Ngb-pt-0862-vol-09-text
Front
Body
ཛྲངངཙ་་རྗེཙུ་་ངཆེ་་་རྒྱ་གར་སྐད་དུ། བ ་ཀྲ་ཡ་མ་ཧྭ་ཏྲ་ ཀྲ་ཏན་ཏྲ། བད་སྐད་དུ། རྡ་ ་ག ག་ལག་འཁར་ལ་གསུམ་པའ་རྒྱུད་ ན་པ། བཅམ་ལྡན་འདས་དཔལ་ཀུན་ཏུ་བཟང་པ་ལ་ཚ་ངང་འང་ངངངངང་ངཕྱག་འ ལ་ལ། །འད་སྐད་བདག་གས་ཐས་པའ་དུས་གཅག་ན། བཅམ་ལྡན་འདས་གསང་བ་བསམ་གྱས་མ་ཁྱབ་པའ་ཡུམ་གྱ་མཁའ་དབྱངས་ན་གནས་ལ་བཞུགས་ཏ། །གསང་བའ་ཚུལ་དགུ་དང་འབར་བའི་གར་དགུས། བཞུགས་ཐབས་གསུམ་གྱིས་བཞུགས་སོ། །སངས་རྒྱས་ཡན་ལག་བདུན་དང་ལྡན་པ། །སྦྱོར་བ་བསམ་གྱིས་མི་ཁྱབ་པ། །བརྗོད་ཀྱིས་མི་ལང་བ་དང་། །ཕྱོགས་བཅུ་དང་དུས་གསུམ་གྱི་སངས་རྒྱས་སྐུ་ལྔ་དང་ལྡན་པ། །གསུང་ལྔ་དང་ལྡན་པ། །ཐུགས་ལྔ་དང་ལྡན་པ། །ཡོན་ཏན་ལྔ་དང་ལྡན་པ། །འཕྲིན་ལས་ལྔ་དང་ལྡན་པ་རྣམས་དང་ནི། །བཞུགས་ཐབས་གསུམ་གྱིས་བཞུགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཤིན་རྗེ་གཤེད་པོ་དང་། རྡོ་རྗེ་ཁྲག་འཐུང་དང་། པདྨ་ཁྲོས་པ་དང་།རྡོ་རྗེ་གཞོན་ནུ་དང་། ཕྱག་ན་རྡོ་རྗེ་དང་། རྡོ་རྗེ་ཁྱུང་ཆེན་དང་། །གཞན་ཡང་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དང་། སྤྲུལ་པའི་སྡེ་དཔོན་ལ་སོགས་པ་རྣམས་ཅི་་ངཚེ་དེཆེན་འའངེཛི་་ངརྟེམེཆེ་་དང་ཐབས་ ག་ཏུ་བཞུགས་ས། །དའ་ ་བཅམ་ལྡན་འདས་བ ་བ་ ་པའ་ཏང་ ་འ ན་ལ་སྙམས་པར་ཞུགས་ས། །འཇག་ ན་ཁམས་ཀྱང་གྲངས་ ད་ ར་གཡས་ས། །རུ་ཏྲ་དྲུག་ངངརྟེཆེ་་་ངསེསེཆེ་་་ཆེ་་ཛིགིགས་ཀྱང་འཇག་ ན་ ར་དཀྲུགས་ས། །ད་ནས་འཁར་རྣམས་ཀྱ་ནང་ནས་བྱང་ཆུབ་ མས་དཔའ་ མས་དཔའ་ ན་པ་སྟབས་པ་ ་རྡ་རྗ་འ ན་པ་རང་ ་གསང་བ་ལས་ལངས་ནས། །བཅོམ་ལྡན་འདས་ལ་གསང་བ་བསམ་གྱིས་མི་ཁྱབ་པའི་མཆོད་པ་རོལ་པའི་བདེ་བས་མཆོད་ནས། ལྡེམ་དགོངས་རྣམ་པ་བཞིས་འདི་སྐད་ཅེས་གསོལ་བ་གཏབ་བོ། །ཨེ་མ་ཧོ་བདེ་གཤེགས་བཅོམ་ལྡན་འདས། །རང་བཞིན་མེད་པའི་ཆོས་བཤད་པས། །འཁོར་བའི་རྒྱ་མཚོ་དྲུག་མི་ཕྱིན། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ད་ལྟར་རུ་དྲ་རྣམ་དྲུག་གིས། །འཕྲུལ་གྱི་རྒྱ་མཚོར་རབ་ཏུ་འཕེལ། །བདེ་ཆེན་འཁོར་ལོའི་ངང་ལས་བཞེངས། །རོལ་པའི་འཁོར་ལོ་ད་བཤད་འཚལ། །འཇིག་རྟེན་འཇིག་རྟེན་འདས་པ་ཡིས། །རོལ་པ་སྣ་ཚོགས་བཤད་པར་ཞུ། །ཞེས་སྨྲས་པས། བཅོམ་ལྡན་འདས་ཡུམ་གྱི་མཁའ་གསུམ་ལས་བཞེངས་ནས། །གསང་བ་གསུམ་གྱིས་བྱིན་གྱིས་བརླབས་ནས། །དེ་ཡི་རྣམ་རྟོག་བཀའ་སྩལ་པ། །ཨེ་མ་ཧོ་རྡོ་རྗེ་སྟོབས་པོ་ཆེ། །རུ་དྲ་རྣམ་དྲུག་འདུལ་བ་དང་། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །རོལ་པའི་འཁོར་ལོ་གཉིས་ཀྱིས་འདུལ། །འདས་པ་རོལ་པའི་འཁོར་ལོ་དང་། །འཇིག་རྟེན་རོལ་པ་གཉིས་སུ་བཤད། །འདས་པའི་འཁོར་ལོ་གླིང་གཞི་དྲུག །སྤྱི་ཡི་རོལ་པའི་གླིང་གཞི་གསུམ། །འཇིག་རྟེན་རོལ་པའི་གླིང་གཞི་གསུམ། །ཐུམ་མོང་ཁྱད་པར་གླེང་གཞི་བཤད། །རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་ཆེན་པོ་ལས། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོབས་པོ་ཆེ་རྡོ་རྗེ་འཛིན་པས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་གསང་བའི་རོལ་པས་མཉེས་པར་བྱས་ནས། །ལྡེམ་དགོངས་རྣམ་པ་བཞིས་འདི་སྐད་ཅེས་གསོལ་པ་བཏབ་བོ། །ཨེ་མ་བདེ་གཤེགས་བཅོམ་ལྡན་འདས། །གླེང་གཞི་རོལ་པའི་དོན་བཤད་ལེགས། །རྒྱུད་ཀྱི་རོལ་པ་ཇི་ལྟར་ལགས། །ཞེས་གསོལ་བ་བཏབ་པ་ལས། རོལ་པའི་འཁོར་ལོ་རྣམ་དྲུག་དང་། །འཁོར་ལོ་སྣ་ཚོགས་ཐུགས་ལས་སྟོན་ནས། །དེ་ཡི་རྣམ་རྟོག་བཀའ་སྩལ་པ། །ཨེ་མ་ཧོ་རྡོ་རྗེ་སྟོབས་པོ་ཆེ། །རོལ་པའི་འཁོར་ལོའི་རྒྱུད་ལ་གཉིས། །འཇིག་རྟེན་པ་དང་འདས་པ་ཡིས། །འདས་པ་གསུམ་དུ་ཤེས་པར་བྱ། །དང་པོ་རྣམ་པ་དྲུག་ཏུ་བཤད། །གཉིས་པ་གསུམ་པ་གསུམ་གསུམ་འགྱུར། །གསང་ཆེན་དང་པོ་ལྡེ་མིག་གསུམ། །འཁོར་ལོ་བཞི་ལྡན་ཡན་ལག་བཅས། །གཏན་ཚིགས་བརྒྱད་དང་དྲག་སྔགས་བདུན། །གསང་པ་རྣམ་པ་ལྔ་དང་ལྡན། །གསང་སྔགས་སྙིང་པོ་རབ་བཟློག་བཞི། །ཡན་ལག་ལྔ་དང་བཞི་སྔགས་དང་། །བཅོ་ལྔ་རིམ་པ་གསུམ་དུ་བསྒྲུབ། །ཡང་ན་ལྔ་ཡང་རབ་ཏུ་ཤེས། །དྲག་ལྔ་བཅུ་བཞི་ལྔ་པ་དང་། །ལས་བཅུ་སྤོགས་པའི་ལས་ནི་བཞི། །འཁོར་ལོ་རྣམ་པ་གསུམ་དག་དང་། །སྤྱི་འཁོར་བརྒྱ་རྩ་བརྒྱ་ལྔ་བཅུ། །གསང་ཆེན་བཞི་ཡི་འཁོར་ལོ་སྤྱི། །རྡོ་རྗེ་གཙུག་ལག་འཁོར་གསུམ་པའི་རྒྱུད་ཆེན་པོ་ལས། །གཤིན་རྡོ་རྗེ་གཤེད་ཀྱི་འཁོར་ལོ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།གསང་ཆེན་གཉིས་པའི་ལྡེ་མིག་གསུམ། །འཁོར་ལོ་བཞི་དང་རྒྱས་འབྲིང་གསུམ། །སྐྱོན་སྤངས་ཡོན་ཏན་དག་དང་ལྡན། །འཁོར་ལོ་གསུམ་དང་རྒྱས་འབྲིང་བཞི། །སྤྱི་དང་སྒོ་དང་ལས་གཉིས་དང་། །རྩ་བ་གནས་ཡུལ་ཡན་ལག་ལས། །གསང་བ་གསུམ་ལྔ་བདུན་རྣམས་དང་། །བཅད་བྲབ་བཤིག་དང་གཅུན་པ་དང་། །གསད་དང་གསང་བྱེད་ཡན་ལག་ལྡན། །བསྙེན་པ་ཡན་ལག་བཅས་པ་དང་། །བསྙེན་བསྒྲུབ་གཅོད་འཁོར་ཉི་ཤུ་དང་། །ལས་སྔགས་ལས་ཚོགས་ལས་ཕྲན་དང་། །སྤྱི་དང་སྒོ་དང་བསྐོར་ཐབས་དང་། །ལས་ཕྲན་བཅས་པ་གསང་བ་རྫོགས། །རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་ཆེན་པོ་ལས། ཁྲོ་བོའི་འཁོར་ལོ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།གསང་ཆེན་གསུམ་པའི་ལྡེ་མིག་གསུམ། །འཁོར་ལོ་བཞི་དང་རྒྱས་འབྲིང་གསུམ། །ཀྱོན་སྤངས་ཡོན་ཏན་བདུན་དང་ལྡན། །ཡན་ལག་ལྔ་དང་བཅས་པས་འགྲུབ། །བསྙེན་བསྒྲུབ་ཉི་ཤུ་རྩ་གཅིག་སྟེ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །འཕྲིན་ལས་སྔགས་ནི་ཉི་ཤུ་ལྔ། །སྤྱི་དང་ཁྱད་པར་གསང་སྔགས་གཉིས། ཁེན་ཏུ་བསྡུས་པའི་གསང་སྔགས་དང་། །བརླག་དང་དཀྲུག་དང་བཅིང་པ་དང་། །འཇིག་དང་ཡོངས་སུ་རྫོགས་པ་དང་། །བསྡུས་པའི་ལས་ནི་རབ་ཏུ་ཟབ། །ཡན་ལག་བཅས་པའི་གསང་སྔགས་དང་། །སྡེབས་དང་བཅས་པས་ཡོངས་སུ་གྲུབ། །རྣལ་འབྱོར་པ་དག་རྩོད་པ་ལ། །རིག་སྔགས་ཉི་ཤུ་རྩ་བརྒྱད་དགོད། །འཁོར་ལོ།རྒྱས་འབྲི།།ང་ལས་སྣ་ཚོགས། །བརྟུལ་ཞུགས་ཕོ་ཉ་དམུ་ལོང་དང་། །ཀླུ་དང་མ་མོ་གནོད་སྤྱིན་དྲེགས། །འདུས་པའི་འཁོར་ལོར་གསུངས་པ་ཡིན། །རྡོ་རྗེ་གཙུག་ལ།་།འཁོར་ལོ་གསུམ་པའི་རྒྱུད་ཆེན་པོ་ལས། །པདྨའི་འཁོར་ལོ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།གསང་ཆེན་བཞི་པ་ལྡེ་མིག་གསུམ། །འཁོར་ལོ་བཞི་ལས་གསུམ་དུ་འགྱུར། །དབྱི་བའི་འཁོར་ལོ་གསུམ་ལས་།གསུམ། །སྐྱོན་སྤངས་ཡོན་ཏན་བཞི་དང་ལྡན། །ས་་ཡང་བསྡུས་ན་བཞི་རུ་འགྱུར། །ས་བཞི་ལས་ནི་ཕྱོགས་ཀྱི་སྒྲ། །བསྐོར་ཐབས་རྣམ་པ་གསུམ་དུ་བསྐོར། །སྔགས་ཀྱི་མན་ངག་གཉིས་སུ་བཤད། །ཐུན་མིན་ཐུན་མོང་ཡན་ལག་གོ །བཤད་ཐབས་ལྔ་དང་བསྙེན་པ་ལྔ། །བསྙེན་བསྒྲུབ་བཞི་དང་ཕན་གནོད་ལས། །སྦྱོར་སྡེབ་རྣལ་འབྱོར་སྨེ་འཁྲུག་དང་། །ཐུང་དང་མཆོད་དང་གིང་དུ་བཏང་། ཁྱད་པར་ལས་གྲུབ་རྟེན་འབྲེལ་ལོ། །གནད་བཟློག་སོད་དང་ཐབས་དང་ཚད། །གས།་བའི་འཁོར་ལོར་བསྟན་པ་ཡིན། །རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་གླེན་པོ་ལས། ཕུར་པའི་འཁོར་ལོ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།གསང་ཆེན་ལྔ་པ་ལྡེ་མིག་གསུམ། །དམ་པ་བརྒྱད་ལས་འཁོར་ལོ་བཞི། །སྐྱོན་བཞི་སྤངས་པས་ཡོན་ཏན་བཞི། །རྒྱས་འབྲིང་སྤྲེགས་ཀྱི་ཚད་མ་བཞི། །བསྙེན་པ་གསུམ་དང་བསྙིན་པ་བཞི། །བཟློག་དང་རྣལ་མ་དགྲུག་པ་གསུ།མ། །རྨེ་འཁྲུག་རྩ་བ་ཡན་ལག་བཅས། །བསྡུས་དང་ཁ་སྐོང་མཐར་ཐུག་གསུམ། །བྱབ་དང་བྲབ་དང་བཀྲུ་དང་གསུམ། །བསྡུས་དང་དྲིལ་དང་རྒྱས་འབྲོས་གསུམ། །གཙོ་བོ་རྒྱས་འབྲིང་ཡན་ལག་འབུམ། །གསང་བ་དྲག་པོ་འཁོར་ལོར་བསྟན། །རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་ཆེན་པོ་ལས། རྡོ་རྗེ་འཛིན་པའི་འཁོར་ལོ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།གསང་བ་དྲུག་པ་ལྡེ་མིག་གསུམ། །འཁོར་ལོ་གསུམ་བཞི་རྒྱས་འབྲིང་ཐ། །བཞི་པ་སྐྱོན་སྤངས་ཡོན་ཏན་ལྡན། །སྦས་དང་གབ་གསང་འཁོར་ལོ་གསུམ། །བཅོ་ལྔ་ཉི་ཤུ་རྩ་བཞི་གཅིག །ཉི་ཤུ་གཅིག་དང་སུམ་ཅུ་དྲུག །རྣམ་པ་སུམ་ཅུ་རྩ་གསུམ་དང་། །ཚད་མ་རྣམ་པ་ལྔ་ཡིན་ཏེ། །བསྡུས་པ་རྣམ་པ་གཉིས་སུ་འདུས། །བསྒྲུབ་པའི་ཚད་མ་བསྡུས་དང་རྒྱས། །ལས་ཀྱི་ཚད་མ་གསུམ་ལས་དབྱེ། །སྤོགས་དང་ལས་ཀྱི་ལྷག་མར་བཅས། །རྒྱས་འབྲིང་རྣམ་པ་གསུམ་དུ་བསྟན། །གསང་བ་གཉིས་སུ་བཤད་པ་ཡིན། །བསྙེན་པ་རྣམ་པ་གསུམ་དུ་གྱུར། །གཙོ་འཁོར་བསྙེན་པས་རབ་ཏུ་དབྱེ། །རྩ་བའི་འཁོར་ལོ་དབྱེ་བར་བྱ། །རང་གཤེད་ཏོ་ལོག་སྐྲུ་གྲི་དང་། །བཟླས་ཐབས་གནད་ཀྱི་བསྐོར་ཐབས་དང་། །ཐུགས་ཀ་བསྡུས་པའི་ཡན་ལག་གཉིས། །དུས་དང་གཏད་ཐབས་རིགས་དང་གསུམ། །བྱེ་བྲག་ལས་ཐབས་རྟག་པ་དང་། །གསང་བ་ལས་ཀྱི་འཁོར་ལོར་བཤད། །རྡོ་རྗེ་གཙུག་ལ་འཁོར་ལོ་གསུམ་པའི་རྒྱུད་ཆེན་པོ་ལས། རྡོ་རྗེ་ཁྱུང་ཆེན་འཁོར་ལོ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།འཁོར་ལོ་ལས་ནི་ཐམས་ཅད་ལས། །རྨེ་བཟློག་ལྔ་དང་སུམ་ཅུར་བཤད། །ལས་ཀྱི་འཁོར་ལོ་རྣམ་གྲངས་དང་། །འཁོར་ལོ་རྣམས་ཀྱི་བསྐོར་ཐབས་དང་། །དགྲ་རྣམས་གཏད་པའི་བྱེ་བྲག་དང