Ngb-pt-0808-vol-09-text

From Rangjung Yeshe Wiki Texts
Revision as of 10:50, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-800-899/ngb-pt-0808-text.docx.wiki to Ngb-pt-0808-vol-09-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བ་རྡོ་རྗེ་རྩེ་མོ་རྟོག་པའི་དུམ་བུ་རྫོགས་སོ།། །། རྒྱ་གར་སྐད་དུ། བཛྲ་བཱ་ཁི་ནི་ལ༷་བ་ར་ཏན་ཏྲ། བོད་སྐད་དུ།ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། གནོད་སྤྱིན་ཐམས་ཅད་ཡོངས་སུ་འདུ་བ། ཤིན་ཏུ་དབེན་པ། ཤིན་ཏུ་ཡོངས་སུ་དག་པ་ན། གནོད་སྤྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ཞེས་བྱ་བ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལས་ཀྱི་ཁྲོ་བོར་དབང་བསྐུར་བ། མཆེ་བ་གཙིགས་པ་ཡིད་ཁྲོས་པ་ལྟ་བུ། །མིག་མེ་མདོག་གི་ཕུང་པོ་འདྲ་བ། དབུགས་མེ་ལྟར་འབར་བ། འཇིགས་པའི་ང་རོ་ཅན། ལག་པ་དང་རྐང་པ་ཀླུ་ནོར་རྒྱས་ཀྱི་བུས་བརྒྱན་པ། ཀླུ་ནག་པོའི་སེ་རལ་ཁར་ཐོགས་པ། ཀླུ་དགའ་བོ་དང་ཉེར་དགའ་བོས་སྙན་བརྒྱན་པ། །སྤྲུལ་འབར་བའི་རིན་པོ་ཆེའི་ཅོད་པན་ཐོགས་པ། སྦྲུལ་གདུག་པ་འབར་བ་ཟ་བ། བཞིན་རྒྱས་པ། སྨིན་མ་དང་དཔྲལ་བར་བསྡུས་པ། ཡ་སོས་མ་མཆུ་མནན་པ།གཤིནརྗེའིཆབྱད་ཅན། ལྕེ་གློག་ལྟར་འགྱུ་བ། སྦྲུལ་ཟ་བ། གསུས་པ་ཆེ་བ། ལག་པ་རྡབས་པའི་སྒྲ་འཇིགས་པར་བྱེད་པ། ཀླུའི་རྒྱལ་པོ་འདབ་བཟངས་སྐྱེ་རགས་སུ་བཅིངས་པ། ཨ་ལ་ལ་ཞེས་སྒྲོགས་པར་བྱེད་པ། །རྒྱ་མཚོའི་ཟབས་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པས་རྐང་པའི་པུས་མོར་ཕྱིན་པ། དབང་པོ་དང་ཉི་མ་ཕྲག་པ་ལ་ཁུར་བ། ཀླུ་ཐམས་ཅད་རླག་པར་བྱེད་པ། གད་རྒྱངས་ཆེན་པོ་རྒོད་པར་བྱེད་པ། ཀུན་འཁྲུག་པར་བྱེད་པ། ཀླུ་ཐམས་ཅད་འཆིང་བར་བྱེད་པ། འབྱུང་པོ་ཐམས་ཅད་འགུགས་ཤིང་འཆིང་བར་བྱེད་པ། སྦྱོར་བ་ཐམས་ཅད་གཅོད་པར་མཛད་པ། སྦྱོར་བ་ཐམས་ཅད་གནོན་པར་མཛད་པ།ཡོན་ཏན་ཐམས་ཅད་ཀྱི་བདག་པོ་དེ། །གནོད་སྤྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