Ngb-pt-0571-vol-06-text

From Rangjung Yeshe Wiki Texts
Revision as of 07:09, 20 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

ཨོ་རྒྱན་གྱི་སྐད་དུ། བོད་སྐད་དུ། བྱིན་གྱིས་བརླབས་པའི། །ཡི་གེ་ཀླད་དུ་སྨོས་པའོ། །ཨེ་མ་ཧོ། རྒྱ་གར་སྐད་དུ། ཕ་ལ་ཨ་ནུཏ་ཏར་གུ་ཧུ་ཏ་ན་ཏྲ་མཧྭ་བི་མ་ལ་ཧྲི་ད༷་ཡུ་ནཱ་མ། བོད་སྐད་དུ། འབྲས་བུ་གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ཞེས་བྱ་བ། དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རིགས་ལྔའི་ངོ་བོ་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ་ཀུན་ཏུ་སྣང་བའི་རྡོ་རྗེ་སྙིང་པོ་ཉིད་འོག་མིན་གྱི་ཞིང་ཁམས་སྣང་སྟོང་འོད་ཀྱི་གཞལ་ཡས་ཁང་། གདུལ་བྱའི་བསམ་པ་ཇི་ལྟར་འདོད་པ་དང་མཐུན་པའི་ཕོ་བྲང་ཀུན་ཏུ་མཛེས་ཤིང་། རྒྱ་དང་ཚད་ལས་འདས་པ་ཕྱི་ནང་ཀུན་ཏུ་གསལ་བའི་ནང་ན། རིག་པ་རང་བྱུང་གི་འཁོར་ཚོགས་ཞི་བ་དང་། ཁྲོ་བོ་དང་། ཁྲོ་མོ་རྣམས་དང་ཐབས་ཅིག་ཏུ། དུས་གསུམ་འདུ་འབྲལ་མེད་པར་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་འོད་ཟེར། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཏིལ་ལ་མར་གྱིས་ཁྱབ་པ་བཞིན་དུ།བྱིན་གྱིས་བརླབས་ནས་ཁྱབ་པར་མཛད་དེ་ཆོས་ཀྱི་ཉིད་རང་སྒྲ་འདི་ལྟར་བྱུང་། །ནམ་མཁའི་མཐའ་ཀླས་གྱུར་པ་སྲ །ཏིལ་ལ་མར་ནི་ཇི་བཞིན་དུ། །བདེ་གཤེགས་སྙིང་པོས་འགྲོ་ཀུན་ཁྱབ། །སྣོད་མིན་སེམས་ཅན་གང་ཡང་མེད། །ཐམས་ཅད་གནས་ལུགས་གཅིག་གི་ངང་། །ཞེས་བྱུང་ངོ་། །དེར་བཅོམ་ལྡན་འདས་ཀྱིས་ནམ་མཁའ་དང་མཉམ་པའི་སེམས་ཅན་རེ་རེ་ལ་ཡང་། སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཆོ་འཔྲུལ་བསམ་གྱིས་མི་ཁྱབ་པས་སོ་སོའི་དོན་མཛད་པ་མེད་པའི་མཛད་པ། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་བསྟན་པ་ལས། མ་རིག་གཏུམ་པོའི་རིགས་ཅན་རྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དེ། །རྟོགས་ཤིང་གོ་བར་མ་གྱུར་པས རང་རང་མུན་པས་རང་ཉིད་བསྒྲིབས། །རང་བྱུང་ཡེ་ཤེས་རང་ལ་གཏོར། །མ་རིག་པ་ལ་མུ་མཐའ་མེད། །རང་གི་ལས་ཀྱིས་བདེ་སྡུག་སྤྱོད། ཁ་ཆུས་འཐུམས་པའི་སྲིནབུབཞིན། །རངགིས་རང་ཕཀྲུམས་མཁའ་དང་མཉམ། །དེ་ལ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་འོད་ཟེར་གྱིས། །གདུལ་དཀའ་བའི་འགྲོ་བ་རྣམས་ཀྱི་དོན་དུ། །གསང་བའི་བདག་པོ་རྡོ་རྗེ་ཆོས་ཞུ་བ་པོར་མངོན་པར་སྤྲུལ་ཏེ། །རྒྱལ་བའི་ཆོས་དབྱིངས་ཕོ་བྲང་ན། །སེམས་ཅན་སངས་རྒྱས་རང་བཞིན་དུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཆང་། །གཉིས་མེད་གྱུར་ཀྱང་མ་རིག་པས། །ལས་ཀྱི་སྲིད་པ་མུན་འཐོམས་པས། །ནམ་མཁའ་ལྟ་བུའི་ཐུགས་རྗེའི། །སྙིང་པོ་ཉི་མའི་འོད་ཟེར་གྱིས། །མུན་བསལ་རང་སྣང་རིག་པ་ལ། །སྐུ་གསུང་ཐུགས་ཀྱི་འབྲས་བུ་ཡིས། །སྙིང་པོའི་དོན་རྒྱུད་བཤད་དུ་གསོལ། །ཅེས་གསོལ་པ་དང་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་སྒྱུ་མའི་སྐུ་རུ་བསྟན་ཅིང་། །ངེས་མེད་ཚངས་པའི་གསུང་རྒྱུན་མི་འཆད་པར། །ཅི་ཡང་མི་གསུང་བའི་ཚུལ་གྱིས་ཞལ་བཞེས་པ། །ལེགས་སོ་དཔལ་ལྡན་རྡོ་རྗེ་ཆོས། །འཁོར་འདས་གཉིས་ལ་ཁྱབ་པ་ཡི། །རྒྱུད་མཆོག་གསང་བ་སྙིང་པོ་འདི། །མ་རིག་ལས་དང་ཉོན་མོངས་ལ ཡེངས་པས་འཁོར་བ་རང་སྡུག་སྤྱོད། །མ་ཡེངས་སངས་རྒྱས་ཀུན་གྱི་ལམ། །རྩེ་གཅིག་གུས་པས་སུ་ཉན་པ། །ང་ཡིས་ལེགས་པར་བཤད་པར་བྱའོ། །སོམ་ཉི་མ་མཆིས་ཉམས་སུ་ལོང་། །ཞེས་བཀའ་སྩལ་ཏོ། །འབྲས་བུ་གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་གསང་བའི་བདག་པོ་ཡིས། །བཅོམ་ལྡན་འདས་ལ་སླར་གསོལ་པ། །ཀྱེ་ཀྱེ་ཐམས་ཅད་མཁྱེན་པའི་བཅོམ་ལྡན་འདས། །ཀུན་ལ་ཁྱབ་པའི་རྡོ་རྗེ་སེམས། །དངོས་སུ་གསལ་ཡང་མ་རིག་པས། །སྒྲིབ་གསལ་སྙིང་པོའི་རྒྱུད་མཆོག་འདི། །གུས་པས་ཉན་ཕྱིར་ལེགས་པར་གསུངས། །ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཐོག་མར་སྔགས་ཀྱི་ཆོས་ལ་བདུད་མེད་པར་བྱ་བའི་ཆེད་དུ། བདུད་འཇོམས་བྱེད་ཀྱི་སྔགས་འདི་གསུངས་སོ། །ཧུ༷་ཕཊ། མྱ་ར་ཡ། བཱ་ར་ཡ། ཀ་ར་ཡ། ཀ་ར་ཡ། གརྫ་ཡ། གརྫ་ཡ། ཏརྫ་ཡ། ཏརྫ་ཡ། གྲི་ཏྣ་གྲི་ཏྣ། པ་ཡ་པ་ཡ་བྷ་དྷ་བྷ་དྷ། སྤོ་ཏ་སྤོ་ཏ། ཛ་ལ་ཛ་ལ་གྲྭ་ཧྭ། ཞེས་བཟླས་པས། བདུད་ནི་ཐར་པའི་བར་ཆད་དེ། །བདུད་བཞི་འཇོམས་པའི་སེང་གེ་སྒྲས། །བདུད་ཀྱི་དཔུང་རྣམས་བརླག་པར་བྱ། །གསང་སྔགས་ཆོས་ལ་བདུད་མེད་པས། །མྱུར་དུ་འབྲས་བུ་ཐོབ་པར་བྱེད། །བདུད་ཀྱི་རང་འབྱུང་ཡེ་ཤེས་གྲོལ། །བདུད་མེད་སྙིང་པོའི་ཆོས་འདི་ལ། །འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན། །དེ་ཉིད་མ་རིག་འཁྲུལ་པས་བསྒྲིབས། །དེ་ཉིད་དག་པ་སངས་རྒྱས་ཉིད། །དག་པ་རང་བྱུང་ཡེ་ཤེས་ཡིན། །རང་བྱུང་ཡེ་ཤེས་གནས་ལུགས་གསུམ། །དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་བསྐྱེད་པའི་རིམ་པལ། །ཇིབཞིནཉིདཀྱིསགནས་ལུགས་དེ། །ཀུན་གཞི་རྣམ་ཤེས་གཟུང་འཛིན་རྒྱུད། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །ཆགས་པ་ལས་གྲོལ་ལམ་གྱི་རྒྱུད། །རྣམ་པར་སྨིན་པའི་ལུས་ལ་ནི། །རྡོ་རྗེ་རྩའི་གནས་ལུགས་ཆགས། །རླུད་གིས་དེའི་རྩལ་སྐྱེད་ཅིང་། །ཐིག་ལེ་སྐྱོན་ཡོན་ཐམས་ཅད་བྱེད། །དེ་ཡིས་སྐྱེད་པས་འབྲས་བུའི་རྒྱུན། །འཁོར་འདས་ལྷན་ཅིག་སྐྱེས་པ་འདི། །རྨི་ལམ་དབང་གིས་རྟོགས་བྱས་ནས། །གྲོལ་ལམ་ཐབས་ལ་མཁས་པ་ཡིས། །ཞེན་བྲལ་བསྐྱེད་པའི་རིམ་པ་དང་། །དེ་ཉིད་མངོན་གྱུར་རྫོགས་རིམ་དོན། །རིག་པ་ཐབས་ཀྱི་ཆེ་བས་མྱུར། །ཡིད་བཞིན་ནོར་བུའི་དགོས་འདོད་བཞིན། །སྐུ་དང་ཡེ་ཤེས་ལོངས་སྤྱོད་པ། །རིགས་འཛིན་ས་ལ་མི་བཟློག་པའི། །གཏད་རྒྱ་ལུང་དང་བཅས་པ་འདིར། །སྙིང་པོའི་དོན་རྣམས་མ་ལུས་རྫོགས། །གང་ཞིག་འདིའི་དགོངས་འགྲེལ་བ། མདོར་བསྟན་རྒྱས་བཤད་ཚུལ་གྱིས་བཤད། །ཅེས་བཀའ་སྩལ་ཏོ། །འབྲས་བུ་གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ལས། མདོ་བྱང་ཁོག་དབུབས་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།གསང་བའི་བདག་པོས་ཡང་གསོལ་བ། །འཁོར་འདས་ཐམས་ཅད་བསྐྱེད་པའི་གཞི། །རང་བཞིན་གཤིས་ཀྱི་གནས་ལུགས་དེ། །མངོན་ཤེས་མཁྱེན་པས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མ་ཧོ། ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ། ཁྱོད་ཀྱིས་ཞུས་པའི་དོན་དེ་ཉིད། བསྟན་དུ་མེད་དེ་རྟོགས་སུ་ཡོད། །ང་ཡིས་བཤད་ཀྱིས་ལེགས་པར་ཟུང་། །འཁོར་འདས་མ་ལུས་སྐྱེད་པའི་གཞི། །ཅི་ཡང་མ་གྲུབ་ཆོས་ཀྱི་དབྱིངས། །ཀུན་ལ་ཁྱབ་ཅིང་ཡངས་པའི་ཀློང་། །སྐྱེ་བ་མེད་ཅིང་འགག་པ་མེད། །ཕྱོགས་རིགས་མེད་ཅིང་མཐའ་དང་བྲལ། །ཐོག་མཐའ་འགྲོ་འོང་སྔ་ཕྱི་མེད། ཁ་དོག་དབྱིབས་མེད་གཟུང་འཛིན་འདས། །རྒྱུན་ཆད་གསལ་འགྲིབ་མེད་པ་འདི། །ཡེ་ཤེས་ནམ་མཁའི་དབྱིངས་ལྟ་བུ། །ཀུན་ལ་ཁྱབ་པའི་ཆོས་ཉིད་ཀྱི། །རིག་པ་རང་རྩལ་དངོས་མེད་འདི། །སྐྱེ་མེད་ངང་ལས་སྐྱེ་བ་ཡིས། །སྣ་ཚོགས་ཆོ་འཕྲུལ་ཅི་ཡང་སྟོན། །འགག་མེད་ངང་ལས་འགག་པའི་ཚུལ། །མཚན་མ་མི་དམིགས་དབྱིངས་སུ་གྲོལ། །དུས་མེད་ངང་ལས་དུས་གསུམ་གྱི། །སྔ་ཕྱི་འགྲོ་འོང་ཐམས་ཅད་བསྒྲངས། །རང་བཞིན་མེད་ལས་ཁ་དོག་དབྱིབས། །གཟུགས་དང་མཚན་མ་ཅིར་ཡང་གསལ། །ཕྱོགས་རིགས་མེད་ལས་བདག་དང་གཞན། །བཟང་ངན་ལེགས་ཉེས་སྣ་ཚོགས་འཆར། །གྲུབ་པ་མེད་ལས་མངོན་སུམ་དུ། །སྣང་སྲིད་འཁོར་འདས་ཐམས་ཅད་གྲུབ། །བཅོས་པ་མེད་པས་རང་འབྱུང་དུ། །ཐམས་ཅད་རྩོལ་མེད་ཤུགས་ལས་འབྱུང་། །བཟུང་དུ་མཚན་མའི་དངོས་པོ་མེད། །ཡེངས་སུ་གནས་ལུགས་གསལ་འགྲིབ་མེད། །སྒྲུབ་ཏུ་རང་ལས་གཞན་མ་གྲུབ། །སྤང་དུ་རང་གཞན་གཉིས་མི་ཕྱེད། །འགག་ཏུ་འོད་གསལ་རྒྱུན་ཆད་མེད། །སྐྱེ་རུ་སྣང་བ་སྤྲོས་དང་བྲལ། །མཐའ་བྲལ་ཉག་གཅིག་ཐིག་ལེ་འདི། །ཐམས་ཅད་ཆོས་ཀྱི་དབྱིངས་སུ་སྡུད། །ཐམས་ཅད་མ་ལུས་བསྐྱེད་པའི་གཞི། །ས་གཞི་བཞིན་དུ་གཡོ་བ་མེད། །ཐམས་ཅད་མ་ལུས་བགྲོད་པའི་ལམ། །ནམ་མཁའ་བཞིན་དུ་ཐུག་པ་མེད། །ཐམས་ཅད་མ་ལུས་སྒྲུབ་པའི་དོན། །ནོར་བུ་བཞིན་དུ་འཛད་པ་མེད། །ཐམས་ཅད་མ་ལུས་གཅིག་པའི་རྒྱུད། །ཆུ་བོ་བཞིན་དུ་རྒྱུན་ཆད་མེད། །ཐམས་ཅད་མ་ལུས་སྣང་བྱེད་པས། །ཉི་ཟླ་བཞིན་དུ་གསལ་འགྲིབ་མེད། །ཐམས་ཅད་གནས་ལུགས་དོན་ལ་གཅིག །སྤྲོས་དང་བྲལ་བའི་ཆོས་ཉིད་དེ། །དེ་ལ་མཁན་པོ་སུ་ཡང་མེད། །གདོད་ནས་རང་བཞིན་ལྷུན་གྲུབ་ཡིན། །རང་བཞིན་གནས་ལུགས་འོད་གསལ་དེ། །སྐྱེ་བ་མེད་པས་སྟོང་པ་ཡིན། །འགག་པ་མེད་པས་དངོས་པོ་ཡིན། །གཉིས་སུ་མེད་པས་གནས་ལུགས་ཡིན། །མ་རིག་འཁྲུལ་པས་འཁོར་བ་ཡིན། །རིག་ཅིང་རྟོགས་པས་མྱང་འདས་ཡིན། །གཉིས་སུ་མེད་པས་ཆོས་ཉིད་ཡིན། །གཟུང་འཛིན་སྐྱེས་པས་ཉོན་མོངས་ཡིན། །རང་བཞིན་ཤེས་ན་ཡེ་ཤེས་ཡིན། །གཉིས་སུ་མེད་པས་འོད་གསལ་ཡིན། །བག་ལ་ཉལ་ན་མུན་པ་ཡིན། །ཐོལ་གྱིས་སྐྱེས་ན་རྟོགས་པ་ཡིན། །གཉིས་སུ་མེད་པ་སྣང་བ་ཡིན། །ཡིན་དང་མ་ཡིན་གཉིས་སུ་མེད། །གནས་ལུགས་མ་བཅོས་བརྗོད་པ་བྲལ། །གནས་ལུགས་རང་རྩལ་རྒྱུ་རྐྱེན་གྱིས། །རྟེན་ཅིངའབྲེལ་བ་རང་བྱུང་ནི། །དཔེར་ན་ལྗོན་པའི་ས་བོན་དེ། །མྱུ་གུ་བསྐྱེད་དེ་མྱུ་གུ་མིན། །མྱུ་གུས་སྡོང་སྐྱེད་སྡོང་པོ་མིན། །སྡོང་པོ་ཉིད་ཀྱང་ས་བོན་མིན། །དེ་རྣམས་ལྗོན་པའི་དོན་དུ་གཅིག །དེ་བཞིན་གནས་ལུགས་གཅིག་ལས་སུ། །གཞི་ཡི་ལམ་བསྐྱེད་ལམ་མ་ཡིན། །ལམ་གྱི་མཐར་ཕྱིན་འབྲས་བུ་སྟེ། །འབྲས་བུ་ལམ་དང་གཞི་མ་ཡིན། །དེ་རྣམས་གཞན་དུ་གྱུར་པ་མིན། །གནས་ལུགས་གཅིག་ལ་སྤྱོད་པ་ཡིས། །འཁོར་བའི་དུས་ན་མྱང་འདས་མིན། །མྱ་ངན་འདས་པ་འཁོར་བ་མིན། །འཁོར་འདས་ཐམས་ཅད་གཉིས་སུ་མེད། །སྣང་བའི་དུས་ན་སྟོང་པ་མིན། །སྟོང་པའི་དུས་ན་སྣང་བ་མིན། །གདོད་ནས་སྣང་སྟོང་གཉིས་སུ་མེད། །ཉོན་མོངས་པ་ལ་ཡེ་ཤེས་མེད། །ཡེ་ཤེས་པ་ལ་ཉོན་མོངས་མེད། །ཉོན་མོངས་ཡེ་ཤེས་གཉིས་སུ་མེད། །སེམས་ཅན་འཁྲུལ་པ་སངས་རྒྱས་མིན། །སངས་རྒྱས་སེམས་ཅན་འཁྲུལ་མི་འགྱུར། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །གཉིས་མེད་གཉིས་སྣང་ལ་སོགས་པ། །གནས་ལུགས་མ་འགགས་ཅིར་ཡང་སྣང་། །དཔེར་ན་ཟ་འུག་སྣམ་བུ་བཞིན། །ཆོས་ཀྱི་དབྱིངས་སུ་ཐམས་ཅད་གཅིག །སྣང་སྲིད་རྣམ་པ་སྣ་ཚོགས་ཀྱང་། །དོན་གཅིག་ཉིད་ལ་སྤྱོད་པ་ལ། །དཔེར་ན་བུ་རམ་མངར་བའོ། །དབྱིབས་དང་ཁ་དོག་གང་བྱས་ཀྱང་། །མངར་བའི་རོ་ལ་འགྱུར་མེད་བཞིན། །གནས་ལུགས་ངོ་བོ་འགྱུར་བ་མེད། །འགྱུར་མེད་དོན་རྟོགས་རང་རིག་པ། །འགྱུར་བ་མེད་པའི་རྡོ་རྗེ་གདན། །དེའི་སྟེང་དུ་སངས་རྒྱས་འབྱུང་། །འབྱུང་དང་འབྱུང་འགྱུར་ལྷུན་རྫོགས་པས། །གསང་ཆེན་རབ་བདལ་གཟུགས་ཅན་བདག །འཁོར་འདས་དཔལ་ལྡན་རྡོ་རྗེ་འཆང་། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །གནས་ལུགས་རྣམ་པ་མང་བཤད་ཀྱང་། །མདོར་བསྡུས་གནས་ལུགས་རྣམ་པ་གསུམ། །སྐྱེ་མེད་གཞིའི་གནས་ལུགས་ལ། །མ་བཅོས་འགྱུར་བ་མེད་པ་དེ། །དཔེར་ན་གསེར་གྱི་ཁ་དོག་འདྲ། །འགག་མེད་ལམ་གྱི་གནས་ལུགས་དེ། །སྣ་ཚོགས་སྣང་བ་རོ་གཅིག་སྟེ། །དཔེར་ན་ཤེལ་གྱི་གཟུགས་བརྙན་འདྲ། །གཉིས་མེད་འབྲས་བུའི་གནས་ལུགས་ཏེ། །ཐམས་ཅད་གཅིག་ལས་བྱུང་བ་སྟེ། །དཔེར་ན་ནམ་མཁའི་དབྱིངས་དང་འདྲ། །གནས་ལུགས་མཚོན་པའི་ཡུལ་འདས་ཀྱང་། །མཚོན་བྱེད་དཔེ་ཡིས་མ་བསྟན་ན། །ཡང་དག་དེ་དོན་མི་རྟོགས་པས། །བརྡ་དོན་ཚིག་གིས་མཚོན་པ་ཙམ། །དོན་ལ་མཚོན་བྱ་མཚོན་བྱེད་འདས། །ངོ་བོ་ཉིད་ཀྱིས་མཐའ་དང་བྲལ། །འབྲས་བུ་གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ལས། གཞི་ཆོས་ཉིད་གཤིཔོ་ཀྱི་གནས་ལུགས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།ཐོག་མ་མེད་པའི་ཆོས་ཉིད་དེ། །སྐྱེ་བ་མེད་པའི་ངང་ཉིད་ལས། །དཔེར་ན་ནམ་མཁའ་རང་རྩལ་ལས། །དུས་མཉམ་འབྱུང་བ་སྐྱེས་པ་བཞིན། །འགགཔ་མེད་པའི་སེམས་ཉིད་དུ། །ཕྱོགས་མེད་ཀུན་ཏུ་གསལ་བ་ལ། །དེར་འཛིན་ཡོད་ལ་བཟུང་ཡུལ་མེད། །འཁོར་འདས་གང་དུ་མ་གྲུབ་པའི། །རང་ངོ་མ་ཤེས་བག་ལ་ཉལ། །ཀུན་གཞི་མ་རིག་སེམས་ཞེས་བྱ། །ཀུན་གཞི་ཆོས་ཉིད་རྒྱ་མཚོ་ལས། །སྙིང་པོ་རང་རྩལ་རིག་པ་དེ། །ཡུལ་དུ་རྟོག་པའི་རླུད་བཀོད་ནས། །རྣམ་ཤེས་སྣ་ཚོགས་རྦ་རླབས་འཕྲོས། །གཟུང་འཛིན་གཉིས་སུ་སྣང་བར་འགྱུར། །རྒྱ་མཚོ་དང་ན་རྦ་རླབས་གཉིས། །ཐ་དད་མེད་བཞིན་རྣམ་ཤེས་དང་། །སེམས་ཉིད་གཉིས་སུ་མེད་གྱུར་ཀྱང་། །རང་དུ་མ་རིག་གཞན་དུ་འཁྲུལ། །དཔེར་ན་དར་གྱི་སྲིན་བུ་དེ། །རང་གི་ཁ་ཆུས་འཐུམས་པ་བཞིན། །མ་རིག་འཁྲུལ་པའིགཟུང་འཛིན་ཏེ། །སུས་ཀྱང་མ་བཅིངས་རང་གིས་བཅིངས། །བཅིང་བར་བྱ་བ་ཡོད་མིན་ཏེ། །ང་དང་བདག་ཏུ་བཟུང་བ་ཡི། །ཀུན་གྱིས་མཁའ་ལ་མདུད་པ་བོར། །དོན་གྱི་བཅིངས་མེད་གྲོལ་མེད་དེ། །ཡེ་ནས་ཆོས་ཉིད་དབྱིངས་སུ་གནས། །མ་འགགས་པ་ཡིས་ཅི་ཡང་འགྱུར། །གཟུང་འཛིན་གཉིས་ཀྱིས་རང་རྟོག་གིས། །བདག་དང་གཞན་དུ་སོ་སོ་མྲ །ཆགས་སྡང་ཁམས་དྲུག་ཉོན་མོངས་དྲུག །གཟུགས་མེད་གཟུགས་ཁམས་འདོད་ཁམས་ཀྱི། །རྣམ་རྟོག་ལས་ཀྱི་འཁྲུལ་པ་ཤར། །སེམས་ནི་ཀུན་གྱི་ས་བོན་ཏེ། །རང་གི་རྒྱུ་རྐྱེན་ལས་ཚོགས་པས། །འབྲས་བུ་ཁམས་གསུམ་རིགས་དྲུག་ན། །གནས་དང་ལོངས་སྤྱོད་ལུས་ལ་སོགས། །བདེ་སྡུག་རྣམ་པ་སྣ་ཚོགས་མྱོང་། །རང་གི་ལས་ལ་སྤྱོད་པ་ཡིན། །རྣམ་རྟོག་འཕེལ་འགྲིབ་སྐྱེ་འགག་ཅན། །འཛད་མེད་ཟོ་ཆུའིཁྱུདབཞིནའཁོར། །རིག་པ་མངོན་དུ་མ་གྱུར་ན། །རང་སེམས་འཁྲུལ་པའི་མུན་རུམ་ལ། །ཉོན་མོངས་སྣ་ཚོགས་སེམས་དཀྲུགས་ཤིང་། །ཟད་མེད་འཕེལ་བ་མེད་པ་མྲ །བྱིས་པ་གྱི་ནར་འཁྱམས་པར་འགྱུར། །སེམས་ཉིད་ཅིག་གི་གནས་ལུགས་ལ། །མིག་བཙིར་ཟླ་བ་གཉིས་མཐོང་བཞིན། །གཉིས་མེད་དོན་ལ་གཉིས་སུ་འཁྲུལ། །འཁྲུལ་བའི་གཟུང་འཛིན་ཨ་འཐས་པས། །རང་སྣང་ལོག་པས་གཞན་དུ་མཐོང་། །དཔེར་ན་མཐོ་མི་ཐག་པ་སྦྲུལ། །མཐོང་བས་དངངས་སྐྲག་བརྒྱལ་བ་བཞིན། །རང་གིས་རང་ལ་ཕྱིན་ཅི་ལོག །སྡུག་བསྔལ་སྣ་ཚོགས་དངངས་སྐྲག་མྱོང་། །དཔེར་ན་སྒྱུ་མས་བསླུས་པ་བཞིན། །བྱེད་པ་གཞན་ན་མ་མཆིས་པར། །རང་དང་གཞན་གྱི་རྟོག་པ་ལ། །བདེ་སྡུག་རྣམ་པ་སྣ་ཚོགས་མྱོང་། །སྣ་ཚོགས་གཟུགས་ཅན་ཡིད་ལ་སྐྱེས། །ང་རུ་འཛིན་པའི་ཡིད་ལས་སུ། །གཞན་ན་ཡོད་པ་མ་ཡིན་པས། །སེམས་ལས་བྱུང་བའི་ཆོས་རྣམས་ཀུན། །བདེན་མེད་སྒྱུ་མ་བཞིན་དུ་ལྟོས། །གཟུང་འཛིན་གཉིས་ཀྱི་རྟོག་པའི་ཡུལ། །སྣ་ཚོགས་སྣང་བ་གང་ཤར་ལ། །ཆགས་སྡང་རྟོག་པ་མ་ཞུགས་པའི། །སེམས་ཉིད་འོད་གསལ་མེ་ལོང་ལ། །དེར་འཛིན་མེད་པར་བཞག་པ་ནི། །རབ་ཀྱིས་སྐད་ཅིག་སེམས་གྲོལ་འགྱུར། །སེམས་ཀྱི་རྣམ་རྟོག་གང་སྐྱེས་ལ། །སེམས་ཀྱིས་སེམས་ལ་ལྟས་པས་སུ། །རངབཞིནམེདཔརཤེས་པ་ཡིས། ཁྲེས་རབ་ཕ་རོལ་ཕྱིན་པ་ཡིན། །ལམ་དེ་ཉིད་ལ་སྤྱོད་པས་གྲོལ། །རྟོག་པ་སྣ་ཚོགས་ཐ་དད་ལ། །གཅིག་འགག་ཙམ་ན་ལ་སྒྲོན་མེ་བཞིན། །རྣམ་རྟོག་འཕེལ་འགྲིབ་སྐྱེ་འགག་ཅན། །རྣམ་རྟོག་ལས་ནི་རྣམ་རྟོག་དག །རྣམ་རྟོག་ལས་ནི་རྣམ་རྟོག་སྐྱེས། །རྣམ་རྟོག་སེམས་ཀྱི་བྱེད་པ་ཡིན། །སྲིད་ཞི་སེམས་ཀྱི་རྟོག་པའོ། །སྐྱེ་བ་མེད་ལས་སྐྱེས་པ་ཡིས། །འགག་པ་མེད་པའི་སེམས་ཉིད་འདི། །སྐྱེས་ཙམ་ཉིད་ན་སྐྱེ་མེད་པ། །གནས་ལུགས་མཚན་ཉིད་མ་ངེས་པས། །སྣ་ཚོགས་སྣང་བ་ཅིར་ཡང་ཤར། ཁྲར་བ་ཐམས་ཅད་རང་ཡིན་ཡང་། །དཔེར་ན་སྨྱོན་པ་རང་ཉིད་ཀྱིས། །རང་ངོ་མ་ཤེས་གཞན་དུ་འཁྲུལ། །རང་ལ་ཆགས་དང་སྤྱོད་པ་བཞིན། །མ་ཤེས་མ་རིག་འཁྲུལ་པ་ཡང་། །མ་རིག་པ་ལ་མ་རིག་པའི། །རྟོག་ཚོགས་འཁོར་བ་འཁོར་ལུགས་དེ། །གང་ཤར་སྣང་བ་མངོན་སུམ་དུ། །ཆོས་རྣམས་ཐམས་ཅད་བདེན་པ་ལ། །རང་བཞིན་མ་ཤེས་ཀུན་རྫོབ་ཡིན། །ཀུན་རྫོབ་ཕྱི་ནང་གསང་གསུམ་སྟེ། །ཕྱི་ནི་སྣོད་ཀྱི་འཇིག་རྟེན་འདི། །འབྱུང་བ་ལྔ་ལས་གྲུབ་པ་ཡང་། །ཀུན་རྫོབ་སེམས་ཀྱི་སྣང་བ་སྟེ། །ཀུན་རྫོབ་མི་རྟག་འཇིག་པ་ཡིན། །སེམས་ཀྱི་གཟུང་འཛིན་གནས་ཀྱི་བར། །འབྱུང་བ་ལྔ་ཡང་གང་བཟུང་རྟག །གང་དུ་ཡང་ནི་འཇིག་པ་མེད། །སེམས་ཀྱི་གཟུང་འཛིན་ཞིག་ཙམ་ན། །འབྱུང་བ་ལྔ་ཡང་ཞིག་ལས་ཏེ། །འབྱུང་བ་ལྔ་པོ་རང་གི་སེམས། །དེ་ལས་སྐྱེས་ཚད་ཐམས་ཅད་སེམས། །སེམས་མེད་པ་ལས་འབྱུང་བ་མེད། །སེམས་ནི་ས་རུ་བྱུང་བ་སྟེ། །ལྕི་བ་རུ་ནི་གནས་པས་ཏེ། །སེམས་འཕོས་ལུས་ལས་ས་མེད་པས། །རོ་ནི་ཆུའི་སྟེང་དུ་ལྡིང་། །ཆུ་ནི་སེམས་ལས་བྱུང་བས་ན། །ལུས་ཉིད་བརླན་དུ་གནས་པ་ཡིན། །གལ་ཏེ་ཆུ་ཉིད་གཞན་དུ་ན། ཁེ་བའི་རོ་ལ་ཁྲག་མི་འབྱུང་། །རྣམ་ཤེས་མེ་རུ་བྱུང་བས་ན། །ལུས་ལ་དྲོད་དུ་འབར་བར་ངེས། ཁེ་བའི་ལུས་ལ་དྲོད་མི་འབྱུང་། །རྣམ་ཤེས་རླུད་གི་ལུས་དག་ལ། །འབྱུང་འཇུག་དབུགས་ཀྱི་གཡོ་བར་བྱེད། །ཡེ་ཤེས་འཕོས་པའི་ལུས་ལ་ནི། །དབུགས་མེད་པས་ནི་ས་རྡོ་བཞིན། །རྣམ་པར་ཤེས་པ་ནམ་མཁའ་སྟེ། །མདངས་དང་ཁ་དོག་རྣམས་འབྱེད་དོ། །ཤི་བའི་རོ་ལ་མདངས་མེད་ཅིང་། །གོ་འབྱེད་སྲོག་ནི་མ་མཆིས་པས། །འབྱུང་བ་ཕྱི་ནང་ཐམས་ཅད་ཀུན། །སེམས་ལ་ལྷན་ཅིག་སྐྱེས་པ་ཡིན། །ནང་དུ་ཁམས་དྲུག་རིགས་དྲུག་སོགས། །གཡོ་བ་བཅུད་ཀྱི་སེམས་ཅན་དུ། །གཟུང་དང་འཛིན་པ་ཕུང་པོ་ལྔ། །དབང་པོ་ལྔ་དང་ཡུལ་ལྔ་དང་། །རྣམ་ཤེས་ཉོན་མོངས་ལྔ་ལ་སོགས། །ཐམས་ཅད་སེམས་ཀྱི་རང་སྣང་ཡིན། །སེམས་ལས་མ་གཏོགས་ཕྱི་རོལ་ན། །རྡུལ་ཙམ་སྐད་ཅིག་གྲུབ་པ་མེད། །རང་སེམས་ཡིན་པས་རྨི་ལམ་དུ། །ཐམས་ཅད་སེམས་ལ་སྣང་བར་འཆར། །བར་དུ་བདག་གཞན་གཉིས་སྣང་གི ཁུ་རྐྱེན་རྟེན་འབྲེལ་ལས་བྱུང་བའི། །བློ་བུར་རྣམ་རྟོག་གང་སྐྱེས་པའི། །སྣང་བ་སྐྱེ་འགག་འཕེལ་འགྲིབ་ཅན། །བདེ་སྡུག་རྣམ་པ་སྣ་ཚོགས་ཀུན། །འཁྲུལ་སྣང་ཡེ་ཤེས་རྟོག་པ་ཡིན། །གང་ཚེ་གང་སྣང་སེམས་ཀྱི་གཟུགས། ཁ་དོག་དབྱིབས་དང་ཆེ་ཆུང་སོགས། །དུས་ཚོད་གནས་སྐབས་དེ་བཞིན་ཡིན། །མ་རིག་འཁོར་བ་རང་སེམས་ལ། །འཁོར་བ་མ་ཡིན་གཞན་དུ་འདོད། །ཕྱི་རོལ་རྟག་ཆད་སེམས་ཡིན་ལ། །ཉན་ཐོས་རང་རྒྱལ་འཁོར་བ་སྤོང་། །བྱང་ཆུབ་སེམས་དཔའ་ལམ་གྱིས་སྦྱང་། །སྔགས་ཀྱིས་བསྒྱུར་དང་ཤེས་བྱེད་པའི། །སོ་སོ་མ་ཡིན་ཐ་དད་པའི། །ཐེག་པ་སྣ་ཚོགས་ཏིང་འཛིན་སེམས། །སེམས་མ་ཡིན་པའི་ཆོས་མེད་པའི། །རྒྱ་མཚོའི་ཆུ་ལ་སྐྱོགས་གང་ཙམ། །བཅུས་པས་དེའི་དོན་བྱེད་བཞིན། །ཐེག་པ་རིམ་པའི་ཆོས་རྣམས་ལ། །རང་དང་མཐུན་པའི་བདེན་པ་ནི། །ཐད་ཀར་འབྱུང་བ་སེམས་ཡིན་ནོ། །དམུས་ལོང་ཚོགས་ཀྱིས་གླང་ལྟས་པས། །གླང་གཅིག་ཐ་དད་མཐོང་བ་བཞིན། །སེམས་ཉིད་གཅིག་གི་གནས་ལུགས་ལ། །གང་ཟག་བློ་རིགས་ཐ་དད་པས། །ཐེག་པ་སྣ་ཚོགས་ཐ་དད་བཀྲོལ། །ཡོད་ནི་གཅིག་ལས་མེད་པ་ལ། །བྱུང་ནི་ཐེག་པ་དགུ་རུ་བྱུང་། །འཆད་པ་ཐེག་པ་གསུམ་དུ་བཤད། །བསྟན་ནི་རྣམ་པ་གཉིས་སུ་བསྟན། །འདུས་པ་ཐེག་པ་ཆེན་པོར་འདུས། །ཡིན་པཐམས་ཅད་སེམས་ཡིན་ཏེ། །ཁྱབ་པ་སྣོད་བཅུད་ཀུན་ལ་ཁྱབ། །གནས་པ་ཆོས་ཉིད་དབྱིངས་ལ་གནས། །གསལ་བ་རང་རིག་ཐད་ཀར་གསལ། །བྱས་པ་སྣང་སྲིད་ཐམས་ཅད་བྱས། །གྲུབ་པ་གང་ཡང་གྲུབ་པ་མེད། །སྣང་བ་གང་ཡང་མ་འགགས་སྣང་། །བསྟན་དུ་མཚན་མའི་དངོས་པོ་མེད། །མཐོང་དུ་དམིགས་པའི་ཡུལ་ལས་འདས། །བརྗོད་དུ་དོན་དམ་སྤྲོས་དང་བྲལ། །སྤྲོས་དང་བྲལ་བའི་སེམས་ཉིད་ལས། །འཁོར་བ་མྱང་འདས་ང་ཡི་སེམས། །ཀུན་རྫོབ་དོན་དམ་ང་ཡི་སེམས། །ཉོན་མོངས་ཡེ་་ཤེས་ང་ཡི་སེམས སེམས་ཅན་སངས་རྒྱས་ང་ཡི་སེམས། །བདེ་སྡུག་དགེ་སྡིག་ང་ཡི་སེམས། །སྣང་དང་མི་སྣང་ང་ཡི་སེམས། །ལེགས་ཉེས་སྐྱོན་ཡོན་ང་ཡི་སེམས། །བདག་གཞན་གཉིས་སྣང་ང་ཡི་སེམས། །འཁྲུལ་གྲོལ་གཉིས་པོ་ང་ཡི་སེམས། །མདོར་ན་གཟུང་འཛིན་ང་ཡི་སེམས། །ང་ལ་མ་གཏོགས་གཞན་མེད་པས། །སྟོན་པ་གསུམ་ཡང་ང་ཡིན་ནོ། །བསྟན་པ་གསུམ་ཡང་ང་ཡིན་ནོ། །གང་ཟག་གསུམ་ཡང་ང་ཡིན་ནོ། །ཐམས་ཅད་མཁྱེན་པ་ང་ཡིན་ནོ། །སྣང་སྲིད་འཁོར་འདས་ཐམས་ཅད་ཀྱི། །ཆོས་དང་ཆོས་ཉིད་དབྱེར་མེད་པའི། །ལྷན་ཅིག་སྐྱེས་དགའི་རང་བཞིན་ཏེ། །སེམས་ཉིད་ངའི་གནས་ལུགས་ཡིན། །སྡོང་པོ་སྨན་པ་ཤེས་པ་ན། །ཡན་ལག་སྨན་དུ་ཤེས་པ་བཞིན། །ངའི་རང་བཞིན་གཅིག་རིག་ནི། །ཆོས་རྣམས་ཐམས་ཅད་རིག་འགྱུར་བས། །དེ་ཕྱིར་བྱར་མེད་རྩོལ་བྲལ་ངང་། །མ་བཅོས་ལྷུན་གྲུབ་ངང་དུ་ཞོག །ཆོས་ཉིད་འགྱུར་བ་མེད་པ་ལས། །འགྱུར་བཟློག་རྣམ་པ་སྣ་ཚོགས་དང་། །མི་འགྱུར་ལྷུན་གྱིས་གྲུབ་པ་དང་། །གཉིས་འཛིན་གཉིས་སུ་མེད་སྟོན་པ། །ཀུན་བྱེད་རྒྱལ་པོ་སེམས་ཡིན་ཏེ། །དཔེར་ན་སྒྱུ་མའི་མཁན་པོ་ཡིས། །བདེན་དང་རྫུན་པ་ལ་སོགས་པའི། །སྒྱུ་མ་སྣ་ཚོགས་སྟོན་པ་བཞིན། །ཐམས་ཅད་སྒྱུ་མའི་སེམས་ཉིད་ཀྱི། །ཡེ་ཤེས་གཅིག་གི་ཆོ་འཕྲུལ་ཡིན། །སེམས་ཅན་སངས་རྒྱས་སྤྲུལ་པ་ཡིན། །སངས་རྒྱས་སེམས་ཅན་སྤྲུལ་པ་ཡིན། །གཉིས་ཀ་སྒྱུ་མའི་སྤྲུལ་པ་ཡིན། །སྒྱུ་མ་སེམས་ཀྱི་སྤྲུལ་པ་ཡིན། །སེམས་ཉིད་ཆོས་ཉིད་སྤྲུལ་པ་ཡིན། །ཆོས་ཉིད་ཐམས་ཅད་མཁྱེན་པ་ཡིན། །ཐམས་ཅད་སེམས་ཀྱི་རང་བཞིན་ཏེ། །སེམས་ཉིད་འོད་གསལ་ཆེན་པོ་ལ། །རིན་ཆེན་གླིང་གི་ས་རྡོ་བཞིན། །ནམ་ཡང་འགྱུར་ལྡོག་གསལ་འགྲིབ་མེད། །སེམས་ཉིད་རྟོགས་ན་ཡེ་ཤེས་ཏེ། །སངས་རྒྱས་གཞན་ནས་བཙལ་དུ་མེད། །མ་བཙལ་བཞག་པས་ལྷུན་གྱིས་གྲུབ། །བློའི་རྟོག་པ་རང་སར་གྲོལ། །བསྒོམ་དུ་མེད་པའི་ཆོས་ཉིད་ཡིན། །མ་ཤེས་རྟོག་པ་སྣ་ཚོགས་ལ། །སྤང་བླང་དགག་སྒྲུབ་འཁོར་བར་འཁྱམས། །འཁོར་འདས་རིག་དང་མ་རིག་ཁྱད། །སྐད་ཅིག་དུས་ཀྱི་ཁྱད་ལས་མེད། །དེ་བས་རིག་པ་གནད་དུ་བསྣུན། །རང་ལ་གནས་པའི་ཡེ་ཤེས་དེ། །རང་གིས་རང་ཉིད་ཤེས་པར་བྱའོ། །མ་རིག་རང་ཁར་སྤྱོད་པ་ཡིས། །གཉིས་འཛིན་ཐམས་ཅད་འཁོར་བས་ཏེ། །རང་བཞིན་ཤེས་པའི་ཏིང་འཛིན་ལ། །གཉིས་མེད་རྟོགས་པ་མྱ་ངན་འདས། །འདུས་བྱས་ཆོས་ཀུན་ཀུན་རྫོབ་ལ། །འདུས་མ་བྱས་པ་དོན་དམ་སྟེ། །སྲིད་པ་འཁོར་བའི་ཆོས་རྣམས་ལ། །རྣམ་པར་རྟོག་བྱེད་ཆོས་ཡིན་ལ། །རྣམ་པར་མི་རྟོག་ཆོས་ཉིད་དེས། །གཟུང་འཛིན་གཉིས་ཀྱི་ཡུལ་ལ་ན། །རྣམ་པར་རྟོག་པ་སྣ་ཚོགས་སུ། །སྣང་སྤྱོད་ཤེས་པ་རྣམ་ཤེས་ལ། །དེ་རྣམས་ཐམས་ཅད་རྟོག་མེད་ཀྱི། །སྐྱེ་འགག་མེད་པའི་ཤེས་རབ་ཀྱིས། །རང་བཞིན་ཤེས་པ་ཡེ་ཤེས་ཡིན། །སེམས་ནི་ཀུན་གྱི་མཁན་པོ་ལ། །སེམས་བྱུང་མ་རིག་རྟོག་ཚོགས་ཏེ། །སེམས་དང་སེམས་བྱུང་གཉིས་སུ་མེད། །སེམས་ལ་སེམས་ནི་མ་མཆིས་པས། །སེམས་ཀྱི་རང་བཞིན་འོད་གསལ་ཏེ། །མཚོ་དང་ཆུའི་རླབས་བཞིན་ལ། །གཉིས་སུ་འཛིན་པ་ཞགྲུལ་པའི་བློ། །གཉིས་མེད་རྟོགས་ན་ཡེ་ཤེས་ཡིན། །ཐེག་པ་ཐམས་ཅད་མཐར་ཐུག་གི །དོན་གྱི་ཡེ་ཤེས་གཅིག་འདོད་ཀྱང་། །ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ། །ཡེ་ཤེས་ལྡན་པས་དོན་ཀུན་ཤེས། །ཚོགས་གཉིས་ཚོགས་ཆེན་བསགས་ལས་བྱུང་། །མདོར་ན་ཐམས་ཅད་སེམས་ཡིན་ཏེ། །རིན་ཆེན་སེམས་ལས་མ་གཏོགས་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །དེ་བས་ཆོས་རྣམས་ཐམས་ཅད་ཀུན། །རང་གི་སེམས་སུ་རྟོགས་པར་གྱིས། །འབྲས་བུ་གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ལས། །ཀུན་རྟོག་སེམས་ཀྱི་བྱུང་ཚུལ་གྱི་ལེའུ་སྟེ་བཞི་པའོ།། །།ཀུན་གཞི་ཆོས་ཉིད་སྟོང་པའི་མཁའ། །རང་སྣང་རིག་པ་འོད་དུ་ཤར། །དེ་ཉིད་གཟུང་འཛིན་མ་རིག་ཞབྲུལ། །ཁམས་དྲུག་ཕྱི་ནང་སྣོད་བཅུད་ཆགས། །རིག་པའི་རྩལ་དེ་སྲིད་པའི་རླབས། །གཡོས་པའི་དྲོད་ལས་རླངས་བྱུང་ནས། །སྲིད་པའི་ཟིལ་པ་ཆུ་རུ་འཁྱིལ། །ལྦུ་བའི་རྡུལ་ཕྲན་སྤྲིན་བཞིན་འཁྲིགས། །ཞེན་པའི་རང་གཟུགས་སྲ་བ་ཡི། །ས་ཆགས་ཁ་དོག་འོད་ལྔ་ཡིས། །འཐས་པའི་གཟུགས་བརྙན་རིན་ཆེན་ལྔ། །རྟོག་པ་ལྔའམ་བརྒྱད་ལས་སུ། །རི་བོ་རི་བྲན་རྒྱ་མཚོ་དང་། །གླིང་བཞི་གླིང་ཕྲན་མུ་ཁྱུད་བཅས། །ཆགས་འཇིག་སྟོངས་གནས་བཅས་པ་མྲ །བསྐལ་པ་བསྐལ་ཕྲན་རིམས་ཀྱིས་སུ། །རྟོག་པའི་རླུད་གིས་རབ་བསྐྱེད་ནས། །འཇའ་ཚོན་འོད་ཀྱི་ཚུལ་དུ་ཆགས། །སྣང་ཞིང་བསྟེན་པས་སྣོད་ཡིན་ལ། །འདུས་བྱས་ཡིན་པས་འཇིག་རྟེན་ཞེས། །ཐུན་མོང་སྤྱི་ཡི་སྣང་བ་ཡིན། ཁྱད་པར་གང་ཟག་དང་སྣང་ལ། །རྣམ་པར་མི་རྟོག་མཁའ་ཡིན་ལ། །རྟོག་པ་སྐད་ཅིག་དྲན་བྱེད་དེས། །འབྱུང་བ་སོ་སོར་གསལ་བ་ལ། །ཕྱོགས་གཅིག་སྣང་བ་ཅིག་ཅར་དུ། །སྣོད་ཀྱི་འཇིག་རྟེན་ཆགས་པ་ཡིན། །དེར་སྣང་གྲོལ་བ་འཇིག་པ་སྟེ། །སྐྱེ་འགག་མི་རྟག་འཇིག་རྟེན་ཞེས། །འདུས་བྱས་ཆོས་ཀྱི་མཚན་ཉིད་ཡིན། །ཀུན་གཞི་ཡིད་བྱེད་གཟུང་འཛིན་གྱི། །རྣམ་པར་ཤེས་པ་ཡིད་ཀྱི་ལུས། །གཟུགས་སུ་མེད་པའི་རྣམ་པ་ཅན། །བར་དོ་དང་ནི་གཟུགས་མེད་ཁམས། །སེམས་ཅན་རྣམས་ལ་རྟོག་པ་ཡིན། །རྣམ་ཤེས་དྲན་པའི་གཟུང་འཛིན་ལ། །གཟུགས་དང་ཁ་དོག་སྣང་བ་ཀུན། །ཆགས་ཞེན་འཛིན་པ་ཆེར་སྐྱེས་པས། །དེ་དང་དེའི་ལུས་སྣང་བ། །གཟུགས་ལ་ཆགས་པས་གཟུགས་ཁམས་བྱུང་། །དྲན་བྱེད་གཟུགས་ཀྱི་བག་ཆགས་ལ། །ཞེན་པས་རྣམ་པར་སྨིན་པའི་ལུས། །རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས། །དུས་གསུམ་བསྐྱེད་ནས་འདོད་ཁམས་ཀྱི། །གཟུགས་དང་རྟོག་པ་ཐ་དད་པ། །སེམས་ཅན་གཅིག་གི་ལུས་ལ་ཡང་། །འགའ་ཞིག་གིས་ནི་སྐྱབས་སུ་མཐོང་། །འགའ་ཞིག་ཟས་དང་གྲོགས་སུ་ལྟ། །འགའ་ཞིག་ཡུལ་དང་གནས་སུ་མཐོང་། །གཅིག་ལས་ངེས་མེད་སྣ་ཚོགས་བྱུང་། །སེམས་ཅན་བློ་རིགས་མི་གཅིག་པས། །ལ་ལའི་བདེ་བ་ལ་ལའི་སྡུག །ལ་ལའི་སྡུག་བསྔལ་ལ་ལའི་བདེ། །དེ་བཞིན་དུ་ནི་ཉིན་དང་མཚན། །དགྲ་དང་གཉེན་དང་འཕེལ་འགྲིབ་དང་། །ཟས་དང་དུག་དང་སྐྱེ་དང་འགག །ལེགས་ཉེས་སྐྱོན་ཡོན་སྣ་ཚོགས་པ། །གོ་ཟློག་མི་གཅིག་སྣ་ཚོགས་དང་། །ཐུན་མོང་འདོད་ཡོན་ཞེན་པ་ནི། །འདོད་ཁམས་ལུས་ཅན་སེམས་ཅན་བྱུང་། །ཁམས་གསུམ་འདི་དག་སེམས་གཅིག་ཀྱང་། །གཟུང་འཛིན་མ་གཅིག་སོ་སོར་བྱུང་། །གཟུགས་མེད་འཛིན་པའི་སེམས་ལ་ཆགས། །གཏི་མུག་ཤས་ཆེ་བཏང་སྙོམས་གནས། །རྣམ་ཤེས་རྟོག་པ་གཞི་ལ་མེད། །རྟོག་པ་དེ་འགག་ཤི་བ་ཡིན། །གཟུགས་ཁམས་སྤྱིའི་ཡུལ་ལ་ཆགས། ཁ་དོག་གཟུགས་ལ་ཞེན་པ་ཡིས། །ཆགས་སྡང་གཉིས་ལས་འདོད་ཤས་ཆེ། །བསམ་གཏན་དགའ་བདེའི་གནས་ལ་ཡེངས། །འཇུག་ཏུ་སྡང་སེམས་ཆེར་སྐྱེས་ནས། །འཆི་འཕོ་ལྟུང་བའི་སྡུག་བསྔལ་མྱོང་། །འདོད་ཁམས་འདོད་ཡོན་ཕྱི་ནང་ལ། །དུག་ལྔའི་སྣང་བ་རྒྱས་པ་ཡི། །ཚོར་བའི་སྡུག་བསྔལ་ཤིན་ཏུ་ཆེ། །རྣམ་རྟོག་རགས་པ་ཡེ་ཤེས་རགས། །ལས་ཀྱི་འབྲས་བུ་མྱུར་བ་ཡིན། །རྟེན་པ་ལུས་ལ་རྟེན་བྱེད་སེམས། །རྣམ་ཤེས་སྲོག་གི་རྟེན་ཡོད་ཕྱིར། །རྣམ་པར་སྨིན་པའི་ལུས་ཞེས་བྱ། ཁམས་ལ་གནས་པའི་སེམས་ཅན་ལ། །རྨི་ལམ་དང་ནི་སྒྱུ་མ་བཞིན། །བདེན་པར་མ་གྲུབ་བདེན་པའི་ཚུལ། །རྐྱེན་རྣམས་ཚོགས་པའི་འཁྲུལ་འཁོར་ལ། །སྐྱེ་བ་མི་ཟད་རྒྱུན་དུ་སྤྱོད། །ཆོས་ཉིད་དྲན་ན་གཉིད་སད་འདྲ། །སྐད་ཅིག་འཁོར་བའི་སྡུག་བསྔལ་སངས། །འགྲོན་པོ་ཕ་ཡུལ་བསླེབ་པ་བཞིན། །རང་གི་ས་ལ་དོགས་མེད་དུ། །མི་འགྱུར་རི་རབ་འདྲ་བར་སྤྱོད། །ཕྱི་ནང་སྣོད་བཅུད་སྣང་སྲིད་ལ། །འཛིན་པའི་སེམས་དང་གཟུང་བའི་ཡུལ། །ཉི་མ་དང་ནི་འོད་བཞིན་དུ། །སེམས་ཀྱི་རྟོགས་པས་ལྷན་ཅིག་སྐྱེས། །སྣོད་བཅུད་གཉིས་པོ་སོ་སོ་སྲ །སྣོད་མེད་སེམས་ཅན་གནས་པ་དང་། །བབ་མེད་སྣོད་ནི་སྟོང་པ་གཉིས། །སེམས་ཀྱི་རྟོག་པ་མ་བྲལ་ན། །སྐད་ཅིག་ཙམ་ཡང་འགྱུར་བ་མེད། །འདུས་བྱས་ཕྱི་ནང་སྣོད་བཅུད་འདི། །སྲ་ཞིང་མཁྲེགས་ཡང་སྙིང་པོ་མེད། །སྐད་ཅིག་རྐྱེན་གྱིས་འཇིག་པར་ནུས། །སེམས་ཉིད་འོད་གསལ་ཆེན་པོ་འདི། །སུས་ཀྱང་མི་ཤིགས་རྡོ་རྗེའི་བྲག །འབྲས་བུ་གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ལས། །སྲིད་པ་སྣོད་བཅུད་ཆགས་ལུགས་ཀྱི་ལེའུ་སྟེ་ལྔ་པའོ།། །།མ་རིག་ཀུན་གཞི་རྣམ་རྟོག་དེ། །ཡིད་བྱེད་ཉོན་མོངས་རྣམ་ཤེས་ཀྱིས། །གཟུགས་མེད་རྣམས་ལ་སྣང་མུན་དང་། །གཟུགས་ཁམས་འོད་ཀྱི་ལུས་དང་ནི། །འདོད་ཁམས་སྔ་མའི་བག་ཆགས་ཀྱི། །རྨི་ལམ་ལྟ་བུའི་དྲན་པ་དེ། །ཡིད་ཀྱི་ལུས་ཡིན་སྔ་མ་འདིས། །ཕྱི་མའི་ཉིང་འཚམས་སྦྱོར་བ་ཡིས། །བར་དོར་ཡིད་ཀྱི་ལུས་ཞེས་བྱ། །འབྲས་བུ་ལས་དང་རྐྱེན་གྱིས་བསྒྱུར། །བར་སྣང་རླངས་དང་འདྲ་བ་སྙེ། །རྣམ་ཤེས་འཁྱམས་པོ་ལས་ཀྱི་རླུད་། །ཐོགས་མེད་ཀུན་ཚངས་དབང་པོ་ལྡན། །རྫུ་འཕྲུལ་ལྷ་མིག་སྟོབས་དང་ལྡན། །འདོད་པའི་དབང་གིས་སྐྱེ་བ་ལེན། །ཆགས་སྡང་གཉིས་ཀྱིས་ཡིད་གཡོས་ནས། །རེ་དོགས་གཉིས་ཀྱིས་ཡིད་སྐྲག་ཅིང་། །རྒྱུད་ལྔའི་རྒྱུ་མཐུན་ལམ་དུ་ཞུགས། །སྐྱབས་དང་རྟེན་འཚོལ་མངལ་དང་གནས། །འདོད་པའི་ཡུལ་མཐོང་དེར་ཞུགས་པས། །ལས་མཐུན་རྐྱེན་འཛོམ་བག་ཆགས་འགགས། །དྲི་ཟ་ཡིད་ཀྱི་རྟོག་པ་དེ།ཁབ་ལེན་རྡོ་ཡིས་ལྕགས་སྡུད་བཞིན། །ཕ་མ་གཉིས་ཀྱི་ཁུ་ཁྲག་དེ། །སྐད་ཅིག་ལས་ཀྱི་རླུད་གིས་བསྡུས། །སྙིགས་མ་སྤྱིར་ཟགས་དངས་མ་གསུམ། །གཅིག་ཏུ་འདྲེས་པས་དྲན་མེད་གྱུར། །གཏི་མུག་མུན་པའི་སྣང་བ་ལས། །སྐྱེ་བ་མེད་པའི་རང་མདངས་ཤར། །འོད་ལྔའི་གོང་བུ་འབྱུང་བ་ལྔའི། ཁམས་ཀྱི་རང་བཞིན་རྣམ་ཤེས་ནི། །ནམ་མཁའི་གོ་འབྱེད་རླུང་གིས་སྐྱེད། །ཆུ་ཡིས་སྡུད་ཅིང་མེ་ཡིས་སྨིན། །ས་ཡིས་སྲ་ཞིང་གཟུགས་སུ་གྲུབ། །འདོད་ཆགས་ལས་སྐྱེད་རླུད་གི་ལུས། །ཞག་བདུན་ཆུ་བཞིན་མེར་མེར་པོ། །ཞེ་སྡང་ལས་གྱུར་མཁྲིས་པའི་ལུས། །ཞག་བདུན་ལྟར་ལྟར་ཞོ་བཞིན་ཆགས། །གཏི་མུག་ལས་སྐྱེས་བད་ཀན་ལུས། །ཞག་བདུན་གོར་གོར་མར་བཞིན་འགྱུར། །ཞག་བདུན་རྣམ་ཤེས་དུག་གསུམ་སྐྱེད། །ལྟེ་བའི་རྩ་མདུད་གྲུ་གསུམ་ཆགས། །སྲོག་ཤིང་ཨ་བ་དྷ་ཏི་ལས། །འབྱུང་ལྔའི་འཁོར་ལོ་ལྟེ་བ་ཆགས། །ཞག་བདུན་འཁྲང་འགྱུར་ཉ་ལྟ་བུ། །ཞག་རེས་ཉིས་འགྱུར་རྩ་ཆགས་པས། །ཟླ་བ་གཉིས་ན་འཁོར་ལོ་ལྔའི། །རྩ་འདབ་ཆགས་པས་ཡན་ལག་འབུར། །འགོ་འདོད་སྡུས་སྦལ་རྣམ་པ་ཅན། །ནང་དང་རུས་དང་ཕྱི་རུ་ཤ། །ཕ་མའི་དངས་མའི་སྟོབས་ལས་ཚུགས། །རང་གི་རྣམ་ཤེས་དྲན་པ་ཚོར། །དབང་པོ་ལྔའི་རྩ་རྣམས་ཆགས། །ལུས་པོ་སྟོད་ཆེ་སྨད་འཕྲར་འགྱུར། །ཁྱབ་འཇུག་སྦྲུལ་གྱི་རྣམ་པ་ཅན། །ཕོ་མོ་རྡོ་རྗེ་དྲིལ་བུ་ལྟར། །ཆགས་པས་ཕག་པའི་རྣམ་པ་ཅན། །ཟླ་བ་ལྔ་ན་དབང་པོ་ཚངས། །རུས་ཚིགས་སྲོག་ཤིང་ཐམས་ཅད་ཚུགས། །རྩ་དང་ཆུ་རྒྱུས་ཀུན་ཏུ་འབྲེལ། ཁྲའི་ལྷུ་ཚངས་པགས་པ་སྐྱེད། །དོན་ལྔ་སྣོད་དྲུག་ཕྱི་ནང་འབྲེལ། །མགོ་བོ་ཆེ་བས་སེང་གེ་བཞིན། །ཕྱིནངརླུད་གིས་འགུལ་བར་ནུས། །ཟླ་དྲུག་སྲ་དང་བ་སྤུ་སྐྱེས། །གཟུགས་ལ་ཚངས་མའི་རྣམ་པ་ཅན། །ཕོ་མོའི་རིགས་རྣམས་འདོད་པར་འགྱུར། །བུ་ཡི་ལྟེ་བ་མ་ཡི་སྙིང་། །རྩ་འབྲེལ་མ་ཡི་ཟས་ཟོས་པས། །དངས་མ་སྙིང་ཁྲག་རྩ་ལ་ཞུགས། །བུའི་ལུས་ཟུངས་བསྐྱེད་པ་ཡིས། ཁྲ་རྒྱས་མི་ཐུང་རྣམ་པ་ཅན། །སྔ་ཕྱི་གཉིས་ཀའི་རྟོག་པ་འཆར། །ལས་ཀྱི་ཆགས་སྡང་སྐྱོད་ཙམ་ན། །མའི་མངལ་ནས་སྡུག་བསྔལ་མྱོང་། །སྐབས་སུ་བདེ་བའི་བསམ་གཏན་གནས། །ཟླ་བ་བརྒྱད་ན་ཕྱི་ནང་གི། །སྐྱེ་མཆེད་ཐམས་ཅད་རྫོགས་པའི་ཡི། །རྟོག་པ་གཡོས་པས་མི་གཟུགས་སོ། །ཟླ་བ་དགུ་ན་ཕྱི་ཡུལ་གྱིས། །གཟུང་འཛིན་དབང་པོའི་སྒོ་རྣམས་བྱེ། །མིག་བྱེ་རྣ་བ་འབྱར་བ་ཕྱེ། །སྣ་བྱེ་ལྕེ་སྐྱེད་ལུས་ཀྱི་ནི། །རེག་བྱ་འཛིན་པས་བསྒྱུར་བར་བྱེད། །ཕོ་མོ་མའི་གཡས་གཡོན་ནས། །ཟླ་བ་ངོ་བཅུ་བསྒྱུར་བྱེད་ཀྱི། །རླུད་གིས་བསྒྱུར་ནས་འཕེན་བྱེད་རླུད་། །ཕྱི་རུ་འགུལ་ཞིང་སྐྱེ་བར་བྱེད། །ཚོར་བ་འཇུར་དམིག་རྩར་དང་མཚུངས། ཁྲེས་བཞིན་ལྡན་ལ་སྒ་མ་བཞིན། །མངལ་གནས་ཆོས་དབྱིངས་བདེ་ཆེན་དུ། །སྐྱེ་མེད་ངང་ལས་སྐྱེ་བ་ཡིས། །རང་བཞིན་སྤྲུལ་པའི་དགེ་སློང་སྟེ། །འཁོར་བའི་ཆོས་དང་བྲལ་བའི་ལས། །ཕ་མ་མཁན་པོ་སློབ་དཔོན་ཉིད། །མངལ་གྱི་ཕྲུ་མཧྭཛེ་ཆོས་གོས་ལ། །སྤྱི་བོར་ཐར་མོ་སྦྱར་བའི་ཕྱག །རིམས་བཞིན་བསྐྱེད་པའི་ཁྲིམས་ཀྱིས་གནས། །སྔགས་ཀྱི་བཟླས་པ་ཨ་དང་ཧ༷། །གཅེར་བུ་སྐྲ་དང་ཁ་སྤུ་སྲེག །གང་ལ་ཆགས་མེད་གནས་ནས་འབྱུང་། །འདི་དག་རྐྱེན་གྱིས་སེམས་ཅན་རྣམས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཟླ་བ་བཅུ་ན་ས་བཅུ་ཉིད། །སེམས་ཅན་ས་བཅུའི་དབང་ཕྱུག་གོ །ཐོག་མ་ཉིད་ནས་ལྷུན་གྲུབ་པས། །སྐྱེ་བ་སྤྲུལ་པའི་སྐུ་ཡིན་ནོ། །སྐྱེས་ནས་ཟླ་གསུམ་ལོ་གཅིག་ན། །རྩ་ནི་སྟོང་ཕྲག་བརྒྱད་ཅུ་རྫོགས། །སྲིན་བུའི་རིགས་ནི་བརྒྱད་ཁྲི་དང་། །རང་ལུས་འདོམ་གང་གྲུ་བཞི་ལ། །རླུད་ཚད་བཅུ་དྲུག་ལོ་ལ་རྫོགས། །ཉེར་ལྔ་ཐིག་ལེ་སོ་ལྔ་ན། །རིག་པ་ལུས་ཀྱི་རྩལ་རྣམས་རྫོགས། ཁེ་བ་སྟོང་པ་ཆོས་སྐུ་གསུམ། །བར་དོ་ལོངས་སྤྱོད་རྫོགས་སྐུའི་ལུས། །མངལ་ནས་སྐྱེ་བ་སྤྲུལ་པའི་སྐུ། །རྡོ་རྗེ་ལུས་ཀྱི་རང་བཞིན་ལ། །སྐུ་གསུམ་པོ་ནི་རྣམ་པར་གནས། །ལྷ་དང་ལྷ་མིན་སྒྲ་མི་སྙན། །བསོད་ནམས་མཐུ་ཡིས་བདེ་ལ་ཞེན། །ལམ་ལ་འཇུག་པའི་གཉེན་པོ་དམན། །ངན་སོང་མི་ཁོམ་གནས་རྣམས་ནི། །མི་དགེས་མཐུ་ཡིས་སྡུག་བསྔལ་མྱོང་། །བྱང་ཆུབ་ལམ་ལ་འཇུག་མི་ཤེས། །གླིང་གཉིས་དམན་པའི་ལུས་རྣམས་ལ། །བསོད་ནམས་དམན་པས་བཙལ་མ་ཚང་། །བྱང་ཆུབ་ལམ་གྱི་རྟེན་མི་རུང་། །ཚུལ་ཁྲིམས་སྡོམ་པ་སྐྱེ་མི་འགྱུར། །རྩ་རླུད་ཐིག་ལེ་རྫོགས་པ་ཡིས། །མངལ་ནས་རྡོ་རྗེའི་ལུས་འདི་ལ། །རྟེན་པ་རྩེ་གཅིག་བྱང་ཆུབ་འགྲུབ། །མི་མཛད་ཁམས་ཀྱི་འཛམ་གླིང་དུ། །སངས་རྒྱས་ཐམས་ཅད་མི་གཟུགས་ཀྱིས། །རྡོ་རྗེ་འཆང་དུ་སངས་རྒྱས་ཏེ། །གདུལ་བྱ་བློ་དམན་རྣམས་ཀྱིས་དོན། །ཁྱིམ་སྤངས་རབ་བྱུང་ཚུལ་དུ་འབྱོན། །རབ་བྱུང་སྡིག་པའི་ཆོས་དང་བྲལ། །བདུད་རྣམས་ཐམས་ཅད་འཕམ་པར་བྱེད། །ཡོན་ཏན་ཀུན་གྱི་རྟེན་དུ་འགྱུར། །འཕགས་པ་རྣམས་ཀྱིས་ཡོངས་སུ་བཟུངས། །མཁས་པ་རྣམས་ཀྱིས་བསྔགས་པའི། །མྱ་ངན་འདས་པའི་ལམ་ཆེན་པོ། །རྡོ་རྗེ་ཐེག་པའི་གཞི་རྟེན་མཆོག །རྡོ་རྗེའི་ལུས་ལས་འབྱུང་བ་ཡིན། །འབྲས་བུ་གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ལས། རྣམ་སྨིན་ལུས་ཀྱི་གྲུབ་ཚུལ་གྱི་ལེའུ་སྟེ་དྲུག་པའོ།། །།སེམས་ཀྱི་བཅིངས་གྲོལ་ལུས་ཀྱི་གནད། །ལུས་གནས་རྩ་ཡི་གནས་ལུགས་ཏེ། །རྩ་ཡི་གནས་ལུགས་མ་ཤེས་ན། །འདོད་ཁམས་གཞན་དང་ཁྱད་པར་མེད། །དཀར་དམར་ཁམས་དང་འདུ་བྱེད་ཡིད། །ཚོགས་པ་གཅིག་པའི་རྣམ་སྨིན་ལུས། །དུག་གསུམ་སྐུ་གསུམ་སྐྱེད་པ་ཡིས། །ཐོག་མར་སྲིད་པ་ལས་ཀྱི་རླུད་། །ལྟེ་བར་རྩ་མདུད་གྲུ་གསུམ་ཆགས། །དེ་ནས་ལུས་དང་རྩ་རྣམས་བསྐྱེད། །རྩ་མདུད་འཁོར་ལོའི་དབུས་སུ་ནི། དྷ་ཏི་སྲོག་རྩ་སྲོག་ཤིང་ལྟར། །ཡན་མན་སྐྱེད་ནས་འཁོར་ལོ་ལྔ། །ཟངས་དུང་སྦ་བ་གདུགས་རྩིབས་བཞིན། །དེ་ཡི་སྙིང་པོ་དངས་མའི་རྩ། །དབུ་མ་ཆོས་ཉིད་དོན་གྱི་རྩ། །སྐྱེ་བ་མེད་པའི་ལམ་ཆེན་པོ། །ཡར་སྣ་སྤྱི་ག་ག་ཧ༷་ལ་ཟུག །མར་སྣ་གསང་བའི་གནས་སུ་ཟུག །སྤྱི་གཙུག་རྩ་འདབ་སུམ་ཅུ་གཉིས། །རོ་འདུས་བཅུ་དྲུག་སྙིང་ཁར་བརྒྱད། །ལྟེ་བར་དྲུག་ཅུ་རྩ་བཞི་དྲངས། །བདེ་སྐྱོང་ཉི་ཤུ་རྩ་བརྒྱད་འཁོར། །རྩ་རྣམས་དེ་ལས་བསྐྱེད་པ་ཡིས། །དཔག་བསམ་ཤིང་ཆེན་རྒྱས་པས་ཏེ། །དེ་དཀྱིལ་སྙིང་ཁར་འདུས་པ་ཡིས། །སྙིང་ཞེས་རྣམ་ཤེས་སྲོག་གི་རྟེན། །ཤ་ཡི་དངས་མ་དབུ་མའི་རྩ། །དྲོད་ཀྱི་དངས་མ་ཨ་ཐུང་མེ། །ཐིག་ལེ་དངས་མ་བདེ་ཆེན་ཧ༷། །རླུད་གི་དངས་མ་སྲོག་གི་རླུད་། །ཡིད་ཀྱི་དངས་མ་ཀུན་གཞི་སེམས། །དངས་མ་ལྔ་འདུས་ར་པ་ན། །སྙིང་པོ་ཡེ་ཤེས་དོན་གྱི་ལྷ། །ཐོག་མའི་སངས་རྒྱས་སྤྱི་མེས་བཞུགས། །དེའི་འོད་ཀྱིས་སྟོང་གསུམ་གང་། །དབུ་མ་ལྔ་ལྡན་ཞེས་བྱ་བ། །འབྱུང་བ་བཞིའི་དངས་མ་ལས། །རྙུ་ཏི་ཕྱོགས་བཞིར་དུས་མཉམ་དུ། །མདུན་རྩ་ཁ་དོག་དཀར་པོ་ན། །ཡར་ལྟ་ཧུ༷་ལ་མར་ལྟ་དུ། །ས་བོན་དབྱིབས་སུ་རྩ་གནས་ཡོད། །ཀུན་གཞི་རྣམ་ཤེས་དེ་ནས་རྒྱུ། །གཡས་རྩ་ཁ་དོག་སེར་པོ་ན། །ཡར་ལྟ་ཏྲ༷་ལ་མར་ལྟ་སྤྲེ། །ཉོན་མོངས་ཅན་ཡིད་དེ་ན་རྒྱུ། །རྒྱབ་རྩ་ཁ་དོག་དམར་པོ་ན། །ཡར་ལྟ་ཧྲི་ལ་མར་ལྟ་རྗེ། །ཡིད་ཀྱི་རྣམ་ཤེས་དེ་ནས་རྒྱུ། །གཡོན་རྩ་ཁ་དོག་ལྗང་ཁུ་ན། །ཡར་ལྟ་ཧ་ལ་མར་ལྟ་ཏྲི། །སྒོ་ལྔའི་རྣམ་ཤེས་དེ་ནས་རྒྱུ། །རྩ་བཞི་རྡོ་རྗེའི་རང་བཞིན་ལ། །དབུས་རྩ་ཁ་དོག་དཀར་གསལ་ནང་། །སྐྱེ་མེད་དོན་གྱི་རྒྱལ་པོ་ནི། །ཨོ་དང་མ་ཡི་ས་བོན་གནས། །བག་ལ་ཉལ་གྱི་རྣམ་ཤེས་རྒྱུ། །རྩ་ལྔ་རྡོ་རྗེ་རྩེ་ལྔ་བཞིན། །གནས་པ་རྡོ་རྗེའི་ལུས་ཞེས་བྱ། །རྡོ་རྗེ་ལུས་ཀྱི་གནས་ལྔ་ན། །རིག་པ་སེམས་ཀྱི་གནད་ལྔ་ཡོད། །སྙོམས་འཇུག་དུས་སུ་སྤྱི་གཙུག་གནད། །རྨི་ལམ་དུས་སུ་མགྲིན་པ་གནད། །གཉིད་ཀྱི་དུས་སུ་སྙིང་ཁ་ན། །ཐ་མལ་དུས་སུ་ལྟེ་བ་ན། །རྩོལ་བའི་དུས་སུ་གསང་གནས་ན། །རྩ་དེ་རྣམས་ལས་གྱེས་པ་ཡི། །ཕོ་རྩ་ཀ་ལི་དཔའ་བོ་གཡས། །མོ་རྩ་ཨ་ལི་དཔའ་མོ་གཡོན། །གཉིས་མེད་ལྷན་སྐྱེས་ཧེ་རུ་ཀ །དེ་རྣམས་འདུས་པའི་གཙོ་བོ་གསུམ། །གཡས་པ་ཐབས་ཀྱི་རོ་མ་དང་། །གཡོན་པ་ཤེས་རབ་རྐྱང་མ་གཉིས། །ཡར་སྣ་སྣ་བུག་ཀླད་པའི་དཀྱིལ། །འཁྱོགས་ནས་འཁོར་ལོ་ལྔ་ལ་རྒྱུ། །མར་སྣ་ལྟེ་བར་མར་ལ་གུག །དབུ་མར་རྩ་གསུམ་ལྔ་འདུས་པས། །གཏུམ་མོ་མེ་ཡི་རྩ་མདུད་གྲུབ། །དེ་ལས་དྲོད་རྣམས་ཐམས་ཅད་བསྐྱེད། །གཡས་རྩ་འཁོར་བ་གཡོན་པ་ན། །མྱ་ངན་འདས་པའི་རྩ་ཡིན་ནོ། །རྩ་ཡི་གཙོ་བོ་དེ་གསུམ་ལས། །སྙིང་ཁར་དངས་སྙིགས་ལྔ་བྱེ་ནས། །དངས་མ་མཐོང་བྱེད་ཤེལ་སྦུག་ཅན། །སྒྲ་གཅན་རོ་འཛིན་ཚོར་བ་དང་། །རེག་པ་ལྟས་བྱེད་ཅེས་བྱ་ལྔ། །མིག་དང་རྣ་བ་སྣ་ལྕེ་དང་། །ལུས་ཀྱི་པགས་པ་རྣམས་ལ་ཟུག །སྒོ་ལྔ་ལུས་ཀྱི་སྣང་བ་འཆར། །མར་ལ་སྙིགས་མའི་རྩ་ལྔ་ནས། །རོ་མ་ཉི་མ་རྐྱང་མ་ཟླ། །རྒྱབ་ནས་དྲི་ཆེན་མདུན་ནས་ཆུ། །དབུས་ནས་ཀུན་ལྔའི་ཐིག་ལེ་འབབ། །འདུས་པ་དབུ་མའི་མར་སྣ་ནས། །ཐིག་ལེ་འབབ་པ་སྐྱེས་པ་རིང་། །བུ་མེད་དུང་ཅན་གླང་ཅན་མ། །རི་དྭགས་པད་ཅན་སྡོང་ཅན་རིགས། །རོ་རྐྱང་གཉིས་པོ་གཟུང་འཛིན་རྩ། །དབུ་མ་གཟུང་འཛིན་རྣམ་པར་སྤངས། །ལམ་གྱི་ཉམས་ལེན་དེ་གསུམ་སྟེ། །རྒྱལ་པོ་དབང་དུ་འདུས་པ་ན། །འབངས་རྣམས་ཆམ་ལ་ཕེབས་པ་བཞིན། །རྩ་གསུམ་དབང་བསྡུས་རྩ་གཞན་རྣམས། །ཤུགས་ཀྱིས་ལམ་དུ་སློང་བ་ཡིན། །རྩ་ཡི་མིང་ནི་གནས་པ་དང་། །བྱེད་པའི་ལས་ལ་བརྟགས་པ་སྟེ། །དབུ་མ་རྩ་རྣམས་ཀུན་བསྐྱེད་པས། །སྲོག་རྩ་དཔག་བསམ་ཤིང་ཆེན་དེ། །གང་དུ་མ་འགགས་ཤེས་སྦུག་ཅན། །ཀུན་ལ་ཁྱབ་པས་ཀུན་དྷར་མ། །སྐྱེ་མེད་སྟོན་པས་རྙུ་ཏི་ལ། །ཡར་སྣ་ཁམས་སྐྱེད་སྒྲ་གཅན་དེ། །མར་སྣ་ཁམས་འདུས་དུང་ཅན་ཟེར། །ལྔ་ཡི་གཟུགས་ཀྱིས་རྡོ་རྗེའི་རྩ། །རོ་མ་ཐབས་ཀྱི་ཉི་མ་འཛིན། །སྙིགས་མ་ཕལ་ཆེར་འཛག་པར་བྱེད། །རྐྱང་མ་ཤེས་རབ་ཟླ་བ་འཛིན། །དངས་མ་ཕལ་ཆེར་འཛག་པ་ཡིན། །སྤྱི་གཙུག་བདེ་ཆེན་ཆུ་ཡི་རྩ། །རྩ་འདབ་སོ་གཉིས་ཁ་མར་ལྟ། །དེ་ལ་མིང་ཅན་རྩ་བརྒྱད་གནས། །མི་ཕྱེད་མ་ནི་འཚོགས་མར་གནས། །ཕྲ་གཟུགས་མ་ནི་སྤྱི་བོར་འཁྱིལ། །རྩ་བ་མ་ནི་སྣ་བ་གཡས། །གཡོན་པ་མ་ནི་རྣ་བ་གཡོན། །ཐེམ་བུ་མ་ནི་སྣ་བ་གཡོན་ན་གནས། །རུས་སྦལ་མ་ནི་མཛོད་སྤུ་ལ། །བསྒོམ་པ་མ་ནི་མིག་སྤྲིན་ལ། །དབང་པོ་མ་ནི་སྲོག་རྩ་ལའོ། །མགྲིན་པ་ལོངས་སྤྱོད་པའི་རྩ། །རྩ་འདབ་བཅུ་དྲུག་འདྲིལ་མར་གནས། །དེ་ཡི་མིང་ཅན་རྩ་བརྒྱད་ལ། །སྐྱོངས་མ་མཆན་ཁུང་འཕར་རྩའོ། །རྩ་འཇུག་ནུ་མའི་རྩ་གཉིས་སོ། །མ་མོ་ལྟེ་བའི་དཀྱིལ་ན་གནས། །མཚོན་མ་སྣ་ཡི་རྩེ་ན་ཡོད། །བསིལ་སྤྱིན་དཀན་དང་མཆུ་ཡི་རྩ། །ཚ་བ་ཨོལ་གོང་མདུད་པའི་རྩ། །རྩེའུ་མ་ནི་སྙིང་ལ་ཟུག །མཆུ་མ་སྡོམས་ཀྱི་རྩ་ཡིན་ནོ། །སྙིང་ཁ་ཆོས་འཁོར་ནམ་མཁའི་རྩ། །རྩ་འདབ་བརྒྱད་པོ་སོ་སོར་གྱེས། །གཞོལ་མ་བྲང་གི་གཞུང་ལ་གནས། །དངས་མས་རྒངས་པའི་འགྲེལ་བའི་རྩ། ཁེན་ཏུ་གཟུགས་ཅན་མཚན་མའི་རྩ། ཁྱིམ་མ་འོག་སྒོ་གསུམ་ཁར་འབྲེལ། །གསུམ་སྐོར་མིག་གི་འབྲས་བུའི་རྩ། །འདོད་མ་རྣ་བ་གཉིས་ཀྱི་རྩ། །སྐྱོད་མ་སྣ་གཉིས་ཟུག་པའི་རྩ། །བརྡུལ་མ་ལྕེ་ལ་ཟུག་པའི་རྩ། །ལྟེ་བ་སྤྲུལ་འཁོར་མེ་ཡི་རྩ། །རྩ་འདབ་འཛིངས་པ་དྲུག་ཅུ་བཞི། །བདུད་འདུལ་མ་ནི་བ་སྐྲུའི་རྩ། །ཕྱིན་མ་འོག་སྒོ་གཉིས་ཀྱི་རྩ། །ཡིད་བཟངས་པུས་མོའི་སྙན་གོང་རྩ། ཁུ་སྦྱིན་བརླ་ཡི་རྩ་བོ་ཆེ། །སྦྱོར་བྲལ་མ་ནི་བྱིན་པར་གནས། །བསྡུག་གུ་རྐང་ལག་སོར་མོའི་རྩ། །གྲུབ་མ་རྐང་པའི་བོལ་གཉིས་ལས། །འཚེབ་མ་རྐང་འཐེབ་སྤུ་འཛིན་རྩ། །གསང་གནས་བདེ་སྐྱོད་རླུད་གི་རྩ། །རྩ་འདབ་ཉེར་བརྒྱད་སྤྱི་བོར་འབྲེལ། །མཛེས་མ་གསང་གནས་སྒོ་གསུམ་རྩ། །ལ་མ་མཚན་མའི་གཡས་ན་ཟུག །ཡ་ན་མཚན་མའི་གཡོན་ན་ཟུག །ར་ས་དབུས་ན་གནས་པའི་རྩ། །ཨ་བ་རྩ་ཡིས་ཕྱིར་ལ་འབུད། །འཛ་བོ་ནང་དུ་སྡུད་པའི་རྩ། །དཀར་ནག་གནས་སུ་སྡོམ་པར་བྱེད། །ལམ་ཆེན་ཚོར་བའི་ཁམས་བསྐྱེད་པའི། །འཕར་རྩ་ཆེན་པོ་བཞི་ཡིན་ནོ། །རྩ་རྣམས་སུམ་ཅུ་རྩ་བཞིའི་གནས། །རླུད་ཁམས་དཔའ་བོ་དཔའ་མོ་སྟེ། །ཕུང་པོ་སངས་རྒྱས་མངའ་བདག་ཡིན། །སྙིང་དཀྱིལ་རྩ་ཡི་རྒྱལ་པོ་ནི། །རི་འོང་མིག་ཅེས་བྱ་བ་ཡོད། །ཡར་འཁྱོགས་རྦ་རླབས་གཉིས་དང་འབྲེལ། །མཆན་ཁུང་གཉིས་ནས་མཁལ་མར་འབྲེལ། །ཡར་འཁྱོགས་སྙིང་གི་དཀར་ནག་འཚམས། །གཡེར་མའི་ཁ་བཞིན་འབྱེད་འཛུམ་ཅན། །ཕྱི་མནན་ཕྱི་ཡི་རྟོག་པ་འགགས། །ནང་འཆུས་ནང་གི་རྟོག་པ་འགགས། །སེམས་ཅན་རྣམས་ལ་ཁ་ཐུར་ལྷ། །སྣང་བ་གཏི་མུག་རྣམ་པར་འགྲིབ། །བསྒོམས་པའི་ཡོན་ཏན་འཕྲེད་ལ་བྱེད། །འཁོར་འདས་གཉིས་སྣང་སྒྱུ་མར་འཆང་། །སངས་རྒྱས་རྣམས་ལ་ཁ་ཡར་ལྟ། །ཡེ་ཤེས་སྣང་བ་འཆར་བར་གནས། །བུམ་པ་ཅན་གྱི་གྱེན་ལ་འདེགས། །རྩ་བདུད་ཡི་གེའི་འཁྲུལ་འཁོར་འཇིག །བུམ་པའི་ཡོན་ཏན་རྩལ་རྫོགས་ནས། །རང་སྣང་སྐུ་དང་ཞིང་ཁམས་དང་། །གཞན་སྣང་དཔེ་དང་འོད་ཟེར་མཐོང་། །གནད་དུ་མ་སོང་ལོག་འཆུས་ཀྱིས། །འཁྲུལ་སྣང་སྐྱོན་ནི་སྣ་ཚོགས་འབྱུང་། །སྤྱི་བོ་ཚངས་བུག་རྣམ་ཐེན་རྩ། །རྟོག་པ་འགག་པར་བྱེད་པ་ཡོད། །མགྲིན་པར་ཨ་ནུ་ཏྭ་རའི་རྩ། །ཕྱི་ནང་དབུགས་ཀྱི་སྐད་འབྱིན་ཡོད། །ལྟེ་བར་ག་་མོ་མེ་ཁབ་རྩ། །འཁྲོས་པས་དྲོད་དུ་འབར་བ་ཡོད། །འོག་སྒོ་འཁོར་བ་འཕེལ་བྱེད་རྩ། །སྲིད་པ་འཛིན་པར་བྱེད་པ་ཡིན། །མ་ཚང་མ་ནིང་ཟ་མ་འགྲོ། །གཞན་ཡང་སྐྱོན་ཅན་རྩ་བརྒྱད་པོ། །ཞར་མ་བོང་མ་དོང་མ་དང་། །འཛིངས་མ་འཆུས་མ་འདར་མའི་རྩ། །ཉལ་མོ་མི་ཁོམ་མའི་རིགས། །སྐྱོན་ཅན་མི་ཁོམ་ལུས་ཡིན་པས། །རྡོ་རྗེ་ཐེག་པའི་སྟེན་མི་རུང་། །དབུ་མ་རྡོ་རྗེའི་རྩ་སྣ་ལ། །ཡར་དགུ་མར་དགུ་རོ་རྐྱང་གཉིས། །འཁོར་ལོ་ལྔ་ཡི་རྩ་འདབ་ལ། །བྱང་སེམས་འབེབ་པ་སུམ་ཅུ་གཉིས། །མིང་མེད་བརྒྱ་དང་བཅུ་གཉིས་ཡོད། །ནང་གི་རྩ་ལྔ་གདོན་རྩ་བརྒྱད། །འཕར་རྩ་ཕྱི་ནང་བཅུ་དྲུག་སྟེ། །རླུད་མཁྲིས་བད་ཀན་འདུས་པ་བཞི། །བཞི་བརྒྱ་རྩ་བཞི་གྲངས་ཀྱི་རྩ། །བག་ལ་ཉལ་བ་དྲུག་ཅུ་གཅིག །རླུད་ཁྲིག་ཆུ་སེར་རྒྱུ་བ་རྩ། །སུམ་བརྒྱ་ཉི་ཤུ་ལ་སོགས་ལ། །རོ་རྐྱང་ཕྲ་ཀྱི་རིགས་ལས་བྱུང་། །སྟོང་ཕྲག་ལྔ་བཅུ་དབུ་མའི་རིགས། །སྟོང་ཕྲག་སུམ་ཅུ་རྩ་གནས་པས། །མདོར་བསྡུས་གྲངས་ཅན་བརྒྱ་ཁྲིའོ། །གྲངས་མེད་རྩ་ལ་བརྗོད་ལས་འདས། །རིང་བ་འདོམ་གང་མཐོ་དོ་ནས། །ཐུང་བ་སྤུའི་རྩེ་མོ་ཙམ། །ལུས་ནི་རྩ་ཡི་དྲ་བར་འབྲེལ། །རླུད་དང་ཁྲག་དང་ཐིག་ལེས་གང་། །རྩ་རླུད་ཐིག་ལེ་གང་འཁྱིལ་བ། །རྣམ་སྣང་གངས་ཆེན་མཚོ་མིན་ནོ། །རྩ་རྣམས་ཡར་འཕེལ་ལུས་བསྐྱེད་ལ། །བར་དུ་མཉམ་པས་ཟོ་ལ་སྡོད། །ཐ་མ་རྩ་བསྐམས་གུད་པ་ཡིན། །ནུས་པ་ཟད་པ་འཆི་བ་སྟེ། །ལུས་ཀྱི་རྟེན་འདི་རྩ་ལས་བྱུང་། །རྩ་རླུང་གྲོལ་ན་ཐར་པ་ཐོབ། །འབྲས་བུ་གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ལས། ལམ་གནས་པ་རྩའི་གནས་ལུགས་བསྟན་པའི་ལེའུ་སྟེ་བདུན་པའོ།། །།རླུད་གི་གནས་ལུགས་མ་ཤེས་ན། །ལུས་ཀྱི་རྩ་མདུད་མི་གྲོལ་ཞིང་། །སེམས་ཀྱི་གནས་ལུགས་མི་རྟོགས་པས། །འགྱུ་བྱེད་རྟོག་པ་རླུད་གི་གནད། །སྐྱེ་བ་མེད་པའི་ཆོས་ཉིད་དེ། །འགག་པ་མེད་པའི་ཡེ་ཤེས་རླུད་། །སྣང་སྲིད་སྣོད་བཅུད་ཀུན་ལ་ཁྱབ། །ཁྱབ་བྱེད་རླུད་གི་རང་རྩལ་དེ། །སྲིད་པ་ཆགས་བྱེད་ཀུན་གཞི་ཡི། །མཁའ་ལ་འདུ་བྱེད་ཡིད་གཡོ་རླུང་། །འདུ་ཤེས་ཚོར་བ་གཡོས་པ་ལས། །རྣམ་ཤེས་སྒྱུ་མ་ལྟ་བུ་བྱུང་། །དེ་ལས་རྣམ་སྨིན་འབྱུང་བཞི་བརྟེན། །ལས་ཀྱི་རླུང་གི་མིང་གཟུགས་ཀྱིས། །ལྟེ་བ་སྲིད་པ་ཆགས་པའི་དབུས། །རྣམ་ཤེས་སྐྱེ་མེད་སྲོག་གི་རླུད་། །ཨ་ཡི་དབྱིབས་སུ་གནས་ནས་སུ། །རྩ་རླུད་ཐིག་ལེ་ཐམས་ཅད་སྐྱེད། །དེ་ན་རང་བཞིན་གནས་པའི་རླུད་། །མངལ་གནས་རླུད་ནི་དབུ་མ་སྲ ཁྲས་ཆེ་གནས་པ་སྣོམ་རྟོག་ཉུང་། །བསྒྱུར་བྱེད་རླུད་གི་ཕྱིར་སྐྱེས་ནས། །མ་དང་བྲལ་ཏེ་ལྟེ་བ་ཆད། །ནང་རླུད་དྲོན་མོ་ཕྱི་རུ་ཤོར། །ཕྱི་རླུད་གྲང་མོ་ནང་དུ་ཞུགས། །རྐྱེན་གྱིས་ལས་རླུད་ཞེས་བྱ་སྟེ། །ཕྱི་རོལ་ཡུལ་ལ་རྟོག་པ་འཕྲོས། །འཇུགཔའི་རླུ་་གི་ཚུར་ལ་བསྡུས། །ནང་དུ་འཛིན་རྟོག་སྣ་ཚོགས་བྱུང་། །གཟུང་འཛིན་མ་རིག་ལས་ཀྱི་རླུད་། །འབྱུང་འཇུག་མེད་པར་གནས་པ་ལ། །གཉིས་མེད་དབུ་མའི་རླུད་དུ་བརྗོད། །དབུ་མར་གནས་པ་སྲོག་སྐེ་རླུང་། །རླུད་རྣམས་བསྐྱེད་པའི་རྩ་བ་སྟེ། །དེ་ཡིས་ཀུན་ལ་ཁྱབ་པ་ཡིས། །བར་སྣང་སྟོང་པའི་རླུད་བོ་དེ། །ལུང་པ་ཆེ་ཆུང་རིང་ཐུང་ནང་། །དེ་དང་མཐུན་པར་རྒྱུ་བ་བཞིན། །རྩ་རྣམས་སྤོམ་འཕྲ་རིང་ཧཱུཾཇེ་དང་། །དབྱིབས་དང་མཐུན་པའི་རླུང་གནས་ཏེ། །ཐམས་ཅད་དབུ་མའི་རླུང་དུ་གཅིག །སྲོག་འཛིན་ལུས་ཀྱི་སྙིང་ཁར་གནས། །ལས་སུ་བདག་འཛིན་དྲན་པ་སྐྱེད། །ལོག་ན་སྨྱོ་འབོག་འཆི་བར་བྱེད། ཁྱབ་བྱེད་སྤྱི་བོའི་གཙུག་ན་གནས། །ལས་སུ་ཚིགས་འགུལ་འགྲོ་རྡེག་བྱེད། །ལོག་ན་ཞ་རེངས་སྐྱོག་པོ་འོང་། །གྱེན་དུ་རྒྱུ་བ་མགྲིན་པར་གནས། །སྐད་དང་ཟས་ཀྱི་ཕུལ་མདངས་བྱེད། །ལོག་ན་སྟོད་ཀྱི་ནད་རྣམས་སྐྱེད། །མེ་དང་མཉམ་པ་ལྟེ་བར་གནས། །ཟས་ཀྱིས་ལུས་གསོ་དངས་སྙིགས་འབྱེད། །ལོག་ན་ཕོ་མཆིན་ནད་ཀུན་བསྐྱེད། །ཐུར་དུ་སེལ་བ་གསང་བར་གནས། །ལས་སུ་འོག་སྒོ་འབྱིན་སྡོམ་བྱེད། །ལོག་ན་སྨད་ཀྱི་ནད་རྣམས་སྐྱེད། །དེ་རྣམས་ཨ་ཨུ་རི་ལི་ཡི། །རྣམ་པར་རྩ་ཡི་ནང་ན་གནས། །དབུ་མ་ལས་སྐྱེས་ཡན་ལག་རླུད་། །རྒྱུ་མ་མཆིན་པ་གློ་ལ་གནས། །གཟུགས་ནི་བཟང་ངན་འབྲིང་གསུམ་སྟོན། །ལོག་ན་མིག་གི་སྐྱོན་རྣམས་འོང་། །གློ་བ་སྣ་ཡི་དྲི་ནི་རབ་འབྲིང་སྟོན། །ལོག་ན་སྣ་ཡི་ནད་ཀུན་བསྐྱེད། །རབ་ཏུ་རྒྱུ་བ་ལྷ་སྒྱིན་གནས། །ལྕེ་ལ་རོ་ནི་རབ་འབྲིང་སྟོན། །ལོག་ན་ཁ་ཡི་ནད་རྣམས་འབྱུང་། །ཡང་དག་རྒྱུ་བ་གཞུ་ལ་གནས། །རེག་གི་བྱ་བ་རབ་འབྲིང་སྟོན། །ལོག་ན་པགས་པའི་ནད་རྣམས་སྟོན། །རྣམ་ཤེས་འབྱུང་ལྔའི་དངས་མ་སྟེ། །ཆུའི་དག་གཟུགས་མཐོང་ཨ་ཡི་དབྱིབས། །ནམ་མཁའི་སྒྲ་ཐོབ་ཡི་གེ་ཨ། །ས་ཡིས་དྲི་ཚོར་ཡི་གེ་སྙི། །མེ་རླུད་རོ་མྱོང་ཡི་གེ་ཨར། །ཆུ་རླུད་རེག་མྱོང་ཡི་གེ་ཨི། །ཕྱི་རུ་སྣ་བྱེད་རླུད་ཡིན་ནོ། །རླུད་བཅུ་དེ་དག་ཕྱོགས་གཅིག་ཏུ། །ལུས་ལ་འབྱུང་འཇུག་གནས་གསུམ་ལས། །འབྱུང་འཇུག་ཕྱི་ནང་གཡས་གཡོན་གྱེས། །གཡས་པ་རོ་མ་ཐབས་ཀྱི་རླུད་། །རྩུབ་ཅིང་ཐུང་ལ་ཕྱི་རུ་འབྱུང་། །ཕོ་རླུང་དཔའ་བོའི་རང་བཞིན་ཏེ། །དབང་དུ་མ་འདུས་ཉོན་མོངས་དང་། །སྡུག་བསྔལ་འཆི་རྐྱེན་འབྱུང་བ་ཡིན། །གཡོན་པ་རྐྱང་མ་ཤེས་རབ་རླུད་། །འཇམ་ལ་རིང་བ་ནང་དུ་འཇུག །མོ་རླུད་དཔའ་མོའི་རང་བཞིན་ཏེ། །བདེ་དང་དངོས་གྲུབ་འབྱུང་བ་དང་། །ནང་དུ་འཕེལ་ན་འཆི་མེད་འབྱུང་། །གཡས་པ་འཕེལ་ན་ཉོན་མོངས་རྒྱུ། །གཡོན་པ་འཕེལ་བ་ཡེ་ཤེས་ཏེ། །སེམས་ཅན་རླུང་རྣམས་ཕྱིར་འབུད་ཅིང་། །བྱང་ཆུབ་སེམས་དཔའ་ནང་དུ་འཛིན། །ཡོན་ཏན་སྐྱེ་བ་དེ་ཡི་གནད། །གཉིས་མཉམ་རྒྱུ་བ་མ་ནིང་སྟེ། །དབུ་མར་གནས་པས་གཟུང་འཛིན་གྲོལ། །བཅོམ་ལྡན་རྡོ་རྗེའི་སྐྱིལ་ཀྲུང་ལ། །མཉམ་པར་འཇོག་པ་དེ་ཡི་གནད། །འབྱུང་འཇུག་མེད་པ་ཕྱི་ནང་དུ། །མཉམ་གནས་དབུ་མར་རླུད་ཚུད་པས། །རྟོག་ཚོགས་གཉིས་སྣང་རང་སར་གྲོལ། །ཡེ་ཤེས་སྣང་བར་ལམ་མེ་འབར། ཕྱི་ནང་རླུད་གསུམ་རྒྱུ་བ་ནི། །ལོ་ཟླ་ཞག་དང་དུས་ཚོད་དུ། །གཡས་གཡོན་ཉི་ཟླའི་འཕོ་བ་ནི། །དབྱར་དགུན་ཟླ་སྟོད་ཟླ་སྨད་དང་། །ཉིན་མཚན་སྔ་དྲོ་ཕྱི་དྲོ་དང། །སྲོད་དང་ཐོ་རངས་རོ་རྐྱང་གཉིས། །རེ་མོས་འཕོ་ཞིང་རྒྱུ་བ་ལ། །འབྱུང་བ་ལྔ་ཡི་རླུད་རྒྱུ་སྟེ། །ཆུ་རླུད་སྣ་སྟེངས་ས་རླུད་འོག །མེ་རླུད་གཡས་རླུད་ནི་གཡོན། །ནམ་མཁའི་རླུད་ནི་དབུས་ན་རྒྱུ། །རྣ་ཡི་རྐ་ལ་བརྟེན་པ་རྒྱུ། །འབྲུ་ལྔའི་རླུད་ལ་བརྟེན་ནས་སུ། །ཕྱ་ནང་རྟེན་འབྲེལ་ཐམས་ཅད་འཆར། །ནད་མེད་དར་བའི་ལུས་དག་ལ། །རླུད་གི་གྲངས་ནི་ཞག་རེ་ལ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུའོ། །ཕྲ་བའི་རླུད་ནི་གྲངས་ལས་འདས། །རྩ་རེ་ནང་དུ་རླུད་རེ་གྲུབ། ཁང་པའི་ནང་གི་དུ་བ་བཞིན། །རྩ་ཡི་དབྱིབས་དང་ཁ་དོག་ཏུ། །རླུང་གི་དབྱིབས་དང་ཁ་དོག་གནས། །འབྱུང་འཇུག་གནས་གསུམ་ཀུན་ལ་ཡོད། ཁྱད་པར་ཕུགས་ཀྱི་སེལ་ཁ་བཞིན། །རོ་རྐྱང་གཉིས་ལ་དབུགས་ཀྱི་རྒྱུ། །འབྱིན་འཇུག་ལས་ཀུན་དེ་ཡིས་བྱེད། །སྐྱོན་ཡོན་རྩ་བ་དེ་ཉིད་ཡིན། །རྐྱེན་གྱིས་བསྒྱུར་བ་སྣ་ཚོགས་འབྱུང་། །གནད་དུ་ཚུད་པ་གནས་པའི་རླུད་། །དབུ་མ་ཆོས་ཉིད་ངང་དུ་གྲོལ། །མཉམ་པའི་རླུད་ནི་ཆོས་ཉིད་ལ། །རྐྱེན་གྱི་རྩ་དང་རླུང་འཁྲུགས་པས། །ཉོན་མོངས་དུག་ལྔ་རང་ཁ་ཤོར། །རྒྱུད་ལྔའི་ལས་ལ་འགྲོ་རྣམས་འཁོར། །མ་རིག་ལས་རླུང་མ་དག་ན། །འཁོར་བའི་གནས་ངན་མུ་མཐའ་མེད། །རླུང་གསུམ་དབུ་མར་ཚུད་པ་ན། །དུག་གསུམ་ལས་དང་ཉོན་མོངས་གྲོལ། །གཟུང་འཛིན་གཉིས་ཀྱིས་སྐེད་པ་ཡི། །རྩ་མདུད་ཡི་གེའི་གཟུགས་ཅན་ཞིག །རིགས་དྲུག་ས་བོན་དེ་རུ་གྲོལ། །ཡེ་ནས་རྒྱལ་བའི་ས་བོན་དུ། །ཡོད་ལ་ཡེ་ཤེས་རླུད་དུ་གྱུར། །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་མཆོག །དེ་བཞིན་གཤེགས་པ་ཉིད་དུ་གྲོལ། །རླུང་ཞེས་བྱ་བ་ལས་ཀུན་བྱེད། །འཁོར་བ་སྐྱེ་ནས་མྱ་ངན་འདས། །རླུད་གི་ཡེ་ཤེས་རང་རྩལ་ཡིན། །མ་རིག་པ་ལས་ལས་ཀྱི་རླུད་། །གནས་ལུགས་མ་ཤེས་འཁྲུལ་པ་ལ། །རང་བཞིན་ཤེས་པས་རྫོགས་སངས་རྒྱས། །འབྲས་བུ་གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ལས། འགྱུ་བྱེད་རྟོག་པ་རླུད་གི་གནས་ལུགས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།ཀུན་གཞི་མ་རིག་རྣམ་ཤེས་ཀྱི། །གཡོ་བྱེད་ཡིད་དང་ཕ་མ་ཡི། །བདེ་བའི་དངས་མ་དཀར་དམར་གཉིས། །དབྱེར་མེད་འདྲེས་པས་སྲོག་གི་རྩ། །ཨ་བཤད་དབྱིབས་ཅན་ཆགས་པའི་ནང་། །སྲོག་རླུད་ཨ་ཡི་དབྱིབས་སུ་འབྱུང་། །བྱང་ཆུབ་སེམས་ཀྱི་ཐིག་ལེ་དེ། །འོད་ཀྱི་གོང་བུ་བཞིན་དུ་ཆགས། །དེ་ལས་སྐྱོད་བྱེད་རླུད་གིས་འཕེལ། །ཕ་ཡི་དངས་མ་རུས་པའི་རྒྱུ། །དབུ་མའི་ཡར་སྣ་ཐིག་ལེ་འོད། །ཧ༷་གི་དབྱིབས་ཅན་ཟླ་བར་ཆགས། །མ་ཡི་དངས་མ་ཤ་ཡི་རྒྱུ། །འོད་ཀྱི་ཐིག་ལེ་ཨ་ཡི་དབྱིབས། །མར་སྣ་ཉི་མ་དྲོད་ཅན་ཆགས། །དེ་གཉིས་ཆ་སྙོམས་ནུས་པ་དང་། །སྙིང་ཁར་གནས་པའི་ཡེ་ཤེས་གསུམ། །དབྱེར་མེད་གཅིག་པས་བྱང་ཆུབ་སེམས། །གཡས་གཡོན་རོ་རྐྱང་གཉིས་ཀྱི་ནང་། །ཨུ་ལི་ཀྭ་ལིའི་མདུད་པ་ཅན། །ཐིག་ལེ་ཉི་ཟླའི་འོད་ཅན་གནས། །དངས་མ་ཤེལ་གྱི་སྙིང་པོ་འདྲ། །དེ་ལྟར་དངས་མའི་ཐིག་ལེ་གསུམ། །དཀར་དམར་ཀུན་དྷའི་རང་བཞིན་ལ། །བདེ་གསལ་མི་རྟོག་ཡོན་ཏན་སྐྱེ། །སྙིགས་མ་རླུད་མཁྲིས་བད་ཀན་གསུམ། །དུག་གསུམ་ཐམས་ཅད་སྐྱེད་པར་བྱེད། །འབྱུང་བ་སེམས་ཀྱི་དངས་མ་ལྔ། །འཁོར་ལོ་ལྔ་ལ་ཡི་གེའི་དབྱིབས། །ཡར་ལྟ་རྒྱལ་བའི་ས་བོན་ལ། །མར་ལྟ་རིགས་དྲུག་ས་བོན་དུ། །དངས་སྙིགས་གཉིས་ཀྱི་རྣམ་པར་གནས། །རྩ་ནི་གར་ཡོད་རླུད་གིས་ཁྱབ། །རླུད་ནི་གར་གནས་ཐིག་ལེ་ནི། །ཏིལ་དང་ཏིལ་མར་བཞིན་དུ་ཁྱབ། །རླུད་སེམས་མཁའ་དང་མཉམ་པ་ལས། །སྙིང་པོ་གཅིག་ཏུ་འདུས་པའི་གནད། །ཐིག་ལེ་ཞེས་ནི་བརྗོད་པ་ཡིན། །ཀུན་རྫོབ་རྒྱུ་ཡི་ཐིག་ལེ་རྣམས། །སེམས་ཅན་ལས་ཀྱི་རླུད་གི་བསྐྱེད། །གཟུང་འཛིན་གཉིས་ཀྱི་ལམ་ལ་ཤོར། །རྒྱུད་ལྔའི་རྩ་ལ་རིགས་དྲུག་གི །ས་བོན་ཐིག་ལེ་རྣམས་གཡོས་ནས། །རླུད་སེམས་རོ་རྐྱང་གཉིས་པོ་ནས། །ཕྱིར་འཕྲོས་རིགས་དྲུག་སྣང་བ་འཆར། །ནང་དུས་རྨི་ལམ་རིགས་དྲུག་རྨི། །དེ་ཡི་བག་ཆགས་བར་དོ་སད། །རྒྱུན་དུ་མ་རིག་འཁྲུལ་འཁོར་ལ། །ཟད་མེད་འབྱམ་པ་དེ་ཡི་གནད། །ཉམས་ན་འབྱུང་འཁྲུགས་ནད་རྣམས་དང་། །འཁྲུལ་རྟོག་རྣམ་པ་སྣ་ཚོགས་འབྱུང་། །ལམ་གནས་རྣལ་འབྱོར་པ་ཡི་དུས། །རླུད་སེམས་མ་བཅོས་གནས་ལུགས་ལ། །མཉམ་པ་ཉིད་དུ་གནད་བསྣུན་པས། །རླུད་སེམས་ཐིག་ལེའི་དངས་སྙིགས་འབྱེད། །སྙིགས་མ་འཁོར་བའི་ས་བོན་གྱི། །ཐིག་ལེ་ཡི་གེའི་གཟུགས་ཅན་གྲོལ། །ཡར་ལྟ་རྒྱལ་བའི་ས་བོན་གྱི། །ཐིག་ལེ་འཕེལ་བས་ཕྱི་རོལ་གྱི། །གནང་བ་ཆུ་ཟླའི་དཀྱིལ་འཁོར་བཞིན། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སྐུ་དང་ཞིང་ཁམས་སྣང་བར་འཆར། །རྨི་ལམ་དེའི་བག་ཆགས་འཆར། །དེར་འཛིན་ཤེས་པ་དག་ཙ་ན། །སྐུ་ལྔ་ཡེ་ཤེས་ལྔ་ལྡན་འགྱུར། །ཆོས་དབྱིངས་ཡེ་ཤེས་སྙིང་པོ་ཡི། །ལུས་ངག་ཡིད་གསུམ་དབྱེར་མེད་པའི། །དོན་དམ་ཐིག་ལེ་སྤྲོས་དང་བྲལ། །སེམས་ཉིད་ལྷན་ཅིག་སྐྱེས་པ་སྟེ། །གཞི་ནི་ཆོས་སྐུའི་ངོ་བོས་སྟོང་། །ལམ་ནི་ལོངས་སྐུའི་རང་བཞིན་གསལ། །འབྲས་བུ་སྤྲུལ་སྐུ་འགག་པ་མེད། །ཐམས་ཅད་རང་གི་ངོ་བོ་ཉིད། །བདེ་བ་ཆེན་པོའི་ཡེ་ཤེས་ཏེ། །ཐུགས་ཀྱི་རྡོ་རྗེ་མངོན་དུ་འགྱུར། །ཉག་གཅིག་ཀློང་ན་ཐམས་ཅད་གསལ། །འགྱུར་མེད་འདུས་མ་བྱས་པའི་སྐུ། །རྣམ་པར་མི་རྟོག་ལྷུན་གྲུབ་རྫོགས། །རྡོ་རྗེ་ལུས་ལ་བརྟེན་ནསསུ། །བྱང་ཆུབ་མངོན་དུ་བྱ་བའི་ཕྱིར། །འདོད་ཅིང་སྲིད་པའི་བློ་སྤངས་ལ། །བཅུད་ལེན་གྱིས་ནི་ལུས་ཟུངས་བསྐྱེད། ཁ་ཟས་ཀུན་ལ་སྤྱིན་སྲེག་བྱ། །རྩ་གསུམ་མེའི་ལྷའི་ཞལ་གསུམ་ནང་། །ལག་པ་དགང་གཟར་བླུག་གཟར་གྱིས། །དུག་གསུམ་བསྲེག་རྫས་དམ་རྫས་འབུལ། །བདག་ཉིད་དཀྱིལ་འཁོར་ལྷ་ལ་མཆོད། །ཕོ་བར་རླུད་ཕུལ་བད་ཀན་བཞུ། །མཁྲིས་པས་མདོག་བསྒྱུར་མེ་མཉམ་གྱིས། །དངས་སྙིགས་ཕྱེ་ནས་སྙིགས་མ་རྣམས། །ཕོ་བར་ལྷུང་ནས་ཐུར་སེལ་འཕེལ། །དངས་མ་མཆིན་པའི་རྩ་ལ་ཞུགས། །དང་པོ་བད་ཀན་དེ་ནས་ཁྲག ་་ཚིལ་རུས་པ་རྐང་མར་དང་། །ཐིག་ལེ་བདུན་གྱིས་ལུས་སྟོབས་བསྐྱེད། །སྐྱེ་བ་བདུན་པའི་ཁམས་རྒྱས་པས། །དེ་ཉིད་ཟོས་པས་མཁའ་སྤྱོད་འགྲོ། །བདེ་ཆེན་མཁའ་འགྲོ་དེ་ཡིས་འགྲུབ། །དེ་ཉིད་ཉམས་སུ་བླང་བའི་ཐབས། །རང་ལུས་གནད་ཀྱི་འཁྲུལ་འཁོར་བཅུན། །དུག་གསུམ་རྟོག་པ་མངོན་དུ་གསལ། །སྟེང་འོག་ཁ་སྦྱར་རླུང་ཅིག་གི །ལྟེ་བའི་རྡོ་རྗེ་མེ་སྦར་ལ། །དུག་ལྔ་སྲེག་པའི་ཡེ་ཤེས་འབར། །འབར་འཛག་འོད་ཀྱི་ཐབས་ཤེས་ཀྱི། །ཨ་ཧ༷་ཡབ་ཡུམ་སྙོམས་འཇུག་པས། །ལྷན་སྐྱེས་བདེ་ཆེན་ཧེ་རུ་ཀ །ཕྱི་ནང་ལྷ་ཚོགས་བདུད་རྩིས་མཉེས། །བྱིན་རླབས་མེ་དཔུང་ཕྱོགས་བཅུར་སྤྲོས། །སྣོད་བཅུད་གཟུང་འཛིན་བག་ཆགས་སྦྱངས། །གཏུམ་མོ་མེ་ལ་དབང་བྱས་པས། །རྩ་གྲོལ་རླུང་བྱང་ཐིག་ལེ་འཕེལ། །ཡོན་ཏན་རྩལ་རྫོགས་འབྲས་བུ་ཐོབ། །དང་པོ་རླུད་གིས་དྲོད་སྐྱེ་ཞིང་། །སྡུག་བསྔལ་ཐམས་ཅད་གཡོ་བར་བྱེད། །ཐིག་ལེ་ཞུ་བས་བདེ་བ་འཆར། །རང་བཞིན་མེད་པའི་མི་རྟོག་པ། །རྣལ་འབྱོར་བློ་ལ་གསལ་བར་འགྱུར། །ཡང་ཞིང་མདོག་བཟང་སྟོབས་དང་ལྡན། །གཞན་ལུས་བུད་མེད་བདེ་བ་ཅན། །ཐ་མལ་མ་ཡིན་གསང་བདག་ལ། །དགའ་བཞི་དོན་གྱི་ངོ་སྤྲོད་བླངས། །ལྷན་ཅིག་སྐྱེས་པ་བདེ་བའི་རོ། །གཉིས་མེད་ཡེ་ཤེས་དབུ་མར་བླངས། །ཆགས་དང་ཆགས་བྲལ་རྣམ་སྤངས་པའི། །འཛག་མེད་ཚུལ་ཁྲིམས་གང་འཛིན་པའི། །བསླབ་གསུམ་ཡོན་ཏན་རྒྱན་གྱིས་མཛེས། །ཡར་ངོའི་ཟླ་བཞིན་ཡོན་ཏན་འཕེལ། །སུམ་ཅུ་རྩ་གཉིས་མཚན་ལྡན་པའི། །དཔེ་བྱད་འོད་ཀྱིས་སྤྲས་པ་ཡི། །རྒྱལ་སྲས་ས་ལམ་མྱུར་བགྲོད་འདི། །ཐབས་ཀྱིས་མངོན་དུ་བྱས་པ་ཡིས། །རྡོ་རྗེ་ཐེག་པ་བླ་ན་མེད། །ཕྱག་རྒྱ་བཞི་ཡི་དོན་སྟོན་པ། །ཕྱག་རྒྱ་ཆེན་པོར་དོན་འདི་འདུས། །འབྲས་བུ་གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ལས། བཀོད་པ་བྱང་ཆུབ་སེམས་ཀྱི་ཐིག་ལེའི་གནས་ལུགས་བསྟན་པའི་ལེའུ་སྟེ་དགུ་པའོ།། །།སྣང་སྲིད་འཁོར་འདས་ཐམས་ཅད་ཀུན། །ངོ་བོ་སྤྲོས་བྲལ་ལྷན་ཅིག་སྐྱེས། །རྡོ་རྗེའི་གནས་ལུགས་གསུམ་ལ་ནི། །ཕྱི་ནང་གསང་གསུམ་སྣང་བ་ཀུན། །སྐད་ཅིག་འདུ་འབྲལ་མེད་པའི་ཕྱིར། །ལྷན་ཅིག་སྐྱེས་ཞེས་བརྗོད་པར་བྱ། །ལྷན་ཅིག་སྐྱེས་པའི་མ་རིག་པས། །ཆོས་ཉིད་མཁའ་ལ་སེམས་ཀྱི་སྤྲིན། །དབྱིངས་དང་རིག་པའི་རང་དངས་ལས། །བྱུང་བའི་རང་སྣང་འབྱུང་བ་ལྔ། །སྣོད་བཅུད་ཕྱི་ནང་རང་འབྱུང་ནི། །དཔེར་ན་ཙན་དན་སྡོང་པོ་ལ། །སྙིང་པོ་ཤུན་པ་ལྷན་ཅིག་སྐྱེས། །རྣམ་པ་ཐ་དད་དོན་གཅིག་བཞིན། །སྣོད་ཀྱིས་འཛིན་རྟོག་བསྟན་པ་ཡི། །ཕྱི་ཡི་འབྱུང་བ་ལྔ་པོ་ཡང་། །རྣམ་ཤེས་གཅིག་གིས་བསྡུས་པ་ཡིན། །ཕྱི་ནང་གཉིས་པོ་ལྷན་ཅིག་སྐྱེས། །བཅུད་མེད་སྣོད་ནི་མ་ཡོད་ལ། །སྣོད་མེད་བཅུད་ན་མ་བྱུང་ནི། །སྣོད་བཅུད་གཉིས་པོ་ཐ་དད་དུ། །སྐད་ཅིག་ཙམ་ཡང་འདུ་འབྲལ་མེད། །དང་པོར་ལྷན་ཅིག་སེམས་ལས་སྐྱེས། །བར་དུ་རྣམ་ཤེས་ཚོགས་པ་ཅིག །མཐར་ནི་སོ་སོ་འགག་པ་མེད། །དུས་གསུམ་དུས་མེད་ལྷན་ཅིག་སྐྱེས། །སེམས་ཅན་གང་དག་སུ་ཡིན་ལ། །དེ་ཡི་སྣང་བ་སྣ་ཚོགས་ཀྱང་། །ནོར་བུ་དང་ནི་འོད་བཞིན་དུ། །ངོ་བོ་དབྱེར་མེད་ལྷན་ཅིག་སྐྱེས། །གནང་དུས་སྣང་བ་ལྷན་ཅིག་སྐྱེས། །མཁའ་ཟླ་དང་ནི་ཆུ་ཟླ་བཞིན། །སྟོང་དུས་སྟོང་པ་ལྷན་ཅིག་སྐྱེས། །ནམ་མཁའ་དང་ནི་སྟོང་པ་བཞིན། །གཉིས་མེད་གཉིས་མེད་ལྷན་ཅིག་སྐྱེས། །ཆུ་དང་རླན་གཉིས་དབྱེར་མེད་བཞིན། །ཚིག་ལ་སྔ་ཕྱི་བརྗོད་ན་ཡང་། །དོན་ལ་འགྲོ་ལྡོག་གཅིག་ལས་མེད། །གཉིས་སུ་གང་ནས་མི་རྙེད་པས། །སྣ་ཚོགས་སྣང་བ་ཡོད་མ་ཡིན། །ལྷན་ཅིག་སྐྱེས་པའི་སྣང་བ་སྟེ། །འབྱུང་ཀུན་ནམ་མཁའི་ཁོངས་སུ་འདུས། །ནམ་མཁའ་རྣམ་པར་ཤེས་པའི་ཁམས། །རྣམ་ཤེས་སེམས་ཀྱི་སྣང་བ་ཡིན། །ཐབས་ཤེས་མཁའ་ལ་སེམས་གཡོས་པས། །འགྲོ་བ་རླུད་དུ་རབ་ཏུ་གྲགས། །བསྐྱོད་པ་ལས་ནི་དྲོད་སྐྱེ་ཞིང་། །ཞུ་བ་གཤེར་བ་ཆུ་ཡི་ཁམས། །སྲ་བ་ཡིས་ནི་གཟུགས་སུ་ཆགས། །བདེ་ཆེན་ནམ་མཁའི་ཁེམས་ཉིད་ལས། །དང་པོར་སྣང་བའི་ལུས་སུ་གྲུབ། །དེ་ལས་དངོས་སྣང་ཐམས་ཅད་བྱུང་། །དང་པོར་སྣང་བ་སེམས་ཀྱི་ལུས། །གསེར་དང་གསེར་གྱི་ཁ་དོག་བཞིན། །ལུསསེམས་སྣ་བ་ལྷན་ཅིག་སྐྱེས། །ངག་ནི་སེམས་ཀྱི་རང་སྒྲ་ཡིན། །སྒྲ་རྣམས་ཐམས་ཅད་དེ་ལས་བྱུང་། །སྒྲ་དང་སེམས་ཉིད་ལྷན་ཅིག་སྐྱེས། །དྲན་པ་ཐམས་ཅད་སེམས་ཀྱི་ཡིད། །རྟོག་པ་ཐམས་ཅད་དེ་ལས་བྱུང་། །སྒྲ་རྣམས་ཐམས་ཅད་དེ་ལས་བྱུང་། །སྒྲ་དང་སེམས་ཉིད་ལྷན་ཅིག་སྐྱེས། །དྲན་པ་ཐམས་ཅད་སེམས་ཀྱི་ཡིད། །རྟོག་པ་ཐམས་ཅད་དེ་ལས་བྱུང་། །རྣམ་ཤེས་སེམས་དང་ལྷན་ཅིག་སྐྱེས། །ལུས་ངག་ཡིད་གསུམ་ཐ་དད་ཡིན། །གཉིད་དང་རྨི་ལམ་རྨི་མཁན་བཞིན། །སེམས་ཉིད་ཅིག་གི་སྣང་བ་སྟེ། །སྣང་བ་ཐམས་ཅད་རང་སྣང་ལས། །མིག་གིས་མ་མཐོང་གཟུགས་མེད་བཞིན། །ཕྱི་རོལ་ཡུལ་གྱི་སྣང་བ་མེད། །ལུས་དང་སེམས་ཀྱང་དེ་བཞིན་ཏེ། །ཕྱི་དང་ནང་གི་སྣང་བ་མེད། །སྣང་བ་ཐམས་ཅད་ལྷན་ཅིག་སྐྱེས། །རིག་པ་རང་ལས་བྱུང་བ་ཡིན། །རིག་པ་རང་བྱུང་སྒྲོན་མེ་ལ། །མ་འགགས་ཅིར་ཡང་སྣང་བ་སྟེ། །སྣང་ཚང་མེ་ལོང་གཟུགས་བརྙན་བཞིན། །ལྷན་ཅིག་སྐྱེས་པའི་ཆོས་ཉིད་ལ། །དེ་བཞིན་མ་རིག་འཁྲུལ་པ་ཡིས། །མིག་སྐྱོན་ཅན་ནི་ནམ་མཁའ་ལ། །ཅི་ཡང་མེད་པར་གཟུགས་མཐོང་བཞིན། །སེམས་ཉིད་མཁའ་ལ་རྣམ་རྟོག་གིས། །རང་སྣང་མ་ཡིན་གཞན་དུ་ནི། །རྣམ་པ་སྣ་ཚོགས་སྣང་བ་ལ། །ཀུན་རྫོབ་འཁོར་བ་ཞེས་སུ་བཏགས། །འཁོར་བ་རང་སྣང་འཁོར་བ་ལས། །གཞན་དུ་གར་ཡང་འཁོར་རྒྱུ་མེད། །གདོད་ནས་གཞི་མེད་རྩ་བྲལ་ཡིན། །ལྷན་ཅིག་སྐྱེས་པའི་རིག་པ་ཡིས། །རྟོགས་ཏེ་མྱ་ངན་འདས་པའི་ཞིང་། །བདེ་གསལ་མི་རྟོག་ཡེ་ཤེས་ལ། །སྐུ་དང་ཞིང་ཁམས་ཡེ་ཤེས་དང་། །གདུལ་བྱའི་འཕྲིན་ལས་ཐམས་ཅད་ཀུན། །སྔ་ཕྱི་བྱེ་བྲག་ཐ་དད་མེད། །ཐམས་ཅད་བདེ་བ་ལྷན་ཅིག་སྐྱེས། །ཉི་མ་འོད་དང་སྣང་བྱེད་བཞིན། །ཡེ་ཤེས་སྣང་བའི་དཀྱིལ་འཁོར་དུ། །སངས་རྒྱས་ཐོག་མཐའ་མེད་པ་ཀུན། །ཡེ་ཤེས་སྣང་བ་ཅིག་ལ་སྤྱོད། །ཡེ་ཤེས་མིག་ཅིག་དྲི་མ་མེད། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་བྱིན་རླབས་སྟོབས་དང་ནི། །རང་གི་བསོད་ནམས་ལས་ཤེས་བྱ། །རང་བྱུང་ཡེ་ཤེས་རང་ལ་འཚོལ རང་སེམས་རྟོགས་ན་སངས་རྒྱས་ཡིན། །ལམ་ནི་བགྲོད་པ་ཡོང་མི་དགོས། །རྟོག་པ་གཅིག་གི་སྒྲོན་མེ་ཡིས། །མུན་པའི་སྒྲིབ་པ་མ་ལུས་སྤོངས། །འོད་གསལ་དང་པོའི་སངས་རྒྱས་མཐོང་། །གཉིས་སུ་མེད་པའི་ཡོན་ཏན་རྫོགས། །ཐམས་ཅད་མཁྱེན་པའི་བཅོམ་ལྡན་འདས། །ཆོས་ཀུན་ལྷན་ཅིག་སྐྱེས་པ་ལ། །དཔེར་ན་མེ་དང་ཆུ་གཉིས་ནི། །དུས་གཅིག་སྐྱེ་བར་མི་རིགས་ཏེ། །སྐམ་དང་གཤེར་གཉིས་སོ་སོ་བཞིན། །འཁོར་བ་དང་ནི་མྱ་ངན་འདས། །སྡུག་བསྔལ་བདེ་བ་སོ་སོ་སྟེ། །ལྷན་ཅིག་སྐྱེ་བར་མི་རིགས་ལ། །གལ་ཏེ་འཁོར་བ་མྱང་འདས་གཉིས། །གཅིག་ན་གཉིས་སུ་ག་ལ་འོང་། །དེ་ལྟར་མ་ཡིན་ཁྱོད་ཉོན་ཅིག །ལྷན་ཅིག་སྐྱེས་པ་རྣམ་པ་གཉིས། །ཆོས་སྐུ་གཅིག་གི་བྱེད་པ་ལ། །ཀུན་རྫོབ་དོན་དམ་དབྱེ་བ་སྟེ། །དེ་དང་དེ་ཡི་གནང་བ་ལ། །རང་ངོ་མ་ཤེས་ཀུན་རྫོབ་སྟེ། །སྣང་ཡང་འཁྲུལ་པར་འཁོར་བའི་ཆོས། །མུན་པས་རུབ་པའི་ཡུལ་བཞིན་དུ། །རང་སྣང་ཡིན་ཡང་མི་རིགས་པས། །འཁོར་བ་རང་དང་ལྷན་ཅིག་སྐྱེས། །སོ་སོར་རྟོགས་པའི་ཤེས་རབ་ཀྱིས། །འཁོར་བའི་རང་བཞིན་ཤེས་ཙ་ན། །མུན་སངས་ནམ་ལངས་ཉི་ཤར་འོད། །ཡུལ་རྣམས་ཐམས་ཅད་གསལ་བ་བཞིན། །དོན་དམ་ཆོས་ཉིད་བདེན་པ་ལ། །རིག་པའི་ཡེ་ཤེས་མངོན་སུམ་དུ། །བདེ་བ་ཆེན་པོར་གསལ་འགྲིབ་མེད། །ཡེ་ཤེས་རང་དང་ལྷན་ཅིག་སྐྱེས། །ཉི་མ་གུང་ལ་ཕེབས་ཙ་ན། །མུན་པ་སྣང་བ་གཉིས་མེད་བཞིན། །འཁོར་འདས་གཉིས་མེད་ལྷན་ཅིག་སྐྱེས། །ཕྱག་རྒྱ་ཆེན་པོར་རྟོགས་ཙམ་ན། །གཟུང་འཛིན་བྲལ་བའི་ཆོས་ཉིད་ལ། །སྨྲ་བསམ་ཤེས་བྱའི་ཡུལ་ལས་འདས། །ཐམས་ཅད་ཅིག་སྟེ་ཁྱད་པར་ཆེ། །འབྲས་བུ་གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ལས། །སྣང་བ་ཐམས་ཅད་ལྷན་ཅིག་སྐྱེས་པར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།ཐམས་ཅད་མཉམ་ཉིད་ལྷན་ཅིག་སྐྱེས། །སྤྲོས་དང་བྲལ་བའི་ཡེ་ཤེས་སོ། །མ་རིག་དྲི་མ་འཁྲུད་པ་དང་། །རིག་པའི་ཡེ་ཤེས་གསལ་བ་ཡི། །རང་གི་ཡོན་ཏན་ཐོབ་པའི་དོན། །ཨ་སྟིསྩོརེ་སྒྲ་ལས་དྲངས། །གང་གིས་སེམས་ཅན་འདུལ་བ་ལ། །ཆོས་སྐུའི་བསྟན་པ་ཀུན་ལ་ཁྱབ། །ལོངས་སྐུའི་བསྟན་པ་དག་པའི་ཞིང་། །སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ། །ཉོན་མོངས་གཉེན་པོར་ཆོས་ཀྱི་སྒོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། །འདོད་ཆགས་འདུལ་ཕྱིར་འདུལ་བ་དང་། །ཞེ་སྡང་འདུལ་ཕྱིར་མདོ་སྡེ་དང་། །གཏི་མུག་འདུལ་ཕྱིར་མངོན་པའི་ཆོས སེམས་ཙམ་དང་ནི་དབུ་མ་ཡིས། །མཉམ་གཞག་དང་ནི་རྗེས་ཐོབ་ལ། །ཀུན་རྫོབ་དང་ནི་དོན་དམ་ཞེས། །རིམ་པ་བཞིན་དུ་ལམ་སྦྱངས་ནས། །འབྲས་བུ་སྐུ་གསུམ་ཐོབ་བྱེད་པ། །དེ་དག་རྒྱུ་ཡི་ཐེག་པ་སྟེ། །ལམ་ལས་འབྲས་བུ་ཡོང་མི་རྟོགས། །ལམ་དུ་གྲངས་མེད་ངལ་བར་འགྱུར། །མི་སློབ་པ་ལ་ཞུགས་ནས་ཀྱང་། །དུག་གསུམ་ལྷན་ཅིག་སྐྱེས་པ་ཡི། །གཉེན་པོ་རྡོ་རྗེའི་ཐེག་པ་ཡིན། །བླ་མེད་ཚེ་འདིར་འབྲས་བུ་ཐོབ། །བློ་དམན་རྣམས་ལ་བྱ་བའི་རྒྱུད། ཁྲུས་དང་གཙང་སྦྲ་གཙོ་བྱས་ནས། །དོན་གྱི་ལྷ་དྲུག་བསྒོམ་པ་ཡིས། །རིགས་གསུམ་གོ་འཕང་ཐོབ་པའི་རྒྱུད། །སྟོང་ཕྲག་གསུམ་ནི་ཕྱི་ཡི་རྒྱུད། །འབྲིང་ལ་སྤྱོད་པ་དེ་མཚུངས་ཤིང་། །ཏིང་འཛིན་རྣལ་འབྱོར་རྒྱུད་བཞིན་སྤྱོད། །རིགས་ལྔའི་གོ་འཕང་ཐོབ་བྱེད་པ། །སྤྱོད་པའི་རྒྱུད་ལ་སྟོང་ཕྲག་གཉིས། །རབ་ལ་ཏིང་འཛིན་གཙོར་བྱས་ནས། །སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས། །རྣམ་སྣང་གོ་འཕང་ཐོབ་བྱའི་ཕྱིར། །རྣལ་འབྱོར་རྒྱུད་ལ་སྟོང་ཕྲག་དྲུག །སེམས་དཔའ་མཆོག་ལ་རྡོ་རྗེའི་ལུས། །དུག་གསུམ་མི་སྤང་ལམ་དུ་བྱེད། །གསལ་སྟོང་བདེ་སྟོང་རིག་སྟོང་གིས། །འདོད་ཡོན་ལྔ་ལ་བདེ་བར་སྤྱོད། །ཐབས་དང་ཤེས་རབ་གཉིས་མེད་ཀྱིས། །ཕྱག་རྒྱ་ཆེན་པོ་རྟོགས་པ་ཡིས། །རྣལ་འབྱོར་བླ་ན་མེད་པའི་རྒྱུད། །སྟོང་ཕྲག་བཅུ་ནི་མཁས་པས་གསུངས། ཁུད་རྣམས་ཀུན་གྱི་དོན་བསྡུས་པ། །རྡོ་རྗེའི་གནས་གསུམ་སྨིན་བྱེད་དབང་། །ལུས་ལ་རྒྱལ་བའི་སྐུ་རྡོ་རྗེ། །མ་རིག་ཡེ་ཤེས་བསྐྱེད་པའི་ལམ། །སྣང་སྟོང་ཡེ་ཤེས་ལྷ་ཡི་སྐུ། །བུམ་པའི་དབང་གི་དང་པོར་བསྐུར། །ཆུ་ཡི་དགེ་བསྙེན་ཉིད་དུ་འགྱུར། །བཅུ་གཉིས་ས་ཡི་འབྲས་བུ་ཐོབ། །ངག་ལ་རྒྱུལ་པའི་གསུང་རྡོ་རྗེ། །སྨིན་བྱེད་གྲགས་སྟོང་སྔགས་ཀྱི་བམོ། །རྣམ་རྟོག་ནད་སེལ་བདུད་རྩི་སྨན། །གསང་བ་གསང་བའི་དབང་བསྐུར་བས། །དགེ་ཚུལ་ཉིད་དུ་བཅུ་གསུམ་པའི། །འཁོར་ལོ་ཚོགས་ཆེན་ཡོན་ཏན་ཐོབ། །སེམས་ཅན་རྒྱལ་བའི་ཐུགས་རྡོ་རྗེ། །གཟུང་འཛིན་བག་ཆགས་དག་པ་ཡིས། །བདེ་སྟོང་ཡེ་ཤེས་ཆོས་ཉིད་མཁའ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི། །གསུམ་པ་ཤེས་རབ་ཡེ་ཤེས་བསྐུར། །འདོད་ཆགས་དག་པ་དགེ་སློང་མཆོག །བཅུ་བཞི་བདེ་བ་ཆེན་པོ་ཐོབ། །སྐུ་གསུང་ཐུགས་དང་མཉམ་སྦྱོར་བའི། །གཉིས་སུ་མེད་པའི་ངོ་སྤྲོད་མཆོག །བཞི་པ་ཚིག་དབང་རིན་ཆེན་བསྐུར། །སྒོ་གསུམ་དག་པའི་སྐུ་གསུང་ཐུགས། །ཕྱག་རྒྱ་ཆེན་པོར་རབ་སྦྱོར་བས། །བཅོ་ལྔ་རྡོ་རྗེ་འཆང་ཐོབ་ཅིང་། །མཉམ་སྦྱོར་སྡོམ་པའི་མཆོག་ལྡན་པའི། །གནས་བརྟན་རྒན་པོ་སྐྱེ་དགུའི་བདག །སུམ་ཅུ་རྩ་གཉིས་མཚན་འཆང་བའི། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །ལུགས་མཁན་མཁས་པས་བླུགས་པ་ཡི། །གསེར་གྱི་སེང་གེ་འདམ་པའི་སྦུབས། །འདམ་པ་མ་བསལ་མི་མངོན་བཞིན། །བདེ་གཤེགས་སྙིང་པོས་ཁྱབ་པའི་ཐུགས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དེ། །དབང་གི་སྒྲིབ་པ་མ་བསལ་ན། །ཡེ་ཤེས་སྔོན་དང་མི་རྟོགས་པས། །མ་རིག་འཁྲུལ་པས་འཁོར་བར་འཁྱམས ཐར་ལམ་བྲལ་བས་བདེ་བ་འགགས། །འགའ་ཞིག་ཐེག་ཆེན་ལམ་ཞུགས་ཀྱང་། །རབ་རིབ་མིག་ནི་སྒྲིབ་པ་ལ། །མིག་མཁན་མཁས་པས་མ་བསལ་ན། །དོན་མེད་གཟུགས་བརྙན་མང་མཐོང་ཡང་། །མངོན་སུམ་སྣང་བར་མི་ནུས་བཞིན། །རང་འདོད་བློ་ཡི་ཏིང་འཛིན་གྱིས། །མཚན་མ་རྟག་ལ་ཞེན་པ་ཡི། །ས་ལམ་ཡོན་ཏན་མཐོང་གྱུར་ཀྱང་། །རང་རིག་མངོན་དུ་མ་གྱུར་པས། །བསྐལ་པར་ལམ་དུ་འཁྲུལ་པས་བསྒྲིབས། །འཁྲུལ་པ་བསལ་ན་སྔོན་སངས་རྒྱ། །ས་བཅུ་ལ་གནས་སེམས་དཔའ་ཡང་། །རིགས་པ་རྡོ་རྗེ་དབྱིངས་སུ་གྲོལ། །བསྐལ་པར་ལམ་དུ་འཁྲུལ་པས་བསྒྲིབས། །བགྲོད་པར་བྱེད་པའི་ལམ་ཆེན་ཀུན། །སྐད་ཅིག་ཉིད་ཀྱིས་རྟོགས་ལགས་ཀྱིས། །རྡོ་རྗེ་ཐེག་པའི་དཀྱིལ་འཁོར་འདི། །བླ་མ་མཉེས་པས་ཚོགས་ལམ་བགྲོད། །བྱིན་རླབས་ཞུགས་པ་སྦྱོར་ལམ་དེ། །དག་སྣང་འབྱོངས་པས་མཐོང་ལམ་འཆར། །དབང་བསྐུར་ཐོབ་པ་སྒོམ་པའི་ལམ། །བསྐྱེད་རིམ་མཐར་ཕྱིན་ཚེ་གཅིག་གིས། །རྫོགས་པ་ཆེན་པོའི་འབྲས་བུ་ཐོབ། །གང་ཞིག་དབང་རྣམས་མ་ཐོབ་ཅིང་། །སློབ་དཔོན་མཉེས་པར་མ་བྱས་པའི། །ཉན་པ་ལ་སོགས་རྩོམ་པ་ཀུན། །དངོས་གྲུབ་མེད་ཅིང་ཡོན་ཏན་མེད། །དཔོན་སློབ་གཉིས་ཀ་ཉམས་པར་འགྱུར། །ཐུར་དུ་ལྟས་ཏེ་ངན་སོང་ལྟུང་། །དབང་མེད་དུག་ཅན་སྣོད་ཅན་འདྲ། །སྣོད་བཅུད་གཉིས་ཀ་བརླག་པར་འགྱུར། །གང་ཞིག་རྡུལ་ཚོན་མཐོང་བ་ཙམ། །མ་རིག་སྒྲིབ་པའི་ཚོགས་རྣམས་འདག །ཡོན་ཏན་གཉིས་པོ་ཐོབ་བྱེད་ན། །དབང་བསྐུར་ཐོབ་པ་སྨོས་ཅི་དགོས། །རང་གི་རྡོ་རྗེའི་དོན་མཐོང་བས། །དུས་གསུམ་སངས་རྒྱས་ཞལ་མཐོང་ཡིན། །མ་ཉོམས་ཚེ་གཅིག་ཕྱིར་མི་ལྡོག །སྐྱོན་སྤངས་ངན་སོང་མྱུར་དུ་གྲོགས། །གང་གི་ལུས་བླངས་སྟོབས་ཆེར་འགྱུར། །འོ་མ་མར་གྱི་རྒྱུ་ཡིན་ཡང་། །མ་བསྲུབས་བར་དུ་མར་མི་འབྱུང་། །སྲུབས་པས་མར་དུ་འབྱུང་བ་བཞིན། །སེམས་ཅན་སངས་རྒྱས་རྒྱུ་ཡིན་ཀྱང་། །མ་བསྒོམས་བར་དུ་སངས་མི་རྒྱ། །བསྒོམ་པའི་སྔོན་དུ་འགྲོ་བ་ལ། །དབང་གི་ཆོས་སྒོ་ མ་ཕྱེ་ན། །བསྒོམ་མི་ཤེས་ཏེ་དམུས་ལོང་འདྲ། །བསྒོམ་པར་འདོད་ཀྱང་དོན་མི་མཐོང་། །དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་བའི་མར་དང་མཚུངས། །མཁའ་ལ་ཁུ་ཚུར་གྱིས་བརྡེག་གམ། །རྨོངས་པ་ཕུབ་མ་བརྡུང་བ་འདྲ། །དབང་ཐོབ་ཐུན་མོང་མཆོག་གཉིས་ཀྱི། །རང་རིག་ཡེ་ཤེས་ཡོན་ཏན་ཐོབ། །རྒྱལ་པོ་རྒྱལ་རིགས་སྒྱི་བོ་ནས། །དབང་བསྐུར་ཐོབ་དང་མཚུངས་པའོ། །རང་ཉིད་མངོན་དུ་མ་བྱས་པའི། །མཚན་ཉིད་མི་ལྡན་སློབ་དཔོན་གྱིས། །ཆོ་ག་ལ་སོགས་བྱས་གྱུར་ཡང་། །སློབ་མ་གུས་པས་མ་བླངས་ན། །མཆོག་གི་དབང་ནི་མི་ཐོབ་སྟེ། །ཐུན་མོང་ཡོན་ཏན་འབྱུང་བ་སྲིད། །སྔགས་ཀྱིས་ལམ་དུ་དེ་མི་འགྲོ། །མཚན་ཉིད་ལྡན་པའི་བླ་མ་ཡིས། །ཆོ་ག་ལ་སོགས་མ་བྱས་ཀྱང་། །གང་གིས་མོས་གུས་ཡོད་པ་དེས། །དེ་ཡི་ཡོན་ཏན་ཐོབ་པར་འགྱུར། །མོས་གུས་གང་ཡོད་རྒྱལ་བ་མཉེས། །གསོལ་བ་གང་བཏབ་དེ་དོན་ཐོབ། །རྒྱལ་བའི་སྲས་པོ་ཕྱིར་མི་ལྡོག །མཁན་པོ་ཚད་དང་མི་ལྡན་ཞིང་། །རྫས་དང་ཏིང་འཛིན་ཆོ་ག་འཁྲུལ། །ལེན་པ་གུས་པ་མེད་པ་དང་། །དམ་ལ་མི་གནས་ཕྱིན་ཅི་ལོག །བསྐུར་དང་མ་བསྐུར་རྗེས་མེད་མཚུངས། །བུམ་ཆུའི་ཤྭ་ལ་བསྐུར་གྱུར་ཀྱང་། །དེ་ཡི་སྒྲིབ་པ་དག་མི་འགྱུར། །དབང་རྫས་རི་ཙམ་སྤངས་གྱུར་ཀྱང་། །དེ་ལ་ཡོན་ཏན་རྡུལ་ཙམ་མེད། །ཞབས་མེད་སྣོད་དུ་ཆུ་བླུག་འདྲ། །སྐལ་བར་མི་ལྡན་དམན་པའི་རིགས། །དཔོན་སློབ་གཉིས་ཀ་ཉམས་པར་གྱུར། །སྔགས་པ་མཁས་ཤིང་དོན་ལྡན་པའི། །དཀྱིལ་འཁོར་བདག་པོ་ཚད་ལྡན་པས། །སློབ་བུ་རྒྱུད་དག་གང་རྟེན་པ། །བརྡལ་དང་བརྟགས་ནི་བསྟེན་པ་ཙམ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །ཐུགས་རྒྱུད་ཡེ་ཤེས་རྟོག་པ་འཕོས། །རིག་པ་ཙམ་གྱི་རང་དབང་ཐོབ། །འདི་ནི་དབང་མཆོག་རྒྱལ་པོ་ཡིན། །དགེ་སྡིག་སྤང་བླང་རང་དོན་བྱེད། །འཇིག་རྟེན་ལྷ་ཡི་ཐེག་པ་ལས། །ཐར་འདོད་བདེན་བཞིའི་སྒོ་ནས་སུ། །ཉན་ཐོས་རྣམས་དང་རང་སངས་རྒྱས། །ཐུན་མོང་སྐྱབས་འགྲོ་ནས་བརྩམས་ནས། །སོ་སོ་ཐར་པ་རིགས་བརྒྱད་ཀྱིས། །རང་དོན་ཚུལ་ཁྲིམས་བསྲུངས་པ་ཡིས། །སླབ་པའི་གཞི་རྣམས་བརྟན་བྱས་ལ། །བདེན་པ་གཉིས་ཀྱི་སྒོ་ནས་སུ། །རྣལ་འབྱོར་སྤྱོད་པ་དབུ་མའི་དོན། །ཐེག་པ་ཆེན་ངོ་འི་སྒོར་ཞུགས་ནས། །བྱང་ཆུབ་སེམས་གཉིས་གཞན་དོན་སྤྱོད། །བདེན་པ་དབྱེར་མེད་ཕྱག་བྱ་ཡི། །སྔགས་ཀྱི་དོན་ལ་འཇུག་འདོད་པ། །རིགས་གསུམ་ལ་ནི་རྣམ་པར་གཟིགས། །རིགས་གསུམ་འཆང་བ་གསང་སྔགས་འཆང་། །མ་རིག་སེལ་ཕྱིར་རིག་སྔགས་ནི། །ཕྱི་པ་ཕ་རོལ་ཕྱིན་པའི་སྔགས། །ལམ་ལ་མ་ཡེངས་གཟུངས་སྔགས་ཏེ། །ནང་གི་རྒྱུད་ལ་འཇུག་པའི་སྔགས། །རང་རིག་ཡེ་ཤེས་བདེ་ཆེན་པོ། །ཚེ་འདི་ཉིད་ལ་ཐོབ་བྱེད་པས། །བློ་ཆུང་ཐེག་པ་དམན་རྣམས་དང་། །ཕྱིན་ཅི་ལོག་པར་ལྟ་བ་ཡི། །བདུད་ལ་གསང་ཕྱིར་གསང་སྔགས་ཞེས། །སྡེ་སྣོད་རྒྱུད་སྡེ་ཐམས་ཅད་ཀུན། །གཏན་ལ་ཕེབས་པར་བྱེད་པ་ཡི། །སྙིང་པོ་ཡེ་ཤེས་མཆོག་གི་དོན། །མ་ནོར་ཆོས་ལ་འཇུག་འདོད་པ། །བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བ་བྱུང་ས་མེད། །ཐོག་མའི་སངས་རྒྱས་བླ་མ་ཡིན། །བླ་མ་རང་བྱུང་སངས་རྒྱས་ཏེ། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཆང་གི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རང་བཞིན་ཏེ། །ཆོས་སྐུའི་ངང་ན་ལོངས་སྤྱོད་རྫོགས། །སྣ་ཚོགས་གཟུགས་ཀྱིས་སྐུར་བྱོན་ནས། །གང་ལ་གང་འདུལ་འགྲོ་དོན་མཛད། ཁྱད་པར་ལྷ་མིའི་འཇིག་རྟེན་དུ། །རྡོ་རྗེ་འཛིན་པ་མི་ཡི་གཟུགས། །ཐ་མལ་གཟུགས་འདྲའི་སློབ་དཔོན་འབྱོན། །གསང་བ་སྔགས་ལས་བྱུང་བ་ཡི། །བླ་མ་གསང་སྔགས་ཆེ་བའི་མཆོག །མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རིམ་གྲོ་བྱ་བའི་འོས། །ཕྱག་བྱར་འོས་པ་བླ་མའི་རབ། །ཞི་ཞིང་དུལ་མི་ཆ་བྱད་ཅན། །མཉམ་པ་ཉིད་དུ་སེམས་བསྐྱེད་པས། །སེམས་ཅན་ཀུན་ལ་མི་འཇིགས་སྤྱིན། །ཡེ་ཤེས་ཅན་གྱིས་ཤེས་བྱ་རྟོགས། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །དཀྱིལ་འཁོར་འཁོར་ལོའི་ལས་ལ་མཁས། །གསང་སྔགས་ཚུལ་ཆེན་ལས་བྱུང་བའི། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །དེ་ཉིད་ཀུན་གྱི་སློབ་དཔོན་འགྱུར། །བླ་མ་ལས་ནི་མ་བྱུང་བའི། །ཆོས་འགའ་ཡོད་པ་མ་ཡིན་པས། །བླ་མའི་དྲུང་དུ་སེམས་ཐག་ཆོད། །བླ་མ་ལ་གུས་མེད་གྱུར་ན། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་བས། །དེ་བས་གུས་པ་ཐམས་ཅད་ཀྱིས། །བླ་མའི་སྐུ་གསུང་ཐུགས་མཉེས་བྱ། །མོས་གུས་གང་ཡོད་རྒྱལ་བའི་སྲས། །གཉུག་མའི་ལྷན་སྐྱེས་ཡེ་ཤེས་འཆར། །བླ་མ་སངས་རྒྱས་གང་བསྒྲུབ་པ། །དེ་ཉིད་མོས་གུས་སྟོབས་ཀྱིས་འགྱུར། །བླ་མ་དཀྱིལ་འཁོར་ཀུན་གྱི་གཙོ། །བདག་ཉིད་ཆེན་པོའི་ལྷ་ཚོགས་ཡིན། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །ཐམས་ཅད་བླ་མ་མཆོག་ལས་འབྱུང་། །དགོས་འདོད་འབྱུང་བ་རིན་པོ་ཆེ། །གང་གིས་འབྲེལ་བ་དོན་དང་ལྡན། །བླ་མའི་སྐུའམ་འདྲ་འབག་ལ། །མཆོད་ཅིང་བསྟོད་པའི་བསོད་ནམས་ནི། །ཚད་དུ་མེད་ཅིང་བགྲང་མི་ནུས། །སྐུ་མཐོང་ཙམ་གྱིས་སྡིག་པ་འདག །གསུང་ཐོས་པས་ནི་ཡོན་ཏན་སྐྱེ། །ཐུགས་མཉེས་པས་ནི་གཅིག་ཏུ་འདྲེས། །གཉིས་མེད་ཡེ་ཤེས་སངས་རྒྱས་ན། །བསྐལ་པ་བྱེ་བར་རྙེད་དཀའ་བ། །སྐད་ཅིག་ཉིད་ལ་ཐོབ་པར་འགྱུར། །ཐམས་ཅད་བླ་མ་མཆོག་ལས་བྱུང་། །བླ་མ་ཀུན་མཁྱེན་སངས་རྒྱས་ཡིན། །བླ་མ་མེད་པའི་ལམ་མཆོག་ནི། །སྔོན་དུ་མ་བྱུང་ཕྱིས་མི་འབྱུང་། །སྐྱེ་བ་འཛིན་པ་མེད་པ་ཡི། །གྲུ་ཡིས་ཆབ་ལ་རྒལ་མི་ནུས། །དེ་བཞིན་འཁོར་བའི་སྡུག་བསྔལ་ལས། །བླ་མ་མེད་ན་མཐར་མི་ནུས། །གསང་སྔགས་འབྲས་བུ་མྱུར་བ་དང་། །འཆུག་མེད་སྔོན་དུ་འགྱུར་བ་ཡང་། །ལམ་མཆོག་བླ་མའི་མོས་གུས་བྱུང་། །དེ་ཕྱིར་གུས་པས་འཇུག་པར་བྱ། །སློབ་དཔོན་གསུམ་ལ་དགེ་སློང་མཆོག །འབྲིང་ནི་དགེ་ཚུལ་ཉིད་དུ་བརྗོད། ཁྱིམ་ན་གནས་པ་ཐ་མ་སྟེ། །ཡང་དག་དོན་ནི་མ་རྟོགས་པའི། །ས་ཐོབ་མན་ཆད་ཁྱིམ་པས་ནི། །རྨོངས་པས་རྡོ་རྗེ་འཛིན་མི་ཡོང་། །རྩོད་ལྡན་དུས་ཀྱི་ཐ་མ་ལ། །སློབ་དཔོན་སྐྱོན་དང་ཡོན་ཏན་འདྲེས། །དགེ་ལ་སྤྱོད་བྱེད་ཡོན་ཏན་དག ཁྲས་ཆེར་གྱུར་ན་རྣམ་པར་བཟུང་། །ལོག་ཤེས་ཆེ་ན་སྤང་བར་བྱ། །སྐྱོན་ཅན་སློབ་དཔོན་བརྟེན་བྱས་པས། །ཉེས་པ་དུ་མས་སྤགས་པར་གྱུར། །འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན། །འཁོར་བ་འདི་ལ་བློ་ལོག་ནས། །གང་ཞིག་དད་པས་འཇུག་བྱེད་ན། །རིགས་ནི་མ་ངེས་གང་ཡང་རུང་། །རྒྱལ་རིགས་རྗེ་རིགས་དམངས་རིགས་དང་། །གདོལ་པ་རིགས་ངན་བུད་མེད་དང་། །མཚམས་མེད་ལྔ་སོགས་སྡིག་ཅན་ཡང་། །ཆོས་འདི་ལ་ནི་ཞུགས་གྱུར་ན། །བསྐལ་པའི་མུན་ནག་ཆེན་པོ་ཀུན། །སྐད་ཅིག་སྒྲོན་མེས་སེལ་བ་བཞིན། །ལས་ཀྱི་སྒྲིབ་པ་ཀུན་དག་ནས། །ཡོན་ཏན་ཡེ་ཤེས་ཐོབ་པའི་སྣོད། །མ་གྱུར་གང་ཡང་མེད་པ་ལས། ཁྱད་པར་འཇིག་རྟེན་ཆོས་དང་བྲལ། །དད་པ་ཆེ་ཞིང་བརྩོན་འགྲུས་ལྡན། །དུལ་ཞིང་གུས་པས་སློབ་དཔོན་ཁུར། །འཕྲལ་འཛུམ་ཁོག་ཡངས་བསམ་པ་བཟང་། །དམ་ཚིག་གཙང་ཞིང་ཁྲེལ་དང་ལྡན། ཁེས་རབ་ལྡན་ཞིང་སྙིང་རྗེ་ཆེ། །ནོར་དང་སྲོག་ལ་འཕངས་མེད་གཏོང་། །བྱང་ཆུབ་དོན་གཉེར་སློབ་བུ་ལ། །ཆོས་ཀུན་དབང་ཐོབ་སྣོད་དང་ལྡན། །ཡོན་ཏན་ཡིད་བཞིན་ནོར་བུས་གང་། །སངས་རྒྱས་ཡེ་ཤེས་རྒྱུན་མི་འཆད། །སྣོད་དུ་མི་རུང་སྐལ་ཆད་ནི། །ཚེ་འདི་མི་སྤོང་ཆགས་སྡང་ཆེ། །དད་པ་ཆུང་ལ་ལོག་ལྟ་ཆེ། །གུས་མེད་བླ་མའི་བཀའ་མི་བསྒྲུབ། ཁྲེལ་མེད་ཐབས་ཀྱིས་ཆོས་འདོད་ཅིང་། །རྣ་བར་ཐོས་ནས་གཞན་ལ་སྒྲོག །ལག་ན་ཐོབ་ནས་ཟོང་དུ་ཆེ། །དོན་ལ་མི་བསྒོམ་ཚིག་ལ་རེ། །དམ་ཚིག་མི་གཙང་རྫུན་པོ་ཆེ། །དམ་མེད་མན་ངག་ནང་ཚོང་བྱེད། །གཞོགས་ངོམས་བྱེད་ཅིང་རང་ཆེ་འབྱིན། །ཆོས་ཐོབ་སློབ་དཔོན་རྒྱང་དུ་བསྲིང་། །འབྲེལ་བ་མེད་རྫུས་གཞན་ལ་འདུད། །བཞེད་པ་མཐོ་རིས་ཐར་པ་བཞེད། །འགྲོ་བ་མནར་མེད་དམྱལ་བར་འགྲོ། །དེ་འདྲའི་སྣོད་ངན་སྐལ་མེད་ལ། །རྒྱལ་སྲིད་གཏེར་ཡང་ཆོས་མ་སྦྱིན། །གང་ཞིག་གུས་མེད་ཆོས་ལ་དྲེད། །སྤྱོད་པ་བག་མེད་ཏིང་འཛིན་གཡེལ། །སྔགས་པ་ཆང་གི་མྱོས་གྱུར་པ། །དེ་ལ་གགས་ནི་མང་པོ་འབྱུང་། །འདོད་ལ་དགའ་ཞིང་འཁྲིགས་ལ་སྲེད། །རྒོད་ཅིང་གླུ་ལེན་འདུག་མི་ཚུགས། །འཐབ་མོའི་ལས་བརྩོན་རྣམ་པར་འཕྲུལ། །སྨོད་ཅིང་བཀའ་བས་འཆོལ་བར་བྱེད། །ཉམས་པས་ངུ་འབོད་གནས་སུ་འགྲོ། །གསང་སྔགས་སྣོད་མིན་དེ་ལ་ནི། །མཁའ་འགྲོ་ཁྲོས་པས་ནད་རྣམས་མང་། །འཇིགས་པའི་མྱ་ངན་འཚེ་བ་འོང་། །དངོས་གྲུབ་བསྒྲུབ་པའི་འབྲས་བུ་མེད། །སྡིག་ཅན་དམྱལ་བར་ཁྲིད་པར་འགྱུར། །གྲོགས་པོ་དག་ལ་གྲིབ་ཀྱིས་ཆོད། །བདུད་དེ་ཉིད་ལ་འདུག་དེ་ཉིད། །དུག་ལ་སྨན་གྱིས་སེལ་བ་སྟེ། །སྨན་གྱི་ནད་ལ་བྱ་ཐབས་མེད། །དུག་ལ་བདུད་རྩིར་སྔགས་ཀྱིས་བསྒྱུར། །སྔགས་པ་མྱོས་པའི་ཉེས་པ་ནི། །བདག་ཉིད་ཆེན་པོ་ལྷ་བྲལ་བས། །སངས་རྒྱས་ཀུན་གྱིས་བཅོས་ཐབས་མེད། །སྔགས་པ་འདི་དག་སྤང་བ་ནི། །དུས་གསུམ་རྒྱལ་བ་ཀུན་གྱིས་བཤད། །གསང་སྔགས་བསྒྲུབ་པའི་གནས་མཆོག་ནི། །དུར་ཁྲོད་གནས་སུ་དངོས་གྲུབ་ཉེ། །བས་མཐའ་དགོན་པར་ཏིང་འཛིན་འཕེལ། །རྒྱལ་པོའི་ཕོ་བྲང་བར་ཆད་མེད། །གཙུག་ལག་ཁང་སྐོར་འགྲོ་དོན་ཆེ། །བཞི་མདོ་རྣམས་ན་ཡོ་བྱད་ཚོགས། །མཆོད་རྟེན་གནས་སུ་ཀུན་གྱིས་བཀུར། །དེ་རུ་ཕྱི་ནང་གསང་གསུམ་གྱིས། །འཚམས་ཀྱི་ཁང་པ་ཆེན་པོ་བྱ། །སྲུང་བ་རྡོ་རྗེའི་ར་བས་བསྐོར། །ཡང་ན་མི་མེད་གྲོང་ཁྱེར་རམ། །དུར་ཁྲོད་རི་ཡི་བྱ་སྐྱིབས་ཚོགས། །བཟའ་བ་ཁྱེར་ཏེ་དེ་རྣམས་སུ། །ཚོགས་ཀྱི་འཁོར་ལོ་སྤྱད་པར་བྱ། །ཡར་ངོ་མར་ངོའི་དུས་བཟངས་ལ། །མཁའ་འགྲོ་མ་རྣམས་དགའ་བྱའི་ཕྱིར། །མཆོག་དང་ཐུན་མོང་དངོས་གྲུབ་ནི། །རྣལ་འབྱོར་ཚོགས་ཀྱིས་འཐོབ་པར་འགྱུར། །བཟའ་མིན་བཟའ་མིན་བ་་མིན་ལ། །རྣམ་རྟོག་ཉིད་དུ་མི་བྱ་སྟེ། །སྔགས་པ་ཏིང་འཛིན་ལྡན་པ་ཡིས། །ཆང་ནི་བདུད་རྩིར་བ་་བྱས་ཏེ། ཁྲ་ནི་མཁས་པས་སྡིག་མེད་བཟའ། །སེམས་ཅན་དེའི་དབང་དུ་འགྱུར། །སྒྲོད་དང་སྒྲོད་མིན་སྔགས་པ་ཡིས། །རྣམ་རྟོག་མེད་པའི་ཆོས་ཉིད་རོལ། །ཟད་མེད་བདེ་བའི་མཆོད་སྤྱིན་ལ། །རྒྱལ་བ་ཐམས་ཅད་མཉེས་པ་ཡིས། །མཁའ་འགྲོ་མ་རྣམས་འདུ་བར་འགྱུར། །གང་གི་དངོས་གྲུབ་ལེན་པ་ལ། །གསང་བའི་སྐད་ཀྱིས་མ་བསྒྲགས་ནས། །དེ་ནི་དམ་ཚིག་ཉམས་པར་འགྱུར། །གསང་སྔགས་གསང་བས་འགྲུབ་པའ་ཕྱར། །ད ན་པའ་གནས་སུ་འཁར་ལ་བསྐར། །དབང་ཐབ་དམ་ ག་ལྡན་པ་ཡ། །བདག་ཉད་ཧེ་རུ་ཀ་ཡས་ནི། །ངག་གི་གླུ་ནི་སྔགས་སུ་བཟླས། །ལུས་ཀྱི་སྤྱོད་པ་ཕྱག་རྒྱ་གར། །གླུ་གར་དགྱེས་པའི་མཆོད་པ་ནི། །རྣལ་འབྱོར་རྟག་ཏུ་བརྩོན་པར་བྱ། །དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་ཀྱི། །ལྷག་མའི་བདུད་རྩིས་ཀུན་ཚིམ་བྱ། །འབྱུང་པོ་རྣམས་ལ་གཏོར་མ་གཏང་། །ཆགས་པ་མེད་པར་ཡོངས་སུ་བསྔོ། །རྣལ་འབྱོར་སེམས་དགེ་ལྡན་པ་དེ། །དབང་དང་བྱིན་རླབས་དངོས་གྲུབ་ཀུན། །བསྒྲུབ་པ་ནམ་དྲན་དུས་ན་བཟང་། །རྒྱུན་ཆད་མེད་པ་བཟང་བའི་མཆོག ཁྱད་པར་ལོ་ཟླ་ཚེས་གྲངས་ཀུན། །ཡོན་ཏན་འཕེལ་འདོད་བསྟོད་དུ་བཟང་། །སྨད་དུ་བསྒྲིབ་པ་ཟད་འདོད་བཟང་། ཁྱད་པར་ཉི་མ་རྒས་པ་ནི། །མཁའ་འགྲོ་ཐམས་ཅད་འཚོགས་པ་ཡིན། །ཕྱི་རོལ་དེ་བཞིན་ནང་དུ་ཡང་། །ལྷ་རྣམས་འདུ་བར་འགྱུར་བ་སྟེ། །བྱིན་རླབས་དངོས་གྲུབ་མཚན་མོ་ཚེ། །ནམ་ལངས་པ་ན་ལྷ་ཡང་དགྱེས། །རྣལ་འབྱོར་ལུས་སེམས་བདེ་ཉམས་འགག །ཉིན་མོ་ཕྱི་ཡི་བྱ་བ་ནི། །ཁྲུས་དང་གཙང་སྤྲ་ལ་སོགས་སྤྱོད། །མཚན་མོ་ནང་གི་རྣལ་འབྱོར་བསྐྱང་། །དངོས་གྲུབ་མྱུར་དུ་ཐོབ་པ་ཡིན། །དཀྱིལ་འཁོར་རྒྱན་དང་ཕྱག་མཚན་དང་། །བདུད་རྩི་དམ་རྫས་མཆོད་ཡོན་དང་། །དབང་རྫས་མཁོ་བའི་ཡོ་བྱད་རྣམས། །ཇི་ལྷར་བསྒྲུབ་བཞིན་ཚོགས་པར་བྱ། །ཡོ་བྱད་མ་འཛོམ་བསྒྲུབ་པ་ཡི། །དངོས་གྲུབ་ཉམས་ཤིང་བར་ཆད་འབྱུང་། །རྫས་རྣམས་ཚོགས་པ་དམ་ཚིག་གནད། །ཕ་རོལ་དབང་དུ་དེ་མི་འགྱུར། །སྔགས་ཀྱི་དངོས་གྲུབ་དོན་ཉེར་འགྲུབ། །ཆོ་རིགས་བཟང་ཞིང་ཁྲེལ་དང་ལྡན། །དད་པ་བརྟན་ཅིང་ངང་རྒྱུད་རིང་། ཁ་ན་མ་ཐོའི་སྤྱོད་པ་བྲལ། །བརྩོན་འགྲུས་ཆེ་ཞིང་རྟོག་པ་མཐུན། །འཇིག་རྟེན་འཁོར་བའི་ཆོས་བརྒྱད་བྲལ། །བྱང་ཆུབ་ཐར་པ་ཆུ་བས་སྐོམ། །བདེ་བ་འདོད་ཕྱིར་སྡུག་བསྔལ་ནུས། །ཆོས་དང་ཡོ་བྱད་རྫས་དང་ལྡན། །དཔའ་བརྟུལ་གདེང་ཆེ་རིག་པ་ལྡན། །བླ་མ་ཁོང་གི་སྙིང་བཞིན་འཛིན། །གྲོགས་པོས་མིག་གི་འབྲས་ལྟར་བརྩེ། །དམ་ཚིག་སྲོག་དང་སྡོས་ནས་སྲུང་། །བློ་ཚེ་ཤེས་རབ་ནམ་མཁའ་འདྲ། །བླ་མ་གཅིག་ཅིང་དམ་ཚིག་གཅིག །ཡང་ན་རང་གིས་དབང་བསྐུར་བའི། །རྡོ་རྗེའི་བུ་དང་བུ་མོའི་རིགས། །འཁོར་བའི་ཆོས་ལ་འབྲེལ་ཆད་པའི། །བྱང་ཆུབ་དོན་དུ་གཉེར་བ་ཡི། །མང་པོའི་ཚོགས་སུ་སྤྱོད་ལམ་མཁས། །གསང་སྔགས་སྤྱོད་དུས་རྣམ་རྟོག་བྲལ། །གཅིག་པོར་འདུག་ན་འབྲལ་མི་ཕོད། །བླ་མ་ཐོད་བཞིན་བཀུར་བ་ཡིས། །ཆོས་བཞིན་སྤྱོད་པ་གྲོགས་ཀྱི་མཆོག །རང་རྒྱུད་ངན་ལ་གཞན་རྒྱུད་བསྲེག །ངོ་ཚ་ཆུང་ལ་ལོག་ལྷ་ཆེ། །ཚེ་འདི་མི་སྤོང་ནོར་ལ་སྲེད། །ཕྲག་དོག་ཆེ་ཞིང་སྤུན་ལ་འཁུ། །བླ་མ་ཁ་གསག་གཡོ་སྒྱུས་བརྟེན། །ཆོས་སྤྱོད་ཁེ་དང་གྲགས་པ་རེ། །སྙིང་རུས་ཆུང་ལ་འདོད་ཆགས་ཆེ། །དགོན་པར་མི་གནས་གྲོང་ལ་དགའ། །བསྒྲུབས་པའི་འབྲས་བུ་ཚེ་འདི་འདོད། །བློ་དམན་སྤྱོད་པ་སྐྱེད་ཁ་འགྲིམ། །དམ་ཚིག་མི་བསྲུང་གཡོ་སྒྱུ་འཆའ། །སྟོབས་ཆུང་ནོར་མེད་ན་ཚ་མོད། །ལེ་ལོ་ཐེ་ཚོམ་གཡེང་བ་ཆེ། ་།ད་གྱོང་ཚོད་ཡོད་བརྙས་པ་ཆེ། །གྲོགས་པོ་ངན་པ་ཐབས་ཀྱིས་སྤང་། །གྲོགས་ངན་བདུད་ཀྱི་ནང་བྱན་ཡིན། །དངོས་གྲུབ་མི་ཐོབ་བར་ཆད་འཁྱེར། །གཉིས་ཀ་རི་གཟར་ཆུ་འབབ་བཞིན། །གཅིག་གིས་གཅིག་ཕུལ་ངན་སོང་ལྟུང་། །སངས་རྒྱས་བསྟན་པའི་རུ་དྲར་འགྱུར། །གསང་སྔགས་རིགས་པའི་ལྷ་ཡིན་པས། །སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་དུ། །ཕྱག་རྒྱ་ཆེན་པོ་རབ་རྟོགས་པས། །ལྷ་དང་གཉིས་མེད་གྱུར་པ་ཡིན། །རང་སྣང་ལྷ་ཡི་དཀྱིལ་འཁོར་དུ། །དྲན་པས་བྱིན་རླབས་གསལ་ཐེབས་པ། །བསྙེན་པ་སྔོན་དུ་སོང་བ་ཡིན། །ལྷ་དང་རང་གཉིས་དམ་ཚིག་དང་། །ཡེ་ཤེས་གཉིས་ཀྱི་སྤྲོ་བསྡུ་ཡིས། །རྩ་བ་ཉེ་བའི་སྙིང་པོ་ལ། །གྲངས་དང་དུས་དང་མཚན་མ་ཡི། །རྟགས་ལ་ཐུག་པར་བཟླས་པ་ནི། །གང་ཟག་ཐ་མའི་བཟླས་པ་ཡིས། །ལྷ་དང་ཉེར་བར་གཉེན་པ་ཡིན། །སེམས་ཅན་ཐམས་ཅད་རྒྱུད་གཅིག་ཅིང་། །སངས་རྒྱས་དགོངས་པ་གཅིག་པའི་ཕྱིར། །སངས་རྒྱས་གཅིག་གི་བསྒོམས་བཟླས་ལ། །ཡི་གེ་གསུམ་གྱིས་མགོ་དྲངས་པའི། །སངས་རྒྱས་ཀུན་གྱི་གཉེན་པོ་མྲ །ཆུ་ཟླ་གཅིག་ནི་དག་གྱུར་ན། །ཆུ་ཟླ་ཐམས་ཅད་དག་པ་བཞིན། །རང་གིས་ཡི་དམ་གང་མོས་ཀྱི། །བསྙེན་པ་རྫོགས་ན་འཕྲིན་ལས་ཀྱིས། །གང་བྱེད་བསྙེན་པར་བསྒྱུར་བ་ཆོག །འཁོར་ལོའི་བདག་པོ་བཟླས་པ་འབུམ། །གཅིག་བཟླས་ཀུན་ཏུ་ཤེས་པར་བྱ། །དཀྱིལ་འཁོར་ཅན་གྱི་དེ་བཞིན་ཁྲི། །ལས་ཀྱིས་བསྒྱུར་བ་སྟོང་ཕྲག་རེ། །ཐམས་ཅད་བརྒྱ་རྩ་བརྒྱད་ཀྱིས་བསྙེན། །ལྷ་དང་གཉིས་མེད་གྱུར་ཙམ་ན། །གསང་སྔགས་བསྙེན་པ་རྫོགས་རྟགས་ཡིན། །མཆོག་ནི་རང་རིག་ཡེ་ཤེས་ལྷ། །ཐུན་མོང་དངོས་གྲུབ་འབྱུང་བ་དང་། །སྔོན་དུ་ལྷ་དང་མ་བསྙེན་པར། །ཕྱི་ནས་དངོས་གྲུབ་མི་འབྱུང་བས། །གསང་སྔགས་ཟླས་མཆོག་སྔོན་དུ་གཅེས། །ཕྱི་ནས་བར་ཆད་མི་འབྱུང་ཕྱིར། །མཁས་པས་ས་གཞི་ལེགས་བརྟགས་ལ། །དཀྱིལ་འཁོར་སྤྱིན་སྲེག་གང་བྱེད་དུ། །ས་བདག་རྣམས་ལ་ས་བསླངས་ལ། །སྐྱོན་མེད་འཛིན་མ་རྣམ་པར་སྦྱངས། །གང་གི་སྐྱོན་དང་འཚམས་པ་ཡི། །སྟེགས་བུ་མ་བརྡལ་ལེགས་སུ་ན། །ཧུ༷་ཧུ༷་བསྙེན་པ་བྱས་ནས་ནི། །བསྲུང་བའི་འཁོར་ལོ་རབ་ཏུ་བསྒོམ། །ཕྱོགས་སྐྱོང་འབྱུང་པོའི་གདོན་རྣམས་ལ། ཨོ་ཨ་ཧུ༷། ཨ་ཁ་རོ་མུ་ཁ༷་སརྦ་དྷརྨ་ཎ་ན། ཨུབྱ་ནུད་པན་ན་ཏྭད་སྲུཧྭ། ཞེས་པས་སྤྱི་རུ་གཏོར་མ་གཏང་། །བར་ཆད་མེད་པའི་བཀའ་བསྒོ་བྱ། ཁེང་བཙིར་མེ་སྤར་ལྷ་བསྐྱེད་ལ། །ཨོ་ཨག་ནེ་མེ་ཛ་ལ་ར༷་ཤན་ཏིང་ཀུ་རུ་གྲྭཧྭ། རྫས་དབུལ་སྡིག་སྒྲིབ་བག་ཆགས་སྦྱངས། །འཕྲིན་ལས་འདོད་གསོལ་དམིགས་པས་བསྒྱུར། །སྤྱིན་སྲེག་ལས་ལ་སུ་བརྩོན་པ། །ཚོགས་རྫོགས་སྒྲིབ་དག་བར་ཆད་སེལ། །སྦྱིན་སྲེག་མེ་ཡི་མཆོད་པ་འདིས། །ལྷ་དགྱེས་རབ་ལ་དངོས་གྲུབ་འབྱུང་། །འཕྲིན་ལས་བཞི་པོ་འགྲུབ་པ་འདི། །གསང་བ་ནང་གི་པུ་ཙ་འོ། །གོང་གི་སློབ་མ་དབང་བསྐུར་བ། །དཀྱིལ་འཁོར་འཁོར་ལོའི་ཐབས་ལ་ནི། །རྡུལ་གཅིག་སྟེང་ནས་ནམ་མཁའི་བར། །ཆེ་ཆུང་བློ་དང་གང་འཚམ་པར། །སྣང་སྲིད་སྣོད་ནི་གཞལ་ཡས་ཁང་། །སྲིད་པ་བཅུད་ནི་ལྷའི་འཁོར། །བདག་ཉིད་འཁོར་ལོའི་བདག་པོ་མྲ །ཡེ་ནས་ལྷུན་གྱིས་གྲུབ་པའི་དཔལ། །རབ་ཀྱིས་རྟོགས་ཤིང་འབྲིང་གིས་བསྒོམ། །ཐ་མས་མ་རིག་རྨོངས་པ་ལ། །མཚོན་བྱེད་ཕྱི་ནས་དཀྱིལ་འཁོར་བྲི། །དཀྱིལ་འཁོར་ཁང་པའི་ནང་དུ་ནི། །དཀྱིལ་འཁོར་དམ་པ་རབ་ཏུ་བཞེངས། །གང་ཟག་བློ་དང་བསྟུན་པ་ཡི། །ཚད་ནི་སོར་བཞི་མཐོ་གང་དང་། །གྲུ་བཞི་འདོམ་གང་རྒྱང་གྲགས་ནས། །དཔག་ཚད་ལ་སོགས་གང་འཐད་བྱ། ཁྲེས་རབ་ལྡན་པའི་བུ་ཕོ་མོས། །གསར་པ་ལེགས་པར་བཀལ་བ་ཡི། །སྲད་བུ་ཚོན་གྱིས་ཁ་དོག་བསྒྱུར། །ཡེ་ཤེས་དགུག་བསྟིམ་རྒྱལ་བ་རྣམས། །མཁའ་ནས་བྱིན་བརླབས་ཐིག་བཏབ་པས། །ས་ལ་དམིགས་ལ་སེལ་བར་བྱ། །དེ་ནས་ཐབས་དང་ཤེས་རབ་ཀྱིས། །སྲད་བུ་ལྔ་ལྡན་ཆད་མེད་པས། །ས་ལ་ལས་ཀྱིས་ཐིག་བཏབ་ནས། །གཞལ་ཡས་ཁང་གི་རྨང་བཏིང་ངོ་། །འདི་ལ་ལྷ་རྣམས་སྐྱོབ་པར་འགྱུར། །འབྱུང་པོ་རྣམས་ནི་བྱ་བར་བྱེད། །རྨོངས་པ་རྣམས་ལ་བསྟན་པའི་ཕྱིར། །རྡུལ་ཚོན་དམ་པ་ཚོན་ལ་ནི། །རིན་ཆེན་སྣ་ལྔའི་ཕྱེ་མ་དང་། །ཡང་ན་འབྲུའམ་ས་ལ་ནི། ཁ་དོག་ལྔའམ་ཉི་ཤུ་ཡིས། །བསྒྱུར་བའི་ཚོན་ནི་དྲི་མེད་ལ། །རྒྱལ་བའི་བྱིན་བརླབས་ཡེ་ཤེས་གཞུག །སྨ་དང་ཡོ་དང་འཁྱོགས་མེད་པར། །མཁས་པས་དཀྱིལ་འཁོར་བྲི་བར་བྱ། ཁུ་བཞི་སྒོ་བཞི་གཟི་བརྗིད་ཅན། །དོ་ཤལ་དོ་ཤལ་པྱེད་པ་དང་། །འཕེལ་བ་མདའ་ཡབ་སྣམ་བུ་དང་། །ཀ་བ་བརྒྱད་ལ་སོགས་པ་ཡི། །རྟ་བབས་མུ་ཁྱུད་ཆོས་འཁོར་གདུགས། །དཀྱིལ་འཁོར་དབུས་འགྱུར་མཐའ་མི་འགྱུར། །དབུས་སུ་འཁོར་ལོའི་བདག་པོས་ཤེས། །པདྨའི་འཁོར་ལོ་འོད་ཟེར་དང་། །ལིང་ཚེ་དྲ་མིག་སྣ་ཚོགས་འབྱུང་། །བླ་བྲེ་གདུགས་དང་རྒྱལ་མཚན་དང་། །དར་དཔྱངས་ཚོན་གྱི་དྭ་བ་ཡིས། །རྒྱལ་པོའི་ཕོ་བྲང་བརྒྱན་པར་བྱ། །བགེགས་དང་བཟློག་ཕྱིར་མེ་ལོང་དང་། །མདའ་དང་རལ་གྲི་ཕུར་པ་དང་། །མེ་ཏོག་རིན་ཆེན་འཕྲེང་བ་དང་། །བདུག་པ་མར་མེ་ལྷ་བཤོས་དྲི། །བུམ་པ་ལ་སོགས་མཛེས་པར་བརྒྱན། །དེ་ལ་ལྷ་རྣམས་མཆོད་པར་འགྱུར། །བུམ་པ་ལྷ་ཡི་གྲངས་དང་མཉམ། །ཡང་ན་གཉིས་ལ་བསྡུས་ཀྱང་རུང་། །གཅིག་ནི་ལས་ཀྱི་བུམ་པར་བཤམ། །སློབ་མ་འཇུག་པའི་ཕྱོགས་སུ་གཞག །རྣམ་པར་རྒྱལ་བ་བགེགས་བསྐྲད་པ། །རིན་ཆེན་སྣ་ལྔས་ཡོངས་སུ་གང་། །མགྲིན་པར་གོས་ཀྱིས་དཀྲིས་ནས་སུ། །འབྲས་བུ་ཅན་གྱིས་ལེགས་པར་བརྒྱན། །སྐུའི་ཕྱག་མཚན་ལ་སོགས་བརྒྱན། །དབེན་པའི་གནས་སུ་མཎྜལ་སྟེང་། །བུམ་པ་བཞག་ལ་ཡེ་ཤེས་པ། །དགུག་བསྟིམ་མཆོད་བསྟོད་བསྙེན་པ་བྱ། །དཀྱིལ་འཁོར་གནས་སུ་དགོད་པའོ། །དེ་ནས་དཀྱིལ་འཁོར་བདག་པོ་བསྒོམ། །ལྷ་རྣམས་སོ་སོ་གནས་སུ་གཞག །མཆོད་བསྟོད་བསྙེན་པས་དཀྱིལ་འཁོར་སྒྲུབ། །གསོལ་བ་འདེབས་ཅིང་དངོས་གྲུབ་བླང་། །ལུང་བསྟན་རྒྱལ་བའི་དཀྱིལ་འཁོར་དུ། །བསྙེན་ཅིང་བསྒྲུབ་མཆོད་སུ་བརྩོན་ན། །ཚོགས་གཉིས་མྱུར་རྫོགས་བྱང་ཆུབ་ཐོབ། །ཨེ་མ་ངོ་མཚར་རྨད་པོ་ཆེ། །རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ། །ཚོགས་བསགས་བག་ཆགས་སྦྱངས་པ་དང་། །རྣལ་འབྱོར་ཆགས་ཉམས་བསྐང་བའི་ཕྱིར། །འོངས་སྒྲོལ་བསྐང་བཤགས་མཆོད་པར་བྱ། །གསོལ་བ་གདབ་ཅིང་དངོས་གྲུབ་བླངས། །སློབ་མ་ཁྲུས་བྱ་བགེགས་བསྐྲད་ཅིང་། །གསར་བའི་གོས་གྱོན་རྟགས་པ་པས། །སྡོམ་པ་གསུམ་ལ་རིམ་པ་བསླབ། །གསང་སྔགས་སྤྱོད་པའི་དམ་ཚིག་བཤད། །བླ་མས་སློབ་མའི་སྙིང་ལ་ནི། །ཡེ་ཤེས་གཞུག་ཅིང་བྱིན་གྱིས་བརླབས། །མ་རིག་སྒྲིབ་པ་བསལ་དོན་དུ། །སློབ་མའི་གདོང་ནི་གོས་ཀྱིས་བཅིང་། །བླ་མ་ལྷ་ལ་གསོལ་བ་གདབ། །དཔེར་ན་རང་གིབྱདབཞིནཏེ། །མམཐོངམེ་ལོང་ནང་ལྟས་གསལ། །དེབཞིནརངགིཡེཤེས་དེ། །དཀྱིལ་འཁོར་མཐོང་བས་གསལ་བའི་ཕྱིར། །སློབ་མ་དཀྱིལ་འཁོར་ནང་དུ་གཞུག །རྡུལ་ཚོན་མཐོང་བ་ཙམ་གྱིས་ནི། །མ་རིག་སྒྲིབ་པའི་ཚོགས་དག་ནས། །རང་གི་ཡེ་ཤེས་སྣང་བ་ཐོབ། །ང་ཡི་དཀྱིལ་འཁོར་འདི་མཐོང་ནས། །ཡོན་ཏན་མྱུར་དུ་རྫོགས་བྱེད་པས། །དཀྱིལ་འཁོར་འདི་ནི་མ་མཐོང་བར། །ཚུལ་འདི་གཞན་ནས་མ་སྨྲ་ཞིག །དམ་མེད་ལྷ་ལ་སྲེག་པར་འགྱུར། །འདི་ནས་བཟུང་ནས་དུས་ཀུན་ཏུ། །ལྷ་དང་མི་འབྲལ་དམ་ཆོས་ཅིག །དེ་ལས་འགལ་ན་བརླག་པར་འགྱུར། །སློབ་མས་ཁས་བླངས་དམ་བཅས་ལ། །དམ་ཚིག་ཡེ་ཤེས་མངོན་དུ་འགྱུར། །གཙང་མའི་གནས་ནི་ཉམས་དགའ་བ། །དཀྱིལ་འཁོར་ནང་དུ་ཞུགས་པ་ཡིས། །ཡངདག་རྫོགས་པ་དེར་སངས་རྒྱས། །རང་ཉིད་ལྷ་རུ་མ་གྱུར་ན། །ཁྲུས་དང་གཙང་སྦྲ་དྲི་ཞིམ་ལུས། །སློབ་དཔོན་དཀྱིལ་འཁོར་ནང་དུ་བཞུགས། །ལྷ་ལ་ལུང་ནི་བླང་བར་བྱ། །ལྷ་ཡི་གནང་བ་ཐོབ་པ་དང་། །སློབ་མ་ཡོངས་སུ་སྨིན་པར་བྱེད། །རང་རིག་ཡེ་ཤེས་ལྷ་སྐུ་སྲ །ཡོད་པ་མ་རིག་སྒྲིབ་པ་ལ། །ཕྱི་ནས་བརྡ་ཡི་དབང་བསྐུར་བ། །དཔེར་ན་བུམ་པའི་ལྷ་སྐུ་དེ། །ཕྱི་ནང་བུམ་པ་མཐོང་བ་ཙམ། །ནང་ན་ལྷ་སྐུ་ཤེས་པ་བཞིན། །བུམཔའིདབང་ནི་བསྐུར་བ་ཙམ། །རང་ལུས་ལྷ་སྐུར་ཤེས་པར་འགྱུར། །དེབཞིནངགལབདུད་རྩི་དང་། །ཡིད་ལ་ཕྱག་རྒྱ་གཟུགས་བརྙན་དང་། །སེམས་ལ་མི་རྟོག་བརྡ་བསྟན་པས། །དེ་དང་དེ་དོན་རྟོགས་ཕྱིར་དུ། །ཕྱི་ནི་བརྡ་ཡི་དབང་དུ་བསྟན། །དཔེར་ན་གླེན་པ་འཁྲུལ་པ་ལ། །རང་ལུས་བསྟན་པས་མི་ཤེས་ཏེ། །མེ་ལོང་བསྟན་པས་ཡིད་ཆེས་ལྟར། །མ་རིག་རྟོག་ཅན་གང་ཟག་ལ། །མངོན་སུམ་བསྟན་པས་མི་རིག་སྟེ། །ཐབས་ལ་བརྟེན་ནས་དོན་རྟོགས་ཕྱིར། །བརྡ་ཡི་དབང་དུ་བསྟན་པ་ཡིན། །དང་པོར་བུམ་པར་དཀྱིལ་འཁོར་བསྒོམ། །དེ་ཡི་དབང་བསྐུར་བདག་གིས་ཐོབ། །ཐ་མལ་སྒྲིབ་པ་དག་ནས་སུ། །རང་ལུས་ལྷ་སྐུའི་དཀྱིལ་འཁོར་དུ། །ཏིང་ངེ་འཛིན་གྱིས་བསྒོམ་ཤེས་པའི། །གཉེན་པོའི་དབང་ནི་ཐོབ་པ་ཡིན། །རྡོ་རྗེ་སློབ་དཔོན་སྐུ་ཉིད་ལ། །དཀྱིལ་འཁོར་ཐམས་ཅད་རྫོགས་པ་ཡིན། །ལྷ་མོ་ཀླུ་མོ་མི་ཡི་ཚོགས། ཁྲ་རྩ་སྔོ་ལ་ཡིད་འོང་མ། །རྡོ་རྗེ་རིགས་ཀྱི་བུ་མོ་ཡིན། །དེ་བཞིན་དམར་སེར་ལྗང་བའི་མདོག །རིན་ཆེན་པདྨ་ལས་ཀྱི་རིགས། །དཀར་མོ་དེ་བཞིན་གཤེགས་པའི་རིགས། །རིགས་མ་བཟང་མོ་རྣམས་ལ་གཞུགས། །ཡང་ན་ཇི་ལྟར་རིག་པ་ཡིས། །བག་རྩ་བདག་ཁུ་བ་ལྡན། །གསང་ཐུབ་བཅུ་དྲུག་ལོན་པ་ཉིད། །ཚུལ་ཁྲིམས་ལྡན་པས་ས་བརྟེན་ལ། །ཕྱག་རྒྱའི་གདོང་ཡང་བཅིངས་པ་ཡིས། །ཐབས་ཀྱི་གདོང་ཡང་དེ་བཞིན་ལ། །བརྟེན་པ་དེ་ལས་གང་བྱུང་བའི། །པདྨའི་འབྱུང་གནས་དཀྱིལ་འཁོར་བསམ། །ལྷ་ཚོགས་ཞུ་བའི་བྱང་ཆུབ་སེམས། །རྡོ་རྗེ་ལྕེ་ཡིས་བདུད་རྩི་བླང་། །ལྕེ་སྟེངས་གསུང་གི་ལྷ་ཚོགས་བསྒོམ། །རྟོགཚོགསསྤྱིར་རིག་པའི་ཡེ་ཤེས་དབང་། །ས་བཅུའི་བྱང་ཆུབ་སེམས་དཔའ་ལ། །བསྐུར་བས་སངས་རྒྱས་ཉིད་དུ་ནི། །རྩལ་རྫོགས་ཕྱིར་ན་རྩལ་གྱི་དབང་། །ཞེས་ནི་རྫོགས་སངས་རྒྱས་ཀྱི་དབང་། །མཐར་ཐུག་དོན་གྱི་དབང་ཡིན་ནོ། །ཐབས་ཤེས་གཉིས་མེད་ཡེ་ཤེས་རྒྱུད། །ཕྱི་ནང་དབྱེར་མེད་དཀྱིལ་འཁོར་དུ། །བདག་ཀྱང་གྲོལ་བར་བྱ་བ་དང་། །སློབ་མ་ཡོངས་སུ་སྨིན་བྱའི་ཕྱིར། །དབང་གི་ཆོ་ག་རྣམ་པར་བཤད། །དཀྱིལ་འཁོར་གསུམ་མམ་བཞི ལ་བརྟེན། །སྨིན་གྲོལ་དབང་གིས་ཆོ་ག་ཡིས། །རབ་འབྱམ་ཆོས་ཀྱི་དེ་ཉིད་དོན། །རྟོགས་ཕྱིར་ཐམས་ཅད་མཁྱེན་དབང་བསྐུར། །ཐབས་ཤེས་ལྡན་པའི་གང་ཟག་གིས། །སྨིན་བྱེད་དབང་ལ་བརྟེན་ནས་སུ། །རིག་པའི་ཡེ་ཤེས་རྟོག་པར་བྱ། །ཐུག་པ་རང་འབྱུང་ཀུན་ཏུ་བཟང་། །བསྟན་པའི་བདག་པོ་ཆོས་ཀྱི་སྐུ། །འཇམ་དབྱངས་ཁམས་རྣམས་ཀུན་ལ་ཁྱབ། །གསང་བ་འདུས་པ་ཀུན་བྱེད་རྒྱལ། །ཡེ་ཤེས་གསང་བའི་དབྱིངས་ན་གསལ། །ཐུགས་རྗེ་ཆེན་པོས་འགྲོ་བ་འདུལ། །འཁོར་ལོ་བདེ་མཆོག་བདེ་བར་གནས། །དབང་ཐོབ་ནས་ནི་རྟོགས་པར་འགྱུར། །སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་རྫོགས། །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །དབང་གིས་གྲོལ་བར་བྱེད་པ་ལ། །བྱེ་བྲག་རྣམ་པ་ལྔ་བཤད་དེ། །ཕྱི་དང་ནང་གི་དཀྱིལ་འཁོར་རོ། །སློབ་མ་སྨིན་བྱེད་སློབ་དཔོན་དབང་། ཁྱད་པར་མཆོག་གི་དབང་རྣམས་བསྐུར། །རྫོགས་པའི་སངས་རྒྱས་དེར་འགྱུར་རོ། །དམ་རྫས་བདུད་རྩིས་ནད་ཀུན་སྤོང་། །ཡེ་ཤེས་བདུད་རྩིས་ཉོན་མོངས་འཇོམས། །བདུད་རྩི་དབང་གིས་དངོས་གྲུབ་བླང་། །ཆེ་མཆོག་ཡོན་ཏན་བླ་ན་མེད། །གང་གིས་རིགས་འཛིན་སྒྲུབ་པ་ལ། །དབང་གི་བྱིན་རླབས་འཇུག་པ་ཡིས། །སྒྲོལ་མའི་ལས་ཀྱི་ཆོ་ག་ཡིས། །དངོས་གྲུབ་ཐོབ་པར་གདོན་མི་ཟ། །འཁོར་ལོ་དྲུག་རྫོགས་དབང་བསྐུར་ཡིན། །དེ་ནས་རིགས་ཀྱི་བུ་མཆོག་དེས། །རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །དབང་ཕྱུག་འདོད་ཡོན་ལྔ་མཆོད་ན། །རྒྱལ་བ་ཐམས་ཅད་མཉེས་པ་ཡིན། །ལོངས་སྤྱོད་གཞན་རྣམས་སྨོས་ཅི་དགོས། །ཉེས་པ་ཀུན་བྱང་ཡོན་ཏན་ཐོབ། །དད་བརྩོན་བརྟུལ་ཞུགས་ལྡན་པ་ཡི། །བླ་མའི་བཀའ་བཞིན་རྗེས་སུ་སྒྲུབ། །སྙིང་རྗེ་ཆུད་མ་ཟོས་པ་ཡི། །སློབ་མ་བསྡུ་བ་ཉིད་དུ་བྱ། །སངས་རྒྱས་བསྟན་པའི་འཕྲིན་ལས་དབང་། །རྡོ་རྗེ་སློབ་དཔོན་ཉིད་ཀྱིས་རྫོགས། །སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །གསང་སྔགས་སྒོར་ཞུགས་རྣལ་འབྱོར་ལ། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །བུམ་པ་དབུ་རྒྱན་ཅོད་པན་དང་། །འཕྲེང་པ་གོས་དང་རྒྱལ་མཚན་གདུགས། །ཕྱག་མཚན་ཕྱག་རྒྱ་བཟའ་བཏུང་དང་། །སྙིང་པོ་ལ་སོགས་དབང་བསྐུར་ན། །དུས་འདི་ཕན་ཆད་རྒྱལ་བའི་སྲས། །ངན་སོང་འཇིགས་པ་མེད་པ་དང་། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ །བྱང་ཆུབ་སེམས་བསྐྱེད་བྱས་ནས་སུ། །ལྷ་དང་མི་འབྲལ་སྡོམ་པ་ནི། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པ་ཡང་མི་བསླང་ཞིང་། །འདོད་པས་ལོག་པར་གཡེམ་མི་བྱ། །རྫུན་དུ་ཡང་ནི་མི་སྨྲ་སྟེ། །ཉེས་པའི་རྩ་བ་ཆང་སྤང་ཞིང་། །སེམ་ཅན་རྣམས་ནི་འདུལ་བའི་ཕྱིར། །བྱ་བ་མ་ཡིན་ཐམས་ཅད་དོར། །དམ་པ་རྣམས་ལ་རིམ་གྲོ་བྱ། །རྣལ་འབྱོར་མ་རྣམས་ཐབས་ཀྱི་མཆོད། །ལུས་ངག་ཡིད་ཀྱི་མི་དགེ་སྤང་། །དགེ་ལྡན་ལོངས་སྤྱོད་ཚོགས་ལ་སྤྱོད། །རང་སྣང་རྒྱལ་བའི་དཀྱིལ་འཁོར་ལ། །སྐྱེས་པ་བུད་མེད་ལ་སོགས་པའི། །སེམས་ཅན་རྣམས་ཀྱི་གཟུགས་མི་སྨད། །ཐམས་ཅད་ལྷ་དང་ལྷ་མོར་ལྟ། །སྐུ་ཡི་དམ་ཚིག་རྡོ་རྗེ་ཡིན། །བརླང་དང་རྩུབ་དང་མི་སྙན་པའི། །ཚིག་དག་སྨྲ་བར་མི་བྱེད་ཅིང་། །གྲགས་ཚད་རྒྱལ་བའི་གསུང་དུ་ཉན། །རྡོ་རྗེ་གསུང་གི་དམ་ཚིག་ཡིན། །རྣམ་རྟོག་དྲ་བས་བཅིངས་པ་ཡི སེམས་ཅན་རྣམས་ལ་སྐྱབས་པ་དང་། །སེམས་ཀྱི་རྡོ་རྗེ་སྨད་མི་བྱ། །ཐམས་ཅད་ཆོས་ཉིད་རོལ་པ་ལ རོལ་པའི་ཡེ་ཤེས་ཆེན་པོ་ནི། །ཐུགས་ཀྱི་དམ་ཚིག་རྡོ་རྗེ་སྟེ། །འདའ་ཀ་རྡོ་རྗེ་གཏན་གྱི་གཉེར། །སྤྱི་དང་ཁྱད་པར་འཕགས་པ་ཡི། །དམ་ཚིག་སློབ་དཔོན་མི་འདའ་འོ། །དཀྱིལ་འཁོར་མུ་རན་སྐྱོང་པ་ཡི། །ལས་བྱེད་མཁའ་འགྲོ་ལྷག་མའི་མཆོད། །འབྱུང་པོ་ཐམས་ཅད་ཀུན་ཚིམ་བྱ། །དབང་ཐོབ་དམ་ཚིག་ལྡན་པ་རྣམས། །ཕྱག་རྒྱ་ལྔ་ཡིས་ཡང་དག་མཆོད། །བྲོ་གར་འདུལ་འསྤྲའི་ཕྱག་རྒྱ་ཡིས། །མཆེད་ལྕམ་ཐམས་ཅད་དགྱེས་པར་བྱ། །གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། །རྒྱལ་བ་ཐམས་ཅད་མཉེས་པར་བྱ། །བརྒྱན་དང་བསྒོ་བའི་ཕྱག་རྒྱ་ཡིས། །སྐྱེ་འགྲོ་ཐམས་ཅད་མཉེས་པར་བྱེད། །བཟའ་བ་་ཚོགས་ཀྱི་ཕྱག་རྒྱ་ཡིས། །མཁའ་འགྲོ་ཐམས་ཅད་མཉེས་པར་བྱེད། །ཨུ་ལི་ཀྭ་ལི་ཕྱག་རྒྱ་ཡིས། །དཀྱིལ་འཁོར་ཐམས་ཅད་མཉེས་པར་བྱེད། །དགའ་ཆེན་རོལ་མོ་ཆེན་པོ་ཡི། །དགྱེས་པའི་རིམ་གྲོ་ཕུན་ཚོགས་པ། །སྤྱོད་པ་ཀུན་ཏུ་སྤྱོད་པར་བྱའོ། །འབྲས་བུ་གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ལས། །སྨིན་ལམ་དབང་གི་ལེའུ་སྟེ་བཅུ་གཅིག་པའོ།། །།ལྷན་ཅིག་སྐྱེས་པའི་སེམས་ཉིད་ལ། །བསྒོམ་མེད་བསྒོམས་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་པས། །ལྷ་དང་སྔགས་ནི་ཡང་དག་གནས། །དེ་ཉིད་རྟོགས་པའི་ལམ་དུ་ནི། །དངུལ་རྡོ་དངུལ་དུ་མ་བཞུ་བར། །བ་་ཡང་བཟོ་ནི་མི་ཉན་བཞིན། །དབངམེདབསྐྱེད་རིམ་བསྒོམ་པ་ཀུན། །དོན་གྱི་འབྲས་བུ་མི་འབྱུང་བས། །གསེར་དངུལ་བཞུ་བ་་བྱེདཔབཞིན། །དབངགིས་སྨིན་བྱས་བསྐྱེད་རིམ་རུང་། །འབྲས་བུ་གཏན་ལ་འབེབས་པ་ཡིན། །གང་ཞིག་ལམ་ལ་འབད་བྱས་ཀྱང་། །ལྷ་དང་བྲལ་བའི་དཀྱིལ་འཁོར་ལ། །འབྲས་བུ་མྱུར་དུ་མི་ཐོབ་སྟེ། །རྒྱུས་མེད་ཡུལ་དུ་འགྲོ་བ་བཞིན། །ལམ་གྱི་གོལ་ས་ཤིན་ཏུ་མང་། །སྟོང་པ་ཉིད་ལ་ལྟ་ཉེས་ན། ཁྲེས་རབ་ཆུང་ལྡན་ཕུང་བར་འགྱུར། །སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་ལ། །དེ་ཉིད་མ་རིག་སྣོད་བཅུད་འཁྲུལ། །དངོས་པོར་ཞེན་ལས་འཁོར་བར་འཁྱམས། །རང་བཞིན་འགྱུར་བ་མེད་པ་ཡིན། ཁེས་དང་མཚུངས་པའི་སེམས་ཉིད་ལ། །བག་ཆགས་སྐྱོན་གྱིས་མི་གོས་ཀྱང་། །རྣམ་པ་རྐྱེན་གྱི་འགྱུར་བ་སྟེ། །འཁྲུལ་པའི་རྐྱེན་གྱི་འཁོར་བར་སྣང་། །དེ་ལས་བཟློག་པའི་ལམ་རྣམས་ཀྱིས། །འབྲས་བུ་འགོག་པའི་བདེན་པར་སྣང་། །རྒྱུ་དེའི་འབྲས་བུ་གསང་སྔགས་ཀྱིས། །ལམ་གྱི་གཟུང་འཛིན་ཀུན་གྲོལ་ནས། །སྣོད་བཅུད་མངོན་ཞེན་བཟློག་པའི་ཕྱིར། །དང་པོ་བློས་བྱང་བསྐྱེད་རིམ་བསྒོམ། །བར་ཏུ་ཏིང་འཛིན་ལྷ་རུ་འཆར། །མཐར་ཐུག་བསྐྱེད་དུ་མེད་པ་ཡིས། །རང་སྣང་ཡེ་ཤེས་ལྷ་རུ་འགྱུར། །ལྷ་ཉིད་སེམས་ལ་སེམས་ཉིད་ལྷ། །ཤེལ་དང་འོད་གཉིས་གཉིས་མེད་བཞིན། །ལྷ་དང་སེམས་གཉིས་གཉིས་སུ་མེད། །གཉིས་མེད་རྒྱལ་བའི་དགོངས་པ་ཡིན། །ཡིན་ཀྱང་དེ་ཉིད་མ་རིག་པས། །མེད་པའི་ངང་ལས་ཡོད་པ་སྲ །ཀུན་རྟགས་ཕྱིའི་བསྐྱེད་རིམ་བསྒོམ། །གཞན་དབང་རྐྱེན་དེས་རང་ལུས་ནི། །ལྷ་ཡི་སྐུ་རུ་གསལ་བ་ཡིན། །དེ་ཉིད་རང་རྩལ་སྦྱངས་པ་ཡིས། །ཡོངས་གྲུབ་རྒྱལ་བའི་སྐུ་རུ་འགྱུར། །དེ་ཕྱིར་བསྐྱེད་རིམ་དྲན་པས་གསོ། །གསལ་བར་འཕྱོངས་པ་མཉམ་བཞག་ཡིན། །རང་བཞིན་ཤེས་པས་རྗེས་ཤེས་ཡིན། །མི་གཡོ་གནས་པ་ཞི་གནས་ཡིན། །གནས་ལུགས་ཤེས་པ་ལྷག་མཐོང་ངོ་། །དཀྱིལ་འཁོར་དམ་པ་སེམས་ཀྱི་ལྟ། །སྟོང་པའི་རྡོ་རྗེ་སྤྱན་ཅིག་ནི། །རིགས་ནི་རྣམ་པ་ལྔ་རུ་སྣང་། །འགྱུར་བ་མེད་པ་རྡོ་རྗེ་སེམས། །ཐམས་ཅད་འབྱུང་བས་རིན་ཆེན་འབྱུང་། །ཅི་ཡང་འཆར་བས་མཐའ་པ་ས་འོད། །ཐམས་ཅད་གྲུབ་པས་དོན་ཡོད་གྲུབ། །དཔེར་ན་ཆུ་ཤེལ་སྙིང་པོའི་འོད། །གཅིག་ལ་མ་འགགས་ཕྱོགས་བཅུ་གསལ། །དེ་བཞིན་ཀུན་ཏུ་བཟང་པོ་དེ། །ཕྱོགས་བཅུར་ཁྱབ་པས་གང་ཆེན་མཚོ། །གཟུང་འཛིན་བྲལ་བས་ཆོས་ཀྱི་སྐུ། །ཀུན་ཏུ་སྣང་བས་གཟུགས་ཀྱི་སྐུ། །རྣམ་པར་སྣང་མཛད་ཀུན་ཏུ་ཞལ། །ཐམས་ཅད་ངོ་བོ་ཉིད་གཅིག་པའི། །སྤྲོས་དང་བྲལ་བའི་རང་བཞིན་ཡིན། །ཀུན་གཞིའི་རྣམ་ཤེས་ཅིག་ཉིད་ལ། །རང་ཉིད་མ་དག་སྦྱང་གཞི་ལས། །དག་པའི་སྦྱོང་བྱེད་སྣ་ཚོགས་ཀྱིས། ཤེན་ཏུ་རྣམ་དག་གོ་རིམ་བཞིན། །ཕུང་པོ་ལྔ་ནི་རིགས་ལྔ་དངོས། །རིགས་ལྔ་ཡེ་ཤེས་ལྔ་ཡིན་ཏེ། །ཀུན་མཁྱེན་ཅིག་གིས་བསྡུས་པའི་ཕྱིར། །འབྱུང་བ་ལྔ་ནི་ཡུམ་ལྔ་ལ། །རྡོ་རྗེའི་སྐྱེ་མཆེད་ཕྱི་ནང་རྣམས། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །འཁོར་འདས་གཉིས་སྣང་སྒོ་བས་ཏེ། །གཟུང་འཛིན་གཉིས་སྣང་ཡབ་ཡུམ་མཁའ། །གཉིས་མེད་ལྷན་སྐྱེས་ཀུན་གྱི་བདག །ཆོས་སྐུ་ཞི་བའི་ངང་ཉིད་ལས། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །གང་གང་གདུལ་བྱའི་སྣང་བ་བཞིན། །མང་པོ་དང་ནི་གཅིག་དག་ཏུ། །ཞི་བ་ལོངས་སྤྱོད་རྫོགས་སྐུ་བྱུང་། །ཉོན་མོངས་ལྔ་ནི་རང་རྒྱལ་བའི། །ཤིན་ཏུ་གཙུབ་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་སྦྱོར་བ་ཡིས། །ཁྲོ་བོ་དེ་བཞིན་གཤེགས་ཀུན་བསྟན། །ཕུང་པོ་ཁམས་རྣམས་བདག་ཉིད་ལྟར། །སྐྱེས་པ་བུད་མེད་ཐམས་ཅད་ཀྱང་། ཁ་དོག་རིགས་ནི་རྣམ་པ་ལྔ། །དཀར་སེར་དམར་ལྗང་མཐིང་ནག་པ། །རིགས་ལྔའི་རྟགས་ལས་བྱུང་བ་ཡིས། །རིགས་ཀྱི་ཡོན་ཏན་ཐོབ་པར་འགྱུར། །རིགས་ནི་རྣམ་པ་དུ་མ་ལས། །འགྲོ་བ་དུ་མ་སྐྱེ་བ་ཡང་། །སེམས་ཉིད་དམ་པ་གཅིག་གི་རིག །མིའི་རིགས་སུ་བརྟག་བྱ་སྟེ། །དངོས་དེ་ངེས་པར་བསྒོམས་པ་ཡིས། །རང་སེམས་མཐུ་ཡིས་སངས་རྒྱས་འགྱུར། །ལྷ་རྣམས་ཐམས་ཅད་གང་བསྒོམས་ཀྱང་། །རིགས་གཅིག་དེ་བཞིན་གཤེགས་པའི་ཚོགས། །རིགས་ལྔ་ལས་ནི་མ་འདས་ཏེ། །སྐུ་ཡི་ལྷ་རྣམས་དེ་བཞིན་རིགས། །གསུང་གི་ལྷ་རྣམས་པདྨའི་རིགས། །ཐུགས་ཀྱི་ལྷ་རྣམས་རྡོ་རྗེའི་རིགས། །ཡོན་ཏན་ལྷ་རྣམས་རིན་ཆེན་རིགས། །འཕྲིན་ལས་ལྟ་རྣམས་ཀར་མའི་རིགས། །རིགས་ནི་ལྔ་པོ་དེ་ཉིད་ལས། །རིགས་གསུམ་རིགས་བཞི་རིགས་ལྔ་དང་། །བརྒྱ་སྟོང་འབུམ་ཕྲག་བྱེ་བ་སོགས། །བགྲང་དུ་མེད་པར་བསྐྱེད་པ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །གྲངས་མེད་རིགས་ལས་རིགས་ཅན་རྣམས། །མཆོག་ཏུ་དགའ་བའི་རིགས་ལས་བྱུང་། །དེ་བཞིན་ཉིད་དུ་ལུས་ཅིག་གིས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཀྱི། །ཞིང་ཁམས་སྤྲོས་པས་ནམ་མཁའ་བཞིན། །དག་པ་ཉིད་དུ་སྟོན་པར་བྱེད། །དེ་བཞིན་བདག་གིས་ལྷ་སྐུ་ཡིས། །ཞིང་ཁམས་ཐམས་ཅད་ཁྱབ་པར་བྱེད། །བདག་གི་ལུས་ཀྱི་ཆོས་ཀྱི་དབྱིངས། །དེ་དང་མཉམ་པར་རབ་ཏུ་ཤེས། །ཆོས་དབྱིངས་འགྱུར་བ་མེད་པར་རྟོགས། །ཞིང་ཁམས་རྣམ་དག་དུ་མ་དག །ཞིང་གཅིག་ཏུ་ནི་སྟོན་པར་བྱེད། །སྟོང་གསུམ་འཛམ་བུའི་གླིང་དུ་གཅིག །འཛམ་གླིང་སྙིང་པོ་རྡོ་རྗེའི་གདན། །མི་མཇེད་ཁམས་འདི་མེ་བདུན་དང་། །ཆུ་ཡིས་ཞིག་ཀྱང་ལྷ་དང་མིས། །རྟག་ཏུ་རྒྱུན་མི་འཆད་པར་གང་། །གཞི་ནི་སྙིང་པོས་བརྒྱན་པའི་ཞིང་། །ཞིང་ནི་རྣམ་པ་དུ་མ་ཡིས། །ཞིང་ཁམས་དུ་མས་སྟོན་པར་བྱེད། །སྐྲ་ཡི་རྩེ་མོ་གཅིག་ཏུ་ཡང་། །ཞིང་ཁམས་དུ་མ་སྟོན་པར་བྱེད། །དུ་མ་སྐྲ་ཡི་རྩེ་རུ་འདུས། །སྐྲ་ཡི་རྩེ་མོས་ནམ་མཁའ་ཁེངས། །འཔྲ་བ་བ་སྐྲུ་རྡུལ་ཕྲན་ཙམ། །ཆེ་བ་ནམ་མཁའ་མཐའ་དང་མཉམ། །ཆོས་ཉིད་གཅིག་གི་རོལ་པ་སྟེ། །ལྷ་རྣམས་ཐམས་ཅད་ཞི་བའམ། །ཡང་ན་ཁྲོ་བར་བསྒོམ་པར་བྱ། །རས་རིས་དང་ནི་ལུས་མ་གཟུགས། །མང་པོ་དག་གམ་གཅིག་ཀྱང་རུང་། །ཞིང་ཁམས་སྣ་ཚོགས་སྤྲོ་བསྡུ་ཡི། །སངས་རྒྱས་གར་མཁན་བསམ་མི་ཁྱབ། །དཀྱིལ་འཁོར་རིམ་པ་མང་ན་ཡང་། །འདི་དག་སེམས་ཀྱིས་རྣམ་འཁྲུལ་ཡིན། །སེམས་ལས་མ་རྟོག་ཕྱི་རོལ་ན། །བྱེད་པ་གཞན་གྱི་ལྷ་མེད་པས། །ཚངས་པ་སྒྲིབ་བྲལ་སངས་རྒྱས་ཉིད། །དོན་ལ་འཇུག་ཕྱིར་ཁྱབ་འཇུག་ཅེས། །ཐམས་ཅད་སངས་རྒྱས་དེ་ཉིད་བརྗོད། །སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །འོ་ན་ཡུལ་ནི་ཉི་ཤུ་བཞི། །མཁའ་འགྲོ་འདུ་བོའི་གནས་རྣམས་ནི། །ཕྱི་རོལ་ཡོད་པ་མ་ཡིན་ནམ། །སུམ་ཅུ་རྩ་བཞི་གང་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཡུལ་ཞེས་བྱ་བ་རྩ་ཡིན་ཏེ། །མཁའ་འགྲོ་ཞེས་ནི་རླུང་སེམས་ལ། །གཉིས་སུ་མེད་པ་ཞིང་ཁམས་ཀྱི། །རིག་པ་ཡེ་ཤེས་ལྷ་ཞེས་བརྗོད། །སྤུ་རི་ར་མ་མགོ་བོ་ལ། །ཛ་ལན་དྷ་ར་སྤྱི་བོས་ཏེ། །ཨུ་རྒྱན་རྣ་བ་གཡས་པ་ལ། །འགོ་ཏ་རི་ནི་རྣ་བ་གཡོན། །ར་སྨི་ས་ར་སྨིན་འཚམས་ལ། །དྷི་བ་ཀོ་ཏི་མིག་གཉིས་ལའོ། །ནང་དུ་ཐིག་ལེ་དཀར་པོར་གནས། །ཕྱི་ནང་མཁའ་འགྲོ་གནས་པའི་ཕྱིར། །གནས་ཞེས་ལུས་ལ་བརྗོད་པ་ཡིན། །མ་ལ་ཝ་ནི་ཕྲག་པ་ལ། །ནང་དུ་དཀར་ཆ་ཤས་ཆེ་བས། །ཕྱི་རོ་ཐ་ཊ་ཀི་འགའ་རེ་གནས། །ཉེ་བའི་གནས་ཞེས་བརྗོད་པ་ཡིན། །ཀ་མ་རུ་པ་མཆན་ཁུང་དགོད། །ཨོ་དེ་ནུ་མ་གཉིས་ལ་ཡོད། །རྩ་ནང་བདེ་བ་ལོངས་སྤྱོད་པས། །ཕྱི་རུ་གྲ་ཀི་ལོངས་སྤྱོད་ཅིང་། །ཀྲི་ཤ་ཀུ་ནི་ལྟེ་བའི་དབུས། །ཀོ་ས་ལ་ནི་སྣ་ཡི་རྩེ། །ཨ་བུ་ཏ་ནི་རྒྱབ་ཚིགས་ལ། །ཀུ་ལུ་ཏ་ནི་འལྷིན་པར་གནས། །ནང་དུ་བདེ་བ་ཆ་ལ་སྤྱོད། །ཕྱི་རུ་ཌ་ཀི་འགའ་རེ་སྤྱོད། །འགའ་རེ་མི་གནས་ཉེ་བའི་ཞིང་། །ཀ་ལིང་ཀ་ནི་ཁ་ལ་དགོད། །ལམ་པ་ཀ་ནི་མགྲིན་པའི་དབུས། །ཙ་རི་ཏྲ་ནི་བྲང་ཁ་སྟེ། །སྟི་ཙ་ནི་རྐན་ཕུགས་སོ། །ཀན་རྩི་ཀ་ནི་སྙིང་ཁ་སྟེ། །རྩ་ནང་ཐིག་ལེ་དངས་སྙིགས་འདྲེས། །མཁའ་འགྲོ་འདུ་བས་མཚན་རྙོ་འོ། །མ་ལ་བུ་རི་མཚན་རྩེ་སྟེ། །ཀ་ལི་ཀ་ནི་གྲི་མོངས་ལ། །རྩ་ནང་ཐིག་ལེ་དངས་མ་ཉེ། །མཁའ་འགྲོ་ཉེར་སོང་ཉེ་མཚན་ནོ། །སྤྲེ་ཏ་པུ་རེ་མཚན་མ་སྟེ། །འསྙི་ཧ་དེ་བ་བཤང་ལམ་ཡིན། །སོའུར་ཏ་བརླ་གཉིས་སོང་། །གསེར་གླིང་རྗེ་ངར་གཉིས་ལ་ཡོད། །རང་མ་རྙུ་ལི་ལྕེ་ལ་གནས། །བའི་མཆོད་སྤྱིན་སྣ་གཉིས་ན། །རྩ་ཡི་ནང་དུ་དངས་མ་འདུ། །ཕྱི་རུ་ཀྲ་ཀི་འདུ་བའོ། །ན་ག་ར་ནི་སོར་མོ་སྟེ། ཁ་རི་བྱིན་པ་གཉིས་ལའོ། །ནང་དུ་སྙིགས་འདུ་ཕྱི་རོལ་ཏུ། །དྷ་ཀི་ཉེ་བས་ཉེ་འདུ་འོ། །སིན་རྙུ་རྐང་པའི་བོལ་གཉིས་ལ། །དངས་མའི་བདེ་བ་ཕྱིར་འཕྲོས་པས། །དྷ་ཀི་རྒྱུ་བྱེད་དུར་ཁྲོད་དོ། །ཀུ་ལུ་ཏ་ནི་པུས་མོར་གནས། །ར་མ་རྙུ་རུ་འོག་སྒོ་ན། །མུ་མུ་ནི་ནི་གཞུང་པའི་འགྲམ། །རྩ་ནང་ཁམས་ནི་གནས་ཙམ་ལས། །བདེ་བ་མི་སྐྱེ་གྲ་ཀི་རྣམས། །རྒྱུ་བ་ཙམ་ལས་མི་གནས་པས། །ཉེ་བས་དུར་ཁྲོད་ཞེས་བརྗོད་དོ། །རང་ལུས་རྒྱས་པའི་ཞིང་ཁམས་ལ། །དངོས་གྲུབ་འདོད་ན་འདི་རུ་བསྒྲུབ། །ཕྱི་རོལ་མཚོན་བྱེད་བརྡ་ཡི་གནས། །དེ་རུ་བྱང་ཆུབ་འགྲུབ་མི་འགྱུར། །རྟོག་པས་ཐུན་མོང་འབྱུང་བ་སྲིད། །བརྡ་དོན་གཉིས་མེད་སེམས་ཀྱི་གཟུགས། །རང་རིག་ཡེ་ཤེས་མཁའ་འགྲོ་ལ། །ཕྱི་ནས་དངོས་གྲུབ་རེ་བ་ཀུན། །སྤྲིན་མེད་མཁའ་ལ་ཆར་འདོད་འདྲ། །དེ་བས་དངོས་གྲུབ་རང་ལ་སྒྲུབས། །ཕུང་པོ་སངས་རྒྱས་མངའ་བདག་ཡིན། །གང་ཟག་དབང་པོའི་བློ་རིགས་ལ། །ཐབས་ཀྱིས་འདུལ་ཕྱིར་རྒྱུད་སྡེ་བཞི། །བསྐྱེད་རིམ་བྱེ་བྲག་སོ་སོར་བསྟན། །ཀུན་ཀྱང་འབྲས་བུ་གཅིག་ཏུ་འདོད། །རྩོལ་བྱས་རྩོལ་མེད་ཐབས་ཀྱི་ཁྱད། །དང་པོ་བློ་དམན་གང་ཟག་དང་། །མུ་སྟེགས་རྩོད་པ་སྤངས་པའི་ཕྱིར། །བདེ་གཤེགས་ཡུམ་ནི་ཕྱག་རྒྱ་སྦས། །ལྷ་རྣམས་ཐམས་ཅད་ཕན་ཚུན་དགོད། །ཕྱག་རྒྱ་དང་བཅས་རིན་ཆེན་རྒྱན། །བདག་ཉིད་དམ་ཚིག་སེམས་དཔའ་ནི། །ཐམས་ཅད་སེམས་དཔའི་ཚུལ་དུ་བསྒོམ། །མེ་ཏོག་བདུག་སྤོས་ཕྱི་ནས་མཆོད། །ལྷ་ཡང་འོག་མིན་གནས་ནས་འདྲེན། །དངོས་གྲུབ་དམ་པ་ལྷ་ལ་རེ། །ཁྲུས་དང་གཙང་སྦྲ་སྦྱོད་པ་ཅན། །ཕྱི་པ་ཞེས་སུ་བཏགས་པ་ཡིན། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ལྷ་ཡི་སྐུ་རུ་ཤེས་པ་ཡིས། །དྲན་པ་ཙམ་གྱི་ཏིང་འཛིན་གྱིས། །ལྷ་ཡི་སྐུ་རུ་གསལ་གྱུར་ཀྱང་། །འགྲོ་བ་ཐབས་ཀྱིས་འདུལ་བའི་ཕྱིར། ཁེས་རབ་ཡུམ་ནི་ཕྱག་མཚན་ནམ། །བརྡ་ཡི་རྟགས་ཙམ་འཛིན་པ་ཡི། །ཕྱི་རུ་མཆོད་ཡོན་ལྔ་འཛིན་ཅིང་། །ནང་དུ་འདོད་ཡོན་ལྔ་སྤྱོད་དེ། །དམ་ཚིག་ཡེ་ཤེས་གཉིས་མེད་བསྒོམ། །དངོས་གྲུབ་བདག་ལ་སྒྲུབ་པ་ནི། །རིགས་འཛིན་ནང་གི་བསྐྱེད་རིམ་ཡིན། །སྣང་སྟོང་ཡེ་ཤེས་ཆོས་དབྱིངས་མཁའ། །དམ་ཚིག་ཡེ་ཤེས་ཚུལ་མི་འཛིན། །ཐབས་དང་ཤེས་རབ་གཉིས་མེད་བརྡར། །ཡབ་ཡུམ་གཉིས་མེད་ཟུང་འཇུག་འབྱུང་། །ལྷན་ཅིག་སྐྱེས་པའི་བདེ་བ་ལ། །སྣང་ཚད་ལྷ་ཡི་སྐུར་བསྒོམ་ཞིང་། །དཀར་རྩི་དམར་རྩི་ཤ་ཆེན་སོགས། །རང་བྱུང་དམ་རྫས་བདུད་རྩི་ལ། །ལོངས་སྤྱོད་ཟག་མེད་བདེ་བ་མཆོད། །དངོས་གྲུབ་དམ་པ་རང་ལ་ཐོབ། །སྐལ་མེད་རྣམས་ཀྱིས་མ་རྟོགས་ཕྱིར། །གསང་སྔགས་ལྷ་ཞེས་བསྟན་པ་ཡིན། །གསང་སྔགས་གསང་ཞེས་བྱ་བ་ནི། །ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། །བློ་ཆུང་ཐེག་དམན་རྣམས་ལ་གསང་། །གསང་སྔགས་གསངས་པས་འགྲུབ་པ་སྟེ། །རང་འབྱུང་རང་ལ་སྒྲུབ་པ་ལ། །གཞན་ལ་བསྟན་དུ་ག་ལ་ཡོད། །དེ་ཕྱིར་གསང་ཆེན་ངེས་པའི་བཀའ། །བསྐྱེད་དང་རྫོགས་དང་གཉིས་མེད་པའི། །རང་འབྱུང་ཡེ་ཤེས་ལྷུན་གྲུབ་ཏུ། །བདག་གི་ལུས་གནས་སྲོག་ཆགས་ཚོགས། །བཤང་བའི་སྲིན་བུ་ལ་སོགས་པ། །ངོ་བོ་ཉིད་ཀྱིས་རྣམ་དག་པའི། །འགྲོ་ཀུན་བྱང་ཆུབ་སྙིང་པོ་ཅན། །ཕུང་པོ་སངས་རྒྱས་མངའ་བདག་སྟེ། །མ་རིག་ཞབྲུལ་ན་ཀུན་ཀྱང་འཁྲུལ། །རིག་ཅིང་རྟོགས་ན་ཀུན་རིག་སྟེ། །ཀུན་རིག་རྣམ་པར་སྣང་མཛད་ལྷ། །རི་རབ་གསེར་གྱི་ལོགས་ལ་ནི། །བྱ་ནས་བྱ་ཡི་རང་བཞིན་གསེར། །དེ་བཞིན་བདག་ཉིད་ཅི་འདྲ་བར། །དེ་འདྲ་སེམས་ཅན་ཐམས་ཅད་ཀུན། །ཆོས་ཉིད་ཡེ་ནས་ལྷུན་གྲུབ་པའི། །བསྐྱེད་དུ་མེད་པའི་ངང་ཉིད་དུ། །བྱ་བྱེད་ཡིད་ཆོས་རྣམ་པར་དག །ཀུན་བཟང་ཡབ་ཡུམ་ལྷ་ཚོགས་ནི། །དེ་བཞིན་ཉིད་ཀྱི་བསྐྱེད་རིམ་ཡིན། །བསྒོམ་དུ་མེད་པའི་ཏིང་ངེ་འཛིན། །ཡེངས་སུ་མེད་པའི་ཆོས་ཉིད་ལྟ། །སྒྲུབ་ཏུ་མེད་པ་རང་འབྱུང་གི །ཡེ་ཤེས་ལྷ་ཚོགས་ཀུན་གྱི་མཆོག །མཆོག་གི་དང་པོ་སྐུ་གསུམ་འཆང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ལྷུན་གྲུབ་འགྱུར་བ་མེད་ཕྱིར་རོ། །རང་རིག་ཡེ་ཤེས་ལྷུན་གྲུབ་ལ། །ཀུན་ཏུ་རྟོགས་པའི་གཟུགས་བརྙན་གྱིས། །རང་སྣང་གང་མོས་དཀྱིལ་འཁོར་ལྔ། །སོ་སོའི་རྒྱུད་བཞིན་མངོན་རྟོག་བསྒོམ། །ལྷ་ཉིད་གསལ་བར་མ་བསྒོམས་ན། །ཐ་མལ་མངོན་ཞེན་མི་ལྡོག་ཅིང་། །བསོད་ནམས་ཚོགས་ཆེན་མི་རྫོགས་པས། །ཡེ་ཤེས་ཚོགས་ནི་མི་ཐོབ་སྟེ། །གཟུགས་མེད་སྲིད་པའི་ལྷ་རུ་སྐྱེ། །དེ་བས་སྐུ་མདོག་ཕྱག་མཚན་དང་། །རྒྱན་དང་ཆ་ལུགས་གསལ་བ་བསྒོམ། །གནས་སྐབས་ཕྱི་ནང་རྟེན་འབྲེལ་འགྲིག །མཐར་ཕྱིན་ཡེ་ཤེས་ཚོགས་ལ་སྦྱོར། །གཟུགས་སྐུ་མཚན་དང་དཔེ་བྱད་ལྡན། །སྐུ་དང་གདན་ཁྲི་ཞིང་ཁམས་ཀྱི། །ཡོན་ཏན་བསྐྱེད་རིམ་གསལ་བར་བྱ། །རྒྱན་དང་ཆ་ལུགས་གསལ་གྱུར་ཀྱང་། །ལྷ་ནི་རང་རྒྱུད་པར་བསྒོམས་ནས། །གཟུང་འཛིན་འཁྲུལ་པའི་བློ་ཡིན་པས། །ལུས་གྲོལ་སེམས་ནི་མ་གྲོལ་བས། །མཁའ་ལ་རྒྱུ་བ་ལ་སོགས་པའི། །རྫུ་འཕྲུལ་ལྡན་པའི་ལྷ་རུ་གོལ། །དེ་བས་སྣང་སྟོང་གཉིས་མེད་ཀྱི། །རྣམ་དག་ཡེ་ཤེས་ཆོས་ཀྱི་སྐུ། །གསལ་དག་བདེ་བ་ཆེན་པོ་ཡིས། །རང་བཞིན་ཡོན་ཏན་དྲན་པས་བསྒོམ། །ལུས་མེད་ལུས་དེ་ལུས་ཀྱི་མཆོག །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་རྫོགས། །རྫོགས་པའི་སངས་རྒྱས་དེ་ལས་བྱུང་། །སྣ་ཚོགས་གཞན་ལ་མི་ལྟོས་པར། །རང་རིག་ཐབས་ཤེས་སྦྱོར་བ་ཡིས སེམས་ཅན་སྐྱེ་གནས་རྣམ་པ་བཞི། །རྫུས་སྐྱེས་རིག་པ་སྐད་ཅིག་ལ། །ཆོ་ག་གསུམ་ལྡན་དྲོད་གཤེར་ལ། །མངལ་སྐྱེས་སྒོ་ང་བྱང་ཆུབ་ལྔ། །སྟོང་པ་བྱང་ཆུབ་ཆོས་ཉིད་དང་། །ཉི་ཟླ་ཕྱག་མཚན་ས་བོན་རྣམས། །ཞུ་བས་རང་ཉིད་ལྷ་རྫོགས་པས། །འཁོར་བ་གྲོལ་ཕྱིར་ལྷ་ཞེས་བརྗོད། །བག་ཆགས་དག་པས་མྱ་ངན་འདས། །ཡེ་ནས་ལྷུན་རྫོགས་ཡེ་ཤེས་སྐུ། །རང་བཞིན་དཀྱིལ་འཁོར་ཆེན་པོ་སྲ །རབ་ཀྱིས་སྐད་ཅིག་དྲན་རྫོགས་བསྐྱེད། །དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། །ཡེ་ནས་མ་སྐྱེས་སྟོང་པའི་ངང་། །ཀུན་ལ་ཁྱབ་པའི་བྱང་ཆུབ་སེམས། །ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། །རང་བྱུང་སྡིག་པའི་ས་བོན་ལས། །ལྷ་ཚོགས་གསལ་བར་བསྐྱེད་པ་འབྲིང་། །ཐ་མལ་སྣོད་བཅུད་སྔོན་ཞེན་སྦྱང་། །དེ་ནས་དུམ་བུ་ཆ་ཤས་ལས། །ཆོ་གས་རིམ་བཞིན་གཞལ་ཡས་དང་། །གཙོ་འཁོར་ལྷ་ཚོགས་དུམ་བུར་བསྐྱེད། །མི་དམིགས་ལས་བྱུང་བསྐྱེད་རིམ་སྟེ། །བསྐྱེད་པ་དམིགས་མེད་རྫོགས་རིམ་ཡིན། །རིམ་གཉིད་རྣམ་པར་གནས་པ་ནི། །རྡོ་རྗེ་འཆང་གི་ཆོས་ཡིན་ནོ། །ཆོས་དབྱིངས་ཡེ་ཤེས་ནམ་མཁའ་ལ། །བྱང་ཆུབ་སེམས་ཀྱི་འོད་ལྔ་འཕྲོས། །རྒྱ་ཆད་ཕྱོགས་ལྷུང་མ་མཆིས་པའི། །རིན་ཆེན་འོད་གསལ་གཞལ་ཡས་ཁང་། །ཕྱི་ནང་ཀུན་ཏུ་གསལ་བ་ཡི། །ཆུ་ཟླ་འམ་འཇའ་ཚོན་བཞིན། །དཀར་སེར་དམར་ལྗང་མཐིང་བའི་འོད། ཁ་དོག་མ་འདྲེས་སོ་སོར་གསལ། །མཉམ་པ་ཉིད་ཀྱི་དཀྱིལ་འཁོར་ནི། །པདྨ་འཁོར་ལོ་ལྟེ་བ་ལས། །མུ་ཁྱུད་སྟེགས་བཅས་གྲུ་ཆད་བཞི། །བར་ཁྱམས་གྲུ་བཞི་སྒོ་བཞི་པ། །སྒོ་ཁྱུད་ཕྱི་ནང་རྟ་བབས་བཞི། །འདོད་ཡོན་རིན་ཆེན་དྲ་བ་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་ཡི། །ཕུན་སུམ་ཚོགས་པའི་སྤྲིན་དུ་འཁྲིགས། །བསམ་གྱིས་མི་ཁྱབ་ཡངས་པའི་ལམ། །མི་འཇིགས་སེང་གེ་སྟོབས་ཆེན་གླང་། །རྫུ་འཕྲུལ་རྟ་མཆོག་རྨ་བྱ་དབང་། །ཐོགས་མེད་ནམ་མཁའ་ལྡིང་གི་ཁྲི། །སྐྱོན་གྱིས་མ་གོས་པདྨའི་གདན། །ཐབས་ཤེས་འོད་གསལ་ཉི་ཟླའི་སྟེང་། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ནི། །སྐུ་ནི་མདུན་རྒྱབ་ཕྱོགས་རིས་མེད། །ཞལ་ནི་ཐལ་ལེ་བཞུགས་པ་ཡིན། །ཆོས་ཉིད་རོལ་པའི་དཀྱིལ་འཁོར་ལ། །དཀྱིལ་འཁོར་དབུས་འགྱུར་མཐའ་མི་འགྱུར། །དབུས་སུ་ལྷ་ཚོགས་རང་གི་ལྷ། །གང་མོས་རིག་པའི་སྒྱུ་འཕྲུལ་ཡིན། །སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པས། །བྱང་ཆུབ་ཅི་ནས་བདག་ཐོབ་འགྱུར། །གཞལ་ཡས་ཁང་ལ་ཕྱི་ནང་མེད། །ཕྱོགས་རིས་མེད་པས་ཀུན་གྱི་ཞིང་། །རྡུལ་གཅིག་སྟེང་ན་མཁའ་དང་མཉམ། །རྒྱལ་བ་རྒྱ་མཚོ་མ་ལུས་ཀྱང་། །ཞི་ཁྲེའི་ལྷ་རུ་འདུས་པ་ཡིན། །དེ་ཡང་རྒྱལ་བ་རིགས་ལྔར་འདུས། །རིགས་ལྔར་མ་འདུས་ལྷ་གཞན་མེད། །ལུས་སེམས་ཁྱབ་ཚད་ཐམས་ཅད་ལ། །ཕུང་པོ་ལྔ་ནི་རིགས་ལྔ་ཡབ། ཁམས་ལྔ་ཡུམ་ལྔ་ཉིད་དུ་གནད། །རང་བྱུང་རང་ལས་བསྐྱེད་པ་ཡི། །ཨོ་ཧུ༷་ཏྲ༷་ཧྲི་ཨཧ། །འབྲུ་ལྔ་ཡེ་ཤེས་ས་བོན་ལས། །དབུས་སུ་རྣམ་སྣང་ཀུན་ཏུ་ཞལ། །གཏི་མུག་དག་པ་ཆོས་ཀྱི་དབྱིངས། །ལོངས་སྤྱོད་ཡེ་ཤེས་འཁོར་ལོ་རྣམས། །མཉམ་ཡང་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །དེ་ལས་ཤར་ཕྱོགས་མི་བསྐྱོད་པ། །འོད་ལྡན་ཞེ་སྡང་རྣམ་དག་པའི། །མེ་ལོང་ཡེ་ཤེས་རྡོ་རྗེ་རྣམས། །རིན་ཆེན་གསེར་འོད་ལྷོ་ཕྱོགས་སུ། །ང་རྒྱལ་རྣམ་དག་མཉམ་པ་ཉིད། །ལོངས་སྤྱོད་རྟགས་སུ་རིན་ཆེན་འཛིན། །ནུབ་ཕྱོགས་མཐའ་ཡས་དམར་བའི་འོད། །འདོད་ཆགས་རང་གྲོལ་སོ་སོར་རྟོགས། །བདེ་སྟོང་ཡེ་ཤེས་པདྨ་རྣམས། །བྱང་དུ་དོན་གྲུབ་མར་གད་མདོག །ཕྲག་དོག་དག་པ་བྱ་གྲུབ་འོད། །ཡེ་ཤེས་ལྡན་པའི་རྒྱ་གྲམ་རྣམས། །མཚན་བཟང་འོད་ཀྱིས་སྤྲས་པ་ཡི། །ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །ཐབས་དང་ཤེས་རབ་གཉིས་མེད་པའི། །རང་རང་སྐུ་ལས་འོད་འཕྲོས་པས། །གསང་ཡུམ་འོད་ཀྱི་རིག་མ་ནི། །ཨ༷་བ༷་ལ༷་ར༷་ཡ༷། འབྱུང་བའི་ཡི་གེ་འབྲུ་ལྔ་ལས། །དབྱིངས་ཕྱུག་གསང་བའི་ཡུམ་ལྔ་ནི། །སོ་སོ་འམ་ནི་དགྱེས་པར་འཁྲིལ། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་ལྔའོ། །འོད་ཀྱི་རང་སྤྲུལ་རིགས་ཀྱི་ལྷ། །དཔག་མེད་མཐའ་ཡས་མངོན་ཞེན་བསྐྱེད། །རྡོ་རྗེ་མཐོང་ཐོས་མྱོང་རེག་དང་། །མཐོང་བྱེད་ཐོས་བྱེད་མྱོང་བྱེད་དང་། །རེག་བྱེད་ཐབས་ཀྱི་སེམས་དཔའ་བརྒྱད། །དེ་བཞིན་པདྨ་མཐོང་བ་མ། །མཐོང་བྱེད་ལ་སོགས་སེམས་མ་བརྒྱད། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང་། །གཉིས་སུ་མེད་པའི་དཀྱིལ་འཁོར་དང་། །ལྭ་སེ་ཤཱ་ལེ་འགར་ཏི་ཧྲི། །ཕྱག་རྒྱ་མཆོད་ཡོན་ལྔ་སོགས་ཀྱི། །རང་ལས་རང་འབྱུང་མཆོད་པའི་ལྷ། །འཛིན་པ་ཆེན་པོ་ལྕགས་ཀྱུ་ཞགས། །རྡོ་རྗེ་ལྕགས་སྒྲོག་དྲིལ་བུ་ཆེ། །ཕྱི་ནང་ཀུན་ཏུ་འཇོམས་བྱེད་པའི། །སྣ་ཚོགས་རིན་ཆེན་འཕྲེང་བའི་ལྷ། །གསལ་འཚེར་ལྷུན་སྡུག་གཟི་བརྗིད་ལྡན། །གང་ལ་གང་འདུལ་དཀྱིལ་འཁོར་གྱི། །འོད་ཟེར་འཕྲེང་བའི་ཚོགས་ཆེན་པོ། །མཐའ་ཡས་མུ་མེད་བརྗོད་མི་ལང་། །ཞིང་གི་རྡུལ་སྙེད་གསལ་བར་འགྱུར། །ཞི་བའི་ངང་ལས་མ་གཡོས་པར། །ཐབས་ཀྱིས་གདུག་པ་འདུལ་བའི་ཕྱིར། །སེམས་ཅན་ལུས་ཀྱི་རྩ་ནང་ན། ཁྲོ་ཚོགས་རིག་པའི་ལྷ་དགུ་གནས། །དྲག་པོའི་མངོན་པར་སྤྱོད་འཁོར་བསྒྲོལ། །མྱ་ངན་འདས་པའི་དོན་ལ་སྦྱོར། །ཀུན་འབྱུང་ཡེ་ཤེས་དཀྱིལ་འཁོར་གྱིས། །དུར་ཁྲོད་འབར་བའི་གཞལ་ཡས་སུ། །དྲེགས་པ་འཇོམས་བྱེད་གདན་སྟེངས་སུ། །སྐུ་གསུམ་ལྡན་ཕྱིར་ཞལ་གསུམ་པ། །དཀར་དམར་སྐུ་མདོག་མཐིང་ནག་དབུས། ཁེན་ཏུ་རྔམ་པའི་གདེངས་ཞལ་ཅན། །བན་རྙུ་དམར་པོའི་སྤྱན་དང་ལྡན། །ཕྱག་དྲུག་ཕ་རོལ་ཕྱིན་དྲུག་ལྡན། །རྡོ་རྗེ་གྲི་གུག་འཁོར་ལོ་གཡས། །དྲིལ་བུ་བན་དྷ་བུམ་པ་མཆོག །གཡོན་པའི་ཕྱག་ན་བསྣམས་པ་ཡིས། །ཞབས་གཉིས་རྟག་ཆད་བདུད་བཞི་རྫི། །དུར་ཁྲོད་འབར་བའི་རྒྱན་གྱིས་བརྒྱན། །འགྱུ་ཡ་གསང་བ་དབྱིངས་ཕྱུག་སྦྱོར། །མཐིང་ནག་གྲི་ཁུག་ཐོད་ཁྲག་འཛིན། །དཔལ་ཆེན་སྐུ་ལ་རྫོགས་པའི་ལྷ། །སྤྱི་བོར་ཡ་མན་ཏ་ཀའི་སྐུ། །པདྨ་དབང་ཆེན་འསྒྲིན་པར་གནས། །ཐུགས་ཁར་རྡོ་རྗེ་ཀི་ལ་ཡ། །ཕྱོགས་བཅུའི་བགེགས་རྣམས་འཇོམས་བྱེད་པ། །རྣམ་རྒྱལ་ཧུ༷་དཀར་སྟོབས་པོ་ཆེ། །བདུད་རྩི་འཁྱིལ་བ་དབྱུག་སྔོན་ཅན། །འདོད་པའི་རྒྱལ་དང་ཏྲེ་ལོག་ཀྱ། །དབྱིངས་ཕྱུག་དྲགས་བྱེད་ཁྲོ་མོའི་ཚོགས། །སོ་སོའི་གནས་དང་དགྱེས་པར་འཁྲིལ། །རྫུའཕྲུལ་དྲེགས་པ་འདུལ་བའི་དོན། །འཕྲ་མེན་མ་ཚོགས་དྲག་པོ་དང་། །མཁའ་འགྲོ་མ་མོའི་ཚོགས་རྣམས་ཀུན། །ལྷག་པའི་ཡེ་ཤེས་རོལ་པ་ཡིན། །འདོད་དགུར་བསྒྱུར་བའི་རྫུ་འཕྲུལ་ཅན། །ནམ་མཁའི་ལུས་ཅན་ཐོགས་མེད་པའི། །སྟོང་གསལ་རིག་པའི་ཡེ་ཤེས་ལྔ། །རྣམ་ཤེས་ཚོགས་བརྒྱད་རྡོ་རྗེ་སེམས། །ཐབས་ཤེས་ཟུང་འཇུག་རང་ཉིད་དངོས། །ཐབས་དང་ཤེས་རབ་བདག་ཉིད་ཀྱི། །གཉིས་སུ་མེད་པའི་རྒྱུད་རྣམས་ལས། །དཀྱིལ་འཁོར་མིང་ནི་གཙོ་བོ་སྟེ། །གཙོ་བོ་དཔལ་ཆེན་ཧེ་རུ་ཀ །ཧེ་ནི་རྒྱུ་སོགས་སྟོང་པ་སྟེ། །རུ་ནི་ཚོགས་དང་བྲལ་བ་ལས། །ཀ་ནི་གང་དུ་མི་གནས་པའི། །སྒྲ་གསུམ་བདག་ཉིད་ཆེན་པོ་དེ། །མངོན་པར་རྟོགས་པ་གསལ་གྱུར་ན། འཁོར་གྱི་ཏིང་འཛིན་ཤུག་ལས་འོང་། །དཀྱིལ་འཁོར་བདག་པོ་གཙོ་བོ་ཡིན། །གཙོ་བོར་རྡོ་རྗེ་འཛིན་པ་མཆོད། །མཉམ་ཉིད་མི་གཡོའི་ངང་ལས་སུ། །རང་ཤར་འོད་ཀྱི་ལྷ་ཚོགས་ལ། །དོན་ལ་གཙོ་འཁོར་ཁྱད་མེད་དེ། །ཐུན་མོང་སྤྱི་ཡི་གཙོ་བོ་སྟེ། །བྱེ་བྲག་དགོས་སུ་གཙོ་བོ་ཡིན། །རང་ཉིད་ཡིད་ལ་གང་བྱེད་པ། །དེ་ཉིད་ལྷ་ཡི་གཙོ་བོ་ཡིན། །གཞན་མ་རྣམས་ནི་འཁོར་དུ་འགྱུར། །འཁོར་ལོ་སྒྱུར་བ་སྟོབས་པོ་ཆེ། །རྫུ་འཕྲུལ་སྣ་ཚོགས་འོད་དང་ལྡན། །སྣ་ཚོགས་ཚུལ་ལྡན་དོན་ཅིག་འགྲུབ། །གདོད་ནས་ལྷུན་གྲུབ་བྱང་ཆུབ་སེམས། །འགྲོ་ཀུན་མ་རིག་རྟོགས་བྱའི་ཕྱིར། །སྣང་བ་སྤྱི་ཡུལ་སྤྲུལ་པའི་སྐུ། ཁྲཀ་ཐུབ་རྒྱལ་སྲས་འཕགས་པའི་ཚོགས། །དབང་ཕྱུག་ཆེན་པོས་འགྲོ་བ་འདུལ། །གང་གིས་དེ་ཉིད་དོན་མཐོང་བས། །ནང་གི་འཛིན་སེམས་མི་དམིགས་པ། །ཀུན་བཟང་བདེ་གཤེགས་རིགས་ལྔའི་བདག །ཐམས་ཅད་མཁྱེན་པ་ཆོས་ཀྱི་སྐུ། །ཀུན་བརྟགས་གཞན་རྐྱེན་མ་ཡིན་པ། །རང་ལ་ཡོད་ཕྱིར་རྟོག་པར་བྱ། །ཨོ་མུ་ནེ་མུ་ནེ་མ་ཧྭ་མུ་ནེ། །བོ་དེ་སུ་ཏ་སརྦ་སིད་སྭ་རྦ་ཧུ༷། དྷརྨ་ཀྭ་ཡ་སརྦ་སིད་དྷི་གྲྭ་རྦ་ཧུ༷། །ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ལ། །རང་འབྱུང་ཡེ་ཤེས་རང་གྲོལ་སུ། །རྒྱལ་སྲས་འཕགས་པའི་ཚོགས་རྣམས་ལ། །རབ་འབྱམ་ཀའི་རྗེས་གནང་ཞུ། །རང་གྲོལ་བཞིན་དུ་གཞན་ལ་བསྟན། །དོན་གཉིས་འགྲུབ་པའི་སངས་རྒྱས་འབྱུང་། །གདུལ་ཀ་འདུལ་བ་རྣམས་ཀྱི་མཆོག །འཇམ་དཔལ་དཔའ་བོས་མཁྱེན་པ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཡིན། །མ་བཅོས་ལུས་ཀྱི་དཀྱིལ་འཁོར་ན། །གསང་བ་འདུས་པའི་ལྷ་རུ་བཞུགས། །ཨོ་བ་གི་ཤྭ་རི་མུ༷། མུ་ལ་པ་ཏི། ཨོ་བཛྲ་ཏི་རྣ། དུག་ཁ་ཚེ་དྷི། པྲརྙོ་རྙོ་ན་མྱུར་ཏ་ཡེ། རྙོ་ན་ཀ་ཡ་བ་གི་ཤྭ་ར། ཨ་ར་བ་ཙ་ན། ཡ་ཏེ་ན་མ་སྲུ་ཧྭ། །ཨོ་བཛྲ་སྒྲིག་གྱུ་རྒྱ་ཙྭ་ན་སྭརྦ་སིད་དྷི་ཧུ༷་ཧུ༷་ཧུ༷། །འཇམ་དཔལ་མཆོག་ལ་བརྟེན་ནས་སུ། ཁྲེས་རབ་སྤོབས་པ་བསྐྱེད་པར་བྱ། །ཐུགས་རྗེ་ཟེན་པོ་སྤྱན་རས་གཟིགས། །འོད་དཔག་མེད་ཀྱི་དཀྱིལ་འཁོར་དུ། །བདེ་བ་མཆོག་གི་རང་བཞིན་ཅན། །སྒྲུབ་པར་འདོད་ན་ཚུལ་བཞིན་རྟོགས། །ཧྲི། ཨོ་མ་ཁེ་པཏྲེ་ཧུ༷། ཨོ་བྲི་བཛྲ་ཧེ་ཧེ་རུ་རུ་ཀ༷་ཧྭ༷་ཕཊ། ཌ་ཀི་ནི་ཛ་ལ་ས༷་བྷ་ར་ཧུ༷་ཧུ༷། ཨོ་ཧྲི་ཧ་ཧ་ཧུ༷་ཧུ༷་ཕཊ། ཐུགས་རྗེའི་འཕྲིན་ལས་རྣམ་གསུམ་གྱིས། །འཇིག་རྟེན་ཐམས་ཅད་སྒྲོལ་བར་བྱེད། །ཐུནམོངམཆོག་ཐོབ་བདེ་ཆེན་འགྲོ། །ཕྱག་ན་རྡོ་རྗེའི་ནུས་པ་ཡིས། །ཕྱི་རོལ་བར་ཆད་ཟློག་པར་བྱེད། །དགྱེས་པ་རྡོ་རྗེས་དངོས་གྲུབ་ཐོབ། །གཉིས་མེད་ཡེ་ཤེས་ཧེ་རུ་ཀ །བདག་མེད་ཆོས་དང་ཡང་དག་སྐྱོར། །ཕྱི་ནང་ཐབས་ཀྱི་ཁྱད་པར་ཡིན། །ཨོ་བཛྲ་པ་ནི་ཧུ༷་ཕཊ། ཨོ་བཛྲ་ནི་ལ༷་བྷ་ར་དྷ་ར་དྷ་ར་ཧྲི་ཏ་ཡ་ཧུ༷་ཕཊ། ཨོ་བཛྲ་ཙན་དྷ་རོང་ན་ནི་ཧྭ༷་ཕཊ། །ཨོ་བཛྲ་ཀ་རུ་ན་ཅ་ལ་ལེ་ཧུ༷་ཕཊ། །ཨོ་དྷི་བི་ཙུ་བཛྲ་ཧུ༷་ཧུ༷་ཕཊ་ཕཊ། ཨོ་བཛྲ་ཀ་དྷ་རི་ཧེ་བཛྲ་ཧུ༷་ཕཊ། ཨོ་སྙོ་རི་བྷ༷། ཙོ་རི་ཙམ། སྙེ་ཏ་ལི་བ༷། འབྷ་རྨ་རེ་བྷ༷། པུ་ཀ་པི་ས༷། ཤབ་རི་ཤ༷། ཙན་དྷ་ལི་བ༷། སྡོ་དྷི་ནི་ཨ་ཧུ༷་། གང་གིས་སྒྲུབ་པའི་ཐབས་བརྩམས་པ། །གཏོར་མས་ལས་ཀུན་གྲུབ་པར་བྱེད། །ཕྱི་ནང་ཆགས་མེད་གཏོར་མ་སྟེ། །ཇི་ལྟར་རིགས་པར་བསྒྲུབ་པོས་བཏང་། །ནད་དང་ཉོན་མོངས་འདུལ་བའི་ཕྱིར། །ཁྲོག་དང་ཕྱེ་མའི་སྦྱོར་བ་ལ། །ཡོན་ཏན་བདུད་རྩི་ཕྱི་ནང་གཉིས། །ཞི་དང་ཁྲོ་བོར་བསྟན་པའོ། །ཨོ་མ་ཧྭ་སརྦ་པན་ཙ་ཨ་མྲི་ཏ་བཛྲ་ཙིཏི་ས་མ་ཡ་ཧུ༷་ཧུ༷་ཧུ༷། ཨོ་སརྦ་པན་ཙ་ཨ་མྲི་ཏ་ར་ས་ཡ་ན་བཛྲ་གྱུ་ཡ་སིད་ཏི་ཧུ༷་ཧུ༷། ཨོ་རུ་ལུ་རུ་ལུ་ཧྭ༷་སྨྱོ་ཧྭ༷།མན་འཛུ་ཐྲི་ཡ་མན་ཏ་ཀ་ཧུ༷། པདྨ་ཏ་ཀྲིད་ཧ་ཡ་འསྒྲི་བ་ཧུ་ལུ་ཧུ་ལུ་ཧྭ༷། བཛྲ་ཀི་ལི་ཀི་ལ་སརྦ་བིག་ནན་བ༷་ཧུ༷་ཕཊ། སརྦ་པན་ཙ་ཨ་མྲི་ཏ་ཀུན་ཌ་ལི་ཧུ༷་ཧྲི་ཐུ། །སྐྱེ་བདུན་རིལ་བུའི་འཕྲིན་ལས་ཀྱིས། །སྨན་མཆོག་ཐོ་ཤེཇོ་ཡོན་ཏན་གྱིས། །བདག་གཞན་དོན་གཉིས་འཕྲིན་ལས་འགྲུབ། །རིགས་ལྔ་ཆེན་མོ་གཟུངས་ཀྱི་ལྷ། །ལས་ཀྱི་ལྷ་མོ་སྒྲོལ་མོ་ནི། །རྣལ་འབྱོར་མ་ཡི་གཟུགས་ཀྱིས་སུ། །སྔགས་རྣམས་ཀུན་གྱི་དོན་གྲུབ་པ། །དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ། །རྟོགས་པར་འདོད་ན་འདི་ཉིད་སྒྲུབ། །ཨོ་ཏ་རེ་ཏུ་རེ་ཏུད་ཏ་རེ་སྲུ་ཧྭ། །མ་མ་སྭརྦ་སིད་ཏེ་སྣ་ཧྭ། །ཨོ་བཛྲ་བྷ་ར་ཧི་ན་མ་རྙུ་མ་བྷ་ཡེ་ན་ཡེ་སྲི་དྷི་ཧུ༷། ཨོ་སརྦ་བྱུད་དྷ་ཌ་ཀི་ནི་ཡེ་ཧུ༷། བཛྲ་ཝ་སྣ་ཡེ་ཧུ༷། བཛྲ་སྙེ་རོ་ཙ་ན་ཡེ་ཧུ༷། སྒྲོལ་མ་ལས་ཀྱི་ལྷ་ཡིན་པས། །ཐུན་མོང་མཆོག་གི་ལས་མཐའ་འགྲུབ། །བྱིན་བརླབས་ཀུན་གྱི་རྩ་བ་སྲ །བླ་མའི་སྒྲུབ་པ་མཆོག་ཏུ་ཟབ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཨོ་མ་ཧྭ་གུ་རུ་པདྨ་ཐོད་འཕྲེང་རྩལ་སིད་དྷི་པ་ལ་ཧུ༷་ཧུ༷་ཧུ༷། ཨོ་མ་ཁི་པབླེ་ཧུ༷་ཧྲི། ཨོ་པདྨ་ཏ་ཀྲི་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ་ཧུ༷་ཕཊ། ཨོ་ཌ་ཀི་ནི་ཡེ་ན་མ་དྷ་མ་བྷ༷་ཡེ་སིརྙི་ཧུ༷། ཨོ་མ་ཧྭ་ཀ་ལ༷ ་གྱུ་ན་ཧྲེ་ཏ་ཧུ༷། ཚེ་ཡི་སྙིང་པོ་འདི་བཟླས་པས། །དཔག་ཏུ་མེད་པའི་ཡོན་ཏན་ཐོབ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའོ། །ཨོ་བཛྲ་འགྱུ་རུ་ཙྭ་ན་སུརྦ་སིད་དྷི་ཕ་ལ་ཧུ༷། ཨོ་དྷི་བ་ཨ་ཡུ་རྙོ་ན་སརྦ་སིདྷི་ཧུ། ཨོ་དྷ་ཀེ་ཨ་ཡུ་ཙྭ་ན་ཧུ། རྣམ་འཇོམས་ལས་ཀྱི་སྒྲིབ་པ་སེལ། །བདུད་རྩི་ཆུ་ཡིས་དྲི་མ་དྲི་མ། །རྨི་ལམ་མཚན་ངན་ཐམས་ཅད་ཞི། ཁྲོ་བོ་རོལ་པའི་དཀྱིལ་འཁོར་མཆོག །རྡོ་རྗེའི་གོ་འཕང་ཐོབ་པར་འགྱུར། །ན་མ་ཙན་དྷ་བཛྲ་ཀྲོ་ཏ་ཡེ། ཧུ་ལུ་ཧུ་ལུ།ཏིསྤྱི་ཏིགི། བན་དྷ་བན་དྷ། ཧ་ན་ཧ་ན། ཨ་མྲི་དེ་ཧུ༷་ཕཊ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན། །གནས་སྐབས་སྤོབ་པ་མཐར་ཐུག་ཏུ། །དབྱིངས་ཕྱུག་ཡུམ་གྱི་ངང་དུ་གྲོལ། །སྐྱེ་བ་མེད་པ་ཨ་ཡི་དོན། །ཨོ་པི་ཙུ་པྲ་རྙོ་བྷ་ར་ ་ཧ་ནི་ཛ་ལ་མི་ཏི་བྷ་ར་དྷི་ནི་ཧི་རི་སྟི་ར་ཏ་ནི་གྲྭཧྭ། ཨ་ཨ། ཨི་སྙི། ཨུ་ལྐུ། རེ་རྡི། ལི་ལྟོ། ཨེ་ཨེ། ཨོ་ཨོ། ཨ༷་ཨ། ཀ་ཁ་ག་བྷ་ང་། ཙ་ཚ་ཛ་རྙོ་ཉ། ཏ་ཐ་ད་དྷ་ན། ཊ་ཋ་ཌ་རྟེ་ཎ། པ་ཕ་བ་བྷ་མ། ཝ་ཡ་ར་ལ་ཤ་ཥ་གྲྭཧྭ། ཨོ་ཡེ་དྷརྨ་ཧེ་དུ་པྲ་བྷ་བ། ཧེ་དུན་ཏེ། ཥན་ཏཐུ་ག་ཏོ། །རྒྱ་བ་དད་ཏེ་ཤ྅་ཡོ་ནི་རོ་དྷ་བ་ཨེ་བ༷་བཱ་དི་བྷ་བ་མ་ཡ་མ་ཧྭ་བྲ་མ་ན་ཡེ། མི་གཡོ་ཞེས་བྱའི་ཁྲོ་བོ་ཡིས། །རང་གི་དཀྱིལ་འཁོར་འོད་གང་ནས། །འཁོར་ལོ་གསུམ་གྱིས་དོན་ཀུན་བྱེད། །ཀ་རུ་ན་ཡིས་གདོན་ཀུན་འདུལ། །ཨོ་བཛྲ་ཀྲོ་དྷ་ཙན་དྷ་མ་ཧྭ་རོ་ཤ་ན་ཧུ༷་ཕཊ། ཀ་རུ་ན་ཙ་ལེ་ཙ་ལེ་ཧུ༷་ཧུ༷་ཧུ༷་ཕཊ་ཕཊ། རྡོ་རྗེའི་གཤོན་ནུའི་རིགས་འཛིན་གྱིས། །ཕུར་པའི་ལས་ཀུན་གྲུབ་པར་བྱེད། །དྲག་སྔགས་རྒྱལ་པོ་འདི་ཉིད་བཟླས། །ཨོ་བཛྲ་ཀི་ལི་ཀྭ་ལི་ཀི་ལྭ་ཡ་སརྦ་བིབྷ་ནན་བ༷་ཧུ༷་ཕཊ། རྣི་ཏྲི་རྦད་ཐུམས། ད་ར་ཡ་ད་ར་ཡ། མ་ར་ཡ་མ་ར་ཡ། འཁོར་ལོ་མཆོག་གི་མགོན་པོ་ནི། །བསྡུལ་བྱ་གང་དང་གང་གི་དོན། །དུས་ཀྱི་འཁོར་ལོ་ཆེ་ཆུང་ཀུན། །སངས་རྒྱས་རྒྱ་མཚོ་འདྲ་བ་བཞུགས། །བསམ་གྱིས་མི་ཁྱབ་བརྗོད་ལས་འདས། །འདི་ནི་གསང་ཆེན་ངེས་པའི་ལུང་། །མ་རིག་སྐྱེ་ཤིའི་ཞབྲུལ་པའི་ཡིས། །སྲིད་པ་བར་དོའི་སྡུག་བསྔལ་ལས། །ཚེ་འདས་རོ་འམ་མིང་བྱང་ལ། །རྣམ་ཤེས་བཀུག་སྟེ་ཁྲུས་བྱས་ལ། །འཇིགས་པའི་འཕྲང་ལས་གྲོལ་བ་ཡིས། །སྦྱོང་བའི་རྒྱལ་པོ་འདི་གསུངས་སོ། །ན་མོ་བྷ་ག་བ་ཏེ་སརྦ་དུར་ཀ་ཏེ། པ་རི་ཤོ་དྷ་ཡ། ར་ཙ་ཡ་ཏ་ཐ་བྷ་ཏ་ཡ། ཨ་ར་ཧ་ཏེ་ས༷་མྱག་ས༷་བྱུད་དྷ་ཡ། ཏབྱ་ཐུ། ཤོ་དྷ་ནི་ཤོ་དྷ་ནི། སརྦ་པ་པ༷་དྷི་ཤོ་དྷ་ནི་ཤུད་དྷི་བི་ཤུད་དྷི། སརྦ་ཀར་མ། ཨ་པ་ར་ན། དྷི་ཤོ་དྷ་ནི་གྲྭཧྭ། གནས་སྤར་བླ་མེད་འབྲས་ཐོབ་འགྱུར། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམ་ཀུན། །ཕུང་པོ་ཁམས་དང་སྐྱེ་མཆེད་ཚོགས། །བདེ་གཤེགས་སྙིང་པོའི་འགྲོ་བ་རྣམས། །རིགས་ལྔ་གཞིའི་དཀྱིལ་འཁོར་ནས། །དབང་དུ་བསྐྱེད་རྫོགས་ཐམས་ཅད་ཀུན། །རིགས་ལྔ་ལམ་གྱི་བསྐྱེད་རྫོགས་བསྒོམ། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀུན། །རིགས་ལྔ་འབྲས་བུའི་དཀྱིལ་འཁོར་རྫོགས། །བདག་ཉིད་ལྷ་བསྒོམ་མ་ཚིགས་པ། །སེམས་དཔའ་བསྐྱེད་པའི་དཀྱིལ་འཁོར་དང་། །བྱིན་གྱིས་བརླབས་པ་འོག་མིན་ནས། །སྤྱན་འདྲེན་ཡེ་ཤེས་དཀྱིལ་འཁོར་ཡིན། །ལྷ་དང་གཉིས་མེད་ཤེས་པ་ནི། །རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་ཡིན། །ཕྱི་ནི་ཀུན་བཏགས་དཀྱིལ་འཁོར་ཡིན། །ནང་ནི་ཏིང་འཛིན་དཀྱིལ་འཁོར་ཏེ། །གསང་བ་ཡོངས་རྫོགས་ལྷུན་གྱིས་གྲུབ། །མཚོན་བྱེད་བརྡ་ཡི་དཀྱིལ་འཁོར་གྱིས། །མཚོན་ཆ་དོན་གྱི་དཀྱིལ་འཁོར་རིག །རིག་པ་རང་འབྱུང་དཀྱིལ་འཁོར་གྱིས། །ཡེ་ཤེས་སྐུ་མཆོག་དཀྱིལ་འཁོར་མཆོག །རྣམ་དག་ལྷ་ཡི་དཀྱིལ་འཁོར་ལ། །ཕུན་ཚོགས་མཆོད་པའི་དཀྱིལ་འཁོར་གྱིས། །བྱིན་རླབས་དངོས་གྲུབ་དཀྱིལ་འཁོར་ཐིམ། །དཀྱིལ་འཁོར་ཆེན་པོ་ཡངས་པ་སྟེ། །ཆོས་ཉིད་ལ་ཡང་ཆོས་ཉིད་རོལ། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །དཀྱིལ་ནི་ཆོས་དབྱིངས་སྙིང་པོ་སྟེ། །ཡེ་ཤེས་རྒྱལ་པོ་རང་ཡིན་ནོ། །འཁོར་ནི་འོད་དང་འོད་ཟེར་ཚུལ། །ཕྱོགས་བཅུའི་མཐའ་ཡས་མུ་མེད་པས། །མཎྜལ་ཞེས་སུ་བརྗོད་པར་བྱའོ། །གང་གིས་བཟླས་པས་རྒྱལ་བ་རྣམས། །དཔེར་ན་སྐྱེས་ཆེན་གང་ཞིག་ལ། །ཆེ་ལ་མྱུར་བའི་སྒྲས་བོས་ནས། །ཐོས་ནས་མྱུར་དུ་འོང་བ་བཞིན། །སངས་རྒྱས་རྣམས་ནི་སྤྱན་འདྲེན་པ། །སྐད་ཅིག་བྱོན་ནས་སྤྱན་གྱིས་གཟིགས། །ཐུགས་རྒྱུད་བསྐུལ་ན་བྱིན་གྱིས་བརློབ། །ངག་ལ་ནུས་པའི་ཡོན་ཏན་གྱིས། །མཁའ་འགྲོའི་ཚོགས་རྣམས་འདུ་བ་དང་། །བགེགས་རྣམས་མ་ལུས་བཟློག་པ་དང་། །བདུད་དཔུང་ཐམས་ཅད་འཇོམས་བྱེད་པ། །གསང་སྔགས་བཟླས་པས་ནུས་པ་འབྱུང་། །སྔགས་མེད་ལྷ་ཡི་གཟུགས་བརྙན་ཀུན། །བར་སྣང་འཇའ་ཚོན་རི་མོ་འདྲ། །ངག་གི་མངོན་ཞེན་མི་བཟློག་ཅིང་། །ནུས་པའི་ཡེ་ཤེས་ཐོབ་མི་འགྱུར། །གསང་སྔགས་རྒྱལ་པོ་དོན་ཀུན་འགྲུབ། །གསང་སྔགས་ཆེན་པོ་རིགས་གསུམ་མཆོག །ཕྱི་ཡི་རིག་སྔགས་མདོ་ལྟར་བཟླས། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སྦྱངས། །ནང་གི་གཟུངས་སྔགས་སྔགས་ལྟར་བཟླས། །རང་ལ་ཚོགས་གཉིས་སྤེལ་བར་བྱེད། །གསང་བ་གསང་སྔགས་བཟླས་པ་ནི། །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་སྟེ། །བསྐྱེད་རིམ་སྐུ་ཡི་ངང་ནས་བཟླས། །བཟླས་པ་གསུང་གི་ངང་ནས་བཟླས། །རྫོགས་རིམ་ཐུགས་ཀྱི་ངང་ནས་བཟླས། །བདུད་ལ་གསང་ཕྱིར་གསང་སྔགས་བཟླས། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །སངས་རྒྱས་ཀུན་གྱི་སྙིང་པོ་གཙོ། །ཨོ་དང་ཨུ༷༷དང་ཧུ༷་དང་གསུམ། །ཐོག་མཐའ་བར་རམ་གང་ཡང་རུང་། །སྔགས་རྣམས་ཀུན་གྱི་སྲོག་ལ་བཞུགས། །གསང་སྔགས་སྙིང་པོ་དང་པོ་ལྟར། །རང་ཉིད་ལྷ་བསྒོམ་ཐུགས་ཁ་མྲ །ས་བོན་ལས་ནི་སྔགས་འཕྲེང་སྐོར། ཁ་དོག་འཕྲིན་ལས་འདོད་དོན་བསྒྱུར། །དཀར་སེར་དམར་ལྗང་ཡི་གེའི་འོད། །མཆོད་པའི་སྤྲིན་དང་བསྟོད་དབྱངས་སུ། །ཡར་འཕྲོས་རྒྱལ་བའི་སྐུ་གསུང་ཐུགས། །མཉེས་ནས་དངོས་གྲུབ་བདག་ལ་སྣང་། །མར་འཕྲོས་སེམས་ཅན་སྒྲིབ་པ་སྦྱངས། །ཐམས་ཅད་ལྷ་དང་ལྷ་མོར་འགྱུར། །བར་དུ་བདག་གཞན་གཙོ་འཁོར་རྣམས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་ནི། །སྣང་སྲིད་བདེ་བས་གང་བ་ཡི། །གང་འདོད་དངོས་གྲུབ་ཐོབ་པར་བསམ། །ཚོགས་བསགས་སྒྲིབ་སྦྱངས་བཟླས་པ་ཡིན། །ཐུགས་ཁའི་སྔགས་ལས་སྒྲ་དང་འོད། །ཞལ་ནས་འབྲུག་སྒྲ་བཞིན་བཟླས་པས། །འོད་ཟེར་མེ་དཔུང་མཚོན་ཆར་འཕྲོས། །ཞི་བས་མི་ཐུལ་གདུག་པ་ཅན། །སྟོང་གསུམ་དགྲ་བགེགས་བདུད་དཔུང་རྣམས། །མ་རུངས་ཚར་བཅད་རྡུལ་དུ་བརླག །བཀའ་སྡོད་བྲན་ཁོལ་བྱེད་པར་བསམ། །བར་ཆོད་སེལ་བྱེད་བཟླས་པའི་ལུགས། །རང་རིག་ལྷ་ཡི་ཐུགས་ཁ་ནས། །གསང་སྔགས་རྒྱལ་པོའི་ཡིག་འབྲུ་རྣམས། །ཕྱི་རུ་འབྱུང་བའི་རླུད་གི་དུས། །གཟུང་བའི་ཡུལ་རྟོག་དམིགས་མེད་གྲོལ། །ནང་དུ་འཇུག་པའི་རླུད་གི་སྔགས། །འཛིན་པའི་སེམས་ནི་རང་བཞིན་གྲོལ། །བར་དུ་གནས་པ་རླུད་གི་སྔགས། །གཟུང་འཛིན་མེད་པའི་འོད་གསལ་དང་། །ཡེ་ཤེས་རང་གསལ་ལྷར་ཤེས་པས། །རྡོ་རྗེ་རླུད་གི་བཟླས་པས་ཏེ། །ཉམས་རྟོགས་ཡེ་ཤེས་འབར་བར་འགྱུར། །བསྐྱེད་རིམ་སྐུ་ཡི་བསྙེན་པ་ཡིན། །སྔགས་ནི་ལྷ་ཡི་གཟུགས་སུ་གནས། །བསྐྱེད་པ་ཙམ་གྱིས་ཡོན་ཏན་འཐོབ། །ལྷ་ནི་སྔགས་ཀྱི་སྒྲ་རུ་གྲགས། །བཟླས་པ་ཙམ་གྱིས་ཡོན་ཏན་འབྱུང་། །ལྷ་དང་སྔགས་ནི་གཉིས་སུ་མེད། །གཉིས་མེད་དོན་གྱི་བཟླས་པ་ནི། །ཏིང་འཛིན་གསལ་བར་མ་གྱུར་ཀྱང་། །སྔགས་ནི་གསལ་བར་བཟླས་པ་ཡིས། །ལྷ་ཡིས་སྐྱོབ་ཅིང་བྱིན་གྱིས་བརློབ། །ངག་གི་སྒྲིབ་པ་དག་པ་ཡི། །ནུས་པའི་ཡོན་ཏན་སྐྱེ་བ་སྟེ། །སྔགས་ཉིད་སྔགས་སུ་བཟླས་པ་ནི། །སྣང་གྲགས་ཕྱག་རྒྱ་ཆེན་པོའི་སྐུ། །གཟུང་འཛིན་བྲལ་བའི་སེམས་ལ་ལྟོས། །གཉིས་སུ་མེད་པའི་ཆོས་ཉིད་ངང་། །སྒྲ་ནི་གྲགས་སྟོང་བྲག་ཆ་ལྷར། །གཏད་མེད་ངང་དུ་བཟླས་པ་ནི། །གསང་སྔགས་ཀུན་གྱི་བཟླས་པའི་མཆོག །ཆོས་ཉིད་ཐུགས་ཀྱི་བཟླས་པ་ཡིན། །སྒྲ་གྲགས་ཐམས་ཅད་རྒྱལ་བའི་གསུང་། །ཚིག་དང་བྲལ་བའི་དོན་ལ་ལྟོས། །རིགས་པའི་རྒྱལ་པོ་གསང་སྔགས་རྒྱལ། །དོན་ཆེན་ཡི་གེ་དམ་པ་ཡིན། །ཆུ་ཟླ་ལྟ་བུའི་ཏིང་འཛིན་དང་། །བྲག་ཆ་བཞིན་དུ་སྔགས་བཟླས་པས། །ནམ་མཁའ་ལྟ་བུའི་ཆོས་ཉིད་དུ། །འགག་མེད་རྡོ་རྗེའི་གསུང་ཐོབ་ནས། །འགྲོ་ཀུན་སྐད་དུ་ཆོས་སྟོན་པའི། །ཚངས་པའི་གསུང་གི་དབང་ཕྱུག་དང་། །གྲགས་ཆེན་སྙན་གྲགས་ཆེན་པོ་པ། །ཕྱོགས་བཅུ་ཀུན་ཏུ་གྲགས་པར་འགྱུར། །སྣང་སྲིད་ཐམས་ཅད་སེམས་ལ་རྫོགས། །སེམས་ནི་རྒྱལ་བའི་སྐུ་རུ་སྣང་། །སྣང་བ་ཐམས་ཅད་རང་སྣང་ཡིན། །གཟུང་འཛིན་བྲལ་བའི་སེམས་ཉིད་ལ། །ཡེ་ཤེས་ལྷ་ཡི་ཡོན་ཏན་རྫོགས། །སྒྲ་གྲགས་ཐམས་ཅད་སེམས་ལ་ཚང་། །སེམས་ནི་རྒྱལ་བའི་གསུང་དུ་གྲགས། །གྲགས་པ་ཐམས་ཅད་རང་སྒྲ་ཡིན། །ཚིག་དང་བྲལ་བའི་སེམས་ཉིད་ལ། །ཚངས་པ་གསུང་གི་ཡོན་ཏན་རྫོགས། །རྟོགས་ཚོགས་ཐམས་ཅད་སེམས་ལ་འདུས། །སེམས་ཉིད་རྒྱལ་བའི་ཐུགས་སུ་གསལ། ཁྲེས་བྱ་ཐམས་ཅད་རང་ཤེས་ཡིན། །གཉིས་འཛིན་གྲོལ་བའི་སེམས་ཉིད་ལ། །མཁྱེན་པའི་ཡེ་ཤེས་ཡོན་ཏན་རྫོགས། །རྫོགས་པའི་སངས་རྒྱས་སེམས་ལས་བྱུང་། །སེམས་དང་ལྷ་ནི་གཉིས་སུ་མེད། །གཉིས་མེད་ངང་ལ་ལྕོགས་ཀྱི་ཤོག །ལྟ་བྱེད་རྟོགས་པ་རང་སར་གྲོལ། །ལྟས་པས་མི་མཐོང་བཞག་པས་གསལ། །མཉམ་བཞག་ཆོས་སྐུའི་གནས་ལུགས་ལ། །མ་བསྒྲུབས་གནས་པ་སངས་རྒྱས་གྲུབ། །གྲུབ་པ་མེད་དེ་ཅིར་མི་དགོངས། །རང་འབྱུང་ཐམས་ཅད་མཁྱེན་པ་ཡིན། །འདི་ལས་ལྷག་པའི་ངེས་དོན་མེད། །ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་འདི། །ཐོས་བསམ་བསྒོམ་ལ་རབ་སྦྱངས་པའི། ཁྲེས་རབ་དམིགས་ལྡན་རྣམ་དང་ཟུང་། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །དེ་དང་མི་ལྡན་སྤྱིན་མི་བྱ། །ཏིང་ངེ་འཛིན་པའི་རྣལ་འབྱོར་ལ། །རྐང་པའི་རྗེས་ནི་དཀྱིལ་འཁོར་ཏེ། །ལག་པ་བསྒྱུར་བ་ཕྱག་རྒྱ་ཡིན། །སོར་མོ་ཉེད་པ་དེ་བཞིན་ལ། །ཕྱི་རུ་བསྐྱེད་པ་ཉོན་མོངས་སྲེག །ནང་དུ་ཡེ་ཤེས་སྐུ་ལྔ་ཡི། །ཐབས་ཤེས་གཉིས་ཀྱི་རྐང་ལ་མཐིལ། །ཕྱག་རྒྱ་དཀྱིལ་འཁོར་གཞལ་ཡས་ཁང་། །པདྨའི་ཉི་ཟླའི་གདན་དབུས་སུ། །ཟླ་བའི་སོར་མོ་ལྔ་པོ་ནི། །ཨོ་ཧུ༷་ཏྲ༷་ཏྲི་ཧ་ལྔ་ལས། །རྒྱལ་བ་ཡབ་ལྔའི་ངོ་བོ་བསྐྱེད། །ཉི་མའི་སོར་མོ་ལྔ་པོ་ལས། །ཨེ་བ༷་ལ༷་ར༷་མ༷་ལྔ་ལས། །ཡུམ་ལྔ་སོ་སོར་བསྐྱེད་པར་བྱ། །རྒྱལ་བ་ཐམས་ཅད་མཉེས་པའི་ཕྱིར། །ཉི་ཟླ་རྩེ་སྦྱར་འབྲུ་བརྒྱད་སྦས། །སྐུ་ཡི་ལྷ་ཚོགས་ཟག་མེད་འཁྲིལ། །བདེ་བ་ཆེན་པོའི་ངང་དུ་བསྐྱེད། །ཧུ༷་གི་རྩེ་སྦྱར་འབྲུ་དྲུག་སྦས། །ཐུགས་ཀྱི་ལྷ་མཆོག་བདེ་བར་འཁྲིལ། །ཧྲི་ཡི་རྩེ་སྦྱར་འབྲུ་བཞི་སྦས། །གསུང་གི་ལྷ་ཚོགས་དགྱེས་པར་འཁྲིལ། །ཏྲ༷་གི་རྩེ་སྦར་འབྲུ་གཉིས་སྦས། །ཡོན་ཏན་ལྷ་ཚོགས་དགྱེས་པར་འཁྲིལ། །ལྷ་ཡི་རྩེ་སྦྱར་འཕྲིན་ལས་ལྷ། །དགྱེས་པར་འཁྲིལ་ཏེ་ཟག་མེད་ཀྱི། །བདེ་བ་ཆེན་པོའི་ལྷ་བསྒོམ་ལ། །ཕྱག་རྒྱ་ལག་གཉིས་བསྐོར་བ་ཡིས། །འོད་སྐྱ་འཁོར་གྱི་ལྷ་ཚོགས་བསྐྱེད། །ཡབ་ཡུམ་དགྱེས་པའི་ཐུགས་ཁ་ནས། །ཟླ་བའི་ལྷ་ལ་ཉི་མ་ཡིས། །སོར་མོ་ལྔ་པོ་ཕྱི་ནང་གི །མཆོད་པའི་ལྷ་མོར་གྱུར་པ་ཡིས། །མཐེ་བོང་དང་ནི་རྩེ་སྦྱར་ཞིང་། །མཆོད་པའི་ཚོགས་ཀྱིས་མཉེས་པར་བྱ། །དངོས་གྲུབ་དམ་པ་བདག་ལ་བླང་། །དེ་བཞིན་ཟླ་བས་ཉི་མ་ལ། །གཡས་གཡོན་ཐབས་ཤེས་ཕྱག་རྒྱ་བསྒྱུར། །སོར་མོ་བཅུ་པོ་བསྡུས་པ་ལ། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི། །གཉིས་མེད་བྱང་ཆུབ་སེམས་ཀྱི་བཅུད། །བདུད་རྩི་ཆེན་པོར་བཞུ་བྱས་ལ། །ཐབས་ཤེས་ཉི་ཟླའི་ཕྱག་རྒྱ་ཡིས། །གནས་ལྔར་དངོས་གྲུབ་བླང་བར་བྱ། །འདིས་ནི་དཀྱིལ་འཁོར་ཀུན་མཉེས་ཤིང་། །མཆོད་པའི་ཕྱག་རྒྱ་ཆེན་པོ་ཡིས། །སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་འཕྲིན་ལས་ཐབས་ཀྱིས་འགྲུབ། །བསམ་གཏན་བཞིའི་རྩེ་མོ་ཅན། །བསམ་གཏན་ཡན་ལག་ཀུན་གྱི་མཆོག །ཕྱོགས་བཅུའི་རྒྱལ་བ་འདུས་པའི། །དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་ལ། །མེ་ཏོག་བདུག་སྤོས་མར་མེ་དྲི། །བཤོས་གཙང་སིལ་སྙན་རོལ་མོའི་ཚོགས། །ཕྱི་ཡི་མཆོད་ཡོན་མཛས་པ་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །རང་བྱུང་དམ་རྫས་བདུད་རྩི་སྨན། ཁྲ་ཁྲག་གཏོར་མ་དམ་རྫས་ཚོགས། །ནང་དུ་དགྱེས་ཤིང་ཚིམ་པ་དང་། །སྐུ་གསུང་ཐུགས་ཀྱི་བདེ་བ་ཆེ། །གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས། །མཆོད་པའི་ཕྱག་རྒྱ་ཆེན་པོ་ཡིས། །རང་བྱུང་ཡེ་ཤེས་གསང་སྔགས་མཆོད། །གཉིས་མེད་དགྱེས་པས་བདག་གྲོལ་འགྱུར། །སེམས་ཀྱི་ཡིད་བཞིན་སྤྱིན་གྱི་ཚོགས། །ཕྱོགས་བཅུའི་སངས་རྒྱས་ཞིང་རྣམས་སུ། །མཉེན་འཇམ་རེག་ན་བདེ་བ་ཡི། །རིན་ཆེན་སྣ་ཚོགས་བཞི་དང་། །མཛེས་པས་བྲིས་ཤིང་སྤྲས་པ་ཡི། །ཀུན་འབྱུང་རིན་ཆེན་ཕུང་པོ་དང་། །རྫིང་བུ་ཡིད་འོང་བྲོ་མཆོག་བསིལ། །རིན་ཆེན་ཁང་མཛེས་སྣ་ཚོགས་དང་། །ལྗོན་ཤིང་ཚལ་དང་མེ་ཏོག་དང་། །སྙན་པའི་གླུ་དབྱངས་རོལ་མོ་དང་། །དྲི་མཆོག་ངད་ལྡན་རོལ་མོ་དང་། །ན་བཟའ་གདུགས་དང་རྒྱལ་མཚན་དང་། །བ་དན་བླ་བྲེ་དར་དཔྱངས་དང་། །དོལ་ཤལ་དཔུང་རྒྱན་སེ་མོ་དོ། །མཛེས་པའི་ཁྲི་སྟན་བརྒྱན་བཅས་དང་། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། །བྲོ་གར་དགྱེས་པ་བསམ་འདས་པ། །ཕྱོགས་བཅུ་ནམ་མཁའི་ཁམས་བསྐང་ནས། །ཆོས་ཀྱི་དབྱིངས་དང་མཉམ་པ་ཡི། །མཆོད་པའི་ཕྱག་རྒྱ་ཆེན་པོ་ཡིས། །རིམས་ཀྱི་ས་དང་ཅིག་ཆར་དུ། །བླ་མ་དཀོན་མཆོག་ཡི་དམ་ལྷ། །བདག་ཉིད་ཆེན་པོའི་དཀྱིལ་འཁོར་མཆོད། །གཉིས་མེད་དགྱེས་པས་ཚིམ་གྱུར་ལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན། །ཡེ་ནས་རྩོལ་མེད་ལྷུན་གྲུབ་ཏུ། །ཀུན་ལ་ཕྱོགས་མེད་ཁྱབ་པ་ཡི། །རྒྱུན་ཆད་ཕྱོགས་ལྷུང་མེད་པ་སྲ །ཀུན་ཏུ་བཤམས་པའི་མཆོད་སྤྲིན་འདི། །རྒྱུན་མི་འཆད་དུ་མཆོད་ཤེས་པ། །ཕུན་སུམ་ཚོགས་པའི་མཆོད་པ་སྟེ། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཡིན། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་རྣམས། །མ་ལུས་དགྱེས་པར་དེ་ཡིས་འགྱུར། །ཐུན་མོང་ཕྱི་ཡི་མཆོད་པ་ནི། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ། །བསྐལ་པ་མང་པོར་མཆོད་བྱས་པས། །ཁྱད་པར་ནང་གི་མཆོད་པ་དང་། །གསང་བ་བླ་མེད་མཆོད་པ་ཡིས། །རིགས་འཛིན་ནང་གི་ལྷ་ཚོགས་ལ། །སྐད་ཅིག་མཆོད་པའི་བསོད་ནམས་ཀྱི། །བརྒྱ་ཡི་ཆར་ཡང་མི་ཕོད་དེ། །མཆོད་པ་གཞན་རྣམས་ས་བོན་འདྲ། །གསང་སྔགས་མཆོད་པ་འབྲས་བུ་མཆོག །ཚེ་འདི་ཉིད་ལ་ཕྱག་རྒྱ་འགྲུབ། །མངོན་དུ་བསོད་ནམས་མ་བསགས་པ། །གསང་སྔགས་ཆོས་དང་ཕྲད་མི་འགྱུར། །གསང་སྔགས་མཆོད་པ་སུས་ཤེས་པ། །བསོད་ནམས་ལས་བྱུང་ཡེ་ཤེས་ཐོབ། །གཞི་དང་ལམ་གྱི་རྒྱུད་རྣམས་ཀྱི། །གཞལ་ཡས་ཁང་དང་ལྷ་ཚོགས་ཀྱི། །དཀྱིལ་འཁོར་དངོས་དང་གཟུགས་བརྙན་གྱི། །སྐུ་གདུང་རིང་བསྲེལ་མཆོད་པའི་རྟེན། །སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། །བགེགས་བསལ་ཁྲུས་བྱ་དྲི་མ་བཀྲུ། །ཡེ་ཤེས་དགུག་བསྟིམ་དངོས་སུ་བསྐྱེད། །དབང་བསྐུར་མཆོད་དང་མངའ་མཆོད་དབུལ། །རྒྱལ་བ་ཀུན་གྱིས་རབ་བསྔགས་པའི། །ཨོ་ཡེ་དྷརྨ་ཧེ་དུ་པྲ་བྷ་བཱ། ཧེ་དུན་ཏེ། ཥའ་ན་ཏ་ཐ་ག་ཏོ། །རྒྱ་བ་དད་ཏེ་ཥརྩིཡོནི རོདྷ། ཨེ བ༷ བཱདི། མ་ཧྭ་ཤུ་མ་ཎ་ཡེ་གྲྭ་ཧྭ། ཞེས་བཟླས་ལྷའི་མེ་ཏོག་གཏོར། །རང་རང་འདོད་པའི་གསོལ་བ་བཏབ། །ས་ཕྱོགས་བྱིན་ཕེབས་བཀྲ་ཤིས་འགྱུར། །རྒྱལ་བ་མཆོད་པས་མཉེས་པ་ཡིས། །འགྲོ་བ་རྣམས་ལ་ཕན་དོན་འགྲུབ། །ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག །བསོད་ནམས་ཚོགས་རྫོགས་ཡོན་ཏན་འཐོབ། །ཡང་དག་དོན་རྟོགས་རྡོ་རྗེ་འཆང་། །རྡོ་ཤིང་འཇིམ་པའི་བདག་ཉིད་ཀྱི། །ལྷ་འདི་རྣམས་ལ་སྐྱབས་མི་རེ། །ཀུན་བྱེད་རྒྱལ་པོ་རང་རིག་ལྷ། །གཉིས་མེད་དོན་ལ་གསོལ་བ་ཐོབ། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །སྣོད་བཅུད་གཞི་ཡི་སངས་རྒྱས་ལ། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་ནི། །མངོན་དུ་མ་གྱུར་ལམ་ཡིན་ལ། །རྡོ་རྗེའི་དོན་རྟོགས་འབྲས་བུ་དེ། །གསེར་འགྱུར་ནུས་པའི་རང་བཞིན་གྱིས། །ལྕགས་ལས་ཟངས་སུ་འགྱུར་བ་དང་། །ཟངས་ཉིད་གསེར་དུ་གྱུར་པ་བཞིན། །སོ་སོ་ཐར་པ་འཁོར་བ་ནས། །སེམས་ཅན་འཕགས་པས་རང་དོན་འགྲུབ། །བྱང་ཆུབ་སེམས་ཀྱིས་རང་འདོད་ལས། །གྲོལ་ནས་གཞན་དོན་བྱང་ཆུབ་ཐོབ། །བྱང་ཆུབ་ཡེ་ཤེས་མངོན་སུམ་དུ། །ལུས་ནི་གཟུགས་སྐུའི་སངས་རྒྱས་དང་། །སེམས་ནི་ཆོས་སྐུའི་སངས་རྒྱས་སུ། །གཉིས་མེད་ཡེ་ཤེས་རྡོ་རྗེའི་སྐུ། །འདུས་མ་བྱས་ཤིང་ལྷུན་གྲུབ་ཏུ། །རྡོ་རྗེའི་སྐུ་ནི་ཀུན་ལ་གནང་། །རྡོ་རྗེའི་གསུང་ནི་ཀུན་ལ་གྲགས། །རྡོ་རྗེའི་ཐུགས་ནི་ཐམས་ཅད་མཁྱེན། །རྡོ་རྗེའི་རྫུ་འཕྲུལ་ཐོགས་པ་མེད། །རྡོ་རྗེའི་འཕྲིན་ལས་དོན་ཀུན་འགྲུབ། །རྡོ་རྗེའི་གདུང་སོབ་འགྲོ་བའི་མགོན། །མངོན་པར་རྫོགས་པར་སངས་རྒྱས་འགྱུར། །འབྲས་བུ་གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ལས། །བསྐྱེད་རིམ་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།སྔགས་ནི་མ་ཏྲའི་སྒྲ་ལས་གྲངས། །མ་ནི་བདེ་བའི་དངོས་གྲུབ་གཏེར། །ཏྲ་ནི་སྡུག་བསྔལ་སྐྱོབ་པར་བྱེད། །དེ་ཕྱིར་སྔགས་ནི་རབ་ཏུ་བརྗོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སེམས། །སྙིང་པོ་ཡི་གེ་རང་འབྱུང་བ། །ཨོ༷་ཨུ༷༷ཧུ༷། སྐུ་གསུང་ཐུགས་ཀྱི་སྙིང་པོའོ།༷།ཨོ་ཛི་ན་ཛིག །ཧུ༷་བཛྲ་དྷིག །སྭ་རད་ན་དྷིགས །ཨོ་ཨ་རོ་ལིག །ཧ་པྲ་རྙོ་དྷིག །ལ༷་ཏེ་ཤ་ར་ཏི། མུ༷་དྷ་དུ་ཤ་རི། མ༷་མོ་ཧ་ར་ཏིང་། པྱ༷་ར་ག་ར་ཏི། ཏ༷་བཛྲ་ར་ཏ། ཨ་ཧ་ཧི་བ་ག་བན། མ་ཧྭ་ཀ་རུ་ནི་ཀ་ཏྲི་ཤ་ཧོ། ས་མ་ཡ་སྟོ། ཛ༷་ཧུ༷་བ༷་ཧོ། སྟིས་སྟ་ལྷན། པྲ་ཏི་པུ་ཧོ། ཨོ་ཨ་ཧུ༷་གྲྭཧྭ། ཧུ༷་བཛྲ་ཀྲོ་དྷ་མ་ཧྭ་སུ་ཀ་ཨེ་ཀ་ཛ་ཏི་ཧཱུཾ། །སི་ཏི་ཕ་ལ་ཧུ༷་ཧུ༷། ཨོ་སརྦ་ཏ་ཐ་ག་ཏ་ཀྭ་ཡ་བཛྲ་ཧུ༷། ཨ་སརྦ་ཏ་ཐ་ག་ཏ་བཱ་ག་བཛྲ་ཧུ༷། ཧུ༷་སརྦ་ཏ་ཐུ་ག་ཏ་ཙིསྟ་ཧུ༷། བཛྲ་ཀྲོ་དྷ་ཧཱུཾ་ཀ་ར། བྷར་རྫ་བྷར་རྫ་ཧུ༷། བཛྲ་ཀྲོ་དྷ་བི་ཛ་ཡེ། སྟིན་དྷ་བིན་དྷ་ཧུ༷། བཛྲ་ཀྲོ་དྷ་ནི་ལ་ཏན་ཏྲ། དྷ་ཧ་དྷ་ཧ་ཧུ༷། བཛྲ་ཀྲོ་དྷ་ཡ་མན་ཏ་ཀ །ད་ཧ་ད་ཧ་ཧུ༷། བཛྲ་ཀྲོ་དྷ་ཧ་ཡ་ལྷི་བ། ཧུ་ལུ་ཧུ་ལུ་ཧུ༷། བཛྲ་ཀྲོ་དྷ་ཨུརུ་ཨ་ཙ་ལ། བན་དྷ་བན་དྷ་ཧུ༷། བཛྲ་ཀྲོ་དྷ་ཨ་མྲི་ཏ་ཀུན་དྷ་ལི། ཚིན་དྷ་ཚིན་དྷ་ཧུ༷། བཛྲ་ཀྲོ་དྷ་མ་ཧྭ་པ་ལ། སྤྲོ་ཊ་སྤྲོ་ཊ་ཧུ༷། ཞི་ཁྲོ་དོན་གྱི་གསང་སྔགས་ཡིན། ཨོ༷་སརྦ་བྱིད་གྲྭཧྭ། ཨོ༷་ཨེ་མ་ཀེ་རི་ཀེ་རི། སྨ་ཏ་བྷ་ལི་བྷ་ལ་པ་ནི། མི་ས་མུན་ཏ། ཙ་རྒྱ་སུ་ཀ་ཡེ། སྟིས་ཏེ་ས་བྷ་གྱུ་སེང་ཀ་ར་བྷས་དྷ་ན་ག་ན་ཧི་རི་སྟེ་ཏ་ན་ས་རི་ལི། ས༷་སྟུ་ར་ཏ་མི་ཀ་ཙ་ར་ཏ། དྷ་པ་སུ་རྒྱ་བྷ་བྷ་ཏ་ར། ཨ་མ་ཤ་ན་པ་ར་ན། བྷ་ཧི་ཏིས་ལྷུ་ར་ལ། མ་སྨན་ས་ཀུ་ལི། ལ་ཧ་ཡ། ལྷུ་ར་ལྷུ་ར། པག་པ་ག་ལ་ར་ན་ལམ། ཨ་ཐ་ལ་ར་ལ་ཏ་ལ༷། ཨི་ར་ཏ་ལ༷། སིར་སྣ་སར་སྣ་བྷས་ལ༷། ཕ་གེ་ལ། ས་སྭ་རི་རྡི་ལི་སྙི། ཨི་སྙི། མ་མྱ། ར་རྭ། འཁོར་བ་དོང་སྤྲུགས་སྙིང་པོ་སྟེ། །ཕྱོགས་བཅུ་ཀུན་ཏུ་རབ་ཏུ་གྲགས། །གསང་སྔགས་དོན་གྱིས་དགོངས་པ་སྟེ། །ཚིག་དང་བྲལ་བའི་སྙིང་པོ་ལ༷། །ཚིག་ཏུ་མི་སྤེལ་ཕྱིར་མི་སྒྲོག །རྡོ་རྗེའི་གསུང་ལ་རྒྱུན་ཆད་མེད། །རྩེ་གཅིག་ཡིད་ཀྱི་བཟླས་པ་ཡིས། །ནུས་རྩལ་ཡོན་ཏན་མྱུར་དུ་ཐོབ། །ལོག་རྟོག་བདུད་ཀྱི་ཚོགས་རྣམས་ལ། །ཀུན་ལ་སྦས་པས་གསང་བ་ཡིན། །ཨེ་མ་ངོ་མཚར་རྨད་ཀྱིས་ཆོས། །གསང་སྔགས་སྙིང་པོ་ངེས་པའི་ལུང་། །འབྲས་བུ་གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ལས། སྙིང་པོ་སྔགས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།གསང་སྔགས་དོན་གྱི་ངོ་བོ་ནི། །ངོ་བོ་སྐྱེ་བ་མེད་པ་ལ། །རྣམ་པ་ལྷ་ཡི་སྐུ་རུ་ཤར། །གཉིས་སུ་མེད་པས་རྫོགས་པ་ཆེ། །ཡེ་ནས་སྣང་སྲིད་ཆོས་སྐུ་ལ། །མ་རིག་གཟུང་འཛིན་དག་པའི། །སྣང་བ་ཐམས་ཅད་ལྷ་སྐུར་རྫོགས། །ལྟ་སྐུ་སྤྲོས་མེད་སྟོང་པར་རྫོགས། །སྣང་སྟོང་གཉིས་མེད་གནས་ལུགས་ཀྱི། །ཡོན་ཏན་མཐར་རྫོགས་རྫོགས་རིམ་ཞེས། །བརྗོད་མེད་དོན་ལ་ཚིག་ཏུ་བརྗོད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱིས་རྒྱུ་ཡི་མཆོག །འདི་ནི་རྣམ་དག་ལེགས་པའི་ལམ། །ཆོས་རྣམས་རྩ་བ་སེམས་ཉིད་ཡིན། །ཡོངས་སུ་དག་དང་མ་དག་སེམས། །སངས་རྒྱས་སེམས་ཡིན་ཞིང་ཡང་སེམས། །སེམས་ཉིད་དོན་དེ་ཤེས་གྱུར་ན། །སྐད་ཅིག་ཉིད་ལ་ཀུན་མཁྱེན་གྱི། །ཡོན་ཏན་ཐམས་ཅད་རྫོགས་པར་འགྱུར། །སེམས་ཅན་སེམས་ཡིན་འཁྲུལ་པ་སེམས། །འགྲོ་དོན་བྱུང་དང་མ་བྱུང་སེམས། །སྤང་བྱ་སེམས་ཡིན་སྤོང་བྱེད་སེམས། །དག་བྱ་སེམས་ཡིན་དག་བྱེད་སེམས། །སྐྱོན་དང་ཡོན་ཏན་ལ་སོགས་པ། །སེམས་ལས་མ་རྟོགས་ཆོས་གཞན་མེད། །སེམས་དེ་ཇི་སྲིད་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །སེམས་དེ་ཡོངས་སུ་གྲོལ་ཙ་ན། །ཐོགས་པ་མེད་ཅིང་འགྲོ་འོང་མེད། །སེམས་འཁྲུལ་བར་དུ་ཐམས་ཅད་འཁྲུལ། །སེམས་ཉིད་རིག་ན་ཐམས་ཅད་རིག །སེམས་བཅིངས་བར་དུ་འཆིང་བའི་ཚོགས། །དེ་ཉིད་གྲོལ་ན་ཀུན་ཡང་གྲོལ། །གཞན་གྱིས་སྐྱོན་ཡོན་ལ་སོགས་པ། །ཕྱི་ཡི་ཡུལ་དུ་མ་ལྟ་བར། །ནང་དུ་རང་གི་སེམས་ལ་ལྟོས། །རྒྱལ་བས་ཆོས་ཀུན་གསུངས་པ་རྣམས། །སེམས་ཉིད་རྟོགས་པའི་ཐབས་ཙམ་ལས། །གཞན་དུ་གསུངས་པ་མ་མཆིས་སོ། །རང་གི་སེམས་ཉིད་མ་རྟོགས་ན། །བརྒྱད་ཁྲི་བཞི་སྟོང་ཆོས་ཤེས་ཀྱང་། །དོན་མེད་འཁྲུལ་པའི་ཆོས་འཁོར་ཡིན། །ས་བོན་གྱུར་པའི་སེམས་དེ་ཉིད། །ཆོས་རྣམས་ཀུན་གྱི་རྟེན་ཡིན་པས། །རིམས་ཀྱིས་ཡོངས་སུ་སྦྱངས་པ་ལས། །རྫོགས་པའི་སངས་རྒྱས་དེ་རུ་འབྱུང་། །འབྱུང་དང་འབྱུང་འགྱུར་ལྷུན་རྫོགས་ཡིན། །ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ལ། །དེར་འཛིན་དེ་ཡི་གཟུགས་བརྙན་ཏེ། །རྟག་པ་མ་ཡིན་ཆད་པ་མིན། །གཅིག་ཏུ་མ་ངེས་གཅིག་ཏུ་གནས། །གནས་ལུགས་དོན་ལ་འགྱུར་མེད་ཀྱང་། །རྣམ་པ་མ་འགགས་རྣམ་པར་འགྱུར། །དཔེར་ན་རྨི་ལམ་སྒྱུ་མ་བཞིན། །ཕྱི་ནང་མངོན་སུམ་སྣང་བ་ཀུན། །གཅིག་དང་མ་ངེས་དམིགས་པས་བསྒྱུར། །ལྕི་བའི་ས་རྡོ་རི་བྲག་རྣམས། །ཡ༷་ལས་ཡངས་པའི་རླུད་བྱུང་ནས། །དང་པོར་གཡོས་ནས་བར་དུ་གཏོར། །ཐ་མ་རང་བཞིན་མེད་པ་སྲ །ཡང་དང་ཡང་དུ་བསམ་གཏན་ན། །ལྕི་བ་མི་དམིགས་ཡང་བར་འགྱུར། །རླུང་གཡོས་པ་ཡིས་རྡུལ་ཆགས་དམིགས། །གཏན་པར་གྱུར་ནས་རླུང་ཡང་བ། །དེ་བཞིན་མེ་ཉིད་ཆུ་བསྒོམས་ན། །ཚ་བ་མི་དམིགས་བསིལ་བར་འགྱུར། །ཆུ་ལ་མེ་འབར་མེ་དམིགས་ན། །ཆུ་བོའི་རྒྱུན་ཡང་འབར་བའི་མེ། །འབྱུང་བ་བཞི་ཡང་མཁའ་དམིགས་ན། །གཞན་རྣམས་མི་དམིགས་ནམ་མཁའི་ངང་། །ནམ་མཁའ་སྟོང་པའིངང་ལས་སུ། །ཕྱི་ནང་སྣོད་བཅུད་འབྱུང་བ་རྣམས། །རིམསབཞིན དམིགསཔས་དེ་ལྟར་འགྱུར། །གོ་བཟློག་རྣམ་པ་འགྱུར་བ་ལ། །གཞན་མ་རྣམས་ནི་ཅིས་མི་འགྱུར། །ཐམས་ཅད་དམིགས་པས་བསྒྱུར་བ་ཡིན། །དང་པོའི་ལས་ཅན་གཟུང་འཛིན་ལས། །ཨ་འཐས་ཞེན་པ་དགྲོལ་བའི་ཕྱིར། །བཟློག་པའི་བསྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །དངོས་པོས་དངོས་པོ་འཆིང་འགྱུར་ཏེ། །དངོས་པོ་ཉིད་ཀྱིས་རྣམ་གྲོལ་འགྱུར། །དངོས་དང་དངོས་མེད་ཡོངས་ཤེས་ན། །ལྷན་ཅིག་སྐྱེས་དགའི་རང་བཞིན་རྟོགས། །དེ་ཕྱིར་དམིགས་པའི་དོན་ལ་བསླབ། །ཐམས་ཅད་རང་འབྱུང་ཡེ་ཤེས་ཀྱི། །སྣང་བ་ཐམས་ཅད་རང་སྣང་ལ། །སྟོང་པ་ཉིད་ཀྱི་རང་སྟོང་སྟེ། །རང་སྣང་མངོན་ཞེན་བཟློག་པའི་དོན། །རང་རིག་སྟོང་པ་ཉིད་ལ་བསླབ། །སྟོང་ཉིད་སྤྲོས་བྲལ་མི་དམིགས་པའི། །མཚན་མ་མེད་པའི་ཆོས་ཡིན་ཏེ། །སོ་སོའི་རྟོག་པ་རེ་རེའི་སྟེ། །མི་རྟོག་པ་རུ་མཉམ་བཞག་པས། །ཅི་ཡང་མི་དམིགས་སྟོང་པར་འཆར། །སྟོང་ཉིད་སྤྲོས་བྲལ་ཐ་སྙད་འགགས། །བརྗོད་དུ་མེད་པའི་ཆོས་ཉིད་ལ། །སྟོང་པས་སྟོང་པ་མི་དམིགས་ཤིང་། །མི་དམིགས་འོད་གསལ་སྟོང་པའི་དོན། །མཚན་མ་མེད་པའི་ཆོས་ལ་བསླབ། །གཟུང་འཛིན་ཡུལ་ལ་ཞེན་པ་ཡི། །ཕྱོགས་སུ་སྣང་བ་མཚན་མའི་ཆོས། །ཕྱོགས་ཞེན་མི་དམིགས་སྟོང་པ་སྟེ། །སྟོང་དང་མི་སྟོང་གཉིས་སུ་མེད། །རྨི་ལམ་དང་ནི་གཉིདསདབཞིན། །ཡོདདངམེད་པའི་ཆོས་འདི་གཉིས། །མེད་པའི་ཆོས་ཡིན་ཡོད་མེད་དུ། །གང་དུ་མི་དམིགས་གཉིས་མེད་རྟགས། །རྩལ་སྦྱང་ཡི་གེའི་དོན་ལ་བརླབ། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །རང་རིག་སྙིང་གི་དཀྱིལ་འཁོར་དུ། །ཀུན་ཏུ་སྣང་གི་འོད་འཕྲོས་འདུས། །རང་ལུས་དངོས་མེད་འོད་དུ་ཞུ། །སྐྱེ་མེད་སྟོང་པའི་ལུས་སུ་འགྱུར། །སྐྱེ་བ་མེད་ལས་སྐྱེས་པ་ཡི། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་པ་ཡིས། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །སྣང་བ་བསྐྱེད་རིམ་ལྷ་ཡི་སྐུ། །སྟོང་པ་རྫོགས་རིམ་ཆོས་ཀྱི་སྐུ། །གཉིས་འཛིན་བྲལ་བའི་ངང་ལ་བཞག །སྐྱེ་མེད་ཨ་ཡི་འཕྲོ་འདུ་ལས། །སྣོད་བཅུད་དངོས་མེད་འོད་དུ་ཞུ། །འོད་ཀྱང་མི་དམིགས་སྟོང་པར་བསྒོམ། །སྟོང་པའི་ཉིད་ཀྱི་འོད་གསལ་དེ། །དཔེར་ན་ཉི་ཟླ་འོད་སྐོར་བཞིན། །འོད་གསལ་ཕོ་བྲང་ཞིང་ཁམས་ན། །སྒྲིབ་མེད་འོད་ཀྱི་སྐུ་རུ་གསལ། །དེར་འཛིན་བྲལ་བའི་ངང་ལ་བཞག །སྣང་སྟོང་གཉིས་མེད་རྟོགས་པར་འགྱུར། །རིག་པ་ཨ་ཡི་འཕྲོ་འདུ་ཡིས། །དངོས་སྣང་ཐམས་ཅད་སྟོང་པར་སྦྱང་། །སྟོང་པའི་སྣང་བ་དངོས་པོར་སྦྱང་། །སྣང་སྟོང་གཉིས་མེད་གཅིག་ཏུ་བསྡུ། །གཅིག་པོ་མང་པོ་དོན་ལ་བསླབ། །ཏིང་འཛིན་མ་བསྒོམས་མི་གྲོལ་ཏེ། །ཏིང་འཛིན་ཐེ་ཚོམ་གཅོད་པར་འགྱུར། །ཐམས་ཅད་སེམས་ཀྱི་ཏིང་འཛིན་ལ། །ཏིང་ངེ་འཛིན་ལ་དབང་བསྒྱུར་བྱ། །སེམས་ཀྱི་རྫུ་འཕྲུལ་དབང་ཐོབ་ན། །གང་ལྟར་བྱས་པ་དེ་ལྷར་འགྱུར། །མི་འགྱུར་ཀུན་གྲོལ་ཁྱབ་པ་པོ། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །དོན་ཆེན་ཡི་གེ་དམ་པ་ཡིན། །སྣང་སྟོང་སྒྱུ་ལུས་རྡོ་རྗེའི་སྐུ། །རྡོ་རྗེ་རླུང་ལ་ལམ་སྦྱངས་པས། །དྲོད་དང་བདེ་བའི་ཡོན་ཏན་ནི། །སྤྱི་གཙུག་གསང་གནས་གཉིས་ཀྱི་བར། །རྙུ་ཏི་ཁོང་སྟོང་གཞལ་ཡས་ཁང་། །ཀུན་ཏུ་གསལ་བའི་ལྟ༷་བའི་དབུས། །ཨ་ལས་བྱུང་བའི་ཡུམ་ཆེན་མོ། །གཏུམ་མོ་ཡེ་ཤེས་མེ་འབར་བའི། ཁམས་ལྔ་བསྲེགས་པའི་ཡུམ་ལྔས་སྐོར། །རེ་རེའི་སྐུ་ལ་མེ་ཆེན་འབར། །སྟོང་ཕྱོགས་སྤྱི་གཙུག་ལྟེ་བའི་དབུས། །དཀར་གསལ་ཧ་ལས་ཧེ་རུ་ཀ །ཐིག་ལེ་བྱང་ཆུབ་སེམས་ཀྱི་ཡབ། །བདེ་ཆེན་བདུད་རྩི་རྒྱུན་བབ་པས། །ཕུང་སོགས་གྲོལ་བའི་ཡབ་ལྔས་བསྐོར། །རེ་རེ་ཞིང་ནས་བྱང་སེམས་འཕྲོ། །དང་པོ་འབྱུང་བ་རླུད་གི་དུས། །འོག་ནས་མ་སྣུན་སྟེང་དུ་འདེགས། །གཉིས་པ་རྔུབ་པའི་སྟེང་རླུད་གིས། །སྟེང་ནས་རྔུབ་སྟེ་འོག་ཏུ་འཕྲུལ། །གསུམ་པ་གནས་པའི་རླུད་གཉིས་ནི། ཁ་སྦྱོར་དབུ་མའི་དཀྱིལ་འཁོར་དུ། །ལྟེ་བའི་ཡུམ་ལྔ་འོད་འབར་བས། །དངོས་འཛིན་ལུས་ཀྱི་བག་ཆགས་བསྲེགས། །གསལ་སྟོང་མེ་ལྕེ་གྱེན་ལ་འབར། །སྤྱི་བོའི་ཡབ་ལྔ་དྲོད་ཀྱིས་གཞུ། །བྱང་ཆུབ་སེམས་ཀྱི་བདུད་རྩི་བབ། །མེ་དང་བྱང་སེམས་འདྲེས་པ་ལས ཡབ་ཡུམ་ཟུང་འཇུག་བདེ་དྲོད་འབར འབར་འཛག་ལྷན་ཅིག་སྐྱེས་པའི་སྐུ། །སེང་གེ་མཇིང་བསྣོལ་ཞེས་བྱ་བ། །རླུད་གཉིས་གཅིག་ཏུ་དབང་དུ་བསྡུ། །སྟེང་འོག་ཁ་སྦྱར་འཁྲུལ་འཁོར་བཅིང་། །གཟུང་འཛིན་ཕྱི་ཡི་སྣང་བ་ཀུན། །སྐད་ཅིག་ཉིད་༄༅ ལ་འཇོམས་པར་བྱེད། །འཛིན་སེམས་མི་དམིགས་བདེ་དྲོད་འབར། །སྲོག་རྩོལ་རླུད་ལ་འབྱོངས་པའི་རྟགས། །སྣང་བ་དུ་བ་སྨིག་སྒྱུ་དང་། །སྲིན་བུ་མེ་ཁྱེར་མར་མེ་འཆར། །སྲོག་དང་རྩོལ་བ་མཉམ་གནས་ཤིང་། །ལུས་ཀྱི་གཟུང་འཛིན་དག་ཙམ་ན། །གཏུམ་མོ་གནད་དུ་ཚུད་པ་ཡིན། །དྲོད་ནི་ཕྱི་ཡི་ཡོན་ཏན་ཙམ། །བདེ་བ་ནང་གི་ཡོན་ཏན་དེ། །ཕོ་རླུང་ཐབས་ཀྱི་རྡོ་རྗེ་ཡིས། །རྣམ་རྟོག་སྦལ་འཇོམས་ཨེ་མ་ཧོ། །རྩ་གསུམ་འཁོར་ལོ་ལྔ་དབུས་ན། །ཡབ་ཡུམ་ལྔ་རྣམས་ལྷུན་སྦྱོར་བས། །འཇུག་བྱེད་ཉི་ཟླའི་ལམ་ནས་སུ། །ཐབས་ཤེས་གཉིས་ཀྱི་རླུད་སྦྱར་བས། །མས་ཀྱི་ག་་མོ་མེ་འབར་བས། །ཡབ་ཀྱི་བྱང་ཆུབ་སེམས་བབས་ཏེ། །སྤྱི་གཙུག་ནས་ནི་མགྲིན་པར་བབ། །དང་པོ་ལུས་ཀྱི་དགའ་བ་བསྐྱེད། །སྙིང་ཁར་བབ་པས་ངག་དགའ་སྐྱེ། །ལྟེ་བར་ཡིད་ཀྱི་དགའ་བ་ནི། །གཉིས་ཀ་བྲལ་བའི་དགའ་བ་སྐྱེ། །གསང་གནས་བདེ་སྐྱོང་གནས་སུ་བབས། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་མེད་པའི་རྩིས་ལས་འདས། །བསམ་གཏན་བཞི་ཡི་རྩེ་མོ་ཅན། །གཟུང་དང་འཛིན་པ་སྤངས་པ་ཡིས། །ལྷན་ཅིག་སྐྱེས་པའི་དགའ་བ་འཆར། །བདེ་དང་སྟོང་པ་གཉིས་མེད་པའི། །བདེ་ཆེན་རྒྱལ་པོ་རོལ་པ་སྟེ། ཁེས་རབ་རླུད་ལ་སྤེལ་སྦྱངས་པས། །བདེ་སྟོང་ཡེ་ཤེས་མཐར་ཕྱིན་འགྱུར། །སྦྱོར་བའི་ཡན་ལག་དྲུག་པོ་ཡིས། །རླུད་སེམས་དབང་དུ་བྱ་བ་ནི། །མཚན་མོ་གསང་མེད་ཁྱིམ་ནག་ཏུ། ཁེན་ཏུ་མཉམ་བཞག་སྒྲུབ་པ་པོ། །ལུས་ནི་བསམ་གཏན་ཡན་ལག་ལྔ། །སྤྱན་གཉིས་རྡོ་རྗེ་གཙུག་ཏོར་བཟློག །སྟེང་འོག་རླུད་གཉིས་བར་དུ་བཅིང་། །གཟུང་འཛིན་ཡུལ་ལ་མི་འཕྲོ་བར། །ཡོད་པར་མ་གྲུབ་མེད་པ་ཡིན། །རྣམ་པ་ཀུན་ལྡན་རྣམ་པ་མེད། །ས་རླུད་དྷ་ཏིར་ཚུད་པའི་རྟགས། །དུ་བ་ལྟ་བུའི་སྣང་བ་འབྱུང་། །ཆུ་རླུད་སྨིག་སྒྱུ་མེ་ལ་སྲིན། །རླུད་གིས་མར་མེ་ལྟ་བུ་སྟེ། །ནམ་མཁའ་འོད་གསལ་འཆར་བའི་རྟགས། །དབང་པོའི་ཡུལ་དུ་དུ་མ་འཆར། །དྲོད་དང་བདེ་བ་ལཛི་ལ་འབྱུང་། །ཉི་མ་བླ་གབ་མེད་པའི་གནས། །སྤྲིན་མེད་ནམ་མཁའི་དཀྱིལ་འཁོར་དུ། །ལུས་གནད་མངོན་ཞེན་གྱེན་ལ་ལྟ། །མ་ཡེངས་རྩེ་གཅིག་བཞག་བྱས་པས། །རྩ་ལྔའི་ནང་དུ་རླུང་བརྟན་པས། །མེ་ཆེན་འབར་དང་ཉི་མ་དང་། །གློག་དང་ཟླ་འོད་སྒྲ་ཅན་ནི། །དུ་ནག་དཀྱིལ་འཁོར་སྣང་བ་འབྱུང་། །འཇའ་ཚོན་ཐིག་ལེའི་སྣང་བ་དང་། །གཟུགས་ཀྱི་རྣམ་པ་དུ་མ་འབྱུང་། །ཉིན་མཚན་མེད་པར་དབང་པོའི་ཡུལ། །སྟོང་གཟུགས་སྣ་ཚོགས་ངེས་མེད་འཆར། །ཁྱད་པར་རྙུ་ཏི་ཚུད་པའི་རྟགས། །ཐིག་ལེ་ནག་པོ་ཉུང་འབྲུ་ཙམ། །གསལ་ལ་འཚེར་བ་ཇེ་ཆུང་དུ། །ཇེ་འཕྲུ་ཀྱུ་ཀྱུག་སྣང་བ་ནི། །རྣལ་འབྱོར་སེམས་ཉིད་འོད་གསལ་ཞུགས། །མིག་གི་གཟུགས་རྣམས་སོ་སོར་སྡུད། །དེ བཞིནསྒོལྔའིཡུལ ལྔ་རྣམས། །སོ་སོར་སྡུད་པའི་ཡན་ལག་གོ །སོ་སོར་སྡུད་པའི་དོན་ཤེས་པས། །སྣང་གཟུགས་སེམས་སུ་ཐག་བཅད་ལ། །སྣ་ཚོགས་སེམས་ཀྱི་དངོས་འཛིན་དེ། །ཞེན་མེད་འཇོག་པ་སྤྱོད་པ་སྟེ། །ལུས་སེམས་གཞན་དུ་མི་འཕྲོ་བར། །དགའ་བདེའི་ངང་དུ་གནས་པར་བྱེད། །བདེ་སྟོང་ཟུང་འཇུག་ཀུན་ཁྱབ་ལ། །རྣམ་པར་མི་རྟོག་མི་གཡོ་བ། །བསམ་གཏན་ཡན་ལག་ཕུན་ཚོགས་ལ། །མངོན་ཤེས་ལྔ་ལ་སོགས་པའི། །རྟགས་དང་ཡོན་ཏན་མཐར་ཐུག་པ། །ཐིག་ལེའི་དབུས་སུ་སངས་རྒྱས་ཀྱི། །སྐུ་གཟུགས་གསལ་བ་བསྟན་པ་དང་། །ཆོས་ཀུན་ཤེས་པའི་རྟོགས་པ་འཆར བར་མ་ཨ་བ་རྙུ་ཏིའི་ནང་། །འོག་སྒོ་དྲི་ཆེན་དྲི་ཆུའི་རླུད་། །སྟེང་སྒོ་ཉི་ཟླའི་རླུད་གཉིས་ཏེ། །རླུད་བཞི་ཨོ་གྱིས་རྙུ་ཏིར་དབུབ། །ཧུ༷་གིས་དབྱུང་ལ་ཨ་ཡིས་གནས། །ལུས་དང་ཡན་ལག་འཁྲུལ་འཁོར་བྱ། །ལྟེ་བའི་དབུས་སུ་རླུད་གནས་པས། །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །སངས་རྒྱས་ལྔ་ཡིས་བྱིན་གྱིས་བརླབས། །འབྱུང་འཇུག་སྲོག་རྩོལ་ཡན་ལག་ནི། །དུམ་པ་ཅན་གྱི་སྦྱོར་བའོ། །རྟག་ཏུ་འཛིན་པ་ཐུར་སེལ་ཅིང་། །བུམ་པ་ཅན་ནི་གསང་བར་བཟུང་། །བསྟན་ནས་ལྟེ་བ་སྙིང་ཁ་དང་། །མགྲིན་པར་བུམ་པ་ཅན་བསྒོམ་པས། །འབར་དང་འཛག་གཉིས་འཁོར་ལོ་བཞི། །དགའ་བཞི་མྱོང་ཞིང་བདུད་བཞི་བཅོམ། །ཀུན་གཞི་རྣམ་ཤེས་སྲོག་གི་རླུད་། །བྱང་ཆུབ་སེམས་ཀྱི་བདེ་བ་དེ། །རྡོ་རྗེ་ནོར་བུའི་རྩེ་མོ་ནས། །ཡར་ལ་བཟློག་ཅིང་མར་ལ་ཕེབས། །འཁོར་ལོ་ལྔ་རུ་ལོངས་སྤྱོད་པས། །ཉོན་མོངས་དུག་ལྔ་སྐུ་ལྔ་ཐོབ། །ཐིག་ལེ་རང་དབང་ཅན་དུ་ནི། །འཛིན་པ་འཛིན་པའི་ཡན་ལག་ཡིན། །སྟོང་གཟུགས་ནམ་མཁའི་སྐུ་ལ་ནི། ཁུན་དུ་མ་ཡེངས་རྗེས་དྲན་གྱི། །གཞི་ཡི་དམ་ཚིག་ཕྱག་རྒྱ་ནི། །ག་་མོ་སྲོག་རྩོལ་ཉིན་མཚན་དུ། །ཐར་པ་འདོད་ཕྱིར་བུམ་པ་ཅན། །འཁོར་ལོ་བཞི་ལ་རིམས་བསྒོམས་པས། །ཆོས་ཀྱི་ཕྱག་རྒྱ་གཟུང་འཛིན་གྱི། །ཡུལ་དང་བྲལ་བའི་གཟུགས་བརྙན་རྣམས། །རང་གི་ལུས་ལ་འཁོར་བ་ཡི། །འོད་ཟེར་ཀུན་ཏུ་འཕྲོ་བར་འགྱུར། །བསྒོམས་པས་ཁམས་མི་འཛག་པ་ཡི། །ལས་ཀྱི་མུ་ཏྲེཛེ་འཁོར་ལོ་ལྔའི། །བ་ག་ལིང་ཀ་རབ་བཞག་ནས། །རྡོ་རྗེ་ཐོ་བས་བསྣུན་བྱས་པས། །རྣམ་རྟོག་འདོད་ཆགས་ཀུན་བཅོམ་ནས། །བདེ་སྟོང་ཡེ་ཤེས་ཕྱག་རྒྱ་ཆེ། །སྤྲོས་དང་བྲལ་བའི་ཆོས་ཉིད་དེ། །ཟླ་བ་དྲུག་གིས་ངེས་འགྲུབ་འགྱུར། །སྐུ་དང་འོད་ཟེར་བདེ་ཆེན་དེ། །རྣམ་པ་ཀུན་ལྡན་སེམས་ཉིད་དེ། །རྗེས་སུ་དྲན་པའི་ཡན་ལག་ཡིན། །ཏིང་འཛིན་བདེ་ཆེན་རྣལ་འབྱོར་ལ། །སྤྱན་ལྔ་མངོན་ཤེས་དྲུག་འབྱུང་སྟེ། །རྟེན་འབྲེལ་བཅུ་གཉིས་དག་པ་ཡི། །ལས་ཀྱི་རླུད་རྣམས་འགགས་པས་སུ། །ས་ནི་བཅུ་གཉིས་ཡོན་ཏན་ལྡན། །སྒྲིབ་པའི་དྲི་མ་བྲལ་བ་ཡིས། །སྐུ་དང་འོད་ཟེར་ཚོགས་ཆེན་གྱིས། །བདེ་བ་ཆེན་པོའི་རྣམ་ཀུན་མཁྱེན། །སྐད་ཅིག་རྫོགས་པའི་སངས་རྒྱས་འགྱུར། །རླུང་སེམས་རྟོག་པ་རྩེ་ནང་ནས། །དབང་པ ་སྒ་རྣམས་ཕྱར་གསལ་བའ། །ཉན་མ ་དུས་ཀྱ་སྣང་བ་རྣམས། །ཆུ་ཟླ་མེ་ལང་གཟུགས་བརྙན་བཞན། །ཇ་ལྟར་སྣང་ཡང་རྣམ་སྨན་ལུས། །བདེན་པར་མ་གྲུབ་སྣང་སྟོང་སྟེ། །བསྟོད་སྨད་དགག་སྒྲུབ་ལ་སོགས་པ། །འཇིག་རྟེན་ཆོས་བརྒྱད་སྣང་བ་ཀུན། །སྒྱུ་མ་ལྟ་བུའི་རང་བཞིན་ལ། །རང་ངོ་མ་ཤེས་མི་རྟག་ལ། །མ་དག་འཁྲུལ་པའི་རྒྱུ་ལུས་ཡིན། །རང་ངོ་ཤེས་པ་ལྷ་ཡི་སྐུ། །འཇའ་ཚོན་ལྟ་བུའི་གཟུགས་བརྙན་ལ། །བསྟན་པ་ཐོབ་པའི་སྣང་བ་ཀུན། །ཏིང་འཛིན་དག་པའི་རྒྱུ་ལུས་ཡིན། །སྒྱུ་མ་ལུས་ཀྱིས་རྩ་ནང་དུ། །རླུང་སེམས་འདུས་པའི་ཡི་གེ་ནི། །ཨ་ནུ་ལྟ་རས་གཉིས་དུ་འགྲོ། །དབང་པོ་ཕྱི་རོལ་རང་སར་འགེགས། །ནང་གི་དངོས་མེད་རླུད་སེམས་ཀྱི། །རྨི་ལམ་ཆོ་འཕྲུལ་སྣ་ཚོགས་འཆར། །ཇི་ལྟར་ཤར་ཡང་བདེན་རྫུན་བྲལ། །རྗེས་མེད་རང་ཤར་རང་ཡལ་ལ། །རྒྱུན་ཆད་མེད་ཅིང་ཅིར་ཡང་འཆར། ཁྲར་བ་ཐམས་ཅད་རང་སར་གྲོལ། །རང་སྣང་འཁོར་འདས་ཐམས་ཅད་ཀུན། །གཏད་མེད་རྨི་ལམ་རང་བཞིན་ལ། །བདེན་པར་བཟུང་བས་རྫུན་གྱིས་སླུས། །འདུས་བྱས་མི་རྟག་དེ་ཡི་གནད། །བདེན་མེད་རྟོགས་ན་འོད་གསལ་ཏེ། །འདུས་མ་བྱས་པའི་ཆོས་ཉིད་ཡིན། །བདེན་མེད་འགག་མེད་སྣང་བ་ལ། །རྨི་ལམ་སྒྱུ་མར་ཐ་སྙད་བཏགས། །དངོས་པོའི་སྣང་བ་སྒྱུ་མ་ཡིན། །སྒྱུ་མའི་ཆོས་ལ་ཞེན་རྒྱུ་མེད། །ཞེན་པ་མེད་ན་སྟོང་ཉིད་དེ། །དངོས་མེད་སྣང་བས་རྨི་ལམ་ཡིན། །རྨི་ལམ་ཡུལ་ལ་གཟུང་དུ་མེད། །འཛིན་པ་མེད་ན་འོད་གསལ་ཡིན། །གནས་ལུགས་རྟོགས་ན་སངས་རྒྱས་སོ། །དངོས་དང་དངོས་མེད་སྣང་བ་ཀུན། །རྨི་ལམ་སྒྱུ་མའི་རང་བཞིན་དུ། །དངོས་པོར་སྣང་བས་སྒྱུ་མ་ལ། །སྒྱུ་མ་རྫུན་པས་རྨི་ལམ་སྟེ། །རྨི་ལམ་རང་བཞིན་ཤེས་པ་ན། །བར་དོ་མངོན་དུ་གྱུར་པ་སྟེ། །རྣལ་མའི་ཆོས་ལ་རབ་གནས་ནས། །གང་ལྟར་བྱས་ཀྱང་བདེ་བ་ཐོབ། །སྐྱེ་འགག་གཉིས་མེད་སོ་འཚམས་དེར། །རྟོག་པ་འཆར་བ་བར་དོ་ཡིན། །མ་རྟོགས་གནས་པ་ཏིང་འཛིན་ལ། །གཟུང་འཛིན་བྲལ་ན་འོད་གསལ་མཆོག །ཡེ་ཤེས་སྐུ་ཉིད་དུས་དེར་ཐོབ། །རླུད་སེམས་འགྲོ་ལྡོག་གཅིག་པ་ཡིས། །འོག་རླུད་བཏེག་པས་ངན་སོང་ཁེགས། །གཟུང་འཛིན་རྩ་མདུད་ཞིག་པ་ཡི། །སྟེང་སྒོ་རྣམ་པར་གྲོལ་བའི་ལས། །རླུད་སེམས་སྟེང་དུ་གདོན་པར་བྱ། །འཁོར་བའི་བག་ཆགས་དབྱིངས་སུ་དག །རང་རིག་བདེ་ཆེན་གནས་སུ་གྲོལ། །ཇི་ལྟར་སྣང་བའི་ཆོས་རྣམས་ལ། །དངོས་པོ་མེད་པར་གསལ་བ་ནི། །དགག་སྒྲུབ་བྲལ་བས་འཁྲུལ་པ་དག །དངོས་མེད་སྟོང་པའི་ཆོས་རྣམས་ལ། །ཞེན་པ་མེད་པས་འོད་གསལ་མཆོག །རྒྱུན་ཆད་མེད་པའི་ཆོས་ཉིད་དེ། །མཚན་མའི་སྒྲིབ་བྱེད་བྲལ་ཙ་ན། །རང་གསལ་ཡུལ་མེད་རིག་པ་ལ། །རྣམ་རྟོག་རྒྱུན་དེ་རྟོག་མེད་གསལ། །གསལ་སྟོང་ཡེ་ཤེས་འོད་འབར་ལ། །གཉིད་ནི་སྤང་བར་མི་བྱ་སྟེ། །དབང་པོའི་སྒོ་ནི་མི་དགག་པར། །མ་བཅོས་རང་བཞིན་ལྷུག་པ་ལ། །བསམ་གཏན་ཉིད་ནི་དམིགས་མི་བྱ། །དམིགས་མེད་མཁའ་ལྟར་དག་པའི་སེམས། །སྐྱེ་འགག་མེད་པའི་གནས་ལུགས་འདི། །བསམ་བརྗོད་བྲལ་བའི་ངང་དུ་བཞག །རང་བཞིན་གདོད་ནས་རྣམ་དག་པ། །གསལ་ལ་འཛིན་མེད་སྟོང་པ་ཉིད། །ཅིར་ཡང་མ་གྲུབ་གཞི་ཡིས་སྟོང་། །ཅིས་ཀྱང་མ་བྱས་ལམ་གྱིས་སྟོང་། །ཅི་ཡང་མ་ཡིན་འབྲས་བུས་སྟོང་། །མཚན་མ་བྲལ་བས་དམིགས་གཏད་སྟོང་། །མཐའ་དང་བྲལ་བས་ཕྱོགས་རིས་སྟོང་། །ལྷུན་གྱིས་གྲུབ་པས་བཅོས་མ་སྟོང་། །རང་འབྱུང་ཡིན་པས་རྐྱེན་རྣམས་སྟོང་། །རང་གསལ་ཡིན་པས་སྒྲིབ་པ་སྟོང་། །རང་རིག་ཡིན་པས་འཁྲུལ་པ་སྟེ། །རང་སྣང་ཡིན་པས་གཟུང་འཛིན་སྟོང་། །སྟོང་པ་ཉིད་ལ་མེད་ཞེན་བྲལ། །ཅི་ཡང་མ་འགགས་ས་ལེ་བ། །གཟུགས་ནི་གཟུགས་ཀྱི་ངོ་བོའི་སྟོང་། །དཔེར་ན་ཆུ་ཡི་ཟླ་བ་བཞིན། །སྒྲ་དང་དྲི་རོ་རེག་བྱ་ཆོས། །ནམ་མཁའ་བཞིན་དུ་ངོ་བོ་སྟོང་། །སྟོང་ཉིད་མ་སྐྱེས་ཆོས་ཀྱི་དབྱིངས། །ཟད་པ་མེད་ཅིང་འཕེལ་བ་མེད། །སྐྱེ་བ་མེད་པ་འགག་པ་མེད། །གང་བ་མེད་ཅིང་བྲི་བ་མེད། །ཐོབ་པ་མེད་ཅིང་མ་ཐོབ་མེད། །ཡོད་དང་མེད་པ་གཉིས་སུ་མེད། །གཉིས་མེད་མཐའ་བྲལ་སྟོང་པ་ཉིད། །སྤྲོས་དང་བྲལ་བའི་ཆོས་ཉིད་ལ། །རང་རང་གཟུང་འཛིན་དག་པ་ནི། །སྟོང་པ་ཉིད་ཅེས་རྒྱལ་བ་བཞེད། །ཇི་སྲིད་གཟུང་འཛིན་ཡོད་ཀྱི་བར། །དེ་སྲིད་དངོས་པོ་མཚན་མ་ཡིན། །གཟུང་འཛིན་མེད་པའི་སྣང་བ་དེ། །སྟོང་པ་ཉིད་ཀྱི་རང་བཞིན་ཡིན། །སྟོང་པའི་རང་བཞིན་མི་ཤེས་པས། །མི་རྟོག་བསྒོམས་པས་རྨོངས་པ་ཕུང་། །རྣམ་པ་ཀུན་ལྡན་སྟོང་པ་ཉིད། །རང་བཞིན་དག་པའི་ཆོས་སྐུ་ཡིན། །ངོ་བོ་སྤྲོས་བྲལ་ལྷན་ཅིག་སྐྱེས། །རྣམ་པ་ཀུན་ལྡན་ཆོས་ཉིད་ལ། །ཕྱག་ནི་སྟོང་པའི་ཡེ་ཤེས་ལ། །རྒྱ་ནི་གཟུང་འཛིན་མཚན་མ་བྲལ། །ཆེན་པོ་འཁོར་འདས་ཟུང་དུ་འཇུག །གཉིས་མེད་མཐའ་བྲལ་ཕྱག་རྒྱ་ཆེ། །ཡེ་ནས་མ་བཅོས་ཆོས་ཀྱི་དབྱིངས། །ཀུན་ལ་ཁྱབ་པ་སྙིང་པོ་སྟེ། །མ་རིག་དུས་ན་འཁོར་བ་ལ། །རིག་ཅིང་རྟོགས་པ་མྱ་ངན་འདས། །གཉིས་མེད་རྟོག་པ་ཡང་དག་ལམ། །དེ་བཞིན་ཉིད་ཀྱི་ཆོས་ཉིད་ལ། །རིམས་ཀྱིས་ཡོངས་སུ་སྦྱངས་པ་ཡིས། །རྣམ་དག་འགྱུར་བ་མེད་པའི་དོན། །ལྷུན་གྱིས་གྲུབ་པ་ཡེ་ཤེས་མཆོག །ཐམས་ཅད་རང་རིག་རང་གསལ་དུ། །སེམས་སུ་རྟོགས་པ་ཆོས་ཡིན་ལ། །བདེ་གསལ་མི་རྟོག་རང་བཞིན་ལ། །མི་འདའ་དམ་ཚིག་ཕྱག་རྒྱ་སྟེ། །ཐབས་ཤེས་གཉིས་ཀྱི་རྒྱུ་རྐྱེན་གྱིས། །གོང་དུ་རྩལ་སྦྱངས་ལམ་གྱི་རྒྱ། །དབྱེར་མེད་ཀུན་ལ་ཁྱབ་པ་ཡི། །ང་ཡི་རང་བཞིནའདིརིགན། །ཆོས་རྣམས་ཐམས་ཅད་རིག་འགྱུར་བས། །བྱ་བྱེད་རྩོལ་གྲུབ་ཀུན་ལ་འདས། །མ་བཙལ་ལྷུན་གྱིས་གྲུབ་པར་འགྱུར། །འགྱུར་མེད་མི་རྟོག་ཏིང་འཛིན་ལ། །ཡེངས་མེད་གནས་པའི་རྩེ་གཅིག་ལ། །རེ་དོགས་གཟུང་འཛིན་མཁའ་ལྟར་དག །སེམས་ཀྱི་རང་བཞིན་སྤྲོས་དང་བྲལ། །གང་དུ་མི་རྟོག་མཉམ་པ་ཉིད། །སྣ་ཚོགས་རོ་གཅིག་འོད་གསལ་དང་། །སྤང་བླང་མཚན་མའི་ཆོས་བྲལ་ན། །བསྒོམ་བྱ་སྒོམ་བྱེད་གཉིས་མེད་ཅིང་། །སློབ་ཅིང་སྦྱངས་བགྲོད་མེད་པ་ཡི། །རང་བཞིན་དག་པའི་ཆོས་ཉིད་ལ། །མི་སློབ་པ་ནི་ཡང་དག་དོན། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ཐམས་ཅད་མ་ལུས་རྫོགས་པ་ཆེ། །རྣམ་དག་རང་རིག་ཡེ་ཤེས་ལ། །སངས་རྒྱས་སེམས་ཅན་འབྱུང་བ་མེད། །དྲི་མེད་ཟང་ཐལ་ཆོས་ཀྱི་སྐུ། །ཕྱི་ནང་སྣོད་བཅུད་འཁོར་འདས་ཀུན། །མ་རྟོགས་བློ་ལ་སྣང་མོད་ཀྱི། །སྣང་ལ་རང་བཞིན་མེད་པ་ཡི། །རང་འབྱུང་ཡེ་ཤེས་གདངས་སུ་ཤར། །རང་ལ་རང་སྣང་སྣོད་བཅུད་ཀུན། །སྐུ་དང་ཞིང་ཁམས་ཡེ་སངས་རྒྱས། །ཐམས་ཅད་མ་ལུས་ཆོས་སུ་གཅིག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ཀྱིས་མི་རྙེད་དོ། །སངས་རྒྱས་མ་རྟོགས་སེམས་ཅན་ནི། །ཐོག་མ་མེད་ནས་ཐ་མའི་བར། །གནས་ལུགས་གཅིག་གི་སྤྱོད་ཡུལ་ཏེ། །ཀུན་གཞི་བྱང་ཆུབ་སེམས་ཀྱི་རྩལ། །སེམས་ལས་མ་རྟོགས་ཆོས་ཀུན་མེད། །སེམས་སུ་འཛིན་པ་འཁྲུལ་བའི་བློ། །བློ་ལས་གྲོལ་ན་གཉིས་སུ་མེད། །ལྷན་ཅིག་སྐྱེས་པ་ཡེ་ཤེསདེ། །མཚོན་དུ་ཡོད་པ་མ་ཡིན་ཏེ། །སྟོན་ཀའི་ཟླ་ལྟར་དྲི་མ་མེད། །བདེ་གསལ་སྟོང་པའི་བཀྲག་མདངས་ཅན། །དྲི་མ་དྲི་བྲལ་ཆོས་ཉིད་དབྱིངས། །བདེ་བ་ཆེ་ལས་གཞན་མེད་པས། །རྣམ་པ་ཀུན་ལྡན་སྤྲོས་མེད་བདག །ཇི་བཞིན་ཉིད་ལས་མ་གཡོས་པས། །རིན་ཆེན་གླིང་གི་སྣོད་བཅུད་བཞིན། །ཀུན་ཏུ་བཟང་པོའི་རང་བཞིན་ནོ། །རང་བཞིན་ལྷུན་གྱིས་གྲུབ་པའི་དབྱིངས། །རྩོལ་བ་མེད་པར་རྫོགས་སངས་རྒྱས། །རྩོལ་བས་རྩོལ་བའི་ནད་དུ་འགྲོ། །རྫོགས་པའི་སངས་རྒྱས་དེས་མི་འུགྲུབ། །མ་བཙལ་བཞག་པས་དོན་ཀུན་འུགྲུབ། །འདི་ནི་རྒྱལ་བ་ཀུན་གྱི་གསུང་། །འབྲས་བུ་གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ལས། ཟབ་དོན་རྫོགས་རིམ་གྱི་ལེའུ་སྟེ་བཅུ་བཞི་པའོ།། །།ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་དུ་བསྟན་པ་ཡང་། །ཐེག་པ་དགུ་ཡིས་ངེས་འབྱུང་བ། །ཐེག་པ་གསུམ་དུ་ལེགས་བསྡུས་ནས། །ཐེག་པ་གཅིག་གི་འབྲས་བུ་ནི། །བླ་མེད་ཐེག་པ་ཐབས་ཀྱི་མཆོག །གཞི་ཡི་དུས་ན་བདེན་གཉིས་ཏེ། །ལམ་དུ་ཐབས་ཤེས་ཉམས་བླངས་པས། །འབྲས་བུ་གཉིས་ལྡན་སངས་རྒྱས་དེ། །ཚེ་འདི་ཉིད་ལ་སྟེར་བྱེད་པས། །འབྲས་བུའི་ཐེག་པར་མིང་དུ་འབོད། །འཇིག་རྟེན་ལྷ་མིའི་ཐེག་པ་ཡི། །སྡིག་སྤོང་དགེ་བཅུ་སྤྱོད་པ་དང་། །ཉན་ཐོས་རང་རྒྱལ་ཐེག་པ་ཡིས། །སྤངས་ཐོབ་ཚུལ་ཁྲིམས་ཡོན་ཏན་དང་། །ཐེག་ཆེན་བྱང་ཆུབ་སེམས་དཔའ་ཡིས། །ཕ་རོལ་ཕྱིན་པའི་ས་ལམ་རྣམས། །སྔགས་ཀྱི་ལམ་དུ་མ་གྱུར་མེད། །རིག་པའི་ཡེ་ཤེས་མ་རྟོགས་པའི། །དུས་གསུམ་སངས་རྒྱས་མ་མཆིས་པས། །ཐེག་པའི་མཐར་ཐུག་གསང་སྔགས་ཆེ། །གསང་སྔགས་རྒྱལ་བའི་དོན་ཀུན་འགྲུབ། །དོན་གཅིག་ཉིད་ལ་མ་རྨོངས་ཤིང་། །ཐབས་མང་དཀའ་བ་མེད་པ་སྟེ། །མི་དགེ་སྤངས་པས་ངན་སོང་གྲོལ། །ལས་སྒྲིབ་དག་པས་བདེ་འགྲོ་ཐོབ། །དགེ་བ་སྤེལ་བས་ཚོགས་གཉིས་རྫོགས། །བྱང་སེམས་ལམ་ཉིད་མངོན་དུ་བྱས། །གཉིས་མེད་རྟོགས་པའི་སྐད་ཅིག་ལ། །འཁོར་བ་མ་ཡེངས་རང་སར་གྲོལ། །མྱང་འདས་མ་བསྒྲུབས་ལྷུན་གྱིས་གྲུབ། །འཁོར་འདས་རང་གྲོལ་གཉུག་མའི་ངང་། །ཟུང་འཇུག་བདེ་བ་ཆེན་པོའི་སྐུ། །གཞི་བདེ་ལམ་བདེ་འབྲས་བུ་བདེ། །བདེ་བ་ལས་ནི་བདེ་བ་འབྱུང་། །བདེ་བའི་འབྱུང་གནས་རྡོ་རྗེ་འཆང་། །རྒྱུད་ཀུན་གྱི་ནི་བདག་པོ་སྟེ། །དཔལ་ལྡན་དགྱེས་པ་རྡོ་རྗེ་མཆོག །དབང་པོ་རྣོན་པོས་དབང་བྱས་ཕྱིར། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །འཁོར་བ་ཉིད་ནི་མྱ་ངན་འདས། །ཉོན་མོངས་ལྔ་ནི་ཡེ་ཤེས་ལ། །འདོད་ཡོན་ལྔ་ལ་བདེ་བར་སྤྱོད། །རྣམ་རྟོག་ཉིད་ཀྱང་ཆོས་ཀྱི་སྐུ། །གཟུགས་རྣམས་ཐམས་ཅད་ཧེ་རུ་ཀ །འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་། །སྐྱེ་འགྲོ་ཀུན་ཡང་རྒྱལ་བའི་སྐུ། །ལོག་རྟོག་ཉིད་ཀྱང་ཡང་དག་དོན། །སྣང་བ་ཐམས་ཅད་ཆོས་སྐུའི་འོད། །མ་རིག་པ་ཡང་ཆོས་ཀྱི་དབྱིངས། །གང་བྱས་ཆོས་ཉིད་རོལ་པའི་ཀློང་། །ཅི་བདེ་བར་ནི་བརྟེན་པས་འགྲུབ། །དཀའ་ཐུབ་སྤྱིན་སྲེག་མཆོད་སྦྱིན་དང་། །བསམ་གཏན་ལ་ཡང་དམིགས་མི་བྱ། །སྔགས་བཟླས་ཆོ་གའི་རིམ་པ་ཀུན། །མ་ཚང་བ་དང་ཆད་གྱུར་པ། །ཚད་དུ་བྱ་བ་གང་ཡང་མེད། །མ་བྱས་པ་ནི་རྒྱ་ཆེར་འགྱུར། །སོ་མ་ལྷུག་པ་རང་དགའ་སྲ །མ་བཅོས་བཞག་པས་དོན་ཀུན་འགྲུབ། །དཔེར་ན་སྐྱེས་བུ་སྔགས་མཁས་པས། །དུག་དང་རྒྱལ་པོའི་ཆད་པ་ལས། །ཐར་པར་འགྱུར་གྱིས་གཞན་གྱིས་མིན། །དེ་བཞིན་ཉོན་མོངས་ལས་ཀྱི་དབང་། །ཉིན་རེ་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་པོ་བྱེད་པ་ཡང་། །ཆོས་འདི་ལ་ཞུགས་གྱུར་ན། །དཀའ་བ་མེད་པར་གྲོལ་བར་འགྱུར། །ཐེག་པ་གཞན་གྱིས་དེ་ལྟར་མིན། །དེ་ནི་བླ་མའི་བྱིན་རླབས་ལས། །ཐབས་གཞན་རྟེན་པ་རྨོངས་པ་ཡིན། །ཆོས་རྣམས་མི་ཤེས་མ་རྟོགས་ཀྱང་། །དམ་པ་མཆོག་གི་བླ་མ་ལ། །མོས་གུས་རིམ་གྲོ་ཚར་བྱས་ན། །བླ་མེད་བྱང་ཆུབ་མཆོག་གི་དོན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །མུན་པ་ལ་ནི་མར་མེ་ལྟར། །རང་རིག་ཡེ་ཤེས་མངོན་གྱུར་པས། །ཡུན་རིང་དུས་སུ་དཀའ་སྤྱད་ཀྱི། །སྡུག་བསྔལ་ཚོར་བ་མྱོང་མི་དགོས། །སྐད་ཅིག་ཐམས་ཅད་མངོན་པར་རྟོག །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཡེ་ཤེས་སྐུ་རེ་རང་འབྱུང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ལྷུན་གྲུབ་དོན་དེ་ཀུན་ལ་ཁྱབ། །མདུན་དང་རྒྱབ་དང་ཕྱོགས་བཅུ་སྲ ཁུན་ཆད་མེད་པར་གང་སྣང་ཡང་། །དེ་དེ་ཉིད་ལས་གཞན་མེད་ཀྱང་། །མ་རིག་འཁྲུལ་པའི་ཐེག་པ་རྣམས། །གནད་དང་མི་ལྡན་དོན་མ་རྟོགས། །དཔེར་ན་བ་བཤོན་འོ་མ་ནི། །ལུས་ཀུན་ཁྱབ་ཀྱང་རྭ་འཇུག་ནས། །འཐེན་ཡང་འོ་མ་མི་འོང་ལ། །ནུ་སོར་འཐེན་ན་དཀའ་མེད་འབྱུང་། །དེ་བཞིན་རང་རིག་ཆོས་ཀྱི་སྐུ། །ལུས་ངག་ཡིད་གསུམ་མ་ཡེངས་པར། །རྡོ་རྗེ་གསུམ་གྱི་གནས་ལུགས་ཀྱི། །ཐབས་དང་ལྡན་པའི་གནད་ཤེས་པས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་དེ། །རྗེས་དཔག་མ་ཡིན་མངོན་སུམ་དུ། །མངོན་པར་རྫོགས་པར་སངས་རྒྱས་འགྱུར། །དེ་ལ་འདི་ལྟར་ལྟ་བ་ཉིད། །ཕྱོགས་མེད་མཐའ་བྲལ་ཀུན་ཏུ་གསལ། །མ་དམིགས་བསམ་གཏན་སྒོམ་པ་དང་། ཁུགས་འབྱུང་རང་གྲོལ་དགག་སྒྲུབ་དག །མི་འདའ་དམ་ཚིག་གཏན་གྱི་བདག །ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །མཚན་མོ་ཤེས་རབ་ཕ་རོལ་ཕྱིན། །ཟུང་འཇུག་ཡངས་པ་ཕྱག་རྒྱ་ཆེ། །དོན་གྱི་དབུ་མ་སྤྲོས་དང་བྲལ། །འདི་ལ་ཡི་བསམ་ཡོད་མ་ཡོད། །བཟང་ངན་མི་སྨྲ་གང་ཡང་མེད། །ཇི་ལྟར་བདག་ཉིད་དེ་ལྟར་གཞན། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཆང་། །མཉམ་མེད་དམ་པ་རིན་པོ་ཆེ། །འོད་གསལ་ཆེན་པོའི་ངང་ལ་བཞུགས། །མཐའ་བརྒྱད་སྐྱོན་གྱིས་མ་གོས་པའི། །ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །རྩི་སྨན་བཏབ་པའི་འོ་མ་དེ། །ཀླུ་རྣམས་ཀུན་གྱི་སྨན་ཡིན་ཏེ། །སྦྲུལ་ལ་བྱིན་ན་དུག་ཏུ་འགྱུར། །དེ་བཞིན་གསང་སྔགས་ཐེག་ཆེན་འདི། །སྐད་ཅིག་ཉོན་མོངས་འཇོམས་པ་ཡི། །མཁས་པ་རྣམས་ཀྱི་སྨན་ཡིན་ཏེ། །བརྡ་དང་དོན་ལ་རྨོངས་པ་ཡི། །བྱིས་པ་འདོད་པའི་སྒྲ་དོན་འབྲང་། །ཚུལ་བཞིན་མ་ཡིན་ལོངས་སྤྱད་པས། །དུག་གིས་འཆི་དང་ལྟུང་བར་འགྱུར། ཁ་ཅིག་དུག་གི་དབང་གིས་འཚོ། ཁ་ཅིག་དུག་གི་རྐྱེན་གྱིས་འཆི། །ང་ཡི་བསྟན་པ་སྙིགས་མ་ལ། །ཚོང་དུས་ཁྱེར་བའི་འོ་མ་བཞིན། །དོན་མ་རྟོགས་པའི་ཚིག་གིས་བསླད། །ལོག་རྟོག་ཐུར་དུ་ལྟུང་བར་བྱེད། །དེ་བས་དོན་གྱི་ཕུ་ཐག་ཆོད། །ཐབས་དང་ཤེས་རབ་འབྲེལ་བར་གྱིས། །ཟུང་འཇུག་ཡངས་པ་ཤིང་རྟའི་སྲོལ། །འབྲས་བུ་གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ལས། །རིག་པ་འཛིན་པ་ཐབས་ཀྱི་ཆེ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།སེམས་ཉིད་ངོ་བོ་ཉིད་ཀྱི་སྐུ། །འདུས་མ་བྱས་ཤིང་ལྷུན་གྲུབ་ཏུ། །སྡོད་ནས་ཡིན་ཀྱང་དཔེར་ན་ནི། །རྒྱ་མཚོ་མཆིང་ནམ་ཀློང་དཀྱིལ་ན། །ཀླུ་ཡི་བདག་པོས་དབང་བྱས་པའི། །ནོར་བུ་རིན་ཆེན་བི་ཌརླ། ཁ་དོག་འོད་དང་བཅས་པ་ཡིས། །སྐྱེ་འགྲོའི་དབུལ་བ་སེལ་གྱུར་ཀྱང་། ་།གས་བཅས་སྦུབས་ཀྱིས་བསྒྲིབས་པ་ན། །ནོར་བུ་རིན་ཆེན་ས་རྡོ་ཡིན། །ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ། །ང་དང་བདག་ཏུ་བཟུང་བ་ཡིས། །རིག་པའི་ཡེ་ཤེས་སྙིང་པོ་དེ། །ཆོས་སྐུ་ཀུན་ལ་ཁྱབ་པ་ཡི། །གཟུགས་སྐུ་འགག་པ་མེད་གྱུར་ཀྱང་། །དེ་ཉིད་མ་རིག་འཁྲུལ་པ་ཡིས། །ལས་དང་ཉོན་མོངས་རྐྱེན་དབང་སེམས། །འཁོར་བའི་སེམས་ཅན་བྱུང་བ་ཡིན། །སངས་རྒྱས་མ་ཡིན་སེམས་ཅན་ནི། །གང་ན་ཡོད་པ་མ་ཡིན་པས། །འགྲོ་ཀུན་སངས་རྒྱས་མངའ་བདག་གོ །སྟོབས་དང་ལྡན་པའི་ནུས་པ་ཅན། །དེད་དཔོན་མཁས་པས་ལག་ཏུ་བླངས། །སྦུབས་དང་དྲི་མ་གསལ་གྱུར་ནས། ཁ་དོག་རང་འོད་འབར་ཙམ་ན། །ནོར་བུ་རིན་ཐང་མེད་པ་སྟེ། །བླ་མ་དམ་པའི་བདུད་རྩི་ཡིས། །ཚོགས་གཉིས་དགེ་བ་ལས་བྱུང་མཐུས། །མ་རིག་སྒྲིབ་པའི་ཚོགས་དག་ནས། ཁྲེས་རབ་གསུམ་ལ་སྦྱངས་པ་ཡིས། །རང་སེམས་ནམ་མཁའ་ལྟ་བུའི་དོན། །ཆོས་སྐུ་དྲི་མ་མེད་པར་རྟོགས། །རིམས་ཀྱིས་ཕ་རོལ་ཕྱིན་པ་ཡི། །ས་བཅུ་ལམ་གྱི་རྟགས་རྣམས་ཀྱང་། །འདི་ཉིད་རྟོགས་པའི་ཡོན་ཏན་ཡིན། །སྔགས་ཀྱི་སྐུ་དང་ཞིང་ཁམས་ཡང་། །དེ་ཉིད་སྟོབས་དང་རྩལ་ལས་བྱུང་། །རྒྱལ་པོའི་ཕོ་བྲང་བལྟ་ན་སྡུག །རྒྱལ་མཚན་རྩེ་ལ་ཕྱར་བྱས་ནས། །གང་གི་གསོལ་བ་བཏབ་པ་ན། །རང་གི་བསོད་ནམས་ལས་མཐུན་པའི། །འགྲོ་བ་ཀུན་གྱི་དགོས་འདོད་ནི། །འབད་པ་མེད་པའི་ལོངས་སྤྱོད་འབྱུང་། །ནོར་བུ་རིན་ཆེན་འགྱུར་བ་མེད། །ཐོགས་མེད་སྦུབས་ནས་འོད་ཡོད་ཀྱང་། །རང་གི་ཤུན་པས་བསྒྲིབས་པ་ལས། །གཞན་གྱིས་ནོར་བུ་སྒྲིབས་མི་ནུས། །ནོར་བུ་མུན་སེལ་སྒྲོན་མེ་ཡིན། །རྙོག་མ་སེལ་བས་དངས་མ་ཡིན། ཁ་དོག་གསལ་བས་མདོག་མངོན་ཡིན། །ནད་རྣམས་སེལ་བས་བདུད་རྩི་ཡིན། །དེ་ཉིད་ཡོན་ཏན་མཐར་ཕྱིན་པས། །ཆོས་སྐུ་མཉམ་རྗེས་མི་མངའ་བའི། །རང་རིག་ཡེ་ཤེས་མངོན་དུ་འགྱུར། །ཀུན་ལ་ཁྱབ་པའི་ཐུགས་རྗེས་ཡིས། །གཟུགས་སྐུའི་འཕྲིན་ལས་ཐོགས་པ་མེད། །གང་ལ་གང་འདོད་འགྲོ་དོན་འབྱུང་། །བཙལ་བ་མེད་པར་ལྷུན་གྱིས་གྲུབ། །སེམས་ཉིད་རྟོག་ན་སངས་རྒྱས་ཀྱང་། །རྣམ་རྟོག་བློ་བུར་འཁྲུལ་པས་བསྒྲིབས། །ཞབྲུལ་པ་ཞིག་ན་མངོན་སངས་རྒྱས། །སངས་རྒྱས་ཐམས་ཅད་མཁྱེན་པ་ལ། །རྣམ་པར་རྟོག་པ་རྡུལ་ཙམ་མེད། །རྡོ་རྗེའི་སྐུ་ལས་མ་གཡོས་བཞིན། །སེམས་ཅན་ཁམས་དང་འཕགས་པའི་ལམ། །རྒྱལ་བའི་སྐུ་ལ་སོགས་པ་ཡི། །ཐམས་ཅད་ཀུན་གྱི་དོན་མཛད་དོ། །འབྲས་བུ་གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ལས། སེམས་ཉིད་ཡིད་བཞིན་ནོར་བུའི་དཔེ་དོན་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།ངེས་འབྱུང་གསུམ་པོ་སྒྲོད་པ་ཡིད། །རིག་པ་འཛིན་པའི་དོན་རྟོགས་ནས། །ཏིང་འཛིན་ལས་ཀྱི་འཕྲོ་འཐུད་དེ། །གསང་སྔགས་རིགས་འཛིན་སྒྲུབ་པ་པོ། །མི་ཚེ་བདུན་ལས་ཕྱིར་མི་འགྱེད། །རྣམ་པརསྨིན་པའི་ལུས་འདི་ལ། །འབྱུང་བཞི་དག་པས་སྒྱུ་མའི་ལུས། །འཆི་བདག་འཇིགས་པ་གྲོལ་བ་ཡི། །ཚེ་ལ་དབང་བའི་རིགས་འཛིན་ཐོབ། །སྐྱེ་བ་གཅིག་གིས་ཕྱིར་མི་ཐོགས། །རང་སེམས་ཕྱག་རྒྱ་ཆེན་པོ་ཡི། །རིགས་འཛིན་ས་ལ་བདེན་གནས་ནས། །སྐྱེ་དང་འཇུག་ལ་དབང་བྱེད་པ། །ཕྱག་རྒྱ་ཆེན་པོའི་རིགས་འཛིན་ནི། །ཚེ་གཅིག་སངས་རྒྱས་ས་ལ་འགྲོ། །ལྷུན་གྱིས་གྲུབ་པའི་རིགས་འཛིན་ནི། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཅི་ཙམ་འདོད་པའི་ཚེ་ལ་དབང་། །ལས་སུ་རུང་བའི་སེམས་དབང་ཐོབ། །ནམ་མཁའ་མཛོད་ཀྱི་ཡོ་བྱད་དབང་། །གང་ལྟར་བྱེད་པའི་ལས་ལ་དབང་། །རང་དབང་ཅན་གྱི་སྐྱེ་བ་དབང་། །རིག་པ་རྫུ་འཕྲུལ་སྣ་ཚོགས་དབང་། །སྨོན་ལམ་གང་བཏབ་འབྲས་བུ་དང་། །ཐེག་པ་ཀུན་གྱི་ཆོས་ལ་དབང་། །གདུལ་བྱ་མོས་སྟོན་འཕྲིན་ལས་དབང་། །སྐུ་དང་ཡེ་ཤེས་མཆོག་ལ་དབང་། །རིགས་འཛིན་ཡེ་ཤེས་སྒྲུབ་པ་པོ། །རྣལ་འབྱོར་དབང་ཕྱུག་ཧེ་རུ་ཀ །འབྲས་བུ་གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ལས། །རིགས་འཛིན་ཐོབ་པའི་ལེའུ་སྟེ་བཅུ་བདུན་པའོ།། །།མ་བཅོས་ལྷུན་གྲུབ་འདུས་མ་བྱས། །བསམ་བརྗོད་ཡུལ་འདས་སྒྲོས་སྐུར་བྲལ། །ཆོས་སྐུ་ནམ་མཁའ་ལྟ་བུ་ནི། །ཕྱི་ནང་པྱོགས་རིགས་རྒྱུན་ཆད་མེད། །ཀུན་ལ་ཁྱབ་པའི་བདེ་བ་ཆེ། །རང་གསལ་ཉི་མའི་སྙིང་པོ་བཞིན། །གསལ་འགྲིབ་མེད་པ་ཆོས་ཀྱི་སྐུ། །རང་སྣང་འོད་ཀྱི་དཀྱིལ་འཁོར་དེ། །སྐུ་དང་ཞིང་ཁམས་འཁོར་དུ་གསལ། །གཅིག་དང་ཐ་དད་མ་ཡིན་པའི། །ཟག་མེད་ཆོས་རྣམས་མ་ལུས་ལ། །གཡོ་བ་མེད་པའི་རྟེན་གྱུར་པས། །རང་སྣང་ཕུན་ཚོགས་ཆོས་ཀྱི་སྐུ། །ཀུན་མཁྱེན་ཡེ་ཤེས་གཅིག་གི་ངང་། །གསལ་ལ་འཛིན་མེད་སྐུ་ཡི་དབང་། །བརྗོད་མེད་མཁྱེན་བརྩེ་ཐུགས་ཀྱི་དབང་། །ཐོགས་མེད་ཡེ་ཤེས་རྫུ་འཕྲུལ་དབང་། །གང་ལ་གང་འདོད་ཡོན་ཏན་དབང་། །ཀུན་གྱི་དོན་གྲུབ་འཕྲིན་ལས་དབང་། །ཞིང་ཁམས་བདེ་ཆེན་འོད་ཀྱི་དབང་། །ཀུན་ལ་སྣང་བ་རྟེན་གྱི་དབང་། །གཡོ་བ་མེད་པའི་དབང་ཕྱུག་ནི། །ཆོས་སྐུའི་ཡོན་ཏན་ལོངས་སྤྱོད་དོ། །ཆོས་སྐུའི་ངང་ལས་ཐུགས་རྗེའི་འོད། །ཡིད་བཞིན་ནོར་བུའི་དགོས་འདོད་བཞིན། །རྩོལ་བ་མེད་པར་གཞན་སྣང་དུ། །བསམ་གྱིས་མི་ཁྱབ་འོད་སྣང་སྐུ། ཁྲེས་བྱའི་སྒྲིབ་པ་ལ་གནས་པའི། །འཁོར་བའི་ཉོན་མོངས་དག་པ་ཡི སེམས་པའི་རིགས་ཀྱི་གདུལ་བྱ་ལ། །ལོངས་སྐུ་མཚན་དཔེས་བརྒྱན་པ་ཡི། །ཞིང་ཁམས་བསམ་གྱིས་མི་ཁྱབ་འབྱུང་། །སྐུ་དང་ཞིང་དང་འཁོར་གྱི་ཚོགས། །བསམ་གྱིས་མི་ཁྱབ་སྣང་བ་ཀུན། །བསོད་ནམས་བསགས་པའི་སྟོབས་ལས་བྱུང་། །ཆོས་སྐུའི་མཁྱེན་པ་གཅིག་ལ་ནི། །ལོངས་སྐུའི་ཆོས་རྣམས་ཐམས་ཅད་ཀུན། །མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། །ཐམས་ཅད་དབྱེར་མེད་མཉམ་པ་ཉིད། །མཚན་ཉིད་མ་འདྲེས་སོ་སོར་རྟོགས། །དོན་གཉིས་གཅིག་གྲུབ་བྱ་བ་གྲུབ། །ཀུན་གྱི་གནས་ལུགས་གཅིག་གི་ངང་། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། །ལམ་གྱི་དུས་སུ་འཆར་བ་ཡིན། །འབྲས་བུ་ཤེས་དང་མི་ཤེས་བྲལ། །འདུས་མ་བྱས་ཤིང་ལྷུན་གྲུབ་ཡིན། །འཁོར་བའི་བག་ཆགས་མ་དག་པའི། །ཉོན་མོངས་ཅན་གྱི་གདུལ་བྱ་ལ། །སྔོན་གྱི་སྨོན་ལམ་ཐུགས་རྗེ་དང་། །རང་བཞིན་ངང་ངམ་ཤུགས་ལས་སུ། །སྤྲུལ་པ་སྣ་ཚོགས་འབྱུང་བ་སྟེ། །འཇིག་རྟེན་ཁམས་ན་སངས་རྒྱས་ཞིང་། །རྡུལ་སྙེད་བསམ་གྱིས་མི་ཁྱབ་པས། །གདུལ་བྱ་སྟེང་ཆུང་ལྟ་བུ་ལ། །འདུལ་བྱེད་ཆུ་ཟླ་ལྟ་བུ་ཡིན། །གང་ལ་གང་འདུལ་སྣ་ཚོགས་འབྱུང་། །ཐ་དད་མིན་པའི་རྣམ་པར་གནས། །རང་བཞིན་བཟོ་སྐྱེས་བྱང་ཆུབ་སེམས། །གདུལ་བྱ་གང་གི་བློ་འཚམ་པར། །མྱ་ངན་འདས་དང་རྟགས་སྟོན་པའི། །སྣ་ཚོགས་ཐབས་ཀྱི་སྤྲུལ་པ་མཛད། །སྐུ་གསུམ་ཐུགས་ཀྱི་གཟུགས་བརྙན་དང་། །རང་བྱུང་བཟོ་ཡི་གནས་རྣམས་དང་། །རྫས་དང་ལོངས་སྤྱོད་རྟེན་རྣམས་ཀྱིས། །འགྲོ་ལ་ཕན་པ་ཇི་སྙེད་པ། །རང་བཞིན་སངས་རྒྱས་སྤྲུལ་སྐུ་སྟེ། །ཐུགས་རྗེ་བརྡལ་བའི་འཕྲིན་ལས་ཡིན། །སྐྱེས་པ་བུད་མེད་ལ་སོགས་པ། །གང་དང་གང་གིས་འདུལ་བ་ལ། །དེ་དང་དེ་རུ་སྐྱེ་བ་སྟོན། །སྐྱེ་བ་སྤྲུལ་པའི་སྐུ་ཞེས་བྱ། །བྱང་ཆུབ་སེམས་ཀྱི་སྤྲུལ་པ་ནི། །ཆོས་ཉིད་ངང་ལས་མ་གཡོས་པར། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་ཞུགས་བལྟམས་དང་གོམ་པ་བོར། །བཟོ་གནས་མཁས་ཤིང་སྟོབས་དང་ལྡན། །བཙུན་མོའི་འཁོར་དང་དགྱེས་པ་རོལ། །ངེས་འབྱུང་དཀའ་སྤྱད་བྱང་ཆུབ་མཛད། །ཆོས་འཁོར་སྐོར་མཛད་མྱ་ངན་འདས། །ཚུལ་དང་ལ་ལར་གང་སྟོན་པ། །སངས་རྒྱས་མྱ་ངན་ཡོང་མི་འདའ། །དམ་པའི་ཆོས་ཀྱང་མི་ནུབ་སྟེ། །སྐྱེ་བ་མ་དག་སྣང་བ་མྲ །སངས་རྒྱས་མྱ་ངན་འདའ་ཚུལ་སྟོན། །དོན་དམ་དབྱིངས་ན་འགྱུར་མེད་བཞིན། །ཇི་སྲིད་འཁོར་བ་གནས་ཀྱི་བར། །དེ་སྲིད་སྣ་ཚོགས་དོན་མཛད་པ། །བྱང་ཆུབ་སེམས་ཀྱི་སྤྲུལ་སྐུའོ། །སྤྲུལ་པའི་སྐུ་ལ་ངེས་པ་མེད། །འགྲོ་རྣམས་རང་རང་རྟོག་པ་ཡིན། །སེམས་ཀྱི་སྤྲུལ་པར་འབྱུང་བ་ཡིན། །སངས་རྒྱས་སྤྲུལ་པ་བསྟན་པ་མེད། །ཀུན་དང་འབྲལ་མེད་ཐུགས་རྗེ་དེ། །གདོད་ནས་ལྷུན་གྲུབ་འགྱུར་བ་མེད། །སངས་རྒྱས་ཐམས་ཅད་མཁྱེན་པ་ནི། །འཕྲིན་ལས་ཐོགས་མེད་གཅིག་གི་དོན། །ཀུན་ལ་ཁྱབ་པའི་རིན་པོ་ཆེ། །དོན་གཉིས་ཕུན་ཚོགས་བདག་ཉིད་དོ། །འབྲས་བུ་གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ལས། །འབྲས་བུ་སྐུ་དང་ཡེ་ཤེས་ལོངས་སྤྱོད་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ཆོས་ཉིད་གཅིག་གི་གནས་ལུགས་ལ། །འབྲེལ་དང་མ་ཚངས་མེད་པ་དང་། །བྲེང་ཆགས་པ་དང་རྒྱུན་མ་ཆད། །ཕུན་སུམ་ཚོགས་པ་རྒྱུད་ཅེས་བྱ། །རྒྱུད་ཀྱི་འབྲེལ་པ་རྣམ་གསུམ་སྟེ། །ཀུན་གཞི་ཆོས་དབྱིངས་སྟོང་པའི་རྩལ། །རྣམ་པར་ཤེས་པ་གཞིའི་རྒྱུད། །མ་རིག་རིག་པའི་ཡེ་ཤེས་སུ། །ཐབས་དང་ཤེས་རབ་ཟབ་མོ་ཡིས། །གཉིས་མེད་རྟོགས་པ་ལམ་གྱི་རྒྱུ། །གནས་ལུགས་འོད་གསལ་ཕྱག་རྒྱ་ཆེ། །རང་རིག་ཡེ་ཤེས་མངོན་དུ་གྱུར། །རྩོལ་སྒྲུབ་༄༅ བྲལ་བས་འབྲས་བུའི་རྒྱུད། །གཞི་དང་ལམ་དང་འབྲས་བུ་གསུམ། །རྒྱུད་རྣམས་ཀུན་གྱི་དོན་བསྡུས་པས། །དབྱེར་མེད་སྙིང་པོ་དོན་གྱི་རྒྱུད། །ཐམས་ཅད་མ་ལུས་ཀུན་ཚང་བའི། །ནམ་མཁའ་ལྟ་བུའི་རྒྱུད་མཆོག་ཡིན། །དུས་གསུམ་དུས་བཞི་སངས་རྒྱས་ཀྱིས། །དགོངས་ཏེ་བྱིན་གྱིས་བརླབས་པའི་བཀའ། །རྗེས་སུ་གནང་ཞིང་བརྡ་བསྟན་དང་། །ཞལ་ནས་གསུངས་ཤིང་སྙན་དུ་བརྒྱུད། །ཐེག་པ་སྣ་ཚོགས་མཐའ་ཡས་ལས། །བརྒྱད་ཁྲི་བཞི་སྟོང་གྲངས་སྙེད་ཆོས། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །དོན་ཀུན་ཚངས་པས་སྤྱི་རྒྱུད་ཡིན། །རྒྱལ་བའི་དགོངས་པ་མ་ལུས་རྣམས། །ཀུན་གྱིས་རྟོགས་པར་བྱ་བའི་ཕྱིར། །རྒྱུད་དང་ལུང་གི་མན་ངག་རྣམས། །གབ་དང་སྦས་དང་གསང་མེད་པར། །ཚིག་དོན་འཁྲུལ་མེད་གསལ་བའི་ཕྱིར། །དྲི་མ་མེད་པའི་རྒྱུད་ཅེས་བྱ། །དམ་ཆོས་བདུད་རྩིའི་རྒྱ་མཚོ་ནས། །སྙིང་པོ་ཡིད་བཞིན་ནོར་བུའི་རྒྱུད། །རྡོ་རྗེ་སེམས་དཔའི་སྙིང་ཁྲག་འདི། །སངས་རྒྱས་བསྟན་པའི་སྲོག་ཤིང་ཡིན། །འདི་མ་རྟོགས་པའི་སངས་རྒྱས་ནི། །གཅིག་ཀྱང་སྔ་ཕྱི་བར་གསུམ་མེད། །དུས་གསུམ་བདེ་གཤེགས་དགོངས་པའི་བཅུད། །དེ་ཉིད་རིག་བྱེད་གསང་བའི་སྔགས། །ཡེ་ཤེས་རིག་པ་མཆོག་གི་རྒྱུད། །སྙིང་པོ་གསལ་བ་ཞེས་བྱའོ། །དམ་ཆོས་ཀུན་གྱི་མཐར་ཐུག་པ། །གསང་སྔགས་རྒྱལ་པོ་ཀུན་གྱི་བཅུད། ་།ད་ཆེན་གསང་བའི་སྙིང་པོ་འདི། །ནམ་མཁའ་མཉམ་པའི་དཀྱིལ་འཁོར་ནས། །གསང་བའི་བདག་པོ་ཁྱེད་ཀྱིས་བསྡུས། ཁྱོད་ཀྱིས་མཁའ་དང་མཉམ་པའི་དོན། །སྐལ་ལྡན་བུ་ལ་གཏད་རྒྱ་གཏོད། །གང་གིས་འབྲེལ་པ་དོན་ཆེ་ཡང་། །ཇི་ལྟར་ཆུ་ནི་རྙོག་མའི་ནང་། །ཟླ་བའི་གཟུགས་བརྙན་མི་གསལ་བཞིན། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་བ་མེད་པས་དེ་མི་རྟོགས། །དམ་ཆོས་བདུད་རྩིའི་འོ་མ་འདི། །སྣོད་ངན་སྦྲུལ་གདུག་ལྟ་བུ་ཡི། །བློ་དམན་དད་བརྩོན་སྙིང་རྗེ་མེད། །ལོག་རྟོག་ཐེ་ཚོམ་ཆོས་བརྒྱད་ཅན། །ང་རྒྱལ་རྒྱུད་ཁེངས་མོས་གུས་ཆུང་། །དམ་མེད་རྣམས་ལ་རྒྱས་བཏབ་བོ། །མ་འོངས་རྩོད་པ་དར་བའི་དུས། །མི་ཁོམས་བརྒྱད་ཀྱི་འགྲོ་བ་ཡང་། །ཉམ་ཐག་སྙིང་རྗེའི་དུས་ཉིད་དུ། །བློ་གྲོས་ཐབས་ལྡན་རིག་རྩལ་ཅན། །འགྲོ་ཕན་སྙིང་རྗེ་ལྡན་པ་ཡི། །བྱང་ཆུབ་སེམས་དཔའི་རིགས་ལྡན་འབྱུང་། །དེ་ཡི་དད་ལྡན་བློ་གྲོས་ཅན། ་གོས་རབ་བསལ་ཞིང་དད་བརྩོན་ལྡན། །ཐབས་ཆེན་ངང་ཚུལ་བཟང་བའི་རིགས། །ཐར་པ་ཐོབ་འདོད་རྣམས་ལ་བསྟན། །དོན་རྒྱུད་གསང་འདུས་སྙིང་པོ་འདི། །རིན་ཆེན་གསེར་གྱིས་ལེགས་བྲིས་ཤིང་། །སྣ་ཚོགས་དར་གྱི་སྦུབས་སུ་གསལ། །གང་གིས་འཆང་ངམ་མཐོང་ཐོས་རུང་། །མཆོད་པའི་རྟེན་དང་ཕྱག་བྱས་གྱུར། །ཚེ་རིང་ནད་མེད་གདོན་ལས་གྲོལ། །དཔལ་དང་བསོད་ནམས་ལོངས་སྤྱོད་འཕེལ། །རིག་པ་སྐུ་རུ་སྨིན་པ་ཡིས། །འདའ་ཁར་མངོན་པར་བྱང་ཆུབ་རྟགས། །སྐུ་གདུང་རིང་བསྲེལ་འཇའ་འོད་དང་། །གསལ་དག་ནམ་མཁའ་དངས་པ་འབྱུང་། །འདི་ཡོད་འགྲོ་བ་སངས་རྒྱས་ཡིན། །ཉམས་བླངས་དོན་རྟོགས་སྨོས་ཅི་དགོས། །ཟབ་མོ་རྒྱུད་ཀྱི་སྙིང་པོ་འདི། །གང་ན་ཡོད་པའི་ས་ཕྱོགས་སུ། །མཁའ་འགྲོ་བའི་དོམས་སྤྲིན་བཞིན་འདུས། །སྐལ་ལྡན་འགའ་ཡི་སྤྱོད་ཡུལ་ལས། །ཀུན་གྱིས་མཐོང་ཐོས་མ་ཡིན་ནོ། །མི་མཇེད་ཁམས་ཀྱི་འཛམ་བུའི་གླིང་། །ཨོ་རྒྱན་མཚོས་སྐྱེས་པར་མ་འཛིན། །རྒྱུད་མཆོག་འགྲོ་བའི་དོན་བྱེད་འགྱུར། །བདེ་ཆེན་ཞིང་དུ་བྱང་ཆུབ་ཐོབ། །རྒྱལ་བ་མཐའ་ཡས་འོད་དཔག་མེད། །ཐུགས་རྗེའི་འོད་ལ་འབྲེལ་ཚད་འཁོད། །བྱང་ཆུབ་སེམས་དཔར་ཀུན་དང་འགྲོ། །འདི་ནི་གསང་ཆེན་ངེས་པའི་ལུང་། །གསང་སྔགས་སྙིང་པོའི་རྒྱུད་འདི་ཟུང་། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གསང་སྔགས་རིགས་འཛིན་འཁོར་ཚོགས་རྣམས། །རང་རིག་ཡེ་ཤེས་སྙིང་པོ་ལས། །ཆོས་ཀྱི་སྐུ་རུ་ཡི་རང་ཞིང་། །འགྲོ་དོན་ལྷུན་གྲུབ་དགྱེས་པར་སྦྱོད། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །དེ་ཉིད་དུས་སུ་དབང་བསྐུར་རོ། །འདི་ལས་ལྷག་པའི་ལུང་མ་མཆིས། །ཕྱོགས་རྣམས་ཀུན་ཏུ་མངོན་པར་བསྟོད། །འབྲས་བུ་གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ལས། མཚན་དོན་གཏད་རྒྱ་ལུང་གི་ལེའུ་སྟེ་བཅུ་དགུ་པའོ།། །།འབྲས་བུ་གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱི་ཞལ་སྔ་དང་། །ལོ་ཙྭ་བ་དགེ་སློང་བི་རོ་ཙ་ནས་དཔལ་བསམ་ཡས་ཀྱི་གཙུག་ལག་ཁང་ཆེན་པོར་བསྒྱུར་བའོ། །ཕྱིས་མངའ་བདག་སྲས་ཨོན་གསུམ་གྱིས། །ཨོ་རྒྱན་ལ་ཞུས་ཏེ། །དག་པར་གཏན་ལ་ཕབ་ནས། །དཀར་ཆག་ལ་ཕབ་སྟེ། །ལས་འཕྲོ་ཅན་དང་ཕྲད་པར་་།ག་ཅིག་གི་སྨོན་ལམ་བཏབ་ནས། །ནམ་མཁའི་རྫོང་དུ་ཨ་ཐ༷་རྒྱ། སརྒུ་རུ་ཀུ་ཊཧྲ། ཨེ་མ་བདག་འདྲ་པདྨ་འབྱུང་གནས་ཀྱིས། །གསང་སྔགས་མཐར་ཐུག་རྒྱུད་མཆོག་འདི། །རྩོད་ལྡན་དུས་ཀྱི་ལྔ་བརྒྱ་ལ། །ཟབ་མོའི་རྒྱུད་རྣམས་ཚིག་ཏུ་སོང་། །ཐ་སྙད་མང་ལ་ཉམས་ལེན་མེད། །དེ་དུས་ཕན་ཕྱིར་གཏེར་དུ་སྦས། །གཞན་ན་མ་ཆིས་རྒྱལ་བའི་བཀའ། །ལས་འཕྲོ་ཅན་དང་ཕྲད་པར་་།ག །གཏེར་སྲུང་རྣམས་ཀྱིས་ཐུབ་པར་སྲུངས། །ས་མ་ཡ་རྒྱ་རྒྱ་རྒྱ། རིན་ཆེན་གླིང་པས་གཏེར་ནས་གདན་དྲངས་་།ག་སེར་ལ། །ཞལ་ཤུས་བཀའ་་།ག་དག་ལ་བྲིས་པའི་དགེ་བ་ཡིས། །འདི་འཛིན་རིགས་ལྡན་རྣམས་དང་འགྲོ་བ་མ་ལུས་ཀུན། །གསང་སྔགས་སྙིང་པོའི་དོན་རྟོགས་སངས་རྒྱས་མྱུར་ཐོབ་་།ག །གྱུ་རྒྱེ། ས་མ་ཡ། རྒྱ་རྒྱ་རྒྱ། ཨེ་མ་ཧོ། ཨོ་རྒྱན་ཐུགས་སྲས་རིན་ཆེན་གླིང་བ་ཡིས ཟབ་མོའི་གཏེར་ནས་རྒྱུད་ཆེན་གདན་དྲངས་ཏེ། །སྙིགས་དུས་འགྲོ་བ་ཐུགས་རྗེས་ཉེར་དགོངས་ནས། །ཆོས་ཀྱི་བཀའ་བཀྲོལ་དར་ཞིང་རྒྱས་པར་མཛད། །གཏེར་སློབ་ཀུན་གྱིས་བཀའ་དྲིན་རྗེད་པར་འཕངས། །ད་ལྟའི་དུས་ན་ལས་འཕྲོ་སྙོམ་ལས་ཅན། །ཚེ་འདིར་ཐར་པའི་བྱང་ཆུབ་འདོད་གྱུར་ཀྱང་། །ལེ་ལོའི་དབང་ངམ་བསོད་ནམས་དམན་པ་ཡིས། །ཉམས་ལེན་མ་གྲུབ་ཨོ་རྒྱན་ཐུགས་རྗེས་བསྐུལ། །དགེ་བ་དྲི་མེད་བཅོ་ལྔའི་ཟླ་འདྲ་དེས། །ཕ་མས་གཙོ་བྱས་འགྲོ་བ་ཉམ་ཐག་རྣམས། །ཐར་ལམ་ཆེན་པོ་སྙིང་པོའི་དོན་རྟོགས་ནས། །བདེ་ལྡན་ཞིང་དུ་མཐའ་ཡས་ཞབས་དྲུང་དུ། །དཀར་སྨུག་འདབ་མ་སྟོང་ལྡན་ཟེ་འབྲུ་ལ། །ལོངས་སྤྱོད་རྫོགས་སྐུ་མཚན་དཔེ་ལྡན་པ་ཡིས། །བྱང་ཆུབ་སེམས་ཀྱི་སྤྲུལ་པར་འགྱེད་པར་ཤོག། །།ཨོ་རྒྱན་ཌ་ཀི་བརྡའི་སྐད་དུ། རྒྱ་གར་སྐད་དུ། སརྦ་ཏ་ཐུ་ག་ཏ་བཱག་ཙིསྟ་གསྟེ་ཏ་ད་ཡ་ཏི་རྙོ་ཨ་ལ་ཧ་ཏན་ཏྲ་གུ་རྒྱ་སམ་སན་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་