Ngb-pt-0826-vol-09-text

From Rangjung Yeshe Wiki Texts
Revision as of 10:50, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-800-899/ngb-pt-0826-text.docx.wiki to Ngb-pt-0826-vol-09-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། ཡཀྟཨ་པ་ར་རྭ་ཛ་ཀྲོ་དྷ་ཏན་ཏྲ། བོད་སྐད་དུ། གནོད་སྤྱིན་འདོད་པའི་རྒྱལ་པོ་ཁྲོས་པའི་རྒྱུད། རྡོ་རྗེ་ག་་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདགགིས་ཐོས་པའི་དུས་གཅིག་ན། རི་རབ་ཆེན་པོའི་བྱངཕྱོགས་ན། ཕོ་བྲང་ཡིད་དུ་འོང་བའི་གནས་ན། བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོ་དེ་ཉིད། གནོད་སྤྱིན་ཐམས་ཅད་དབང་དུསྡུད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚེ། །གནོད་སྤྱིནམ་ལུས་པ་དབང་དུ་འདུས་སོ། །གནོད་སྤྱིན་ཐམས་ཅདཀྱིནང་ནས་སྤྲུལ་པ་ཆེ་བ་ནི། །ཨ་པ་ར་ཙིལྟི་ཡིན་པས། སྤྲུལ་པ་སྣ་ཚོགས་སུ་བསྟན་ནོ། །དུས་དེར་ཚོགས་ཀྱི་ནང་ནས་གནོད་སྤྱིན་སྐྱེམ་པ་བཞེངས་ཏེ། རྡོརྗེགཏུམཔོའི་མདུན་དུ་ཐལ་མོ་སྦྱར་ནས་གསོལ་པ། ཀྱེ་།ཐམས་ཅད་འདུལ་བའི་ག་་པོ་ཁྱེད། །སངས་རྒྱས་ཀུནགྱི་དབངབསྐུར་སྲས། །གནོད་སྤྱིན་ཐམསཅདདབང་དུ་བསྡུས། །དེའི་ནང་ནས་རྫུ་འཕྲུལ་ཅནགྱི་གནོད་སྤྱིན་ནི། འདོདཔའི་རྒྱལ་པོ་དམར་ནགཁྲོས་པའིབསྒྲུབ་ཐབས་བཤད་དུ་གསོལ། དེནས་རྡོ་རྗེགཏུམ་པོས་བཀའ་སྩལ་པ། ཉོན་ཅིག་གནོད་སྦྱིན་སྐྱེམ་པ་ཁྱོད། ཨ་པ་ར་ཞེས་བྱ་བ་ཡི། །འདོད་པའི་རྒྱལ་པོ་བསྒྲུབ་འདོད་ན། །ཕུན་སུམ་ཚོགས་དང་དམ་ཚིག་ལྷན། །ལེགས་པའི་གནས་སུ་བསྒྲུབ་པར་བྱ། །དམར་ནག་ཁྲོས་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པའོ།། །།དེ་ནས་ཡང་ནི་བཤད་པར་བྱ། །ཡིད་འོང་དབེན་པའི་གནས་ཉིད་དུ། །བྱི་དོར་ཆག་ཆག་སྤོས་ཀྱིས་བྱུག །ཚ་ཚ་ཆུ་གཏོར་སྔོན་འགྲོ་ནི། །གོས་སྔོན་ཅན་གྱི་གཟུངས་ཀྱང་ཀླག །གཏུམ་པོའི་བསྙེན་པ་འབུམ་བྱ་ཞིང་། །འཕྲིན་ལས་གཞུང་བསང་མཆོད་པ་དབུལ། །གནས་དང་སྔོན་འགྲོའི་རིམ་པ་སྟེ་གཉིས་པའོ།། །།དེ་ནས་ཡང་ནི་བཤད་པར་བྱ། །དང་པོ་རང་ཉིད་སྟོང་པ་ལས། །རུས་སྦལ་ཆུ་སྲིན་ཀླུ་གཉན་སྟེང་། །ཉི་ཟླ་པདྨའི་གདན་སྟེངས་སུ། །རིག་པ་ཧུ༷་ལས་རྡོ་རྗེར་བསམ། །དེ་ལས་རྡོ་རྗེ་གཏུམ་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །རྡོ་རྗེ་དྲིལ་བུ་སྡིགས་མཛུབ་ཅན། །སྤྲུལ་དང་རིན་པོ་ཆེ་ཡིས་བརྒྱན། །དེ་ཡི་ཐུགས་ཁར་ཟླ་སྟེངས་སུ། །དབང་སྡུད་ཧུ༷་ནི་དམར་ནག་བསམ། །དེ་ནས་སྔགས་འདི་ཞག་རེ་སྟོང་སྟོང་བཏང་། །ཨོ་བཛྲ་ཙཎྜ་མ་ཧྭ་རོ་ཥ་ཎ་ཧུ༷་ཕཊ། །ཅེས་པས་གནོད་སྤྱིན་ནི་བཀའ་ནོད་ཚུལ་དུ་ཉན་པར་བསམ། གཉེན་པོ་ལྷའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་ནི་བཤད་པར་བྱ། །གཉེན་པོ་ལྷ་བསྐྱེད་མདུན་དུ་ནི། །སྐད་ཅིག་ཉིད་ལ་གནོད་སྦྱིན་ནི། །དམར་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་ལྕགས་ཀྱི་བེ་ཅོན་ནི། །དགྲ་དང་བགེགས་ལ་བསྣུན་པར་བྱེད། །གཡོན་པས་དགྲ་བགེགས་ཅོ་ནས་འཛིན། །སྤྱན་གསུམ་སྡང་མིག་མཆེ་བ་གཙིགས། །དབུ་སྐྲ་རལ་པ་གྱེན་དུ་བརྗེས། །དམར་ནག་གཅེར་བུ་འཇིགས་པའི་སྐུ། །ཆིབས་སུ་སྟག་མོ་མི་ཟན་ཆིབས། །དེ་ལྟར་དམར་ནག་གྲུ་གསུམ་དབུས་སུ་བསྐྱེད། །གནོད་སྦྱིན་བསྐྱེད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་ནི་བཤད་པར་བྱ། །དཀྱིལ་འཁོར་ཁྲུ་གང་གྲུ་བཞི་ལ། །གྲུ་གསུམ་དམར་ནག་རྩིབས་བཞི་ལྡན། །བྱི་ལའི་གསོབ་དང་ཙ་ཀ་ལི། །མདའ་དར་བྱ་ལའི་སྙིང་དུ་བཅས། །གཏོར་མ་སྨན་རག་རྣམ་ལྔ་བཤམ། །དགྲ་བགེགས་ལིང་ག་གྲུ་གསུམ་གཞུག །ཡུངས་ཀར་ཟངས་ཕྱེའི་ཐུན་ཡང་བཅའ། །དཀྱིལ་འཁོར་དང་དམ་རྫས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་ནི་བཤད་པར་བྱ། །བཅའ་བཞི་ཏིང་འཛིན་གོང་མ་ལ། །ཁྲོས་པའི་ཚུལ་གྱི་སྨྲ་བཅད་ལ། །གྲྭ་ཟུར་མ་ཉམས་སྔགས་འདི་བཟླས། །ཨོ་ཧྲི༷་ཛ་ཨ་པ་ར་ཙིཉི་ཡཀྟ་ཀྲོ་དྷ་ཧུ༷། དྲག་པོ་བཅུ་གསུམ་དྲག་སྔགས་འདིས། །ཨ་པ་ར་ཡི་སྐུ་ཉིད་གཡོ། །འདི་ནི་འབུམ་ཕྲག་བདུན་བཏང་བས། །སྣང་སྲིད་ཐམས་ཅད་གཡོ་བར་བྱེད། །ཨ་པ་ར་ཡི་ཞལ་དངོས་མཐོང་། །ཟས་ནོར་ལོངས་སྤྱོད་དབང་དུ་སྡུས། །མི་ཆེན་ཐམས་ཅད་བྲན་ཁོལ་བྱེད། །དེ་དུས་གཏོར་མ་བཏང་ཞིང་འཕྲིན་ལས་བཅོལ། བསྒྲུབ་སྔགས་ཀྱི་རིམ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་ནི་བཤད་པར་བྱ། །བསྒྲུབ་པའི་དུས་སུ་དམ་ཚིག་ནི། །བླ་མ་མི་བརྗེད་དམ་ཚིག་ཡིན། །དུང་དུང་སེམས་ལ་བླ་མ་དྲན། །སྤྱི་བོར་རྟག་ཏུ་འཁུར་བར་བྱ། །ཟང་ཟིང་ལོངས་སྤྱོད་དབུལ་བར་བྱ། །སྒོག་བཙོང་ཡུགས་སའི་ཟས་མི་ཟ། །ཁོན་དང་ནལ་བཙོག་སྤང་བར་བྱ། །སྨྲ་གཅད་གཞན་དུ་མི་སྨྲ་བྱ། །ལྟ་དང་སྙིང་པོ་སྨྲ་མི་བྱ། །རང་གི་བླ་མ་མིན་པ་གཞན་ལ་ཕྱག་མི་བཙལ། དམ་ཚིག་གི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་ནི་བཤད་པར་བྱ། །གྲུབ་པའི་རྟགས་ནི་འདི་ལྟ་སྟེ། །མི་རེང་དཀར་པོ་བཞད་པ་དང་། །བྱ་དཀར་འབགས་དང་སེང་གེ་དང་། །སྟག་དང་སེང་གེ་འཆམ་པ་དང་། །ཨ་ཙ་ར་དང་ལྷོ་བལ་དང་། །རང་གི་སློབ་དཔོན་དགེ་བཤེས་དང་། །དམར་ནག་འཇིགས་པའི་སྐུར་སྟོན་དང་། །ཁང་ཁྱིམ་འཚེགས་དང་སྒོ་བརྡུང་དང་། །འོད་དང་མེ་སྟག་ས་མཐོ་བརྡེག །མིང་ནས་འབོད་ཅིང་མཐོང་ཁུང་འགེགས། །དེ་ལྟར་བྱུང་ན་གྲུབ་པའི་རྟགས། གྲུབ་རྟགས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་ནི་བཤད་པར་བྱ། ཧུ༷༑འཇིགས་པའི་གནོད་སྤྱིན་ཨ་པ་ར། །སྐུ་མདོག་དམར་ནག་ཁྲོ་གཉེར་ཅན། །ཞལ་གཅིག་ཕྱག་གཉིས་མཆེ་བ་གཙིགས། །གཡས་པ་བེ་ཅོན་ཀླད་ལ་བསྐོར། །སྣང་སྲིད་ཐམས་ཅད་གཡོ་བར་བྱེད། །གཡོན་པ་དགྲ་བགེགས་སྐྲ་ནས་འཛིན། །གང་ལ་དམིགས་པ་ཐལ་བར་རློག །གཅེར་བུ་གོས་མེད་ཁྲོས་པའི་གཟུགས། །བདུད་དང་མུ་སྟེགས་ཟིལ་གྱིས་གནོན། །དབུ་སྐྲ་གྱེན་དུ་བརྫེས་པ་ཡིས། །ཁམས་གསུམ་སྲིད་གསུམ་དབང་དུ་བསྡུས། །ཆིབས་སུ་སྟག་མོ་མི་ཟན་ཆིབས། །མི་རོ་ཟ་ཡིན་སྲོག་ལ་རྔམ། །དགྲ་བགེགས་གང་ལ་འབབས་པ་དེའི། །ཤ་ལ་ཟ་ཞིང་ཁྲག་ལ་འཐུང་། །དམ་རྫས་མཆོད་པ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཅེས་འདོད་པའི་ལས་བཅོལ་ལོ། །བསྟོད་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་ནི་བཤད་པར་བྱ། །ཐུན་ལ་སྔགས་འདི་ཁྲི་ཕྲག་གཅིག་གིས་བསྣུན། །བརྒྱ་སྟོང་བར་ལ་ཐུན་ཡང་བརྡེག །སྨྱོ་ཨ་པ་ར་ཙིཀྟ་མ་ཧྭ་ཀྲོ་དྷ་ཧུ༷། དགྲ་བོ་མྱ་ར་ཡ་རྦད་རྦད། དགྲ་བོ་མུ་ར་ཡ་སོད་སོད། དགྲ་བོ་མྱ་ར་ཡ་ཛ་ཛ། དགྲ་བོ་མྱ་ར་ཡ་མྱགས། ཙིལྟི་རོ་མྱགས། ཁ་ཐམས་རྦད་སོད་གཏུབས་སྨྱོ། ཞེས་ཐུན་བྲབ་ལ། ལིང་ག་ཕྱི་བའི་ཐོད་པར་བཅུག་སྟེ། ཡུལ་འདྲེ་ཡོད་སར་གནན་ནོ། །དམར་ནག་ཁྲོས་པའི་རྒྱུད་ལས། ལས་སྦྱོར་གྱི་ལེའུ་སྟེ་བཅུ་པའོ།། །།དུས་དེར་གནོད་སྤྱིན་སྐྱེམ་པ་ཡི་རང་སྟེ། རྡོ་རྗེ་གཏུམ་པོ་ལ་མངོན་པར་བསྟོད་དོ། །རྒྱུད་སྔ་མའི་ལེའུ་འོ།། །།དེ་ནས་ཡང་ནི་བཤད་པར་བྱ། །གནོད་སྤྱིན་འདོད་རྒྱལ་སྒྲུབ་འདོད་ན། །དང་པོ་ཡིད་དུ་འོང་ཞིང་དབེན་ལ་ཉམ་དགའ་བར། །དཀྱིལ་འཁོར་ཁྲུ་གང་ཁྲུ་བཞི་ལ། །བ་དམར་འོ་མ་བཟང་པོ་དྲུག་གམ་ཙན་དན་སྦྱར། །ལེགས་པར་བྱུགས་ཏེ་དཀྱིལ་འཁོར་བྲི། །དབུས་སུ་གྲུ་གསུམ་དམར་ནག་ལ། །ཟླ་གམ་གསུམ་ནི་དམར་པོ་བྱ། །འཁོར་ལོ་རྩིབས་བཞི་སེར་པོར་བྱ། །དེའི་ཕྱི་རུ་སྒོ་གཅིག་བྱང་དུ་དམར་པོ་བྱ། །གཞན་དག་ལྗང་ཁུས་དགང་། །དེ་ལྟར་དཀྱིལ་འཁོར་བྲིས་ཟིན་ནས། རྫས་དང་ཡོ་བྱད་བཤམ་པ་ནི། གྲུ་གསུམ་ནང་དུ་གང་ལ་བྱ་བའི་ལིང་ཁ་གཞུག །མདའ་རྒོད་སྒྲོ་མ་ལ་དར་དམར་ནག་གི་ཆ་རེ་གདགས། དེ་ལ་བྱི་ལའི་སྙིང་དུ་སྲོག་སྔགས་མཚལ་གྱི་བྲིས་ལ་གཞུག །དེ་ཡང་མདའ་དར་ལ་གདགས། མདའ་དར་བཤོས་བུ་གྲུ་གསུམ་དམར་ནག་ཁྲུ་གང་བ་ཅིག་ལ་བཙུགས་ལ་གཡས་སུ་གཞག །མདུན་དུ་བྱི་ལའི་གསོབ་ཅིག་རང་ལ་ཁ་བསྟན་ལ། ཤོག་བུ་ལ་ཨ་པ་ར་ཙིཀྟའི་ཙ་ཀ་ལི་བྲིས་ལ་བྱི་ལའི་ཚུལ་པ་ལ་བཏགས་ལ་བཞག །གསོབ་དེ་བར་སྣང་ལ་གདགས། ཐོད་པ་མཚན་ངན་ཅིག་ཏུ་ཡུངས་ཀར་དང་ཟངས་ཕྱེ་གཡོན་དུ་བཞག །རང་ཁ་བྱང་དུ་བལྟའོ། །དམར་ནག་ཁྲོས་པའི་རྒྱུད་ཕྱི་མ་ལ། བྱ་ལུགས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ལྟར་བཅའ་གཞི་རྫོགས་ནས་ནི། །རང་ཉིད་སྔ་མའི་གཏུམ་པོར་བསམ། །མདུན་དུ་གནོད་སྦྱིན་འདོད་རྒྱལ་ནི། །འདར་ཞིང་ཐལ་མོ་སྦྱར་བྱས་ཏེ། །གང་བཅོལ་འཕྲིན་ལས་བྱེད་པར་བསམ། །སྲོད་ལ་རྟག་ཏུ་སྔགས་འདི། །སྟོང་སྟོང་དག་གི་མགོ་ཡང་མནན། །གཏུམ་པོའི་ཏིང་འཛིན་ལྡན་པས་བཟླས། །ཨོ་བཛྲ་ཙཎྜམ་ཧྭ་རོ་ཥ་ཎ་ཧུ༷་ཕཊ། །ཅེས་པས་གནོད་སྦྱིན་དབང་དུ་སྡུད། །དེ་ནས་འདི་ནི་ཟླ་ཕྱེད་བཟླས། །སྨན་རག་གཏོར་མ་མཆོད་པ་བཤམས། །དུས་གསུམ་དག་ཏུ་དབུལ་བར་བྱ། །དམ་ཚིག་གཙང་དང་མོས་པ་བྱའོ། །ཨོ་ཧྲི་ཛ་ཨ་པ་ར་ཙིཀྟ་ཡཀྟ་ཀྲོ་དྷ་ཧུ༷། ཞེས་པས་སྔ་མའི་རྟགས་རྣམས་འབྱུང་ངོ་། །བསྙེན་སྒྲུབ་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།གྲུབ་རྟགས་བྱུང་ནས་ལས་མཐའ་ནི། །ཐུན་ལ་སྔགས་འདི་ཞག་གསུམ་བསྔགས། །བརྒྱ་བརྒྱ་དག་ལ་ཐུན་རེ་བྲབ། །སྨྱོ་ཨ་པ་ར་ཙིལྟི་མ་ཧྭ་ཀྲོ་དྷ་ཧུ༷། དགྲ་བོ་མུ་ར་ཡ་རྦད་རྦད་ལ་སོགས་པ་བཟླས་ཤིང་བྲབ། དེ་ནས་ལིང་ག་བྱི་ལའི་ཐོད་པར་བཅུ་ལ་རེ་བ་ནག་པོས་དྲིལ། ཚོན་སྐུད་ཀྱིས་རྒྱ་གྲམ་དུ་བཅིངས་ལ་ཀླུ་བདུད་ཡོང་སར་ཁྱེར་ལ། ཁ་ལྷོ་ཕྱོགས་སུ་བལྟས་ནས། གྲུ་གསུམ་ཁྲུ་གང་གཏིང་དུ་བྲུས་ལ་གསེར་སྐྱེམ་གཏོར། དཔང་གཟུགས། འོ་དོད་པོས་ལ་ཐོད་པ་དེར་བཅུག །གཡམ་པ་ནག་པོ་ལ་རྡོ་རྗེ་རྒྱ་གྲམ་བྲིས་ལ་ཁ་གཅད། དེ་སྟེང་ས་གཡོགས་ལ་སྟེང་ནས་རང་འདོད་པའི་རྒྱལ་པོར་བསམ་ལ། བདག་གིན་སྔགས་འདི་བཟླས་སོ། །མ་ཧྭ་རྭ་ཛ་ཨ་པ་ར་ཡཀྟ་དགྲ་བོ་མྱ་ར་ཡ་ནན། རྭ་ཛ་སྟ༷་པ་ཡ་ནན། མུ་ཀ་སྟམ་པ་ཡ་ནན་ཅེས་སྟོང་བཟླས་སོ། དེ་ནས་གནས་སུ་ལོག་ལ་གཏོར་མ་བསྐུལ་དྲག་ཏུ་བྱས་ལ་དགྲ་ཕྱོགས་སུ་ཟོར་འཕང་ངོ་། །དམར་ནག་ཁྲོས་པའི་རྒྱུད་ལས། ལས་མཐའི་ལེའུ་སྟེ་བཅུ་གསུམ་པའོ།། །།འདོད་པའི་རྒྱལ་པོའི་རྒྱུད་ཕྱི་མ།། །།དེ་ནས་ཡང་ནི་བཤད་པར་བྱ། །གནོད་སྤྱིན་འདི་ནི་འདོད་པ་ཆེ། །ཁམས་གསུམ་དབང་དུ་སྡུད་པར་འདོད། །རྒྱ་གར་སྐད་དུ། ཨ་པ་ར། བོད་སྐད་དུ། འདོད་པའི་རྒྱལ་པོ་བྱ། འཇིག་རྟེན་འདི་ན་ཆོ་འབྲུལ་འདི་ཀ་ཆེ། །དེ་ཡི་སྲོག་སྔགས་བཤད་པར་བྱ། །ཨོ་ནི་ཡེ་ཤེས་ལྔ་ལྡན་ཡིན། །སྙི་ནི་འགུགས་པའི་སྲོག་སྙིང་ཡིན། །ཛ་ནི་འདྲེན་བྱེད་སྙིང་པོའོ། །ཨ་པ་ར་ནི་འདོད་པའི་རྒྱལ། །ཛི་ཏ་ན་ནི་འབར་བའོ། །ཡཀྟ་ན་གནོད་སྤྱིན་ཀྲོ་དྷ་ཁྲོས་པའོ། །ཧུ༷་ནི་བསྡུས་པའི་རང་བཞིན་ཡིན། །སྔགས་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ལོངས་སྤྱོད་བསྒྲུབ་འདོད་ན། །ལིང་ག་མེད་པའི་གཞན་མེའི་རྟེན་རྣམས་སྔར་བཞིན་ལ། །བཀྲ་ཤིས་ཞིང་ས་ཁང་ས་ལ། །འབྲུ་སྣ་བླུགས་ལ་རིན་པོ་ཆེ་བརྡར། །དེ་ལ་མཆོད་རྟེན་མཐོ་གང་ལེགས་པར་བྱ། །ཚོན་རྩི་སྣ་ལྔ་ལེགས་པར་བྱུགས། །བུམ་པར་གནོད་སྤྱིན་སྲོག་སྙིང་བཞུགས། །དར་སྣ་ལྔ་ཡི་བ་དན་གདགས། །དེ་ནི་དཀྱིལ་འཁོར་དབུས་སུ་བཞག །དེ་ནས་བསྐྱེད་རིམ་སྔར་བཞིན་བྱ། །ནོར་བསྒྲུབ་སྔགས་འདི་ཞག་ཉེར་གཅིག་ཏུ། །མི་ཚིག་སེལ་སྤང་སྨྲ་གཅད་བཟླས། །ཡིཧྲི་ ་ཨ་པ་ར་ཙིཀྟ་ཡཀྟ་ཀྲོ་དྷ་ཧུ༷། རད་ན་ཨུ་ཡུ༔ཕ་ལ་སིརྙི་སིརྙི་ཧུ༷། ཞེས་པས་བསྒྲུབ་པ་ཚར་བ་དང་། །རྟེན་རྣམས་མིས་མི་མཐོང་བར་མཛོད་དུ་སྤའོ། །ནོར་གྱི་དངོས་གྲུབ་སྩོལ་ཅིག་བྱ། །དེས་ནི་ལོངས་སྤྱོད་བསོད་ནམས་ལྷའི། །དབང་པོ་དང་མཉམ་པར་འགྱུར། །གཏོར་མ་དང་མཆོད་པ་སྔ་མ་དང་འདྲའོ། །ནོར་བསྒྲུབ་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།གནོད་སྤྱིན་མིག་རྣོན་བསྒྲུབ་འདོད་ན། །རྟེན་དང་བཅའ་གཞི་སྔ་མ་ལ། །བྱ་རྒྱལ་སྦུ་གུ་བཟུང་བྱས་ཏེ། །དར་སྣ་ལྔ་ཡིས་རབ་ཏུ་བརྒྱན། །དཀྱིལ་འཁོར་དབུས་སུ་གཞག་པར་བྱ། །དར་དམར་དག་གིས་མདའ་ལ་གདགས། །དེ་ལ་སྔགས་འདི་ཁྲི་ཚོ་གདབ། །དེ་ནས་བྱ་དེ་དགུང་ཞག་བདུན་ནས་འཆི། །དེ་ནས་ཐ་བི་ཁ་ཐེ་ཕྱུར་ཤ །རང་གི་མིག་ལ་བསྐུ། དེས་ནི་ལྷ་དང་མི་ལ་སོགས་ཏེ་སྣང་སྲིད་ཐམས་ཅད་མཐོང་བར་འགྱུར་རོ། །ཨོ་ཧྲི༷་ཛ་ཨ་པ་ར་ཙིསྟ་ཡཀྟ་ཀྲོ་དྷ་ཧུ༷། པྲ་ས་ལེ་སྟོན་པྲ་ས་ལེ་སྟོན་གྲྭ་ཧྭ། ཞེས་པས་ངེས་པར་སྟོན་ནོ། །པྲའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་གནོད་སྤྱིན་འཁུ་ཞིང་ལྡོག་བྱེད་ན། ་༑ག་བུ་དག་ལ་གནོད་སྤྱིན་སྐུ་བྲིས་ཏེ། །སྲོག་སྔགས་དག་གིས་ཐ་མ་བསྐོར། །སྙིང་ཁར་ཧྲི༷་ནི་བྲི་བ༷ ར་བྱ། །བྱི་ལའི་སྙིང་སུ་གཞུག །དེ་ནི་རང་གི་མལ་འོག་ཏུ་དོང་བྲུས་ལ་གཞུག །དེ་སྟེང་རང་བསྡད་གཏུམ་པོའི་ཏིང་ངེ་འཛིན་བསར་ཞིང་སྔགས་འདི་སྟོང་ཕྲག་གཅིག་ཏུ་བཟླས། ཧུ༷་དྷ་ཀྲོ་ཀྟ་ཡཀ་ཏ་ཛི་ར་པ་ཨ་ཛ་ཧྲི། རྭ་ཛ་ལས་ཀྱིས། ཡཀྟ་ལས་ཀྱིས། ཛི་ཏ་ལས་ཀྱིས། ས་མ་ཡ་ལས་ཀྱིས། ཞེས་པས་གཟིར་ལ། དེ་ནས་སྐུ་འོག་ནས་བཏོན་ལ། མཆོད་པ་དང་གཏོར་མ་དབུལ། །བི་ལི༷་ཏ་ཁུ་ཧི། ཞེས་རྩ་སྔགས་ལ་བཏགས་ལ་དབུལ་ལོ། །དེ་ནས་སྒྲུབ་པསྔརབཞིན བྱའོ། །ལོག་གནོན་དང་སྤོགས་ཆོག་གི་ལེའུ་སྟེ་བཅུ་བདུན་་་ངངངང་དེ་ངསྐྱེ་ང་ང་་རྗེ་་་་ངང་པའ།། །།དམར་ནག་ཁྲས་པའ་རྒྱུད་ལས། རྒྱུད་ཕྱ་མའ་ཕྱ་མའ། །དུས་ ར་གནད་སྦྱན་ མ་པ་ལ་སགས་པའ་འཁར་རྣམས་ཡ་རངས་ཏ། རྡ་ ་གཏུམ་པ་ལ་མངན་པར་བསྟད་ད། །འད་ན་རྒྱུད་ཁ་ན་་་ང་ཞེ་རྗེ་་་ངཅེ་ང་འིཅེངལྟར་བསྒྲུབ་པ་ལས། མན་ངག་དང་གུད་འདགས་ཡད་པ་མ་ཡན་ན། ། ས་རྡ་ ་ག་་པས་གསུངས་ས། །དམར་ནག་ཁྲས་པའ་རྒྱུད་ ས་ཀྱང་བྱ། །འདད་པའ་རྒྱལ་པ ་རྒྱུད་ ས་ཀྱང་བྱ། །ཛ་ལ་འབར་བའ་རྒྱུད་ཅེཛངཅེངཞེསྟེཙི་འི་་་་ས་ཀྱང་བྱ། ། ་ལ་འབར་བའ་རྒྱུད་ ས་ཀྱང་བྱ། རྒྱུད་སྔ་ཕྱ་གསུམ་པ་ ས་ཀྱང་བྱ་ ། ཨ་པ་ར་ སྟ་དམར་པ ་རྒྱུད་རྫགས་ས།། །།གུ་རུ་པདྨས་དངུལ་ཕུག་ཏུ་གཏར་དུ་སྦས་ས།། །།