Ngb-pt-0810-vol-09-text

From Rangjung Yeshe Wiki Texts
Revision as of 07:13, 20 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། བཛྲ་ག་རུ་ཌ་ཀྭ་ལ་གུ་རྒྱ་རད་ན་ནཱ་མ་ཏན་ཏྲ། བོད་སྐད་དུ། རྡོ་རྗེ་ཁྱུང་ནག་གསང་བ་རིན་པོ་ཆེའི་རྒྱུད་ཅེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས། རྡོ་རྗེ་འཛིན་པ་ཆེན་པོ་ཉིད། །མཚོ་ཆེན་པོ་ཀླུ་གཉན་གྲོང་ཁྱེར་ན་རྟེན་དང་འཇིག་རྟེན་ལས་འདས་པའི་འཁོར་དཔག་ཏུ་མེད་པ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་ཀྱིས་གདུག་པ་འདུལ་བར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཨོ་ཙཎྜམ་ཧྭ་རོ་ཤ་ན་རྒྱུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ག་རུ་ཌ་ཧུ༷་ཕཊ། ཅེས་སྐུ་གསུང་ཐུགས་རྡོ་རྗེ་ལས་འཐོན་ནོ། །དེ་ནས་ས་བདག་ཀླུ་གཉན་ཐམས་ཅད་བརྒྱལ་ཞིང་འགྱེལ་ནས་དབང་དུ་འདུས་པར་གྱུར་ཏོ། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ལས་ཀྱི་ཕྱག་ན་རྡོ་རྗེས། རྡོ་རྗེ་འཛིན་པ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འདས་འཛམ་བུ་གླིང་ནས་སེམས་ཅན་ཐམས་ཅད་ཀླུ་གཉན་ས་བདག་ལ་སོགས་པའི་གདུག་པའི་ནད་ཀྱིས་སྡུག་བསྔལ་གྱུར་པ་ཐམས་ཅད་ལ་ཕན་གདགས་པའི་ཕྱིར། རྡོ་རྗེ་ཁྱུང་གི་དོན་རིམ་པར་བཤད་དུ་གསོལ། །ཞེས་གསོལ་ཏོ། །གླེང་བསླངས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་པ། ང་ཉིད་ཕྱག་ན་རྡོ་རྗེ་ནི། སྐུ་མདོག་ལྗང་སྔོན་ཆེན་པོ་ལས། །གདུག་པ་ཐམས་ཅད་འདུལ་བ་དང་། །དབང་ཆེན་ཐམས་ཅད་དབང་བསྡུའི་ཕྱིར། །བྱ་ཁྱུང་ཉིད་དུ་སྐུ་སྤྲུལ་ཏེ། །མཆུ་ནི་གནམ་ལྕགས་རྡོ་རྗེའི་མཆུ། །གཤོག་པ་རྡོ་རྗེས་གཏམས་པ་གདེངས། །འཇིག་རྟེན་ཁམས་ཀུན་གཡོགས་པར་ཁེབས། །སྡེར་མོས་ས་བདག་ཀླུ་གཉན་འཛིན། །ཞལ་ནས་སྔགས་ཟེར་དྲག་པོ་འཕྲོ། །ཐམས་ཅད་དབང་དུ་སྡུད་མཛད་པ། །དེ་ཡི་དོན་ཉིད་སྒྲུབ་འདོད་པས། །ཆུ་མིག་སྐམ་མམ་ཐང་སྐམ་གནས། །ཡང་ན་ཡིད་དང་མཐུན་གནས་སུ། །གྲུ་གསུམ་སུམ་བརྩེགས་དཀྱིལ་འཁོར་ལ། ཁྲར་དུ་ཞི་བའི་འབྲུབ་ཁུང་བྲུ། །བྱང་དུ་རྒྱས་པའི་འབྲུབ་ཁུང་བྲུ། །ནུབ་ཏུ་དབང་གི་འབྲུབ་ཁུང་སྟེ། །ལྷོར་ནི་དེ་བཞིན་དྲག་པོའོ། །ཞི་རྒྱས་དབང་དྲག་རྫས་རྣམས་བསོག །ཅེས་གསུངས་སོ། །སྒྲུབ་པ་སྔོན་དུ་བྱ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཀའ་སྩལ་པ། དང་པོ་བསོད་ནམས་ཚོགས་བསག་ཕྱིར། །མདུན་ཉིད་རྣམ་པར་དག་པ་བྱ། །དེ་ནས་སྟོང་བ་ཉིད་དུ་སྙེ། །དེ་ནས་ཧུ༷་དང་རྡོ་རྗེ་ལས། །བདག་ཉིད་རྡོ་རྗེ་འཛིན་པ་ཡི། །ཐུགས་ཁར་ཧུ༷་ལས་ཁྱུང་ནག་ནི། །སྔར་ལྟར་འཇིགས་པའི་སྐུར་བསྐྱེད་ནས། །སྤྱན་དྲངས་མཆོད་ནས་བདག་ལ་ཐིམ། །དབང་བསྐུར་བྱིན་བརླབས་རྫོགས་པར་བྱ། །ཞེས་གསུངས་སོ། །བསྒོམ་པའི་རིམ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ལས་ཀྱི་ཕྱག་ན་རྡོ་རྗེས་གསོལ་བ། དེ་ལྟར་གསུངས་པའི་དོན་དེ་ཡི། །གསང་སྔགས་རིམ་པ་བཤད་དུ་གསོལ། །ཞེས་གསོལ་པས། །རྡོ་རྗེ་འཛིན་པས་བཀའ་སྩལ་པ། །གསང་སྔགས་རིམ་པ་འདི་ལྟ་སྟེ། །ཨོ་ཙཎྜ་མ་ཧྭ་རོ་ཥ་ན་ཧཱུཾ་ཕཊ། ཨོ་བཛྲ་ག་རུ་ཌ་ཀྲོ་དྷ་ས་ཀྲ་བུ་མེ་ནཱ་ག་ནན། སྲོག་ཚིག་ནན་རྦད། ལུས་རྟུལ་ནཱ་ར་ཡ་ཕཊ། ར༷་ར༷་ཛ་ལ་ར༷་ཛ་ལ་ཤི་ཤི་རྟུལ་ཕུང་མྱ་ར་ཡ་སོད། བསྙེན་ཅིང་སྒྲུབ་པའི་གསང་སྔགས་སོ། །ཨག་ནེ་ནཱ་ག་ར༷་ར༷་ཛ་ལ་ཛ་ལ་མྱ་ར་ཡ་ཕཊནཱ་ག་ཤན་ཏིང་ཀུ་རུ་ཡེ་གྲྭ་ཧྭ། ནཱ་ག་སྤྲུཉི་ཀུ་རུ་ཡེ་གྲྭ་ཧྭ། ནཱ་ག་པ་ཤ༷་ཀུ་རུ་ཡེ་གྲྭ་ཧྭ། ནཱ་ག་བཱ་ར་ཡ་ཕཊ། ཧུ༷་ཧུ༷་ཕཊ་ཕཊ། མུ་ར་ཡ་མྱ་ར་ཡ། སྤོ་ཊ་ཡ་སྤྲོཊ་ཡ་ཕཊ། ཅེས་པ་ནི་ལས་ལ་སྦྱར་བའི་སྔགས་སོ། །ཨོ་པུ་མེ་ཧུ༷་ལ༷་ཨོ་ལ༷་མོ་ཧ་ག་ཡ་སྟ༷་པ་ནན་ཧུ༷་ཧུ༷་ཕཊ་ཕཊ། མཐའ་བཏུལ་བའི་སྔགས་སོ། །ཨོ་བཛྲ་བཱ་ཁེ་བཛྲ་ག་རུ་ཌ་ཧུ༷་ཕཊ། ཨོ་སིདྷི་ཨར་ཐ་ག་རུ་བི་ཤ་དེ་སྟོ་ག་ནན། ཁ་ཐ༷་ཁ་ཐ༷། ཉི་མ་ས་བླ་དན། ཀླད་པ་ནན། ཙིསྟ་གུ་ལི་ནན། ཀུ་ན་ཤི། ཙི་ཏྲ་མུ་ཀྲ་བཟློག་བྱེར། ནཱ་ག་ཤིག །ནཱ་ག་ནཱ༷། ནཱ་གའི་མགོ་ལ་ནན། ནཱ་ག་རྭ་ཛ་བྱེར་བྱེར་ཧུ༷་ཧུ༷་ཕཊ་ཕཊ། ཆུ་མིག་དཀྲུག་པའི་སྔགས་སོ། །ཨོ་ཁྲོ༷་ཁྲོ༷་ཁྲོ༷་ཁྲོ༷་ཁྲོ༷་ཨོ་བཛྲ་བཱ་ཁེ་བཛྲ་ག་རུ་ཌ་ཧུ༷་ཧུ༷། ནཱ་ག་དུ་ན་ཤིག །ནཱ་ག་བཟློག །ནཱག་སྤ་ར་ཤ་བཟློག །ཀླུ་ལོག་ན་བཟློག་པའི་སྔགས་སོ། །ཨོ་བཛྲ་བཱ་ཁི་བཛྲ་ག་རུ་ཌ་བཱ་ལིན་ཨི་དན་གྲོཏྣ་གྲོཏྣ་ཁུ་ཧི་ཁྭ་ཧི། གཏོར་མ་དབུལ་པའི་སྔགས་སོ། །ཞེས་གསུངས་སོ། །གསང་སྔགས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རིམ་པས་བཀའ་སྩལ་པ། །བསྙེན་པ་བདུན་འབུམ་ཉི་ཁྲི་དང་། །ལས་ལ་སྦྱར་བ་ཁྲི་ཉིད་དེ། །ཆུ་མིག་དཀྲུག་ཕྱིར་འབུམ་ཡང་བཟླས། །སྐྲུལ་དང་སྦལ་པ་ལྕོང་མོ་དང་། །ཉ་དང་སྡིག་པ་རྟ་གླང་དང་། །སྡོམ་དང་ཤ་བ་ཉ་ལྕིབས་ལས། །བྱས་པའི་གཏོར་མ་གཞག་བྱས་ལ། །དེ་བཞིན་དེ་ལ་བྱས་པ་ཡི། །ཀླུ་གཉན་གཟུགས་ནི་འབྲུབ་ཁུང་གཞག །སྣ་ཚོགས་ཐུན་གྱིས་བྲབ་པར་བྱ། །གདུག་པའི་རྫས་ཀྱི་སྣ་ཚོགས་པས། །གཟུགས་དང་ལིང་ག་དག་ལ་བརྡེག །མྱོས་དང་རློམས་དང་འཆི་བར་འགྱུར། །རྟོགས་མེད་ལྟ་བ་ཆེན་པོ་ཡིས། །གཉིས་མེད་དབྱིངས་སུ་བསྒྲལ་བར་བྱ། །ཞེས་གསུངས་སོ། །གསང་བའི་རྒྱུད་ལས། །དོན་ཀུན་འདུས་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་གཞན་ཡང་བཀའ་སྩལ་པ། །རྡོ་རྗེ་བྱ་་ང་སྒྲུབ་པའི་དུས། །བསྟོད་ཅིང་བསྐུལ་པ་འདི་ལྟར་བྱ། ཁུ་ཤུ་ཐུ་ཇུ་ཨ་སྙོ་མ་ར་མ་ཡ་སྨྱོ་སྨྱོ། ཧུ༷་བྱ་ཁྱུང་རྩལ་གྱི་རྒྱལ་པོ་ནི། །བཞུགས་ནི་ནམ་མཁའི་དཀྱིལ་ན་བཞུགས། །དྲུག་ལྡན་གདུག་པ་འདུལ་བའི་དབུ། །མཆུ་ནི་གནམ་ལྕགས་རྡོ་རྗེའི་མཆུ། །ས་བདག་ཀླུ་གཉན་ཟས་སུ་ཟ། །ཀླུ་གཉན་རྒྱལ་པོ་ཚལ་པར་འགེམས། །རྡོརྗེའིགཤོགཔསཐམས་ཅད་ཁྱབ། །སྡེར་མོས་ས་བདག་ཀླུ་གཉན་གྱི། །ཡུལ་དང་མཁར་དུ་བཅས་པ་འཛིན། །སྐུ་ཡང་དྲག་ཏུ་གསིགས་པ་ཡིས། །ས་བདག་ཀླུ་གཉན་སྙིང་འགས་འགྱུར། །རིགས་ཀྱི་ཁྱུང་ཆེན་སྐུ་བསྐྱོད་པས། །གདུག་པ་ཐམས་ཅད་དབང་དུ་སྡུད། །གནམ་ལྕགས་རྡོ་རྗེའི་མཆུ་ཅན་དེ། །མཁའ་ལ་ཕྱར་བས་ཀླུ་གཉན་རྣམས། །སྙིང་འགས་སྲོག་དང་བྲལ་བར་འགྱུར། །རིགས་ཀྱི་ཁྱུང་ནི་ཐོག་བས་དྲག །སྤྲུལ་པའི་ཁྱུང་ནི་གློག་བས་མགྱོགས། །ཁྱུང་གི་ཐོག་འབེབས་ཤ་ར་ར། །གདུག་འདུལ་ཁྱུང་ཆེན་སི་ལི་ལི། །གླུ་གཉན་ཤ་ལ་རྐན་འདེབས་ཤིང་། །རྟག་ཏུ་ཤ་དང་ཁྲག་ལ་གསོལ། །སྔགས་ཀྱི་འོད་ཟེར་ཤ་ར་ར། གཤོག་པའི་མཚོན་སྡེབས་ལྕིབས་སེ་ལྕིབས། །གདུག་པའི་ཁྱུང་ནག་ལས་ལ་སྨྱོ། །ཞེས་བསྐུལ་ལ་ཐུན་བྲབ་པར་བྱའོ། །ཞེས་གསུངས་སོ། །བསྟོད་ཚིག་བསྐུལ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་རིམ་པར་བཤད་ཀྱིས་ཉོན། །བཟླས་པ་བྱེད་པའི་དུས་ཉིད་དུ། །སྡུག་དང་མི་སྡུག་གཟུགས་སྟོན་ཅིང་། །རང་གི་ཏིང་འཛིན་བཏང་མི་བྱ། །བཟང་པོ་མི་དང་སྤྲོ་མི་བྱ། །ངན་པ་མི་དང་སྒྱིད་མི་ལུག །འཇིགས་པའི་གཟུགས་དང་སྒྲས་འབྲིད་ཀྱང་། །དེ་ཡི་རྗེས་སུ་འབྲེང་མི་བྱ། །དུས་དང་རྣམ་པ་ཐམས་ཅད་དུ། །རྟོག་པ་མེད་པའི་རྣལ་འབྱོར་བྱ། །རང་གི་ཏིང་འཛིན་མ་རྟོགས་པ། །རྟོག་པའི་རྗེས་སུ་མི་འབྲང་བྱ། །ཞེས་གསུངས་སོ། །དྲོད་ཉམས་ཉམས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ལ། །འཁོར་རྣམས་ཀྱིས་བསྟོད་པ། །བཅོམ་ལྡན་ཐུགས་རྗེ་ཆེན་པོའི་བདག །འགྲོ་བ་ཡོངས་ཀྱི་དཔལ་མགོན་མཛད། །གདུག་པའི་ཚོགས་རྣམས་ཀུན་གདུལ་བ། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །རྡོ་རྗེ་ཁྱུང་གི་རྒྱུད་འདི་འགྲོ་བ་སེམས་ཅན་རྣམས་ལ་ཀླུ་གཉན་དང་ས་བདག་བསྲུང་བའི་ཕྱིར། ཤིན་ཏུ་ཡིད་ལ་བཟུང་བར་བྱའོ། །ཞེས་བཀའ་སྩལ་བ་དང་། །འཁོར་རྣམས་རྗེས་སུ་ཡི་རང་ངོ་། ཁུད་ཡོངས་སུ་བཟུང་བའི་ལེའུ་སྟེ་དགུ་པའོ།། །།རྡོ་རྗེ་ཁྱུང་ནག་རིན་པོ་ཆེ་གསང་རྒྱུད་ཅེས་བྱ་བ་རྫོགས་སོ།། །།གུ་རུ་བ་སུ་སྒྲི་ར་དང་། རྡོ་རྗེ་ཡང་དབང་གཏེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ས་མ་ཡུ་རྒྱ་རྒྱ་རྒྱ།། །།རྒྱ་གར་སྐད་དུ། བཛྲ་ཐུ་ན་ག་རུ་ཌ་༼རདྲན༽ཀ་ལ་ནི་ར་མུ་ཎ་ཏན་ཏྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་གཏུམ་པོ་གསང་བ་རིན་པོ་ཆེ་ཁྱུང་ནག་ཏུ་སྤྲུལ་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་