Ngb-pt-0849-vol-09-text

From Rangjung Yeshe Wiki Texts
Revision as of 10:50, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-800-899/ngb-pt-0849-text.docx.wiki to Ngb-pt-0849-vol-09-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། མ་ཧྭ་ཀྭ་ལ་སུ་ཏྲ་བྷ་སྟི་ར་ཏནྟྲ། བོད་སྐད་དུ། ནག་པོ་ཆེན་པོ་ས་གཡོ་བའི་རྒྱུད། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། འཇིགས་ཤིང་སྐྱི་གཡའ་བའི་གནས། འཇིག་རྟེན་སླབ་བྱེད་ཅེས་བྱ་བ་ན། ས་གཡོས་ཆེན་པོ་དུས་རྟག་ཏུ་འོང་བ། མུན་པ་གླིང་བཞི་གློག་འཁྱུག་པ། འབྲུག་རྟག་ཏུ་ལྡིར་བ། དེ་ལྟ་བུའི་གནས་ནག་པོ་ཆེན་པོ་ཐྲི་མིག་དམར་ཞེས་བྱ་བ་སྐྱེ་འགྲོ་ཐམས་ཅད་ཀྱི་དབུགས་ལ་མངའ་མཛད་པ། འཇིག་རྟེན་ཕུང་བར་བྱེད་པ་གཅིག་བཞུགས་པ་ལས། ལས་དང་ནས་ང་ཤ་འདོད་ཁྲག་འདོད་ཟེར་བ་གཅིག་ཡོད་པ་ལས། བཅོམ་ལྡན་འདས་ཀྱིས་འདུལ་བར་དགོངས་ནས། དབུ་ཡི་གཙུག་ཏོར་ནས་ཁྲོ་བོ་དབུ་སྟོང་མངའ་བ། ཕྱག་སྟོང་ཡོད་པ། སྤྱན་བྱེ་བ་བརྒྱ་ཕྲག་བརྒྱ་ཡོད་པ་ཅིག་བྱུང་ནས། དེས་ནག་པོ་བཏུལ་ནས་དམ་ལ་བཏགས་ཏེ། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཁས་བླངས་སོ། །ནག་པོ་ཆེན་པོས་གཡོ་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པའོ།། །།དེ་ནས་རང་ཉིད་དམ་ལས་མི་འདའ་བའི་དོན་དུ་དམ་ཚིག་བསྲེ་བའི་སྲོག་རྣམས་ཕུལ་ལོ། །ཀྱེ། དཔའ་བོ་ཆེན་པོ་འཇིགས་པའི་ང་རོ་ཅན། ། བདག་གི་སྒྲུབ་པའི་དུས་ཚོད་ནི། །གཟའ་ནི་ཕུར་བུ་དམག་དཔོན་དང་། །སྐར་མ་ལག་སོར་དབྱུག་གུ་སྨེ་ནག་པོ། །ཉི་མ་བདུད་ཀྱི་ཉི་མ་ལ། །དུས་ཚོད་ཐོ་རང་སྟག་གི་དུས། །དེ་དུས་རྣལ་འབྱོར་དམ་ཅན་གྱིས། །མི་གསད་ཕུང་ཤུལ་ས་དག་ལ། །དཀྱིལ་འཁོར་འབྲུབ་ཁུང་གྲུ་གསུམ་པ། །ནང་དུ་དུག་ཁྲག་སོལ་བས་བྱུགས། །དེ་སྟེངས་རྩང་དམར་རྩེ་ནག་བདུག ། བདུན་གཟུགས་ཟག་པ་ཟད་པའི་དགྲ་རྫས་ལ། །ཨ་མུ་ཀ་ཡི་རུ་བ་བཅའ། །མིང་རུས་བྲིས་ལ་སྙིང་ཁར་རུ་པ་བཅས། །མིང་རུས་བྲིས་ལ་སྙིང་ཁར་གཞུག །གུ་གུལ་དུད་བས་ལྷ་དང་དབྱེ། །དེ་ནས་དྲི་དགོད་ཐོད་པར་གཞུག །ཐོད་པ་གྲུ་གསུམ་དབུས་སུ་གཞུག །གདུག་པའི་ཕུར་པ་སྟེང་ནས་གཟིར། །བདག་རང་མགོན་པོ་ནག་པོར་བསྒོམ། །ནག་པོ་ཞལ་གཅིག་ཕྱག་བཞི་པ། །དང་པོ་གྲི་གུག་ཐོད་པས་ཏེ། །དེ་འོག་སྟ་རེ་ཞགས་པའོ། །ནག་པོ་ཆེན་པོས་གཡོ་བའི་རྒྱུད་ལས། །རྫས་དང་ལྷ་བསྒོམ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་སྨྲས་པ། བདག་གི་སྲོག་གི་སྙིང་པོ་འདི། །མཐུ་སྟོབས་ཅན་ལ་དབུལ་ལགས་ཀྱིས། །དཔའ་བོ་ཆེན་པོས་བྱིན་གྱིས་རླབས། །ཨོ་མ་ཧྭ་ཀྭ་ལ་ས་ཤ་རིས་རྣ་ཟས་སྣ་སྟི་ཧ་རེ། ལྷི་ས་ཎ་ལྷི་ས་ཎ། ཥ་ཊ༷་ཁ་བཱ་ར་ན། ཁུ་ཧི་ཁུ་ཧི། ཏག་ཎ་ཏག་ཎ་ཀྟ་ཤི་གྲྭ་ཧྭ། སྲོག་སྔགས་དེ་ཡིས་ང་བོས་ལ། །དུས་རྣམས་རྟག་ཏུ་བསྙེན་པ་གྱིས། །དེ་ལ་རྟགས་ཐོན་སྔགས་འདི་རྦོད། །ཨོ་མ་ཧྭ་ཀྭ་ལ་ཏི་ལིང་ཀི་པི། རྙོ་རྙོ། ཧཱུཾ་ཧཱུཾ། དགྲ་གཟིར་ཁུ་ཤིག་མུ་ཁུག ཧ་ཡུ་ཧ་ཡུ། ཧ་ན་ཧ་ན། བཛེ་ན་བཛེ་ན། མ་མ་མུ་ཀ་ཡ། ཤ་ཧྲུ༷་ཛ་ཤ་ཧུ༷། དེ་ནས་གསད་པ་འདི་གསུངས་སོ། །ཨོ་མ་ཧྭ་ཀྭ་ལ་དེ་ནི་མེ་ཀ་མ་ཀ་ན་ཨ་ཏ་རེ་ན། མ་རོ་ཤ་ཨེ་རེ་ན། ཨོ་ཨེ་རོ་ཤེ་ཡ་ཡ་ཤི་དུ་ན་གྲྭ་ཧྭ། ཡ་ཤི་དུ་ན་ལ་ཧྲུ༷་ཧཱུཾ་མ་ར་མ་ར། ཚིན་དྷ་ཚིན་དྷ། བིན་དྷ། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་བི་ཀ་ན། མ་ར་ཡ། དགྲའི་ཤ་དུང་དུང་ཕཊ། ཅེས་སྨྲས་སོ། །ནག་པོ་ཆེན་པོ་ས་གཡོ་བའི་རྒྱུད་ལས། བོད་རྦད་གསད་གསུམ་གྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་སྨྲས་པ། ཉུངས་ཀར་ཉུངས་ནག་གཟིར་བ་དང་། །ཁྲག་སྣ་དུག་སྣ་རྙེད་ཚད་ལ། །ཨ་མུ་ཀ་ཡི་རུ་པ་རྣམས། ། ཚེར་མ་ཅན་གྱི་མེ་ལ་བསྲེག །དེ་ཡིས་ལས་གྲུབ་གདོན་མི་ཟ། །རྟགས་ཀྱི་རིམ་པ་འདི་རྣམས་འབྱུང་། །དགེ་བཤེས་བོན་པོ་མི་ནག་དང་། །རྟ་ནག་བྱ་ནག་ལུག་ནག་དང་། །ཡུལ་མི་མི་ཆེན་པོ་དང་བན་དེ་ཆེན་པོ་དང་། བུད་མེད་ཀྱི་ཚོགས་དང་། འོད་དང་ཁང་པ་འཚེག་པ་དང་། ཝ་དང་སྤྱང་ཁུ་ཏུག་ཅོམ་སྒྲ་ལ་སོགས་པའི་འབྱུང་། བསྙེན་པ་གྲུབ་ནས་ཁུགས་པའི་རྟགས། །མོན་དང་རྒྱ་གར་ཆེན་པོ་དང་། །དགྲ་བོ་ཁྲིད་ནས་འོང་བ་དང་། །གཉིད་ལོག་ཏུ་མི་སྟེར་བ་དང་། །ཇག་དང་ཆོམ་པོ་བྱེད་པ་རྨི། །དེ་ནས་དགྲ་བོའི་སོད་པའི་རྨི་ལྟས་ནི། མི་ལག་པ་དམར་ལྷག་ཀེ་བ་དང་། བཤད་དང་དམར་གཡོས་བྱེད་པ་བྱུང་ན་ལས་ཟིན་པ་ཡིན་ནོ། ། བཙུན་པ་དང་བུད་མེད་ཀྱི་ཚོགས་བྱུང་ན། ཁྲོས་པ་ཡིན་པ་བཤགས་པ་བྱའོ། །དམ་ཚིག་གི་ཕྱག་རྒྱ་བསྟན་ལ་གསང་སྔགས་དྲག་ཏུ་བཟླས། མགོན་པོ་དངོས་སུ་མཐོང་ན་དམ་བསྒྲགས་སིདྷི་བླང་། ནག་པོ་ཆེན་པོ་ས་གཡོ་བའི་རྒྱུད་ལས། བདུག་པའི་རྫས་དང་མཚན་མ་རྟགས་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་བསྐུལ་བ་འདི་གསུངས་སོ། །ཧུ༷། ཤི་མིག་དམར་མོ་མཐུ་བོ་ཆེ། །མུན་ནག་ཆེན་པོའི་ཀློང་ནས་སྤྱོན། །ཟངས་དང་ལྕགས་ཀྱི་གཞུ་བདུངས་ནས། ། ལས་སུ་དགྲ་བོ་བསོད་ཅིང་རྒྱུག །ཆིབས་སུ་མ་ཧེ་སྟག་སེང་ཆིབས། །འཁོར་ནི་མི་བསྲུན་སྲིན་པོའི་འཁོར། །ནུབ་ཕྱོགས་འགར་རྣའི་ཡུལ་ནས་སྤྱོན། །རྒྱ་གར་ཡུལ་ནས་སྤྱན་དྲངས་ནས། །དམ་ཉམས་དགྲ་ཡི་ཤ་ཁྲག་ལ། །ཟས་དང་ལྟོས་སྐལ་དེ་ལ་གྱིས། །ཉིན་མཚན་གཉིས་ཀྱི་དམིགས་པ་བགྱི། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །ཅེས་རཀྟ་སྤྲེང་ཞིང་དགྲ་ལ་རྦད་དོ། །ནག་པོ་ཆེན་པོ་ས་གཡོ་བའི་རྒྱུད་ལས། །བསྐུལ་བར་བྱ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དཔའ་བོ་ཆེན་པོས་བཀའ་སྩལ་པ། །ཁྱོད་ཉིད་ལས་རྣམས་བྱེད་དུ་མ་འདོད་ན། ། དགྲ་ལ་རྟགས་ནི་མེད་གྱུར་ན། །སྤོགས་པའི་ལས་ནི་ཇི་ལྟར་བགྱི། །ཁྱོད་ཉིད་ཀྱིས་ནི་ལེགས་པར་སྨྱོས། །ཞེས་གསུངས་པས། ནག་པོ་ཆེན་པོས་སྨྲས་པ། བདག་གིས་མ་འཚལ་དཔའ་བོས་གསུངས། །བདག་ཉིད་ཤིན་དུ་སྨྲ་བར་དཀའ། །དེ་ནས་དཔའ་བོས་བཀའ་སྩལ་པ། །ཉོན་ཅིག་ནག་པོ་ཆེན་པོ་ཉིད། །ཁྱོད་ཉིད་ལས་ནི་བྱེད་ཏུ་མ་འདོད་ན། །གཟིར་ཅིང་གནད་ལ་དབབ་པར་བྱ། །ལྷོ་བར་འཁོར་ལོ་རྩིབས་བརྒྱད་ལ། །ནང་དུ་ཤ་ཏྲུ༷་ཕྱི་རིམ་ལ། ། རྩིབས་བརྒྱད་བོད་པ་མུ་ཁྱུད་རྦད། །དེ་ཡི་ཕྱི་རིམ་གསོད་པས་བསྐོར། །དེ་དང་དགྲ་བོའི་འཁོར་ལོ་གཉིས་ཀྱི་བར་དུ་གསད། །བླ་ཤིང་ཆུ་ཤིང་མ་གལ་དུམ་ལ། །རབས་ཆད་ནག་པོའི་ཤ་ཚིལབསྲེག །གོང་གི་འཁོར་ལོ་སྤྲོ་ཞིང་ལིང་ག་སྦྱིན་སྲེག་བྱ། །མེ་ལྷ་མགོན་པོ་ཉིད་ལ་བྱ། །མགོན་པོའི་ཞལ་དུ་ཕུལ་བར་བསམས། །དེ་ཡིས་ལས་རྣམས་གྲུབ་པར་བཤད། ། གལ་ཏེ་ལས་དེ་མ་གྲུབ་ཅིང་། །རང་ལ་བར་ཆད་བྱེད་གྱུར་ན། །རུ་ལོག་སྙིང་གཟེར་མན་ངག་བྱ། །གོང་གི་འཁོར་ལོ་དེ་གཉིས་བསྲེག །ཉི་ཤུ་རྩ་གཅིག་དག་གིས་ནི། །མི་བཟད་མགོན་པོ་ནག་པོ་ཁྲོས། །མོད་ལ་ས་གཡོས་ཆེན་པོ་འོང་། །དེ་མ་ཐག་ཏུ་གསོད་པར་འགྱུར། །ཐལ་བ་རླུད་ཚུབ་ཆེ་ལ་འཕྱར། །མི་རབས་རྩད་ནས་གཅོད་པར་བྱེད། །དེ་ཡིས་ལས་གྲུབ་ གདོན་མི་ཟ། །དེ་ནས་སྔགས་ཟློས་འདི་གསུངས་སོ། །ཕཊ་ཕཊ་དུང་དུང་ཡ་ར་ན་མ་ཀི་མི་དི་ད། པ་ཙ་པ་ཙཧ་ས་ཧ་ས། དྷ་བིན་དྷ་བིན། དྷ་ཚིན་དྷ་ཚིན། ར་མ་ར་མ། ཏྲུ༷་ཧྲུ༷་ཤན་ཏུ་ཤ་ར་ཡ་སོན། དུ་ཤི་ཡ་ཤ་རོ་ཨེ་ཨོ་ན་རོ། ཨ་ཤ་སོ་མ་ཧྭ་ན་རེ་ཨུ། ས་རོ་ཨ་ན་རེ་ཨུ་ཧྭ། ཀེ་མི་དྷ་དྷི་ན། འདི་ལ་ཀད་མ་ཤ་ཨོ། ཛུ་ཛུ། ཏྲུ༷་ཏྲུ༷་ཡ་ཀ་ཨུ་ཨ། ན་ཛེ་ན་རྙོ། ན་ཧ་ན་ཧ། ཡ་ཧ་ཡ་ཧ། ཁུག་མུ་ཟི་ཁུག