Ngb-pt-0762-vol-08-text

From Rangjung Yeshe Wiki Texts
Revision as of 10:48, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-700-799/ngb-pt-0762-text.docx.wiki to Ngb-pt-0762-vol-08-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

དུ་ཕྱུང་བ་རྫོགས་སོ།། །། རྒྱ་གར་སྐད་དུ། གུ་རྒྱ་ག་པི་ཏནྟྲ་ནཱ་མ། བོད་སྐད་དུ། གསང་བའི་གཏེར་གྱི་རྒྱུད་ཅེས་བྱ་བ། ཀུན་ཏུ་བཟང་མོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཀུན་ཏུ་བཟང་མོ་གསང་བའི་ཡུམ། །སྐྱེ་འགག་མེད་པའི་བདག་ཉིད་ཅན། །ཐོག་མ་མེད་པའི་དུས་མཐའ་ནས། །འགྲོ་འོང་མེད་པར་རང་བཞིན་བཞུགས། འཕོ་འགྱུར་མེད་པའི་གནས་མཆོག་ནི། །ཡང་དོག་མེད་པའི་འོད་གསལ་བ། །ཕྱི་ནང་མེད་པའི་འོད་གསལ་བ། ཁྲེས་རབ་སྙིང་རྗེ་ཉི་ཟླར་བཅས། །དག་པའི་དོན་ལྡན་དཀར་པོའི་ཚོགས། །སྙིང་རྗེའི་འོད་ལས་སྤྲུལ་པ་མོ། །ལྔ་གཉིས་གསུམ་དུ་རང་བཞིན་གནས། །བྱ་རྩལ་མེད་པའི་སྦྱོད་པ་ཅན། །ཆོས་ཉིད་མི་འགྱུར་ནག་མོའི་ཚོགས། ཁེས་རབ་རྩལ་ལས་ཤར་བ་མོ། །ལྔ་གཉིས་བརྒྱད་དུ་ལྡན་པ་སྟེ། །ཡེ་ཤེས་སྤྲུལ་པའི་སྤྱོད་པ་ཅན། ཁུགས་འགྲོ་འབར་བ་སེར་མོའི་ཚོགས། །བརྩོན་འགྲུས་མཐར་ཕྱིན་ཁྱབ་པ་མོ། །བཅུ་ཚན་ལྔ་དང་དྲུག་ཏུ་ལྡན། །རྫུ་འབྲུལ་སྤྱོད་པ་མཐར་བྱིན་མ། །ཡོན་ཏན་གཏེར་ལྡན་སྦྲུལ་པ་མོ། །མངོན་སྤྱོད་ངང་ལས་ཤར་བ་མོ། །བཞི་གཉིས་ལྡན་པའི་ཁྱབ་པ་མོ། །བརྟུལ་ཞུགས་ལྡན་པའི་མཛད་པ་ཅན། །དེ་ནས་ཡུལ་འཕྲ་མེན་རྒྱ་མཚོས། གསེར་གྱི་ཉི་མའི་གདན་ལས་བཞེངས་ཏེ། ཡུམ་ཆེན་མོ་ལ་གུས་པའི་ཕྱག་སྦྲུལ་བཞིན་བྱས་ནས། །མིག་མི་ལྡོག་པར་གཟིགས་ཏེ། །གསེར་གྱི་འཁོར་ལོ་བསྒྱུར་ཅིང་གསང་སྔགས་བསྒྲགས་པའི་དོན་དུ། ཡུམ་ཆེན་མོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀུན་ཏུ་བཟང་མོ་བདེ་བའི་ཡུམ། །གནས་པའི་དོན་འདི་ཇི་ལྟར་ལགས། །གཏེར་གྱི་རང་བཞིན་གང་ལགས་པ ། །ཡུམ་ཆེན་ཉིད་ཀྱིས་བཤད་དུ་གསོལ། དེ་ནས་ཡུམ་ཆེན་མོས་ཉི་ཟླའི་གདན་ལ་བཞེངས་ནས། སྤྱན་གསུམ་འཐུར་དུ་གཟིགས་ནས། ལྗགས་པདྨ་དྲིལ་ནས་གསུངས་པ། སྲིད་པ་གསུམ་གྱི་མངའ་བདག་མོ། །སངས་རྒྱས་ཁྲོས་པའི་རྒྱལ་མོ་ཁྱོད། འགྲོ་བ་ཆགས་པས་ཞེན་པ་ལ། །ཐུགས་རྗེ་ཆེན་པོས་ཞུ་བ་ལེགས། ཁྱོད་ཀྱི་འདོད་པ་འདི་ལྟར་བསྐོར། །གསང་བ་རྩ་དང་ཐིག་ལེ་སྟེ། གཏེར་ནི་རིག་པའི་ཡེ་ཤེས་སོ། །འཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །རྩ་དང་ཐིག་ལེ་ཇི་ལྟར་ལགས། །རིག་པའི་ཡེ་ཤེས་ཇི་ལྟར་ལགས། །ཀུན་ཏུ་བཟང་མོས་བཤད་དུ་གསོལ། །ཡུམ་ཆེན་ཉིད་ཀྱིས་ཡང་གསུངས་པ། །གསང་བ་དོན་གྱི་རྩ་ཐིག་ནི། རྣམ་པ་གསུམ་དུ་ཤེས་པར་བྱ། རྩ་ལ་སྲིད་པའི་གནས་ལུགས་དང་། །ཐིག་ལེ་སྤྲུལ་པའི་འཆར་ཚུལ་དང་། ། རྟོགས་པར་བྱེད་པ་ཡན་ལག་གོ་།རིག་པའི་ཡེ་ཤེས་གཉིས་སུ་བཤད།དམ་སྲིད་གནས་ལ་དབབ་པ་དང་། ཐིག་ལེ་མྱ་ངན་ཟླ་བའོ། གསང་བ་གཏེར་གྱི་རྒྱུད་ལས། གླེང་གཞི་དང་གླེང་བསླང་བའི་ལེའུ་སྟེ་དང་པོའོ། །དེ་ལ་གནས་ཆེན་བརྒྱད་དུ་བཤད། དང་པོ་དངོས་པོ་བསྟན་པ་དང། །གཉིས་པ་ལས་སུ་བསྟན་པ་དང་། གསུམ་པ་བྱེད་པའི་གནས་སུ་སྟེ། །བཞི་པ་སྤྱིན་པའི་ས་ཡིན་ཏེ། །ལྔ་པ་བྱུང་་ང་ཡིན་པ་སྟེ། །དྲུག་པ་ལྷག་པའི་གནས་བཞི་སྟེ། །བདུན་པ་གནས་གཞི་ཡིནཔ་སྟེ། །བརྒྱད་པ་བོད་པ་ཡིན་པའོ། །ཚལ་ཆེན་པོ་ན་བརྒྱད་དུ་གནས། ལྟ་ན་སྟུག་དང་རྣམ་པར་རྒྱལ། ལྷའི་མདུན་ས་བྱ་བ་དང་། །ཤིང་རྟ་སྣ་ཚོགས་བྱ་བ་དང་། ས་གཞི་བཟང་པོ་བྱ་བ་དང་། དགའ་བའི་ཚལ་དང་རྩུབ་འགྱུར་ཚུལ། །འདྲེས་པའི་ཚལ་ཞེས་བྱ་བའོ། །ཐིག་ལེ་དོན་ནི་འདི་ལྟ་སྟེ། །ཐིག་ལེ་གནས་ནི་འདི་བཞི་སྟེ། །ཕྲ་མ་ཨུ་ལི་ཧི་དང་ལྡན། །ཨོ་དང་ལྡན་ཧཱུཾ༷་དང་ལྡན། །སྭ་དང་ལྡན་པའི་སྒྲའི་དོན་བཤད་པ། །བདེ་བ་ཆེན་པོ་འཁོར་ལོ་ནི། །ཡི་གེ་ཧ༷་གྱི་དོན་བཤད་པ། །བརྒྱ་རྩ་འདུས་པའི་ཚངས་ནང་ན། །ཐིག་ལེ་ཡི་གེ་ཧ་གནས་པ། །ཆོས་ཉིད་འདུས་པའི་ཐིག་ལེ་སྟེ། ཀུན་ཏུ་བཟང་མོ་ཞེས་སུ་བཤད། །ཡི་གེ་ཧ༷་གྱི་རྩེ་མོ་ནས། །དྭངས་མ་ལྔ་ཡི་ཐིག་ལེ་ཡི། ཚོན་དྲུག་དྲིལ་བ་ལྟ་བུ་སྟེ། །དེ་ནི་ནམ་མཁའི་ལྔའི་ངོ་བོ་སྟེ། །ས་མེ་ཀི་དང་དམ་ཀུ་དང་། །ས་ནི་རྩ་ཡི་དངས་མ་སྟེ། །རྣམ་སྣང་གསལ་ཞེས་གྲགས་པའོ། །མེ་ནི་དྲོད་ཀྱི་དྭངས་མ་སྟེ། །འོད་གསལ་མ་ཞེས་གྲགས་པའོ། །ཀི་ནི་ཁྲག་གི་དངས་མ་སྟེ། །གཉེན་གསལ་མ་ཞེས་གྲགས་པའོ། །དམ་ནི་དབུགས་ཀྱི་དངས་མ་སྟེ། །གཡང་གསལ་གཡོན་ཞེས་གྲགས་པའོ། །ཀུ་ནི་བཀྲག་གི་དྭངས་མ་སྟེ། །བཀྲག་གསལ་མ་ཞེས་གྲགས་པའོ། །ཐིག་ལེ་ཆེན་པོ་གཡས་ཕྱོགས་ནས། །མཁའ་ལ་རྒྱུ་བའི་ཐིག་ལེ་གསུམ། བ་ར་ཝ། །འབེབས་བྱེད་མ། །སྐྱོད་བྱེད་མ། །སྐུལ་བྱེད་མའོ། །ཐིག་ལེ་ཆེན་པོའི་གཡོན་ཕྱོགས་ནས། །དབྱིངས་ལས་ཤར་བའི་མ་མོ་གསུམ། །ཧ༷་རི་ཀ། །ཚོར་བྱེད་མ། ཚིམ་བྱེད་མ་ལེན་བྱེད་མའོ། །ཐིག་ལེ་ཆེན་པོའི་སྟེང་ཕྱོགས་ན། །མུན་དང་གསང་པ་སྟུད་མའོ། མ་ཡི་སྒྲ་ཡི་དོན་བཤད་པ། །མགྲིམ་མ་ཁྲག་གི་འཁོར་ལོའིདཀྱིལ། །དབུས་ན་ཐིག་ལེ་ཨ༷་གནས་པ། །མཐའ་མ་རྣམ་པ་བརྒྱད་པའོ། །ཝ་ཀྲི་ཏི་ཡ་པ་ནི་པུ་ཙ། །དཀར་མོ་མདངས་མཛེས་མ། །སྔོན་མོ་ཀློག་མ་སྲིན།དམར་མོ་རྫུ་པ་ཅན། །སེར་མོ་ལྡིང་སྟབས་ཅན། །སྟག་སྨན་ཟོར་བ་གདོང་། ནག་མོ་གདོང་དྲུག་མ། བམ་སྲིན་དྲེད་མོ་གདོང་། འབྲོག་སྲིན་ཆུ་སྲིན་བཤད། ཨུ་ཡི་སྒྲ་ལ་དོན་བཤད་པ། །སྙིང་ཀ་ཆོས་ཀྱི་འཁོར་ལོའི་དཀྱིལ། །དབུས་ན་རིག་པའི་ཡི་གེ་ཧཱུཾ༷། །ཕྱི་སྐོར་ཐིག་ལེ་བཅུ་དང་བརྒྱད། །མུམ་ཧཱུཾ༷། །འཕྲ་མེན་མན་ཀའི་ཐིག་འཛིན་མ། །ཉི་མ་འབུམ་གྱི་གཟི་མདངས་ཅན། ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷། རྡོ་རྗེ་ཉི་མ་ཁྲོས་པའི་དབང་མོ་ཆེ། ཡོན་ཏན་རིན་ཆེན་ཁྲོས་པའི་དབང་མོ་ཆེ། །པདྨ་ཁུག་འཐུང་ཁྲོས་པའི་དབང་མོ་ཚེ། །ཁམས་གསུམ་འཚོ་བྱེད་ཁྲོས་པའི་དབང་མོ་ཆེ། །མུ༷་མུ༷་མུ༷་མུ༷། །རྒྱན་གྱི་རྒྱལ་མོ་དབྱིངས་ཕྱུག་རྒྱལ་མོ་དང་། །བདག་ཉིད་ཆེན་མོ་གཅིག་པུ་ཡུམ་མཆོག་མོ། །ཧེ་ཧེ་ཧེ་ཧེ། །དཀར་མོ་ཆེན་མོ་ཡབ་ལ་བཞད། །སྔོན་མོ་སྒེག་མོ་ཡིན་ཏན་མཛོད། །དམར་མོ་དབང་སྡུད་མཛེས་ཚུལ་ཅན། །སེར་མོ་ལས་ཀྱི་རྫུ་འཕྲུལ་ཅན། ས་མ་མ་ཧམ། ཟེ་བྱེད་མ་། རྒྱས་འདེབས་མ། ཚེ་འཕེལ་མ། རྨོངས་བྱེད་མའོ། །ལི་ཡི་སྒྲ་ཡི་དོན་བཤད་པ། ལྟེ་བ་རླུད་གི་འཁོར་ལེའི་དཀྱིལ། །དབུས་ན་རླུད་སྐོར་ཐིག་ལེ་ལྔ་བཅུ་དྲུག །ཝ༷་ས༷། སྲིད་པ་ཀུན་གྱི་དྲེད་འབེབ་མ། སྲིད་པ་ཀུན་གྱི་སྐྱེད་བྱེད་མ། ཨེ་ར༷། དྲག་མོ་འཛ་ཏིམ། སྲིན་མོ་ཁྲག་འཛག་མ། ཡང་ར༷། བསྐྱོད་མ་སྟོང་གསུམ་ཁྱབ་པ་མོ། གླིང་བཞི་ཀུན་ཏུ་རྒྱུག་འགྲོ་མའོ། ཧཱུཾ༷་པདྨ་རྡོ་རྗེ་ཐིག་འཛིན་མ། པདྨའི་དབྱིངས་ཕྱུག་མ། །འདོད་པ་ཁམས་ཀྱི་དབང་ཕྱུག་མ། ར༷་ར༷་ར༷་ར༷་ར༷་ར༷་ར༷། རྡོ་རྗེ་ཀུན་གྲགས་མ།དབང་ཆེན་འོད་ལྡན་མ། རྡོ་རྗེ་འཛིན་འཕྲེང་མ། རྡོ་རྗེ་གསལ་འཕྲོ་མ། རྡོ་རྗེ་འོད་ཆགས་མ། རྡོ་རྗེ་ཟློག་བྱེད་མ། རྡོ་རྗེ་གྲག་སྙེལ་མ། །མ་ཏི་ག་ཛ་། གླིང་བཞི་ལྷའི་སྲིན། ཁྱུང་ཆེན་གཤིན་རྗེའི་སྲིང་། གཡག་ཐོག་ཀླུའི་སྲིང་། སྡེར་ཅག་གནོད་སྤྱིན་སྲིང་། པ་ར་ཏི་ཡ་ཡ་ཧར་ཏིང་། དུ་རྙིང་། ཤརྙིང་། གྲུབ་ཏིང་སྨྱོ་ཏ་ག་ན། དཀར་མོ་མིག་གཅིག་མ། ནག་མོ་རལ་གཅིག་མ། དམར་མོ་མཆུ་འཇིབ་མ། སེར་མོ་རྐང་བལྡག་མའོ། །སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། སྲིན་མོ་སྨུག་ནག་མ། ནུ་ར་ཀྟ་སི། འཕྲ་མེན་རྡོ་རྗེ་དཀར་སེར་མ། །རོ་ཧུ་དྲི་ལ་ལྷ་ཆེན་དཀར་མོ་སྟེ། །འཇིག་སྲིད་དཀར་མོ་རྡོ་རྗེ་བེ་ཤ་བྱི། །གཞོན་ནུ་དམར་མོ་རྡོ་རྗེ་ཀོ་མ་རིང་། །བརྒྱ་བྱིན་དཀར་མོ་རྡོ་རྗེ་བ་ནི་ལ༷། །དམར་སེར་སྲིན་མོ་རྡོ་རྗེ་སི་ཀ་ལ༷། སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། བདུད་རྩི་དམར་མོ་རྡོ་རྗེ་ཨ་མྲི་ཏ། ཟླ་བ་དཀར་མོ་རྡོ་རྗེ་པུ་ཏ་རི། བེ་ཅོན་དམར་ལྗང་དནྟྲ་ཧ། སྲིན་མོ་དམར་མོ་རྡོ་རྗེ་རཀ་ཤ་སི། ཟ་བ་ལྗང་ནག་རྡོ་རྗེ་བག་ཤི་སི། ར་ཏྲི་བཛྲ་རྡོ་རྗེ་དགའ་བ་དམར། རྡོ་རྗེ་སྟོབས་ཆེན་རུ་་་མ་ར་ཏྲ། །ཨེ་ཀ་ཙ་ཏི་རྡོ་རྗེ་ཅིག་སྦྱོད་མ། །སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། །མ་ནུ་ཏོ་རྡོ་རྗེ་འདོད་པ་དམར། གྲུབ་མོ་ནོར་སྲུང་དཀར་མོ་སིདྷ་ཀ ཀླུ་མོ་སྔོ་སྐྱ་རྡོ་རྗེ་བ་ཡ་བྱ། །གསོད་མོ་ཁྲ་མོ་རྡོ་རྗེ་མ་ཧྭ་ཀ་ལ་དམར། །ཨག་ནེ་མི་མོ་རྡོ་རྗེ་དཀར་སེར་མ། །ཕག་མོ་ནག་མོ་རྡོ་རྗེ་བ་རུ་ནི། །རྡོ་རྗེ་དམར་སྨུག་རྒན་བྱེད་ཙ་མུན་ཏི། སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། །སྣ་ཆེན་དཀར་མོ་རྡོ་རྗེ་པུ་ཏ་ར་མ་ན། །ཆུ་སྲིན་འོག་དཀར་རྡོ་རྗེ་བ་དུ་ནི། །སྒོ་བ་རྡོ་རྗེ་དཀར་མོ་མ་ཧྭ་ཀ་ལ་ནི། །དམར་སེར་རྡོ་རྗེ་ཙ་ཀ་ལ། །སུམ་པ་དཀར་ལྗང་རྡོ་རྗེ་པུ་ནི་དམར། །རྡོ་རྗེ་ལྗང་ནག་ལམ་པོ་ཏ་ར་མ། སྲིན་མོ་བུམ་སྣ་རྡོ་རྗེ་འཇིག་རྟེན་འཇོམས། །སྲིད་པའི་མ་མོ་ཐམས་ཅད་ཀུན། རྣལ་འབྱོར་སྐུ་ཡི་ཁྱོན་དུ་རྫོགས། རྩ་དང་ཐིག་ལེ་ཉིད་ལ་གནས། །གསང་བ་གཏེར་གྱི་རྒྱུད་ལས། །རྩའི་འཁོར་ལོ་ལ་ཐིག་ལེའི་བཅུད་གནས་པར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།འཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །ཏྲོགས་པའི་ཐབས་འདི་ཇི་ལྟར་ལགས། །ཡུམ་ཆེན་ཉིད་ཀྱིས་བཤད་དུ་གསོལ། ཅེས་གསུངས་པ་ལས། །ཡུམ་ཆེན་མོས་ཡང་གསུངས་པ། །རྟོགས་པའི་ཐབས་ནི་གསུམ་དུ་བཤད། །སྤྱོད་པ་ཀླུའི་ཁྱད་པར་དང་། །རིག་པ་སྟན་འགན་དོན་དུ་བཤད། །རྟོག་པ་དོན་གྱི་ལྟ་བའོ། །དེ་ལ་སྒྲོད་པ་རླུང་གི་ཁྱད་པར། །འདི་ལྟ་སྟེ། །བདེ་བ་ཆེན་པོར་འཁོར་ལོ་ནི། །མི་འགྱུར་བ་ཆོས་ཉིད་ཀྱི་རླུད་ཞེས་བྱ་བ་ཡོད་དེ། །རླུད་དེས་བསྐྱོད་པས་དཀར་མོ་བཅུ་གསུམ་སྤྲུལ་པའི་ཆོ་འཕྲུལ་སྣང་བར་བྱེད་དོ། །མགྲིན་པའི་འཁོར་ལོ་ན། རུས་སྤལ་རོ་ལྡན་ཞེས་པའི་རླུད་ཡོད་དེ།དེ་རྩ་ཁྲོ་མོ་བརྒྱད་ཀྱི་ཆོ་འཕྲུལ་སྣང་བར་བྱེད་དོ། །ཆོས་ཀྱི་འཁོར་ལོ་ན་དོན་འབྱེད་པའི་ཡེ་ཤེས་ཀྱི་རླུད་ཞེས་བྱ་བ་ཡོད་དེ། རླུང་དེས་བསྐྱོད་པ་ན་མོ་བཅྭ་བརྒྱད་ཀྱི་ཆོ་འཕྲུལ་སྣང་བར་བྱེད་དོ། །སྦྲུལ་པའི་འཁོར་ལོ་ན་ཁྱབ་བྱེད་མདངས་ལྡན་རླུད་ཞེས་བྱ་བ་ཡོད་དེ། རླུད་དེས་སེར་མོ་ལྔ་བཅུ་རྩ་དྲུག་གི་ཆོ་འཕྲུལ་སྣང་བར་བྱེད་དོ། །བཤད་སྒོ་ནས་སྐྱོད་བྱེད་ལས་ཀྱི་རླུད་ཞེས་བྱ་བ་ཡོད་དེ། རླུད་དེས་ཐིག་ལེ་ཐབས་ཀྱི་གཞུང་འདུལ་བྱེད་དོ། །སྲོག་རྩ་ལ་འཕྱོ་པ་ཡན་ཐུབས་ཀྱི་རླུད་ཞེས་བྱ་བ་ཡོད་དེ། རླུད་དེས་འཕེལ་སྡུད་ཐམས་ཅད་བྱེད་དོ། །དང་པོ་ཞི་བའི་སྤྱོད་པ་སྟེ། གཉིས་པ་དབང་གི་ཡིན་པ་སྟེ། གསུམ་པ་མངོན་སྦྱོད་ཉིད་དུ་བཤད། བཞི་པ་རྒྱས་པ་ཆེན་པོ་སྟེ། ལྔ་པ་ལྷུན་གྱིས་གྲུབ་པའོ། །དྲུག་པ་རྫུ་འཕྲུལ་ཉིད་དུ་བཤད། དང་པོ་དོན་བཞིའི་དོན་གྱི་སྤྱོད་པའོ། གཉིས་པ་ཉོན་མོངས་པའི་ཡིད་རྒྱུའོ། །གསུམ་པ་ཡིད་ཀྱི་རྣམ་པར་ཤེས་པ་རྒྱུ་བའོ། །བཞི་པ་སྒོ་ལྔའི་རྣམ་ཤེས་རྒྱུ་བའོ། །ལྔ་པ་ལ་འདུ་ཤེས་རྒྱུ་བའོ། །དྲུག་པ་ལ་འདུ་བྱེད་རྒྱུ་བའོ། །དེ་ལ་དང་པོ་བྱང་ཆུབ་སེམས་ཀྱི་ཐིག་ལེ་གཡོ། གཉིས་པ་ལ་པདྨ་རཀྟ་གཡོ། གསུམ་པ་ལ་མ༷་ས་གཡོ། བཞི་པ་ནས་དྲི་ཆེན་གཡོ།ལྔ་པ་ནས་དྲི་ཆུ་གཡོ། དྲུག་པ་ནས་གཟུང་འཛིན་གཡོ་པའི། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཞེ་སྡང་འབྱུང་བའི་སྒོ། རཀྟ་འདོད་ཆགས་འབྱུང་བའི་སྒོ། མ་ས་ང་རྒྱལ་འབྱུང་བའི་སྒོ། དྲི་ཆེན་གཏི་མུག་འབྱུང་བའི་སྒོགུར་ཀུམ་ཕྲག་དོག་འབྱུང་པའི་སྒོ། དྭངས་མ་ལྔ་འདུས་པས་གཟུང་འཛིན་འབྱུང་བའི་སྒོ། ཞེ་སྡང་རང་སར་གྲོལ་བའི་ཆོས་ཉིད་དག་པའི་ཡེ་ཤེས། འདོད་ཆགས་རང་སར་གྲོལ་བས་སོ་སོར་རྟོག་པའི་ཡེ་ཤེས་། ང་རྒྱལ་རང་སར་གྲོལ་བས་མཉམ་པ་ཉིད་ཀྱི་ཡེ་ཤེས། གཏི་མུག་རང་སར་གྲོལ་བས་མེ་ལོང་ལྟ་བུའི་ཡེ་ཤེས། ཕྲག་དོག་རང་གནས་སུ་དག་པ་བྱ་བ་གྲུབ་པའི་ཡེ་ཤེས། གཟུང་འཛིན་གནས་སུ་གྲོལ་བ་ཆོས་དབྱིངས་ཀྱི་ཡེ་ཤེས་སོ། ཞེ་སྡང་གནས་སུ་བསྒྲལ་བས་ཐབས་དང་མཐུན་པའི་སྤྱོད་པ། འདོད་ཆགས་རང་སར་བསྒྲལ་བས་ཤེས་རབ་དང་མཐུན་པའི་སྦྱོད་པ། ང་རྒྱལ་ཞི་བས་བསྒྲལ་བས་གཟུང་དུ་འབྲེལ་པའི་སྤྱོད་པ། གཏི་མུག་རིག་པར་བསྒྲལ་བས་ཕྱོགས་གཅིག་པའི་སྤྱོད་པ། ཕྲག་དོག་ཕུན་སུམ་ཚོགས་པར་བསྒྲལ་བས་འཐུན་འཇུག་ཐབས་ཀྱི་སྤྱོད་པ། གཟུང་འཛིན་ཡུལ་ལས་བསྒྲལ་བས་མཛད་པ་གར་ཐབས་ཀྱི་སྤྱོད་པའོ། འགའ་ན་སྦྱོར་བའི་སྤྱོད་པ་རྟོགས་ཐབས་ལྡན་པ་ཡིས། འགའ་ནི་སྤྱོད་པ། འདི་ལྟ་སྟེ། བུད་མེད་མོ་གཤམ་འདྲ་བ་ལ། ཀླད་པ་གོ་རོ་ཙ་ན་ཡོད། ཨ་འབྲས་སྨིན་པའི་འབྲས་བུ་ལ། སྦྱོར་ཏེ་ཟོས་ན་དངོས་གྲུབ་ཐོབ། བུད་མེད་པདྨ་མཛེས་པ་ལ། རཀྟའི་སྙིང་པོ་མ་ཉམ་དང་། མུ་ལ་ཏ་དང་པི་ཏའི་ཁྲག །སྦྱར་ཏེ་ཟོས་ན་དངོས་གྲུབ་ཐོབ། བུད་མེད་དུང་ཅན་ལྷ་མཛེས་ལས། བྱུང་བའི་དྲི་ཆེན་མ༷་ས་དང་། གདུག་ཅན་གྱི་བཅུད་དང་ནི། བུད་མེད་བན་གླང་ཅན་དག་གི །བྱུང་བའི་དྲིའི་ཆུ་དག་དང་ནི། ཏིར་ཏ་པ་ན་ལ་སོགས་དང་། །སྦྱར་ཏེ་ཟོས་ན་དངོས་གྲུབ་ཐོབ། །བུད་མེད་རི་མོ་ཅན་དག་ལ། །སྦྱར་ཏེ་ཐིག་ལེ་དཀར་དམར་དང་། །ག་པུར་ཆུ་དང་སྦྱར་བྱས་ནས། །དངོས་གྲུབ་ཤིན་ཏུ་ཐོབ་པར་འགྱུར། །བཀྲ་ཤིས་གཙང་མའི་བུད་མེད་ལ། །སྦྱར་བའི་ཐབས་ཆེན་ལྡན་བྱས་ཏེ། །མཆོག་གི་དངོས་གྲུབ་ཐོབ་པར་འགྱུར། །སྦྱོར་བ་སྤྱོད་པའི་ཐབས་ཆེན་འདིས། །སྐྱེ་མེད་དབྱིངས་དང་འཕྲད་པར་འགྱུར། །ཏན་སྤྱོད་པའི་དོན་སྤྱོད་པ། །གང་ཡང་རུང་བ་སྒྲལ་བའི་ཞིང་། །རྣལ་འབྱོར་སྡིགས་པའི་མཛུབ་མོ་ལ། །ཉི་མའི་དཀྱིལ་འཁོར་སྟེང་དག་ཏུ། །ཧ་ལས་རལ་གྲི་འབར་བ་ཡིས། །ཏྲ་ཏ་ཕཊ་ཧ་ལ་ཧཱུཾ༷་གི་སྔགས་བརྗོད་པས། །དེ་དག་མྱུར་དུ་བརླག་པར་འགྱུར། །གང་ཡང་དམིགས་པའི་ཡུལ་དེ་ལ། །གྲོ་གའི་གཟུགས་དེ་འཛུབ་གང་ལ། །སྲིན་ལག་ཁྲག་གིས་མིང་བྲིས་ལ། ཁུ་གསུམ་ཆག་གང་དབུས་སུ་གཞུག །ཧཱུཾ༷་གིས་ཉུངས་ཀར་བྱིན་བརླབས་ལ། །སྟུན་ཁུང་མའི་སྔགས་ཀྱིས་གདབ། །ཧཱུཾ༷་རཀྟ་ཁ་ལ་རུ་པི་ཏྲ་ཏ་ཕཊ། །ལུས་ཀྱང་འགས་ཤིང་བརླག་པར་འཀྱུར་། །ཧཱུཾ༷་ཁུང་སྲིན་པོ་གདེངས་པ་མྲ །དམིགས་པའི་ལིང་ག་སོར་བཞི་ལ། །དུར་ཁྲོད་སོལ་བས་བྱུགས་བྱས་ཏེ། །ཀྲོང་ནག་པོའི་སྔགས་བཟླས་ཤིང་། །ཟི་ར་ནག་པོས་བྲབ་པར་བྱ། །ཨོ་པུ་པ་ལི་ཀ་ཙ་ཧུར་ཕཊ། །མགོ་པོ་འགས་ཤིང་བརླག་པར་འགྱུར། །ཀྲོ་ང་ནག་པོའི་རྐྱལ་པ་སྲ །སྤུ་ཏྲ་རའི་གཟུགས་བཅུག་སྟེ། །སྲོང་ཙ་རའི་ཐིག་པས་གདགས། །མེ་དཔལ་དམར་པོས་བྲལ་པར་བྱ། །ཛ་ར་པུ་པི་ཙ་ར་ཏུར་ཕཊ། །ཁྲག་གི་རི་བོ་འཇོམས་པར་བྱེད། །པ་ཏ་རུ་ཙའི་རྐྱང་པ་སྲ །ཧྲོ་ཏའི་ཀ་ཏའི་པགས་པ་ལ། །ཧ་ལ་ནག་པོའི་ལིང་གི་བྲིས། །མུ་ངག་འབར་བའི་ཟེར་གྱིས་བྲབ། །ཙ་ཏི་ཙ་ཏ་པ་ཏི་མུགས་གྲྭ་ཧྭ། །ཞེ་སྡང་སྡོང་པོ་འཇོམས་པར་བྱེད། །ཨེ་ཏ་པ་རི་ཧཱུཾ༷་ཁུང་དུ། །པུ་རི་པ་ཏྲོརེ་གཟུགས་བཅུག་ལ། །ཏྲི་ར་ཧོརེ་སྔགས་ཀྱིས་གདབ། རྨུགས་ཤ་རིལ་བམ། །འདོད་ཆགས་བྱང་རི་མར་པོ་གཤོམ། །ཁྲག་གི་རྒྱ་མཚོ་འབར་བ་མྲ །ནེ་ཏོ་ཏའི་སྣོད་ནང་དུ། པར་པ་ཏའི་གཟུགས་བཅུག་སྟེ། ཨ་རྫ་ཀ་ཡི་དོག་པས་བཅིང་། གནོད་སྤྱིན་དམར་པོའི་སྔགས་ཀྱིས་གདབ། པ་པ༷་ཁ་འདར་བབ། ཁྲག་གི་དོག་པ་གཅད་པར་བྱ། །ལྷ་རྟེན་ནག་པོའི་བུམ་པ་མྲ ན་ར་གའི་གཟུགས་བཅུགས་ལ། པརྩི་ཏ་ཡི་ཐག་པས་བཅིང་། །ཨ་ཀ་ཏ་ཡི་སྔགས་ཀྱིས་གདབ། ར་རྩ་ཀི་མ་དུ་ཀ་ཕཊ། དངུལ་གྱི་བུམ་པ་བཤིག་པའོ། །པུ་ཏ་ར་རྩི་བ༷་ཏ་པ་རུ་ཕཊ། བུམ་པ་བམ་རིམ་ཁ་སྦྱར་དུ། ཁ་སྲས་དམར་པོའི་ཁོག་པ་མྲ དུ་ར་པ་ཏའི་གཟུགས་བཅུག་ལ། བདུད་མོ་ནག་མོའི་སྔགས་ཀྱིས་་བྲབ། ཁ་རག་སི་ཏ་ནག་མོ་ཐུན། རླུད་གི་རྐྱང་པ་བཅད་པའོ། རྟོག་པའི་ལྟ་བ་འདི་ལྟ་སྟེ། ཕྱི་ཡི་འབྱུང་བ་སྒྱུ་མ་སྟེ། འབྱུང་བ་ལྔ་པོ་ཐམས་ཅད་ཀུན། །སྣང་སྤྱོད་ཉིན་ན་རྣམ་པར་དག །ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན། །རྒྱུ་བའི་འཁོར་ལོ་ལྟ་བུར་གནས། །ནང་གི་དྭངས་མའི་ཐིག་ལེ་ཡང་། །གྲོག་ཚང་གཡེངས་པ་ལྟ་བུར་སྣང་། །སྟེན་པའི་བག་ཆགས་ཉོན་མོངས་ལྔ། །སྲིན་བུ་མེ་ཁྱེར་ལྟ་བུར་སྣང་། །ཀུན་གཞི་མེ་ལོང་གཡའ་དག་འདྲ། །ཉོན་མོངས་ཡོད་ནི་སྲིན་བུ་སྟེ། །སྒོ་ལྔ་འོད་ཟེར་ཤར་བ་ཡིས། །དབང་པོའི་ཡུལ་ལ་བརྟེན་ཏེ་འཚར། །ཡུལ་ལྔ་འཇའ་ཚོན་ལྟ་བུ་སྟེ། །སྣང་བ་མ་འགགས་ཡུལ་ལ་གསལ། །རིག་པ་ཕྱི་ནང་མེད་པར་གསལ། སྐྱེ་མེད་ལྷ་ཡི་སྣང་བ་ཡང་། ཆུ་ཟླའི་དཀྱིལ་འཁོར་ལྟ་བུར་སྣང་། སྣང་སྤྱོད་ཉིད་ན་རྣམ་པར་དག། རང་རིག་རྡོ་རྗེ་ལྟ་བུ་སྟེ། རྒྱུ་མེད་རྐྱེན་གྱིས་མ་སྐྱེས་པས། དང་པོ་སྐྱེ་བའི་རྒྱུ་མེད་པས། མཐའ་མས་འགག་པའི་རྐྱེན་དང་བྲལ། སྐྱེ་མེད་རྡོ་རྗེ་ངོ་བོས་སྟོང་། སྟོང་ཉིད་མ་བཅོས་དབྱིངས་ཀྱི་ཚུལ། དབྱིངས་ཉིད་མ་འགག་ཡེ་ཤེས་ཏེ། ཡུལ་དང་བྲལ་བས་རང་རིག་སེམས ། གསང་སྔགས་རླབས་ཆེན་འཁྲིག་པ་ཡང་། སེམས་ཀྱི་དཀྱིལ་འཁོར་འོད་པོ་ཅེས། །འོད་ཆེན་སྣང་བ་ངོས་བཟུང་མེད། བརྗོད་པའི་ཐ་སྙད་ཀུན་དང་བྲལ། །བརྗོད་བྲལ་སྟོང་པའི་མཐའ་མི་གནས། །ནོར་བུ་རིན་ཆེན་འབར་པ་ལྟར། རྟོག་པ་མེད་པར་དགོས་དགུ་ཚང་། ཚོགས་ན་ལྷུན་གྲུབ་དོན་པོ་ཅེ། མ་བསྒྲུབ་ཆེ་བའི་དོན་སོར་གནས། མཐའ་དབུས་བྲལ་བའི་དེ་བཞིན་ཉིད། །ཉམས་སུ་མྱོང་བའི་མཐའ་མི་གནས། །མི་གནས་ཡེ་ཤེས་ཆེན་པོ་ལ། །ཇི་ལྟར་བསམ་པས་དགོས་དགུ་འཆར། །རྟོག་པའི་རྟན་ཚིགས་ཚད་མ་དག །རང་རིག་ཡེ་ཤེས་ཚད་མའི་མཆོག །རང་ཉམས་རིག་པ་གདེང་གིས་རྟོགས། །རྟོགས་པས་རང་གི་ངོ་བོས་སྟོང་། །རང་རིག་སྟོང་པའི་འབྲས་བུས་ལེན། །བུམ་པའི་ནང་གི་མར་མེ་བཞིན། །རྣམ་རྟོག་ཡེ་ཤེས་ངོ་བོར་ཤར། ཁྲར་བ་ཉིད་ན་ནུབ་པ་མེད། །སྣང་བའི་དངོས་ཆོས་རྣམ་པ་ཀུན། །སྣང་སྤྱོད་ཉིད་ན་རྣམས་པར་དག །སེམས་ཀྱི་འདུ་འཕྲོ་མང་པོ་ཀུན། །རྒྱ་མཚོ་ཆེན་པོ་བརླབས་བཞིན་སྣ། །རྩེརྒྱལ་ཁ་ནས་ཀུན་གསལ་འདྲ། །རྩེ་མོ་མེད་པའི་མཐར་འཛིན་བྲལ། །མཐོང་རྒྱུ་མེད་པའི་རྟོག་པ་ཅན། །ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །ཉོན་མོངས་ལྔ་ཡི་ངོ་བོ་ཉིད། །རྟོགས་པ་བཟང་ངན་ཁྱད་པར་ལས། །ངན་རྟོག་ཅན་ནི་འཁོར་བར་སྣང་། །བཟང་རྟོག་ངོ་ལ་ཡེ་ཤེས་ཏེ། །སེམས་ལ་གཉིས་ཀའི་ངོ་བོས་སྟོང་། །དོན་གྱི་ཕྱི་ནི་ཀུན་རྟགས་སོ། །རང་གི་མཚན་ཉིད་གཞན་དབང་ངོ་། །སྒྲ་ཡི་སྤྱི་ནི་བློ་རྟོགས་ཏེ། །རང་གི་མཚན་ཉིད་རྗོད་བྱེད་ཡིན། །ཆོས་ཉིད་ནམ་མཁའ་ལྟ་བུ་ལ། ནམ་མཁའ་ལྟ་བུའི་ཚིག་གིས་མཚོན། །དེ་ཉིད་ཆོས་སྐུའི་པའི་མཆོག །སེམས་ཀྱི་རོལ་པ་སྣ་ཚོགས་ན། །གདུལ་བྱའི་ངོ་ལ་ཅིར་སྣང་ཡང་། །སྣང་བའི་ཕྱིར་ནི་གཟུགས་མེད་དེ། །ཆོས་སྐུ་གཟུགས་སྐུའི་ངོ་བོ་ཡང་། གཅིག་པ་མ་ཡིན་ཐ་དད་མིན། ཉི་མ་དང་ནི་འོད་ཟེར་བཞིན། མ་རྟོགས་ངོ་ལ་ཚིག་སྒོ་ནས། ཡོད་མེད་རྣམ་པ་སྣ་ཚོགས་བརྗོད། དོན་ལ་ཐ་སྙད་ངོ་བོས་སྟོང་། དོན་ལ་བཞག་ཐབས་སྣ་ཚོགས་ཏེ། དགག་སྒྲུབ་མེད་པར་སོ་མར་བཞག །དེའི་སྙིང་པོ་འདི་དང་འཕྲད། མ་དང་མོའི་ཐ་སྙད་བྲལ། ལྷ་མོར་སྣང་བ་རྒྱུད་ཀྱི་དོན། རྩ་དང་ཐིག་ལེ་ལུང་དུ་གྲགས། རང་རིག་སྣང་བ་མན་ངག་སྟེ། དབང་པོ་རབ་འབྲིང་ཐ་མ་ལ། ཐ་སྙད་གསུམ་དུ་གྲགས་པའོ། །གསང་བ་གཏེར་གྱི་རྒྱུད་ལས། རྟོག་པའི་ཐབས་བསྟན་པའི་ལེའུ་སྟེ་གསུམ་པའོ། །གཏེར་གྱི་དོན་ཉིད་གང་ལགས་པ། །ཀུན་ཏུ་བཟང་མོས་བཤད་དུ་གསོལ། །ཡུམ་མཆོག་ཉིད་ཀྱི་ཡང་གསུངས་་པ། །གཏེར་དོན་རིག་པའི་ཡེ་ཤེས་ཏེ། བྱེ་བྲག་གསུམ་དུ་ངས་བཤད་ཀྱིས། ཉིན་ཅིག་འཕྲ་མན་ཡུམ་མཆོག་མ། དྲེགས་པ་གནད་ལ་དབབ་པ་ལ། རི་རབ་ཕུར་པས་གཟིར་བ་དང་། མཚོན་གྱི་ཆར་དུ་དབབ་པའོ། དེ་ནས་བཅས་ཀྱི་རིམ་པ་ནི། ཁྲུ་བརྒྱད་པ་ཡི་དཀྱིལ་འཁོར་ལ། བ་སུ་ཏ་ཡི་ཐིག་གདབ་སྟེ། ཚོན་གྱི་རྒྱལ་པོ་ལྔ་ཡིས་བརླབ། དབུས་སུ་ཨེ་ཀ༷་མཐིང་ནག་ལ། ཕྱི་རིམ་པདྨ་བཅུ་གསུམ་ལྡན། དེའི་ཕྱེད་པའི་པདྨ་ལ། འདབ་མ་བཅོ་བརྒྱད་དག་ཏུ་བྱ། དེའི་ཕྱི་རིམ་པདྨ་ནི། དེའི་ཕྱིར་རིམ་པདྨ་ནི། ལྔ་བཅུ་རྩ་དྲུག་ཤེས་པར་བྱ། སྒོ་བཞི་དུས་བཞིའི་རྒྱལ་མོ་སྟེ། མུ་ཁྱུད་ཐོད་པ་བརྒྱད་པོ་ལ། རྩ་འདྲེན་བརྒྱད་པ་དེ་ནི་བཀོད། ཤིང་བུ་མཆོག་གི་ཕུར་པ་ནི། སོར་ནི་བཅོ་བརྒྱད་ལྡན་པར་བྱ། །དབུ་ལ་དཀར་མོ་བཅུ་གསུམ་བསམ། །རྒྱ་མདུད་བར་མ་དག་ལ་ནི། །ནག་མོ་བཅོ་བརྒྱད་དེ་བཞིན་བསམ། །ཅུང་བཞོགས་བརྒྱད་པོ་དག་ལ་ནི། །སེར་མོ་ལྔ་བཅུ་དྲུག་བསམ་མོ། །ཟུར་གསུམ་དག་ལ་རྩ་ཁྲོ་བརྒྱད། །བསམས་ནས་དབུས་ཀྱི་ཁྲོད་ལའོ། །རྩང་ཕུར་བཅུ་གསུམ་དག་ལ་ཡང་། །དར་དཀར་བཅུ་གསུམ་དག་གིས་བརྒྱན། །རྩང་ཕུར་བཅོ་བརྒྱད་དག་ལ་ཡང་། །དར་སྣ་རུ་མཚོན་དག་གིས་བརྒྱན།རྩང་ཕུར་ལྔ་བཅུ་དྲུག་ལ་ཡང་། །དར་སེལ་རུ་མཚོན་དེ་བཞིན་ནོ། །སྤྲུལ་པའི་རྩ་ང་ཕུར་བརྒྱད་པོ་ལ། །དར་དམར་རུ་མཚོན་དེ་བཞིན་ནོ། །དེ་ནས་དབུས་སུ་ཕུར་པ་དགོད། །ཧཱུཾ༷་ལས་མི་འགྱུར་ཐུགས་མཆོག་འབར་བའི་སྐུར་བསྟན་པ། །མགོ་པོ་རྒྱ་མདུད་ཆོས་སྐུའི་གཞལ་ཡས་ཁང་། །རྐེད་པ་རྒྱ་མདུད་ལོངས་སྐུའི་ཕོ་བྲང་ལ། །རྩེ་མོར་ཟུར་གསུམ་སྤྲུལ་སྐུ་དབང་དུ་འབྱུང་། །རྐེད་པ་རྒྱ་མདུད་ཆུ་སྲིན་ཁ་ནས་བྱུང་། །སྣང་སྲིད་མ་མོ་རྣམས་ཀྱི་ཕུང་པོ་བྲང་སྟེ། །གྲུ་གསུམ་ཨེའི་གདན་ལ་བཞུགས་སུ་གསོལ། །དཀར་མོ་བཅུ་གསུམ་དབྱིངས་ཀྱི་ཆོ་འཕྲུལ་ཅན། །དམ་སྲིད་བསྒྲལ་ཕྱིར་པདྨའི་གདན་ལ་བཞུགས། །ནག་མོ་བཅོ་བརྒྱད་ཐུགས་ཀྱི་ཆོ་འཕྲུལ་ཅན། །དམ་སྲིད་གནད་ལ་དབབ་ཕྱིར་བཞུགས་སུ་གསོལ། །ཡོན་ཏན་གཏེར་རྫོགས་ལོངས་སྦྱོད་གཏེར་གྱི་ལྷ། །དམ་སྲི་ཚེ་སྲོག་འབྲལ་ཕྱིར་བཞུགས་སུ་གསོལ། །གར་ཐབས་རྫུ་འཕྲུལ་ཐབས་ཀྱིས་བསྒྱུར་མཛད་མ། དམ་སྲིང་ཤ་ཁྲག་དཔྲལ་ཕྱིར་བཞུགས་སུ་གསོལ། །དེ་ནས་ཐུགས་ཀྱི་བསྙེན་པ་བྱ། །དེ་ནས་སྐད་ཅིག་དང་པོ་ལ། །མི་རྟོག་པ་ཡི་ངང་ཉིད་ལས། །འོག་གཞི་རླུད་ལ་རཀྟ་སྟེ། །ཀེང་རུས་རི་རབ་མི་དཔུང་དབར། །དེ་སྟེང་སྦྲུམ་ལས་འཁོར་ལོ་ནི། །གསུམ་རིམ་དབུས་སུ་་ཨེ་སུ་བཅས། །ཉི་མ་ཟླ་བའི་གདན་སྟེངས་སུ་། །དྲེགས་པ་དམིགས་པའི་རྟེན་དུ་བཅས། །གདན་སྟེང་འབུམ་གྱི་ཁྱད་པར་ལས། །བཛྲ་ཀྲོ་རྟི་ཤཱ་རི་བྷ་ག་པདྨ་བརྒྱ། །མུ་ཁ་ལི་ཀྲོ་དྷི་ཤཱ་རི་རུ་ལུ་རུ་ལུ་ཧཱུཾ༷་སྨྱོ། །བདག་ཉིད་ཀུན་ཏུ་བཟང་མོའི་སྐུ། །མཐིང་ནག་ནམ་མཁའི་སྒོ་ཟུ་ཅན། །ཕྱག་དྲུག་ཕྱག་རྒྱ་ཆ་སྐྱེ་ཤིང་སྒྲོལ། །དེ་འདྲ་ཡུམ་གྱི་ཐུགས་མཆོག་ནས། །འཔྲ་མིན་རྒྱ་མཚོ་ཉིད་ཀྱི་སྐུ། །གསེར་གྱི་ཉི་མའི་གདན་སྟེང་ནས། །འོད་ཟེར་སྣ་ལྔ་འཕྲོ་བའི་ཚུལ། །དེའི་ཐུགས་ཀ་ནས་འཕྲོས་པས། །ཡི་གེ་མུམ་ལས་འོད་འཕྲོས་པས། །མ་མོའི་ཚོགས་རྣམས་རྩང་ལ་བསྟིམ། །ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ། །གཏོར་མ་བདུད་རྩི་བྱིན་བརླབས་མཆོད། བདུད་རྩི་གཏེར་ལྡན་ཉོན་མོངས་བག་ཆགས་སྦྱངས་། རྣམ་ལྔ་རྒྱན་གྱི་མཆོད་པ་འདི་འབུལ་ན། །ཡེ་ཤེས་མཆོད་པ་ཆེན་པོར་བཞེས་སུ་གསོལ། །རཀྟ་དམར་སྨུག་བསྐལ་པའི་མི་ལྟར་འབར། །འདོད་ཆགས་ཚིམ་བྱེད་མཆོད་པར་བཞེས་སུ་གསོལ། ཀྱེ་པདྨ་རིགས་ཀྱི་སྟེང་དག་ཏུ། །ཆེ་ཆུང་ཞིང་གི་གདན་དུ་བཅས། །སྲིད་པ་ཤ་ཆེན་སྐྲུངས་པའི་བྷ་ལིང་ཏ། །འཁོར་ཡུག་རྟོགས་པའི་མཆོད་པ་ཆེན་པོར་བཞེས། མ་བདུད་གསུར་དང་སྤོས་ཆེན་དྲི་ལ་སོགས། དབང་པོ་ཚིམ་བྱེད་མཆོད་པར་བཞེས་སུ་གསོལ། །གླིང་པུ་པི་ཝང་སྒྲ་སྙན་ཐོད་ལྔའི་སྒྲ། །ལྷའི་རོལ་མོ་གར་གྱི་མཆོད་པ་བཞེས། །དེ་ནས་བསྙེན་པའི་འཕྲོ་འདུ་བྱ། །བྷ་ག་པདྨ་བརྒྱ་བདེ་ཀློང་དུ་འདུས། །ཨོ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷། །འཁོར་ལོ་སྤྲོ་༷བཞི་ཐུགས་ལས་སྦྲུལ། །ཞག་གསུམ་བར་དུ་འཕྲོ་འདུ་བྱ། དེ་ནས་ལས་ལ་སྦྱར་བ་བྱེད། །རྟེན་གྱི་ལིང་ག་བྱ་བ་ནི། རྩ་ཤིང་དག་ལ་གཟུགས་བྱས་ཏེ། སུ་ཏྲ་ཟླ་བ་ལོན་པ་ལ། ལྟས་ངན་སྣ་ཛོགས་སྐྲུ་ཡིས་བརྒྱད། ཧོ་ཁུང་འབར་བའི་དཀྱིལ་དུ་བཞུག དེ་ནས་མངག་པའི་ཕོ་ཉ་ནི། ཧཱུཾ༷་གསང་བའི་ཡུམ་ཅིག་མཁའ་ལ་འགྲོ། རྣམ་པར་རྟོག་བྲ་ཀུན་བཟང་མོ། སྐྱེ་མེད་མ་མོའི་དབྱིངས་ཕྱུག་མ། དབྱིངས་སྐུ་འཁྲུངས་པའི་གསང་པའི་ཡུམ། རྣམ་རྟོག་འཇོམ་མཛད་འཕྲིན་ལས་གཙོ། སྐྱོན་གྱིས་མ་བསྒྲིབས་འོད་གསལ་མ། གཏིང་དཔག་མེད་པའི་ཐུགས་མངའ་མ། སྣང་བ་མེད་པའི་སྐུ་མངའ་མ། བརྗོད་དང་བྲལ་བ་གསུང་མངའམ། སེམས་ཀྱི་དཀྱིལ་འཁོར་ནས་བསྐུལ་བྱས་བས། སྐད་ཅིག་གཅིག་ལ་ཀུན་ཏུ་ཁྱད།གསེར་གྱི་འོད་ཟེར་འཕྲོ་འདུ་ཡིས། གང་ལ་བྱ་བའི་སེམས་ལས་འདྲེན། མཁའ་ལ་རྒྱུ་ཞིང་དབྱིངས་ལས་ཤར། ཏིང་འཛིན་རྩལ་ལས་བསྐུར་བའི་ཚེ། ཟླ་ཟེར་ཞགས་པས་འཆིང་ཞིང་བསྣམས། །ན་ཟ་དཀར་མོ་སྒེག་མ་ལ། །འཇའཚོནསྣལྔའིམཐའ་ཆག་ཅན། །ལག་ན་གསེར་གྱི་དྲིལ་ཞགས་འཕེན། །གང་ལ་བྱ་བ་སྙིང་ནས་འདྲེན། །རྟེན་ལ་བསྟིམ་ལས་གཟེར་མནན་བྱ། །དེ་ནས་ཕུར་པ་མངའ་གསོལ་ཏེ། །ཧཱུཾ༷་རི་རབ་ཆེན་པོའི་ཕྱག་རྒྱ་ནི། །རྡོ་རྗེ་སྐུ་གསུང་ཐུགས་དང་ལྡན། །སྲིད་པའི་མ་མོ་ཁྱོན་དུ་རྫོགས། །དེ་འདྲ་ཐབས་ཀྱི་ཕྱག་རྒྱ་གཟིར། །མུག་ཏེ་ཙཀླ་བམ་གཅེས་གཟིར། །དེ་ནས་དཀར་མོའི་རྩིང་ཕུར་གདབ། ཁ་ཏི་བ༷་སྨྱོ། རུ་ཏི་ལ་སྨྱོ།པ་ཏི་ལ་སྨྱོ། ཧ་ར་མ་ཀ་སྨྱོ། ཀ་ར་པུ་ཏི་སྨྱོ། མ་ཀ་ལ་ཧེ་མ་སྨྱོ། དུ་རི་ཀ་ཏ་ར་སྨྱོ། ག་ཏི་པུ་ཏྲ་སྨྱོ། ཧོ་ཏི་སྟ་བ་ལ་སྨྱོ། ག་ཏི་ཏུ་ར་སྨྱོ། ཨུ་ཏ་རི་ཏི་སྨྱོ། མེ་ཁ་རུ་ཙ་སྨྱོ། ཀ་མ་མ་ལེ་སྨྱོ། ཡན་ལག་དང་པོ་མགོ་ལ་ཐིག་ལེ་རྟེན་བཅུ་ལ་གདབ་བོ། །མ་མོ་ཐུགས་ཀྱི་ཕོ་ཉ་ནི། །ཁྱུང་གི་ཁྲ་ཆེན་ལྡིང་བ་ལས། །ལྕགས་ཀྱི་མ་མོ་ཁྱུང་མ་གོ་ཤོན། །མགོ་བོ་གསུམ་ལ་ལག་དྲུག་མ། །གཡས་པ་རྡོ་རྗེ་ཁ་གདེངས་ལས། །བར་མ་རྡོ་རྗེ་སྲིད་གསུམ་སྒྲོལ། །གཡོན