Ngb-pt-0643-vol-07-text

From Rangjung Yeshe Wiki Texts
Revision as of 10:45, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-600-699/ngb-pt-0643-text.docx.wiki to Ngb-pt-0643-vol-07-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

་༄།།སྔ་འགྱུར་རྒྱུད་འབུམ་ཕྱོགས་བསྒྲིགས་བཞུགས་སོ།།༩༽།42་58།དཔལ་བརྩེགས་བོད་ཡངག་དཔེ་ངརྙང་ཞངབ་ཝུག་ཁང་ནས་བསྒྲངགས།མང་ངརགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།རྒྱ་གར་སྐད་དུ། ཤི་ཡ་མ་ཀྲི་སྣ་ཙཀྲ་ཀེ་ཏུ་ཨུ་དར་ཤ་ཏན་ཏྲ་རྭ་ཛ། བོད་སྐད་དུ། དཔལ་གཤིན་རྗེ་ནག་པོ་འཁྲུལ་འཁོར་རྒྱལ་མཚན་མེ་ལོང་གི་རྒྱུད་ཀྱི་རྒྱལ་པོ། འཕགས་པ་འཇམ་དཔལ་ཁྲོ་བོ་འཇིགས་པ་ཅན་ལ་ཕྱག་འཚལ་ལོ། །ཐམས་ཅད་གསུམ་ལྡན་བདེ་བ་གཅིག །ཟུངས་ཐུབ་མཚན་མ་ཀུན་སྤངས་པ། །ཡོན་ཏན་མ་ལུས་ལྡན་པ་ཡི། །རྡོ་རྗེ་འཆང་ལ་ཚ་ངངངང་་ངང་ཆེ་་ང་ཆེ་ངམེཕྱག་འ ལ་ལ། །འད་སྐད་བདག་གས་བཤད་པའ་དུས་གཅག་ན། བཅམ་ལྡན་འདས་འག་མན་གྱ་གནས། དུར་ཁྲད་ ན་པ་ལྕང་ལ་ཅན་གྱ་ཕ་བྲང་ན། ཡུམ་ ན་མ་དང་གཉས་སུ་ ད་ངདེངགཤེངངངངཏེ་དེ་་ངཔའ་བྷ་ག་ལ། ་བཞན་ གས་པ་ཐམས་ཅད་ཀྱ་སྐུ་གསུང་ཐུགས་ཀྱ་བཅུད་བསྡུས་ནས། བྱན་གྱས་བརླབས་ ་བཞུགས་ས། ། ་ནས་བཅམ་ལྡན་འདས་བཙུན་མ་གསང་བའ་ཡུམ་ཆེ་ངམེ་་མེང་་དེང་ང་ངངམི་ ན་མ་དང་གཉས་སུ་ ད་པར་གྱུར་ཏ། གཡ་བ་ ད་པའ་ངང་ལ་སྙམས་པར་ཞུགས་ས། ། ་ནས་ཉད་ལས་མ་གཡས་པའ་འཁར་སྤྲུལ་པའ་སྐུ་ཡས་ ་གཡ་བ་ལས་བསླང་བའི་ཕྱིར་གསོལ་བ་བཏབ་བོ། ཡེ་ནས་མ་སྐྱེས་ཆོས་སྐུ་དག་པ་ལས། །མི་སྐྱེ་རྣམ་དག་ངང་ལས་མ་གཡོས་ཀྱང་། །རྫོགས་པའི་ཚུལ་དུ་ལོངས་སྤྱོད་སྐུར་བཞེངས་ལ། །མཉམ་པའི་་ང་ཛོངཅེང་་ངསེང་ཆེང་ཆེ་འིངརྟེངངང་ལས་འགྲ་བའ་དམ་མ ད་ཅག ། ས་བསྐུར་བས། གསང་བའ་རྩ་གཡས་ཏ། བྱང་ཆུབ་ཀྱ་ མས་རན་པ་ འ་འད་དང་མཉམ་པ་ ན་པ ་སྒྲ་བྱུང་ནས། འཇག་ ན་གྱ་ཁམས་རབ་ཏུ་གཡོས་ཏེ། འཁོར་ཐམས་ཅད་བརྒྱལ་རབ་ཏུ་བརྒྱལ་ལོ། །དེནས གཤིན རྗེའིརྒྱལ་པོ་སྤྲུལ་པའི་སྐུ་ཡིས། འཁོར་རྣམས་བརྒྱལ་བ་ལས་བསླང་བའི་ཕྱིར། བཅོམ་ལྡན་འདས་ལ་གསོལ་བ་བཏབ་བོ། །ཆོ་འཕྲུལ་འཇིགས་པར་བསྟན་པ་ངོ་མཚར་ཆེ། །སངས་རྒྱས་རྫུ་འཕྲུལ་བསམ་ཡས་དཔག་ཏུ་མེད། །འཇིག་རྟེན་ཁམས་རྣམས་འུར་འུར་ཆེམ་ཆེམ་གཡོས། །འཁོར་རྣམས་འཁམས་ནས་ལུས་ཀྱང་ས་ལ་རྡེབས། །དབུགས་དང་མ་འབྲལ་དྲན་པའི་དབང་པོ་ཉམས། །འཁོར་རྣམས་སྲོག་དང་ལྡན་པར་མརྫོད། ཅེས་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་བརྒྱལ་བ་ལས་བསླང་བའི་ཕྱིར། དབུགས་དབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྐད་ཅིག་མ་དེ་ཉིད་ལ་འཁོར་ཐམས་ཅད་བརྒྱལ་བ་ལས་ལངས་ཏེ། ལྷ་མ་སྲིན་ཕྱོགས་བཅུ་ནས་ལྷགས་པ་དེ་དག་ཐམས་ཅད་ཀྱིས། བཅོམ་ལྡན་འདས་རྡོ་རྗེ་འཆང་ལ་རང་རང་གི་སྲོག་གི་མདོངས་གསོལ་དུ་ཕུལ་ལོ། །ཀྱེ་ཧོ་བཅོམ་ལྡན་ཁྲོ་བོ་རྒྱལ། །ཁྲོས་པས་སེམས་ཅན་དྲན་པ་ཉམས། །རྫུ་འཕྲུལ་རྨད་བྱུང་ངོ་མཚར་ཆེ། །རང་དམ་སྲོག་གི་སྙིང་པོ་རྣམས། །བསྟན་པ་བསྲུང་ཕྱིར་མདོངས་གསོལ་ཕུལ། །སྲོག་གི་སྙིང་པོ་མདོངས་བཞེས་ལ། །དཀྱིལ་འཁོར་ཆེན་པོ་སྤྲུལ་པ་བགྱིད། །ཅེས་ཞུས་པས། བཅོམ་ལྡན་འདས་དགེས་པ་ཆེན་པོར་གྱུར་ཏེ། ཞི་ཁྲོ་དང་།གཤིནརྗེདང། མ་མོ་དང་། བདུད་ཕོ་མོ་དང་། སྲིན་པོ་ཕོ་མོ་དང་། རྒྱལ་པོ་དང་། གྱིང་ཕོ་མོ་དང་། བཙན་ཕོ་མོ་དང་། སྲོག་བདག་དང་། ས་བདག་ཕོ་མོ་དང་། ཀླུ་དང་། གཉན་དང་། ལྷ་མ་སྲིན་སྡེ་བརྒྱད་ཀྱི་སྲོག་གི་སྙིང་པོ་རང་དམ་ཚིག་གཅིགཏུ་དྲིལནས་བསྡུས་སོ། །དེ་ཡང་ཇི་ལྟར་བསྡུས་ཞེ་ན། ལ་ལས་ནི་བསྙེན་བསྒྲུབ་བཞིར་ཕྱེ་ནས་ཕུལ། ལ་ལས་ནི་ཡན་ལག་རྣམ་གསུམ་དུ་ཕྱེ་ནས་ཕུལ། ལལས་ནི་རྒྱུན་གྱིདྲག་སྔགས་སུ་ཕུལ། ལ་ལས་ནི་སྒྲུབ་པའི་དྲག་སྔགས་སུ་ཕུལལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྲོག་དང་ལས་ཐམས་ཅད་གཅིག་ཏུ་དྲིལ་ཏེ་དབང་དུ་བསྡུ་བའི་ཏིང་ངེ་འཛིན་ལ་ཞུགས་སོ། །ཧེ། འཁོར་ན་ལྷགས་པའིསྲོག་ཆགས་ཀུན། །ནུས་པབསྡུས་ཏེ་སྲོག་དབང་སྡུད། །དྲེགས་བའི་ཚུལ་དུ་ལས་ངོ་ལོང་། །དབང་པོ་བཀྲག་མདངས་དབང་སྒྱུར། །ཞེས་གསུངས་སོ། །སངས་རྒྱས་ཐམས་ཅདཀྱང་འཁོར་དེ་ཉིད་དུ་ལྷགས་ཏེ། སྲོག་གི་སྙིང་པོ་ཐམས་ཅད་ནུས་པདཔག་ཏུ་མེད་པའི་མཐུར་གྱིས་བརླབས་ཏེ་བསྡུས་སོ། །ལས་ཐམས་ཅད་སྦྱོར་བ་སྣ་ཚོགས་ཡི་མཐུ་དང་བཅས་པར་བྱིན་གྱིས་བརླབས་ཏེ་དབང་དུ་བསྡུས་སོ། །དེ་ཡང་ཇི་ལྟར་བསྡུས་ཞེ་ན། ཡི་གེ་གཉིས་ཀྱི་མཐའ་རུདྲིལ་ནས་སྲིད་པའི་ཁྱམས་ཁང་དག་ཏུ་བསྡུས་སོ། །དེ་ནས་འཁོར་གྱི་གཙོ་བོ་ཡ་མུ་ར་ཛས། བཅོམ་ལྡན་འདས་ལ་འཁོར་འདི་དག་ཐམས་ཅད་གདན་དང་བཅས་པའི་དཀྱིལ་འཁོར་དུ་དགོདཔ་བཤད་དུ་གསོལ་ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རང་བཞིན་འབྱུང་བའི་དཀྱིལ་འཁོར་འདི་བཤད་དོ། །དུར་ཁྲོད་ཆེན་པོ་དབེན་པ་ཡི། །གདུག་པ་ཅན་དང་ལྡེན་པ་མྲ །ལས་ལ་གྲུབ་པའི་དཀྱིལ་འཁོར་འབྱུང་། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །རང་བཞིན་གནས་པའི་དཀྱིལ་འཁོར་བརྟག །ཕྱི་ནང་སྣོད་བཅུད་དག་པ་སྲ །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་བརྟག །དེ་ཡི་ཡོན་ཏན་བསམ་མི་ཁྱབ། །ཡུམ་གྱི་བྷ་ག་ཡངས་པ་སྲ །གསང་བ་དྲོད་ཀྱི་དཀྱིལ་འཁོར་བརྟག །ལྷུན་གྲུབ་དཀྱིལ་འཁོར་འདི་ལྟ་སྟེ། །གྲུ་བཞི་རིན་ཆེན་རྒྱུ་དང་ལྡན། །ཐོད་པ་ཀེང་རུས་རྩིག་པར་ལྡན། །སྒོ་བཞི་གྲུ་ཆད་ཁྱམས་དང་འགྲམ། །རྟ་བབས་བཞི་དང་ཏྭ་ར་ཎ། །ལྷུན་པོ་བཞི་དང་ལྡན་པའི་གནས། །ནོར་བུའི་རིན་ཆེན་རྐང་རུས་ཀྱིས། །ཀ་བ་བརྒྱད་དང་དེ་བཞིན་གདུང་། །ཚངས་པའི་དྲལ་ཕྱམ་ཞིག་རུས་བཅས། །ཐོད་པ་རྒྱུ་མ་ཞིང་ཆུང་གིས། །བླ་འོག་ཐམས་ཅད་སྤྲས་པའོ། །སྟག་གཟིག་སེང་གེ་མ་ཧེ་གླང་། །ཆུ་སྲིན་གནམ་ལྕགས་སྒོ་ལ་མཛེས འདོད་ཡོན་ལྷ་མོ་དུར་ཁྲོད་རྒྱན། །ཡིད་འོང་མཆོད་པས་གང་བར་སྐྲས། །རིན་ཆེན་ཕ་གུ་ཐོད་པ་ཞིང་། །དྲ་བ་དྲ་ཕྱེད་དྲིལ་བུ་དང་། །ཞིང་ཆུང་རྒྱན་གྱིས་མཛེས་པའོ། །རྡོ་རྗེ་མེ་འོད་ཁྲག་མཚོ་གླིང་། །དབུས་ན་གྲུ་གསུམ་རྩིབས་བཞི་པ། །ཕྱི་རིམ་རྩིབས་བཅུ་སྒོ་རྩིབས་བཞི། །གཤིན་རྗེ་མ་ཧེ་ཉི་ཟླའི་གདན། །ཕྱི་ནང་ཁོར་ཡུག་དཔག་བསམ་ཡས། །དེ་ལ་གནས་པའི་རིམ་པ་ནི། །གཤེད་བདག་གཙོ་བོ་ཡབ་ཡུམ་རྣམས། །གྲུ་གསུམ་དབུས་ན་དྲག་པོའི་ཚུལ། །རྩིབས་བཞིར་གཤེད་པོ་ཡབ་ཡུམ་བཅས། །རྩིབས་བཅུར་ཕྱོགས་སྐྱོང་རྩིབས་མཆན་བདུད། །གྲུ་ཆད་རོ་ལངས་ལྕེ་སྦྱང་གནས། །ཁྱམས་ལ་ཤ་ཟ་ཕོ་མོའི་ཚོགས། །སྒོ་བཞིར་སྒོ་མ་དེ་བཞིན་གནས། །ཕྱི་ཁྱམས་ཁོར་ཡུག་སྡེ་བརྒྱད་དྲེགས། །འབུམ་ཕྲག་གཡོག་དང་ཡང་གཡོག་བཅས། །དྲུག་ཁྲི་དྲུག་སྟོང་འཁོད་པའོ། །རང་སྔགས་སྲོག་གིས་འབྲེལ་བ་ཡི། །དཀྱིལ་འཁོར་བདག་པོར་གནས་པ་ནི། །འཁོར་དུ་སྔགས་པ་ཀུན་འདུས་པའོ། །འཁོར་གྱི་ཡ་མྱ་རྭ་ཛ་ལ་སོགས་པ་ཐམས་ཅད་མགུ་བར་གྱུར་ཏེ། བཅོམ་ལྡན་འདས་ལ་ངག་མཐུན་པར་བསྟོད་དོ། །མཉམ་པའི་ངང་ལས་དྲེགས་པའི་སྐུར་བཞེངས་ནས། །གདུག་པ་ཅན་རྣམས་མ་ལུས་དབང་དུ་སྡུད། །བསྟན་པ་གནས་ཕྱིར་འཁོར་དུ་སྤྲུལ་ནས་འགྱེད། །འཁོར་ལ་བརྩེ་ཕྱིར་དབུགས་ཕྱུང་ངོ་མཚར་ཆེ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུམ་ཆེན་མོ་གསང་བའི་བྷ་ག་ལས་བཞེངས་ནས། དབུགས་དབྱུང་བའི་ཏིང་ངེ་འཛིན་ལ་བཞུགས་ཏེ། འཁོར་རྣམས་ལ་གཟིགས་ནས་དབུགས་ཕྱིར་ཕྱུང་ངོ། །འཁོར་ཐམས་ཅད་རེངས་པ་དང་བརྒྱལ་བ་ལས་ལངས་ནས། ཡང་བཅོམ་ལྡན་འདས་ལ་ངག་མཐུན་བར་གསོལ་བཏབ་བོ། །ཀྱེ་ཧོ། རྡོ་རྗེ་འཛིན་པ་ཁྲོ་བོ་རྒྱལ། །རྣམ་དག་ཆོས་སྐུ་གཉིས་མེད་མཁའ། །ཆོ་འཕྲུལ་སྣ་ཚོགས་འཇིགས་པའི་སྐུས། །ཐུགས་རྗེས་འགྲོ་བའི་དོན་མཛོད་ཅིག །སྐྱེ་འགག་དང་བྲལ་བའི་དོན་འདི་བསྟན་ཏོ། །སྐྱེ་འགྲོ་མ་ལུས་ཆོས་སྐུ་བདེ་བའི་ངང་། །ཡེ་ཤེས་ཐམས་ཅད་བདེ་བའི་ངང་ལས་རྫོགས། །འཁོར་བའི་སྐྱོན་བྲལ་བསམ་ཡས་དཔག་མེད་སྐུ། །འདུལ་བའི་དབང་གིས་སྣ་ཚོགས་ལས་གཟུགས་བསྟན། །ཞེས་གསུངས་སོ། །འཁོར་ཐམས་ཅད་མགུ་བར་གྱུར་ཏེ། བཅོམ་ལྡན་འདས་ལ་ངོ་མཚར་བརྗོད་དོ། །འགྲོ་བ་ལས་ཀྱིས་རྨོངས་པ་ལས། །གདུང་བའི་སྐུ་ཡིས་ལས་རིམ་བསྟན། །བསྟན་པ་གཉིས་མེད་མཉམ་སྦྱར་བས། །གདུག་པ་བསྒྲལ་ཐབས་ངོ་མཚར་ཆེ། །དེ་ནས་ཉིད་ཀྱི་སྤྲུལ་སྐུ་གཤིན་རྗེའི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། ཆོས་སྐུ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །འཕགས་པའི་རྒྱལ་པོ་རྡོ་རྗེ་འཆང་རྒྱལ་པོ། །འགྲོ་བའི་དོན་དུ་ཁྲོ་བོ་གཤིན་རྗེ་གཤེད། །སྐུ་གསུང་ཐུགས་ཀྱི་འཕྲིན་ལས་མཆོག་བསྡུས་པས། །མི་དགེ་མཚམས་མེད་ཉམས་པ་ཀུན་སྒྲོལ་བའི། །ལས་ཀྱི་རྒྱལ་པོ་སྦྱོར་བ་སྨིན་པའི་མཆོག །མཆོང་ཆེན་གདུག་པ་གནད་ཚུལ་དྲེགས་པ་ཡི། །ཡན་ལག་བཅུ་གཉིས་བཞི་དང་ཡང་བཞི་དང་། །གཟེར་ཐུན་ནག་པོའི་སྨོད་པ་རྒྱས་པར་མཛོད། །ཅེས་ཞུས་པ་གསན་ནས། སྙིང་པོ་བྱང་ཆུབ་སེམས་བསྡུས་ནས། །བྱིན་བརླབས་ལྡན་པས་གསང་བཅུད་བསྟན། །འཇིག་རྟེན་ཁམས་ན་འདུལ་བ་ཡི། །འགྲོ་བ་མ་ལུས་དྲེགས་པས་མྱོས། །བསྟན་པ་རིན་ཆེན་བརྒྱ་ལམ་གཅིག །སྙིང་པོ་འཕྲུལ་གྱི་སྦྱོར་བ་གཅིག །ལུས་ཀྱི་ལས་སྦྱོར་བརྒྱ་ཕྲག་བརྒྱད། །ཡན་ལག་གཉིས་བརྒྱ་སྟོང་བཅུ་དྲུག །རྩ་བའི་ལེ་གྲངས་བདུན་ཅུ་བཞི། །བསྒྲུབ་པའི་དངོས་གཞི་བཞི་དང་གཅིག །བགྲོད་པའི་རིམ་པ་དྲུག་ཕྱེད་ལྡན། །ཡན་ལག་སྔོན་དང་བཅས་པ་བཞི། །རྟེན་གྱི་སྦྱོར་བ་ལས་བཅུ་གཉིས། །འདྲེན་པ་གསང་ལམ་བཅུ་གཉིས་ལྡན། །སྒོ་དགུ་གསང་བཅུ་ཨེ་ཀའི་ཐོག །དྲག་པོའི་སྦྱོར་བ་བཞི་དང་བརྒྱ། །དབང་གི་རིམ་པ་ལྔ་དང་བཅས། །ཕྱི་ནང་གསང་བ་གསང་ཆེན་དྲིལ། །རང་བཞིན་སྤྲུལ་དང་སྒྲུབ་བྱེད་ལས། །ཡེ་ཤེས་ཡ་མ་པརྩི་ཏྲི། ལས་མཆོག་ཐབས་མཆོག་གཉིས་དང་རྩ། །དཀར་ནག་ལས་གསང་ཉིས་བརྒྱ་བཅུ། །གཤིན་རྗེ་མ་མོ་མཁའ་འགྲོ་གྱིང་། །བདུད་དང་སྲིན་པོ་ཤ་ཟ་ཀླུ། །སྨྱོ་བྱེད་རྒྱལ་པོ་དཀོར་སྲུན་གཟའ། །ས་བདག་སྡེ་བརྒྱད་སྲོག་བདག་གཉན། །རླག་བྱེད་ཆུ་སྲིན་མུ་སྟེགས་སྲི། །ལོག་འདྲེན་འབྱུང་པོ་དུར་ཁྲོད་བདག ཁྲུང་ཁྲ་བྱ་རྒོད་དུར་བྱ་འུག། ཁ་རྒོད་ལྕེ་སྤྱང་སྟག་དོམ་ཝ། ཁྱི་སྦྲུལ་བུང་བ་སྡིག་དོམ་སྦྱང་། །འཇིག་རྟེན་དྲེགས་པ་སྲོག་དབང་འཕྲོག །ཐམས་ཅད་བསྲེགས་ཤིང་ལས་ལ་མྱོས། །འཁོར་དང་ཡང་འཁོར་བཅས་པ་ཡི། །གཤིན་རྗེ་གཤེད་ཀྱི་དགེ་འདུན་ཀུན། །རྒྱུད་འདིར་བསྟན་པ་ཀུན་འབྱུང་བས། །སྦྱོར་བ་དུ་མའི་བཅའ་གཞིར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །ཁྲོ་བོ་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འགྲོ་བ་ཡོངས་སུ་བརྟག་པའི་ཏིང་ངེ་འཛིན་ལ་ཞུགས་ནས། འབྲེལ་བའི་དོན་འདི་བཤད་དོ། །བདེ་དང་རང་བཞིན་འབྲེལ་བ་ཡི། སྣོད་དང་ངང་ཚུལ་ཡུལ་དུ་བརྟག །བདེ་ལམ་གསང་སྒོ་དྲེགས་པ་ཡི། །གཏེར་སྒོ་ཡང་ཐོག་ཤ་ཟའི་སྲོག །མཚོན་ཆའི་རྒྱལ་པོ་འཁོར་ལོ་ཅན། །བརྟན་དག་གྲོལ་བ་སེམས་དཔག་མེད། །དྲི་མེད་སེམས་ཀྱི་རྒྱ་ན་ལྡན་མཆོག །འཇོམས་བྱེད་ཡ་མ་ཤ་ཟའི་ལུས། །མོས་པ་དུག་གི་སྐྲུ་གྲི་ཅན། །དབང་པོ་བརྟན་དང་རྡོ་རྗེ་མེ། །ཡ་མ་བརྟན་མ་ལུས་སྲིན་མོ། །རྡོ་རྗེ་སྙིང་པོ་སྟོབས་དཔག་མེད། །མེ་ཆུ་འབྱུང་བཞི་བརྟན་དང་འཕོ། །ལས་ཀྱིས་འདྲེན་པའི་སྲོག་ལུས་རྒྱན། །དྲེགས་པ་དབང་ཕྱུག་བདེ་བའི་གནས། །འཕོ་བ་གསུམ་གྱི་བདག་ཉིད་ཅན། །གསང་ལམ་ཡང་དག་དོན་མི་འགྱུར། །བདེ་བྱེད་ཡ་མའི་ཞིང་ཁམས་ནས། །འཇོམས་བྱེད་ཡ་མའི་ཀ་ལི་སྲོག །འདྲེན་པ་སྟོབས་ཀྱིས་ལམ་དུ་འཛུལ། །རྐྱེན་གསུམ་ལུས་གཅིག་བརྡ་ཡིས་སྦྱར། ཤེས་པ་གསུམ་བསྡུས་གཅིག་ལ་རྟེན། །དབྱེ་བ་ཡི་ནི་བཅུ་གཉིས་བརྒྱད། །རྒྱལ་མཚན་རྒྱུད་ཀྱི་འཁྲུལ་དང་བཅས། །འཕེན་པའི་སྦྱོར་བ་སྟོབས་དང་སྡུད། །རྡོ་རྗེ་སྲིན་པོའི་སྦྱོར་བ་གཅིག །འཁོར་ལོ་རིན་ཆེན་སྒྱུ་མའི་གཏེར། །དབང་ཆེན་བྲན་དང་ལས་དབང་གཡོག །མུན་ཁང་མཚོ་གླིང་ཡ་མའི་གནས། །ནམ་མཁའ་རྒྱལ་པོ་ཁམས་དང་ཆུ། །ལོ་ཡི་དགྲ་དང་རང་དབང་འཇོམས། །གསང་མཆོག་རླུད་ཁམས་ཡན་ལག་ལུས། །གཅོད་པས་མཚོན་ཆ་གཤེད་མས་ཐོགས། །མེ་ཡིས་འཇིགས་པ་ཡང་དག་བསྐྱེད། །ལས་ཀྱི་སྤྲོད་པའི་སྙིང་པོ་ས། །དོན་དང་ལྡན་པའི་ལས་སྦྱངས་ལ། །ལས་ཆེན་ཐིག་ལེ་ནམ་མཁའི་ཁམས། །རིག་པའི་ཕྱག་རྒྱ་ཆེན་པོ་སྟོབས། །སྙིང་པོ་གསུམ་ལ་ཡང་དག་སྡུད། ཁམས་ལྔ་དབྱིངས་སུ་བདེ་བའི་བཅུད། །སངས་རྒྱས་ཀུན་བདག་ལྔ་ཡི་ངང་། །ལྔ་ཉིད་སྟོབས་བདག་རང་གནས་མཆོག །གསང་བའི་རིག་ཅན་རིན་ཆེན་མརྫོད། །མཆོག་གི་ལས་དང་སྦྱོར་བའི་གནས། །འཁོར་ལོ་རྒྱལ་པོ་བདེ་བའི་གནས། །འཕྲུལ་གྱི་རྒྱལ་པོ་གསང་བའི་གཏེར། །གསང་བ་དབང་གི་རང་རྒྱས་གདབ། །མི་མཐུན་ལུས་ལ་གནོན་བྱེད་གདོན། །དུས་དང་ལེན་པའི་ཁམས་སུ་སྦྱར། །ཡུལ་དང་དབང་པོ་སྐྱེ་མཆེད་ཡུལ། །དབབ་པའི་སྦྱོར་བ་གཅིག་དང་བཅས། །གཤིན་རྗེ་ནག་པོ་བདུད་དང་གཤེད། །རང་ལུས་ཕྱག་རྒྱའི་སྟོབས་དང་ལྡན། །ཆེ་བའི་ཕྱག་རྒྱ་དྲེགས་པ་ཁོལ། །ཟིལ་གནོན་ཕྱག་རྒྱས་ཀུན་དབང་སྡུད། །ལས་ཀྱི་ཕྱག་རྒྱས་དབང་རིག་བརྩེགས། ཁམས་གསུམ་འཁོར་བའི་སེམས་ཅན་ཀུན། །དུག་ལྔའི་ནད་ཀྱིས་གདུངས་ཤིང་འཁྱམས། །དེ་ལ་སྔགས་ཀྱི་དམོད་པ་དབབ། །ལུས་ལ་བརྣག་པའི་སྡིག་པ་བཞུགས། །གསུམ་བསྡུས་དྲིལ་ལ་ཡུལ་དབང་དབྲོག །ལས་ཀྱི་ཁོལ་བའི་ལས་ལ་མངག །ལམ་སྦྱངས་ཡུལ་བགྲོད་གནས་དང་སྦྱར། །ཕྱག་རྒྱའི་ལུས་ལ་གསུམ་གྱིས་རླབ། །སྐུ་གསུང་ཐུགས་ཀྱི་བདེ་གནས་སུ། །ཆོས་སྐུའི་འོད་ཟེར་འབར་བཅས་འཁྱིལ། །འཕྲོ་འདུ་དང་བཅས་རང་དབང་སྒྱུར། །དྲི་མ་གསུམ་དང་དྲུག་ལས་སྨིན། །ནུས་པའི་སྟོབས་ཀྱིས་དབང་པོ་སྡུད། །གཅིག་གི་ཁམས་དང་ཐམས་ཅད་སྦྱར། །འདུ་བ་ནད་ཀྱི་ལུས་ལ་སྨིན། །བྷ་ག་བདེ་བའི་ཕོ་བྲང་དུ། །བྱང་ཆུབ་འཁོར་བའི་ལམ་སྦྱངས་ནས། །བདེ་བ་ཆེན་པོའི་གནས་ཕབ་ལ། །སེམས་དང་དྲི་མ་གཉིས་བསྡུས་ལ། །ས་བོན་དག་པ་དབྱིངས་སུ་འཕངས། །བདེ་བ་དང་བཅས་གནས་སུ་འཁྱིལ། །སྔགས་དང་མཆོག་ལ་གཟི་བྱིན་འབར། །ཞིང་ཁམས་ཀུན་སྤྲོས་སྦྱང་བགྲོད་བསྡུ། །ཉི་མའི་དཀྱིལ་འཁོར་བདེ་གནས་སྤྲོ། །འབར་བའི་འཁོར་ལོ་འོད་འབར་གང་། །ཡེ་ཤེས་འཁོར་ལོ་ཐིག་ལེར་འཁྱིལ། །འཁོར་ལོ་ཁྲོ་ཆུང་སྟོང་དཔག་མེད། །དཀྲུགས་པས་ཕྱག་རྒྱ་གཞན་དབང་བསྒྱུར། །ལུས་བཅ་དངས་མ་སེམས་དང་བྲལ། །ཕོ་བྲང་སྒོ་རུ་བརྟེན་གཞི་དཔྲལ། །དབུས་ཀྱི་ཕོ་བྲང་ཨེ་ལ་བསྡུ། །རྡོ་རྗེ་སྙིང་པོ་བརྡ་ཡི་དཀྲུག །བདེ་ལམ་བདེ་གནས་དགུ་ཐོག་དང་། །གསང་ལམ་རྡོ་རྗེ་བགྲོད་ལ་འཕང་། །ཚུལ་གསུམ་སྦྱོར་བ་བཞི་དང་ལྡན། །སྟོབས་བཞི་ཡན་ལག་བཞི་དང་བཅས། །བེ་བག་ཏ་ཡི་ཁུ་བ་དང་། །རྡོ་ཡི་མཚོ་གླིང་གང་འཕངས་དང་། །བདེ་བ་གསང་མཆོག་རྒྱན་ལམ་བསྐྱེད། །ཡ་མ་ཀ་ལིའི་ཞིང་ཁམས་ནས། །ཡ་མ་རསྒ་འབར་བའི་ཚོགས། །དབང་པོ་སྙིགས་མ་ཡུལ་ལ་རོལ། །དྭངས་མའི་སྲོག་མདངས་བདེ་གནས་གསལ། །སྙིགས་མ་ཐོད་པར་བདེ་གནས་༄།།གསལ།ཁམས་གསུམ་བདེ་བའི་ཡུལ་དང་སྤྲད།།དོན་གསུམ་ཐབས་ཀྱངས་གྲོལ་བར་་ད།།རྒྱལ་མགོ་མེ་ལོང་གི་རྒྱུད་ལས།།བརྡ་གསུམ་ཐབས་ཀྱང་ལེའུ་སྟེ་གཉིས་པའོ།།།།དེ་ནས་བཅོམ་ལྡན་འདས་ཀྱངས་བདེ་བའི་ཝོར་ལོ་བགྲོད་པའི་ཐབས་འདི་་ད་དོ།།རིག་པའི་ཝོར་ལོ་འདི་ལྟ་སྟེ།།བདེ་བའི་ཝོར་ལོ་ཡ་་ཤེས་ཅན།།ཝལ་བྱེད་ཙིསྟའི་ཝོར་ལོར་བཅ།མྱོས་པ་བརྟེན་དང་དཔྲལ་བ་ཉིད།།སྲོག་གི་དབང་པོ་ཀུན་བསྡུས་ལ།།ཚེ་གནས་རྡོ་རྗེའི་ལམ་དུ་སྦྱང་།།དབང་པོ་རྡོ་རྗེ་ཡུལ་ལ་བསྟིམ།།སྲོག་གི་རྡོ་རྗེ་དབང་བསྡུས་ལ།།རྡོ་རྗེ་སྲིན་པོའི་སྟོབས་ལ་བསྟིམ།།ཉི་མའི་རྡོ་རྗེ་ལས་དབང་༄ག།ཚེ་གནས་སྲོག་རྟེན་རྡོ་རྗེ་འཇོམས།།གཉངས་ལྡན་རྡོ་རྗེ་བརྡ་ཡངས་དབྱེ།།དོན་གྱང་རྡོ་རྗེ་ཕྱག་རྒྱའི་སྐུ།།དབང་པོ་མཆོག་གི་རྡོ་རྗེར་ལུར།།དོན་ལྡན་རིག་པའི་མོ་སྐུའི་ཀློང་།།རྡོ་རྗེ་རྒྱལ་པོ་བཅུད་ལ་དབབ།།རང་གནས་ཚེ་ཡང་ལམ་ལ་གཟུང་།།འཇོག་པོ་བདེ་ལམ་གྱ་ན་བཟློག་འཕང་།།ཡུལ་གྱང་དམིགས་པར་རང་བཟུང་།།ཐ༷་ཐུ་ཐུ་ཐུ་་་་ཝ་ན་ཀྲུའུ་ཐ་༷་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།་།་་་༷་༷་་་་་་་་་་་་་་་་༷་་་་་་།་་།༷་་་་་་་་་་་་་་་་་༷་༷་།་་་་་་་་་་་་་་་་༷་་་་་་་་་་་་།།་་་།ཉརྒྱབ་་་སྙེ།་་་རྒྱུ་ཛི་༑་ཀླུ་་གཉན་ས་བདེག་གསུརྨེ་ལ་གཏད། ས་བྷའི་སྦྱར་བ་ཚུལ་གསུམ། འཕྲུལ་གྱི་འཁྲུལ་མིག་སྐབས་ཀྱིས་སྦྱར། །ལས་ཀྱི་འཁྲུལ་འཁོར་གཉིས་དང་གཅིག །རྣལ་འབྱོར་ཅན་ལ་གནས་བྱའི་ཕྱིར། །འཁྲུལ་མིག་དྲག་པོའི་འཁྲུལ་འཁོར་གྱིས། ཁུ་དང་ཚད་དང་གཟེར་དང་གནད། །བསྙེན་དང་བསྒྲུབ་དང་ལས་དང་གཟེར། །དུས་དང་གནས་དང་རྫས་དང་ཐབས། །ཕྱོགས་དང་བླང་དང་རྒོད་དང་འཕོ། །ལྷོག་དང་འཁྱམ་འབྲལ་གཅོད་དང་ལྡོག །རྫས་དང་གནས་དང་རྒྱུ་དང་མཐུན། རྣལ་བཟློག་དཀྲུག་སྤོགས་གཟིར་མནན་བླང་། །ལས་དང་དངོས་གྲུབ་ཐུན་མོང་མཆོག །ལུས་དང་ཡན་ལག་ཐབས་དང་གནད། །བདེ་བ་སྨིན་བྱེད་དབང་བསྡུ་འཕང་། །སངས་རྒྱས་ཀུན་མཉམ་མཐུ་སྟོབས་བདག །རིན་ཆེན་རྡོ་རྗེ་སོ་མ་ཏ། །ཨུཏུལ་ལྗོན་ཤིང་མྱུ་གུ་འབྲུ། །མེ་ཏོག་མདོག་ལྡན་བཅུད་བུང་བ། །རྩི་ཐོག་མ་སྦྱར་ལེན་དང་འ་། །རྩ་བ་དབང་གིས་བགྲོད་པའི་མཆོག །མདངས་བཅས་གྲོལ་བ་ཐམས་ལྡན་བླང་། །བཅུ་དྲུག་བསྐྱང་པ་བཞི་ལྡན་གཅིག །མཚོན་ཆའི་འཁོར་ལོ་བདེ་དབང་སྒྱུར། །འབིགས་དང་གཅོད་ལ་སོགས་པའི་ལས། །བསྲུང་དང་སྐྱོབ་པ་ཀུན་བྱེད་པ། །འཕྲུལ་མིག་དྲག་པོའི་གཉིས་དབང་གཅིག །འཁོར་ ལོ་མི་ འགྱུར་བརྟན་པ་ ཡི། །ཕྱག་རྒྱ་རྡོ་ རྗེ་སྔགས་ ཀྱི་ གཟེར། །མཚོན་ཆའི་ལོ་མ་སྐྲུ་ གྲིའི་གནད། །འཔྲུལ་གྱི་ འཁོར་ལོ་ གསང་ཆེན་ ཐབས། །གཉིས་མེད་མཐུན་ པའི་ལས་ཉིད་ལས། །འཁོར་ལོ་ཆོས་སྐུ་ཕྱག་རྒྱར་གསལ། །ཟླ་ཤར་འཁོར་ལོ་གདན་དང་བརྗིད། །ཉི་མའི་འཁོར་ལོ་འོད་སྟོང་འབར། །སྦྱོར་བའི་འཁོར་ལོ་དུ་མ་འཕྲོ། །མཚོན་ཆའི་འཁོར་ལོ་རྩ་ལམ་གཅོད། །སྔགས་ཀྱི་འཁོར་ལོ་སྲོག་ཅིང་སྡུད། །ཏིང་འཛིན་འཁོར་ལོ་བསྐུལ་གྱིན་འབྱེད། །རྡོ་རྗེ་འཁོར་ལོ་བདེ་མཆོག་གསལ། །གསང་བའི་འཁོར་ལོས་གསང་བཅུད་ལེན། །སེམས་དཔའི་འཁོར་ལོས་རང་དབང་འབེབས། ཁུགས་ཀྱི་འཁོར་ལོས་རྩ་དང་ལྡན། །བག་ཆགས་འཁོར་ལོས་རྟེན་ལ་བསྡུས། །བརྣག་པ་འཁོར་ལོ་ལྟོ་བར་གཞུག །འབྱུང་བའི་འཁོར་ལོ་སྟོབས་ཀྱིས་མནན། །གཉིས་ལྡན་འཁོར་ལོ་གཅིག་གི་ངང་། །བསྐུལ་བའི་འཁོར་ལོ་གཡོ་ཞིང་འཕར། །དམིགས་པའི་འཁོར་ལོ་བདེ་བས་གང་། །བཅུད་ཀྱི་འཁོར་ལོ་སྡུད་ཅིང་འཕེལ། །བདེ་བའི་འཁོར་ལོ་རྩ་ལམ་རྒྱུད། །གསང་བའི་འཁོར་ལོ་བདེ་བས་གང་། །ས་བོན་འཁོར་ལོ་ལས་ཀྱིས་འབབ། །འཁོར་ལོ་སྒྲ་དང་བཅས་ནས་འཁྲིལ། །འོད་ཟེར་འཁོར་ལོ་ཕྱག་རྒྱར་འབར། །ཐུགས་ཀྱི་སྦྱོར་བ་བསམ་ཡས་མཆོག ཆོས་སྐུ་ཕྱག་རྒྱ་འོད་ལྡན་གསལ། །འཁོར་ལོ་གནས་སུ་འཁོར་ལོ་བཅའ། །གསང་བ་ཚེ་ཡི་འཁོར་ལོར་འབར། །ཐབས་དང་ཤེས་རབ་གཉིས་ལྡན་པ། །ལས་ཀྱི་འཁོརལོསརཔ། །གཤིནརྗེནགཔོ་འཇོམས་པ་ཡི། །བདེ་ལྡན་འཁོར་ལོ་བརྩེགས་པ་ཡི། །ཕོ་བྲང་གནས་དང་སྦྱར་བའི་ལུས། །ཞི་བའི་གནས་སུ་ལས་སུ་སྦྱར། །གཉིས་མེད་སྦྱོར་བའི་འཁོར་ལོར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །གསང་བ་འཁོར་ལོ་ལྟ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རང་རྒྱུད་ཐིག་ལེའི་མཆོད་པ་འདི་བཤད་དོ། །དེ་ཡི་སྦྱོར་བ་བགྲོད་པའི་མཆོག །བདེ་བ་བརྒྱན་གྱི་མཆོད་པ་དང་། །ཡིད་འཕྲོག་ཀླུ་ཡི་དབང་ཕྱུག་རྩལ། །ཐབས་དང་ཤེས་རབ་གཉིས་མེད་པའི། །ལས་ཆེན་སྦྱོར་བའི་ཡུལ་དབང་སྦྱོར། །ཏིང་འཛིན་ཤུགས་འགྲོ་རྒྱུན་དང་སྒྱུར། །བྱིན་བརླབས་མཆོག་ལྡན་མཆོད་པའི་མཆོག །རིག་པ་རང་དབང་རྒྱུན་མི་འཆད། །གཡས་ནས་བདེ་ལམ་སྐུ་ལ་དབབ། །ཚངས་པའི་གནས་སུ་མཆོད་རྒྱུན་འཁྱིལ། །བདེ་ཆེན་མཆོད་རྒྱུན་ལྷུན་མཉམ་གསལ། །སྔགས་ཀྱི་སྟོབས་ཀྱིས་རླུད་བསྐུལ་ལ། །དྲོད་ཀྱི་དབང་པོ་རྩ་ལམ་བཞུ། །རྐྱེན་དང་ལྡན་པས་མཆོད་རྒྱུན་འབེབས། །གཡས་ནས་བསྐུལ་ནས་གཡོན་ནས་འབེབས། །རཀྟ་ཆགས་པའི་མཆོད་པ་ཡིན། །གཡོན་ནས་བསྐུལ་ནས་གཡས་ནས་འབེབས། །འགུ་བིན་ཏྲི་ཡི་མཆོད་པ་ཡིན། །གཡས་གཡོན་གཉིས་ནས་བསྐུལ་ནས་སུ། །དབུ་མའི་ཐིག་ལེ་རྒྱུན་ཤར་པས། །བྱང་ཆུབ་སེམས་ཀྱི་མཆོད་པ་ཡིན། །རྩ་གསུམ་བསྐུལ་ནས་གང་ཞིང་འབར། །སྣ་ཚོགས་བ་ལི་མཆོད་པ་ཡིན། །རྩ་རྣམས་བདེ་བས་མཛེས་གང་བ། །མེ་ཏོག་རྒྱན་གྱི་མཆོད་པ་ཡིན། །ཡེ་ཤེས་རང་གནས་འོད་གསལ་བ། །སྣང་གསལ་འོད་འབར་མཆོད་པ་ཡིན། །ཐམས་ཅད་གཉིས་མེད་རོ་མཉམ་གཅིག །ཀུན་ཏུ་བཟང་མོའི་མཆོད་པ་ཡིན། །ཡེ་ཤེས་ཐིག་ལེ་གཅིག་ཏུ་འཁྱིལ། །སྦྱོར་བ་དབང་གི་མཆོད་པ་ཡིན། །ཤེས་པ་གཉིས་ཟིན་རྟོག་བྲལ་བ། །སྟོབས་ཆེན་ཤུགས་སྒྲོལ་མཆོད་པ་ཡིན། །རྡོ་རྗེ་འོད་ལྡན་ཕྱག་རྒྱ་ཡི། །ཡེ་ཤེས་ཆེན་པོ་རང་ཉམས་གསལ། །རང་གནས་ཐིག་ལེའི་མཆོད་པ་ཡིན། །ལྔ་རྫོགས་བདེ་བ་གཅིག་ཏུ་འཁྱིལ། །ལྷུན་གྱིས་གྲུབ་པའི་མཆོད་པ་ཡིན། །བདག་དབང་རྡོ་རྗེ་བསྟན་པའི་སྐུ། །རང་འབྱུང་ལྔ་དང་མཛེས་པའི་རོ། །འཆི་མེད་བདུད་རྩིའི་མཆོད་པ་ཡིན། །མཚན་མ་མི་གནས་དབྱིངས་སུ་ཐིམ། །གཉིས་སུ་མེད་པའི་མཆོད་པ་ཡིན། །མཆོད་རྒྱུན་དོན་ལྡན་བགྲོད་པའི་མཆོག །བདག་ཉིད་བདག་ལ་རོལ་ཞིང་མཆོད། །ཚངས་པ་གསེར་གྱི་སྒོ་གཉིས་ནས། །ཡེ་ཤེས་ཉི་མའི་ཐིག་ལེ་དགུག །ཕྱག་རྒྱའི་ལུས་ལ་བསྟིམ་ཞིང་མནན། །གང་ཡིན་དབང་པོ་ལེགས་སྒོར་གཞུག །སྒོ་གཉིས་རྩལ་སྦྱངས་ཐིག་ལེར་བསྟིམ། །ཡ་དང་མ་ལས་དྭངས་མ་བསྡུ། །ཡ་ཚོགས་བརྒྱད་དང་ལྔ་དྲུག་གཉིས། །སྟོབས་གསུམ་རྡོ་རྗེའི་ལམ་བགྲོད་ནས། །ཡང་དག་བདེ་བའི་གནས་སུ་སྤྲོ། །བདེ་བས་གང་ན་ཤེས་རབ་བསྐྱོད། །གཉིས་མེད་ཕྱག་རྒྱའི་རང་དབང་གསལ། །རྒྱུན་དང་བདེ་བའི་མཆོད་པ་རོལ། །རྡོ་རྗེ་རྒྱལ་པོར་བསྐྱོད་པ་ཡི། །ཐྲི་པརྩི་དེ་བ་ཡི། དེ་བ་གུ་རྒྱའི་ར་ཛ་ཡ། བསྟན་པའི་ཐིག་ལེའི་བཟླས་པ་བྱ། །བདེ་བ་ཆེན་པོའི་སྐུ་ལ་གསལ། །ཉོན་མོངས་བདེ་བ་རང་གནས་འབར། །སྒྲོལ་བ་ཡེ་ཤེས་རང་འབར་བཅས། །སྦྱོར་བ་སྒྲ་ཡི་ཐིག་ལེར་དབབ། །གཤིན་རྗེའི་སྐུ་ཡི་དབྱིངས་སུ་ཐིམ། །ངམ་གླིང་དགུ་འདུས་རྡོ་རྗེའི་རྩེ། །བྷ་ག་བརྩེགས་པའི་ཕོ་བྲང་དུ། །འབྲུ་ཡི་དྭངས་མ་དྲིལ་བསྡུས་ལ། །ཕྱག་རྒྱ་ཆེན་པོ་བསྟན་པར་བཟུང་། །བྱིན་དབབ་རྡོ་རྗེ་ངང་གིས་རྫོགས། །སྦྱོར་བ་དུ་མ་སྐབས་ཀྱིས་བརྩམ། །གང་འདོད་ལས་ལ་ཐོག་མེད་འཇུག