volume 026 605

From Rangjung Yeshe Wiki Texts
< Klong chen rab byams gsung 'bum
Revision as of 11:03, 22 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

༄༅། །དཔེ་སྐྲུན་གསལ་བཤད།《མེས་པོའི་ཤུལ་བཞག》ཅེས་པའི་དཔེ་ཚོགས་འདི་ནི་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་ཤིང་འདི་ག་དཔེ་སྐྲུན་ཁང་དང་མཉམ་འབྲེལ་གྱིས་བསྐྲུན་པའི་དཔེ་རྙིང་དཔེ་ཚོགས་ཤིག་ཡིན་ལ། དེ་ཡང་མཁས་དབང་གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ་མཆོག་གིས་སྤྱིའི་གཙོ་སྐྱོང་གནང་སྟེ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་ཉེ་བའི་ལོ་བཅུ་ཙམ་གྱི་རིང་ལ་འབད་བརྩོན་ཆེན་པོས་བོད་ཀྱི་ས་གནས་གང་སར་བཞུགས་པའི་བོད་ཡིག་དཔེ་རྙིང་པོ་ཏི་ཁྲིར་ལོངས་པ་རང་བྱུང་དང་མིའི་གནོད་འཚེས་འཇིག་ལ་ཉེ་བའི་ཉེན་ཁ་ལས་བསྐྱབས་ཏེ་ལེགས་པར་བསྒྲིགས་ཤིང་དཀར་ཆག་ཏུ་བཏབ། དཔེ་ཐུམ་གསོལ། དཔེ་སྒྲོམ་བཞེངས་ཏེ་སྲུང་སྐྱོབ་མཛད་གནང་བ་དང་གནང་མུས་སུ་ཡོད་པ་ནི། རང་རེའི་མེས་པོའི་ཤུལ་ནོར་སྲུང་སྐྱོབ་རྒྱུན་འཛིན་དང་བོད་རིག་པའི་གལ་ཆེའི་དཔྱད་གཞི་མཁོ་འདོན་གྱི་དགོས་པ་ཆེ་བ་མ་ཟད། རང་རྒྱལ་མི་རིགས་རིག་གནས་ནོར་མཛོད་དར་རྒྱས་དང་སྲུང་སྐྱོབ་བགྱི་བའི་འཕྲིན་ལས་གལ་ཆེན་ཞིག་རེད།ཉེ་ཆར་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་དང་འདི་ག་དཔེ་སྐྲུན་ཁང་གཉིས་ཞིབ་གྲོས་བྱས་མཐར། སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་བོད་རིག་པའི་དཔྱད་ཡིག་མྱུར་སྐྱོབ་དང་ཆ་ཚང་དུ་གཏོང་བའི་དམིགས་ཡུལ་ངོས་འཛིན་གཅིག་གྱུར་ཐོག《བཀའ་གདམས་དཔེ་དཀོན་གཅེས་བཏུས》ཞེས་པའི་དཔེ་རྙིང་དཔེ་དཀོན་གྱི་དཔེ་ཚོགས་ཆེན་མོ་ཞིག་མུ་མཐུད་ནས་ལེགས་སྒྲིག་དང་དཔེ་སྐྲུན་བྱེད་བཞིན་ཡོད་པ་དང༌། ད་ཆར་ཡང་དམིགས་ཡུལ་དགོས་པ་གཅིག་གྱུར་ཐོག་《མེས་པོའི་ཤུལ་བཞག》ཅེས་པའི་དཔེ་རྙིང་དཔེ་དཀོན་གལ་ཆེན་གྱི་དཔེ་ཚོགས་ཆེན་མོ་འདི་ཉིད་པར་སྐྲུན་བྱ་རྒྱུ་ཡིན་ལ། དེ་ཡང་སྔོན་བྱོན་མེས་པོ་མཁས་དབང་དམ་པ་དུ་མས་ཤུལ་དུ་བཞག་པའི་གསུང་འབུམ་དཔེ་དཀོན་གལ་ཆེན་རྣམས་དང༌། འཐར་འཐོར་དུ་བཞུགས་པའི་དཔེ་དཀོན་གལ་ཆེན་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་བསྒྲིགས་པ་འདིའི་ནང་དོན་ཐད་ལ། ནང་དོན་རིག་པ་དང༌། གསོ་བ་རིག་པ། ཚད་མ་རིག་པ། སྒྲ་རིག་པ། བཟོ་རིག་པ། ལོ་རྒྱུས། རྩིས་རིག་སོགས་བཅུ་ཕྲག་རིག་པའི་གནས