་བསྟན་པས། །རྡོ་རྗེ་རིགས་ཀྱི་ལྷ་བསྟན་[524.3]ཡིན། །མཚན་ཉིད་འ༷ཛིན་པ་དབུས་གནས་ཏེ། །རེ་རེ་ལ་ཡང་བཞི་བཞིས་བསྐོར། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །དཀྱིལ་འཁོར་དཀྱིལ་འཁོར་བྱ་བ་ཡིན། །ཉོན་ཅིག་རྡོ་རྗེ་འཛིན་པས་ཟུང་། །རྣམ་པར་སྣང་[524.4]མཛད་བརྒྱ་པ་ནི། །ཨོ་བུདྷ་སཏྭ་ས་མ་ཡ། མ་ནུ་བཱ་ལ་ཡ། བུདྷ་སཏྭ་ཏེ་ནོ་པ་ཏིམོ དྲེ་རྙོ་མེ་བྷ་བ། སུ་ཏོསྩོ་མེ་བྷ་བ། ཨ་ནུ་རལྟོ་མེ་བྷ་བ། སུ་པོསྩོ་མེ་བྷ་ཝ། སརྦ་སིརྙི་སྨེ་པྲ་ཡསྒོ སརྦ་ཀརྨ་སུ་ཙ་མེ། ཀྭ་ཡ་གྲེཡ༷ཀུ་རུ་ཧུ༷།[524.5]ཧ་ཧ་ཧ་ཧ་ཧོ། བྷ་ག་ལྷན། སརྦ་ཏ་ཐུ་ག་ཏ། བུདྷ་མྱ་མེ་མུལྒ བུདྷ་བྷ་ག་མ་ཧྭ་ས་མ་ཡ། བུརྙ་སཏྭ་ཨ། སྐུ་ཡི་བརྒྱ་པ་དེ་ལྟར་ཡིན། །གསུང་ནི་སྣང་བ་མཐའ་ཡས་ཡིན། །ཨོ༷་པདྨ་སཏྭ་ས་མ་ཡ། མ་ནུ་བཱ་ལ་ཡ། ལྭཀ་སཏྭ་[524.6]ཏེ་ནོ་པ་ཏིཁྱི། དྲི་རྙོ་མེ་བྷ་བ། སུ་ཏོསྩོ་མེ་བྷ་བ། ཨ་ནུ་རལྟོ་མེ་བྷ་བ། སུ་པོསྩོ་མེ་བྷ་བ། སརྦ་སིརྙི་སྨེ་པྲ་ཡསྒོ སརྦ་ཀརྨ་སུ་ཙ་མེ། ལྷཀ་ཐྲེ། ཡ༷་ཀུ་རུ་ཨུ༷་ཧ་ཧ་ཧ་ཧ་ཧོ། བྷ་ག་བཱན། སརྦ་ཏ་ཐུ་ག་ཏ། ལྷཀ་མྱ་མེ་མུལྒ ལྷ་[525][525.1]ཀབྷ་བ། མ་ཧྭ་ས་མ་ཡ། ལྷུཀླཏྭ་ཨ། །གསུང་གི་བརྒྱ་པ་དེ་ལྟར་ཡིན། །ཡོན་ཏན་རིན་ཆེན་འབྱུང་ལྡན་ཡིན། །སྲུ་རཏྣ་སཏྭ་ས་མ་ཡ། མ་ནུ་བཱ་ལ་ཡ། རཏྣ་སཏྭ་ཏེ་ནོ་པ་ཏིཁྲི། དྲི་རྙོ་མེ་བྷ་བ། སུ་ཏོསྩོ་མེ་བྷ་[525.2]བ། ཨ་ནུ་རལྟོ་མེ་བྷ་བ། སུ་པོསྩོ་མེ་བྷ་བ། སརྦ་སིརྙི་སྨེ་པྲ་ཡསྣོ སརྦ་ཀརྨ་སུ་ཙ་མེ། རཏྣ་གྲེ་ཡེ་ཀུ་རུ་གྲྭ། ཧ་ཧ་ཧ་ཧ་ཧོ། བྷ་ག་ལྷན། སརྦ་ཏ་ཐུ་ག་ཏ། རཏྣ་མ་མེ་མུལྒ རཏྣ་བྷ་བ། མ་ཧྭ་ས་མ་ཡ། རཏྣ་སཏྭ་ཨ། དེ་ནི་[525.3]ཡོན་ཏན་བརྒྱ་པ་ལགས། །ཕྲིན་ལས་དོན་ཡོད་གྲུབ་པ་ཆེ། །ཧྭ་ཀརྨ་སཏྭ་ས་མ་ཡ། མ་ནུ་བཱ་ལ་ཡ། ཀརྨ་སཏྭ་ཏེ་ནོ་པ་ཏིཁྲི། དྲི་རྙོ་མེ་བྷ་བ། སུ་ཏོསྩོ་མེ་བྷ་བ། ཨ་ནུ་རལྟོ་མེ་བྷ་བ། སུ་པོསྩོ་མེ་བྷ་བ། སརྦ་སིརྙི་སྨེ་པྲ་ཡསྒོ[525.4]སརྦ་ཀརྨ་སུ་ཙ་མེ། ཀརྨ་ཐྲེ་ཡ༷་ཀུ་རུ་ཧུ༷། ཧ་ཧ་ཧ་ཧ་ཧོ། བྷ་ག་བཱན། སརྦ་ཏ་ཐུ་ག་ཏ། ཀརྨ་མྱ་མེ་མུལྒ ཀརྨ་བྷ་བ། མ་ཧྭ་ས་མ་ཡ། ཀརྨ་སཏྭ་ཨུ། དོན་ཡོད་ཡི་གེ་བརྒྱ་པ་ཡིན། །སྐུ་ཡི་བརྒྱ་པས་གཏི་མུག་[525.5]བཤགས། །གསུང་གི་བརྒྱ་པས་འདོད་ཆགས་བཤགས། །ཡོན་ཏན་བརྒྱ་པས་ང་རྒྱལ་བཤགས། །ཕྲིན་ལས་ཁོང་ཁྲོ་ཕྲག་དོག་བཤགས། །ཐུགས་མཆོག་ཞེ་སྡང་གཙོ་བྱས་བཤགས། །ཞེས་གསུངས་སོ། །རྡོ་རྗེ་བརྒྱ་[525.6]པའི་རྒྱུད་ལས་རིགས་ལྔ་བརྒྱ་ཚན་གྱི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་ཕྱག་ན་རྡོ་རྗེ་ཡིས། །རྡོ་རྗེ་འཆང་ལ་འདི་སྐད་གསོལ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །དེ་ལྟར་ལྷ་བརྒྱའི་དོན་གསུངས་ན། །ཉམས་སྒྲིབ་[526][526.1]བཤགས་པར་བྱེད་པའི་ཚེ། །ལྷ་ལ་མཆོད་པ་ཇི་ལྟར་དབུལ། །ཉམས་དང་སྡིག་སྒྲིབ་ཇི་ལྟར་བཤགས། །ཞེས་གསོལ་པས། སྟོན་པ་རྡོ་རྗེས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་འཛིན་པ་ཆེ། །དེ་ལྟར་མཆོད་བཤགས་བྱ་[526.2]བ་ནི། །ཉའམ་སྟོང་ངམ་ཚེས་བརྒྱད་ལ། །དུས་བཟང་གཟའ་དང་རྒྱུ་སྐར་འཛོམ། །པདྨ་བརྒྱ་ལྡན་དཀྱིལ་འཁོར་བཞེངས། །ཡང་ན་མཎྜལ་ཚོམ་བུ་བྱ། །གཏོར་མ་ཆེན་པོ་བརྒྱ་འམ་ལྔའམ་གསུམ་མམ་གཅིག །དཔལ་[526.3]གྱི་གཏོར་མ་བཤགས་པ་ནི། །རིན་ཆེན་རྒྱ་ཆེན་སྣོད་ནང་དུ། །དང་པོ་དཔལ་བཤོས་ཆེན་པོ་བཞུགས། །ཁམས་ཕོར་གཏོར་ཆེན་བརྒྱ་ཡིས་བསྐོར། །ལྷ་བཤོས་བརྒྱ་འམ་མར་མེ་བརྒྱ། །ཚོམ་བུ་བརྒྱ་འམ་རྣམ་རེས་[526.4]བཞག །གོང་གི་གཏོར་མ་ཆེན་པོ་ཡང་། །བསྒྲུབ་པའི་སྨན་དང་ཁྲག་ཤས་བརྒྱན། །དཀར་གསུམ་ཆན་ཡང་དེ་བཞིན་ནོ། །དཀར་གཏོར་གཅིག་དང་དམར་གཏོར་གཅིག །ཆོས་སྐྱོང་ཕྱི་ནང་གཉིས་ལ་བཤམ། །འབྱོར་[526.5]པའི་རྫས་ཚོགས་ཅི་ལྡན་བཤམ། །སྤོས་དང་མེ་ཏོག་ཨསྙེ་དང་། །མཆོད་པའི་རྒྱུ་ནི་ཐམས་ཅད་བསགས། །ཐུགས་མཆོག་བརྒྱ་པ་རྒྱུན་པར་བཟླས། །ཞག་དྲུག་དག་ལ་དུས་དྲུག་ཏུ། །ན་རཀ་དོང་སྤྲུགས་འདོན་པར་[526.6]བྱ། །ཕྱག་དང་བསྐོར་བ་ཅི་ནུས་བྱ། །ཁ་ཡར་ཞག་གྲངས་མཚམས་གཅད་བྱ། །ཉམས་དང་མཚམས་མེད་སྡིག་པ་ཀུན། །དཔེར་ན་སོལ་བ་དུང་པོར་འདྲ། །ཟླ་བ་ཡར་ངོ་མར་ངོ་འདྲ། །ཞེས་གསུངས་སོ། །རྡོ་རྗེ་བརྒྱ་[527][527.1]པའི་རྒྱུད་ལས་ཉམས་བཤགས་མཆོད་པའི་ལེའུ་སྟེ་ཉེར་དྲུག་པའོ།། །།ཡང་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་འཛིན་པ་སོགས། །ཐུགས་མཆོག་ཡི་གེ་བརྒྱ་པ་ནི། །དཔེར་ན་ཉི་མ་མུན་པ་[527.2]འདྲ། ཁྲར་བས་སངས་པས་བརྒྱ་པ་ཡིན། །དཔེར་ན་ནམ་མཁའ་ལྟ་བུ་ཡིན། །ཐམས་ཅད་གོ་ཡང་རྒྱ་ཆད་མེད། །དཔེར་ན་ནོར་བུ་རིན་ཆེན་འདྲ། །ཐམས་ཅད་མི་འབྱུང་གང་ཡང་མེད། །ཡོན་ཏན་ཐམས་ཅད་རྫོགས་[527.3]པ་ཡིན། །དཔེར་ན་འཛམ་བུའི་གསེར་དང་འདྲ། །གང་ལྟར་བྱས་པ་དེ་ཉིད་དོ། །སྒྱུ་མ་མཁན་གྱི་དཔེ་དང་འདྲ། །མེད་ལས་ཐམས་ཅད་སྤྲུལ་པར་སྣང་། །དཔེར་ན་ནད་དང་སྨན་ལྟ་བུ། །དཔེར་ན་དུག་དང་བདུད་རྩི་[527.4]འདྲ། །དཔེར་ན་ཟངས་ལྕགས་གསེར་དང་འདྲ། །དཔེར་ན་མེ་དང་རྩི་ཤིང་འདྲ། །དཔེར་ན་མུན་པ་སྒྲོན་མེ་འདྲ། །དཔེར་ན་རྒྱ་མཚོ་གཟའ་སྐར་འདྲ། །དཔེར་ན་ཤེལ་དང་ཟ་འོག་འདྲ། །དཔེར་ན་ཐག་པ་ཐོ་ཡོར་[527.5]འདྲ། །ཞེས་གསུངས་ནས། ཡང་བཀའ་སྩལ་པ། ལག་ན་རྡོ་རྗེ་འཁོར་ཚོགས་ཉོན་ཅིག །ངས་བཤད་ཐུགས་ཀྱི་རྒྱུད་ཆེན་འདི། །སངས་རྒྱས་ཀུན་གྱི་དགོངས་པ་ཡིན། །དགོངས་པ་འདུས་པའི་རྒྱུད་དུ་ཟུང་། །རྒྱུད་ལུང་[527.6]ཞི་ཁྲོ་ལྷ་བརྒྱ་པས། །ལྷ་བརྒྱ་པ་ཡི་རྒྱུད་དུ་ཟུང་། །བསྐྱེད་པར་བྱེད་པའི་ཡི་གེ་བརྒྱ། །ཡི་གེ་བརྒྱ་པའི་རྒྱུད་དུ་ཟུང་། །རང་གི་ཉམས་བཤགས་མཛད་གསོལ་པས། །བཤགས་པ་ཆེན་པོའི་རྒྱུད་དུ་ཟུང་། །ཞི་རྒྱས་དབང་[528][528.1]དྲག་ལས་རྫོགས་པས། །ཕྲིན་ལས་འདུས་པའི་རྒྱུད་དུ་ཟུང་། །དབང་དང་དམ་ཚིག་དཀྱིལ་འཁོར་དང་། །ལྷ་བསྒོམ་སྔགས་དང་ཀུན་འབྲེལ་བས། །འབྲེལ་པ་ཆེན་པོའི་རྒྱུད་དུ་ཟུང་། །རྩ་བ་གསུམ་དང་ཡན་ལག་[528.2]དང་། །སྡིག་སྒྲིབ་ཐམས་ཅད་འདིས་བཤགས་པས། །བཤགས་པ་ཆེན་པོའི་རྒྱུད་དུ་ཟུང་། །ངན་སོང་ཐམས་ཅད་དོང་སྤྲུགས་པས། །དོང་སྤྲུགས་ཆེན་པོའི་རྒྱུད་དུ་ཟུང་། །རྡོ་རྗེ་སེམས་དཔའི་ཐུགས་བསྟན་པས། །བཛྲ་[528.3]བརྒྱ་པའི་རྒྱུད་དུ་ཟུང་། །ཡང་བཀའ་སྩལ་པ། །ལེགས་པར་ཟུང་ཞིག་ཐུབ་པར་ཆོངས། །ཉམ་པར་གྱུར་ན་ན་རཀ་གནས། །རྒྱུ་གནས་རྣམ་པར་སྨིན་པ་ནི། །རིགས་བཞི་བྱོལ་སོང་ལྐུགས་པའི་གནས། །མི་བཟད་[528.4]བདུད་མོའི་གྲོགས་ཀྱིས་མཚོན། །དབང་པ་་མ་ཚང་དབུལ་རྨོངས་ཞན། །མ་ཉམས་རྡོ་རྗེའི་སྐུ་གསུང་ཐུགས། །འགྲོ་ལ་ཕན་འདོགས་སྐུར་གནས་ས། །ལོངས་སྤྱོད་འཁོར་ལྡན་ལྷ་མིའི་ས། །དམན་ལུས་འཛིན་[528.5]འཆང་ནོར་བུ་འཆང་། །བྲག་དང་ཆུ་གཞུང་ཆུ་བོ་ཡིས། །དུས་ངན་མགོ་མཐོང་རྒྱས་པར་གྱིས། །ཞེས་གསུངས་སོ། །རྡོ་རྗེ་བརྒྱ་པའི་རྒྱུད་ལས་དཔེ་མཚོན་བཏགས་པའི་ལེའུ་སྟེ་ཉེར་བདུན་པའོ།། །།དེ་ནས་སྟོན་[528.6]པ་ཉིད་མྱ་ངན་ལས་འདས་སོ། །འཁོར་དུ་འདུས་པའི་སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་རྣམས་དང་། ཡང་ཕུར། བདུད་རྩི། མ་གཤིན། དབང་དང་དཀྱིལ་འཁོར་གྱི་ལྷ་རྣམས་དང་། ཚངས་པ་དང་། བརྒྱ་བྱིན་དང་། འཇོག་[529][529.1]པོ་དང་། ཐག་བཟངས་རིས་དང་། སྡེ་བརྒྱད་དང་། ཕྱོགས་སྐྱོང་བཅུ་དང་། རྡོ་རྗེ་དྲག་མོ་ལ་སོགས་ཏེ། །མཁའ་འགྲོ་མ་རྣམས་ཀྱིས་ལག་ན་རྡོ་རྗེར་ཡི་རང་སྟེ་མངོན་པར་སྟོད་ནས། ཐུགས་རྩེ་གཅིག་[529.2]པས་བཛྲ་བཱ་ཁིས་བསྡུས་ཏེ། སྤྲུལ་སྐུ་པདྨ་བྱུང་གནས་ལ་གཏད་དོ། །རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པའི་ཐུགས་ཕྲིན་ལས་ཐམས་ཅད་དམ་ཚིག་གི་རྒྱུད་ཅེས་བྱ་བ་རྫོགས་སོ། །སྤྲུལ་སྐུ་པདྨ་འབྱུང་གནས་དང་། དགེ་[529.3]སློང་ནམ་མཁའི་སྙིང་པོས་བསྒྱུར་པའོ།། །། རྒྱ་གར་སྐད་དུ། །མ་ཧྭ་སརྙི་ནི་ཡ་མྱབྲེ་ས་མྱུ་ཧ་ཏནྟྲ་དྲིསྒྱི་སརྦ་གསྙེ་རཏྣ་བྱུ་ཧ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་རྒྱུད།