་། །ལྡོག་པ་མཚམས་ཀྱི་རིམ་པ་དང་། །དྲག་པོ་སྔགས་བདག་བསྐང་གསོ་དང་། །དེ་ཡིས་ལས་རྣམས་རྫོགས་པར་བཤད། །དྲེགས་པ་དེ་ཉིད་ཤེས་གྱུར་ན། །དྲེགས་པའི་རང་གཤེད་རང་གིས་བྱེད། །སྐུ་ལྔ་དེ་ཉིད་ཤེས་གྱུར་ན། །སྐུ་ལྔ་རང་གཤེད་རང་གིས་བྱེད། །འབྲས་བུ་སྐུ་གསུམ་དབྱེར་མེད་ཐོབ། །རང་བཞིན་མེད་པར་དེ་ཤེས་ན། །གསད་པ་ཉིད་ཀྱི་བྱང་ཆུབ་ཐོབ། །གསང་བའི་འཁོར་ལོ་ཆེན་པོ་ཡིན། །རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་ཆེན་པོ་ལས། སྤྱིའི་འཁོར་ལོ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།འཁོར་འོའི་ལས་ནི་ཐམས་ཅད་ལ། །གཤེད་མ་སྲོག་ལ་འབེབས་པ་ནི། །དབུས་སུ་ཉི་མའི་དཀྱིལ་འཁོར་བསམ། །རང་རང་སྔགས་བཅས་དམོད་པའི་ཡི་གེ་སྟེ། །རང་རང་རིགས་ཀྱི་ཉོན་མོངས་རྟོགས། །འཇིགས་པའི་གཟུགས་ལྡན་རབ་ཏུ་གསལ། །དྲུག་ནས་རིམ་པ་བཅོ་བརྒྱད་དེ། །གཉེན་པོ་མགོ་དགུ་དག་ཏུ་འགྱུར། །མགོ་བརྒྱད་རྩ་བརྒྱད་ནང་ནང་བཞུགས། །དབུས་ཀྱི་རྩ་ནི་སྲོག་རྩ་ཡིན། །སྟེང་དུ་འཕྲོས་པའི་རྣམ་པ་བཅུ་བདུན་ཏེ། །དེ་སྟེངས་འཕྲོས་པས་སུམ་ཅུ་རྩ་གསུམ་མོ། །འོག་ཏུ་འཕྲོས་པ་དྲུག་ཅུ་ལྔ་འགྱུར། །དེ་འོག་འཕྲོས་པ་ལྔ་རུ་འགྱུར། །ཡང་གསང་འབྱུང་བའི་ཏིང་འཛིན་ནི། །རྣམ་པ་གསུམ་དུ་ཤེས་པར་བྱ། །གཡོ་དང་ཐོབ་དང་བསྟན་དང་གསུམ། །འབྱུང་བའི་གཟེར་ཆེན་རབ་ཏུ་གཏབ། །མ་ར་ཡ་ཡི་འཕྲེང་བ་ཡིས། །བདུན་ནམ་བཅུ་བཞི་ཉི་ཤུ་གཅིག །འདི་ལས་འདའ་བར་ངས་མ་གསུངས། །ཚད་ཅན་སྔགས་དང་ཚད་མེད་སྔགས། །གཉིས་སམ་གསུམ་དུ་ཤེས་པར་བྱ། །དང་པོ་གཉིས་ནི་ཚད་མེད་དེ། །མཐའ་ལ་ཚད་དང་རབ་ཏུ་ལྡན། །ལ་ལར་གསུམ་ལ་ཚད་ཅན་ཏེ། །ལ་ལར་གསུམ་མི་ཚད་མེད་ཡིན། །དེ་ལས་ལས་རྣམས་རབ་ཏུ་བརྟག །གསང་བ་དྲག་པོར་འཁོར་བར་འགྱུར། །དེས་ཀྱང་ཡང་ནི་མ་འཁོར་ན། །གསང་བའི་སྤོག་པ་རྒྱས་པར་བྱ། །མུ་ར་ཡ་ཡི་འཕྲེང་བ་ནི། །གསང་སྔགས་ཚད་མེད་ཅེས་སུ་བཤད། །རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་ཆེན་པོ་ལས། ཏིང་ངེ་འཛིན་དང་གྲངས་ཚད་ཀྱི་འཁོར་ལོ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།འཁོར་ལོའི་ལས་ནི་ཐམས་ཅད་ལ། །རིམ་པ་བཞི་ཡི་ལས་ནི་གཅེས། །གསང་བ་ཆེན་པོའི་འཁོར་ལོ་ཡིན། །དབྱངས་ཡིག་དཀྲུགས་པ་ཅི་སྔགས་ཏེ། །རིམ་བཞིན་མཁས་པས་བསྒྲུབ་པར་བྱ། །སྡེབས་བཅས་རྒྱུད་སྡེ་གཞན་ལ་ནི། །དབྱངས་ཡིག་སྦྱར་བར་མ་གསུངས་ཏེ། །འཇམ་དཔལ་ཡོན་ཏན་སྔགས་ཡིན་ཕྱིར། །ཤེས་རབ་འཁྲུལ་འཁོར་བསྐོར་དུས་སུ། །དབྱངས་ཡིག་སྦྱར་གྱིན་གཞན་དུ་མིན། །ལྷ་བསྒྲུབ་གསང་སྔགས་གཞན་དུ་ནི། །མིན་ཏེ་སྐབས་ཀྱིས་ཤེས་པར་བྱ། །གསལ་བྱེད་རིམ་པ་ད་དང་མཚུངས། །རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་ཆེན་པོ་ལས། བྱ་ཀ་ར་ན་སྦྱར་བ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།འཁོར་ལོའི་ལས་ནི་ཐམས་ཅད་ལ། །ས་ཐོབ་བསྒྲལ་དང་སྐུ་ལ་བཤིག །དྲོད་བྲལ་རིག་སྙེད་དགུག་པ་དང་། །སྡུག་བསྔལ་འབྱིན་དང་མཐུ་རྣམས་འཇོམས། །གསང་ཐུགས་འཁོར་ལོ་བདུན་པ་ཡིན། །འབྱུང་བའི་འཕྲེང་བ་མ་ར་ཡ། །རྣམ་པ་བདུན་དུ་འགྱུར་བ་ཡིན། །གསང་བའི་འཕྲེང་བར་རབ་ཏུ་དཀྲུགས། །མ་ར་ཡ་ཡི་འཕྲེང་བ་ཡིན། །གསང་བ་མི་འཀྱུར་མྱ་ར་ཡ། །རོལ་པའི་འཁོར་ལོར་བཤད་པ་ཡིན། །རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་ཆེན་པོ་ལས། མའ་ར་ཡ་ཡི་འཕྲེང་བ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།འཁོར་ལོའི་ལས་ནི་ཐམས་ཅད་ལ། །ཚད་མ་རྣམ་པ་དྲུག་ཏུ་བསྟན། །ཚད་ནི་རྣམ་པ་བརྒྱད་ཡིན་ཏེ། །ས་་ནི་རྣམ་པ་ལྔ་ཡིན་ནོ། །ཐེམས་ནི་རྣམ་པ་ལྔ་རུ་འགྱུར། །གཟིར་བ་རྣམ་པ་གཉིས་ཡིན་ཏེ། །ཕྱེ་བས་བརྒྱ་དང་ལྔ་བཅུ་ཡིན། །སྡོམ་ནི་རྣམ་པ་བཞི་ཡིན་ཏེ། །རྩིས་ནི་ཐམས་ཅད་ཀུན་ཏུ་རྒྱུག །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །གཞན་ཡང་སྔགས་ཀྱི་ཚད་མ་ནི། །སྔགས་ནི་རྣམ་པ་དགུ་རུ་བཤད། །རབ་ཀྱི་དོན་ཏུ་རྣམ་པ་དགུ། །འབྲིང་ལ་བདུན་ལ་ཐ་མ་ལྔས། །སྐུ་ལྔ་ངེས་པར་འཇིག་པར་འཀྱུར། །རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་ཆེན་པོ་ལས། འཁོར་ལོ་ཚད་མ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།འཁོར་ལོའི་ལས་ནི་ཐམས་ཅད་ལ། །ཡན་ལག་རྒྱས་འབྲིང་ཐ་མ་སྟེ། །རབ་ལ་བརྒྱ་ནི་རྩ་གཅིག །འབྲིང་ལ་ཉི་ཤུ་བཞི་འམ་ལྔ། །ཐ་མ་རྣམ་གྲངས་བཅོ་ལྔ་བཤད། །དོན་གྱི་འཁོར་ལོ་བརྒྱ་རྩ་བརྒྱད། །ལྡོག་དང་འབྱམས་དང་མདོ་བྲལ་དང་། །འཁོར་ལོ་རྟག་ཏུ་འཁོར་བར་བཤད། །ཡན་ལག་རྣམས་དང་བཅས་པའོ། །གཞི་ཡི་འཁོར་ལོ་རབ་གསང་བ། །ཐམས་ཅད་འཕྲོས་སམ་འབྱུང་བའི་རྒྱུ། །འཁོར་ལོ་དོན་གྱི་རྩ་བ་སྟེ། །ཐམས་ཅད་ཐིག་ལེ་མཉམ་ལས་འབྱུང་། །རྒྱུད་དང་རྐྱེན་གྱིས་བར་དུ་བསྐྱེད། །ཐམས་ཅད་རང་རིག་ཡེ་ཤེས་ཏེ། །རྟོགས་དང་མ་རྟོགས་ཡུལ་དང་བྲལ། །སྐུ་གསུམ་མཉམ་གནས་འཁོར་ལོ་ཡིན། །རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་ཆེན་པོ་ལས། འཁོར་ལོ་སྣ་ཚོགས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།འཁོར་ལོའི་ལས་ནི་ཐམས་ཅད་ལ། །ཨོ །ཞེ་སྡང་འཁོར་ལ་་བརྒྱ་རྩ་གཅིག །སྤངས་པས་མུ་སྟེགས་ལམ་དུ་འགྲོ། །མ་སྤངས་བྱང་ཆུབ་ཆེན་པོ་ཐོབ། །ཧོ༷ །ང་རྒྱལ་འཁོར་ལོ་བརྒྱ་རྩ་གཅིག །སྤངས་པས་མུ་སྟེགས་ལམ་དུ་འགྲོ། །མ་སྤངས་བྱང་ཆུབ་ཆེན་པོ་ཐོབ། །སྭ། འདོད་ཆགས་འཁོར་ལོ་བརྒྱ་རྩ་གཅིག །སྤངས་པས་མུ་སྟེགས་ལམ་དུ་འགྲོ། །མ་སྤངས་བྱང་ཆུ་བ་ཆེན་པོ་ཐོབ། །ཨོ། ཕྲག་དོག་འཁོར་ལོ་བརྒྱ་རྩ་གཅིག །སྤངས་པས་མུ་སྟེགས་ལམ་དུ་འགྲོ། །མ་སྤངས་བྱང་ཆུབ་ཆེན་པོ་ཐོབ། །ཧ། གཏི་མུག་འཁོར་ལོ་བརྒྱ་རྩ་བརྒྱད། །སྤངས་པས་མུ་སྟེགས་ལམ་དུ་འགྲོ། །མ་སྤངས་བྱང་ཆུབ་ཆེན་པོ་ཐོབ། །ཨོ།ཞེ་སྡང་ཆགས་པ་ཨེ་ཡིན་ཏེ། །སྤངས་པས་མུ་སྟེགས་ལམ་དུ་འགྲོ། །མུ༷། ང་རྒྱལ་ཆགས་པས་ཨེ་ཡིན་ཏེ། །སྤངས་པས་མུ་སྟེགས་ལམ་དུ་འགྲོ། །མ༷། འདོད་ཆགས་ཆགས་པས་ཨེ་ཡིན་ཏེ། །སྤངས་པས་མུ་སྟེགས་ལམ་དུ་འགྲོ། །པྱ༷། ཕྲག་དོག་ཆགས་པས་ཨེ་ཡིན་ཏེ། །སྤངས་པས་མུ་སྟེགས་ལམ་དུ་འགྲོ། །ཏ༷། གཏི་མུག་ཆགས་པས་ཨེ་ཡིན་ཏེ། །སྤངས་པས་མུ་སྟེགས་ལམ་དུ་འགྲོ། །དུག་ལྔ་འཇོམས་པའི་འཁོར་ལོར་བཤད། །ལ༷།རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་ཆེན་པོ་ལས། དུག་ལྔ་འཇོམས་པའི་འཁོར་ལོ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།འཁོར་ལོའི་ལས་ནི་ཐམས་ཅད་ལ། །མེ་ཡི་འཁོར་ལོ་སུམ་ཅུ་གཉིས། །སྲིད་པའི་མེ་བརྒྱད་འཁོར་ལོ་དང་། །མེ་བརྒྱད་ཐུགས་ཀྱི་འཁོར་ལོ་དང་། །མེ་བརྒྱད་གསུང་གི་འཁོར་ལོ་དང་། །མེ་བརྒྱད་སྐུ་ཡི་འཁོར་ལོ་བརྒྱད། །འབར་བའི་འཁོར་ལོ་དཀྲུག་པ་སྟེ། །དེ་དག་རིམ་པ་བཞིར་ལྡན་དཀྲུག །དང་པོ་ང་རྒྱལ་མེ་ཡིན་ཏེ། །གཉིས་ནི་ཞེ་སྡང་མེ་ཆེན་སྦར། །གསུམ་པ་འདོད་ཆགས་མེ་ཆེན་སྦར། །བཞི་པ་གཏི་མུག་མེ་ཆེན་སྦར། །འབྱུང་བའི་འབྱུང་བ་ཆེར་གསང་བའོ། །རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་ཆེན་པོ་ལས། །རོལ་པ་མེ་ཡི་འཁོར་ལོ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།འཁོར་ལོའི་ལས་ནི་ཐམས་ཅད་ལ། །ཆུ་ཡི་འཁོར་ལོ་སུམ་ཅུ་གཉིས། །སྲིད་པ་ཆུ་བརྒྱད་འཁོར་ལོ་དང་། །ཆུ་བརྒྱད་ཐུགས་ཀྱི་འཁོར་ལོ་དང་། །ཆུ་བརྒྱད་གསུང་གི་འཁོར་ལོ་དང་། །ཆུ་བརྒྱད་སྐུ་ཡི་འཁོར་ལོ་དང་། །ཆུ་བརྒྱད་འཁོར་ལོ་དཀྲུག་པ་སྟེ། །དེ་དག་རིམ་པ་བཞི་ལྡན་དཀྲུག །དང་པོ་ང་རྒྱལ་ཆུ་ཡིན་ཏེ། །གཉིས་པ་ཞེ་སྡང་ཆུ་ཡིས་བཀྲུ། །གསུམ་པ་འདོད་ཆགས་ཆུ་ཡིས་བཀྲུ། །བཞི་པ་གཏི་མུག་ཆུ་ཡིས་བཀྲུ། །འབྱུང་བའི་འབྱུང་བ་ཆེར་གསང་བའོ། །རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་ཆེན་པོ་ལས། རོལ་པ་ཆུ་ཡི་འཁོར་ལོ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།འཁོར་ལོའི་ལས་ནི་ཐམས་ཅད་ལ། །རླུང་གི་འཁོར་ལོ་སུམ་ཅུ་གཉིས། །སྲིད་པ་རླུང་བརྒྱད་འཁོར་ལོ་དང་། །རླུང་བརྒྱད་ཐུགས་ཀྱི་འཁོར་ལོ་དང་། །རླུང་བརྒྱད་གསུང་གི་འཁོར་ལོ་དང་། །རླུང་བརྒྱད་སྐུ་ཡི་འཁོར་ལོ་དང་། །གཏོར་བའི་འཁོར་ལོ་དཀྲུག་པ་སྟེ། །དེ་དག་རིམ་པ་བཞི་ལྡན་དཀྲུག །དང་པོ་ང་རྒྱལ་རླུང་ཡིན་ཏེ། །གཉིས་པ་ཞེ་སྡང་རླུད་གིས་གཏོར། །གསུམ་པ་འདོད་ཆགས་རླུང་གིས་གཏོར། །བཞི་ང།་གཏི་མུག་རླུང་གིས་གཏོར། །འབྱུང་བའི་འབྱུང་བ་ཆེར་གསང་བའོ། །རྡོ་རྗེ་གཙུག་ལ་འཁོར་ལོ་གསུམ་པའི་རྒྱུད་ཆེན་པོ་ལས། རོལ་པ་རླུང་གི་འཁོར་ལོ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།འཁོར་ལོའི་ལས་ནི་ཐམས་ཅད་ལ། །ས་ཡི་འཁོར་ལོ་སུམ་ཅུ་གཉིས། །སྲིད་པ་ས་བརྒྱད་འཁོར་ལོ་དང་། །ས་བརྒྱད་ཐུགས་ཀྱི་འཁོར་ལོ་དང་། །ས་བརྒྱད་གསུང་གི་འཁོར་ལོ་དང་། །ས་བརྒྱད་སྐུ་ཡི་འཁོར་ལོ་དང་། །གནན་པའི་འཁོར་ལོ་དཀྲུག་པ་སྟེ། །དེ་དག་རིམ་པ་བཞི་ལྡན་དཀྲུག །དང་པོ་ང་རྒྱལ་ས་ཡིན་ཏེ། །གཉིས་པ་ཞེ་སྡང་ས་ལ་བསྟེན། །གསུམ་པ་འདོད་ཆགས་ས་ལ་བརྟེན། །བཞི་པ་གཏི་མུག་ས་ལ་བརྟེན། །འབྱུང་བའི་འབྱུང་བ་ཆེར་གསང་བའོ། །རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་ཆེན་པོ་ལས། རོལ་པ་ས་ཡི་འཁོར་ལོ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།འཁོར་ལོའི་ལས་ནི་ཐམས་ཅད་ལ། །བསྡུས་པའི་འཁོར་ལོ་སུམ་ཅུ་གཉིས། །བསྡུས་པ་ཐུགས་ཀྱི་འཁོར་ལོ་དང་། །བསྡུས་པ་གསུང་གི་འཁོར་ལོ་དང་། །བསྡུས་པ་སྐུ་ཡི་འཁོར་ལོ་དང་། །བསྡུས་པའི་འཁོར་ལོ་དཀྲུག་པ་སྟེ། །དེ་དག་རིམ་པ་བཞིར་ལྡན་དཀྲུག །དང་པོ་ང་རྒྱལ་དཀྲུག་པ་སྟེ། །གཉིས་པ་ཞེ་སྡང་དཀྲུག་པ་ཡིན། །གསུམ་པ་འདོད་ཆགས་དཀྲུག་པ་ཡིན། །བཞི་པ་གཏི་མུག་དཀྲུག་པའོ། །འབྱུང་བའི་འབྱུང་བ་ཆེར་གསང་བའོ། །རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་ཆེན་པོ་ལས། རོལ་པ་བསྡུས་པའི་འཁོར་ལོ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།འཁོར་ལོའི་ལས་ནི་ཐམས་ཅད་ལ། །གསང་དོན་དགུ་བཅུ་ཐམ་པ་ནི། །ཉི་ཤུ་བཞི་དང་ཉི་ཤུ་ལྔ། །སྦྱོར་བའི་མདུང་ཐུང་ཉི་ཤུ་དང་། །སྒྲོལ་བའི་སྤུ་གྲི་ཉི་ཤུ་གཅིག །དང་པོའི་གསང་བ་ངས་ལུང་བསྟན། །རྒྱུད་གསུམ་ཡན་ལག་ཡོངས་ཤེས་བཅུ། །རྒྱུད་ཀྱི་དངོས་པོར་ངས་ལུང་བསྟན། །རེ་རེ་ཕྱི་ནང་གསང་བར་ལྡན། །རྒྱུད་ཀྱི་དངོས་པོ་ངས་ལུང་བསྟན། །རོལ་པའི་འཁོར་ལོ་ཆེར་གསང་བའོ། །གསང་དོན་དོན་གྱི་རྩ་བར་བཤད། །རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་ཆེན་པོ་ལས། རོལ་པ་ལུང་བསྟན་གྱི་འཁོར་ལོ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།འཁོར་ལོའ་ལས་ནི་ཐམས་ཅད་ལ། །གསང་དོན་དགུ་བཅུ་ཐམ་པ་ནི། །ཉི་ཤུ་དང་པོ་ཉི་ཤུ་གཉིས། །སྦྱོར་བའི་མདུང་ཐུང་ཉི་ཤུ་དང་། །སྒྲོལ་བའི་སྐྲུ་གྲི་ཉི་ཤུ་སྟེ། །གསང་བ་རྣམ་པ་བཅུ་དང་ལྡན། །གཉིས་པའི་གསང་བར་ལུང་བསྟན་ནོ། །རྒྱུད་གསུམ་ཡན་ལག་ཡོངས་ཤེས་བཅུ། །རྒྱུད་ཀྱི་དངོས་པོར་ངས་ལུང་བསྟན། །རེ་རེ་ཕྱི་ནང་གསང་བར་ལྡན། །རྒྱུད་ཀྱི་དངོས་པོར་ངས་ལུང་བསྟན། །རོལ་པའི་འཁོར་ལོ་ཆེར་གསང་བ། །གསང་ཆེན་དོན་གྱི་རྩ་བར་བཤད། །རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་ཆེན་པོ་ལས། །རོལ་པ་ལུང་བསྟན་གྱི་འཁོར་ལོ་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།འཁོར་ལོའི་ལས་ནི་ཐམས་ཅད་ལ། །གསང་དོན་དགུ་བཅུ་ཐམ་པ་ནི། །ཉི་ཤུ་དང་པོ་ཉི་ཤུ་གཉིས། །སྦྱོར་བའི་མདུང་ཐུང་ཉི་ཤུ་དང་། །སྒྲོལ་བའི་སྤུ་གྲི་ཉི་ཤུ་སྟེ། །གསང་བ་རྣམ་པ་བཅུ་དང་ལྡན། །གསུམ་པའི་གསང་བར་ངས་ལུང་བསྟན། །རྒྱུད་གསུམ་ཡན་ལག་ཡོངས་ཤེས་བཅུ། །རྒྱུད་ཀྱི་དངོས་པོར་ངས་ལུང་བསྟན། །རེ་རེ་ཕྱི་ནང་གསང་བར་ལྡན། །རྒྱུད་ཀྱི་དངོས་པོར་ངས་ལུང་བསྟན། །རོལ་པའི་འཁོར་ལོ་ཆེར་གསང་བ། །གསང་ཆེན་དོན་གྱི་རྩ་བར་བཤད། །རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་ཆེན་པོ་ལས། རོལ་པ་ལུང་བསྟན་གྱི་འཁོར་ལོ་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའ།། །།འཁོར་ལོའ་ལས་ནི་ཐམས་ཅད་ལ། །གསང་དོན་དགུ་བཅུ་ཐམ་པ་ནི། །ཉི་ཤུ་དང་པོ་ཉི་ཤུ་གཉིས། །སྤྱིར་བའི་མདུང་ཐུང་ཉི་ཤུ་དང་། །སྒྲོལ་པའི་སྤུ་གྲི་ཉི་ཤུ་སྟེ། །གསང་བ་རྣམ་པ་བཅུ་དང་ལྡན། །བཞི་ཡིས་གསང་བར་ངས་ལུང་བསྟན། །རྒྱུད་གསུམ་ཡན་ལག་ཡོངས་ཤེས་བཅུ། །རྒྱུད་ཀྱི་དངོས་པོར་ངས་ལུང་བསྟན། །རེ་རེ་ཕྱི་ནང་གསང་བར་བསྟན། །རྒྱུད་ཀྱི་དངོས་པོར་ངས་ལུང་བསྟན། །རོལ་པའི་འཁོར་ལོ་ཆེར་གསང་བ། །གསང་ཆེན་དོན་གྱི་རྩ་བར་བཤད། །རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་ཆེན་པོ་ལས། རོལ་པ་ལུང་བསྟན་གྱི་འཁོར་ལོ་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།འཁོར་ལོའི་ལས་ནི་ཐམས་ཅད་ལ། །གསང་དོན་དགུ་བཅུ་ཐམ་པ་ནི། །ཉི་ཤུ་དང་པོ་ཉི་ཤུ་གཉིས། །སྦྱོར་བའི་མདུང་ཐུང་ཉི་ཤུ་དང་། །སྒྲོལ་བའི་སྤུ་གྲི་ཉི་ཤུ་སྟེ། །གསང་བ་རྣམ་པ་བཅུ་དང་ལྡན། །ལྔ་པའི་གསང་བར་ངས་ལུང་བསྟན། །རྒྱུད་གསུམ་ཡན་ལག་ཡོངས་ཤེས་བཅུ། །རྒྱུད་ཀྱི་དངོས་པོར་ངས་ལུང་བསྟན། །རེ་རེ་ཕྱི་ནང་གསང་བ་གསུམ། །རྒྱུད་ཀྱི་དངོས་པོར་ངས་ལུང་བསྟན། །རོལ་པའི་འཁོར་ལོ་ཆེར་གསང་བ། །གསང་ཆེན་དོན་གྱི་རྩ་བར་བཤད། །རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་ཆེན་པོ་ལས། རོལ་པ་ལུང་བསྟན་གྱི་འཁོར་ལོ་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།། །།འཁོར་ལོའི་ལས་ནི་ཐམས་ཅད་ལ། །གསང་དོན་དགུ་བཅུ་ཐམ་པ་ནི། །ཉི་ཤུ་དང་པོ་ཉི་ཤུ་གཉིས། །སྦྱོར་བའི་མདུང་ཐུང་ཉི་ཤུ་དང་། །སྒྲོལ་བའི་སྤུ་གྲི་ཉི་ཤུ་སྟེ། །གསང་བ་རྣམ་པ་བཅུ་དང་ལྡན། །དྲུག་པའི་གསང་བར་ངས་ལུང་བསྟན། །རྒྱུད་གསུམ་ཡན་ལག་ཡོངས་ཤེས་བཅུ། །རྒྱུད་ཀྱི་དངོས་པོར་ངས་ལུང་བསྟན། །རོལ་པའི་འཁོར་ལོ་ཆེར་གསང་བ། །གསང་ཆེན་དོན་གྱི་རྩ་བར་བཤད། །རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་ལས། རོལ་པ་ལུང་བསྟན་པའི་འཁོར་ལོ་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྟོབས་པོ་ཆེས། བཅོམ་ལྡན་འདས་ལ་གསང་བའི་རོལ་པས་མཆོད་ཅིང་བསྟོད་ནས། །འདི་སྐད་ཅེས་གསོལ་ཏེ། །ཨེ་མ་རོལ་པའི་འཁོར་ལོ་ལེགས། །གསང་བ་གསུམ་གྱི་རྒྱུད་འདི་ལགས། །རོལ་པའི་བདེ་བར་གཤེགས་པ་ལེགས། །རོལ་པ་ཇི་ལྷར་གཟུང་བར་བགྱིས། །ཞེས་གསོལ་བ་དང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མ་རྡོ་རྗེ་སྟོབས་པོ་ཆེ རོལ་པའི་རིན་ཆེན་རྒྱུད་ཆེན་འདི། །རིགས་ལྡན་བྱང་ཆུབ་སེམས་དཔའ་ཡིས། །རིན་ཆེན་གཏེར་ལྡན་བཟུང་བར་གྱིས། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པས། དྲག་པོ་ཆེན་པོ་ལ་སོགས་པའི་འཁོར་རྣམས་ཡི་རང་སྟེ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་ལས། རྒྱུད་ཇི་སྙེད་པ་ཡོངས་སུ་གཟུང་ཞིང་གཏད་པའི་ལེའུ་སྟེ་ཉེར་དྲུག་པའོ།། །།རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། ཀྲི་ཡ་བཛྲ་ཙཀྲ་མ་ཧྭ་ཏན་ཏྲ། །བོད་སྐད་དུ། འཕགས་པ་རྡོ་རྗེ་གཙུག་ལག་གི་