་པ་དྲིལ་ཞགས་བུད་མེད་འཆིང་བར་མ་འཁོར་ལོ་བསྐལ་བ་མེ། ཐ་མ་ལྕགས་ཀྱུ་འདུ་འཕྲོ་ཅན། བསྐུལ་ནི་ཐུགས་ཀྱི་དཀྱིལ་ནས་བསྐུལ། །ཟ་ནི་སྐྱེ་འགྲོ་ཡོངས་ལ་ཟག། ཉུལ་ནི་གླིང་བཞི་ཁྱབ་པར་ཉུཔ། རྦད་ནི་དངོས་པོ་ཅིག་ལ་རྦད། ཉི་མ་འབུམ་གྱི་འོད་འཕྲོ་མ། སྙིང་གི་ཞགས་པས་སྐྱེ་འགྲོ་སྒྲོལ། སྟོང་གསུམ་འཇིག་རྟེན་འོད་ཀྱིས་འགེངས། དམ་ཉམས་བཀྲག་དང་གཟི་མདངས་ཕྲོགས། ཡེ་ཤེས་བཞིའི་སྣང་བ་ལས། བག་ཆགས་གནས་སུ་སྒྲོལ་མཛད་མ། ཡུད་ཙམ་ཁྲོས་པའི་དྲེགས་པ་འཇོམས། ཡུལ་ལས་ཤར་བའི་སྤྲུལ་པ་མོ། །དཔལ་ཆེན་ཡབ་ལ་རྩེ་ཞིང་བཞད། །ཐུགས་རྗེ་ཡུལ་ལས་ཤར་བ་མོ། །ཡུད་ཙམ་གནས་ནས་གཟི་མདངས་ཕྲོལ། །རིག་པ་སེམས་ལས་སྤྲུལ་པ་མོ། །རྣམ་ཤེས་བརྒྱད་ཀྱི་བཅུད་ལེན་མ། །རྩ་ཆེན་བཞིའི་བཅུད་འབྲེལ་ཞིང་། །སེམས་ཅན་ཀུན་གྱི་དབུགས་འཕྲོག་མ། །དུས་བཞི་སྲིད་པའི་གནས་ཉུལ་མ། །དབང་པོ་སྒོ་བཞིའི་བཅ་ལེན་མ། །ནམ་ཟླ་དུ་བཞིའི་ཆ་སྙོམས་མ། །སྲིད་གསུམ་འཁྲུག་པའི་དབང་མོ་ཆེ། །ཐུགས་དམ་གནད་ན༷ས་བསྐུལ་བ་ཡིས༷ ། །གང་ལ་བྱ་བའི་གནད་ནས་དྲོང་། །དེ་རྣམས་ཀུན་གྱི་ཕོ་ཉ་ནི། །མགྱོགས་མ་སྔགས་ཀྱི་གཟེར་ཆེན་གདབ། །བཛྲ་ཀྲོ་དྷི་ཤྭ་རི་བྷ་ག་པདྨ་རྒྱ་ཧུ༷་ཧུ༷་སྨྱོ། །བཛྲ་ཤརྙིང་པདྨ་རུ་རི་སྨྱོ། ཨོ་མུ་ཏྲི་ནི་སྨྱོ། ཨོ་ཤརྙི་ནི་སྨྱོ། ཨོ་ཤ་རྙི་ནི་སྨྱོ། བག་དུ་རྙི་ནི་སྨྱོ། ག་མུ་རྙི་ནི་རྙི་སྨྱོ།ཨོ་སུ་རུ་བི་ཏི་ཨ་ཏོ་ཡི། པདྨ་བི་ཏི་ཨ་ཏོ་ཡེ། །ཁ་རག་བི་ཏ་ཨ་ཏོ་ཡི་སྲོང་འགྲོ་བ་ཏོ་ཨ་ཏོ་ཡེ། བཛྲ་ཀེ་ཀེ། བཛྲ་ཏ་སྐ། བཛྲ་ནི་ལ། མུ་ཁ་ཏ་སྦྱོ། ས་རུ་དུ་ན་སྦྱོ། རི་དུང་མ་ན་སྨྱོ། དུར་ཏི་མ་ན་སྨྱོ། དམ་སྲི་སྙིང་གི་ཐིག་ལེ་བཅོ་བརྒྱད་ལ་གདབ་བོ། །དེ་རྣམས་ཀུན་གྱི་ཕོ་ཉ་མོ། །སྲིད་པ་ཀུན་གྱི་རྩད་གཅོད་མ། །སྐྱེ་འགྲོ་ཡོངས་ཀྱི་བདུད་ལེན་མ། །སྲིད་པ་གསུམ་གྱི་སྐྱེད་བྱེད་མ། །ཁམས་གསུམ་ཀུན་གྱི་དྲོད་འཕྲོག་མ། །སྲིད་པ་སྲོག་རྩ་གཅོད་བྱེད་མ། དབང་པོ་ཀུན་གྱི་གནས་ཉུལ་མ། སྲིད་པ་གསུམ་གྱི་འཁོར་འཇོམས་མ། རྒྱུ་བའི་རྩ་ལ་ཉུལ་བྱེད་མ། དཔགས་བསམ་ཤིང་ལ་སྤྱོད་བྱེད་མ། གཟུགས་དཔུང་གནདནསགཤིགརེརན། ཟ་འགྲམ་མུ་ར༷་སྨྱོ། སྙིང་ཁ་རག་སྨྱོ། ཏྲག་རཀྟ་ཁ་མུན་མ་སྨྱོ། ཏྲག་རཀྟ་མུ་ཏྲ་བན་སྨྱོ། ཁ་མུན་མ་ཏྲ་ཏྲག་རཀྟ་སྟོ། པྲ་བན་ཀ་ར་ཏི་སྨྱོ། པྲ་ཀྲི་ཝང་གུ་སྨྱོ། ཧཱུཾ༷་ཀ་རི་ཀ། བ་རོད་ད་རོ། ནི་ལ་ཆུ་ནིར་རྟ། ཁ་དོག་ཀ་པ་ལ་ཙ་བ་ལ་པདྨ་རསྟོ། དི་པ༷་དངས་ས༷། ཨེ་ཨ་ར་ལི་སྨྱོ། གུ་བི་རུ་ལུ་དྲག་ཤ་མ་སྨྱོ། མ་ཏིག་སྨྱོ། བི་ཏིང་སྨྱོ། པུ་སྟི་སྦྱོ། མུ་ཏིང་སྨྱོ། བཛྲ་ཤིརྙི་སྦྱོ། དུན་ཏིང་སྦྱོ། ཧར་ཏ༷་སྨྱོ། གྲུབ་ཏི་སྨྱོ། ཏེ་པང་སྨྱོ། ཨ་པར་དྷ་ལ་སྣྲོ། ད་ལ་དུན་སྦྱོ།འདི་ན་མ་མ་ཨས་སྨྱོ། ཉི་ཤུ་རྩ་བརྒྱད་སྔགས་ནི། གོང་མའི་སྔགས་ཀྱིས་གདོབ་པར་བྱ། ལྟེ་བའི་ཐིག་ལེ་ལྔ་བཅུ་དྲུག། དྲག་མོ་སྔགས་ཀྱིས་གདབ་པར་བྱ། གཟུགས་དཔུང་སྟུབ་སྟེ་བརྒྱུད་བྱས་ནས། ཧོ་ལྔ་འབྲེལ་བའི་སྦྱིན་སྲེགས་བྱ། །ཐལ་བ་རྒྱ་མཚོ་དབང་ལ་བསྐུར། དེའི་བཀའ་སྟེ་ཕོ་ཉ་ནི། ལྷ་མོའི་ལུས་ལ་སྟེ་ཟ་མ། སེང་གེ་མགོ་ཅན་རྩ་ཐོགས་མ། ལྷོ་མོའི་ལུས་ལ་ཁྲག་འཕྲོག་མ། སྟག་གི་མགོ་ཅན་རྩ་ཐོགས་མ། ལྷ་མོའི་ལུས་ལ་ཤ་ཟ་མ། ཝའི་མགོ་ཅན་རྩ་ཐོགས་མ། ལྷ་མོའི་ལུས་ལ་དབུགས་འཕྲོག་མ། སྤྱང་ཀིའི་མགོ་ཅན་རྩ་ཐོགས་མ། བྱང་ཤར་སྟག་སྨན་ཟོར་བ་གདོང་། ནུབ་བྱང་བ་གླང་དྲེད་མོ་གདོང་། ལྷོ་ནུབ་འབྲོག་སྲིན་ཆུ་སྲིན་གདོང་། ཤར་ལྷོ་བ་གླང་དྲེད་མོ་གདོང་། ཤན་པ་ཤོས་ལ་ཇག་པ་སྤྲུལ། བླ་ལེན་མ་ཡིས་བླ་མོ་ཞིག རྩ་འགྲོ་མ་ཡིས་རྩ་ཁྲོས་ཤིག