Ngb-pt-0832-vol-09-text

From Rangjung Yeshe Wiki Texts
Revision as of 07:14, 20 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། བི་ཧ་ར་དུ་མ་ཧེ་ཏན་ཏྲ་བོད་སྐད་དུ། གནོད་སྦྱིན་ཞ་འོན་བདུད་འདུལ་གྱི་རྒྱུད། གནོད་སྤྱིན་གྱི་སྡེ་དཔོན་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །རི་རབ་ལྷུན་པོའི་བྱང་ཕྱོགས་ན། །གཉའ་ཤིང་འཛིན་གྱི་ཚུར་འགྲམ་ན། །རིན་ཆེན་དབྱིབས་ལེགས་གཞལ་ཡས་ཁང་། །མཛེས་པའི་ལན་ཕྲན་བརྒྱན་པ་ན། །ཞར་བོན་ཆེན་པོ་སྐུ་མདོག་གནག །དར་ནག་བེར་ཆེན་དབུ་སྐྲ་མཛེས། །སྤྱན་དམར་ཞབས་བགྲད་ཁ་྅་གཡས། །ཐོད་པ་རིམ་ཁྲག་བཀང་པ་གཡོན། །རིན་ཆེན་སྣ་བདུན་རྒྱན་དང་ལྡན། །གནོད་སྤྱིན་དུག་མོ་ཡུམ་ཉེ་མདུན། །སྐུ་མདོག་ཡབ་འདྲ་དུག་རྐྱལ་གཡས། །དགོས་སྦྱིན་ནོར་བུ་རིན་ཆེན་གཡོན། །གཡས་སུ་གནོད་སྤྱིན་རྣོན་པོ་གནག །གཡས་གཉིས་དགྲ་སྟ་རལ་གྲི་གཡས། །གཡོན་གཉིས་ཁྲག་རྐྱལ་བཅུ་ཞགས་གཡོན། །ཉི་མ་འབུམ་གྱི་གཟི་བརྗིད་གཡོན། །གཡས་གཉིས་གྲི་གུག་ཞགས་པ་ཐོགས། །གཡོན་གཉིས་ཁྲག་གི་ཆར་པ་འབེབས། །རྒྱབ་ཏུ་ཀུན་གྱི་འཇིགས་བྱེད་ནི། །དམར་སེར་དར་ནག་དགྲ་སྟ་གཡས། །གཡོན་གཉིས་ཞགས་པ་ཁྲག་ནད་འབེབས། །རིན་ཆེན་ཀུན་བརྒྱན་ནོར་གྱི་ལྷ། །དྲག་ཤུལ་ཆེ་ཞིང་མི་བསྲུན་པ། །སྔོན་གྱི་གནོད་སྦྱིན་གཙུག་ཕུད་ལྔ། །དེ་ཚེ་སྤྱན་རས་གཟིགས་དབང་གིས། །ཕྱག་རྒྱ་རྩེ་སྤྲད་ཐུགས་ཁར་གདམས། །དམ་ཤིང་ལྷ་ནག་༄༅ ཕུར་པ་བྱས། །དམ་རྡོ་ཕ་ཝང་ལོང་བུ་བཟུང་། །དམ་ཆུ་བདུད་རྩི་སྐྱེམས་ཕུད་གསལ། །ས་བཅུའི་བྱང་སེམས་མངའ་ཡང་གསོལ། །ཨོ་པདྨ་ཏ་རི་ཧུ༷། ཧུ༷་རཏྣ་ཙིརྟི་ར་ག་ར་ཏི་ཧུ༷་ཕཊ། དམ་ཚིག་ལུབུལ་པས་ས་མ་ནོན། །ད་ཡང་འཇིག་རྟེན་སྤྱོ་རླབ་བྱེད། །དེ་ཚེ་དེ་ཡི་དུས་ན་ཡང་། །མཐུ་སྟོབས་བདག་པོ་ཕྱག་རྡོར་གྱིས། །གོང་གི་དམ་རྩལ་ལྷ་ངོས་བསྟན། །དྲག་པོ་མངོན་དུ་བྱོན་ནས་ནི། །ཀྱེ་མ་མཐུ་སྟོབས་བདག་པོ་བཀའ་ཅིག་སྩོལ། །འཇིག་རྟེན་ཁམས་ན་བདེ་རྒྱས་ན། །རིན་ཆེན་ནོར་ལ་མངའ་ཡང་གསོལ། །དཀོན་མཆོག་གསུམ་གྱིས་བསྟན་བསྲུང་ན། །དབང་བསྐུར་གསང་མཚན་ངས་བཏགས་ལ། །བསྟན་བསྲུང་རྗེ་བོར་མངའ་གསོལ་གྱིས། །རང་རྒྱུད་ཐུལ་ལ་རང་རྒྱུད་ཤོག །ཀྱེ། གསང་བའི་བདག་པོ་རྫོགས་པའི་སྐུ། །བདག་དང་ཡུལ་འཁོར་སྲོག་སྙིང་འབུལ། །བདག་ནི་འཇིག་རྟེན་སྲིད་གསུམ་ལགས། །དབང་བསྐུར་ཆོས་སྐྱོང་དབང་ཞིག་སྩོལ། །དེ་ནས་གསང་བའི་བདག་པོ་ཡིས། །དབང་བསྐུར་ལག་ཏུ་རྡོ་རྗེ་གཏད། །ཞ་འོན་རྡོ་རྗེ་དྲག་པོར་བཏགས། །དེ་ནས་རྡོ་རྗེ་དྲག་པོ་ཡིས། །གུས་པར་བ་་ནས་རང་རྒྱུད་བཤད། །གླེང་བཞིའི་ལེའུ་སྟེ་དང་པའོ།། །།ཀྱེ་མ་གསང་བདག་རྡོ་རྗེ་འཛིན། །རང་སེམས་སྲོག་སྙིང་དབང་དུ་འཛུགས། །པ་ར་དྷི་ཙུ་ན་ར་ཀན། རྒྱ་རྒྱ་རྒྱ། ཨོ་རཏྣ་ཙིསྟ་ར་ག་ར་ཏི་ཧུ༷་ཕཊ་སྲུ་ཧྭ། ཨོ་བཛྲ་རཇོབྷ་ན་དྷ་བདུད་མ་ཏིང་སྐྱོལ་ཏིང་ཏིར་ཛ་ཛུ། ཨོ་བཛྲ་མ་ལ་ཡཀྟ་ཨ་ཀ་ཏི་སྐྱོལ་ཛ་ཛུ། ཨོ་བཛྲ་མ་ཧྭ་ཙྭ་ན་ག་ར་ཙ་ཧ་ཧ་རྦད་ས་མ་ཡ་ཛ་ཛུ། ཨོ་བཛྲ་སྙིང་ཆོད་བཛྲ་ཡཀྟ་ཙཀྲ་དུན་དུན་ཛ་ཛུ། དགའ་བའི་མདངས་ཕྱུང་སྲོག་སྙིང་ཕུལ། །སྲོག་སྙིང་གི་ལེའུ་སྟེ་གཉིས་པའོ།། །།ཀྱེ་མ་གསང་བའི་བདག་པོ་ལགས། །ཕ་ཆོ་མ་འབྲང་མང་བརྗོད་དེ། །རང་རྒྱུད་མུ་ཏྲ་གོང་དུ་བཤད། །རང་སོད་ཉམས་ལེན་མ་ཡིན་པ། །དམ་ཚིག་ཉམས་སུ་གང་ལེན་ལ། །དཀོར་འཕེལ་བསྟན་པ་བསྲུང་བར་བྱ། །ལས་རྣམས་སྡེ་དཔོན་སྤྱན་སྔར་འཆད། །བསྙེན་བསྒྲུབ་གསད་པ་རྣམ་གསུམ་ལས། །བསྙེན་པའི་རྫས་དང་དཀྱིལ་འཁོར་བསྟན། །དཀྱིལ་འཁོར་འདོམ་གང་གྲུ་བཞིའི་དབུས། །ཟླུམ་པོ་སོར་བཞི་མཐོ་བར་བཏོད། །སྒོམ་བཞི་མུ་ཁྱུད་ལྡན་པར་བྲི། །གྲྭ་བཞིར་བ་དན་སྒོ་བཞིར་འཕན། །གསང་ཕྱིར་ཞུན་མར་བྱུག་པ་ལྔ། །རྟ་གཏོར་ཆང་ཕུད་ལྔ་ལྔས་བསྐོན། །ཞལ་རྣམས་བྲིས་ཏེ་བཀོད་པར་བྱ། །སྲོག་སྙིང་དྲིལ་ཏེ་ཞག་བདུན་བཟླས། །མོན་ནག་ཆོས་སྟོན་འཁོར་བཟང་སྟོན། །བསྙེན་པའི་ལེའུ་སྟེ་གསུམ་པའོ།། །།ཀྱེ་མ་གསང་བའི་བདག་པོ་ལགས། །བསྒྲུབ་པའི་རྫས་དང་མཎྜལ་འབུལ། །གྲུ་གསུམ་ཟླ་ཁམ་མུ་ཁྱུད་ལྡན། །ཕྱག་མཚན་མ་ནོར་འདོད་པར་བྲི། །བ་དན་འཕན་དང་སྐུ་གཟུགས་དགྲམ། །མཆོག་ཕུར་ལྔ་ལ་ཅོད་པན་གདགས། །མངའ་གསོལ་རང་རང་གནས་སུ་གཟུགས། །ཐུན་རྫས་རྣམ་གསུམ་རིམ་པས་བདུན། །རྟག་གཏོར་གདམས་ལ་བསྒྲུབ་སྔགས་བཟླས། །ཨོ་ནི་ཤ་རཏྣ་ཙིརྟི་ར་ག་ར་ཏི། །མ་ཏིང་སྐྱོལ་ཡཀྟ་ཀ་ཏི་པ་དྲ་མ་ཧྭ་ས་མ་ཡ་ཧ་ཧ། །རཀྟ་ཆེ་གེ་མོ་མྱ་ར་ཡ་ཧུ༷་ཕཊ། སོ་དགུ་སྒྲུབ་སྔགས་ཞག་བདུན་བཟླས། །རང་གི་ཆོས་སྐྱོང་དམག་དཔོན་འགྱེད། །འཕན་འཕྱར་ཟངས་དུང་འབུད་པ་སྟོན། བསྒྲུབ་པའི་ལེའུ་སྟེ་བཞི་པའོ།། །།ཀྱེ། གསང་བའི་བདག་པོ་ལས་འདི་འབུལ། །མཎྜལ་དྲག་པོ་ཨེ་ཟུར་བཞི། །མུ་ཁྱུད་སྒོ་རྣམས་རབ་ཏུ་ལྡན། །ཨི་བཞི་དྲག་པོ་ལིང་ག་བཞི། །མཆོག་ཕུར་གཞི་ནི་རང་གི་གཡོན། །ཐུན་རྫས་གསུམ་ནི་རང་གི་གཡས། །སྐུ་གཟུགས་འཕན་ནི་བསྡོམ་པ་གདབ། །གསང་སྔགས་ཞག་བདུན་ཕུར་ཐུན་གདབ། །ཨོ་ནི་ཤ་རཏྣ་ཙིཉི་ར་ག་ར་ཙིལྟི་ར་ག་ར་ཏི་ཙཀྲ་རྦད། ཡཀྟ་ཀ་ཏྲི་བི་ཤ་ཙ་ཐུན་རྦད། བཛྲ་མ་ཧྭ་ས་མ་ཡ་ཧ་ཧ་སྲ༷་སྲ༷་ཙཀྲ་ཐུན་རྦད། རཀྟ་ཙཀྲ་རཀྟ་ཙཀྲ་ཐུན་རྦད། ཆེ་གེ་མོ་ནཱ་ར་ཡ་ཙཀྲ་ཐུན་རྦད། ཨོ་རཏྣ་