དང་། །གནོད་སྦྱིན་མཐུ་བོ་ཆེ་ཐམས་ཅད་དང་། གནོད་སྦྱིན་དྲག་པོ་ཐམས་ཅད་དང་། ལྷ་ཐམས་ཅད་དང་། ཀླུ་ཐམས་ཅད་དང་། དྲི་ཟ་ཐམས་ཅད་དང་། ལྷ་མ་ཡིན་ཐམས་ཅད་དང་། ནམ་མཁའ་ལྡིང་ཐམས་ཅད་དང་། མི་འམ་ཅི་ཐམས་ཅད་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་དང་། འབྱུང་པོ་དང་། ཡི་དྭགས་དང་། བརྗེད་བྱེད་ལ་སོགས་པ་ཐམས་ཅད་དང་ཐབས་གཅིག་ཏུ་གཞུགས་ཏེ། འདི་ལྟར་ཉི་མ་དང་། ཟླ་བ་དང་། སྐར་མའི་རྣམ་པ་ལྟ་བུར་བཞུགས་སོ། །དེའི་ཚེ་ས་ཡང་ཆེར་གཡོས། འབྲུག་གི་སྒྲ་ཡང་བྱུང་། ཉི་མ་དང་སྐར་མ་ཡང་མི་སྣང་བར་གྱུར་ཏོ། །དེ་ནས་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་འཁོར་ཐམས་ཅད་ཀྱིས་གསོལ་པ། གོས་སྔོན་པོ་ཅན་ཁྱོད་ཅི། །བདེ་གཤེགས་ཀུན་གྱི་སྤྲུལ་པའམ། །གལ་ཏེ་བསྡུས་པའི་སྐུ་ཡིན་ནམ། །ལས་ཀྱི་ཁྲོ་བོར་དབང་བསྐུར་རམ། །བདག་ཅག་འཁོར་དང་བཅས་པ་རྣམས། །ཇི་ལྟར་དུས་གསུམ་བཀའ་ཉན་ཏེ། །ལས་དང་བྱ་བ་བཀའ་སྩོལ་མཛོད། །དྲག་པོའི་ཏིང་འཛིན་བསྟན་དུ་གསོལ། །ཞེས་གསུངས་སོ། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ལག་ན་རྡོ་རྗེ་རྡོ་རྗེ་དྲག་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དུ་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །ཕྱག་རྒྱ་གསང་སྔགས་ཐུགས་སྦྱོར་ལས། །ཁྲོ་བོའི་རྒྱལ་པོ་བསམ་པར་བྱ། །ཁྲོ་བོའི་རྡོ་རྗེ་ཏིང་འཛིན་གྱིས། །བྱིན་རླབས་ཡ་མཚན་སྣ་ཚོགས་ལྡན། །ཏིང་ངེ་འཛིན་ལ་དབང་ཐོབ་ནས། །ལས་རྣམས་བསྒྲུབས་ལ་ཐོགས་པ་མེད། །ཞི་རྒྱས་དབང་དང་དྲག་པོ་དང་། །གསད་རྨོངས་སྣ་ཚོགས་ངེས་པར་འགྲུབ། །དེ་ཉིད་ངེས་འགྲུབ་གདོན་མི་ཟ། །རང་གཞན་འཕགས་དང་བླ་མ་དང་། ཁེན་ཏུ་བླ་མ་དམ་པ་ཡང་། །མཆོད་ན་དངོས་གྲུབ་མྱུར་དུ་འབྱུང་། །གལ་ཏེ་གཞན་ལ་ཕན་འདོགས་ན། །སྐུ་དེ་སྣ་ཚོགས་སྐུ་རུ་སྣང་། །སྣང་བ་སྒྱུ་མའི་སྐུ་ཡིན་ཡང་། །གདུག་པ་འདུལ་ཕྱིར་རགས་པ་སྣང་། །སྣ་ཚོགས་དེ་ཉིད་བསམ་བྲལ་བའི། །དངོས་གཞི་ཡང་དག་ཐར་པ་གཅིག །ལེའུ་གཉིས་པའོ།། །།གཞན་ཡང་གསང་སྔགས་སྦྱོར་བ་ནི། །ད་ཧ་སྲོག་སོགས་གསང་སྔགས་ཀྱིས། །ཐོགས་མེད་ལས་རྣམས་འགྲུབ་པ་ཡིན། །གཉིས་ཀྱི་འོག་མ་གསུམ་ལ་བརྒྱན། །ར་ཡི་མཐར་དང་གསུམ་མཐར་ལྡན། །དྲག་པོ་དགའ་བའི་ཧ་གཉིས་དང་། །དེ་ལ་གཉིས་ཀྱི་གོང་ལྡན་པ། །ཟུང་དང་རབ་ཟུང་མིང་དང་ལྡན། །ཡང་མིན་སྐུ་ལྡན་བསམ་གཏན་ནི། །ལྕགས་ཀྱུའི་སྦྱོར་བ་རབ་ཏུ་བྱ། །ཨོ་བཛྲ་བཱ་ཁི་ཡཀྟ་ནི་ལ༷་བ་ར་ཧུ༷། མཇུག་རྫོགས་གོང་དང་གསུམ་པའི་མཐའ། །ལན་གཉིས་གོང་བཞིན་རྡེག་སྔགས་ཤེས། །གསུམ་པའི་དང་པོ་གཉིས་པ་དང་། །གོང་གི་དྲུག་པའི་མཐའ་ཡིག་ལྡན། །ལན་གཉིས་གོང་བཞིན་རྟོགས་བྱེད་སྔགས། །གསུམ་དང་ལྡན་པའི་དང་པོ་ལ། །དྲག་པོ་དགའ་བའི་ས་བོན་ལྡན། །ལན་གཉིས་ལྡན་གྱུར་ལས་འགྲུབ་པ། །གོང་མ་བཞིན་དུ་འཚོ་བྱེད་དོ། །ལེའུ་སྟེ་གསུམ་པའོ།། །།དེ་ནས་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་སྣ་ཚོགས་མངོན་པར་སྒྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །ཨོ་བཛྲ་བཱ་ཁེ་མ་ཧྭ་ཡཀྟ་ནི་ལ༷་བ་ར་ཧ་ནི་བཛྲ་ཧུ༷་ཕཊ། གང་ཞིག་འདི་འཛིན་རྣལ་འབྱོར་དེ། །ཉེས་པ་ཀུན་ལས་རབ་ཏུ་ཐར། །ལེགས་པའི་ཡོན་ཏན་ཐམས་ཅད་ཐོབ། །འབྲས་བུ་ཡང་དག་མངོན་པར་འགྲུབ། །སྔགས་འདི་གང་ཡིན་མིན་ཡིན་ཏེ། །གདུལ་བྱའི་མཐའ་དང་ལྡན་པ་ལ། །ཐ་མལ་སྔགས་ཐམས་ཅད་དང་ལྡན། །ལེའུ་སྟེ་བཞི་པའོ།། །།དེ་ནས་གོས་སྔོན་པོ་ཅན་གྱིས་མངོན་པར་གྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །འབྱུང་བཞི་སངས་རྒྱས་རབ་བསྒོམས་ནས། །སོ་སོ་ལས་ཀྱི་བསྒོམ་པ་ནི། །མེ་བརྒྱད་རླུད་གི་ལྡན་པར་བསམ། །ཆུ་བརྒྱད་དངོས་པོ་དེ་ཡིན་ཏེ། །དེ་བཞིན་ས་བརྒྱད་ཧུ༷་འབྲས་ལྡན། །རླུད་བརྒྱད་མེ་གཉིས་ལྡན་པ་སྟེ། །འབྲས་བུ་རིམས་ཀྱིས་སངས་རྒྱས་གཙོ། ཁྲུབ་པའི་སྔགས་ཀྱིས་མངོན་པར་བསྒྲུབ། །ཨེ་དང་སོ་སོའི་མཐའ་དང་ལྡན། །མེ་ལྷ་གོང་མས་མངོན་པར་བསྒྲུབ། ཁུན་དུ་རྩ་བའི་གསང་སྔགས་བཟླས། །ལེའུ་སྟེ་ལྔ་པའོ།། །།དེ་ནས་འཕགས་པ་གོས་སྔོན་གྱིས། །ལས་བཅུ་མངོན་པར་སྒྲུབ་པ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །ལས་བ་་སྤྱིན་སྲེག་འདི་གསུངས་སོ། །ཞི་ལ་ཤཱསྟི་ཀུ་རུ་སྟེ། །རྒྱས་ལ་ཚུཁྱི་ཀུ་རུ་འོ། །དབང་ལ་པ་ཤ༷་ཀུ་རུ་སྟེ། །དྲག་པོ་མ་ར་གསུམ་པར་ལྡན། །ཐབ་ཁུང་དབྱིབས་ནི་ལས་བཞི་སྟེ། ཁེང་ནི་རིགས་དང་སྦྱར་བར་བྱ། །ཞི་ལ་དཀར་པོའི་ཤིང་རྣམས་ཏེ། །རྒྱས་ལ་སེར་ཤིང་ལ་སོགས་པའོ། །དབང་ལ་སེང་ལྡེང་ཤིང་བསྲེགས་ཏེ། །དྲག་པོ་ཚེར་མ་ཅན་གྱི་ཤིང་། །གཞན་ནི་ཙན་དན་ཤིང་གིས་བྱ། །ཐབ་ཁུང་འདབ་བརྒྱད་དབྱིབས་ཡིན་ཏེ། །བིད་ཏྭན་ས་མ་ཡ། ཨུད་ཙ་ད་ན་མོ་ཧ་ཡ། སྟམ་པ་ཡ། སྟམ་པ་ཡ། ཨུད་མ་ན་ཨུད་མ་ན། ཨུ་ཀརྒྱ་ཡ་ཨུ་ཀརྒྱ་ཡ། ཁ་ཤིང་ཀ་ར་ཁ་ཤིང་ཀ་ར། རཀྟ་ཡཀྟ། མོ་ཧ་བ་ཡ་སརྦ་ཀརྨ་ཀུ་རུ་ཧུ༷་ཕཊ། ལེའུ་སྟེ་དྲུག་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། །གདུལ་བར་དཀའ་བ་འདུལ་བའི་མཆོག །གསང་བའི་བདག་པོ་གོས་སྔོན་ཅན། །དྲག་པོ་ཆེན་པོ་རབ་འབར་བའི། །ཏིང་ངེ་འཛིན་ལ་རབ་འབར་བའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །འཁོར་གྱི་ཀླུ་ཚོགས་དབང་བསྡུས་ཏེ། །ཉེན་རྣམས་ཟློག་པའི་ཆོ་ག་གསུངས། །གནས་ཁང་རིམ་པ་གསུམ་དག་ལ། །ཕྱི་རོལ་སྨྲེ་བསྲེག་དཔྲལ་བར་བྱ། །བར་དུ་ཕྱི་ནང་ཁྲུས་བྱས་ཏེ། །མཉེས་པའི་ལས་ཀྱང་ཅི་ནུས་བྱ། །ནང་དུ་བུམ་པའི་དབང་བསྐུར་བས། །ཉེན་རྣམས་ཟློག་ལ་ཐེ་ཚོམི་མེད། །ཀྱེ་ཧོ་ཉེན་རྣམས་འདུལ་བའི་མཆོག །ཨེ་མ་སྔགས་ཆེན་དྲག་པོ་སྟེ། །ཨེ་མ་མ་རུངས་འཛིགས་པ་ཅན། །ཨེ་མ་གསང་སྔགས་རྣལ་འབྱོར་ཆེ། །ཕྱག་ན་རྡོ་རྗེ་ཁྱོད་ཕྱག་འཚལ། །ལེའུ་སྟེ་བདུན་པའོ།། །།དེ་སྐད་ཅེས་གསུངས་ནས་འཁོར་ཐམས་ཅད་དགའ་བའི་རྗེས་ལ། འདི་སྐད་ཅེས་བཀའ་སྩལ་ཏོ། །ཐམས་ཅད་ལྡན་པའི་གཏོར་མ་ལ། །ར༷་གྱིས་སྦྱངས་ནས་ཡ༷་གྱིས་དབུས། །ཁ༷་གྱིས་བཀྲུས་ཏེ་དག་པཕ་ལ། །བ༷་ལས་བདུད་རྩིའི་ཆུ་རྒྱུན་སྐྱེད། །ཡ༷་ར༷་དབབ་པའི་སྦྱོར་བ་བྱ། །ཛ་ཡིས་བཀུག་སྟེ་གཏོར་མ་བསྟིམ། །བསམ་གཏན་ལྷ་མོས་མཆོད་པ་ཕུལ། །དེ་ནས་འཁོར་ལ་བཀའ་འདི་བསྒོ། །ང་ནི་ཁྲོ་བོ་གོས་སྔོན་ཅན། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབ། །དབང་བསྐུར་མཆོག་ཐོབ་ང་ཡི་སྐུ། །ཅི་སྟེ་ང་ཡི་དམ་འདའ་ན། །གཏོར་མ་དུག་གིརངབཞིནགྱིས། །ཁྱོད་ནིཐལ་རྡུལ་དུ་རློག །གལཏེདམཚིག་མ་འདས་ན། །གཏོར་མ་ཡེ་ཤེས་བདུད་རྩི་ཡིས། །ཁྱོད་ཀྱི་དུག་གསུམ་སྒྲིབ་སྦྱངས་ནས། །ངེས་པར་ལེགས་པར་ཡོན་ཏན་འགྲུབ། །ཨོ་ཨུ་ཀ་རོ་མུ་ཁ༷་སརྦ་དྷརྣ་ཎ༷་ཨབྱ་ནུ་ཏཱསྣོ་ཏྭ་ཏ་གྲྭ་ཧྭ། ལེའུ་བརྒྱད་པའོ།། །།དེ་ནས་དཔལ་ལྡན་གོས་སྔོན་ཅན། །གདུལ་དཀའ་འདུལ་བའི་བདག་པོ་དེས། །བསམ་གཏན་འཁོར་ལོ་མེད་པ་ལ། །སྔགས་ཀྱི་ངེས་པ་བཤད་པར་བྱ། །ཏབྱ་ཐུ། སྙོ་སྙོ་པན་ནཱ་ག་ཨི་ད༷་ནི་ལ༷་བ་ར་ཧུ༷། དྷ་ར་ཤ་རྡི་ར༷། བཛྲ་བཱ་ཁིཤཱ་ད་ཡན། ས་མ་ཡ་མ་ཏི་ཀྲ་མ་ཏི་ཨུད་སན་ན༷་བྷ་བི་ཤུདྷི། ལས་ཐམས་ཅད་པའི་སྔགས་སོ། །ལས་སོ་སོ་ལ་ཀླུ་འདུལ་བའི་སྔགས། །ཏབྱ་ཐ། བུརྙ་བུརྙ། བི་བུརྙ་བི་བུརྙ། མ་ཏི་ཀྲ་མ་ཏ་ཧ་ར་ཧ་ར་། ནཱ་ག་ནན། པྲ་ཧ་ར་པྲ་ཧ་ར་ནཱ་ག་ནན། ཚི་་ཚིརྙ་ནཱ་ག་ཧྲི་ད་ཡ་ནི། སྟིརྙ་ཟིརྙ་ནཱ་ག་བྷ་མ་ནི། བི་སི་མ་ཏ། ནཱ་ག་ཤ་རི་ར་ར་ནི། བི་པོ་ཏ་ཡ་ནཱ་ག་ན་ཡ། ན་ནི། ཏབྱ་ཐུ། ཧུ༷་ཕཊ། ནཱ་ག་བིརུ་ར་ན་ཧུ༷་ཕཊ། ནཱ་ག་ཏྲ་ཐ་ས་དྷ་ན་ཡ་ཕཊ།ནི་ལ༷་བ་ས་ན་ཡ་ཕཊ། ཨ་པྲ་ཏི་ཧ་ན་པ་ལ། བ་ར་ཀྲ་མ་ཡ་ཕཊ། ཀྲི་ཏྭན་ཏ་ཡ་ཕཊ། ཀྲི་ཏྭན་ཏ་རུ་པ་ཡ་ཕཊ། རོ་ཤ་ན་ཡ་ཕཊ། ཏྲ་ས་ན་ཡ་ཕཊ། ཀུ་ཤ་མ་དོད་ས་མ་ཡ་ཕཊ། གཤིན་རྗེ་བཟློག་པའོ། །ཕྲེ་ཏ་བི་ཤ་ཙ་བི་ན་ས་ཀ་ར་ཡ་ཕཊ། ཡི་དྭགས་ལ་སོགས་པ་བཟློག་པའོ། །ཡསྒ་ཨ་པ་སྨ་རི་བི་ན་ཤ་ཀ་ར་ཡ་ཕཊ། གནོད་སྦྱིན་ལ་སོགས་པ་བཟློག་པའོ། །ས་ཧ་ས་ཧ་དྷ་ར་དྷ་ར་མུ་ར་ཡ་ཤཱ་ར་ཡ་ན་ཤ་ཡ། སརྦ་བིག་ཀྟ་བི་ན་ཤ་ཀ་ར་ཡ་ཕཊ། བགེགས་ཐམས་ཅད་བཟློག་པའོ། །སརྦ་ཤ་ཏྲུ༷་སང་ག་བི་ན་ཤ་ར་ཡ་ཕཊ། བགེགས་བདུན་གྱི་དགྲ་འདུལ་བའོ། །ནི་ལ༷་བར་དྷ་ར་བཛྲ་བཱ་ཁི་ར་ཙྭ་པ་ཡ་ཏི་གྲྭ་ཧྭ། རྡོ་རྗེ་བེ་ཅོན་དྲག་པོ་ཆེ། །རྡོ་རྗེ་བརྗིད་པ་སྔགས་ཀྱི་བདག །རྡོ་རྗེ་ཁྲོ་བོ་བགེགས་གྱི་གཤེད། །རྡོ་རྗེ་མི་ཐུབ་འཇིགས་པ་ཆེ། །རྡོ་རྗེ་ལས་ཀུན་གྲུབ་པ་ཆེ། །རྡོ་རྗེ་ལས་རྣམས་ཀུན་མཛད་པ། །སྔགས་ཀྱི་བདག་པོ་ཁྱོད་ཕྱག་འཚལ། །སྔགས་ཀྱི་ངོ་བོ་ཁྱོད་ཕྱག་འཚལ། །ལེའུ་དགུ་པའོ།། །།དེ་ནས་ཀླུ་དགུག་པའི་སྔགས་བསྟན་ཏེ། །རྡོ་རྗེ་ལྕགས་ཀྱུ་རླུད་གི་སྦྱོར་བས་འགྲུབ་པར་འགྱུར། །དེ་བཞིན་མེ་ཡིས་ཀྱང་ནི་འདུལ་བར་ནུས་པ་ཡིན། །དེ་ལྟར་ནུས་ཕྱིར་དགུག་པའི་སྔགས་ནི་བཤད་པར་བྱ། །ཨོ་བཛྲ་བཱ་ཁི་མ་ཧྭ་ཡཀྟ་ནི་ལ༷་བ་ར་དྷ་ར་ནཱ་ག་གྲོཏྣ་གྲོཏྣ་ཧུ༷་ཕཊ། ཨོ་ཀུ་ཤ་ཡ་ཨ༷་ཀུ་ཤ་ཡ་ཧུ༷་ཕཊ། བསམ་གཏན་དྲག་པོས་བཟློག་པར་བྱ། །བཟླས་པ་འདི་ལ་རབ་འབད་བྱ། །ཀླུ་རིགས་དུ་མ་ཐམས་ཅད་ཀུན། །འགུགས་འགྱུར་འདི་ལས་གཞན་དུ་མིན། །ཇི་སྲིད་དགུག་པའི་ཏིང་འཛིན་གྱིས། །ཁུགས་པར་གྱུར་པའི་ཀླུ་རྣམས་ཀུན། །ཟངས་གཤོན་ནང་དུ་སྤྱན་དྲངས་ཏེ། །ཁྲོ་བོའི་ཆེ་བ་བརྗོད་ནས་ནི། །དམ་ཚིག་བསྲེ་ཞིང་དུག་རྣམས་གཞོམ། །སྨན་གྱི་མཆོག་གིས་གསོས་ནས་ནི། །གང་གནོད་ཕྱོགས་སུ་གཤེགས་སུ་གསོལ། །ལེའུ་བཅུ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་སྟེ། །ཞི་བའི་ལས་ཀྱིས་མུ་འདུལ་བའི། །ཀླུ་གཟིར་དྲག་སྔགས་བསྟན་པར་བྱ། །ཨོ་བཛྲ་བཱ་ཁེ་མ་ཧྭ་ཡ་ཀྟ་ནི་ལ༷་བ་ར་ནཱ་ག་ཧ་ན་ཧ་ན་ཧུ༷་ཕཊ། ནཱ་ག་ད་ཧ་ད་ཧ་ཧུ༷་ཕཊ། ནཱ་ག་སྤོཊ་ཡ་སྤོཊ་ཡ་ཧུ༷་ཕཊ། ནཱ་ག་བི་སྒྲོཊ་ཡ་བི་སྤྲོཊ་ཡ་ཧུ༷་ཕཊ། ནཱ་ག་གརྫ་ཡ་གརྫ་ཡ་ཧུ༷་ཕཊ། ནཱ་ག་བིདྷ་བིདྷ་ཧུ༷་ཧུ༷་ཕཊ། བསམ་གཏན་རྡོ་རྗེ་ཐོགས་པ་ཡིས། །གདུལ་བྱ་སྟེང་ནས་དབབ་པར་བྱ། །འོག་ཏུ་མེ་ཡི་འཁོར་ལོ་བསམ། །མེ་དཔུང་ཆེན་པོའི་ཏིང་འཛིན་གྱིས། །མེ་འབར་ཀློང་ཆེན་དཀྱིལ་དུ་གཟིར། །ཡུངས་ཀར་ཉུངས་ནག་སྐྱེ་ཚེ་ཡིས། །བརྡེག་ཅིང་ཁྲོ་བོའི་སྦྲུལ་པ་སྤྲོ། །གཅན་གཟན་སྣ་ཚོགས་མཆེ་སྡེར་དང་། །མཆུ་སྡེར་བྲད་ཅིང་སྤྲུལ་པ་སྤྲོ། །མྱུར་དུ་ཐར་པར་གདོན་མི་ཟ། །ལེའུ་བཅུ་གཅིག་པའོ།། །།དེ་ནས་འཕགས་པ་གོས་སྔོན་གྱིས། །ཉིད་ལ་ཉིད་ཀྱིས་མཆོད་ཕུལ་བ། །ཧུ༷་རྡོ་རྗེ་བདུག་པ་མ། །བདག་ཉིད་དྲི་ཡིས་རྒྱས་མཛད་མ། །བཛྲ་རྙུ་པ་བྱུ་ཛ་མེ་ཧུ༷། ཧུ༷་རྡོ་རྗེ་མེ་ཏོག་མ། བདག་ཉིད་ཡོངས་སུ་བཀྲ་མཛད་མ། །བཛྲ་པྲརྨྱེ་པུ་ཛ་མེ་ཧུ༷། ཧུ༷་རྡོ་རྗེ་དྲི་ཆབ་མ། བདག་ཉིད་དངོས་པོ་དག་མཛད་མ། །བཛྲ་གརྙེ་བྱུ་ཛ་མེ་ཧུ༷། ཧུ༷་རྡོ་རྗེ་མར་མེ་མ། བདག་ཉིད་དཀྱིལ་འཁོར་གསལ་མཛད་མ། །ཨོ་བཛྲ་ཨུ་ལོ་ཀེ་པྲུ་ཛ་མེ་ཧུ༷། ཇི་སྲིད་ཐམས་ཅད་མཆོད་པ་ཆེ། །ཇི་སྲིད་མཆོད་པ་བདེ་བ་ཆེ། །ཇི་སྲིད་མཆོད་པ་བླ་ན་མེད། །ཇི་སྲིད་ཡང་དག་མཆོད་པ་ཆེ། །ཨེ་མ་ཧོ། ལེའུ་བཅུ་གཉིས་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །བཅོམ་ལྡན་གསང་བདག་གོས་སྔོན་ཅན། །བསྡུ་བའི་ཐབས་ཀྱི་ཏིང་འཛིན་གྱིས། །འཁོར་གྱི་ཀླུ་རྣམས་བསྡུ་མཛད་ནས། །མེ་ཡི་འཁོར་ལོ་སྙོམས་ཞུགས་ཏེ། །གསང་བ་མེ་ཡི་སྔགས་བཟླས་པས། །ཀླུ་རྣམས་མ་ལུས་འཚིག་པར་མཛད། །བྲལ་ནས་དཔག་ཚད་གནས་སུ་བྲོས། །སླར་བསྡུ་བདུད་རྩིའི་སྨན་གྱིས་གསོ། །ལས་བཅོལ་སོ་སོའི་གནས་སུ་འཁོད། །དེ་ནས་ཁམས་གསུམ་རྣམ་པར་རྒྱལ། །ཐལ་མོ་སྦྱར་ནས་འདི་སྐད་གསོལ། །མེ་བརྒྱད་འཁོར་ལོ་བདག་ཉིད་ཆེ། །རྟག་ཏུ་མེ་ཡི་ཏིང་འཛིན་ལ། །སྙོམས་ཞུགས་ཁྱོད་ནི་རྒྱལ་གྱུར་ཅིག །བདེ་བའི་རོལ་མོ་མེ་ཀློང་དུ། །སྲེག་མཛད་མེ་བརྒྱད་ཁྱོད་ཕྱག་འཚལ། །རང་བཞིན་མངའ་བདག་ཁྱོད་ཕྱག་འཚལ། །ཆུ་ཡི་ངང་ལ་གནས་འདོད་ན། །ཆུ་བརྒྱད་ཏིང་འཛིན་ལ་གནས་ཏེ། །དེ་ཚེ་འཁོར་གྱིས་དེ་སྐད་བསྟོད། །ཆུ་བརྒྱད་འཁོར་ལོའི་བདག་པོ་ཆེ། །རྟག་པར་ཆུ་ཡི་དཀྱིལ་འཁོར་ཅན། །འབྱུང་བའི་གཙོ་བོ་ཆུ་ཡི་བདག །ཆུ་བརྒྱད་མངའ་བདག་ཁྱོད་ཕྱག་འཚལ། །རླུད་བརྒྱད་ཏིང་འཛིན་ལ་གནས་ན། །མཐོང་ཞིང་འབུད་པའི་བདག་ཉིད་ཆེ། །རླུང་ཆེན་དྲག་པོ་རྩལ་ཤུགས་ཅན། །རླུད་ལྷ་གོས་སྔོན་ཁྱོད་ཕྱག་འཚལ། །ས་ཡི་ཏིང་འཛིན་ལ་གནས་ན། །མི་གཡོ་བསྟན་པའི་ལས་མཛད་པ། གསེར་ལྡན་རོལ་མོ་སྣ་ཚོགས་བདག །ས་བརྒྱད་འཁོར་བདག་ཁྱོད་ཕྱག་འཚལ། །ལེའུ་བཅུ་གསུམ་པའོ།། །།དེ་ནས་དཔལ་ལྡན་གོས་སྔོན་ཅན། །ཕྲ་མོའི་ཏིང་འཛིན་ལ་གནས་པས། །འཁོར་གྱི་གནོད་སྦྱིན་མང་པོ་ཀུན། ཁྲེན་ཏུ་ཡིད་དགའི་དད་པས་ཞུས། །ཕྲ་མོའི་ཐིག་ལེ་ཆེན་པོ་ཡིས། །ཅིར་སྣང་དངོས་པོ་གཅིག་ཏུ་འདུས། །དེ་ཉིད་མཐའ་འདས་རང་བཞིན་མེད། །དེ་ནས་དཔལ་ལྡན་གོས་སྔོན་ཅན། །འདོད་ཆགས་ཏིང་འཛིན་ལ་གནས་ནས། །འཁོར་གྱི་གནོད་སྦྱིན་མང་པོ་ཀུན། །དངངས་དང་དུས་དང་རྒྱལ་བ་ལས། །སླང་སྟེ་བླ་མེད་དོན་བསྟན་པས། །ཐམས་ཅད་འདོད་ཆགས་སྔོན་སངས་རྒྱས། །འཁོར་གྱིས་སྐུ་ལ་མངོན་བསྟོད་པ། །ཀྱེ་ཧོ་གསང་བདག་གོས་སྔོན་ཅན། །བླ་མེད་རྫོགས་པའི་གླང་ཆེན་དུ། །འདོད་ཆགས་དག་པའི་བློ་ལྡན་པས། །མངོན་པར་སངས་རྒྱས་ཁྱོད་ཕྱག་འཚལ། །ལེའུ་བཅུ་བཞི་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ཀྱིས། །འཁོར་གྱི་གཙོ་བོ་ལ་བསྟོད་པ། །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །གསང་བའི་བདག་པོ་གོས་སྔོན་ཅན། །ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས། །དངོས་མེད་དག་པ་ཁྱོད་ཕྱག་འཚལ། །འཁོར་གྱི་ཀླུ་ཚོགས་འདུལ་བའི་ཚེ། །ཀླུ་བརྒྱད་སྐུ་ལ་རབ་བརྒྱན་ནས། །ཀླུ་གཙོ་ཞལ་དུ་གསོལ་བར་མཛད། །ཀླུ་གདུལ་བྱམས་པ་ཁྱོད་ཕྱག་འཚལ། །སྣ་ཚོགས་དག་པའི་སྐུ་མངའ་ཞིང་། །རིགས་དྲུག་སྡེ་བརྒྱད་འདུལ་བར་མཛད། །སྐྱོན་གྱིས་མ་གོས་རང་སངས་རྒྱས། །ཐོགས་མེད་ཀུན་འདུལ་ཕྱག་འཚལ་་ངང་་་མིཏེཚོངཞིན་ཆེངཞིན་་ངང་་བསྟད། །ཇ་ལྟར་བསམས་པའ་དངས་པ་ཀུན། །ཁྱད་ལ་འབྱུང་བ་ ་ཟད་ག ར། །སྣ་ གས་ཡད་བ ་འཕྲུལ་པ་ ། །ཡད་བ ་ནར་བུ་ཁྱད་ཕྱག་འཚལ། །ནད་དང་རམས་ཀྱ་གཉན་པ་མཛད། །ནོར་དང་རྫས་ཀྱི་བདག་པོ་མཛད། །འཇིགས་པ་ཀུན་ལས་སྐྱོབ་པར་མཛད། །བླ་མེད་སྐྱོབ་མཛད་ཁྱོད་ཕྱག་འཚལ། །ཞེས་བསྟོད་ནས་རྗེས་སུ་ཡིད་རང་ངོ་། །ལྷ་དང་། ཀླུ་དང་། ལྷ་མ་ཡིན་ལ་སོགས་པས་ངང་་མི་ཇིང་དེ་་་རྗེ་་འ་་རྗེབེ་ངཡད་དགའ་བའ་མཆད་པས་ཁྱབ་པར་གྱུར་ཏ། ། ་ལ་སགས་པ་ཐམས་ཅད་འ གས་པའ་ཉན་དང་ལྡན་པ་ཐམས་ཅད་བ ་བ་ལ་བཀད་ད། །འཕགས་པ་ལག་ན་རྡ་ ་གས་སྔན་ཅན་གྱ་ཆ་ག་རྡ་ ་ ་ཅན་གྱ་རྒྱུད་རྫོགས་སོ།། །།