Ngb-pt-0215-vol-03-text

From Rangjung Yeshe Wiki Texts
Revision as of 05:52, 20 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། ལྷུ་རུ་དྷི་ཝ་ཌའསྐི་ནི་སརྦ་ཙིཏི་ཨ་མྲི་ཏོ་བྷ་ཏནྟྲ་རྭ་ཛ་པདྨ་ཀུ་ཊ་ནཱ་མ། བོད་སྐད་དུ། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རང་བྱུང་གི་ལྷ་བདེ་བ་ཆེན་པོ་གཟི་བརྗིད་མཐའ་ཡས་པ་ལ་ཕྱག་འཚལ་ལོ། །འདི་སྐད་བསྟན་པའི་དུས་གཅིག་ན། དཀར་སེར་དམར་ལྗང་རབ་འཁྲུགས་ཤིང་། །ལེ་བརྒན་ཟླ་གམ་འབར་བའི་དབུས། །སྣ་ཚོགས་འོད་ཀྱི་ཚོང་ཁང་དུ། །དུས་གསུམ་ས་ལེར་མཐོང་ནས་ནི། །སྐྱེ་རྒ་ན་འཆིའི་རྦ་ཀློང་་བྲུགས། །མི་བཟོད་གཡོ་བས་རབ་བསྐུལ་ཞིང་། །ཐུགས་རྗེ་སྤྲོ་བསྡུ་འགྱེད་པའི་ཚེ། །ཡེ་ཐོག་དང་པོར་ལྷུན་གྱིས་གྲུབ། །སྣ་ཚོགས་ལས་ལ་དབང་བསྒྱུར་བྱེད། །རྫུ་འཕྲུལ་དྲུ་བ་ཕྱོགས་བཅུར་འགྱེད། །གསུམ་སྣང་དབྱེར་མེད་གཅིག་མང་པོས། །ཀུན་ལ་ཁྱབ་པའི་བྱང་ཆུབ་སེམས། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཡུལ་བཅས་རྒྱན་དང་ཆ་ལུགས་ལྡན། །རྡོ་རྡོ་པདྨའི་འཁོར་ཚོགས་ལ། སྲིད་དང་སྒོ་ངའི་སྦུབས་འབྱེད་པ། །ལྔ་འཇོམས་དྲུག་རྫོགས་གསུམ་དང་ལྡན། །གཉིས་བསྡུས་དོན་འབྱུང་གཉིས་ལས་གྲོལ། །བཞི་རྫོགས་གཏན་ལ་དབབ་པར་བྱ། །རྡོ་རྗེ་ཆོས་ལ་སོགས་པ་ཡི། །རང་བྱུང་སྤྲུལ་པའི་འཁོར་རྣམས་ཀྱིས། །བཅོམ་ལྡན་འདས་ལ་འདི་སྐད་ཞུས། །ཀྱེ་ཀྱེ་སྟོན་པ་འོད་མི་འགྱུར། །གར་བསྒྲུབ་གནས་ཀྱི་མཚན་ཉིད་དང་། །གནས་དེར་གང་ཟག་ཇི་ལྟ་བུས། །ཉམས་སུ་མེད་པའི་ཆོས་ནི་གང་། །ཆོས་དེ་བླ་མ་གང་ལ་ཞུ །སྒྲུབ་རྫས་ཇི་ལྟ་བུ་ལ་བརྟེན། །བསྒྲུབ་པའི་གྲོགས་གང་དུས་ཚེས་ནམ། །དཀྱིལ་འཁོར་ལྷ་སྔགས་རྟགས་ཚད་དང་། །ཕྲིན་ལས་ཁ་བསྒྱུར་ཇི་ལྟ་བུ། །སྨིན་བྱེད་དབང་དང་དམ་ཚིག་དང་། །གྲོལ་བྱེད་གདམས་པ་ངོ་སྤྲོད་བཅས། །དེ་ཡི་ལྟ་བསྒོམ་སྦྱོད་འབྲས་བུ། །ཆགས་ལམ་གསང་བའི་གདམས་པ་སྩོགས། །དེ་ལྟར་བསྐྱེད་རྫོགས་ཐམས་ཅད་ཀྱི། །མཐར་ཐུག་འབྲས་བུ་གྲུབ་མཐའ་དང་། །ས་ལམ་ཆོད་ཚུལ་ཇི་ལྟ་བུ། །ལྡན་འབྲས་དུས་སྐབས་བཀའ་སྩོལ་ཅིག །དེ་སྐད་འཁོར་གྱིས་ཞུས་པའི་ཚེ། །བཅོམ་ལྡན་དཔག་མེད་མཐའ་ཡས་ཀྱིས། །རང་ཤར་སྤྲུལ་པའི་འཁོར་རྣམས་ལ། །སྣ་ཚོགས་ཆོ་འཕྲུལ་འདི་གསུངས་སོ། །ཐུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ལས། །གླེང་གཞིའི་ལེའུ་སྟེ་དང་པོའོ།། ྅། ༑ །།གང་ཞོལ་ཆུ་བོ་ཆེན་པོའི་འགྲམ། །བྲན་ཁོལ་ལྷ་སྲིན་ཇག་རྐུན་དབེན། །བག་དྲོ་བྱིན་ཆགས་ཌའསྐི་རྒྱུ། །འདོད་ཡོན་ལོངས་སྤྱོད་གང་དགོས་ཚང་། །གནམ་ས་དཀར་ཟླུམ་ཞི་བ་ལ། ཁུ་བཞི་སེར་པོ་རྒྱས་པ་ཉིད། །དམར་པོ་ཟླ་གམ་དབང་ལ་སྟེ། །ངམ་ནག་གྲུ་གསུམ་དྲག་པོའི་གནས། །གང་ལ་གང་འོས་ཡིད་དང་མཐུན། །སོ་སོའི་རྟེན་འབྲེལ་རྒྱུ་རྐྱེན་འཛོམ། །གཙེར་བ་འཚེར་བ་ཀུན་དང་བྲལ། །གཞན་དབང་མ་སོང་དབེན་པ་མཆོག །གཡེར་ཞིང་མཐོ་ལ་ནམ་མཁའ་ཡངས། །ཁོད་སྙོམས་དབྱིབས་འཇམ་གྲོང་རྒྱང་རིང་། །འཇིགས་ཤིང་སྐྱི་གཡའ་ལྷ་འདྲེ་འདུ། །འགོལ་ཞིང་གཙང་སར་རྫོགས་རིམ་བསྟེན། །སྤྱི་དང་བྱེ་བྲག་གང་ལ་ཡང་། །གནས་དང་ཡུལ་དང་ཉེ་བའི་གནས། །རྒྱལ་བས་ཞབས་བཅག་བཀྲ་ཤིས་པ། །ཡིད་དང་མཐུན་པ་མཆོག་ཏུ་གཅེས། །ཐུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ལས། བསྐྱེད་རྫོགས་ཀྱི་བསྒྲུབ་པ་དང་ཉམས་ལེན་གྱི་གནས་བསྟན་པའི་ལེའུ་སྟེ་གཉིས་པའོ།། སྙི། །།འདི་ཉིད་ཉམས་སུ་ལེན་པའི་བུ། །དད་དང་བརྩོན་འགྲུས་གཏོང་ཕོད་ཆེ། །བློ་ཡངས་གསང་ཐུབ་རབ་ཏུ་བརྟན། །དམ་གཙང་གཞུང་བཟང་སྙིང་རུས་ཆེ། །ལུས་སྲོག་ཐེད་བོར་ཆགས་ཞེན་མེད། །ཚེ་འདི་མི་གཉེར་གཅིག་པུར་གནས། །བླ་མ་ལ་གུས་གྲོགས་ལ་བརྩེ། །ཆོས་ཕྱིར་སྲོག་འདོར་འཆི་ཆོས་བྱེད། ཁེས་རབ་ཆེ་ཞིང་རིག་པ་མྱུར། །ལྷོད་ཆགས་ཞི་དུལ་སྨྲ་སྒོ་ཉུང་། །ཆད་བཙན་མདོ་ཆེ་གཞན་ཕན་བསྒྲུབ། །རྫུན་དང་གཡོ་སྒྱུ་ཕྲ་མ་ཆུང་། །འདོད་ཡོན་སྲེད་བྲལ་རྟོག་པ་མེད། །སྙིང་རྗེ་ཆེ་ཞིང་སེམས་བསྐྱེད་ལྡན། །གཞན་དབང་མ་སོང་རང་དབང་ཐོབ། །འབྱོར་ལྡན་རིགས་རྒྱུད་བཟང་བའམ། །ཡང་ན་སྐྱིདསྡུགསྣཚོགསམྱངས། །ཚེ་འདིས་བྱ་བ་གང་ལ་ཡང་། །རེ་ལྟོས་བྲལ་ཞིངཁོཐགཆོད། །འདིམིནགཞན་ལྟོས་བྲལ་བས་བསྒྲུབ། །ཐུགས་བཅུད་གཞོལ་ཆོས་ལ་བསྐུལ། །དེར་ཁྲིད་དེ་ཕྱིར་བྲི་ཀློག་སློབ། །རྐྱེན་བྱེད་ལུང་སྟོན་འདྲེན་པ་ཡིས། །སློབ་དཔོན་ཕྱི་ཡི་བླ་མ་ཉིད། །བདེ་གཤེགས་བཀའ་ལུང་ལག་ལེན་སློབས། །བཀའ་བབས་སྒྲུབ་རྒྱུད་རིག་པ་འཛིན། །སློབ་དཔོན་རྒྱུད་གཏད་དེ་རྗེས་བསྙེགས། །བརྒྱུད་པའི་བླ་མ་ནང་གིའོ། །མཁན་སློབ་སྡོམ་སྩོལ་སེམས་བསྐྱེད་ཕོག །སྨིན་བྱེད་དབང་བསྐུར་ཆོས་སྒོ་འབྱེད། །གྲོལ་ལམ་ཁྲིད་གདབ་རྒྱུད་བཤད་པ། །གསང་བ་རྩ་བའི་བླ་མའོ། །ཚེ་རབས་ལས་སྨོན་བླ་མ་ནི། །མཐོང་ཐོས་དྲན་པས་རབ་གདུང་ཞིང་། །དེས་བསྟན་གདམས་པ་རྒྱུད་ལ་ཕན། །དགོངས་ཤིང་འབྲལ་མེད་འགྲོགས་སེམས་འབྱུང་། །ལྟ་བསྒོམ་སྤྱོད་བྲལ་གདེང་དང་ལྡན། །སྙིང་རྗེ་བྱང་སེམས་གཞན་དོན་འགྲུབ། །ཕྱི་ནང་ཆོས་ལ་ལག་ལེན་མཁས། །གཞན་རྒྱུད་ཤེས་དང་དེར་ཁྲིད་བརྩོན། །བསྐྱེད་རྫོགས་བརྟན་ཐོབ་ལུང་བསྟན་ལྡན། །འབྱུང་ལ་སྦྲུལ་བསྒར་བསད་གསོ་ནུས། །གང་ལ་གང་འདུལ་བྱེ་བྲག་ཤེས། །གར་འདུག་བཙལ་ལ་སྤྱི་བོས་བླང་། །དེ་ལྟ་བུ་ཡི་བླ་མ་རྣམས། །ལུས་ངག་ཡིད་གུས་བཀའ་བཞིན་བསྒྲུབ། །ལོག་སེམས་སྤང་ཞིང་མཉེས་པར་བྱ།་།དེ་འབྲས་རང་བཞིན་ཡིད་སྨོན་འགྲུབ། །དེ་ལས་ལོག་པ་བླ་མའི་གཟུགས། །བདུད་ཀྱི་བྱིན་བརླབས་སྤྲུལ་བསྒྱུར་སྟོན། །རྣམ་ཐར་ཤིས་ཤིས་འདྲ་ན་ཡང་། །མཁས་པས་ལེགས་བརྟགས་མི་བསྟེན་འདོར་། །ཐུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ལས། སྤང་བླང་གི་བླ་མའི་མཚན་ཉིད་བསྟན་པའི་ལེའུ་སྟེ་ལྔ་པའོ།། ྅། །།ཡང་དག་དོན་གཉེར་འདོད་པ་གང་། །སྣང་སྲིད་རྟེན་འབྲེལ་རྒྱུ་རྐྱེན་ལས། །འབྱུང་ཕྱིར་ཕྱི་ནང་གསང་བ་དང་། །གནས་སྐབས་ལ་སོགས་རྟེན་འབྲེལ་རྫས། །སྐུ་འབག་རྡོ་རྗེ་དྲིལ་བུ་དང་། །ཕྱག་རྒྱའི་ཕུ་དུང་བུམ་པ་བཟང་། །སྣ་ཚོགས་དར་གྱི་ཕོ་ལོང་སོགས། །སྐུ་ཡི་རྟེན་དུ་གང་དགོས་བཅང་། །རྐང་གླིང་ཐོད་ལྔ་ཅང་ཏེལྭ །ཞི་རྒྱས་དབང་དང་མངོན་སྤྱོད་སོགས། །གང་བསྒྲུབ་ལས་ཀྱི་ཕྲེང་བ་ནི། །དཀར་སེར་དམར་ནག་ལ་སོགས་གསུང་། ཁ་ཊ༷བྷན་པོར་ཤེལ་མེ་ལོང་། །རཏྣའི་ཟ་མ་ཏོག་ལ་སོགས། །གང་འཐད་ཐུགས་རྟེན་རྫས་རྣམས་ཀྱང་། །ལུས་དང་གྲིབ་ལྟར་མི་འབྲལ་འགྲོགས། །ཞི་བ་ཏིལ་དང་སྨན་སྣ་ཚོགས། །རིན་ཆེན་དར་སོགས་རྒྱས་པ་ལ། །མཚལ་དང་སིསྤྱ་ལེ་བརྒན་དབང་། ཁྲག་མཚོན་དུག་ཕུར་དྲག་པོ་ལའོ། །གསང་བ་བྱང་སེམས་དཀར་དམར་དང་། ཁྲ་ལྔ་དང་ནི་བདུད་རྩི་ལྔ། །དབང་པོ་སྨན་རག་གཏོར་མར་བཅས། །ཡིད་འོང་མཚན་ལྡན་མཆོག་ཏུའོ། །གནས་སྐབས་རྒྱུ་རྐྱེན་རྟེན་འབྲེལ་རྫས། །གང་ལ་གང་དགོས་ཐམས་ཅད་ཀྱང་། །མངོན་ཞེན་འཛིན་ཆགས་མེད་ཚུལ་གྱིས། །དོན་གཉིས་བསྒྲུབ་ཕྱིར་མཁས་པས་བཅངས། །དཀྱིལ་འཁོར་ལྷ་དང་མཆེད་ལྕམ་ས་གས། །དགྱེས་བསྐང་ཕྱི་ནང་གསང་མཆོད་རྫས། །དགྲ་བཟློག་གོ་མཚོན་ནད་བཟློག་སྨན། །དེ་དག་རྣམས་ཀྱང་སྟ་གོན་བྱ། །ཐུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ལས། སྒྲུབ་རྟེན་གྱི་རྫས་བསྟེན་པའི་ལེའུ་སྟེ་དྲུག་པའོ།། སྙི། །།ཐབས་གྲོགས་བློ་བརྟན་སྙིང་རུས་ཆེ། །གཞུང་བཟང་ཁྲེལ་ཆེ་གསང་ཚིག་ཐུབ། །དད་བརྩོན་ཤེས་རབ་སྙིང་རྗེ་ཆེ། །དམ་གཙང་ཤེས་མཐུན་ཅི་སྨྲ་ཉན། །གཡོ་སྒྱུ་སེར་སྣ་མངོན་ཞེན་ཆུང་། །གསང་སྔགས་ལ་མོས་སྐྲག་སེམས་མེད། ཁོག་ཡངས་ཉོན་མོངས་ཤས་ཆུང་བའི། །གྲོགས་དང་ལྡན་ཞིང་བསྒྲུབ་པར་བྱ། །སྒྲུབ་རྟེན་ཤེས་རབ་གྲོགས་མཆོག་ནི། །ཡིད་འོང་བཞིན་མཛེས་སྔགས་ལ་དད། །ངག་ཉུང་གསང་ཐུབ་རྣལ་འབྱོར་གུས། །ལུས་མཉེན་འཁྲིལ་ལྡེམ་དྲི་བཟང་བྲོ། །ལུས་ཐུབ་དབྱངས་སྙན་བཀའ་མི་གཅོག །གཡོ་སྒྱུ་སེར་སྣ་རྟོག་པ་ཆུད། །རྩ་བཟང་གསང་རུབ་ནུ་མ་མཁྲེགས། །བློ་ཡང་ཚིག་བརྟན་གཏོང་ཕོད་ཆེ། །དེ་ལས་ལོག་པའི་བྲན་ཁོལ་རིགས། །ནད་གཅོང་ཅན་དང་གཞན་དབང་སོང་། །རིགས་ངན་ཡུན་རིང་དུ༷༷ཁས་མནར། །གེགས་བྱེད་དངོས་གྲུབ་མི་འབྱུང་སྤང་། །འོན་ཀྱང་དངོས་གྲུབ་སྩོལ་ནུས་དང་། །མཐོང་བ་ཙམ་གྱིས་བདེ་བ་བསྐྱེད། །རྣལ་འབྱོར་ཡིད་དང་མཐུན་གྱུར་ན། །སྒྲུབ་པའི་གྲོགས་གྱུར་གང་ཡང་ཤིས། །སྤང་འོས་མི་བསྟེན་འོས་པ་ནི། །ཐབས་དང་རྟེན་འབྲེལ་གང་འཐད་ཀྱིས། །དང་དུ་བླངས་ཤིང་རྒྱུད་སྨིན་བྱ། །ཚགས་ཚུད་བདེ་བའི་གྲོགས་སུ་བསྟེན། །ཐུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ལས། བསྒྲུབ་པའི་གྲོགས་བསྟན་པའི་ལེའུ་སྟེ་བདུན་པའོ།། སྤྱི། །།ར་བ་བཞི་ཡི་ཡར་ངོ་དག །བཀྲ་ཤིས་བདེ་ལེགས་འབྱུང་བར་བྱེད། །ཉ་དང་གནམ་སྟོང་ཚེས་བརྒྱད་ཉིད། །ལྟས་བཟང་བཅས་ཏེ་བསྒྲུབ་པ་འཕེལ། ཁུ་སྐར་རྒྱལ་སོགས་ཡིད་སྨོན་འགྲུབ། །གཟའ་དང་ཟླ་བ་ཡར་གྱི་ངོ་། །གཞན་ཕན་བརྩོན་སོགས་དགེ་བ་རྣམས། །ཆོ་ག་ཡིས་ནི་བྱ་བ་བརྩམ། །སྨིན་བྱེད་ཟླ་བའི་ཆ་ཉིད་དེ། །གྲོལ་བར་བྱེད་པ་ཉི་མའི་ཆ། །གཉིས་ཀའང་དུས་སྦྱོར་བཟང་པོ་དང་། ཁེས་པའི་གཟའ་དང་སྐར་མ་ལའོ། །གཞན་ཡང་ཕྲིན་ལས་སོ་སོ་རྣམས། །གཅིག་ནས་སྟོང་གི་བར་དག་ཏུ། །བསྲེགས་སོགས་ཁ་བསྒྱུར་བྱ་བ་ནི། ཁྱོད་ཀྱི་འདོད་པ་གང་དགོས་བརྩོན། །བདུད་ཉི་དབུལ་དང་ཕུང་ཉི་ནག །དེ་བཞིན་དྲག་པོའི་གཟའ་སྐར་ལ། །བསྟན་པ་བགྲུང་དང་དུ་ཏྲ་བ་། །མནན་བསྲེགས་འཕང་དང་གཟིར་སོགས་ཤིས། །དེ་བཞིན་བཟང་དང་ངན་པ་དང་། །ཞི་རྒྱས་དབང་དྲག་བྱ་བ་ནི། །སོ་སོར་གང་དང་གང་དག་རྣམས། །གཟའ་སྐར་ཚེས་གྲངས་དུས་ཀྱང་དེ། །མདོར་ན་དང་པོར་ལེགས་བརྟགས་ཤིང་། །དབང་པོའི་བྱ་བ་ཤིས་པ་སྟེ། །ཡང་ན་རྟོག་མེད་གདེང་ལྡན་པས། །བྱ་བ་གང་ཡིན་ནམ་ཡང་རུང་། །ཐུགས་བ་་འདུས་པའི་རྒྱུད་ཀྱི་རྒྱལ་་ཤཱལས། དཀྱིལ་འཁོར་གྱི་བྱ་བ་བསྟན་པའི་ལེའུ་སྟེ་དགུ་པའོ།། སྐྱི། །།བླ་མེད་བསྒྲུབ་དོན་གཉེར་འདོད་གང་། །བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀྱི། །ལྷ་ཡི་རྣལ་འབྱོར་འདི་དག་ལ། །ནང་བཅུད་དག་ཕྱིར་གསལ་བར་བལྟ། །རབ་དང་འབྲིང་དང་ཐ་མའི་བློས། །མ་བཅོས་སྤྲོས་བྲལ་དེ་ཉིད་ལྷ། །རང་བྱུང་གསལ་འཚེར་ལྷུན་སྡུག་ལྷ། །ཐུགས་རྗེ་ཞལ་ཕྱག་གཟུགས་སྣང་ལྷ། །ཡབ་ཡུམ་ཐབས་ཤེས་ཞི་དང་ཁྲོ། །དཀར་སེར་དམར་ལྗང་སྨུག་དང་ནག །དེ་བཞིན་ཁ་དོག་སྣ་ཚོགས་པ། །ཆ་ལུགས་ཕྱག་མཚན་མ་ངེས་གསལ། །འོད་དང་འོད་ཟེར་སྣ་ཚོགས་བརྒྱན། །སྲས་དང་སྤྲུལ་པ་ཡང་སྤྲུལ་ཚོགས། །མི་ཟད་གསལ་བར་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་ཕྱིར་སྣང་ལྷ། །གང་ཟག་བློ་ཡི་ཁྱད་པར་གྱི། །སོ་སོས་ཇི་ལྟར་འདོད་པའི་ལྷ། །ཕྲིན་ལས་ཁ་བསྒྱུར་སྣ་ཚོགས་ཀྱང་། །ཡེ་ཤེས་ལྷ་གཅིག་ངེས་འགྲུབ་ན། །འཇིག་རྟེན་འདས་དང་མ་འདས་ཀྱི། །ལྷ་ཚོགས་གང་དང་གང་དག་ལ། །ཅི་འདོད་དངོས་གྲུབ་ཞུ་བ་འམ། །བསྐུལ་སོགས་ལས་རྣམས་ངེས་པར་འགྲུབ། །དེས་ན་གཅིག་དང་དུ་མའང་རུང་། །གསལ་སྟོང་འཛིན་མེད་ངང་ཉིད་ལས། །སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས། །མཁས་པས་ཆགས་བྲལ་ལྡན་པར་བལྟ། །དེ་ཉིད་ལྡན་པའི་རྣལ་འབྱོར་གྱིས། །དུར་ཁྲོད་འདྲེ་ངན་བསྒྲུབ་གྱུར་ཀྱང་། །མཆོག་དང་ཐུན་མོང་འབྲས་བུ་གང་། །ཅི་འདོད་རང་བྱུང་ལྷུན་གྲུབ་འབྱུང་། །དེ་ཉིད་མ་རྟོགས་ཨ་འཐས་བློས། །ཡེ་ཤེས་སེམས་དཔའ་བསྒྲུབ་གྱུར་ཀྱང་། །གནས་སྐབས་ལྡན་འབྲས་ཕྲའུ་ལས། །ཡང་དག་འབྲས་བུ་སྲིད་མཐའ་ཙམ། །ཡང་ན་གཞན་དོན་བློ་ངེས་དང་། །དད་པ་དམ་ཚིག་ལྡན་པ་པོས། །མངོན་ཞེན་བྲལ་བར་བསྒྲུབ་གྱུར་ཀྱང་། །ཅི་འདོད་འབྱུང་བར་རྟེན་འབྲེལ་ལོ། །ཐུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ལས། ལྷ་བསྐྱེད་ཅིང་བསྒྲུབ་པར་བསྟན་པའི་ལེའུ་སྟེ་བཅུ་པའོ།། ྅། །།ལྷ་བསྒྲུབ་སྔགས་ཀྱི་རྣམ་གྲངས་ལས། །སྨྲ་བརྗོད་ལས་འདས་དེ་ཉིད་སྔགས། །གསང་བ་སྐྱེ་མེད་རྡོ་རྗེའི་བཟླས། །ལྷུན་གྲུབ་འབྱུང་སྒྲ་ནང་གིའོ། །ཕྱི་ལྟར་རྩོལ་བཅས་ཚིག་འབྲུའི་སྔགས། །དྲིལ་དང་གཙོ་འཁོར་ཁ་བསྒྱུར་སོགས། །བྱེ་བྲག་སོ་སོར་སྨྲ་བ་ཡང་། །གསལ་དག་སྒྲ་ཟུར་མ་ཉམས་གཅེས། །ཨོ་ཨུ༷༷ཧུ༷་སྙི༷༷ བཛྲ་གུ་རུ་པདྨ་སིརྙི་རྙེ་ཝ་ཌསྐི་ནི། བོ་དྷི་ཙིསྟ། མ་ཧྭ་སུ་ཁ།བཛྲ་མ་ཧྭ་ཀྲོ་དྷ། ཤཱརྙི་ཀ །སྣྲི༷༷མ་ཧ་རི་ནི་ས། ར་ཙ་སྙི༷༷ཡ། སརྦ་སིརྙི། ཀྭ་ཡ་ལྷུ་ཀ་ཙིསྟ། ཙྭ་ན་སཏྭ། ཨ་མི་དེ་ཝ། མ་མ་ཙིསྟ་ས༷་བྷ་ཝ་ཨ་དྷིཇི་ན༷། མ་མ་ཨུ་ཐརྫུ་ན། སིརྙི་ཕ་ལ་ཧུ༷་གྲྭ་ཧྭ། ཛི་ཨུ༷༷ཧུ༷་གུ་རུ་ཤི། པདྨ་བཛྲ་རྙི༷༷།རྙུ་མ་ཀྟ་ཡེ་ཌའསྐི་ནི་ན་མ༷༷གྲྭ་ཧྭ། ཨོ་ཨུ༷༷ཧུ༷། གུ་རུ་ཤི། བྲརྙ་ཐོད་ཕྲེང་རྩལ། བི་རོ་ཙ་ན་ཨོ། སརྦ་བུརྙ་ཌའསྐི་ནི་ཧུ༷། ཨོ་ཨུ༷༷ཧུ༷། གུ་རུ་ཤི། ཨ་སྨྱོ་སྨྱོ། བཛྲ་སུ་ཁ་དྷ་རི་ཧུ༷། ཨོ་ཨུ༷༷ཧུ༷། གུ་རུ་ཤི། པཏྲེ་བྷ་ཤ་ཧ། ཌའསྐི་ནི་ཀུ་རུ་ཀུསླེ་ཧྲི༷༷གྲྭ་ཧྭ། ཨོ་ཨུ༷༷ཧུ༷། གུ་རུ་ཤི། ཨུ་ཙརུ་མ་ཧྭ་བཛྲ་ཤཱན་ཏི་པདྨ་བྷ་རུ་ཏི་སྨྱོ༷༷ཌསྐི་ནི་ཧུ༷། ཨོ་ཨུ༷༷ཧུ༷། གུ་རུ་ཤི། བཛྲ་མ་ཧྭ་ཀྲོ་དྨ་ཨ་རྩིག་ནེ་རྩིག །མུ་མ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧྭ༷། ཨོ་ཨུ༷༷ཧུ༷། གུ་རུ་ཤི། བུཨཱོཾ་ཀ་བཱ་ལི་དཔའ་བོ་ཧྭ༷། ཚུརྙི་པྲཌསྐི་ནི་བཱ་མ་རུ་ལུ་ཧྭ༷་གྲྭ་ཧྭ། ཨོ་ཨུ༷༷ཧྭ༷། གུ་རུ་ཤི། བཛྲ་མ་ཧྭ་ཀྲོ་ཏ་རྒྱ་འགྲི་ཝ། མ་མ་ཨེ་ཀ་ཙ་ཏི་ཧྭ༷། ཨོ་ཨུ༷༷ཧྭ༷། གུ་རུ་རྒི། བཛྲ་བཱ་ཁེ་མ་ཧྭ་ཀྲོ་དྨ། མ་མ་སིརྗི་ཧྭ༷། ཟློ་ཨུ༷༷ཧྭ༷། གུ་རུ་ཤི། ཡཀྟ་ས་མ་ཡ། སྙི༷༷མ་ཧ་རི་རྣོ་ས། ར་ཙའ་སྙི༷༷ཡ། མ་མ་ཡོ་རྒོ་ནི། སརྦ་དུཛིནོ་ཧུ༷་ཕཊ། ཉིརྙ་ཀུ་རུ་གྲྭ་ཧྭ། སྤུརྙུ་ཀུ་རུ་སྲུ་ཧྭ། ཝ་ཤེ་ཀུ་ཛུ་གྲྭ་ཧྭ། ཤ་་ཏྲུ༷་མུ་ར་ཡ་ཕཊ། ཨོ་ཨུ༷༷ཧུ༷། སརྗོ་པརྩི་ཨ་མྲི་་ཏ་་ཧུ༷་སྙི༷་། ཚེ་ཨུ༷༷ཧུ༷། མ་ཧྭ་རཀྟ། མྱུ་ལ་རཀྟ། ཛ་ལ་མཎྜལ་ཧུ༷་སྙི༷༷ཋ། ཨོ་ཨུ༷༷ཧུ༷། མ་ཧྭ་བ་ལི་ཏ། ཏེ་ཛ་བ་ལི་ཏ། བྷ་ལ་བྷ་ཏེ། གུ་རྒྱ་མ་ཧྭ་ཤི། ས་མ་ཡ་གྲྭ་ཧྭ། ཨོ་བཛྲ་ཨསྙེ༷་ཨ། པུརྫེ་པུ། དྷ་པེ་རྙུ། ཨུ་ལོ་ཀེ་སྙི༷༷ བྷན་དྷི་བྷན། ནི་ཝི་བྱ་ཨ། ཤསྟ་ཧུ༷། ཨ་སྟི་ཥ་་༷། སྒྲུ༷་རཀྟ་ཧུ༷།་ལ་སོགས་ཏེ་སྔགས་ཀྱི་རིགས། བསྒྱུར་དང་བསྒྱུར་ཁའི་རྣམ་གྲངས་རྣམས། །རྒྱས་བསྡུས་རྣམ་པ་མ་ངེས་པར། །གང་བྱེད་སོ་སོའི་ཤམ་བུ་གདགས། འབྲུ་འབུམ་གྲངས་ཀྱི་བསྙེན་པ་སྟེ། །དུས་ཀྱི་ཚད་ནི་ལོ་གསུམ་ལ། །ཚད་ནི་རྟགས་རྫོགས་བར་དུ་བཟླས། །དེ་ལ་ངེས་མེད་ཤེས་པར་བྱ། །རྒྱལ་པོའི་ཕོ་ཉ་ལྟ་བུ་དང་། །ཟླ་བ་སྐར་ཕྲེང་མགལ་མེའི་ཚུལ། །བུང་བ་ཚང་གྲོལ་ལྟ་བུ་སྟེ། །འཛབ་དགོངས་བཞི་དང་ལྡན་པར་ཤེས། །ཕྱི་ནང་ཆེ་ཆུང་གོ་རིམ་དང་། །རིང་ཐུང་མགྱོགས་བུལ་དྲག་དད་ཞན། །སྐྱོན་དྲུག་དོར་ཞིང་ཚུལ་ཤེས་པར། །དོན་འབྲས་མ་སྨིན་བར་དུ་འབད། །སྤྱིར་ནི་རྣམ་གྲངས་གོ་རིམ་དང་། །ཚུལ་ཅན་ཚུལ་མིན་སྤང་བླང་སོགས། །སྔགས་ཀྱི་བྱེད་ལས་གང་ཡིན་རྣམས། །སོ་སོར་བརྟགས་ཏེ་བྱ་བར་ཤེས། །ཏིང་འཛིན་སྔགས་དང་བཟླས་བརྗོད་གསུམ། །གཅིག་མདངས་གཅིག་གིས་བསྐྱེད་པའི་ཕྱིར། །གསལ་དག་བརྗོད་པ་གཙང་བ་གཅེས། །དེ་འབྲས་ཡིད་འདོད་དངོས་གྲུབ་འབྱུང་། །ཐུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ལས། སྔགས་ཀྱི་རྣམ་གྲངས་བགྲང་ཚུལ་དང་བཅས་པ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།སྒྲོ། །།དྲོད་ཚད་རྟགས་དང་མཚན་མ་གཉིས། །མི་རྟོག་ཏིང་འཛིན་དེ་ཉིད་ཐོབ། །མངོན་ཞེན་ཀུན་རྫོབ་རྫུན་ཁུང་རྡིབ། །གདིང་རྙེད་སྣང་སྲིད་ཅིར་མི་སེམས། །དངོས་ཉམས་རྨི་ལམ་རབ་རིབ་ལ འཇའ་འོད་ཤེལ་དང་བུམ་གཏེར་རྙེད། །དྲི་བཟང་རོལ་མོ་ཉི་ཟླ་ཤར། །མེ་ཏོག་ཁྲུས་རྒྱན་གོས་བཟང་གོན། །རྫིང་འདོར་གཞན་བཀུར་རི་མཐོན་འཛེགས། །སྣ་ཚོགས་འབུལ་སྐྱེལ་འབྲུ་ལྗོན་དང་། །བླ་ཁམས་འབྱུང་དར་སྟོབས་རྒྱས་ལྟས། །ཞལ་སྟོན་ཆོས་སྨྲ་སྔགས་ཉམས་སད། ཁྱད་པར་ཐུན་མོང་དེ་སོགས་ཏེ། །དེ་ལས་ལོག་པ་ངན་པའི་རིགས། །ཞིབ་བརྟག་བྱེ་བྲག་ཤེས་བྱ་ཞིང་། །བཟང་ངན་བཏང་སྙོམས་ངང་ལ་བཞག །མདོར་ན་ལུས་ངག་ཡིད་བདེ་ཞིང་། །ཁམས་རྒྱས་རྟོགས་འབར་འདོད་པའི་དོན། །ཆོས་འགྲུབ་གནས་སྐབས་མཐར་ཐུག་གི །བྱེད་འབྲས་འབྱུང་བ་མཚན་མའོ། །ཐུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ལང་་རྟགས་དང་མཚན་མ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། སྙི། །།ལྷ་དང་བླ་མ་གྲུབ་ནས་ནི། །ཅི་འདོད་ཕྲིན་ལས་ཁ་བསྒྱུར་བརྩོན། །བྱིན་རླབས་འདོད་པས་བླ་མས་ནི། །དད་ཅིང་གདུང་བས་ལས་ལ་སྦྱང་། །དངོས་གྲུབ་འདོད་པས་ཡི་དམ་ལྷ། །ཕོ་མོ་ཞི་དྲག་གཞན་ཕན་བློས། །དྲིལ་དང་བྱེ་བྲག་སོ་སོ་སོགས། །ཡིད་གཉིས་མེད་པར་ལས་ལ་སྦྱར། །ཞི་རྒྱས་དབང་དང་མངོན་སྤྱོད་སོགས། །བར་ཆོད་སེལ་དང་བསྟན་པ་བསྲུང་། །མ་མོ་ཌའསྐི་ཆོས་སྐྱོང་གི །ལས་སྦྱོར་དམ་ཚིག་ལྡན་པས་འབད། །གཞན་ཡང་གནས་སྐབས་མཐར་ཐུག་གི །ཕྲིན་ལས་ཁ་བསྒྱུར་ལས་ཕྲན་རྣམས། །དད་དང་བརྩོན་འགྲུས་དམ་ཚིག་ལྡན། །ཡིད་གཉིས་བྲལ་བའི་རྣལ་འབྱོར་པས། །འཇིག་རྟེན་འདས་དང་མ་འདས་ཀྱི། །ལྷ་དང་བླ་མ་ལ་སོགས་དང་། །འཁོར་དང་སྤྲུལ་པ་ཡང་སྤྲུལ་གྱི། །བསྒྲུབ་པ་གྲུབ་ནས་བརྩམ་པར་བྱ། །དེ་གྲུབ་མཉེས་པར་མ་བྱས་ཤིང་། །འདོད་པས་ལས་སྦྱོར་གང་བརྩམས་ཀྱང་། །འགྲུབ་པར་མི་འགྱུར་བར་ཆད་ནི། །མི་རུང་ལྟས་དང་བཅས་ཏེ་འབྱུང་། །དེ་ཕྱིར་ལྷ་དང་བླ་མ་ཉིད། ཁུབ་ན་མཉེས་པར་བྱ་བ་དང་། །མ་མོ་ཌའསྐི་བྲན་ཁོལ་བཅས། །ཐུགས་དམ་བསྐངས་ནས་ལས་ལ་སྦྱར། །ཐུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ལས། ཕྲིན་ལས་ཁ་བསྒྱུར་དང་ལས་སྦྱོར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།།སྒྲོ། །།ལྷ་དང་སྔགས་ཀྱི་དེ་ཉིད་དོན། །མ་རྨོངས་བསྟན་པ་ཐོབ་བྱ་སྟེ། །མཚན་ཉིད་ཀུན་ལྡན་བླ་མ་ཡིས། །རང་སྨིན་ལས་ནི་གཞན་སྨིན་བརྩོན། །དམ་ཚིག་ཀུན་ལྡན་དད་པའི་གཞི། །ཀུན་བསླང་སྐྱེས་བུ་དམ་པ་ཡིས། །ལུས་དང་ལོངས་སྤྱོད་ལ་སོགས་རྫས། །དངོས་འབྱོར་སྤྲུལ་ཅིང་མཎྜལ་དབུལ། །དག་བྱེད་ཉིད་ནི་ཐོག་མ་ལ། །རིག་པ་ལྔ་ཡིས་ལྔ་ཉིད་བཤིག །གསང་བ་ཤེས་རབ་ཚིག་དོན་བསྐུར། །ཡན་ལག་མཐའ་རྗེས་ཡོངས་སུ་རྫོགས། །རྒྱུ༷་བི་ཤྭ་བི་ཤུརྙེ་ཀྭ་ཡ་ཨ་སྟི་ཁིའ་་༷། །ཨོ་བུརྙ་ཨ་སྟི་ཁེ྅་ཨོ། ཨོ་བཛྲ་ཨ་སྟི་ཁེ྅་ཧུ༷། ཨོ་རཏྣ་ཨ་སྟི་ཁེ྅་ཏྲུ༷། ཨོ་པདྨ་ཨ་སྟི་ཁི྅་ཧི༷༷། ཨོ་ཀརྨུ་ཨ་སྟི་ཁེ྅་ཨ། ཨོ་ཨུ༷༷ཧུ༷་གུ་རུ་དྷི་ཝ་ཌསྐི་ནི་སརྦ་ཀརྣ་ཨ་སྟི་ཁེ྅་ཨོ། ཨོ་སརྦ་རྟེ་ཐུ་ག་ཏྭ་གུ་རྒྱ་ཨ་སྟི་ཁིརྩི་ཨུ༷༷། ཨོ་ཌསྐི་ནི་པྲཛུ་སུ་ཁ་ཛུ་ན་ཨ་སྟི་ཁེ྅་ཧྭ༷། ཨོ་སརྦ་ཏ་ཐུ་ག་ཏྭ་ཙ་ཏུར་ཨ་སྟི་ཁི྅་ཧྲ༷༷༷། །ཕྱི་ནང་གསང་བ་དེ་ཁོ་ན། །ལུས་ལ་རྫས་སྨིན་ཕྱི་རོལ་པ།འ །ཚིག་སྔགས་ནང་དབང་ཏིང་འཛིན་གསང་། །བརྡ་དོན་སྤྲད་པ་དེ་ཁོ་ན། །ཟིསྐུར་ཐོབི་མ་བཧཱུཾར་ཐོབ་པ་ཉིད་། །བསྐུར་ནས་མ་ཐོབ་ལ་སོགས་པ། །དཔོན་སློབ་གཉིས་ཀྱི་སྤང་བླང་རྣམས། །དབང་རྒི་བྱེ་བྲག་ཤེས་པར་བྱ། །གསང་སྔགས་རྩ་བ་དབང་ཉིད་དེ། །དེ་ཉིད་རྩ་བ་དམ་ཚིག་ལས། །འདའ་བར་མི་བྱ་བསྲུང་མཚམས་རྣམས། །གཉིས་ཀས་ཤེས་ཕྱིར་དངོས་གྲུབ་འབྱུང་། ཁུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ལས། དབང་བསྐུར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།྅། །གསང་དང་སྔགས་ཀྱི་དེ་ཉིད་དོན། །བླ་ན་མེད་པ་ཁོ་ན་སྟེ། །དེ་ཡི་བླ་ན་མེད་པ་ནི། །དམ་ཚིག་ལ་གནས་མཆོག་ཏུ་བསྔགས། །ཕྲིན་ལས་ཡོན་ཏན་ཐུགས་གསུང་སྐུ། །བྱེ་བྲག་གནས་སྐབས་མཐར་ཐུག་གི །ཡན་ལག་རྩ་བའི་དམ་ཚིག་དག །ཉི་ཤུ་ལྔ་དང་ལྔ་ཉིད་གཅེས། །སྐྱོན་ཡོན་སྤང་བླང་གཞིག་བྱས་ལ། །མ་ཉམས་བསྲུངས་ན་དོན་འབྲས་འགྲུབ། །ཉམས་ན་ཡུན་རིང་དུ༷༷ཁ་མྱང་། །དེ་ཕྱིར་དེ་དོན་ལེགས་ཤེས་བྱ། །རྡོ་རྗེ་ཐེག་པར་གྱུར་ཏོ་ཅོག །སྤྱི་དང་བྱེ་བྲག་གང་ལ་ཡང་། །བསྟན་པའི་རྩ་བ་དམ་ཚིག་ནི། །རྣམ་པ་མང་པོ་དེ་བཞིན་ནོ། །ཐུགས་བམོ་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ལས། །དམ་ཚིག་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། ྅། །།གྲོལ་ལམ་ཡང་དག་གཅིག་ཉིད་ལ། །བདེན་པ་གཉིས་ཕྱིར་བསྐྱེད་དང་རྫོགས། །རབ་འབྲིང་ཐ་མའི་བློ་ཅན་གྱིས། །གཉིས་མེད་རྫོགས་དང་བསྐྱེད་པའོ། །འཁོར་འདས་སྤྱི་གཞི་ཡང་དག་དོན། །མ་བསྒྲིབས་རྗེན་པ་བསྐྱེད་པ་ལ། །ངོ་བོ་སྟོང་པ་རྫོགས་པ་སྙེ། །སྣ་ཚོགས་འཕྲོ་འདུ་གཉིས་སུ་མེད། །གཞི་རྫོགས་ལམ་སྣང་འབྲས་བུ་མཐོང་། །སྒོ་ཡུལ་ཡུལ་ཅན་གསུམ་འཛོམ་ན། །མངོན་སུམ་འཕེལ་ཞིང་ཚད་ལ་ཕེབ། །ཟད་ནས་གཉིས་འབྲས་དེ་ཉིད་ཐོབ། །ཉག་ཐག་གཅིག་ཆོད་ཡན་ལག་སྐམ། །ཀློང་འཔྱོ་སྒྲོགས་གྲོལ་བརྟན་པ་ཚུགས། །རྩལ་རྫོགས་མཛེས་པའི་རྒྱན་གྱིས་སྤྲས། །འོད་ཟེར་འཕྲོ་འདུ་ལས་ཀུན་བྱེད། །རྩད་ཆོད་ང་ཡང་སུ་འདོད་ཁྱེར། །སེརྙེ་རི་རྦབ་གླང་པོ་སྐྱོང་། །ཀུན་པལ་བཏང་སྙོམས་ཅིར་མི་བལྟ། །ནམ་མཁའ་རི་བོ་རྒྱ་མཚོ་ཆེ། །མ་ནོར་གཅིག་ཆོག་བློ་བདེ་བའི། །ཅོད་པན་ཕོག་པ་དེ་ཉིད་སོགས། །བསྙེན་ཅིང་མཆོད་དེ་བཟླས་པ་འབད། །སྟ་གོན་དང་པོའི་བྱ་བའོ། །གཉིས་པར་དལ་དང་རྫས་བཀོད་དེ། །དམིགས་པ་གསལ་ཞིང་བསྒྲུབ་ལ་བརྩོན། །ཕྱི་ནང་གསང་རྟགས་རྫོགས་པ་དང་། །རྟེན་འཆང་རྟག་ཏུ་མ་ཡེངས་བལྟ། །དེ་ནས་གསུམ་པར་ལས་ལ་སྦྱར། །གང་འདོད་ཕྲིན་ལས་ཁ་བསྒྱུར་གདགས། །འདོད་དོན་འབྲས་བུ་ཡིད་ལ་བྱ། །དོན་གྲུབ་གལ་མ་མཆིས་ལ་བཞག །བསྐྱེད་རྫོགས་གཉིས་མེད་དབང་རབ་ལ། །རྫོགས་རིམ་གསུམ་པ་འབྲིང་པོ་ཉིད། །ཐ་མས་བསྐྱེད་རིམ་བཟླས་པ་འབད། །མཐར་ཐུག་བསྐྱེད་རྫོགས་ཡང་རྩེ་ཡིན། །ཐུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ལས། གྲོལ་ལམ་བསྐྱེད་རྫོགས་ཀྱི་གདམས་པ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། སྙི། །།ཆགས་ཆེན་ལམ་དུ་ཞུགས་པ་ཡི། །བླ་མེད་བཅུད་ཀྱི་མཐར་ཐུག་འདི། །ས་ལམ་མྱུར་བགྲོད་སྐད་ཅིག་གིས། །སྨིན་གྲོལ་གནད་ཀྱི་ཡང་ཞུན་འདི། །དང་པོ་སྨིན་བྱེད་དལ་དུ་གཞུག །གཉིས་པར་ཆགས་ལམ་གསང་ཁྲིད་བསྒོམ། །གསུམ་པར་ཉམས་ལེན་གཅིག་ཐོག་གཟིར། །ངོ་སྤྲོད་སྣང་སྲིད་བདེ་བར་རོལ། །ལེ་ལོ་རྣམ་གཡེང་རབ་སྤང་ཞིང་། །དབེན་པར་ཌསྐིའི་དཀྱིལ་འཁོར་བཤམ། །མོས་གུས་གསོལ་བ་ཕུར་ཚུགས་གདབ། །གསང་བའི་དལ་ཞུགས་དབང་བསྐུར་བྱ། །དགའ་དང་མཆོག་དགའ་མཆོག་རབ་དགའ། །བདེ་སྟོང་མི་རྟོག་ཏིང་འཛིན་བཟུང་། །མ་ཡེངས་འཐྲིས་བུ་ཨར་ལ་གཏད། །འདི་ནི་ཉག་གཅིག་གཉིས་མེད་དོན། །སྙོ་དྷི་ཙིསྟ་མ་ཧྭ་སུ་ཁ་ཙྭ་ན་དྷ་ཏུ་ཨ་སྟི་ཁི྅་མ༷། སྒྱུ་ལུས་གཡོ་འགུལ་སྣ་ཚོགས་ཀྱིས། །ལས་ལ་དབང་འབྱོར་མཉེན་ལྕུག་བདེ། །ཕྱག་བསྐོར་གར་བསྒྱུར་སྤྱོད་ལམ་བྱ། །སྔོན་དུ་འགྲོ་བ་ཤིན་ཏུ་གཅེས། །རོ་དབྱུང་གསར་བཟུང་རྒྱུ་རྔུབ་ཅིང་། །གྱེན་མཐུར་མེ་སྲོག་ཀུན་ལ་ཁྱབ། །དབང་དང་འབྱོར་ཐོབ་ལས་སུ་རུང་། །བར་དུ་གནད་ལ་དབབ་པར་བྱ། །དམིགས་པའི་མདའ་བསྣུན་འཕེན་བྱས་ཏེ། །དབབ་བསྐྱིལ་བཟློག་བཀྲམ་དབང་འབྱོར་ཐོབ། །རང་གཞན་སྦྱོར་བས་ལས་ལ་སྦྱར། །ཐ་མ་ཉིད་དེ་རིམ་པས་སོ། །མཐར་ཐུག་དོན་སྟོན་ཡེ་ཤེས་བསྐྱེད། །ངོ་སྤྲོད་རྒྱས་གདབ་ལ་སོགས་ཏེ། །ཡང་དག་བླ་མེད་འབྲས་བུའི་མཆོག །རང་གཞན་རྣལ་འབྱོར་རྒྱལ་པོས་བལྟ། །ཐུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ལས། ཌའསྐིའི་ཆགས་ལམ་གསང་བ་བླ་མེད་ཀྱི་གདམས་པ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། སྙི། །།བསྐྱེད་རྫོགས་བརྟན་པ་ཐོབ་པ་ཡི། །འབྲས་བུ་བཅུད་དུ་སྨིན་ཚུལ་དག །གནས་སྐབས་མཐར་ཐུག་ཡང་དག་དོན། །ངོ་བོ་དབྱེར་མེད་གྲུབ་ཚུལ་ནི། །ཆད་རྟགས་ཡིད་གཉིས་ལས་གྲོལ་ཏེ། །འབྲས་བུ་སྐུ་གསུམ་བཅུད་དུ་སྨིན། །རང་གཞན་ཀུན་དོན་ལས་བྱེད་ཅིང་། །དོན་གཉིས་ཡང་དག་ཚད་དུ་ལྡང་། །ཕ་རོལ་རྒོལ་བ་སུན་འབྱིན་ནས། །སྣ་ཚོགས་ལས་ལ་དབང་འབྱོར་ཏེ། །ཡང་དག་ས་ལ་འགོད་པ་དང་། །ཡང་ན་དབྱིངས་སུ་གྲོལ་བར་བྱེད། །དབང་པོ་གསུམ་གྱི་ཁྱད་པར་ལས། །འདི་ཉིད་དང་ནི་བར་དོ་སྲ །གཅིག་གི་བརྒྱུད་དེ་ས་ཆོད་ནས། །ཡང་དག་བརྟན་པ་མི་གཡོ་འགྱུར། །གདོས་བཅས་ཉིད་དང་བྲལ་བའི་ཚེ། །རྡུལ་བྲལ་མཁའ་དང་འོད་ཟེར་འཇའ། །ཡིག་འབྲུ་སྐུ་གདུང་རིང་བསྲེལ་སོགས། །སྐུ་གསུམ་ཐོབ་རྟགས་མང་འབྱུང་འགྱུར། །འབད་པ་དོན་ཡོད་གཅིག་ཆོག་ཉིད། །འདི་ནི་དུས་གསུམ་རྒྱལ་བའི་བཀའ། །ལ་ལས་རྣ་བའི་དབང་པོ་སྲ །ལན་ཅིག་ཐོས་ཀྱང་དོན་ཆེན་འགྲུབ། །ཐུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ལས། བསྐྱེད་རྫོགས་ཀྱི་འབྲས་བུ་གྲུབ་ཚུལ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། སྤྱི། །།འདི་ལ་དབང་སྤྱོད་རིག་པའི་བུ། །སྐྱེ་འཆི་མི་གོས་རྡོ་རྗེའི་སྐུ། །དྲི་མེད་མཚོ་དབུས་འདབ་བརྒྱད་ལས། །ལེགས་བྱུང་སྤྲུལ་སྐུ་པདྨ་འབྱུང་། །རྒྱལ་བ་རྣམས་ཀྱི་ཕྲིན་ལས་བདག །སྣ་ཚོགས་སྤྱོད་པ་རླབས་པོ་ཆེས། །གདུལ་བྱའི་མོས་བློ་ཐ་དད་ལ། །རྣམ་པ་བཞི་ཡི་དོན་བྱེད་འགྱུར། །དེ་སྲས་སྤྲུལ་དང་ཡང་སྤྲུལ་དང་། །མ་འོངས་དོན་བྱེད་སྐྱེས་བུ་ནི། །ཆོ་འཕྲུལ་སྟོན་པ་ལ་ལ་ཞིག །འདི་ཉིད་མཚན་ཙམ་འཛིན་པ་འབྱུང་། །དེ་ནས་ཉི་མའི་ཟེར་ཐག་ལྟར། །སྣང་སྤྲུལ་ཁྱབ་བྱེད་གནས་སྐབས་འགར། །འཕྲོས་པའི་ཕྲེང་བའང་རེ་རེ་ཙམ། །མཐའ་ནས་མཐའ་རུ་འབྱུང་བར་འགྱུར། །ཚུལ་མིན་འཆོལ་པར་འབྱུང་སྲིད་ཀྱི། །ཚུལ་འདི་ནམ་ཡང་འཇིག་མི་མངའ། །ཅི་ཕྱིར་རྒྱལ་བའི་གདུང་འཛིན་པ། །གཡུང་དྲུང་ཉིད་དུ་བརྟན་པའོ། །བསྟན་པ་དམ་པ་འདི་དང་ནི། །དོན་བྱེད་དམ་པ་སྤྲུལ་པར་བཅས། །འདི་འཕྲད་སྲིད་པ་མ་ལུས་ཀུན། །མི་ནུབ་དར་རྒྱས་གཉིས་ལྡན་ཤོག །ཐུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ལས། མ་འོངས་ལུང་བསྟན་དང་སྨོན་ལམ་གྱི་ལེའུ་སྟེ་བཅུ་དགུ་པའོ།། སྙི། །།འདི་ནི་བསྟན་པ་གང་བབ་ཀྱི། །རིན་ཆེན་བཞུས་པའི་ཁུ་བའམ། །ཡང་ན་གང་འཐད་སྨན་སོགས་ཀྱིས། །བྲིས་ཤིང་ལུས་ལ་བཅངས་པས་ཀྱང་། །ཚེ་འདིར་ལྷ་དང་མིས་མཆོད་ཅིང་། །བར་དུ་གཅོད་པའི་བདུད་ཚོགས་ཀྱང་། །ཞི་བའི་ལས་ལ་གནས་པ་དང་། །བཀུར་སྟི་བཅས་ཏེ་བསྲུང་བར་འགྱུར། །ཚེ་འཕོས་ལྟས་བཟང་མཚན་མར་བཅས། །ནད་གདོན་དུ༷༷ཁ་ཉེར་ཞི་ཞིང་། །མཐའ་ཡས་བཀོད་སོགས་ཞིང་ཁམས་སུ། །བགྲོད་འགྱུར་ཐེ་ཚོམ་མེད་གྱུར་ན། །བསྒྲུབ་ཅིང་ཉམས་སུ་བླངས་པས་ནི། །བླ་མེད་འབྲས་བུ་མྱུར་ཐོབ་སྟེ། །རང་གཞན་དོན་གཉིས་འགྲུབ་པ་དང་། །འབྲས་བུ་ལྷུན་རྫོགས་སྨོས་ཅི་དགོས། །དེ་ཕྱིར་བསྟན་ལ་ཞུགས་རྣམས་ཀྱིས། །ཉམས་སུ་ལེན་དང་གཞན་ལ་སྟོན། །འབྲི་ཀློག་འཆང་ཞིང་གསོལ་བ་གདབ། །དེ་འབྲས་ནུས་པ་དཔག་པར་དཀའ། །ཐུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ལས། ཆེ་བའི་ཡོན་ཏན་དང་བཅད་ཐབས་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།།སྒྲོ། །།དེ་སྐད་དཔག་མེད་རྒྱལ་པོ་ཡིས། །དབང་པོ་ལ་སོགས་འཁོར་རྣམས་ལ། །རང་བཞིན་ཀློང་ནས་རང་བབས་སུ། །པདྨའི་ལྗགས་ཀྱིས་སྨྲས་པ་དང་། །བྱང་ཆུབ་སེམས་དཔའི་འཁོར་གྱི་ཚོགས། །གཟུགས་ཀྱི་སྙིང་པོ་ལ་སོགས་དང་། །མ་མོ་མཁའ་འགྲོར་བཅས་པ་རྣམས། །རྗེས་སུ་ཡི་རང་ཚུལ་གྱིས་ནི། །ཨེ་མ་ཨེ་མ་བཅོམ་ལྡན་འདས། །ཡང་དག་དོན་ལྡན་བླ་ན་མེད། །ལེགས་སོ་ལེགས་སོ་ལེགས་པར་སྨྲས། །བསྟོད་བསྔགས་དུ་མས་མངོན་པར་བསྟོད། །ཐུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ལས། རྗེས་སུ་ཡི་རང་ཞིང་མངོན་པར་བསྟོད་པའི་ལེའུ་སྟེ་ཉེར་གཅིག་པའོ།། ྅། །།བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་གི་དབང་ཕྱུག་གཟི་བརྗིད་འོད་དཔག་མེད་ཀྱི་སྤྲུལ་པ་རང་བྱུང་དུ་བབས་པའི་བཀའ་དྲི་མ་མེད་པའི་སྐུ་དང་གསུང་དང་ཐུགས་ཡོན་ཏན་དང་། ཕྲིན་ལས་མི་ཟད་པ་དཔལ་དུ་འབར་བའི་དགོངས་པ་མངོན་དུ་ཕྱུང་བ། རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ཞེས་བྱ་བ་རྫོགས་སོ།། །།ས་མ་ཡ། རྟ་ནག་དྲེགས་པའི་ཚོགས་ཀྱིས་བཀའ་འདི་སྲུངས། གཏེར་རྐུན་དམ་ཉམས་ལོག་ལྟ་ཅན་གྱི་དབང་པོ་སྣུབས། སྐལ་ལྡན་ལས་ཅན་གསུང་གི་སྲས་དང་འཕྲད་པར་ཤོག །ས་མ་ཡ། རྒྱ་རྒྱ་རྒྱ། དྷ་ཐིམ། གུརྒྱ། སྤྲུལ་སྐུ་གར་གྱི་དབང་ཕྱུག་སངས་རྒྱས་གླིང་པས། ཡོས་ཀྱི་ལོ་གླང་གི་ཟླ་བའི་ཚེས་བརྒྱད། ཡོས་ཀྱི་ཉི་མ་ཉི་དྲོས་འབྲུག་གི་དུས་སུ། བླ་དཀར་དུང་གི་སྒོ་མོ་ནས། ཀླུ་བཙན་དྲག་པོ་ཡབ་ཡུམ་གྱི་བསྙེན་བསྐུར་བྱས་ནས་གཏེར་ཕུལ་བ་ལགས་སོ། །ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག། །།