ཙིསྟ་ཆེ་གེ་མོ་བཛྲ་སྙིང་མགོ་ཆོད། །ཁ་ལ་མུ་ལོང་ཆོད། ཀྲ༷་གྱི་ཏྲང་ལ་རྦད། པུ་ན་པུ་ཏི་རྦད། མུགས་རྦད། མ་ལ་ཁ་ཤི་ཙེ་ལ་རྦད། བ་ར་ཁྲ་རི་ཡབ་རྦད། དྲུག་ཅུ་རྩ་བཞི་ཐུན་བྲབས་བས། །རི་དྭགས་བསད་དང་ཤ་ཁལ་བཀལ། །རི་མཐོ་ཁར་འཛེགས་ཐོ་ལེས་འདེབས། །ཐམས་ཅད་མེས་ཚིག་ཐལ་བར་བུན། །ཐུན་དབབ་ཕུར་གདབ་རིལ་གྱི་དྲིལ། བསད་པའི་ལས་ཀྱི་ལེའུ་སྟེ་ལྔ་པའོ།། །།ཨེ་མ་ཞག་གཅིག་སྦྱིན་སྲེག་ལས། །དབུས་སུ་གདུག་ཤིང་ཧོ་བཙུགས་ལ། །བཏབ་པའི་ཐོ་རས་སྦྱིན་སྲེག་བྱ། །བདག་གི་འཁོར་རྣམས་མེ་ལྷར་བསམས། །སྲོག་སྙིང་དག་དང་སྒྲགས་ཏེ་དབུལ། །ཨག་ནེ་ར༷་ར༷་ཛ་ལ་ཛ་ལ་ར༷་ར༷་གྲྭ་ཧྭ། བཞི་བཅུ་དོན་ལྡན་བསྲེག་སྔགས་འདི། །འཇིག་རྟེན་ཀུན་ཚིག་ན་ར་སྐན། སྦྱིན་སྲེག་ལེའུ་སྟེ་དྲུག་པའོ།། །།ཀྱེ་མ་གསང་བའི་བདག་པོ་གསོན། །མ་ཉེས་དཀོན་མཆོག་དགྲ་དར་ན། །བདུན་གྱིས་གསད་པའི་ལས་སྔགས་འདི། །བཅུ་གཉིས་བཟླས་པས་མངོན་དུ་འབྱུང་། །དྲུག་ཅུ་རྩ་གཉིས་གསད་པ་སྟེ། །གསང་བར་འོས་པའི་མན་ངག་འདི། །རིན་ཆེན་རྒྱས་བཏབ་གཏེར་དུ་སྦས། གབ་པའི་ལེའུ་སྟེ་བདུན་པའོ།། །།ཀྱེ་མ་རྡོ་རྗེ་སྡེ་དཔོན་འཆང་། །ཧ་ཧི་ལས་ཀྱི་ཁ་ཚར་འབུལ། །སྟོར་རླག་ཆོ་འཕྲུལ་བཏང་འདོད་ན། །ཞག་བདུན་སྒྲུབ་པ་གཞུང་སྲངས་ལ། །མཎྜལ་འཁོར་ལོ་རྩིབས་བཞི་ལ། །མོན་པ་སྤྲ་སྤྲེ་སྟག་སེང་དོམ། ཁྲ་སྣ་སྤུ་སྣ་བག་ཕྱེ་གཟུགས། །ག་འུར་བཀོད་པ་འཕན་གདུགས་གདབ། །ཞག་བདུན་འདི་བཟླས་མངོན་དུ་སྟོན། །ཨོ་རཏྣ་ཙིཀྟ་ར་ག་ར་ཏི་ཛ་ཛུ། སྒག་རཀྟ་སྙིང་ཁ་རག་ཛ་དུན། སྙིང་ཁ་རག་མ་མ་བཛྲ་དུན་དུན། དྲིཀྟ་ཧི་མ་མ་སྨྱོ་ཧྲིང་ས་ཏི། སྙིང་ཁ་རག་ཙ་དུན་ཤ་པ་མི་ཧྲི་ཤ་ཤུལརྨྱ། །སྟོདཚིགལནིགཏོརཆུང་གཏད། །ཞི་བདུན་རྩ་སྔགས་ཁྲི་བཟླས་ནས། །འགུལ་དག་འཕྲིག་དང་དངོས་སུ་འབྱུང་། །ཧུ༷་རཏྣ་ཙིསྟ་ར་ག་ར་ཏི། ཤུཛི་གི་ལུརྨྱ་ས་ཏྲི་བྷ་ཡོ་མུ་ཏྲི་ད་བྷ༷་ཡ་པ་ཏི་པ་བྷ་ཧ་སྟི། ཛ་ཧི་དུ་ཏྲ་པྲ་ཤ་དུ་ལུ་མ་བྷ་ཏི་ཛ་ཧོ་ཏྲིག་ཤ་མ་ཡ་ག་ཏི་མྱི། །ཞི་དྲུག་ཞི་བཟླས་དངོས་སུ་འབྱུང་། །ཞ་འོན་རྡོ་རྗེ་དྲག་པོ་རྩལ། །པ་ར་པི་ར་མོན་དུ་སྤྱོས། །ཡུམ་ཆེན་གནོད་སྩིན་དུག་མོ་ནི། །སྤྲ་ཡིས་སྤྲེ་ཁུར་ཆོ་འཕྲུལ་སྟོན། །གནོད་སྤྱིན་རྣོན་པོ་སྟག་ལ་རྗོམས། །ཉི་མ་གཟི་བརྗིད་སེང་ལྟར་མཆོངས། །ཀུན་གྱི་འཇིགས་བྱེད་དོམ་ལྟར་རྔམ། །དམ་ཉམས་དགྲ་ལ་ཆོ་འཕྲུལ་ཐོང་། །ཥ་ཧ་སྨ་ཤུ་གྱི་ནི་ར་ཡ་བྷ་བྷ་པྲ་ཤ་མྱེ་མ་པ་དུ་སེ་ཤ་ཧ་པྲ་ཏི། ཆོ་འཕྲུལ་གྱི་ལེའུ་སྟེ་བརྒྱད་པའོ།། །།ཀྱེ་མ་གསང་བདག་རྡོ་རྗེ་འཛིན། །མ་རྡུགས་ཐོགས་མེད་རྡོ་རྗེའི་སྐུ། །ཐུགས་རྗེས་ཀུན་ཁྱབ་ཉི་མའི་ཞལ། །ཡོན་ཏན་ཀུན་འབྱུང་རིན་ཆེན་གསུང་། །མཐུ་སྟོབས་ཐོགས་མེད་དྲག་པོའི་ཐུགས། །ཉོན་མོངས་ཀུན་སྐྱོབ་ནམ་མཁའི་ངོགས། །ཐུགས་རྗེའི་གཙོ་ལ་ཕྱག་འཚལ་བསྟོད། །གསང་བའི་བདག་པོ་ལས་ཁ་ཚར་བདུན་པོ་ཡང་ འཐེབ་ལིས་རྒྱས་བཏབ་ཀློང་དུ་སྦས། །གསང་རྒྱུད་ལེའུ་སྟེ་བརྒྱད་ཕྱག་ཏུ་ཕུལ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །རྣམ་པར་སྣང་མཛད་དབུ་ལ་བལྟམ། །སྨོན་ལམ་བཏབ་ནས་གཏེར་དུ་སྦས། །ལས་འཕྲོ་ལྡན་པས་མངོན་ཤེས་ཤར། །སྟག་གི་ལོ་ལ་གཏེར་ནས་ཕྱུང་། །གསང་རྒྱུད་ལེའུ་བརྒྱད་པ་རྫོགས་སོ།། །།གསང་བའི་ཁ་ཚར་བདུན་པོ་ཡང་། །འཐེབ་ལི་རྒྱས་བཏབ་ཀློང་སྦས་པ། །དང་ལ་གཉེན་པོ་སྟོབས་ཀྱི་ལེ། །དྲ་ལ་དྲི་ཕྱི་མ་ལགས་པ། །གསང་བདག་སྐུ་རུ་རབ་བསྒོམ་ལ། །ཏིང་འཛིན་རྣམ་གསུམ་རབ་གསལ་བས། །དེ་བཞིན་ཀུན་ཏུ་སྣང་གྱུར་བཛྲ་ཧུ༷། །ཞལ་གཅིག་ཕྱག་གཉིས་འགྱིང་བག་མཐིང་། །རྡོ་རྗེ་སྡིགས་མཛུབ་སྤྱན་བཟློག་གཙིགས། །སྤྲུལ་ཆེན་རིགས་ལྔས་བརྒྱན་པར་བསྒོམ། །དམ་ཚིག་སྔགས་ནི་ཁྲི་ཡིས་གཟིར། །ཨོ་ཙཎྜ་མ་ཧྭ་རོ་ཥ་ཎ་ཧུ༷་ཕཊ། ནི་ཤ་རཏྣ་ཙིརྟི་ར་ག་ར་ཏི་མ་ཏིང་ཡཀྟ་ཧྲི་མ་ར་ཧྲི། །ཁྲི་བཟླས་གསང་སྔགས་བདག་པོར་འགྱུར། །མཆོད་པ་རྣམ་ལྔ་དུས་དུས་དབུལ། །རྩ་དགུགས་བསྙེན་པ་འཛུད་པ་སྟེ། །གནོད་སྤྱིན་བྲན་དུ་བཀོལ་བའོ། །གསང་བའི་བདག་པོར་བདག་བསྒོམ་པས། ཁེ་ས་བདུད་རྩི་དམ་ཆུ་བླུད། །ཨོ་བག་ཤཱ་ནི་ཧོ་ཡ་བག་ཤ་ཙིལྟི་རཏྣ་ར་ག་ར་ཏི་ཨེ་མ་ཏི་ཡཀྟ་པ་ར་དུ་དུ་ར་མ་ར། རྩ་དགུས་དམ་གསལ་ལས་ལ་འཛུད། །བདག་ལ་བདག་མཆོད་གཏོར་མ་དབུལ། །ཨོ་ཙཎྜ་མ་ཧྭ་རོ་ཥ་ཎ་པྲསྤྲོ་ནི་ནུ་མི་ཏི་ཨི་དམ་དུ་བར་བ་ལ༷་ཁ་ཁ་ཁུ་ཧི། རྩ་དྲུག་གཏོར་དབུལ་ཆེ་བ་བསྐྱེད། །གཉེན་པོ་སྟོབས་ཀྱི་ལྷ་འདི་རབ་བསྒྲུབས་ན། ཁྲ་ཁྱི་བདག་པོས་སྦོད་པ་འདྲ། གཉེན་པོའི་ལེའུ་སྟེ་དགུ་པའོ།། །།ཀྱེ་མ་གསང་བའི་བདག་པོ་ངས། །རང་རྒྱུད་དབང་འདི་ངེས་པར་བཤད། རཏྣ་འཕྲེང་བ་ཅོད་པན་དར། །ཚེ་གཟུངས་དབང་རྟགས་རྫས་བཤམས་ལ། །བསྙེན་པའི་བསྒྲུབ་པ་ཞག་གསུམ་བྱ། །དམ་འཇུག་སྒོ་དབྱེ་ཀུན་མཐུན་པས། །བདག་ལ་བདག་གིས་དབང་བསྐུར་ཕྱིར། །རང་གི་དམ་ཚིག་སྔགས་སྟོང་བཟླས། །ཨོ་ཙཎྜམ་ཧྭ་རོ་ཥ་ན། ཡ་བ་བ་ག་རོ་ཧ༷་པི་རཏྣ་ཙིསྟ་ཧོ། ཨ་མྲི་ཏེ་ཧྲི་བསྒ་ཨ། རྩ་བདུན་སྟོང་བཟླས་རང་དབང་བསྐུར། །དབང་སྔགས་རྩ་བདུན་ཁྲི་བཟླས་ན། །དཔའ་བོ་གྲུབ་ཞིབ་བཅས་པ་འདྲ། དབང་གི་ལེའུ་སྟེ་བཅུ་པའོ།། །།དེ་ཕྱིར་གསང་བའི་བདག་པོ་ལ། །བདག་དང་གཞན་གྱི་ཚེ་སྒྲུབ་བསྟན། །དེ་ལ་ལྷ་སྲིན་སྡེ་བརྒྱད་མཆོད། །འབྲུ་སྣ་བཅུ་གཅིག་བྲེ་གང་ནས། །མཐིང་ནག་དར་གྱི་ནང་དུ་ག་ས། །ཚེ་རྟེན་རཏྣ་རྣམ་ལྔ་ནི། །སྲད་བུ་གསུམ་བསྒྲིལ་དག་ལ་བརྒྱུས། །སྣ་ཅིག་དར་ཕུད་ནང་དུ་གཞུག །སྣ་ཅིག་བདག་གམ་ཕུར་པ་ལ། །མཆོད་པ་དབུལ་ཞིང་ཚེ་སྔགས་བཟླས། །ཨོ་མ་ཧྭ་ར་ཧ་ར་ཏེ་བྲུ༷་བྲུ༷་རཏྣ་ཙིསྟ་བྲུ༷་ནེ་མུ་ནེ་མེ་དོ། །ཡཀྟ་ཨུ་ཡུ་ཨ་ཨ། རྩ་ལྔ་འཆི་མེད་ཚེ་སྔགས་འདི། །ཁྲི་བཟླས་ཤི་མེད་རྟོག་བྲལ་འདྲ། །སྲས་དབུ་གསུམ་ལ་ཚེ་ནས་བསྟིམ། །དམ་ཚིག་མ་ཉམས་ཚེ་སྒྲུབ་མཆོག །ཚེའི་ལེའུ་སྟེ་བཅུ་གཅིག་པའོ།། །།ད་ནི་གསང་བའི་བདག་པོ་ངས། །ཆུང་ངུ་གསོ་བའི་རིམ་པ་བསྟན། །མ་ལ་ཁྲུས་དང་གཙང་སྦྲ་བྱ། །སྨྱུག་མ་གསང་མ་ཚིགས་ལྔ་ལ། །དར་སྣ་ལྔ་དང་རིན་ཆེན་གདགས། །དཀར་གསུམ་མངར་གསུམ་ཞལ་ནས་མཆོད། །ལྷག་མ་མ་དང་བུ་ལ་སྦྱིན། །ཨོ་རཏྣ་ཙིསྟ་ར་ག་ར་ཏི་མ་ཏིང་སྐྱོལ། །ཡཀྟ་ཀ་ཏི་བི་བི་ཧ་ཧུ༷་སི་དྷ་ཧ་ཧུ༷་སི་ཧ་ཏི། དུས་སུ་མཆོད་ཅིང་གཉེར་གཏད་ན། །ཡིད་བཞིན་ནོར་བུ་རྙེད་པ་འདྲ། །འགབ་འཕེལ་ལེའུ་སྟེ་བཅུ་གཉིས་པའོ།། །།གསང་བའི་བདག་པོ་རིན་ཆེན་གཏེར། །དབུལ་འཕོངས་བསལ་ཕྱིར་ནོར་སྒྲུབ་བསྟན། །བསྒྲུབ་པའི་དཀྱིལ་འཁོར་གཞུང་བསངས་ལ། །ལྗོན་དམར་གླང་གི་ཁོག་སྟོང་དུ། །སེང་གེ་དཀར་མོའི་འོ་མ་བཙལ། །རིན་ཆེན་འབྲུ་སྣ་དཀར་དངར་སྨན། །བསྒྲུབས་ལ་ར་བའི་དཀྱིལ་དུ་སྦ། །ཧུ༷་བཛྲ་རཏྣ་ཙིསྟ་ར་ག་ར་ཏི་མ་ཏིང་ཡཀྟ་རཏྣ་བྲུ༷་ནི་ན་བྲུ༷་རཏྣ་བྲུ༷་ཧྲི་ཧུ༷་ཧུ༷། རྩ་དྲུག་ནོར་སྒྲུབ་རིན་ཆེན་གཏེར། །འབུམ་བཟླས་ནོར་བུ་རིན་ཆེན་གཏེར། །འདོད་དགུ་ཡིད་བཞིན་འགྲུབ་པར་བྱེད། ནོར་སྒྲུབ་ལེའུ་སྟེ་བཅུ་གསུམ་པའོ།། །།གསང་བའི་རྒྱས་བཏབ་གཏེར་དུ་སྦས། །གསང་བའི་བདག་པོ་དེ་ནི་ངས། །དེ་ལྟར་རྫོགས