་ཀུན་འདུས་པའི་དཔེ་དཀོན་ནོར་བུ་དགོས་འདོད་ཀུན་འབྱུང་ལྟ་བུ་ཞིག་ཡིན། འདི་འདྲའི་དཔེ་སྐྲུན་མཉམ་ལས་ཀྱི་གོ་སྐབས་ལེགས་པོ་ངེད་ཅག་དཔེ་སྐྲུན་ཁང་ལ་ཐོབ་པ་ནི་ཤིན་ཏུ་སྐལ་བ་བཟང་ཞིང་གཟི་བརྗིད་ཀྱི་འོས་འགན་ཞིག་ཏུ་བརྩིས་ཏེ་ལོ་འགའི་དཔེ་སྐྲུན་འཆར་གཞི་གཙོ་བོའི་ནང་དུ་བཀོད་ཟིན་ཅིང༌། ལས་གཞི་འདི་ལ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དབུ་ཁྲིད་དང་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་མཁས་དབང་དུ་མས་གདེང་འཇོག་དང་མཐོང་ཆེན་གྱིས་སྐུལ་མ་ཡང་ཐོབ། 《མེས་པོའི་ཤུལ་བཞག》གི་མ་ཕྱི་ཕལ་ཆེར་ནི་དབུ་མེད་བྲིས་རྙིང་ཤ་སྟག་ཡིན་པས། མ་དཔེ་གསལ་མི་གསལ་དང་སྐུང་ཡིག་མང་ཞིང་བྲིས་ཚུགས་འདྲ་མིན་གྱི་དབང་གིས་ཀློག་དཀའ་བའང་ཤིན་ཏུ་མང་པོ་འདུགའོན་ཀྱང་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་ལོ་མང་རིང་ཉམས་མྱོང་བསྡུ་ལེན་དང་མཁས་དབང་དུ་མར་བཀའ་འདྲི་ཞུས་པར་བརྟེན་ཡིག་གཟུགས་གསར་རྒྱག་དང་ཕྱོགས་སྒྲིག་ཐུབ་པ་བྱུང༌། པར་ཤིང་དུ་འཁོད་ཡོད་པ་རྣམས་ཀྱང་དཔེ་རྙིང་གཞན་པ་དང་བསྡུར་ཏེ་གཏན་ལ་ཕབ་ཡོད་པ་བཅས་ཏེ་ཞིབ་ཆ་དེབ་སོ་སོའི་བསྡུ་སྒྲིག་གསལ་བཤད་དུ་གཟིགས་པར་ཞུ། དཔེ་རྙིང་སྲུང་སྐྱོབ་དང་ཕྱོགས་སྒྲིག དཔེ་སྐྲུན་གྱི་ལས་ཀ་འདི་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་མཁན་གྱི་མཁས་དབང་རྣམས་དང༌། ལྷག་པར་དུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དབུ་ཁྲིད་ལྷན་རྒྱས་དང༌། མཁས་དབང་ཐུབ་བསྟན་ཉི་མ་རིན་པོ་ཆེ་མཆོག་སོགས་ཀྱིས་རྒྱབ་སྐྱོར་དང་མཛུབ་སྟོན་གྱི་བཀའ་དྲིན་བསྐྱངས་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། དཔལ་བརྩེགས་ཞིབ་འཇུག་ཁང་གི་འགན་འཛིན་པ་ལྷན་རྒྱས་དང༌། ཞུ་དག་པ། ཡིག་རྒྱག་པ་སོགས་མདོར་ན་ལས་གཞི་འདི་ལ་ལྷག་བསམ་དང་འབད་བརྩོན་ཆེན་པོས་ཞབས་ཕྱི་ཞུ་མཁན་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང༌། དཔེ་ཚོགས་འདིའི་དཔེ་སྒྲིག་དང་ཞུ་དག་ཐད་ལ་ཧ་ཅང་ནན་ཏན་དང་ཞིབ་ཚགས་བགྱི་ཁུལ་བྱས་མོད། འོན་ཀྱང་ང་ཚོར་ཤེས་ཚད་དམན་པའི་དབང་གིས་ནོར་འཆུག་མི་ཉུང་བ་ཡོད་སྲིད་པས་དཔྱོད་ལྡན་དག་གིས་ནོར་བཅོས་ཡོ་བསྲང་གི་དགོངས་འཆར་ལྷུག་སྩོལ་གནང་བར་ཞུ་ཞུ། ཞེས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས། སྤྱི་ལོ་༢༠༠༧ལོའི་ཟླ་བ་དང་པོའི་ཚེས་༡༠ལ།«དཔེ་སྐྲུན་གསལ་བཤད།

»PAGE -PAGE 3--PAGE 1-