དུ་ར་ཁ་ཏ་ཕཊ།ཏོ་ཏ་མུ་ཁ་ཕཊ། ཕི་མུར་ཝ་ཏུར་ཕཊ། ཏི་རི་ར་ཏ་ཕཊ། ཀུ་ཀུ་ར་ཏ་ཕཊ། ཀི་མ་མུ་ཀ་ཕཊ། ཏི་ཏི་ཁ་བདར་ཕཊ། ཀོ་ཡི་ཀ་ཁཊ། ཤན་པ་བརྒྱད་ཀྱི་དྲག་སྔགས་ཀྱིས། ལོངས་སྤྱོད་འཁོར་ལོའི་ཐིག་ལེ་སྤྱད། སངས་རྒྱས་བསྟན་པ་བསྲུང་པའི་ཐབས། འབྲུ་སྣ་གསུམ་དང་ས་ཁམ་ས་བསྲེས་ལ། བུ་ཆུང་ཟླ་བ་ལོན་པ་ཙམ་ཅིག་ལ། །ལག་ལ་གཡས་སུ་མདའ་བྱ་རྒོད་མ་ཅིག་བསྐུར། གཡོན་དུ་ལྕགས་ཕུར་བསྐུར། བརླ་གཡས་པ་ལ་སེང་ལྡེང་ཕུར་པ་གཟུགས། བརླ་གཡོན་པ་ལ་སྐྱེར་ཕུར་གཟུགས། ལུས་པོ་མི་ལ་མགོ་བོ་བྱ་རུ་བྱ། ལྟས་ངན་སྣ་ཚོགས་སྐྲུ་ཡིས་བརྒྱན། འབྲུབ་ཁུང་ནང་དུ་ཤོག་ཤིག་ལ་རྟའི་གཟུགས་བྱས་ལ། སྐུད་པ་དཀར་ནག་གིས་བཏགས་ལ། གོང་མའི་གཟུགས་ཀྱི་ལག་ཏུ་གཏད་ལ།གསེར་སྐྱེ་མས་ཕྱོགས་བཞིར་བཏང་ཞིང་སྐུལ་ལོ། །བདག་དཔལ་ཆེན་པོའི་ཏིང་ངེ་འཛིན་དུ་ཞུགས་ལ། །གདོག་མོ་བཞི་བསྐུལ་ལ་བཏབ་པོ། །དེ་ནས་གདོང་མོའི་སྙིང་པོ་དྲངས་ཏེ། །ཀྱང་ཀྱེང་ཀྱང་ཀྱང་ཀྲེང་ཀྲིང་ཀྲིང་གྲང་སྟེ་གྲངས་ཏེ། །མ་རུ་ལུ་རུ་ལུ་སྨྱོ། ཙབ་ཙབ་སྨྱོ་ཙབ་ཙབ་སྨྱོ། མ་རུ་ལུ་རུ་ལུ་སྨྱོ་སྨྱོ་སྦྱོ། རྟ་གཟུགས་ལ་དབབ་པོ། །དེ་ནས་རྟའི་སྙིང་ཀར་ལྕགས་ཕུར་བརྡེག་སྟེ། སྔགས་འདིས་བྱའོ། ་་ས་ཀར་ལ་བཟླས་ཤིང་བྲབས་སོ། །མ་ཛ་རུག་སྙིང་ཐུན་ཁྲག་ཛ་ཛ། སྐྲུལ་མི་ཞི་གན་དེ། གློག་རྩེ་ཕཊ་ཛ་ཛ་བ་བ་སེ་སེ་གུ༷་གུ༷། རུ་ཏེ་རུ་ཏེ་ཁ་ལ་རཀྟ། སྙི་ལ་རཀྟ་སྙིང་ལ་ད་རྒྱོབ་ཡ། ད་སྤུ་ཇོ་བོ་སེ་བརྩན་གྱི་རྒྱལ་པོ། འཚེར་ཞིང་གནས་སུ་འཚེར་ན། ཇོ་བོ་བརྒྱན་གྱི་སེ་བརྩན་པོ་བཞེས་ཤིག། སྙིང་ཁྲག་གིས་ཁོང་པ་ལ་བམ་ལོང་ལ་རྟགས་ཕྱུང་ཞིག། ཇོ་བོའི་ཆིབས་སུ་དབུལ་པོ་བཞེས་ཤིག། མིང་སྲིང་གི་ལས་བཅོལ་གྱིས་རྟ་ལྕགས་ཀྱི་དུད་པས་ནུབ་ནས་ཤར་དུ་བོད་དོ། རྟའི་ངོ་ལ་རྟའི་ཕུད་བཞེས་ཤིག། ནེ་ལེ་ཁུགས་ཤིག། བདུད་ལ་བསྔོ་ཡོ། མ་བདུད་ཀྱི་རྒྱལ་མོ་རྗོག་ཆགས་ཀྱི་བདག་མོ་སྙིང་ནས་འདྲེན་པའི་བགེགས་སུ་གཤེགས་ཤིག། ཆིབས་ཀྱི་ཕུད་ཅིག་ལས་གསོལ་ཞིང་བཞེས་ཤིག། དེ་ནས་སྲོག་གི་གདན་ལ་དབབ་སྟེ། ཏྲི་ཐ་མུགས་སྙིང་རྩ་ཁྲག ། སྲོག་ཆོད་དབུགས་ལོང། ཕཊ་ཛ་ཛ་གུ་རུ་ག་སྲ སོད་ལྕོས། ཕཊ་ཛ་ཛ། རྟ་ཤ་ཀྱི་ཚ། རྟི་རྟི་སྙིང་ཁ་གང་། རྟ་སྙིང་མགོ་ཆོད་ཕྲུ་པ་ནག་པོའི་ནང་དུ། གོང་གི་ལྟས་ངན་གྱི་གཟུགས་དང་། རྟའི་གཟུགས་ལ་སེང་ལྡེང་མེ་ལ་བསྲེགས་ལ། གོང་གི་གསང་སྔགས་ལས་ཤིང་ཉུངས་ཀར་གྱིས་བྲབ་བོ། ཐལ་བ་དགྲའི་རླུད་ཕྱོགས་སུ་འཕང་ངོ། གསང་བ་གཏེར་གྱི་རྒྱུད་ལས། དྲེགས་པ་ཅན་བསྒྲལ་བའི་ལེའུ་སྟེ་བཞི་པའོ།། །།འཕྲ་མེན་རྒྱ་མཚོས་ཡང་གསོལ་པ། ཐིག་ལེ་མྱ་ངན་ཟླ་དོན་དུ། ཡང་དག་ཉིད་དུ་བཤད་དུ་གསོལ། ཡུམ་ཆེན་ཉིད་ཀྱིས་དོན་གསུང་པ། ཐིག་ལེ་མྱ་ངན་ཟླ་བའི་ཐབས། རླུད་ཆེན་བསྐྱོད་པས་གཟིང་ཆེན་གཡོ། གཟིང་ཆེན་བསྐྱོད་པས་གཏེར་ཆེན་རྙེད། དང་པོ་འཕྱོ་བའི་རླུད་གིས་ལས་ཀྱི་རླུ་་བསྐུལ་བས། ཁྱབ་བྱེད་ཆེན་པོ་གནད་ཀྱི་ཐིག་ལེ་འོད་དུ་༄༅ འབར་བས། དེས་རྒྱལ་བ་ཆེན་པོའི་ས་བོན་པས། ས་བཅུ་གསུམ་པའོ། །སྤྱི་དོན་འབྱེད་པ་རླུད་ལས་འཕོ་པས། འབྱེད་པའི་ཐིག་ལེ་འོད་དུ་འབར་བས། མངོན་སྤྱོད་ཆེན་པོའི་ས་བོན་ཏེ། ས་བཅུ་བཞི་པའོ། །རུས་སྦལ་གྱི་རླུད་ལ་ཕོག་པས། ཐིག་ལེ་འོད་དུ་འབར་བས། དབང་ཆེན་པོའི་ས་བོན་ཏེ།ས་བཅོ་ལྔ་པའོ། དེ་མི་འགྱུར་བ་ཆོས་ཉིད་ཀྱི་རླུད་ཕོག་པས་དེའི་ཐིག་ལེ་འོད་དུ་འབར། ཞི་བ་ཆེན་པོའི་ས་བོན་ཏེ་བཅུ་དྲུག་པའོ། །འོད་དེའི་རྒྱུན་ཆད་པ་ནམ་མཁའ་ལ་ཐོན་ཏེ། པདྨ་སྡོང་པོ་བཞི་བརྩེགས་པ། ཐ་མ་ལ་འདབ་མ་ལྔ་བཅུ་དྲུག་པ་སེར་མོའི་ཚོགས་། གོང་མན་བཅོ་བརྒྱད་ལ་ནག་མོའི་ཚོགས། འོག་ན་འདབ་མ་བརྒྱད་ལ་འདྲེན་མའི་ཚོགས། དང་པོ་ན་བཅུ་གསུམ་ལ་དཀར་མོའི་ཚོགས། པདྨའི་ཚོགས་ཉི་ཟླ་ཁ་སྦྱོར་གྱི་ནང་ན་གསེར་གྱི་ཐིག་ལེ་ལ། གསེར་གྱི་སེང་གེ་བརྒྱད་འཇུས་པའི་ལི་ས་བཅས་པའི་ཁྲི་ལ། ཡུམ་ཀུན་ཏུ་བཟང་མོ་རྩ་ན་དཀྱིལ་དུ་བཞུགས་ནས། འགྲོ་བ་ཡོངས་ལ་ལོངས་སྤྱོད་མངོན་དུ་མཛད་དོ། །ཡུམ་ཆེན་མོ་འཕྲ་མེན་རྒྱ་མཚོ་ལ། སྲིད་པ་བདེ་ལ་བཀོད་པའི་གཏེར་འཆང་ལ། འགྲོ་བ་མ་སྟོངས་བར་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཅིང་གཏད་པའོ། །དེ་ནས་འཕྲ་མེན་རྒྱ་མཚོས། །ཁྱེའུ་མ་དྲི་ཆུ་བུ་པས་ན། གནམ་ས་གཉིས་ཀྱི་བར་ན་གནས་པའི་རིག་པ་ཅན། སྲིད་པ་བུད་མེད་རིགས་རྣམས་སོ་སོར་འབྱེད། འདི་དོན་འགྲོ་བ་ཡལ་བར་མ་གཏང་ཞིགཅེས་པའོ། །གསང་བ་གཏེར་གྱི་རྒྱུད་ལས། ཐིག་ལེ་མྱ་ངན་ལས་ཟླ་ཞིང་རྒྱུད་གཏད་པའི་ལེའུ་སྟེ་ལྔ་པའོ། །རྫོགས་སོ།། །། བོད་སྐད་དུ། མ་མོའི་ཟླ་གསང་ཞེས་བྱ་བ། དཔལ་བདེ་བ་ལྷའི་མཆོག་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དཔལ་དེ་བའི་མཆོག་ལ། འཁོར་མང་པོལི་ཚོགས་མང་པོས་བསྐོར་བ་ནི། འདི་ལྟ་སྟེ། བདུད་མོའི་ཚོགས། ཨེ་ཀ་ཙ་ཏི་དང་།