་ནས་སྙིང་ནད་བསྟན། །བསྙེན་སྒྲུབ་རྣམ་གསུམ་རྫོགས་བྱས་ལ། །བསེ་ཕོར་དུག་སྣ་བཅུ་གསུམ་དང་། །མེད་དུ་མི་རུང་ལང་ཏང་རྩེ། །ཁྱི་ཕག་སྙིང་དང་རབ་ཆད་རུས། ་་ས་ཀར་ཁྲག་བསྲེས་ཐུན་དུ་བྲབ། །འཇག་མའི་ལིང་ག་སོར་བཞི་ལ། །མིང་བྱང་བླངས་ལ་ཐོད་པར་གསལ། །རྒྱ་ཁྲ༷་ལྷ་ཁང་ཐེམ་འོག་གསལ། །ཨོ་རཏྣ་ཙིསྟ་ཁ་ར་སྙེ་བ་ཤ་དུ་སྟ༷་མུ་ཤ་ར་ཡ། ག་ར་ན་ཧ་ར་ཧ་ར། སྦྱིན་དྷ་སྣྲིན་དྷ། ཐུ་པ་ཐུ་པ་ཕཊ་སྲུ་ཧྭ། །སོ་ལྔ་གནམ་ཁྱེར་སྨྱོ་འབོག་སྔགས། །འབུམ་བཟླས་ཤོ་མངས་རླུད་ཁྱེར་འདྲ། སྨྱོ་འབོག་གི་ལེའུ་སྟེ་བཅུ་བཞི་པའོ།། །།གསང་བའི་བདག་པོ་ད་ནི་ངས། །ད་ནི་དྲག་སྔགས་ཆུ་འཁྱགས་དབབ། །བདག་ཉིད་ཞལ་གཅིག་ཕྱག་བཞི་པ། །གཡས་གཉིས་ལྕགས་ཀྱུ་དུག་གི་ཁ། །གཡོན་གཉིས་ཞགས་པ་བེར་ཁ་བསྣམས། །བདག་བསྒོམ་གང་རུང་ལྷ་འདྲེ་གཟིར། །ཞབས་མ་རྒྱ་ཚིལ་ཁྱི་ར་ཁྲག །སྔོ་སྣ་སྐྱ་རིངས་ཐབས་སྤྲད་ལ། །ཡུལ་ལྷའི་མིང་ཡང་གམ་དུ་གཞུག །རྡོ་རྗེ་བདུད་འདུལ་གཟིར་སྔགས་བཟླས། །ཨོ་རཏྣ་ཙིཉི་ཞུ་ལྔ་ཐུ་པ་ཟླ་ཚང་ཚང་ཐང་ཨ་པྲ་ཧ་པྲ་ཧྭ༷་ཟེངས། ཨོ་ཏཱ༷་བ་སེ་རུ་ཤེ་ཀན་ལེ་མི་ལུ་ཚེ། ན་ཤེ་ན་ལེ་མི་ལུ་ཙེ། ཉ་ནན་ཏེ་གཟིར། ཁ་མ་ཉ་ལེ་ཉ་མ་ཁ་ནན་གཟིར། བ་ཤ་ཀེ་ནན། ཛ་ཧ་མུ་ནན་གཟིར། དགྲ་ཡུལ་ཡིན་མི་ཉལ་ཁ་ན་དུ་གཟིར།ཀུ་མ་ར་ཧི་ནན་ཏེ་གཟིར། དོན་གཅིག་གནོད་སྤྱིན་གཟིར་སྔགས་འདི། །གང་ཡང་རུང་བའི་ལྷ་འདྲེ་གཟིར། །རྒྱ་ཚིལ་མ་ཐབ་སྤྲད་དེ་ཐོག་སེར་དེ་ཉིད་དུ་ཕབ། ཐོག་སེར་ལེའུ་སྟེ་བཅོ་ལྔ་པའོ།། །།གསང་བའི་རྒྱས་བཏབ་གཏེར་དུ་སྦས། །ལས་འཕྲོ་ཅན་དང་འཕྲད་པར་ཤོག །རྡོ་རྗེ་བདུད་འདུལ་བཅོ་ལྔ་ལས། གསང་བའི་ཁ་ཚར་བདུན་པོ་རྩེ་མོ་མི་འགྱུར་བའི་རྒྱལ་མཚན་རྫོགས་སོ།། །།།སོ།། །།