Ngb-pt-0045-vol-01-text
BASIC METADATA | |
---|---|
Title of Text | |
Title on Cover | |
Cover Title San | |
Cover Title San in Tib | |
Cover Title San in Lanydza | |
Title on Spine | |
Margin Title | |
Author of Text | |
Name of Collection (if applicable) | |
PUBLISHING | |
Publisher Name | |
Publisher Place | |
Publisher Date | |
IDs | |
ISBN (if applicable) | |
Library Call-number (if applicable) | |
Other ID number (if applicable) | |
Volume Letter (if applicable) | |
Volume Number (if applicable) | |
Pagination of Text | |
Pages Represented in this file | |
CREATION | |
Name of Agent Creating Etext | |
Date Process Begun | |
Date Process Finished | |
Place of Process | |
Method of Process (OCR, input) | |
PROOFING | |
Name of Proofreader | |
Date Proof Began | |
Date Proof Finished | |
Place of Proof | |
MARKUP | |
Name of Markup-er | |
Date Markup Began | |
Date Markup Finished | |
Place of Markup | |
CONVERSION | |
Name of Converter | |
Date Conversion Began | |
Date Conversion Finished | |
Place of Conversion | |
PROBLEMS | |
Front
Body
[570][570.1]རྒྱ་གར་སྐད་དུ། ཙིལྟི་པྲརྟ་ད་ཡུ་ཤཱ་ཡ་སུ་ར་སུ་མུ་དྭ་ཡ་ཤུརྙ་གུ་རྒྱུརྦ་སུ་ར་ས༷་ཧྭ་རྭ་པབྱུ་ཏ་མ༷༷ཁྲིསྣུ་སྒུརུ་ཙནྟྲ་ཛ་ལ་ཏནྟྲ། བོད་སྐད་དུ། ཐུགས་ཀྱི་ཡང་སྙིང་དགོངས་པའི་བཅུད་འདུས་པ། བཀའ་རྒྱུད་རྣམས་ཀྱི་[570.2]གསང་དོན་བཅུད་དྲིལ་བ་མ་རིག་མུན་སེལ་ཉི་ཟླ་འབར་བའི་རྒྱུད། ཡེ་གནས་ཐོག་མའི་སངས་རྒྱས་འོད་གསལ་ངང་དངས་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་གོ་ཞིང་རྟོགས་པའི་དུས་གཅིག་ན། ཆོས་ཉིད་ཀྱི་[570.3]ཀློང་དབྱིངས་ཀྱི་སྟོང་ར་ན། མཁའ་ཀློང་རྣམ་པར་དག་པའི་གནས། །འོད་སྣ་ཚོགས་གཅིག་ཏུ་འདུས་པ། རིན་པོ་ཆེ་སྤུངས་པ་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་པའི་དཀྱིལ་འཁོར་རྒྱ་ཡོངས་སུ་མ་ཆད། ཕྱོགས་[570.4]གང་དུ་ཡང་མ་ལྷུང་། སྒྲིབ་པ་མེད་པར་རང་བཞིན་གྱིས་འོད་གསལ་བ། དབྱིངས་རྣམ་པར་དག་པའི་མཁའ། སྣང་སྲིད་སྐྱེ་འགྲོ་ཐམས་ཅད་བསྡུས་པའི་གནས་དེ་ན། ཡེ་ཐོག་མའི་སངས་རྒྱས་འོད་མི་འགྱུར་བའི་རང་[570.5]བཞིན། ཀུན་ཏུ་བཟང་པོ་ཞེས་བྱ་བ་བཞུགས་སོ། །དེའི་ཚེ་རང་བྱུང་གི་སྟོན་པའི་འཁོར་འདི་ལྟ་སྟེ། རྣམ་པར་དག་པ་བདེ་གསལ་འོད་ཁང་ན། རང་གསལ་སེམས་དཔའ་རྡོ་རྗེ་ལ། རང་བྱུང་གི་འཁོར་དང་། རང་[570.6]གསལ་སེམས་ཀྱི་འཁོར་དང་། དྲན་རྟོག་བློའི་འཁོར་དང་། རྩལ་ཟེར་བུའི་འཁོར་འདི་ལྟ་སྟེ། འོད་གསལ་རིན་པོ་ཆེའི་དཀྱིལ་འཁོར་ན། དབྱེར་མེད་གཏི་མུག་དག་པའི་སྟོན་པ་ལ། ཞེ་སྡང་རང་བྱུང་གི་འཁོར་དང་།[571][571.1]ང་རྒྱལ་རྣམ་དག་གི་འཁོར་དང་། འདོད་ཆགས་ཞེན་གཅོད་ཀྱི་འཁོར་དང་། ཕྲག་དོག་གསལ་དག་གི་འཁོར་རོ། །འདས་དང་མ་འོངས་ད་ལྟར་གྱིས། །ཐ་སྙད་མིང་ལ་མི་གནས་ཏེ། །དུས་གསུམ་གཅིག་[571.2]སྟེ་ཁྱད་པར་མེད། དུས་ཕུན་སུམ་ཚོགས་པའོ། །མ་ཧྭ་ས་ས་མེ་རྦ་དུར་ཙ་ཙ། དྷརྨ་སང་ཀ་རི། ཐེག་པ་དགུ་རྩེ་སྤྱི་ཏི་ཡོ་ག་འདི། །བྱ་བཙལ་རྩོལ་བསྒྲུབ་མ་བྱས་པར། །ཀ་དག་ཡེ་སངས་རྒྱས་པར་བསྟན། །མ་བྱུང་མ་[571.3]སྐྱེ་སྙིང་པོ་ལ། །སྒྲོ་བཏགས་ཆོས་ཀུན་ག་ལ་ཡོད། །མི་སྐྱེ་མི་འགག་ལྷཁོ་པོའི་ཀློང་། །མ་ཕྱེ་མི་ཕྱེ་སྙིང་པོའི་བཅུད། །མ་མཚོན་མི་སྨྲ་ཐ་སྙད་མེད། །དམིགས་པའི་རྣམ་པ་ཀུན་དང་བྲལ། །སངས་རྒྱས་མེད་པས་ཡིད་[571.4]སྨོན་མེད། །གདོད་ནས་དག་པ་ཆོས་ཀྱི་སྐུ། །བདེ་ཆེན་མི་རྟོག་འགྱུ་བ་བྲལ། །སྤྲོས་པ་ཐག་ཆོད་སྣང་བ་དག །རིག་པ་མི་དམིགས་ཡེ་ཤེས་གསལ། །དབང་པོ་རང་སྣང་རྒྱལ་བའི་ཐུགས། །འགྲོ་བ་ཀུན་ལ་རང་བཞིན་[571.5]གནས། །མཐོང་བ་ལོག་པས་འཁྲུལ་མོད་ཀྱང་། །སངས་རྒྱས་ངང་དངས་རང་སངས་རྒྱས། །ཞེས་གསུངས་སོ། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་[571.6]སྐད་ཞུས། །དངོས་པོ་ཇི་ལྟར་གནས་ལུགས་དང་། །མ་རྟོགས་རིགས་དྲུག་ཇི་ལྟར་འཁྲུལ་པ་དང་། །འཁྲུལ་པ་རྩད་ནས་ཇི་ལྟར་གཅད་པ་དང་། །རྟོགས་ནས་འབྲས་བུ་ཇི་ལྟར་འཐོབ་པ་དང་། །གསང་སྔགས་ངོ་བོ་ཇི་[572][572.1]ལྟར་ཡིན་པ་དང་། །ཐེག་པའི་རྒྱལ་པོ་ཇི་ལྟར་བཤད་པ་དང་། །ཡང་རབ་རྣམས་ལ་ཇི་ལྷར་བཤད་པ་དང་། །དེ་ཉིད་རྟོགས་ཐབས་ཇི་ལྟར་བསྟན་པ་དང་། །དེ་རྣམས་སྟོན་པས་འཁོར་ལ་བཀའ་སྩོལ་འཚལ། །ཞེས་[572.2]ཞུས་པ་དང་། དེ་ནས་སྟོན་པ་ཀུན་བཟང་གིས། བྱར་མེད་སྤྲོས་བྲལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །དངོས་པོ་གཤིས་ཀྱི་གནས་ལུགས་ནི། །ཚིག་གི་ཡུལ་དུ་མ་གྱུར་[572.3]ཀྱང་། །མ་རྟོགས་བློ་ལ་མཚོན་པའི་ཕྱིར། །གསུང་གི་སྒྲོན་མ་གསལ་བ་ཡིས། །ཡང་གསང་བཅུད་ཀྱི་སྙིང་པོ་བཤད། །ཡེ་གནས་ཐོག་མ་མེད་པའི་བར་དོ་ན། །མ་ཕྱེད་མི་ཕྱེད་སྙིང་པོ་མཉམ་པ་ཉིད། །གཞི་ཡི་རང་[572.4]བཞིན་ཡོད་མེད་མཉམ་པའི་ངང་། །མཉམ་པའི་ངང་ལས་ཀུན་འབྱུང་མཛོད་པོ་ཆེ། །རྣམ་དག་བསམ་གྱིས་མི་ཁྱབ་ལྷ་ཁང་ན། །སྟོང་གསལ་ངང་དངས་རིན་ཆེན་བཞུགས། །རིན་ཆེན་ངང་གསལ་འཁོར་གྱིས་[572.5]བསྐོར། །དགོས་འདོད་ཀུན་འབྱུང་རིན་ཆེན་འཆང་། །གཞི་ཉིད་རྡོ་རྗེ་རྐྱེན་དང་བྲལ། །མ་སྐྱེས་པས་ན་འཇིག་པ་མེད། །གདོད་ནས་སྙིང་པོ་བྱང་ཆུབ་དེ། །རྩོལ་བའི་བསམ་པས་དབྱིངས་མི་བསྐྱོད། །ཆོས་སྐུའི་ཁྱབ་[572.6]པས་གཅིག་པའི་ཕྱིར། །གཞི་ཡི་རང་བཞིན་མཉམ་པར་གནས། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །ཡང་དག་བདག་མེདདེབཞིནཉིད། །ཡང་དག་མཐའ་ལ་ཡི་གེ་མེད། །བཅུ་དྲུག་པྱེད་ཕྱེད་ཐིག་ལེ་ཅན། །ལུས་[573][573.1]མེད་ལུས་ཏེ་ལུས་ཀྱི་མཆོག །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །རྣམ་པ་ཀུན་ལྡན་རྣམ་པ་མེད། །མི་མངོན་མི་གནས་གསལ་བྱ་[573.2]མིན། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ནམ་མཁའི་མཐའ་ལ་ལོངས་སྤྱོད་པ། །ཐམས་ཅད་བསྐྱེད་པའི་གཞི་མ་ཡིན། །ཀུན་གཞི་མཉམ་ཉིད་ཡིན་པ་ལ། །ཕྱོགས་སུ་བལྟས་པས་གྲུབ་པ་མེད། །སངས་རྒྱས་ཐོག་མ་ཐ་[573.3]མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཆོས་དབྱིངས་ངམ་པ་རྩང་མི་ཤེས། །སངས་རྒྱས་མེད་པས་མིང་ཡང་མེད། །སངས་རྒྱས་སྟོན་པས་མིང་བཏགས་ནོར། །རྣམ་པར་དག་པའི་ཆོས་ཉིད་དེ། །དཔེར་བྱ་[573.4]ཀུན་ལས་འདས་པ་པོ། །དངོས་པོའི་གནས་ལུགས་དེ་ལྟར་རོ། །ཞེས་གསུངས་སོ། །དངོས་པོའི་གཤིས་ཀྱི་གནས་ལུགས་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པ་ཀུན་ཏུ[573.5]བཟང་པོ་ལ། །མ་རྟོགས་སེམས་ཅན་ཇི་ལྟར་འཁྲུལ། །ཞེས་གསོལ་པ་དང་། དེ་ནས་སྟོན་པ་ཀུན་བཟང་དེས། རིན་པོ་ཆེ་འོད་འཕྲོ་འདུ་དང་འཕེལ་འགྲིབ་མེད་པའི་ཏིང་ངེ་འཛིན་ལ་བཞུགས་སོ། །དེ་ལས་བཞེངས་[573.6]ནས་འཁོར་ལ་འདི་སྐད་གསུངས་སོ། །མ་རྟོགས་སེམས་ཅན་འཁྲུལ་ལུགས་ནི། །སྔོན་མེད་ཕྱིས་མེད་གདོད་ནས་དག །ནམ་མཁའི་བདག་པོས་སྣ་ཚོགས་སྟོན། །ནམ་མཁའི་མཐའ་ལས་རང་བྱུང་བ། །སྣ་ཚོགས་[574][574.1]གཟུགས་ཅན་ཡིད་ལས་སྐྱེས། །རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་རྣམས་མ་ལུས་འཆང་བ་པོ། །རྣམ་ཤེས་སྣ་ཚོགས་རྒྱུད་དོན་ལྡན། །བདག་རིག་[574.2]གཞན་རིག་ཐམས་ཅད་པ། །སྣ་ཚོགས་གཟུགས་ཅན་བྱེད་པ་པོ། །ཉོན་མོངས་པས་ནི་སེམས་འཁྲུགས་པས། །ཡེ་ཤེས་འཁོར་བའི་འདམ་དུ་བྱིང་། །མ་རིག་སྒོ་ངའི་སྦུབས་ཆུད་པས། །འགྱུ་བ་རླུད་གིས་རྒྱུ་བྱས་[574.3]ས། །སྒྲིབ་གཡོགས་མུན་པས་བར་བཅད་དེ། །མུན་པའི་འཁོར་ལོ་རྐྱེན་དུ་བྱུང་་། །ཡེ་དོན་མ་ཤེས་དོན་མ་རིག །ངོ་བོ་རང་བཞིན་ཐུགས་རྗེ་ལས། །རིག་པ་ཡིད་འགྱུས་སེམས་སུ་འཁྲུལ། །ཡིད་འཁོར་གསུམ་གྱིས་[574.4]དྲ་བར་འཐུམམུ། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ཀྱི་ཁྱད་པར་མངོན་པར་སྣང་། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་ཚུལ་དུ་འཁྲུལ། །འགྲོ་བའི་སྡུག་བསྔལ་ཟད་མེད་[574.5]མྱོང་། །སྨིག་ཐག་ཐོག་ཞི་དེ་ལས་སུ། །ཆུ་སྦྲུལ་མི་འཁྲུལ་དཔེ་ཡིས་མ་ཚོན། །སྣ་ཚོགས་ལུས་དང་གནས་ལ་སོགས། །བདག་དང་བདག་གིར་སོ་སོར་བཟུང་། །རྨི་ལམ་ཚུལ་དུ་སྡུག་བསྔལ་མྱོང་། །སྣང་སྲིད་སྐྱེ་འགུལ་[574.6]དེ་ལྟར་འཁྲུལ། །ཞེས་གསུངས་སོ། །ཉི་ཟླ་འབར་བའི་རྒྱུད་ལས། མ་རྟོགས་འཁྲུལ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྡོ་རྗེ་སེམསདཔའ་ཡིས། །ཀུན་བཟང་ཉིད་ལ་སླར་ཞུས་པ། །འཁྲུལ་པ་རྩད་ནས་ཇི་[575][575.1]ལྟར་བཅད། །ཅེས་ཞུས་པ་དང་། དེ་ནས་སྟོན་པ་ཀུན་བཟང་དེ་འོད་སྣ་ཚོགས་རང་ལ་ཐིམ་པའི་ཏིང་ངེ་འཛིན་ལ་ཞུགས་སོ། །དེ་ལས་བཞེངས་ནས་འཁོར་ལ་འདི་སྐད་གསུངས། །ནམ་མཁའ་ལས་བྱུང་[575.2]རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཕུང་པོ་འོད་གསལ་འབར། །ཤེས་རབ་རལ་གྲིས་འཁྲུལ་སྣང་གཅོད། །དུས་ཤེས་སེམས་ཅན་དབང་པོ་ཤེས། །ཕུང་པོ་ལྔ་དོན་[575.3]དུས་གསུམ་དུ། །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །དུས་གསུམ་དུས་མེད་རྟོགས་པ་པོ། །རྣམ་གྲོལ་གསུམ་ལ་མཁས་པ་པོ། །གསུམ་[575.4]སེལ་མཐའ་ཡས་གྲོལ་གསུམ་ཐོབ། །བདག་གིར་མི་འཛིན་ངར་མི་འཛིན། །རྣམ་པར་དག་པ་བདག་མེད་ཆོས། །ཡང་དག་བདག་མེད་དེ་བཞིན་ཉིད། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །བག་ཆགས་བཅས་པ་[575.5]གཏན་སྤངས་པ། །ཉོན་མོངས་དྲི་མ་ཀུན་ལས་འདས། །ལུས་ཀུན་ལས་ནི་རྣམ་པར་གྲོལ། །ནམ་མཁའི་ལམ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །དུས་གསུམ་དུས་མེད་རྟོག་པ་པོ། །དོན་རྣམས་[575.6]ཇི་བཞིན་མི་བསྐྱེད་དེ། །བྱ་བ་བྱེད་པ་གྲོལ་བ་གྲོལ། །རང་བྱུང་ཡེ་ཤེས་བཙལ་མེད་པས། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །སྣང་བ་མེད་པའི་ཆོས་ཉིད་འདི། །མ་བཙལ་བཞག་པས་གྲུབ་པ་ཡིན། །འགྲོ་བའི་[576][576.1]སྡུག་བསྔལ་བྱང་ཆུབ་སེམས། །མ་བརྟགས་བཞག་པས་རྣམ་པར་གྲོལ། །དེ་ལས་བསྐྱོད་པ་མེད་བཞིན་དུ། །ནམ་མཁའི་མཐའ་ལྟར་མཉམ་པར་གནས། །དེ་བཞིན་རྟོགས་པའི་ཤེས་རབ་ཀྱིས། །མངོན་སུམ་མེད་པ་[576.2]རང་ལས་བྱུང་། །ཕྱི་ནང་གཉིས་ཀ་ཕྱི་ཉིད་དང་། །ཟབ་མོ་ཆ་ཤས་རྟོགས་ཡུལ་མེད། །སྣང་སྲིད་མིང་ཙམ་ལོག་པའི་སྟོངས། །དེ་བས་ཏིང་འཛིན་མཉམ་དང་བྲལ། །དེ་ལ་ཐ་ཚིག་ཕྱི་དང་ནང་། །རང་བཞིན་ཕུང་པོ་[576.3]ཁམས་ལྟར་གནས། །དུས་གསུམ་འདི་དང་མི་འབྲལ་བས། །ཐ་ཚིག་མིང་དུ་བཏགས་པ་མེད། །མི་ལེན་པས་ན་བདག་མེད་ཅིང་། །མི་འདོར་ཚིག་བྲལ་མཉམ་ཉིད་དོ། །ངོ་མཚར་རྨད་བྱུང་རོལ་པ་འདི། །གནས་པར་[576.4]བྱ་བའི་མིང་མེད་དེ། །བྱ་བྲལ་ནམ་མཁའ་ཇི་བཞིན་པས། །ཅི་ཡང་མི་དམིགས་གཏི་མུག་པས། །དེ་མ་ཐག་ཏུ་རང་ལས་བྱུང་། །འདི་ནི་ཐམས་ཅད་མཚུངས་པའི་ལམ། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཡེ་ཤེས་[576.5]ཆེན་པོ་སྐད་ཅིག་གིས། །ཆོས་ཀུན་ཁོང་དུ་ཆུད་པ་པོ། །གདོད་ནས་དག་པ་ཆོས་ཀྱི་སྐུ། །ཡེ་ནས་གྲུབ་པས་བཙལ་མི་བྱ། །བསམ་དུ་མེད་དེ་ཡེ་སངས་རྒྱས། །བསྒོམ་དུ་མེད་དེ་དམིགས་དང་བྲལ། །རིག་ཡིད་སེམས་[576.6]མེད་དྲན་རྟོག་སངས། །ངང་དངས་ཡེ་ཤེས་ཉི་ཤར་བས། །མ་རིག་སྒོ་ངའི་སྦུབས་ནས་ཐོན། །མ་རིག་འཁོར་བའི་མུན་སངས་ནས། །སྲིད་པའི་དྲ་བ་འཇོམས་པ་ཡིན། །འཁྲུལ་སྣང་མ་ལུས་རྩད་ནས་གཅོད། །གཅིག[577][577.1]༄༅། ཁེས་ཀུན་གྲོལ་དགོངས་པ་ཤར། །རང་བཞིན་ངོ་བོ་ཐུགས་རྗེ་ལས། །སྐུ་གསུང་ཐུགས་ཀྱི་ངོ་བོར་རྟོགས། །དུག་གསུམ་ཉོན་མོངས་རྩད་ནས་བཅད། །ཕྱི་རོལ་ནང་དག་འཛིན་པ་བརླག །ངང་དངས་[577.2]གསལ་དག་དགོངས་པར་གནས། །བསམ་དུག་དངོས་མེད་ལྷ་ཁང་དུ་ཕྱིན་པས། །བསམ་འཕེལ་གྱི་ནོར་བུ་རིན་པོ་ཆེ་རྙེད་ནས། དགོས་འདོད་ཐམས་ཅད་དེ་ལས་བྱུང་བས། སྣ་ཚོགས་བསམ་བྲལ་གྱི་ཐུགས་རང་ལ་[577.3]ཤར་རོ། །ཞེས་གསུངས་སོ། །ཉི་ཟླ་འབར་བའི་རྒྱུད་ལས། འཁྲུལ་སྣང་རྩད་ནས་གཅོད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་དེ་ལ་འདི་སྐད་ཞུས། །འཁྲུལ་ཆོད་རྟོགས་པའི་[577.4]འབྲས་བུ་གང་། །ཞེས་ཞུས་པ་དང་། དེ་ནས་སྟོན་པ་ཀུན་བཟང་དེ། འོད་ཟེར་སྤྲོས་པ་ཡོངས་སུ་གཅོད་པའི་ཏིང་ངེ་འཛིན་ལ་བཞུགས་སོ། །བཞེངས་ནས་འཁོར་ལ་བཀའ་སྩལ་པ། །འཁྲུལ་པ་ལོག་ཐོབ་འབྲས་བུ་[577.5]ནི། །ངེས་འབྱུང་གསུམ་པོ་སྐུ་གསུམ་ཐོབ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །རང་བཞིན་ངོ་བོ་ཐུགས་རྗེ་ལས། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །དོན་གསུམ་ཐེ་ཚོམ་མེད་པའི་བློ། །ཀུན་དོན་ཡོན་ཏན་[577.6]གསུམ་གྱི་བདག །ཡང་དག་ངེས་པའི་ལུང་དུ་ཟུང་། །གཟུགས་མེད་གཟུགས་བཟང་དམ་པ་སྟེ། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ཡེ་ནས་སྐྱེ་མེད་ཆོས་ཀྱི་སྐུ། །རྩལ་ཟེར་འགག་མེད་ལོངས་སྤྱོད་སྐུ། །ཐུགས་རྗེ་[578][578.1]སྤྲུལ་པའི་སྐུ་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །ལུས་ཀུན་ལས་ནི་རྣམ་པར་གྲོལ། །གྲོལ་པ་ཐར་པ་རྣམ་གྲོལ་ལུས། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །མྱ་ངན་འདས་པ་མྱ་[578.2]ངན་འདས། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཐེག་པ་དགུ་ཡི་ངེས་འབྱུང་ལ། །སངས་རྒྱས་སྐུ་ཡི་བསྟན་པ་གཅིག །ཐེག་པ་དགུ་རྩེ་སྤྱི་ཏི་ཡིན། །དོན་གཅིག་གཉིས་མེད་ཆོས་ཀྱི་[578.3]དོན། །དམ་པའི་དོན་དེ་འཇིག་པ་མེད། །མི་གཡོ་རབ་ཏུ་དངས་པའི་བདག །རྣམ་པར་དག་པ་བདག་མེད་ཆོས། །ཡང་དག་ཡེ་ཤེས་ངང་དངས་གསལ། །ཆོས་ཉིད་རྣམ་ཤེས་ཡུལ་ལས་འདས། །སྐྱེ་འགག་དམིགས་[578.4]པའི་མཐའ་ལས་གྲོལ། ཁེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་མངོན་པར་རྟོགས་པ་པོ། །སྐྱེ་མེད་ཆོས་ཏེ་སྣ་ཚོགས་དོན། །ཐེག་པ་གཅིག་གི་འབྲས་བུར་གནས། །ཉོན་མོངས་ཁམས་རྣམས་དག་པའི་[578.5]བདག །ལས་ཀྱི་ཁམས་རྣམས་ཟད་པར་བྱེད། །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། །ཐུབ་པ་བློ་མཆོག་འབྱུང་པོ་སེལ། །ནོར་བ་ཐམས་ཅད་རྣམ་པར་སྤངས། །གསུམ་རིག་གཙང་མ་དག་པ་ཡིན། ཁུ།བ་མཐའ་མཐར་[578.6]ཕྱིན་འཁྲུལ་པ་མེད། །བྱ་བ་བྱས་པ་སྐམ་སར་གནས། །ཐུབ་པ་མེད་པ་དཔེ་མེད་པ། །ཆགས་བྲལ་ལུས་ལས་འདས་པཔོ། །རིནཆེནལྔཡིདཀྱིལའཁོར་དུ། །འོདཟེརསྣཚོགསའཐིམཔའི་ཐབས། །སྟོང་ཉིད་[579][579.1]ཀློང་ཡངས་མ་ཡི་དབྱིངས། །རྩལ་ཟེར་ཡན་ལག་བུ་རྣམས་དང་། ཁེས་རབ་མཁའ་ལ་འདེགས་པ་དང་། །འབྱུང་བ་མ་ལ་ཞ་བ་དང་། ཁེས་རབ་དབྱིངས་སུ་ཐིམ་པ་དང་། །ཡིན་ལ་མིན་པ་མེད་པ་[579.2]དང་། ཤེས་པ་མ་ཁའ་ལ་འཁྱིལ་བ་དང་། །རིག་པ་རང་སར་གནས་པའོ། །ཐིམ་པ་ལ་ནི་མ་རྨུགས་དང་། །གསལ་ལ་རྟོག་པ་མེད་པ་དང་། །སོ་སོར་མ་འདྲེས་པ་ལ་མ་འབྱེད་པའོ། །དོན་གྲུབ་བསམ་པ་ཡོངས་སུ་[579.3]གྲུབ། །ཐོལ་བྱུང་ཞབྲུལ་ཆོད་ལོག་རྟོག་ཡིན། །ནམ་མཁར་རྟོག་པ་སྐྱེ་མེད་ཅིང་། །རྟོགས་པ་དེ་ཉིད་ནམ་མཁའ་འདྲ། །མི་ཆགས་ནམ་མཁའ་ལྟ་བུ་ལ། །རང་དོན་ཆེན་པོ་ནམ་མཁའ་འབྱུང་། །མཉམ་པས་རིམ་པས་[579.4]བཀོད་པ་མེད། །གཅིག་པས་ཕྱོགས་བཅུ་དངོས་དང་བྲལ། །རང་བཞིན་གནས་པས་ལྷུན་གྱིས་གྲུབ། །གདོད་ནས་དག་པའི་སྙིང་པོ་ཡིན། །ལྷག་པའི་བསམ་པ་བཟུང་བ་མེད། །ཅེས་གསུངས་སོ། །ཉི་ཟླ་འབར་བའི་[579.5]རྒྱུད་ལས། འཁྲུལ་པ་རྩད་བཅད་རྟོགས་ཐབས་འབྲས་བུ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུསླ། །གསང་སྔགས་དོན་གྱི་ངོ་བོ་[579.6]གང་། །ཞེས་ཞུས་པ་དང་། དེ་ནས་སྟོན་པ་ཀུན་བཟང་དེ། འོད་བཀ་ལ་བ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་འདི་སྐད་གསུངས། །གསང་སྔགས་དོན་གྱི་ངོ་བོ་ནི། །གཟུང་འཛིན་[580][580.1]སྐྱོབ་པའི་གསང་སྔགས་ཡིན། །སྐྱེ་མེད་སྙིང་པོ་བཅུད་འདུས་ཀློང་། །བྱར་མེད་ཐ་སྙད་ཀུན་ལས་གྲོལ། །སྙིང་པོ་ཆོས་ཉིད་ཀློང་དཀྱིལ་ན། །ཀ་དག་རང་བྱུང་ངང་དངས་བཞུགས། །ཕྱི་གྲོལ་ནང་དག་ཡིད་གཉིས་[580.2]བརླག །རྣམ་དག་སྙིང་པོ་མ་ཡི་ཀློང་། །དངོས་འཛིན་རྟོག་པའི་མཐའ་རྣམས་གཅོད། །མ་འགགས་འོད་གསལ་རང་སངས་པས། །གཏི་མུག་ཆད་མཐའ་རྣམས་སྤྲོས་གཅོད། །དེ་ཡིས་གཟུང་བྱའི་ཆོས་ལས་སྐྱོབ། །ཀུན་[580.3]གཞི་སྟོང་གསལ་ཆོས་ཉིད་ཀློང་། །རྩིས་གདབ་དྲན་རྟོག་ཡིད་ལས་འདས། །དེ་ཡིས་འཛིན་པའི་སྐྱོན་ལས་སྐྱོབ། །ཡིད་གཉིས་རྩད་ཆོད་གཟུང་འཛིན་མེད། །གཟུང་འཛིན་ལས་སྐྱོབ་གསང་སྔགས་ཡིན། །རིག་གསུམ་[580.4]འཆང་བ་གསང་སྔགས་འཆང་། །གསང་སྔགས་ལས་བྱུང་ཡི་གེ་མེད། །མིང་ཙམ་འདི་ཞེས་བསྟན་པ་ནི། །ཀུན་ཏུ་བཟང་པོས་མཚོན་དུ་མེད། །ངོས་བཟུང་མེད་པས་གསང་བ་ཡིན། །གསལ་ཞིང་ཁྱབ་པས་སྔགས་པ་[580.5]ཡིན། །དངོས་པོ་ཡེ་མེད་གསང་བ་ཡིན། །མཚན་མ་སྣ་ཚོགས་སྔགས་པ་ཡིན། །གསལ་བའི་སྙིང་པོ་བཅུད་འདུས་ཡིན། །སྔགས་པ་རང་གསལ་འོད་གསལ་ཡིན། །དོན་ནི་གཉིས་འཛིན་སྤྲོས་པ་ཆོད། །གསང་སྔགས་[580.6]ངོ་བོ་དེ་ལྟར་ཡིན། །ངོ་བོ་རང་འབར་ཀུན་གསལ་གདངས། །ཞེས་གསུངས་སོ། །ཉི་ཟླ་འབར་བའི་རྒྱུད་ལས། གསང་སྔགས་དོན་གྱི་ངོ་བོ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་[581][581.1]ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ཐེག་པའི་རྒྱལ་པོ་ཇི་ལྟར་བཤད། །ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བསྟན་པའི་ཕྱིར། མཚོན་བརྗོད་དང་བྲལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་[581.2]ཞུགས་སོ། །དེ་ལས་བཞེངས་ནས་འདི་སྐད་གསུངས། །ཐེག་རྒྱལ་རྫོགས་ཆེན་སྤྱི་ཏི་འདི། །ནམ་མཁའ་སྟོང་པའི་དཔེས་མཚོན་ནས། །མཐའ་དབུས་ཕྱོགས་རིས་མེད་པར་བཤད། །ཉི་མ་ཟླ་བའི་དཔེས་མཚོན་[581.3]ནས། །སྣང་སྲིད་ཐམས་ཅད་གསལ་བར་བཤད། །བྱ་རྒྱལ་ཁྱུང་གི་དཔེས་མཚོན་ནས། །ཐེག་དམན་ཟིལ་གྱིས་གནོན་ཏེ་བཤད། །ཚངས་པའི་འབྲུག་སྒྲའི་དཔེས་མཚོན་ནས། །ཀུན་བསྒྲགས་གོ་ཞིང་གསལ་བར་[581.4]བཤད། །མཚོན་ཆའི་འཁོར་ལོའི་དཔེས་མཚོན་ནས། །འཁྲུལ་སྣང་སྤྲོས་པ་བཅད་དེ་བཤད། །མུན་ཁུང་སྒྲོན་མེའི་དཔེས་མཚོན་ནས། །དོན་གྱི་གསེར་དང་སྤྲད་དེ་བཤད། །ཉི་མའི་སྙིང་པོའི་དཔེས་མཚོན་ནས། །ཡང་[581.5]གསང་བཅུད་ཀྱི་སྙིང་པོ་བསྟན། །གསེར་འགྱུར་རྩི་ཡི་དཔེས་མཚོན་ནས། །མ་སྤངས་རང་སར་གྲོལ་བར་བཤད། །སྟག་མོའི་རྔམ་སྟབས་དཔེས་མཚོན་ནས། །དཀྱུས་ཀྱི་ས་རྣམས་གཅད་པར་བྱ། །རུས་སྦལ་ནུར་[581.6]འགྲོས་དཔེས་མཚོན་ནས། །ཚིག་གིས་འབྲུ་རྣམས་ཞིབ་ཏུ་གཉེར། །བཤད་པའི་ཆོས་རྣམས་ཐ་སྙད་ཡིན། །མ་བཤད་གོ་བའི་ཆོས་ཤིག་དགོས། །བློས་བཏགས་ཆོས་ནི་རྟོག་ཚོགས་ཡིན། །བློ་ལས་འདས་པའི་ཆོས་[582][582.1]ཤིག་དགོས། །བྱས་པའི་ཆོས་ནི་འདུས་བྱས་ཡིན། །མ་བྱས་རང་བྱུང་ཆོས་ཤིག་དགོས། །བསྒྲུབ་པའི་ཆོས་རྣམས་རྩོལ་བསྒྲུབ་ཡིན། །རྩོལ་བསྒྲུབ་ཆོས་ནི་ཡིད་སྨོན་ཡིན། །དམིགས་མེད་བསམ་འདས་ཆོས་ཤིག་[582.2]དགོས། །ཞེས་གསུངས་སོ། །ཉི་ཟླ་འབར་བའི་རྒྱུད་ལས། ཐེག་པའི་རྩེ་རྒྱལ་སྤྱི་ཏི་བཤད་པ་འི་ལེའུ་སྟེ་བདུན་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ཡང་རབ་[582.3]རྣམས་ལ་ཇི་ལྟར་བཤད། །ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་འདི་སྐད་གསུངས། །སྙིང་པོ་ཀ་དག་རང་བཞིན་ལ། །སྐྱེ་དང་འགག་པ་གཉིས་མེད་ཀྱང་། །གསུང་གི་སྒྲོན་མ་རབ་གསལ་བ། །ཡང་རབ་རྣམས་ལ་[582.4]བསྟན་པ་ནི། །གླེང་བྲལ་འདི་ལ་གནས་པ་ནི། །རྣལ་འབྱོར་ཡང་རབ་སྐལ་བ་བཟང་། །བདག་དང་གཞན་དོན་མི་འབྱེད་ཅིང་། །སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། །རཏྣ་དྷརྨ་སརྦ་སྒྲི་ཏུ་ཨ་སི་ཐིམ། རིན་ཆེན་ཆོས་[582.5]རྣམས་ཐམས་ཅད་ཀུན། །དབྱིངས་སུ་འདུས་པའི་ལྟ་ཁང་ན། །འགྱུ་བ་སེམས་ཀྱི་རྟ་ཕོ་ལ། །རང་བྱུང་ངང་དངས་མི་ཞོན་ནས། །སྒོ་ལྔ་རྣམ་དག་ལམ་དུ་བྱུང་། །སྣང་སྲིད་རང་གྲོལ་ཐང་ལ་རྒྱུག །དབྱེ་བསལ་མེད་པའི་[582.6]དགོངས་པར་གནས། །ཀུན་འབྱུང་ཀློང་ཡངས་ལྷ་ཁང་དུ། །སེམས་ཅན་སྤྱི་མེས་རིག་པའི་རྒྱལ། །སྣང་སྲིད་བསྐྱེད་ཀྱང་འཕེལ་འགྲིབ་མེད། །ནམ་མཁའ་འདི་ལས་ཆོ་འཕྲུལ་རྣམས། །ནམ་མཁའི་ངང་ལས་གཡོས་པ་[583][583.1]མེད། །སྙིང་པོའི་ཀློང་ནས་རྩལ་བུ་རྣམས། །བྱུང་ཡང་སྣ་ཚོགས་མ་ལ་ཐིམ། །མ་བུ་ངོ་སྤྲོད་ཡེ་སངས་རྒྱས། །འཁྲུལ་དང་མ་འཁྲུལ་ཡེ་ནས་མེད། །རྟོགས་དང་མ་རྟོགས་བློ་ཡི་ཡུལ། །ལྟ་སྒོམ་སྦྱོད་འབྲས་[583.2]བློ་ཡིན་པས། །བློ་ཉིད་མ་ཟད་བར་དུ་ནི། །ཇི་ལྟར་བསྒྲུབ་ཀྱང་རྩོལ་བའི་གནད། །རྩོལ་བའི་སེམས་ལ་བྱང་ཆུབ་མེད། །ཅེས་གསུངས་སོ། །ཉི་ཟླ་འབར་བའི་རྒྱུད་ལས། ཡང་རབ་རྣམས་ལ་བསྟན་པའི་ལེའུ་སྟེ་[583.3]བརྒྱད་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །རྩོལ་བའི་བསྒྲུབ་ཆོས་མ་ཡིན་པའི། །བྱར་མེད་རྩོལ་བྲལ་བཀའ་སྩོལ་ཅིག །ཅེས་ཞུས་པ་དང་། སྟོན་པས་འཁོར་[583.4]ལ་བཀའ་སྩལ་པ། །བྱར་མེད་རྩོལ་བྲལ་ངས་བསྟན་གྱིས། །རྡོ་རྗེ་སེམས་དཔས་ཡིད་ལ་ཟུང་། །བསྒྲུབ་མེད་རྩོལ་བསྒྲུབ་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བྲལ་ནམ་མཁའ་ཇི་བཞིན་[583.5]ཏེ། །རྩོལ་བསྒྲུབ་བྱ་བཙལ་ག་ལ་ཡོད། །གསལ་དག་ཡེ་ཤེས་དགོངས་པ་འདི། །རང་བྱུང་ངང་དངས་འོད་གསལ་ཡིན། །བཏང་ངོ་བཞག་གོ་རང་བཞིན་དེ། །བླང་དོར་བྲོད་པ་བསྐྱེད་མི་བྱ། །མངོན་སུམ་མི་སྣང་རྒྱབ་[583.6]ནས་འབྱུང་། །ཕྲ་ཞིང་ཤེས་དཀའི་ཆོས་འདི་ནི། །རྣམ་པར་མི་རྟོག་རྟོག་ལས་འདས། །སྐུ་གཅིག་ཀུན་ཏུ་ཁྱབ་པས་བསྣན་པའི་ཆོས་མེད་དེ། །སེམས་དང་ཆོས་ནི་ཅི་ཡང་མ་ཡིན་པས། །གཞན་ལ་འདི་འདྲ་ཞེས་ནི་[584][584.1]བསྟན་དུ་མེད། །ཀུན་གཞི་ཀློང་ཡངས་ཆོས་དབྱིངས་ནས། །རིག་ཡིད་སེམས་བློ་ཅི་བྱུང་ཡང་། །ཐོལ་བྱུང་ངང་དངས་བྱུང་སར་ཐིམ། །དཔེར་ན་རྒྱ་མཚོར་རྡོ་བསྒྱུར་བཞིན། །སྐྱེ་བ་མེད་པའི་ཀློང་དུ་ཐིམ། །འགྱུར་བ་[584.2]མེད་པའི་རྒྱ་ཡིས་ཐོབ། །སེམས་ཀྱི་རང་བཞིན་ཅི་ཡང་མ་ཡིན་པས། །བསྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་མོ། །མ་བསམ་མ་བསྒོམས་ཆོས་གཞན་དུ། །ཡོན་ཏན་ཆེ་བའི་བསམ་གཏན་ནི། །མ་བསྟན་ཉིད་དུ་བསམ་དུ་[584.3]མེད། །ཡང་དག་ཡེ་ཤེས་གཉིས་མེད་འཆང་། །རྣམ་པར་དག་པ་བདག་མེད་ཆོས། །ཡང་དག་བདག་མེད་ཡེ་ཤེས་གསལ། །ཆོས་ཉིད་རྣམ་ཤེས་ཡུལ་ལས་འདས། །བརྡའ་ནི་མཁའ་འགྲོ་ཆོས་ཉིད་བརྡའ། །རིན་[584.4]ཆེན་སྤུངས་པའི་དཀྱིལ་འཁོར་ན། །རང་བྱུང་ངང་དངས་སྣང་གསལ་བཞུགས། །ཆགས་སྡང་སྤྲོས་གཅོད་སྣང་སྲིད་གྲོལ། །མི་གནས་པ་ཡི་ཡུལ་མེད་དེ། །རྣམ་པར་མི་རྟོག་སྙིང་པོའི་ཀློང་། །ཡེ་ཤེས་ལུས་ཏེ་རང་དངས་[584.5]སྐུ། །ཆགས་བྲལ་ལུས་ལ་འདས་པ་པོ། །ཞེས་གསུངས་སོ། །ཉི་ཟླ་འབར་བའི་རྒྱུད་ལས། བྱར་མེད་སྤྲོས་བྲལ་བསྟ་་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་[584.6]ལ་འདི་སྐད་ཞུས། །གསང་སྔགས་བརྡའ་ཡིས་ཇི་ལྟར་བཤད། །ཅེས་གསོལ་པ་དང་སྟོན་པས་འཁོར་ལ་བཀའ་སྩལ་པ། །ཨ་ཀ་ད་ཏི་ས་ཏིས་ཧྲི་ཏི་སྙོ་ཡ་ཧྲི་ཏྭ། ཐུ་ལ་ཡ་ཨ་ཨ། །གསང་སྔགས་ངོ་བོ་བརྡའ་ཡིས་[585][585.1]བཤད། །སྔོན་ཐོག་སྐྱེ་མེད་གཏན་གཞིའི་གནས། །རྒྱལ་ཡུལ་ཆོས་ཉིད་ཡངས་པ་ན། །ཁྲི་རྗེ་ཡང་གསལ་སྤྱི་ཕུད་བཞུགས། །བློན་འཁོར་བསམ་མི་ཁྱབ་ཀྱིས་བསྐོར། །རྒྱལ་སྲིད་ཡོངས་ལ་མངའ་ཡང་[585.2]མཛད། །འདོད་པའི་ལོངས་སྤྱོད་བསམ་མི་ཁྱབ། །རིན་ཆེན་ཀུན་འབྱུང་ལྷ་ཁང་ན། །རང་བྱུང་ངང་དངས་ཡེ་གསལ་བཞུགས། །གསལ་དག་སྤྲོས་གཅོད་འཁོར་གྱིས་བསྐོར། །ཞིང་ཁམས་ཡོངས་ལ་མངའ་ཡང་[585.3]མཛད། །ཆོས་ཉིད་ལོངས་སྤྱོད་ཟད་མི་སྲིད། །སྣང་མེད་མུན་པའི་སྨག་རུམ་ན། །རྒན་མོ་རྨོངས་པ་གསལ་མེད་གནས། །མུན་པའི་ཐོ་ཡོར་འཁོར་གྱིས་བསྐོར། །དམུས་ལོང་ཤེས་མེད་མངའ་ཡང་མཛད། །སྣང་གསུམ་[585.4]ཆུ་བཞིའི་འཁོར་བར་འ་ས། །བརྒྱད་ཁྲི་བཞི་སྟོང་འཁོར་ལོངས་སྤྱོད། །ཀུན་འབྱུང་སྤྱི་སའི་ལྡུམ་ར་ན། །བསམ་འཕེལ་ནོར་བུ་རིན་ཆེན་ཡོད། །ཅི་འདོད་ལོངས་སྤྱོད་དེ་ལས་འབྱུང་། །ནོར་དེ་ཐོབ་ན་ཅི་བསམ་[585.5]འགྲུབ། །ནོར་དེ་ཐོབ་པར་འདོད་པ་ལ། །རང་བྱུང་ཡེ་ཤེས་ངང་དངས་ཀྱིས། །ཁྱུང་ལ་ཞོན་ནས་རལ་གྲི་ཐོགས། །སྲ་བའི་གོ་ཆ་ལུས་ལ་གོན། །མི་འཇིགས་པ་ཡི་མིག་ཕྱེ་ལ། །མི་ཡི་ནོར་བུ་རིན་ཆེན་ལ། །རང་བྱུང་[585.6]རིག་ཡིད་དྲན་སེམས་བློ། །ཐོལ་བྱུང་ངང་དངས་རིན་དུ་བཅོལ། །བསམ་འཕེལ་ནོར་བུ་ཐོབ་པར་གྱིས། །སྤྲོས་གཅོད་རང་གྲོལ་རྒྱ་ཡིས་ཐོབ། །ཡང་སྙིང་བདུད་རྩིའི་བཅུད་ཅིག་འཐུང་། །བཅུད་འཐུང་ཡང་སྙིང་ཐུགས་[586][586.1]ལ་ཆོངས། །སྐྱེ་འགག་འགྱུར་མེད་ཀློང་དཀྱིལ་དུ། །བྱར་མེད་བདེ་ཆེན་དབྱིངས་སུ་ཉོལ། །གཡོ་རྩོལ་འཕོ་འགྱུར་མེད་པར་མནལ། །ཞེས་གསུངས་སོ། །ཉི་ཟླ་འབར་བའི་རྒྱུད་ལས། གསང་སྔགས་བརྡའི་ལེའུ་སྟེ་བཅུ་[586.2]པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ཐེག་པའི་སྤྱི་ཕུད་སྤྱི་ཏི་སྲ །ཐེག་དགུ་སྣང་སྲིད་ཇི་ལྟར་རྫོགས། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །རྡོ་[586.3]རྗེ་སེམས་དཔའ་ནམ་མཁའ་ཆེ། །ཀུན་བཟང་ཡངས་པ་རྣམ་དག་སྙིང་པོའི་ཀློང་། །མི་སྐྱེ་མི་འགག་སྙིང་པོ་རང་སར་གྲོལ། །རྫོགས་དང་མ་རྫོགས་གཞི་ལ་གཉིས་མེད་ཀྱང་། །རྩལ་ཟེར་ཡན་ལག་ཆོས་རྣམས་རྫོགས་[586.4]ལུགས་ནི། །འཇིག་རྟེན་པ་དང་འཇིག་རྟེན་འདས། །འཇིག་རྟེན་ས་ལ་གཉིས་ཏེ་སྐྱེ་བོ་དང་། ཁུ།བ་མཐའ་ལོག་པའི་ཕྱི་རོལ་མུ་སྟེགས་པའོ། །འདས་པའི་ཐེག་པ་རིམ་པ་དགུ། །མཁའ་ཀློང་རྣམ་དག་སྙིང་པོ་བ་་[586.5]སྐྲུངས་སུ། །རྩལ་ཟེར་འགག་མེད་ཆོས་རྣམས་ཡོངས་རྫོགས་ཏེ། །གཞི་གནས་རང་དངས་རང་སངས་སོ། །བདེ་ཆེན་མི་རྟོག་རང་སངས་པས། །གཟུང་འཛིན་དྲི་མེད་དགག་བསྒྲུབ་མེད། །གསལ་དག་མ་གཡོས་ག[586.6]དེང་དང་ལྡན། །སྣང་བ་ཆེན་པོ་གསལ་བ་ཡིན། །མུ་སྟེགས་ཆད་པའི་ལྷ་བ་རྫོགས། །དུས་གསུམ་འཕོ་འགྱུར་མེད་པར་གནས། །རྟག་པའི་ལྟ་བ་མ་ལུས་རྫོགས། །འདས་པའི་ཐེག་པ་དགུ་ཡི་རྫོགས་ལུགས་ནི། །ཡུལ་[587][587.1]སེམས་གཉིས་སུ་མ་གྲུབ་པས། །ཉན་ཐོས་ལྟ་བ་མ་ལུས་རྫོགས། །རྟེན་འབྲེལ་རྣམ་པར་རིག་བྱེད་མེད། །རང་རྒྱལ་ལྟ་བ་མ་ལུས་རྫོགས། །ཕྱི་ནང་གཟུང་འཛིན་གཉིས་མེད་པས། །སེམས་ཙམ་ལྟ་བ་མ་[587.2]ལུས་རྫོགས། །བདེན་གཉིས་ཁ་ཚོན་བཅད་དུ་མེད། །དབུ་མའི་ལྟ་བ་མ་ལུས་རྫོགས། །ཕྱི་རྒྱུད་སྡེ་གསུམ་རྫོགས་ལུགས་ནི། །ཕྱི་ལྟར་སྣང་བའི་རྣམ་པ་ལ། །ཕྱི་དག་ནང་དག་རྫས་དག་ལས། །ཀྲི་ཡའི་ལྟ་བ་མ་ལུས་[587.3]རྫོགས། །མར་སྤྱོད་ཡར་བལྟའི་རྩིས་གདབ་མེད། །ཨུ་པ་ཡ་ཡི་ལྟ་བ་རྫོགས། །འདི་ལྟར་སྣང་བའི་ཡུལ་རྣམས་ལ། །ཆོས་འཕྲུལ་ལྔ་དང་རིགས་གསུམ་མགོན། །ཆོ་འཕྲུལ་རྩིས་གདབ་བྱ་རྩོལ་མེད། །ཡོ་གའི་ལྷ་བ་མ་[587.4]ལུས་རྫོགསས། །འདི་ལྟར་ཕྱི་ནང་སྣོད་བཅུད་ཀྱང་། །ཏིང་འཛིན་རྣམ་གསུམ་སྒོར་ཞུགས་ནས། །ཡོ་བྱད་ལྔ་དང་ཆོ་འཕྲུལ་བཞི། །ཡོངས་སུ་བརྟགས་ནས་ལྷ་རུ་བསྒོམ། །སྣོད་ཀྱི་འཇིག་རྟེན་སྣང་བ་ལ། །ཕུང་པོ་རྒྱལ་[587.5]བ་རིགས་ལྔའི་སྐུ། །འབྱུང་བ་ལྔ་ནི་རིགས་ཡུམ་ལྔ། །ཚོགས་བརྒྱད་སེམས་དཔའ་སེམས་མར་སྣང་། །ཁམས་དང་སྐྱེ་མཆེད་ལྷ་ལྷ་མོ། །སྐྱེ་མཆེད་མུ་བཞི་སྒོ་བ་སྒོ་མ་བཞི། །སྣང་ལ་མི་འགོག་ཐབས་ཡིན་ཏེ། །རང་[587.6]བཞིན་མེད་པ་ཤེས་རབ་ཡིན། །གཉིས་མེད་ཐད་དུ་འབྲེལ པསན། །མ ཧྭའིལྟབ ཡོངས་སུ་རྫོགས། །རྒྱུ་ནི་དག་པའི་དབྱིངས་སུ་བལྟ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ལྷ། །དབྱིངས་དང་ཡེ་ཤེས་གཉིས་མེད་[588][588.1]པས། །ཨ་ནུའི་ལྷ་བ་ཡོངས་སུ་རྫོགས། །སྣང་བ་སྐུ་ཡི་དཀྱིལ་འཁོར་རྫོགས། །གྲག་པ་གསུང་གི་དཀྱིལ་འཁོར་རྫོགས། །དྲན་རྟོག་ཐུགས་ཀྱི་དཀྱིལ་འཁོར་རྫོགས། །འཁོར་འདས་སྐུ་གསུང་ཐུགས་སུ་[588.2]རྫོགས། །ཐམས་ཅད་ཡོངས་རྫོགས་རྫོགས་པ་ཆེ། །འཇུག་སྒོ་ཕྲིན་ལས་དཀྱིལ་འཁོར་དབང་དམ་རྫོགས། །ལྷ་བསྐྱེད་སྤྱན་འདྲེན་འཛབ་དང་གཏོར་མ་རྫོགས། །གཤེགས་གསོལ་སྨོན་ལམ་རྒྱས་འདེབས་ཐམས་ཅད་[588.3]རྫོགས། །ལྟ་སྒོམ་སྤྱོད་འབྲས་སྐུ་དང་ཡེ་ཤེས་རྫོགས། །ས་ལམ་ཡེ་ཤེས་ཕྲ་རགས་མན་ངག་རྫོགས། །རྒྱུད་ལུང་མན་ངག་དམ་ཚིག་སྡོམ་པ་རྫོགས། །ལམ་ལྔ་ས་བཅུ་ཕ་རོལ་ཕྱིན་བཅུ་རྫོགས། །ཐམས་ཅད་རྫོགས་[588.4]པའི་སྤྱི་ཏི་ཡོ་ག་ཡིན། །ལྷག་མ་མེད་པར་ཡོངས་སུ་རྫོགས། །འགྱུ་བ་མ་ཡིན་དྲང་པོར་རྫོགས། །ཞེས་གསུངས་སོ། །ཉི་ཟླ་འབར་བའི་རྒྱུད་ལས། རྫོགས་ལུགས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།སྭ་ཏི་[588.5]ཨ་ཏི་སརྦ་རྭ་ཙ་ཧྲི་ཏི་སྙོ་ཡ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །དགུ་རྩེ་སྤྱི་རྒྱལ་སྤྱི་ཏི་མྲ །ཐམས་ཅད་ཡོངས་རྫོགས་ཇི་ལྟར་ལགས། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཨ་ས་སོ་ཏ་ཏི། ཁྲེ་ད་ཡ།[588.6]ཞེས་བྱ་སྟེ། མཁའ་དབྱིངས་རྣམ་དག་ཀུན་འབྱུང་ཀློང་ཡངས་ནས། །དགག་བསྒྲུབ་གཉིས་མེད་རང་གྲོལ་ཟང་ཐལ་བས། །སྣང་སྲིད་འཁོར་འདས་བཏགས་ཆགས་ཆོས་རྣམས་རྫོགས། །དངོས་མེད་མཚོན་དང་བྲལ་[589][589.1]ཞིང་མིང་མེད་པས། །ཐ་སྙད་བརྒྱད་ཁྲི་བཞི་སྟོང་མ་ལུས་རྫོགས། །སྤང་ལེན་ཆགས་སྡང་དབྱེ་བསལ་གཉིས་མེད་པས། །ཡོད་མེད་རྟག་ཆད་འགྲོ་བ་རིགས་དྲུག་རྫོགས། །ལྟ་བ་ཚིག་བྲལ་ཕྱོགས་རིས་[589.2]མེད། །བློས་བཏགས་ལྟ་བ་མ་ལུས་རྫོགས། །ཡེ་དག་མ་བཅོས་ངང་དག་པས། །ཐ་མལ་དྲན་བསམ་འགྱུ་བ་བྲལ། །ཡིད་བཟུང་སྒོམ་པ་མ་ལུས་རྫོགས། །རང་བྱུང་རྣམ་དག་མ་བཅོས་པར། །ལུས་ངག་ཡིད་གསུམ་[589.3]རྩོལ་མེད་དེ། །མ་ཆགས་མ་བཙལ་ཀློང་ཡངས་སུ། །ཆེད་བྱས་སྤྱོད་པ་མ་ལུས་རྫོགས། །ཡེ་སངས་སྙིང་པོའི་བཅུད་འདུས་པས། །སྤང་ཐོབ་མེད་པའི་ཐིག་ལེ་སྲ །ཡིད་སྨོན་འབྲས་བུ་མ་ལུས་རྫོགས། །ལྟ་བ་སྟོང་[589.4]གསལ་འགྱུར་བ་མེད། །སྒོམ་པ་འོད་གསལ་དམིགས་པ་མེད། །སྤྱོད་པ་བྱར་མེད་ཆགས་སྡང་མེད། །འབྲས་བུ་ཀ་དག་ཡིད་སྨོན་མེད། །གནད་གཅིག་གིས་ནི་གནད་རྣམས་ཐམས་ཅད་གྲོལ། །དོན་གཅིག་གིས་ནི་[589.5]དོན་རྣམས་ཐམས་ཅད་གཏན་ལ་འབེབས། །བརྡའ་གཅིག་གིས་ནི་བརྡའ་རྣམས་ཐམས་ཅད་གྲོལ། །ཚིག་གཅིག་ཤེས་པས་ཐ་སྙད་མ་ལུས་ཤེས། །ཐེག་པ་གཅིག་གི་སྒོར་ཞུགས་རྟོགས་པ་ཡིས། །བརྒྱད་ཁྲི་བཞི་སྟོང་[589.6]རྟོགས་པའི་མན་ངག་ཡིན། །ཨེ་མའོ་སངས་རྒྱས་སྤྱོད་ཡུལ་འདི། །བཙལ་བས་རྙེད་པའི་གནས་མེད་དོ། །རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །བཟུང་བས་མི་ཟིན་ཆུ་ཟླ་འདྲ། །བྱ་བྲལ་ནམ་མཁའ་ཇི་བཞིན་ཏེ། །གཅིག་[590][590.1]གི་རྣམ་པ་ཡོངས་ཀྱི་མེད། །རྣལ་འབྱོར་བྱ་བྲལ་ནམ་མཁར་གནས། །མ་བྱུང་མ་སྐྱེས་སྙིང་པོ་ལ། །སྒྲོ་བཏགས་ཆོས་ཀུན་ག་ལ་ཡོད། །ཅི་སྟེ་ལམ་ལ་བགྲོད་གྱུར་ན། །ནམ་མཁའི་མཐའ་བཞིན་ཐུག་པ་མེད། །ཅེས་[590.2]གསུངས་སོ། །ཉི་ཟླ་འབར་བའི་རྒྱུད་ལས། སྤྱི་ཏི་ཡོ་ག་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །མཚན་དང་གཏད་རྒྱ་ཇི་ལྟར་[590.3]ལགས། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྙིང་པོ་མིང་མེད་མིང་དང་བྲལ། །ཡན་ལག་རྩལ་གྱི་རིག་པས་མིང་བཏགས་པ། །དུས་གསུམ་སངས་རྒྱས་གསང་བའི་བཅུད་ཕྱུང་བས། །སྙིང་པོ་[590.4]བཅུད་སྤུངས་ཐིག་ལེ་འདུས་པའི་རྒྱུད། །ཐུགས་ཀྱི་ཡང་སྙིང་དགོངས་པའི་བཅུད་འདུས་པས། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་རྒྱུད། །བཀའ་རྒྱུད་ཀུན་གྱི་ཡང་སྙིང་བཅུད་དྲིལ་བ། །དོན་གྱི་བཅུད་[590.5]དྲེལ་ཐིག་ལེ་གསང་བའི་རྒྱུད། །བསྐལ་པ་སྟོང་དུ་བསགས་པའི་མུན་པ་རྣམས། །རིན་ཆེན་ཉི་ཟླས་སེལ་བས་ཉི་ཟླ་འབར། །ཐེག་པ་སྤྱི་འགྲེལ་སྤྱི་ཏི་ཡོ་གའི་རྒྱུད། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གཉའ་གཅོག་[590.6]པས། །རྫོགས་ཆེན་རྒྱལ་པོ་སྤྱི་ཏི་ཡོ་གར་ཟུང་། །ཐེག་པ་རྣམས་ཀྱི་དགུ་རྩེ་སྤྱི་རྒྱལ་འདི། །བློ་ཆེ་བློ་ཡངས་བློ་ཟབ་བློ་རྣོ་བ། །དད་མོས་བརྩོན་ལྡན་མ་ཆགས་སེར་སྣ་མེད། །ཉོན་མོངས་ཆུང་ཞིང་བྱང་ཆུབ་སྒྲུབ་ལ་[591][591.1]གཏད། །དྲེགས་ཤིང་མཁས་འདོད་མུ་ཅོར་སྨྲ་བ་དང་། །དོན་ལ་མི་བསྒོམ་ཚིག་ཟོལ་ཟོང་དུ་འཚོང་། །དེ་ལ་བསྟན་ན་གཉིས་ཀ་དམྱལ་བར་ལྟུང་། །དེ་བས་མན་ངག་ཤིན་ཏུ་གསང་བ་གཅེས། །ཞེས་[591.2]གསུངས་སོ། །ཉི་ཟླ་འབར་བའི་རྒྱུད་ལས། དུས་དང་མཚན་དང་གཏད་རྒྱ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ། ཀ་དག་རྣམས་ཀྱི་[591.3]གསང་དོན་བཅུད་དྲིལ་བ། མ་རིག་མུན་སེལ་ཉི་ཟླ་འབར་བའི་རྒྱུད་རྫོགས་སོ།། །།ཨུ་རྒྱན་པདྨ་འབྱུང་གནས་དང་། ལོསྣྲོ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཞིང་གཏན་ལ་ཕབ་པའོ། །གཏེར་[591.4]རྒྱ།། །། རྒྱ་གར་སྐད་དུ། སརྦ་བྲརྙ྅ཤཱ་ཡ་སུ་ར་ས༷་གྲ་ཧ་གི་རི་ཀུ་ཊ་ཏནྟྲ། བོད་སྐད་དུ། སངས་རྒྱས་ཀུན་གྱི་དགོངས་པའི་བཅུད་བསྡུས་རི་བོ་བརྩེགས་པའི་རྒྱུད། དམ་པ་དང་པོའི་