དགྲ་གཟིར། ཧཱུཾ་ཧཱུཾ་རྙོ་རྙོ། པ་ཀི་ལི་ཏི། ལ་ཀ་ཧ་མ་ཨོ། ཧ་ས་ཤི་ཡག་ཎ་སྟིས་ཎ་སྟིས། ཁུ་ཧི་ཁུ་ཧི། ན་མ་ར་ཁ་ཏོ་ཁ། ཎ་སྙིས་ཎ་ལྷིས། རེ་ཧ་སྟིས་ཎ་ཟ།ཎ་རི་རིས་ཤ་པ་ལ། ཀ་དང་མ་ཨོ། ཞེས་གསུངས་སོ། །ནག་པོ་ཆེན་པོ་ས་གཡོ་བའི་རྒྱུད་ལས། ཤི་བ་སྤོགས་ཐབས་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་མགོན་པོས་འདི་གསུངས་སོ། ། མིང་རུས་མི་ཁྲག་དག་གིས་བྲི། །དེ་ནས་གྲི་ཡི་ཐོད་པར་གཞུག །དང་པོ་ཞག་བདུན་བོད་པས་དགུག །དེ་ལ་རྟགས་རྣམས་རྫོགས་པ་དང་། །རྦད་སྔགས་བརྟགས་ལ་བདུན་ཕྲག་གཉིས་སྒྲུབ། །དགུག་པའི་ཕོ་ཉ་གསད་པར་བྱ། །གསད་པའི་དྲག་སྔགས་ཞག་བདུན་གདགས། །ཐོད་པའི་ཨེག་ཙེར་ཐུན་དང་ཕུར་པས་གཟིར། །བོད་རྦད་གསད་གསུམ་དྲིལ་བ་ལ། །བདུན་ཕྲག་གསུམ་དུ་དྲིལ་བར་བྱ། །བདག་ཉིད་མགོན་པོའི་སྐུར་བསྒོམས་ལ། །དྲག་སྔགས་འབྲུག་སྒྲ་ལྟ་བུར་བཟླས། །ཐུན་རྫས་གསོད་པའི་རྫས་སུ་བསམས། །དུས་དྲུག་བསྐུལ་དང་གཏོར་མ་གཏང་། །ལས་རྣམས་གྲུབ་པར་གྱུར་པ་དང་། །ལིང་ག་ཐོད་པ་དང་བཅས་ཏེ། །ལྷ་ཁང་མགོན་པའི་ཞབས་འོག་གནན། །ཡང་ན་བོད་རྦད་གསད་པར་དྲིལ་བ་དང་། །སྤྱིན་སྲེག་ཞག་གསུམ་བྱ། །ཐལ་བ་རླུད་ཆེན་དག་ལ་འཕྱར། །ཡང་ན་ཀླུ་གཉན་གནས་སུ་གནན། །དེས་མ་གྲུབ་ན་ལན་དྲུག་སྤོགས། །སྨིན་པ་གསུམ་གྱི་སྦྱོར་བ་བྱ། །སྙེན་པོས་མི་ཐུབ་རང་ཉིད་བསྒོམ། །ཞེས་སྨྲས་སོ། །ང་ཡི་སྲོག་རྒྱུད་དམ་པ་འདི། །ཕྱི་རབས་དམ་ཚིག་བརྟན་ལ་སྦྱིན། །ང་ཡིས་དེ་ལ་སྟོང་གྲོགས་བྱ། །ཞེས་སྨྲས་སོ། །ནག་པོ་ཆེན་པོ་ས་གཡོ་བའི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་དཔའ་བོས་བསྟོད་པ། ཨེ་མ་ནག་པོ་ངོ་མཚར་ཆེ ཆེ་བའི་ཆེ་མཆོག་ཁྱད་པར་ཅན། །དྲག་པོ་ལྷ་མི་འདུལ་མཛད་