ཐུན་མོང་མཆོག་གི་དགོངས་པར་ལྡན། །གསང་བའི་ཕྱག་རྒྱ་བགྲོད་པར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། གསང་བ་ཐིག་ལེ་ལྟ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་བོ་བསྙེན་པའི་གླེང་གཞི་འདི་བཤད་དོ། །ཡེ་ཤེས་བསྙེན་པའི་སྦྱོར་བ་ལ། །བགྲོད་པའི་རིམ་པས་སྔོན་འགྲོ་བརྩམ། །ཞི་བའི་ཏིང་འཛིན་སྦྱོར་བ་ལས། །ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད། །མྱོས་པར་བྱེད་པའི་ལུས་ལ་གདོན། །འཁོར་ལོ་བརྒྱ་ཕྲག་སྦྱོར་བ་གཅིག །རིམ་པ་དུ་མ་ལས་ཀྱི་གནད། །ཡན་ལག་རྒྱན་གྱི་འཁོར་ལོ་གསུམ། །རྡོ་རྗེ་སྲིན་པོ་ལས་མོན་གཤེད། །ཁྲོ་བོ་རྒྱལ་པོ་ཡང་དག་གཟུང་། །དབང་གི་གནས་སུ་ཕྱག་རྒྱ་འབར། །གཟུགས་བརྙན་འཁོར་ལོའི་སྦྱོར་བ་ནི། །ཟུར་བརྒྱད་མུ་ཁྱུད་ཆུན་འཁོར་ཅན། །འབར་བའི་གཟུགས་བརྙན་རྫོགས་པར་བྱ། །དུར་ཁྲོད་རྟེན་བཅས་ཕོ་བྲང་མཆོགདབུས་མཐིང་ཟླ་ཁམ་བཞི་འཁོར་ལོ། །གྲུ་ཆད་མཚོ་གླིང་ངམ་གླིང་ཁྲག །སྒོ་ཁྱུད་སྒོ་བཞི་འཁོར་ལོར་བཅས། །རྡོ་རྗེ་ཐོད་འཕྲེང་མེ་རི་འབར། །གནས་ཀྱི་འཁོར་ལོ་བཅུ་བཞི་སྟེ། །དཀྱིལ་འཁོར་གྲུ་བཞི་བཞི་ལྡན་བྱ། །བམ་ཆེན་མ་ཧེ་ཉི་ཟླའི་གདན། །བླ་རེ་ཞིང་རྒྱན་ཐོད་སྤྲུལ་བཅས། །འཕྲེང་བ་གཡེར་ཁ་དྲ་ཕྱེད་བརྒྱན། །འདོད་ཡོན་ལྷ་མོ་དོན་ཁྲག་བམ། །མུ་ཁྱུད་འཁོར་ལོ་འགྲམ་བཞིར་ལྡན། །འཁོར་ལོ་རྩིབས་བཅུ་བཞི་དང་ལྡན། །བར་ཁྱམས་དུར་ཁྲོད་བམ་ཆེན་སྤྲུལ། །ཕྱི་རིམ་ཡི་དྭགས་གཟུགས་བརྙན་དགོད། །ཞིང་དང་ཞིང་ཆུང་ཀེང་རུས་བརྒྱན། །དབུས་ལ་སོགས་པ་སོགས་རིམ་བཞིན། །དེ་ལ་གནས་པའི་རིམ་པ་ནི། །གཤེད་བདག་གཙོ་བོ་ཡབ་ཡུམ་དང་། །གཤེད་བདག་ཕོ་མོ་བཞི་ལྡན་བཅས། །མུ་ཁྱུད་དང་པོར་དགོད་པར་བྱ། །གཉིས་པ་འཁོར་ལོའི་རིམ་པ་ནི། །ཕྱོགས་སྐྱོང་ཡབ་ཡུམ་བཅས་པ་དགོད། །བར་དུ་གཤེད་ཀྱི་བདུད་རྣམས་ཀྱང་། །གོ་ནས་འདུས་པའི་ཚུལ་དུ་བྱ། །མུ་ཁྱུད་སྒོ་ཡི་འཁོར་ལོ་ལ། །ཡ་མ་བརྟན་མ་ལ་སོགས་དགོད། །བར་ཁྱམས་གྲུ་ཆད་སྣམ་བུ་ལ། །ལས་ཀྱི་ཡ་མ་དྲུག་སྟོང་གནས། །རྟེན་བཞི་གནས་ཀྱི་དང་པོ་ལ། །རྟེན་མ་ལྷ་ཡི་འཁོར་ལོ་བརྟན། །ཡེ་ཤེས་བྱིན་བརླབས་སྟོབས་ལྡན་བྱ། །རྗེས་སུ་མཐུན་པའི་ཆོ་གར་ལྡན། །རྟེན་རྫས་གཉིས་དང་མཆོད་རྫས་དགྲམ། རྒྱན་རྫས་རོལ་རྫས་གཏོར་མ་ཁྲག །བདག་ཉིད་གཙོ་བོ་ཕྱག་རྒྱའི་སྐུ། །ཐུགས་ཁར་ཉི་ཟླའི་སྙིང་པོ་སྔགས། །རང་ཉམས་འོད་འབར་སྙིང་པོ་གསལ། །སྐད་ཅིག་སྔགས་དང་འོད་ལ་གསལ། །མི་གཡོ་བརྟན་པའི་ཤུགས་ཀྱིས་དྲངས། །འཕྲོ་འདུ་སྦྱོར་བས་གཟི་མདངས་བསྡུ། །བདེ་བའི་དུམ་བུ་སེམས་ལས་བླངས། །སེམས་ཀྱི་རྡོ་རྗེ་བསྟན་ཐོབ་ནས། །ཡེ་ཤེས་ཕྱག་རྒྱ་དྲོད་ལ་དབབ། །སྙིང་པོ་ཤུགས་དང་ངང་གིས་དྲངས། །ཉི་མ་རྡོ་རྗེ་ཆུ་རླུད་དང་། །པདྨ་རིན་ཆེན་སོ་མ་ཏ། །ནམ་མཁའ་འཁོར་ལོ་གསལ་དང་བཅས། །དུར་ཁྲོད་རྟེན་དང་གཞལ་ཡས་བཅུད། །སྙིང་པོ་གསུམ་གྱི་བརྡ་དང་སྦྱར། །ཕྱི་ནང་གསང་བའི་དྲོད་གཟུང་ལ། །གྲོད་མའི་ཚད་མས་བརྟགས་ལ་དབབ། །ཕྱི་ནང་གསང་བའི་དྲོད་རྙེད་ནས། །ལས་ཀྱི་ཡ་མའི་བསྙེན་པ་བྱ། །ལུས་ཀྱི་འཁོར་ལོ་བརྟེན་བྱས་ལ། །ཁྲོ་བོ་དཀའ་ཐུབ་ལྡན་པ་ཡིས། །དུར་ཁྲོད་གཉན་རར་ཡ་ཚོགས་བཟླས། །སྣ་ཚོགས་མེ་རླུད་འཁོར་ལོ་ཅན། །འབུམ་ཕྲག་བཀུག་ལ་ལས་སྔགས་བཟླས། །ཞག་གསུམ་ཡ་མ་དབང་དུ་བསྡུ། །ཡ་མ་ཀ་ལིའི་བསྙེན་པར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །བསྙེན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གཤིན་རྗེ་གཤེད་ཀྱིས་བསད་ པའི་ འཁོར་ལོ་རྒྱས་ པར་བཤད་དོ། །དངོས་གྲུབ་གཉིས་དང་བདེ་ ལྡན་ན། །དྲག་པོ་ལས་ ཀྱི་སྦྱོར་བ་བརྩམས། །དུར་ཁྲོད་ གཉན་ས་ གདུག་ པ་སྲ །བརྣག་ པ་ཐུན་ དང་ འཁོར་ལོ་རྫས། །མཐིང་ནག་དོང་བཅས་གྲུ་གསུམ་རྩང་། །ལིང་ག་རྒྱུ་རྐྱེན་དྲུག་ལས་མིང་། །དོང་གཞུག་མཚོན་ཆའི་འཁོར་ལོ་བཅའ། །དུར་ཁྲོད་གནས་ན་དཔའ་བོ་ཡིས། །ཀ་ལ་ཀ་བ་མ་ནིང་ཏོག །གོས་སུ་བཅས་པའི་རྒྱུ་བླངས་ལ། །དུར་ཁྲོད་རས་ལ་བམ་ཆེན་གྱི། །རྨེ་བ་ལྔ་ཡི་ཐང་མ་བྱ། །ནི་ར་སུ་ཡི་ཐལ་བ་ཡིས། །མཐའ་མ་རྒྱ་དང་སྐྱ་བཅད་བྱ། །མཆོག་ཕྲན་རྐང་གིས་པིར་བྱས་ལ། །བམ་ཆེན་དོན་གྱི་ཁྲག་རྣམས་ཀྱིས། །གཅོད་པའི་འཁོར་ལོས་རྗེས་མཐུན་བྲི། །གཅོད་པའི་འཁོར་ལོ་ངར་དང་བཅས། །རྡོ་རྗེ་འཆང་ཆེན་དྲེགས་པས་མྱོས། །ཁྲོ་རྒྱལ་ཀུན་གྱི་སྟོབས་དང་སྦྱར། །མཐུ་སྟོབས་བདག་པོ་དབང་ཕྱུག་ཆེ། །རས་ལ་རྫས་ཀྱིས་ལེགས་བྱུགས་ལ། །རྒྱལ་ལ་ཀུན་གྱི་ཐིག་ལེར་བྱ། །ཐུགས་ཀྱི་སྙིང་པོ་སྟོང་དང་སྦྱར། །དབུས་མཚམས་གྲུ་བཞི་མཉམ་བརྟགས་ལ། །ཚངས་པའི་ཐིག་བརྒྱད་རྒྱ་གྲམ་གདབ། །མུ་ཁྱུད་རིམ་པ་བཞི་ལྡན་བསྐོར། །གཉིས་པ་ཟུར་ཐིག་བཞི་ལྡན་གདབ། །མཐའ་གཉིས་བཅུ་དྲུག་བཞི་བཞིས་ལྤགས། །ཡང་ལོགས་འཕྲུལ་མིག་བཅུ་གཉིས་ལྡན། །དེ་ལ་དགོད་པའི་རིམ་པ་ནི། །དབུས་སུ་གྲུ་གསུམ་རྩིབས་བཞི་ལ། །འཁྲུལ་སྔགས་དྲག་པོ་ལྔ་དང་ལྡན། །ཕྱི་རིམ་བཅུ་གཉིས་འཁོར་ལོ་ལ། །མེ་དབལ་གཤེད་ཀྱི་འབྲུ་བཅུ་གཉིས། །དེ་དག་རྗེས་སུ་དགོད་པར་བྱ། །ཕྱི་རིམ་བཅུ་དྲུག་འཁོར་ལོ་ལ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་སྟེ། །དགོད་པ་གནས་མཐུན་ལྟོ་སྦྱར་དགོད། །ཡང་ལོགས་རྩིབས་ཆེན་ཉི་ཤུ་ལ། །གཅོད་ཅིང་རྣོན་པོའི་སྐྲུ་གྲི་དགོད། །བཅུ་དྲུག་ཉི་ཤུ་གཟེར་དང་མཚོན། །དྲག་པོ་མཐུ་སྟོབས་ཡ་ལ་བསྡུ། །འཁོར་ལོ་རྩིབས་ཆེན་བཞི་བཅུ་བརྒྱད། །སྔགས་ནི་མེ་དབལ་འཁོར་ལོས་མཚོན། །འཁོར་ལོ་མེ་དབལ་མཚོན་ཆེན་གྱིས། །ཞིང་བཅུ་མ་ལུས་གཏན་ནས་སྲེག །དེ་ཡི་ཡོན་ཏན་དཔག་མེད་པས། །བྱིན་བརླབས་མཐུ་སྟོབས་སྟེན་དཔག་མེད། །ཡེ་ཤེས་འཁོར་ལོས་བརྟན་པ་སྤྱིན། །མྱོས་པའི་རྫས་ཀྱིས་དབང་བསྐུར་བྱ། །དག་པའི་གཞི་ལས་སྣ་ཚོགས་ལས། །བརྒྱད་ལ་སོགས་པ་བསམ་དཔག་ཡས། །རྩ་བ་བཞི་ལས་ཡན་ལག་སྟོང་། །འབྱུང་བཞི་གནས་པའི་མཚོན་ཆ་ལ། །བྱིན་བརླབས་དུ་མ་སྐབས་དང་སྦྱར། །མེ་དབལ་སྔགས་དང་འཁོར་ལོ་མཚོན། །གཅོད་ཅིང་སྲེག་པ་དྲག་པོའི་ལས། །འཇོམས་བྱེད་ཡ་མའི་ཞིང་ཁམས་ནས། །འཇོམས་བྱེད་དྲག་པོ་ཞེ་སྡང་མཆོག །འབར་བ་དུག་གི་དུམ་བུ་སྡུད། །མེ་འབར་ནག་པོའི་འབྲུ་ཉིད་ལ། །སྦྱོར་བའི་རྩ་བ་འཕེལ་ཞིང་སྡུད། །དབང་སྡུད་འཁོར་ལོ་འབར་བའི་མཆོག །ཁྲག་འཐུང་འབར་བའི་ལུས་ལ་གཟུད། །དྲག་པོའི་སྟོབས་དང་མཐུ་དབང་འཕྲོག །སྔགས་དང་ཕྱག་རྒྱའི་བསྟན་པ་སྦྱིན། །མཁའ་འགྲོ་དབང་ཕྱུག་ལྟོ་བར་གཞུག །དབུས་དང་མཚམས་ཀྱི་འབུབ་གནས་སུ། །འདུད་པའི་དྲི་མ་ཀུནབསྡུས་ལ། །མ་ལུས་ཀུན་གྱི་སྡིག་པ་བསྒོ། །ཉེ་བར་གྱུར་པའི་ཡན་ལག་ཡིན། །ཞིང་བཅུ་མ་ལུས་རྟེན་ལ་བསྟིམ། །ཐུགས་རྗེས་རྒྱུན་གྱི་མཐུ་སྟོབས་ལྡན། །བསྒྲུབ་བྱ་གང་དམིགས་གཅིག་ལ་བསྡུ། །སྲོག་སྡུད་སྙིང་པོ་རྟེན་བཅས་ཡིན། །སྲོག་རྟེན་ཚེ་གནས་ཐིག་ལེར་གཞུག །མི་འགྱུར་བརྟན་པའི་ཕྱག་རྒྱ་ཡིན། །སྣ་ཚོགས་དུག་གི་ཁུ་བ་ཡིས། །འཁོར་ལོ་རྒྱལ་པོ་ངར་བླུད་བྱ། །རྟེན་འབྲེལ་སྟོབས་ཀྱི་ནུས་པ་ཡིན། །མྱོས་པར་བྱེད་པའི་རྫས་ཀྱིས་གདུག །འཁོར་བའི་ནུས་པ་ཚད་ལྡན་ཡིན། །བརྣག་པ་ཀུན་གྱི་སྙིང་པོ་མཆོག །གཅོད་པའི་འཁོར་ལོ་མེ་དབལ་ཡིན། །སྲེག་ཅིང་གཅོད་པའི་ལས་རྣམས་བྱེད། །དྭངས་མ་ཚེ་གནས་ཐིག་ལེར་གཞུག །འབྱུང་བ་བཞི་ཡི་མདངས་བསྡུས་ལ། །སྙིང་པོ་བདེ་བའི་ངད་དང་སྦྱར། །དག་པའི་ཕྱག་རྒྱ་བསྟན་པ་སྦྱིན། །ལྷག་མ་སྙིང་པོ་རྗེས་ཤུལ་ལ། ཁྲ་ཟ་སྲིན་པོ་སྟོབས་དཔག་མེད། །དེ་དོན་སྙིང་པོ་དག་པའི་བདག །འཇམ་དཔལ་ཐུགས་ཀྱི་སྙིང་པོ་འདི། །སྟོང་པའི་ཡེ་ཤེས་དབུས་ཉིད་བྱོས། །གསལ་བའི་ཡེ་ཤེས་བཞི་ལྡན་ཏེ། །ལས་དང་འབྲས་བུ་སྨིན་པའི་མཆོག །བདེ་བའི་མཚོན་ཆ་འཁོར་ལོ་ཅན། །ཡུལ་དུ་སྣང་བ་གཟུགས་བརྙན་ཡིན། །སྒྱུ་མའི་བསྟི་གནས་དབང་པོ་ཡུལ། །དེ་ལ་སྟོབས་ཀྱི་ལས་དང་འཇུག ཁམས་གསུམ་སྲེག་པའི་ཉི་མ་ཡིན། །དུག་གསུམ་གཅོད་པའི་འཁོར་ལོའོ། །འཇམ་དཔལ་ཐུགས་ཀྱི་འོད་ཟེར་གྱིས། །སྤྲུལ་པ་རང་བྱུང་ངོས་ཤར་ཞིང་། །དུས་གསུམ་རྒྱལ་བའི་བཀའ་རྒྱུད་པའི། །སྙིང་པོའི་ཐིགས་པའི་འཕྲུལ་མིག་འདི། །བཀའ་ཡི་བདུད་སྒོ་དངོས་གྲུབ་སྟེར། །མཚོན་ཆེན་འཁོར་ལོ་གཏེར་གྱི་མཆོག །ཐབས་རྣམས་ལྡན་དང་མི་ལྡན་པས། །བྱ་བ་ཀུན་གྲུབ་བརླག་པར་འགྱུར། །གང་ཞིག་དུག་གི་ཡན་ལག་ལུས། །སྨིན་ཅིང་རྐྱེན་དང་ལྡན་པ་ལས། །ཟོས་པས་འཆི་འགྱུར་གདོན་མི་ཟ། །འཕྲུལ་མིག་བཅུ་དྲུག་སྙིང་པོ་འདི། །རྔམ་པ་གཟེར་གྱི་འབྲུ་བ་་ཏེ། །བརྩམ་པ་སྐྲུ་གྲིའི་འཁོར་ལོ་བཅས། །གསང་བ་སྔགས་ཀྱི་འཕྲེང་བས་བསྐོར། །འཁྲུག་བྱེད་བདུད་ཀྱི་འཁོར་ལོར་བརྟག །ཧ་ལ་ནག་པོའི་བདུད་སྲིན་གཤེད། །གསང་སྒོ་གཉིས་ཀྱི་ལམ་ནས་བཏོན། །འབྱུང་བ་ཁམས་ཀྱི་གནས་སུ་བསྟིམ། །ཡ་མ་དྲི་ལ་སྙིང་པོ་བརྟེན། །སྲོག་རྟེན་དྭདངས་མ་གནས་སུ་བསྡུ། །ཡ་ལ་ཕབ་ལ་ཐིག་ལེར་གཞུག །ཐིག་ལེ་མི་འཀྱུར་ག་བུར་གནས། །ལྷག་མ་ཁྲག་དང་རྗེན་ཤུན་ལ། །དྲེགས་པ་ཕོ་མོས་མྱོས་ཤིང་རྔམས། །རྡོ་རྗེ་གཟེགས་མ་གཅོད་པའི་ལས། །སྲོག་ལྡན་ཁམས་གསུམ་མ་ལུས་པའི། །གཤིན་རྗེ་རྒྱལ་པོ་སྲོག་གི་གཤེད། །སྲོག་ལུས་འབྲེལ་བ་ཤར་ཉེར་བས། །གཤེད་ཤེས་བྱ་བའི་ལས་གཉེར་ཡིན། །འབྱུང་ས་བཞི་དང་རྟེན་ས་བཞི། །བླ་གནས་བཞི་འཇོམས་ཉི་མའི་ལས། །ཞིང་བཅུ་སྲེག་པའི་ཉི་མ་སྟེ། །ཡེ་ཤེས་འོད་ལྡན་བསྐུལ་བའི་རྐྱེན། །ཉོན་མོངས་ལམ་གྲོལ་ལས་ཀྱི་མཆོག །ཕྲ་མོའི་རྒྱུན་གཅོད་མཚོན་ཆའི་ལས། །དེ་བསྒྲུབ་བྱ་བ་གང་ཡིན་པ། །མཚན་ནམ་ཉི་མ་བཞི་བཞིར་བསྒྲུབ། །དེ་ཕྱིར་ཉི་མ་བཞི་ཞེས་བྱ། །ཉི་མ་ལས་ཀྱི་རིམ་པ་བཞི། །གནས་པ་བསྒྲུབ་པའི་སྲོག་རྟེན་ལ། །གནས་པའི་སྙིང་པོ་ཁམས་ཆེན་བཞི། །འབྱུང་བ་འདེགས་དང་སྤོར་བ་ལ། །ས་དང་མེ་ཡི་སྙིང་པོ་གནས། །གཡང་དང་རླན་པའི་རྩ་སྒོ་སྲ །རླུད་དང་ཆུ་ཡི་སྙིང་པོ་བརྟག །རྟེན་གསུམ་སྦུབས་ཀྱི་སྲོག་ཤིང་ལ། །རྟེན་དང་སྡུད་པའི་སྙིང་པོ་བཟུང་། །རྩ་ཕྲན་བརྒྱད་དང་འདུས་བཞི་ལ། །བཅུ་གཉིས་གཟེར་གྱི་སྙིང་པོ་གནས། །མུ་ཁྱུད་བར་གྱི་མདུད་པ་ལ། །སྙིང་གཟེར་བཞི་ཡི་དངས་མ་གནས། །རྩ་སྒོ་སྦུབས་དང་བཅས་པ་སྲ །འཁྲུག་བྱེད་ནག་མོ་སྲིན་པོའི་ལུས། །མཁའ་འགྲོ་བདུད་མོ་བརྟན་མ་ཡིན། །སྙིང་པོ་ཐིག་ལེ་གནས་སུ་འཕོ། །འཁོར་སྐྱོང་དྲེགས་པ་ཕོ་མོ་ཡི། །སྙིང་པོ་ཐིག་ལེ་གནས་སུ་འཕོ། །དེ་ཡི་སྦྱོར་བ་བསྟན་པའི་མཆོག །འཇིག་རྟེན་འདས་དང་དྲེགས་པ་ཡི། །དབུ་རུ་ཡོན་ཏན་རྫོགས་པ་གཞག །དེ་འོག་དབྱངས་ཀྱི་དང་པོ་སྟེ། །དེ་རྗེས་སྒྲ་ཡི་དང་པོ་ལ། །སུ་མུ་ནི་ཡི་གསུམ་པ་ཡིས། །དེ་ཡི་འོག་ནས་ཉེ་བར་སྦྱར། །དབྱངས་ཡིག་བཅུ་བཞི་སྟེང་ནས་བརྒྱན། །དེ་འོག་བཞི་པའི་དང་པོ་ལ། །དབྱངས་ཡིག་བཅུ་གཅིག་གིས་སྟེང་བརྒྱན། །དེ་འོག་སྒྲ་ཡི་དང་པོ་བཞག །དེ་རྗེས་དྲུག་པའི་དང་པོ་སྟེ། །དེ་འོག་ལྔ་པའི་མཐའ་མ་བཞག །དེར་རྗེས་བཞི་པའི་དང་པོ་སྟེ། །དེ་འོག་སྒྲ་ཡི་དང་པོ་བཞག །དེ་རྗེས་།་ཤའི་མཐའ་མ་སྟེ། །དེ་འོག་བཞི་པའི་མཐའ་མ་བཞག དེ་འོག་ལྔ་པའི་མཐའ་མ་བཞག དེར་རྗེས་གསུམ་པའི་གཉིས་པ་བཟུང་། །དེ་འོག་ལྔ་པའི་གསུམ་པ་ལྔ། །ཨུ་ཤའི་མཐའ་མ་འོག་ནས་བརྒྱན། །དེ་ལ་གསུམ་པའི་མཐའ་མ་མནན། །དེ་འོག་བཞི་པའི་བཞི་པ་སྟེ། །དེ་རྗེས་སྡུད་པའི་སྙིང་པོ་གསུམ། །དེ་འོག་སྐྲོད་པའི་ནག་པོ་གསུམ། །ཀ་ཡི་འཕྲེང་བ་སྐུ་ཡི་བཅུད། །སྔོན་འགྲོ་ལྷ་ཡི་གཟི་མདངས་སྡུད། །ཉི་མ་ཤར་བའི་ཚུལ་དང་ལྡན། །བསྙེན་པའི་སྐུ་ཡི་འཕྲེང་བར་བཤད། །གསལ་བ་གསུང་གི་བཅུད་བསྡུས་པ། །འབྲུ་དགུ་སྐུ་ཡི་ཐིག་ལེ་བཞིན། །དེ་རྗེས་སྒྲ་ཡི་དང་པོ་སྟེ། །དྲུག་པའི་མཐའ་མ་ཉེ་བར་བསྟེན། །དེར་རྗེས་དྲུག་པའི་གསུམ་པ་ལ། །དབྱངས་ཀྱི་ལྔ་པ་འོག་ནས་བརྒྱན། །དེ་འོག་ལྔ་པའི་དང་པོ་སྟེ། །དེ་རྗེས་གསུམ་པའི་མཐའ་མ་ལ། །དབྱངས་ཀྱི་བདུན་པས་སྟེང་ནས་བརྒྱན། །དེ་འོག་ཨུ་ཤའི་གཉིས་པ་བཞག དེ་རྗེས་སྒྲ་ཡི་གསུམ་པ་ལ། །དབྱངས་ཡིག་ལྔ་པས་འོག་ནས་བརྒྱན། །དེ་འོག་དྲུག་པའི་གསུམ་པ་ལ། །དེར་ཀྱང་དབྱངས་ཡིག་ལྔ་པས་བརྒྱན། །སྡུད་དང་སྐྲོད་པའི་ཡི་གེ་དྲུག །གསུང་གི་འཕྲེང་བ་སྡུད་པའི་མཆོག །གསལ་བའི་འཕྲེང་བ་གསུང་དུ་བཤད། །ཐུགས་ཀྱི་ཐིག་ལེ་བདེ་བའི་མཆོག །བདུད་འཇོམས་བདེན་པ་དབུ་རུ་བཞག །དེ་འོག་།་ཤའི་མཐའ་མ་ལ། །དྲུག་པའི་གསུམ་པ་འོག་ཏུ་དབུགདབྱངས་ཡིག་གསུམ་པས་སྟེང་ནས་བརྒྱན། །དེར་རྗེས་ལྔ་པའི་གསུམ་པ་ལ། །འོག་ནས་ཨུ་ཤའི་མཐའ་མས་ཕུག །དེ་བཞིན་སྟེང་ནས་དབྱངས་ཀྱི་ལྔ། །དེ་ཡི་སྒྲ་ཡི་དང་པོ་ལ། །དྲུག་པའི་གསུམ་པས་འོག་ནས་མཛེས། །དབྱངས་ཀྱི་ལྔ་པས་སྟེང་ནས་བརྒྱན། །དེར་རྗེས་གསུམ་པའི་དང་པོ་ལ། །དེ་འོག་དབྱངས་ཀྱི་དང་པོ་སྟེ། །དེ་རྗེས་གསུམ་པའི་མཐའ་མ་གཉིས། །དེ་འོག་སྡུད་པའི་ཡི་གེ་གསུམ། །སྐྲོད་པའི་འབྲུ་གསུམ་མཐའ་རུ་བརྣག །ཐིག་ལེ་ཐུགས་ཀྱི་སྙིང་པ་སྟེ། །བརྒྱ་བརྒྱ་སྤྱིར་རྒྱུ་རྐྱེན་གྱི་མཆོག །བདེ་བ་ཐུགས་ཀྱི་སྙིང་པོ་བཤད། །སྐུ་གསུང་ཐུགས་ཀྱི་ཁ་གནོན་རྡོ་རྗེ་སྟོབས་དཔག་མེད། རྡོ་རྗེ་རྒྱལ་པོ་བདེ་བའི་མཆོག །སྔོན་འགྲོ་བསྙེན་པའི་འཕྲེང་བར་བཤད། །རྩ་བ་མེ་དབལ་གཤེད་ཀྱི་འབྲུ། །དབུ་རུ་ཡོན་ཏན་རྫོགས་པར་བཞག །དེ་འོག་དྲུག་པའི་དང་པོ་སྟེན། །དེར་རྗེས་ལྔ་པའི་མཐའ་མ་སྟེ། །འོག་ཏུ་ལྔ་པའི་མཐའ་མ་ལ། །དབྱངས་ཡིག་བཅུ་གཅིག་པས་སྟེང་བརྒྱན། །དེ་རྗེས་གསུམ་པའི་དང་པོ་བཞག །དེ་འོག་ཨུ་ཤའི་གཉིས་པ་ལ། །སྒྲ་ཡི་དང་པོས་འབྲལ་བར་བསྟན། །སྟེང་ནས་བཅུ་གཅིག་དབྱངས་ཀྱིས་བརྒྱན། །དེ་ཡི་དྲུག་པའི་གསུམ་པ་བཞག །དེ་རྗེས་གཉིས་པའི་དང་པོ་བཞག །རྗེས་སུ་ཨུ་ཤའི་གསུམ་པ་སྟེ། །དེ་འོག་གསུམ་པའི་དང་པོ་ལ། །བཅུ་གསུམ་དབྱངས་ཀྱི་སྟེང་ནས་བརྒྱན། །དེ་འོག་དྲུག་པའི་གསུམ་པ་ལ། །དབྱངས་ཡིག་ལྔ་པ་འོག་ནས་བརྒྱན། །དེ་འོག་གསུམ་པའི་མཐའ་མ་བཞག །དེ་འོག་དྲུག་པའི་དང་པོ་ལ། །དབྱངས་ཡིག་བཅུ་གསུམ་སྟེང་ནས་བརྒྱན། །དེ་འོག་གསུམ་པའི་མཐའ་མ་ལ། །དབྱངས་ཡིག་གསུམ་པས་སྟེང་ནས་བརྒྱན། །དེར་རྗེས་དྲུག་པའི་ས་བོན་བཞག །དེ་འོག་དྲུག་པའི་དང་པོ་སྟེ། །དེར་རྗེས་གཉིས་པའི་དང་པོའོ། །དེ་འོག་གསུམ་པའི་མཐའ་མ་ལ། །དབྱངས་ཡིག་བཞི་བས་སྟེང་ནས་བརྒྱན། །དེ་འོག་ཨུ་ཤའི་མཐའ་མ་ལ། །དབྱངས་ཡིག་དྲུག་པའི་འོག་ནས་ཨུག །སྟེང་དུ་དྲུག་པའི་གསུམ་པས་མཛེས། །དེ་སྟེང་ལྔ་པའི་མཐའ་མས་བརྒྱན། །དེ་འོག་གཉིས་པའི་མཐའ་མ་གཉིས། །རྩ་བའི་འཁོར་ལོ་དྲིལ་བའི་བཅུད། །ལས་ཀྱི་རིམ་པ་སྣ་ཚོགས་ལས། །སྦྱར་བ་ཉིས་བརྒྱ་སྟོང་བཅུ་དྲུག ཁ་གནོན་སྦྱོར་བ་སྟོབས་དཔག་མེད། །སྤུ་གྲི་སྦྱོར་བས་གཅོད་པའི་སྔགས། །དང་པོ་ཨུ་ཤའི་མཐའ་མ་ལ། །སྟེང་འོག་དྲུག་པའི་དང་པོར་འབྲེལ། །སྟེང་དུ་དབྱངས་ཀྱི་གསུམ་པས་བརྒྱན། །དེ་འོག་ཨུ་ཤའི་དང་པོ་ལ། །འོག་ནས་ཨུ་ཤའི་མཐའ་མས་བརྒྱན། །སྟེང་དུ་དབྱངས་ཀྱི་གསུམ་པས་མཛེས། །དེ་འོག་ལྔ་པའི་དང་པོ་ལ། །འོག་ཏུ་དྲུག་པའི་དང་པོས་བརྒྱན། །དེ་འོག་ལྔ་པའི་མཐའ་མ་བཞག །དེ་འོག་དེ་ལ་དབྱངས་ལྔས་འོག །དྲུག་པའི་གསུམ་པས་དེ་ལ་འབྲེལ། །དེ་འོག་གཉིས་པའི་དང་པོ་བཞག །དེ་འོག་དྲུག་པའི་གསུམ་པ་དང་། །སྒྲ་ཡི་དང་པོ་གསུམ་པར་འབྲེལ། །དེ་རྗེས་གསུམ་པའི་དང་པོ་སྟེ། །རྗེས་སུ་གཉིས་པའི་དང་པོ་བཞག །དེ་འོག་དྲུག་པའི་གསུམ་པ་བཏགས། །དེ་འོག་ལྔ་པའི་མཐའ་མའོ། །རྗེས་སུ་དྲུག་པའི་གསུམ་པ་སྟེ། །དེ་འོག་དྲུག་པའི་དང་པོ་བཞག །དེ་འོག་བཞི་པའི་མཐའ་མ་ལ། །དབྱངས་ཀྱི་གསུམ་པས་སྟེང་དུ་བརྒྱན། །དེར་རྗེས་ཨུ་ཤའི་གཉིས་པ་སྟེ། །སྒྲ་ཡི་དང་པོའི་གསུམ་པ་ལ། །དབྱངས་ཀྱི་དྲུག་པས་འོག་ཏུ་བརྒྱན། །དེ་འོག་དྲུག་པའི་གསུམ་པ་ལ། །དབྱངས་ཡིག་ལྔ་པས་འོག་ཏུ་ཨུག །དེ་འོག་གསུམ་པའི་མཐའ་མ་ལ། །དབྱངས་ཀྱི་བཞི་པས་སྟེང་དུ་བརྒྱན། །དེ་རྗེས་ལྔ་ཡི་གསུམ་པ་ལ། །དྲུག་པའི་གསུམ་པས་སྟེང་དུ་འབྲེལ། །དེ་ལ་བཞི་པའི་གསུམ་པས་མནན། །དེ་འོག་དྲུག་པའི་དང་པོ་བཞག །སྤུ་གྲི་འཕྲེང་བ་གཅོད་པས་མཚོན། །སྲེག་ཅིང་གནོན་པའི་བྷ༷་ཡ༷་ར༷། །ཐིམ་ཞིང་སྡུད་པས་ལྷུ་ར་བྷ་སྒ །དྲག་པོས་གཅོད་ཀྟ༷་པ་ལ། །འཇོམས་པ་གསུམ་གྱིས་འཕེན་ཅིང་སྡུད། །རྩ་བའི་སྦྱོར་བ་བརྒྱད་དང་གཅིག །དྲུག་གཉིས་ཡན་ལག་སྦྱོར་བའི་མཆོག །རྣལ་བཟློག་དཀྲུག་མཆོངས་འགྲོས་སྟབས་བརྒྱད། །དུག་རྒྱུ་འབྱུང་བ་ཚད་མས་སྦྱར། །དྲུག་གཉིས་འཕོ་བ་ལས་དམིགས་བརྟག །དྲིལ་བས་འཁོར་ལོ་མཚོན་ཆེན་ཚུལ། །བརྒྱབ་པས་ཡ་ཐོགས་བདུད་ཀྱི་སྟོབས། །རིན་ཆེན་སྟོབས་ཀྱིས་ངར་བླུད་ལ། །འཁོར་ལོ་དུག་ཤིང་མེ་ལ་བདུག །རྟེན་ལ་ཡེ་ཤེས་རབ་གནས་བྱ། །འཕན་པ་སྟོབས་ཀྱི་སྦྱོར་བ་ཡིས། །བརྒྱབ་ན་འཇོམས་ཤིང་མི་འཆོར་བྱེད། །དྲག་པོ་ཟ་བྱེད་མྱོས་པའི་སྔགས། །ཧོ་བན་སྲོག་འཛིན་སྒྲོར་བ་བརྒྱད། །དུག་འཇོམས་སྲོག་འཇོམས་ཚེ་ནས་བསྟིམ། །སྤོགས་པ་རང་གཟིར་ཁུགས་དང་གསོ། །སྒོ་ཡིག་རྟེན་གཟུགས་སྒོ་གསུམ་མནན། །ཉི་མ་རྟེན་བཞི་འཁོར་ལོའི་གནས། །དེར་འཇོམས་བཅུ་དྲུག་ལས་ཀྱི་ཆད། །གསང་བ་ངག་སྦྱངས་གྲང་མེད་ལམ། །གསུམ་ནས་བགྲོད་པས་རྟེན་དགུ་འཕོ། །སྙིང་པོ་སྲོག་བདུད་བཅུད་ལ་དབབ། །སྦྱོར་བ་གཉིས་ཀྱིས་མནན་པར་བྱ། །འཕོ་ཞིང་འགྱུར་བ་མེད་པའི་གནས། །གཞན་ཡང་གདུག་པ་ནད་གཞོམ་ན། །གསང་པ་རྡོ་རྗེ་ཀུན་པོའི་སྔགས། །སེང་གེ་མཆེ་སྦྱར་སྟག་མོ་ཐོབ། །ཡེ་ཤེས་དམ་ཚིག་འཁོར་ལོ་གཉིས། །གཉེན་པོ་ཡན་ལག་གཟེར་དགུ་འཇོམས། །དེས་འཇོམས་མཐའ་རུ་གནས་པར་བྱ། །དྲག་པོ་སྟོབས་ཀྱི་སྦྱོར་བ་སྟེ། །གསད་བས་མཆོག་གི་སྦྱོར་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །ཡབ་ཀྱི་འཁོར་ལོ་གསང་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རོ་ལངས་ནག་མོའི་འཁོར་ ལོ་འདི་བཤད་དོ། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །ཡེ་ཤེསའཁོར་ལོ་གསང་བ་ཡི། །སྤོགས་པ་ལས་ཀྱི་སྦྱོར་བ་ནི། །རོ་ལངས་ནག་མོའི་འཁྲུལ་འཁོར་གྱིས། །ཡུམ་གྱི་ལས་རྣམས་འགྲུབ་པ་ལ། །བདུད་མོ་དགུག་དང་ལ་རྦད། །བསད་དང་གཟིར་གསུམ་གནད་ལ་བོར། །རོ་ཁུགས་ཤི་ས་དམ་ཚིག་བསྟན། །བྱིན་བརླབས་གསོས་ལ་འཁོར་ལོ་དཀྲུག །རྩ་བའི་འཁོར་ལོའི་སྙིང་པོ་དང་། །རོ་ལངས་ནག་མོའི་ལྟོ་དཀྲུག་བ། །བདུད་སྡེ་མ་ལུས་འདུས་པའི་མཆོག །ལས་ཀྱི་རྩ་བར་སྙིང་པོ་སྡུད། །དབྱིངས་སྡུད་ཡུམ་གྱི་འཁོར་ལོ་ལ། །དངོས་དང་སྦྱར་བའི་ལས་དང་ཚད། །འཁྲུལ་འཁོར་རིམ་པ་འདི་ལྟ་སྟེ། །ཞིང་རས་ལྤགས་ཤུན་ཁྲུ་གང་ལ། །སྦྱོར་བ་སྣ་ཚོགས་ཐང་པ་བྱ། །གསུམ་གཉིས་ཕན་ཚུན་ཆ་མཉམ་ཐིག །རྒྱ་གྲམ་མཚམས་སྦྱར་ཐིག་གཉིས་ཏེ། །རུ་ཐག་གཉིས་ཏེ་ཐིག་མདུད་བརྒྱབ། །ཐིག་མདུད་རྒྱ་གྲམ་རེ་མིག་སྐྱོང་། །སྔགས་ཀྱི་སྦྱོར་བ་བརྒྱ་དང་ལྡན། །རེ་མིག་འཁོར་ལོ་ཆ་མཉམ་བྱ། །འཁོར་ལོ་རིམ་པ་འཕྲེང་བ་རྟེན། །ཆ་མཉམ་མུ་ཁྱུད་རིམ་པ་ལྔ། །དབུས་སུ་དྲག་པའི་འཁོར་ལོ་བརྒྱད། །ལྟེ་བ་དྲག་པོའི་འབྲུ་གཅིག་སྟེ། །འཕེན་པ་ཀུན་གྱི་སྦྱོར་བ་རྟེན། །ཕྱི་རིམ་མུ་ཁྱུད་རེ་མིག་བརྒྱད། །འཁོར་ལོ་སྦྱོར་ཆེན་འཕེན་པའི་སྔགས་རྩ་བའི་ས་བོན་གཉིས་དང་ལྡན། འཁོར་ལོ་འཕེན་པ་འབྲུ་དྲུག་བརྒྱད། །ཡང་ལོགས་བཅུ་དྲུག་རིམ་པ་ལ། །འཁྲུག་བྱེད་ནག་མོའི་འཕྲེང་བ་དགོད། །མུ་ཁྱུད་བཞི་པའི་འཁོར་ལོ་ལ། །མི་འགྱུར་ཐུགས་ཀྱི་འཕྲེང་བ་དགོད། །ཕྱི་རིམ་མུ་ཁྱུད་ལྔ་པ་ལ། །སྦྱོར་བ་གསུང་གི་འཕྲེང་བ་དགོད། །རྩ་བའི་ཡི་གེལྔརབཞིནལས། །ཡབ་ཡུམ་རྗེས་སུ་མཐུན་པར་བཀོད། །མེ་དབལ་འཁོར་ལོ་རྗེས་མཐུན་ལས། །བཟློག་ལ་འབྲུ་རྣམས་དགོད་པར་བྱ། །མཚམས་བཞིའི་རེ་མིག་དེ་བཞིན་དུ། །ཡབ་ཡུམ་བདུད་ཀྱི་སྦྱོར་བའི་མིང་། །དེ་བཞིན་རིམ་པར་དགོད་པར་བྱ། །སྔགས་ཀྱི་འཕྲེང་བ་གྲལ་ལས་བཟུང་། །ཡབ་ཀྱི་འཕྲེང་བ་སྔར་བཞིན་ལས། །དང་པོར་སྟོབས་ལྡན་བྷ༷་མ་ཡ། །འུ་ཏྲི་པྲི་ཏ་འདེགས་པའི་མ། །སུ་ཏྲི་ཆགས་པར་ལྡན་པའི་རག །སྣི་དྲ་འདེགས་དང་ལྡན་པའི་མོ། །སཧ་བྷ་པྲ་ཏྲ་འབྱུང་བའི་མ། །དེ་མཐུན་ལྡན་པ་སྡུད་པའི་མ། །མུ་ལ་རྩ་བའི་འཁོར་ལོ་ལ། །འཕེན་པའི་མིང་གི་ཡི་གེ་དྲུག མི་འགྱུར་རྩ་བའི་འཁོར་ལོར་ཤར། །རྟེན་པ་སྐུ་ཡི་འཕྲེང་བ་ནི། །ཀ་སྲ་སུ་ནིར་ཀྱི་དང་དུམ། །གཉིས་པ་ཀར་མ་སཧི་ཏི་ཤ༷། །གསུམ་པ་ཀྲོ་མ་ཡ་སྙི་དུན། །བཞི་པ་ག་བུ་ལི་ཏི་མན། །ལྔ་བ་ཡ་ཀྲུན་ཙན་དྷ་རག །དྲུག་པ་དུ་ཀྲ་ཙི་ཏྲི་རག །བདུན་པ་ཕཏྲ་ཀཤར་ཡ་ཤཧ༷། །བརྒྱད་པ་ཀཤཧ་དྲུ༷་ནི་པྲ་པེ། །དགུ་པ་ཙ་ཧི་རྡོ་ཏི་ཏ། བཅུ་པ་ཤ༷་ཀ་ཡི་ཀ་ལི། བཅུ་གཅིག་པ་ར་བཛྲ་རག བཅུ་གཉིས་སྙོ་སྙོན་ཡ་མ་མོ། བཅུ་གསུམ་དྭ་ཏུ་ཏ་ཀི་ཨེ། བཅུ་བཞི་སར་སྙི་ཙི་ཏ་ཀ བཅོ་ལྔ་ཨ་ལྷུ་ཤཧི་ལྷིན་ཛུ། མཐའ་མ་ཕྲ་ཡ་ཀགྲེ་མ་ཏི། སྐུ་ཡི་སྙིང་པོ་སྦྱར་བའི་མཆོག །ཐམས་ཅད་འཇོམས་པའི་དྲིལ་འཕྲེང་འདི། །འདྲེན་པ་ཀུན་གྱི་རྩ་བར་བཤད། །འཁྲུག་བྱེད་ཙིསྟའི་འཁོར་ལོ་ནི། །དང་པོར་བ་ལན་ཏ་ནའི་སྙིང་། །གཉིས་པར་དྷ་དང་བྷ་སྙོན་ནོ། །གསུམ་པར་དྷ་པ་ར་ནན་ཤཧ༷། །བཞི་པར་ན་ཡ་སྙོ་སིན་ཙི། །ལྔ་པར་པ་ཏ་ཏེ་པིརྙ། །དྲུག་པར་ཕ་གྲམ་གྱི་ལི་རག་བདུན་པར་བྷ་བ་སྟེ་ཧ་ཏ། བརྒྱད་པར་བྷ་མཧྲུ་ལྷུ་ལ་རྡུབས། དགུ་པར་མ་ར་ཡག་རག་རོ། བཅུ་པར་ཡ་པ་ཏི་གན་ཙ། བཅུ་གཅིག་ཝ་ཡ་སོ་མེན་རམགལྭ བཅུ་གཉིས་ར་ག་དུར་ལ༷་རམགལྭ བཅུ་གསུམ་ལ་ཤ༷་དྷ་སྟི་ཙི། བཅུ་བཞི་ས་ར་མུ་རི་རོ། བཅོ་ལྔ་ཤ་མ་བེ་ཏོ་ཤན། བཅུ་དྲུག་བ་ར་བི་ཏི་ཡབྱ། ཐུགས་ཀྱི་སྙིང་པོ་སྦྱོར་བའི་མཆོག གསལ་བའི་ཡེ་ཤེས་ཀུན་གྲུབ་ལྡན། ཐུགས་ཀྱི་མི་འགྱུར་འཕྲེང་བར་བཤད། མཐའ་མ་གསུང་གི་འཕྲེང་བ་ཡང་། དང་པོར་ཨ་དང་ཁྱབ་རོ་ར༷། གཉིས་པར་ཨེ་མྱ་སྟུ་ཀྲི་ཐུམ། གསུམ་པར་ཨི་མྱ་སྙེ་ཨོ་གཟེར། བཞི་པར་ཨི་ཏ་ནུ་བིན་བཛྲ། ལྔ་པར་ཨུ་ཐ་མ་ཉག་སྙིང་། དྲུག་པར་ཨུ་དྲུམ་མུག་ཙ་ཀ བདུན་པར་རི་མོག་ཏི་ཀ་རག བརྒྱད་པར་རྭ་ཙ་མ་ག་སཧཡ་ཧྲི། དགུ་པར་རི་ལི་ལྭ༷་མུ༷་ཤི། བཅུ་པར་སྙི་སྲུ་པར་ཤོ་སྨུ། བཅུ་གཅིག་ཨེ་སཧོ་ཉ་ཀྲོ་རག བཅུ་གཉིས་ཨེ་སཧོ་པ་ར་ཤཱ། བཅུ་གསུམ་ཨོ་དྷི་དྷི་རུ་ངདྲེ། བཅུ་བཞི་ཨ༷་སཧ་སྙི་ཏུ༷། བཅོ་ལྔར་ལ༷་དུ༷་ཨོ་སྙོ་ཡམྱ༷། བཅུ་དྲུག་ཨ་ཨུད་ཡརྒྱ༷་ཤཧ༷་ལྤུད། དེ་དག་ཐུགས་ཀྱི་སྒྲོར་བ་སྟེ། ཙ་མ་ས་རི་དུ་བ་ཡིན། སྙུ་རྒྱ་རྭ་ཛའི་ཙག་ཀྲ་སྟེ། དེ་བ་ཀི་ལི་ཙཀྲའི་མཆོག །ཀུན་འབྱུང་རྩ་བའི་འཕྲེང་བར་བཤད། །གཅོད་པ་སྐྲུ་གྲིའི་འཕྲེང་བ་ཡང་། །དང་པོར་ཀྟ༷་ཀྲིད་མ་ཏི་ཡ། །གཉིས་པར་འདོམ་བྷའི་ཏ་ན་མ། །གསུམ་པར་རག་ཤ༷་ཙ་མུན་ཏེ། །བཞི་པར་ཁྲག་དུམ་ར་ཡ་མ། །ལྔ་པར་རསྒ་པྲ་བཱ་མྲ །དྲུག་པར་སྒི་ཀྲིན་ཙ་མ་ལྕུ། །བདུན་པར་ཛབཧི་སྣྲུ་སྟི་སམཧི་རྦད། །བརྒྱད་པར་ར་བ་ཤ་ན་ཡ། །འབྲུ་བརྒྱད་དྲག་པོ་ཀུན་གྱི་མཚོན། །གཅོད་པས་སྤུ་གྲིས་མཚོན་ལོ་མ། །འདི་དག་བསད་པའི་འཁོར་ལོའོ། །སྙིང་པོ་མཐའ་མ་དགོད་ཅིང་བཟུང་། །རྒྱུ་རྐྱེན་སྦྱོར་བའི་འཕྲེང་བ་ཡིས། །གཡས་གཡོན་རང་གནད་དཀྲུག་དང་བཅས། །དང་པོ་དབུས་ནས་ཐོག་དྲངས་ལ། །རྡོ་རྗེ་ཕྱོགས་ནས་སྲོག་བཟུང་སྟེ། །ཕྱ་སངས་ཡུམ་གྱི་མཚམས་སུ་བསྐྱལ། །རིན་ཆེན་ཕྱོགས་ནས་ཉེར་བཟུང་ལ། །པདྨ་རལ་གྲིའི་ཕྱོགས་མ༷ ཚམས་བཞིན། །དྲིལ་གཏོར་ཕྱེ་དང་སྦྱོར་བ་ཕྲལ། །འདི་ཡི་སྦྱོར་བ་གོང་བཞིན་ལས། །ཁྱད་པར་དྲུག་དང་བརྒྱད་བཅུ་གཉིས། །རྩ་བ་བརྒྱད་དང་ཡན་ལག་བརྒྱ། །སྦྱོར་བ་ཕྲལ་ན་དུ་མ་འབྱུང་། །མནན་པ་དྲག་པོ་ཧོ་གྱི་བྱ། །གང་སྒྲུབ་ལས་ཀྱི་མཐའ་སྡུད་ཡིན། །སྤོགས་པ་མེད་པའི་སྦྱོར་བ་མཆོག །དེ་བཞིན་ལས་ཀྱི་མཆོང་ཆེན་གདགས། །ཡེ་ཤེས་རིག་པའི་ཕོ་བྲང་བཅའ། །བདེ་བ་སྟོབས་ཀྱི་བྱིན་བརླབས་བསྟན། །ཚེ་གནས་རྡོ་རྗེའི་ལམ་དུ་གཟུང་། །དག་པའི་མཁའ་ལ་ཤུགས་ཀྱིས་འཕང་། །རིན་པོ་ཆེ་ཡི་རྒྱལ་ས་བགྲོད། །མཚོན་ཆས་བཅད་ལ་སྲོག་གཟུངས་དཔྲལ། །དབུས་མཚམས་རྟེན་ལ་ཤེས་པ་བསྡུ། །ཐོད་པ་སྙིང་པོ་བཅུད་བསྡུས་བྱ། །འབྱུང་བ་རི་རབ་རྡོ་རྗེས་མནན། །མི་འགྱུར་སྤོབས་པའི་ལས་སུ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །རོ་ལངས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རོ་ལངས་ནག་མོའི་ལས་དྲིལ་བའི་འཁོར་ལོ་འདི་བཤད་དོ། །གཤེད་བདག་གཙོ་མོའི་སྦྱོར་བ་ལས རོ་ལངས་ནག་མོའི་ཉིང་མཐུས་ཀྱིས། །བསད་པའི་སྦྱོར་བ་གཅིག་ཏུ་དྲིལ། །གཟེར་འདེབས་འཁོར་ལོ་སྦྱོར་བ་བཤད། །མ་ལུས་འཇོམས་པའི་ངང་ཚུལ་ཅན། །བདུད་མོ་གཤིན་རྗེའི་སྦྱོར་བ་སྟེ། །ཁྲོ་མོ་རྣམས་ཀྱི་སྲོག་བསྡུས་ལ། །ནག་མོའི་སྦྱོར་བ་དཔག་མེད་ལས། །གསང་བར་དྲིལ་བའི་འཁོར་ལོ་ནི། །དུར་ཁྲོད་རས་ལ་དཔའ་བོ་ཡི། །དོན་ཁྲག་རྨེ་བས་ཐང་པ་བྱ། །ཐིག་ལེ་ཕན་ཚུན་རྒྱ་གྲམ་གདབ། །རུ་ཐིག་གཉིས་ཏེ་ལེ་ཚེ་བརྒྱད། །མུ་ཁྱུད་གསུམ་བསྐོར་རིམ་གཉིས་མཉམ། །དབུས་སུ་རྩ་བའི་ས་བོན་ལ། ཁང་པ་བརྒྱད་དུ་སྐྲུ་གྲི་མཚོན། །དྲག་པོ་འབྲུ་བརྒྱད་བཀོད་པས་གཅོད། །མཚོན་ཆའི་ཁང་པ་བཅུ་གཉིས་སུ། །རྩ་བའི་དྲིལ་བའི་སྔགས་རྣམས་དགོད། །ཡ་སོགས་བཅུ་གཉིས་འཁོར་ལོ་ལ། །བསྐུལ་ཞིང་གནོན་པའི་སྙིང་པོ་དགོད། །འཕྲུལ་གྱུ་སྙིང་པོ་གསང་བའི་གཏེར། །དྲག་པོ་སྔགས་ཀྱི་འཕྲེང་བ་ནི། །དབུ་རུ་དབྱངས་ཀྱི་དབང་པོ་ལ། །དབྱངས་ཡིག་བཅུ་བཞི་སྟེང་ནས་བརྒྱན། །དེ་སྟེང་མཛེས་པའི་ཐིག་ལེར་ལྡན། །དེ་ལ་ལྔ་པའི་མཐའ་མས་བརྒྱན། །དེ་འོག་ལྷི་སཧི་ན་ད་ན་གྲག །འོག་ཏུ་མ་ཧྭ་ན་ཡ་ན་རག རྗེས་སུ་མུ་སུ་དྷི་བྷ་ཤ །དེ་འོག་ཡ་མ་ཙ་སྟི་རྙིང་། དེར་ཡང་འབིས་སྨི་ཏ་ན་ཙ། དེ་རྗེས་རོ་ཁ་ཙ་དྲི་ར༷། དེ་འོག་ཡ༷་ར༷་སྲོག་ལྷིན་ཐུམ། དེ་རྗེས་འདྲེན་དང་ལྡན་པའི་རོ། དེ་འོག་ཁྲག་དང་འབྲེལ་བའི་ཤ༷། དེ་འོག་ཁྲག་ལ་དུ་ཤན་རྨ་ཧ་སུ།མཐའ་མར་རྩི་ར་ཁ་སྣི་རྦད། གསད་པའི་མཆོག་གི་སྦྱོར་བ་བཤད། རྦད་ཅིང་གསད་པའི་འཕྲེང་བ་ནི། དང་པོར་སུ་ཏྲི་རིང་པོར་དྲག གཉིས་པར་མོ་གྲམ་ད་བ་ཤིག །གསུམ་པར་ཀྲོ་མ་ཡ་ཏི་གཟེར། །བཞི་པར་ཕུལ་ཏི་ཀ་ཐུམ། །ལྔ་པར་ཡག་ཀྲུ་ཙ་ད་ར༷། །དྲུག་པར་དུ་ཁ་ཙི་ཏི་རྨུགས། །བདུན་པར་པ་གྲ་ཡ་གྲ་མ། །བརྒྱད་པར་ཀྲ་དུམ་ནིར་པ་མ། །དགུ་པར་ཙ་བའི་འཛིན་ཏི་ཐུན། །བཅུ་པར་སྒ༷་ཀྲི་ཏི་ཀྲ་སྨྱོ། །བཅུ་གཅིག་བཛྲ་ར་ག་ནན། །བཅུ་གཉིས་ཡ་མ་ཏི་པྲ་ནན། །འཕན་པའི་འབྲུ་བརྒྱད་སྔར་བཞིན་སྦྱར། །སྦྱོར་བ་གཅིག་གིས་ལས་ཀུན་བྱེད། །དྲག་པོར་བཅས་པ་གནད་ཀྱི་ལས། །རྒྱབ་པས་ཡ་ཐོག་བདུད་ཀྱི་སྟོབས། །རྒྱུ་བ་མེད་པས་གཟེར་གྱི་མཆོག །རྩ་བར་བཅས་པའི་མཚོན་ལོ་མ། །མྱོས་པའི་ཁྲག་དང་དུག་ངར་བླུད། །མཚན་མོ་བསྐུལ་ཞིང་རྟེན་ལ་བསྟིམ། །གསོད་བྱེད་ནག་མོའི་སྦྱོར་བ་མཆོག །ལས་ཀྱི་རྩ་བར་བསྡུས་པར་བཤད། །རྒྱལམཚན་མེ་ལོང་གི་རྒྱུད་ལས། །རོ་ལངས་ཉིང་འཐུས་བཅའ་གཞིའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱིན་ཐང་འཕྲུལ་གྱི་སྦྱོར་བ་འདི་སྐད་བཤད་དོ། །ཐོག་སེར་བདག་མོ་བསྐུལ་བའི་ཕྱིར། །དྲེགས་པ་ཕོ་མོས་བཀོལ་བའི་ལས། །དབང་ཆེན་བྲན་དུ་བཀོལ་བ་དང་། །ལོ་ཐོག་གཤོམ་ཞིང་སེར་ཐོག་དབབ། །ལས་ཀྱི་རིམ་པའི་སྦྱོར་བ་མནན། །ཞིང་ཆེན་ལྤགས་ཤུན་ཁྲུ་གང་ལ། །གདོང་ཅིག་སེར་སྐྱ་ཁྲག་གིས་བྱུག །ནི་ར་བག་ཕྱེའི་འོ་མ་ཡིས མཐའ་མ་བརྒྱ་དང་རྒྱ་བཅད་ལ། །སུར་བུའི་བིར་གྱིས་འཁོར་ལོ་བྲི། །སྣག་ཚ་ཞུན་མ་དུག་ཆུ་སྦྱར། །བཅུ་གཉིས་རྩིབས་མཆན་འཁོར་ལོ་ལ། །དབུས་སུ་ལས་ཀྱི་རྡོ་རྗེ་བྲི། །དེ་ལ་དགོད་པའི་རིམ་པ་ནི། །དབུས་སུ་མིང་གི་དང་པོ་དགོད། །རྒྱ་གྲམ་མ་མེ་ཏ་སྒེ་བཞི། །རྩིབས་ལ་བཞུ་ཞིང་སྡུད་པ་ཡི། །མཆན་ལ་གཅོད་དང་འཕེན་པ་ཡི། །བཅུ་གཉིས་སྐྲུ་གྲིའི་ཡིག་འབྲུ་དགོད། །གསུམ་གསུམ་གཏོར་དང་གཅིག་ཏུ་དྲིལ། །ཉིན་མཚན་སྦྱོར་བའི་སྐབས་ཀྱིས་དབྱེ། །ས་ཡི་འཁོར་ལོ་བཅུ་གཉིས་ལ། །དབུས་སུ་མེ་ལོང་དུར་བཞག་ལ། །གསེར་དང་བྱ་རྒོད་སྙིང་པོས་མཚལ། །སྐྲུངས་ལ་གཅིག་ཏུ་དྲིལ་ལ་བཟླས། །མཚོ་གླིང་བཞི་ལ་མཆོག་ཕྲན་བཞི། །ཕུར་བུ་རྫས་ཀྱི་འཁོར་ལོས་བརྡེག །འཕེལ་ལམ་འགྱུར་ན་གཏོར་ལ་བཟླས། །ཙ་ལོ་ཀ་ཡི་ཐོད་པ་སྲ །འཁོར་ལོ་དྲིལ་ལ་ཧཱུཾ༷་གིས་བཅད། །དམིགས་པའི་རྟེན་ལ་རྟ་མ་གཞུག །ཞུ་ཞིང་ཆད་དང་ཟོར་དུ་འཕང་། །སྦྱོར་བ་སྔགས་ཀྱི་འཕྲེང་བ་བཀོད། །རྩ་བའི་ཡི་གེ་ཡབ་བཞི་ལས། །སྒྲ་ཡི་དང་པོ་གསུམ་པ་ལ། །གསུམ་པའི་མཐའ་མ་ཡང་དག་ལྡན། །དེ་འོག་གསུམ་པའི་གསུམ་པ་བཞག །དེར་རྗེས་ལྔ་པའི་དང་པོ་བཞག །དེ་འོག་གསུམ་པའི་དང་པོ་ལ། །དབྱངས་ཀྱི་གཉིས་པས་སྟེང་དུ་བརྒྱན། །སྒྲ་ཡི་གཉིས་པས་བཞི་པ་ལ། །དབྱངས་ཀྱི་བཞི་པས་སྟེང་ནས་བརྒྱན། །དེ་འོག་དྲུག་པའི་མཐའ་མ་བཞག །རྗེས་སུ་གསུམ་པའི་མཐའ་མ་ལ། །དྲུག་པའི་མཐའ་མ་ཡང་དང་སྦྱར། །དེ་འོག་གསུམ་པའི་དང་པོ་ལ། །དབྱངས་ཡིག་བཅུ་བཞིས་སྟེང་དུ་བརྒྱན། །དེ་འོག་དབྱངས་ཡིག་དང་པོ་བཞག །དེར་རྗེས་ལྔ་པའི་དང་པོ་བཞག །རྗེས་སུ་ཨུ་ཤའི་གསུམ་པ་གཟུང་། །འོག་ཏུ་དྲུག་པའི་གསུམ་པ་བཞག །དེ་འོག་གཉིས་པའི་བཞི་པ་བཞག །སྒྲུབ་པའི་སྦྱོར་བ་དྲིལ་བར་བཤད། །འཕེན་པ་དྲག་པོའི་སྦྱོར་བ་ནི། །སྒྲ་ཡི་ལྔ་པའི་བཞི་པ་ལ། །འོག་ནས་བྷ་མ་ཧྭ་ཡིས་བརྒྱན། །དབྱངས་ཡིག་བཅུ་གཉིས་སྟེང་ནས་བརྒྱན། །ཨུ་ཤའི་གཉིས་པ་གཉིས་བཞག་ལ། །དྲུག་པའི་གསུམ་པ་གཉིས་ཀྱིས་མནན། །དེ་འོག་ཨུ་ཤའི་གསུམ་པ་ལ། །སྒྲ་ཡི་དང་པོ་ལྔ་བས་མནན། །སྟེང་ནས་དབྱངས་ཀྱི་གསུམ་པས་མནན། །དེ་འོག་སྒྲ་ཡི་དང་པོ་ལ། །དྲུག་པའི་གསུམ་པས་འོག་ནས་འབྲེལ། །དབྱངས་ཡིག་བཅུ་གསུམ་སྟེང་དུ་བརྒྱན། །དེ་འོག་ཨུ་ཤའི་གཉིས་པ་བཞག དེར་རྗེས་དྲུག་པའི་དང་པོ་བཞག དེ་འོག་ལྔ་པའི་གཉིས་པ་གཉིས། །དྲུག་པའི་གསུམ་པ་གཉིས་ཀྱིས་འབྲེལ། །སྟེང་དུ་དབྱངས་ཀྱི་བཅུ་གསུམ་པས། །གཉིས་ལ་བརྒྱན་ལ་ཐིག་ལེར་མཛེས། །དེ་སྟེངས་ལྔ་པའི་མཐའ་མས་འབྲེལ། །དེ་འོག་དྲུག་པའི་གསུམ་པ་ལ། །སྟེང་དུ་ལྔ་པའི་མཐའ་མས་མཛེས། །དེ་འོག་ཨུ་ཤའི་གཉིས་པ་ལ། །དྲུག་པའི་གསུམ་པས་མནན་ལ་བཞག །དེ་འོག་ལྔ་པའི་གཉིས་པ་ལ། །སྟེང་དུ་དབྱངས་ཡིག་བཅུ་གསུམ་བརྒྱན། །དེ་ལ་ལྔ་པའི་གསུམ་པས་མནན། །དྲག་པོའི་ཕེན་པས་སྦྱོར་བའི་མཆོག །སྐྱིན་ཐང་ལས་ཀྱི་འཁོར་ལོ་མཚོན། །འཕྲུལ་གྱི་མན་ངག་གསང་ཆེན་གཏེར། །འབྲས་བུ་སྐྱེ་ཤིང་རྩི་སྨད་འཇོམས། །སྐྱིན་ཐང་ཐོག་གི་སྦྱོར་བ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། སྐྱིན་ཐང་འཕྲུལ་གྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལོ་ཐོག་གཞོམ་པ་འདི་བཤད་དོ། །མཚང་ཆེན་དྲེགས་པ་ཕོ་མོ་ཡིས། །འབྲས་བུ་ལོ་ཐོག་རྩི་སྨན་ཀུན། །འཕྲུལ་གྱི་འཁོར་ལོས་གཅོད་པའི་ལས། །སྙིང་པོ་འཁོར་ལོ་གསང་བའི་བཅུད། །བཅུ་ཐོབ་བརྒྱད་སྤངས་བདུད་ཀྱི་གཟེར། །ཀི་ཀ༷་ལས་ཀྱི་བརྣག་པའི་མཆོག །འདི་ནི་བདེ་དང་སྨིན་པའི་ལས། །ལས་ཀུན་དྲེགས་པ་ཁོང་དྲེགས་ཅན། །མ་ལུས་འཇོམས་པའི་སྟོབས་དང་བཅས། །མཁའ་འགྲོ་འཕྲུལ་གྱི་འཁོར་ལོ་ནི། །བཀྲ་མི་ཤིས་པའི་ཞབས་མ་ལ། །ཡུལ་ལྷ་ཀླུ་བཙན་རྒྱུན་སྲང་ལ། །རྫས་ལ་ཐང་པ་ལེགས་བྱུགས་ལ། །བཞི་བརྒྱད་བཅུ་གཉིས་བཅུ་དྲུག་རྩིབས། །དེ་ལ་གནས་པའི་རིམ་པ་ནི། །དབུས་སུ་ཁྱབ་འཇུག་སྲོག་གི་གཟེར། །རྩིབས་བརྒྱད་བསྙེན་པ་ལྷ་ཡི་སྔགས། །བཅུ་གཉིས་ཕེན་པ་སྟོབས་ཀྱི་འབྲུ། །ཡང་ལོགས་བཅུ་གཉིས་ཁྲག་ལ་བསྟིམ། །ཉིན་དྲིལ་མཚན་མོ་ཁྲག་ལ་བསྟིམ། །དབུས་ནས་ཐོག་དྲངས་རྐྱང་བའི་ལས། །དེ་ཡི་སྙིང་པོ་ཐིག་ལེ་ནི། །དབུ་རུ་རྣམ་པར་སྣང་མཛད་བཞག །དེ་རྗེས་དྲུག་པའི་དང་པོ་སྟེ། །འོག་ཏུ་གསུམ་པའི་གསུམ་པ་ལ། །དབྱངས་ཀྱི་ལྔ་པ་འོག་ཏུ་བརྒྱན། །ཨུ་ཤའི་མཐའ་དང་ལྔ་པའི་མཐའ། །དེ་འོག་གཉིས་པའི་བཞི་པས་སྡུད། །བསྙེན་པ་ལྷ་ཡི་སྔགས་སུ་བཤད། །རྣམ་པར་སྣང་མཛད་ལྡན་པ་ལ། །ཆགས་པའི་སྙིང་པོ་རྒྱུད་དང་འབྲེལ། །དྲུག་པའི་གསུམ་ལ་དང་པོའི་གསུམ་པས་མནན། །ལྔ་པའི་མཐའ་ལ་བཅུ་གསུམ་དབྱངས་ཡིག་སྟེ། །གཉིས་པའི་དང་པོ་ལྔ་པའི་གསུམ་པས་མནན། །ལྔ་པའི་མཐའ་མ་དེ་ལ་དབྱངས་ཡིག་བཅུ་གསུམ་སྟེ། །རྗེས་སུ་ལྔ་པའི་མཐའ་མ་བཞག །དྲུག་པའི་གསུམ་ལ་དང་པོའི་གསུམ་པར་ལྡན། །གསུམ་པའི་དང་པོ་དྲུག་པའི་གསུམ་པས་འབྲེལ། །དེ་ལ་སྒྲ་ཡི་དང་པོའི་གསུམ་པས་མནན། །ཨུ་ཤའི་གཉིས་པས་གྲལ་ལ་སྡུད། །བདུད་དང་འབྲེལ་བའི་སྙིང་པོར་འབྲེལ། །ལྷ་དང་བྲལ་བ་དགུག་པར་བཤད། །བསྟིམ་པའི་སྔགས་ཀྱི་འཕྲེང་བ་ནི། །དབུ་རུ་རྣམ་པར་སྣང་མཛད་དེ། །དྲུག་པའི་གསུམ་ལ་དང་པོའི་གསུམ་པས་མནན། །ལྔ་པའི་མཐའ་མ་ཡོ།་ཡིས་མཛེས། །དེ་ཡི་འོག་ཏུ་སྲིན་པོའི་མི། །ཨུ་ཤའི་གསུམ་པ་གཉིས་པའི་མཐའ་མས་འབྲེལ། །དེ་ཡི་སྟེང་དུ་ཨི་ཡིས་མཛེས། །དེ་ལ་དང་པོའི་ལྔ་པ་མནན། །གཉིས་པའི་དང་པོ་དེ་འོག་ལྔ་དང་པོ། །འོག་ཏུ་དྲུག་པའི་མཐའ་མ་བཞག །ལྔ་པའི་གཉིས་པ་དྲུག་པའི་གསུམ་པས་འོག་ནས་འབྲེལ། །དེ་ལ་ཨོས་བརྒྱན་ལྔ་པའི་མཐའ་མ་སྟེ། །ཨུ་ཤའི་གཉིས་པ་དྲུག་པའི་གསུམ་པས་བརྒྱན་པ་གཉིས། །ཨུ་ཤའི་མཐའ་མ་དྲུག་པའི་འོག་ཏུ་འབྲེལ། །དྲུག་པའི་མཐའ་མནན་ཨེ་སྟེང་བརྒྱན། །མཆོག་ཏུ་དྲིལ་ཞིང་བསྟིམ་པ་ཡི། །འཕྲེང་བ་སྔགས་ཀྱི་སྦྱོར་བའོ། །འཕེན་པའི་སྟོབས་ཀྱི་འཕྲེང་བ་ནི། །འབྲུ་བརྒྱད་སྦྱོར་བ་སྔར་བཞིན་ལས། །སྒྲ་ཡི་དང་པོ་སྔར་བཞིན་ལས། །དྲུག་པའི་གསུམ་འབྲེལ་དང་པོའི་གསུམ་གྱིས་མནན། །འོག་ཏུ་དྲུག་པའི་མཐའ་མ་བཞག དེ་འོག་ལྔ་པའི་གཉིས་པ་ལ། །འོག་ཏུ་དྲུག་པའི་གསུམ་པས་འབྲེལ། །ཨོ་ཡིས་སྟེང་བརྒྱན་ཐིག་ལེར་མཛེས། །དེ་སྟེང་ལྔ་པའི་མཐའ་མ་བཞག ཆགས་པའི་སྙིང་པོ་གོང་བཞིན་ལས། །དྲིལ་བའི་འོག་དང་ཡང་འོག་གསུམ། །གསུམ་པའི་གསུམ་གཉིས་འོག་ཏུ་ཨུ། །དུས་ཀྱི་ཕན་པ་ཕན་པར་བཤད། །ལས་ཀྱི་རིམ་པས་འཇོམས་པར་བྱེད། །དབུས་ནས་ཐོག་དྲངས་རྡོ་རྗེ་ཕྱོགས། །རལ་གྲིའི་ཕྱོགས་སུ་དྲིལ་ལ་བསྟིམ། །བསྙེན་པ་དྲིལ་དང་གཅུན་ཕེན་སྦྱོར། །ཐོད་པར་བཅུག་ལ་ཀླུ་གནས་སར། །རྟ་མ་ས་ཡི་གཟེར་དུ་གདའ། །སྦྱོར་བ་གཟུགས་མིང་སྔགས་དང་རྫས། །ལས་དང་ཐུན་འཛབ་འདྲེན་པའི་མི། །སྔགས་དང་ནུས་པ་རྫས་ལ་བསྟིམ། །སྲིད་པ་གསུམ་ཕུང་འབྱུང་བའི་བདག །དྲེགས་པ་ཕོ་མོ་གདུག་པ་ཅན། །ལུས་དང་ཡན་ལག་ཀུན་སྒྲུབ་པའི། །ནག་པོའི་ཕྱོགས་འཇོམས་བདུད་ཀྱི་སྟོབས། །བདུད་སྡེ་མ་ལུས་དྲེགས་པའི་ལས། །བརྒྱབ་པས་ཡང་ཐོག་བདུད་ཀྱི་སྟོབས། །འཕར་ཞིང་འདྲིལ་འཕར་སྲིན་པོའི་སྔགས། །བདུད་སྲིན་འདུས་པ་གདུག་པ་ཅན། །མཁའ་འགྲོ་སྲིན་མོ་མྱོས་པའི་བཅུད། །འཕྲུལ་གྱི་ཡན་ལག་སྐྲུ་གྲི་གདབ། །སྙིང་པོ་ཐིག་ལེའི་བཅུད་ལ་བསྡུ། །དུས་དང་ཚད་མ་ལས་དང་ཡུལ། །སྲེགས་པ་སྲིན་མོས་དབབ་པ་ལ། །བསྙེན་དང་ཆུ་སྲིན་དབབ་དང་གཟིར། །སྤོགས་པའི་འཁོར་ལོ་རྒྱ་ལོག་བསྒྱུར། །སྔགས་ཀྱི་གོ་བཟློག་འཁོར་ལོ་དཀྲུག །ཁྲག་ལ་ཉུངས་ཀར་དུག་ཆུ་བསྟིམ། །སྦྱོར་བ་ཀུན་བསྡུ་ཐོད་པར་གཞོམ། །མཐུ་བསྡུ་རྫས་སྲེག་འཁོར་ལོ་གསོར། །དྲག་པོ་སྟོབས་ཀྱི་སྦྱོར་བ་སྟེ། །འབྲས་བུ་འཇོམས་པའི་འཁོར་ལོར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །གདོང་མོ་སྙིང་གི་འཁོར་ལོ་འབྲས་བུ་འཇོམས་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་གཤེད་ཆེན་གྱིས་གཤེད་བཞིའི་འཁོར་ལོ་འདི་བཤད་དོ། །དྲེགས་པ་ལས་ཀྱི་འཁོར་ལོ་བཞི། །དུག་གསུམ་རྩ་བ་སྐུ་གསུང་ཐུགས། །ཉོན་མོངས་ལས་སྦྱངས་བདེ་གནས་ལམ། །ཡེ་ཤེས་སྙིང་པོ་ཐིག་ལེར་སྡུད། །ཕྱག་རྒྱ་ཆེན་པོ་བདེ་བའི་སྟོབས། །གསང་བ་གཤེད་ཀྱི་འཕྲུལ་མིག་བཅུད། །འདི་དེ་བདེ་དང་སྨིན་པའི་ལས། །མཆོག་དང་ཐུན་མོང་བསྒྲུབ་པའི་གཞི། །ལུས་ཅན་གཅིག་ལས་ཡན་ལག་འབྱུང་། །འདི་ཡི་རིམ་པ་དེ་ཐོབ་ན། །ཐར་པའི་ལམ་ལ་བགྲོད་པའི་མཆོག དྲག་པོ་གཤེད་ཀྱི་འཕྲུལ་མིག་ནི། ཁྲུ་གསུམ་ཐོད་མཁར་ལྔ་ལྔར་ལྡན། །གསོད་པའི་པན་ཙའི་མ་ཧྭ་ཐོག །ཡང་ལོགས་གནམ་ལྕགས་ཐོད་པའི་མཁར། །གཞན་ཡང་དྲག་པོ་གདུག་པའི་མཁར། །བར་ཁྱམས་མཚོན་ཆའི་ཁང་པ་སྲ །གཅོད་ཅིང་གནོན་པའི་དྲག་སྔགས་དགོད། །རྣལ་མ་བཟློག་དང་ལྟོ་དཀྲུག་གུམ། །མཁས་པས་བརྡེག་ཐབས་ཤེས་པར་བྱ། །བདུད་པ་ཡབ་དང་འཁྲུག་པ་གསུམ། །གསོད་པ་གཤེད་ལ་རྡོ་རྗེའི་མཐུ། །གསང་ཆེན་ངེས་པའི་འཕྲུལ་མིག་ལྔ། །སྔགས་ཀྱི་སྦྱོར་བ་བདེ་དང་ལྡན། །དབུ་རུ་ཡོན་ཏན་རྫོགས་པ་སྟེ། །དེ་འོག་དྲུག་པའི་དང་པོ་བཞག །དེརྗེས་ལྔ་པའི་མཐའ་མ་སྟེ། །ཡང་འོག་ལྔ་པའི་མཐའ་མ་ལ། །སྟེང་ནས་དབྱངས་ཀྱི་བཅུ་གཅིག་བརྒྱན། །དེ་འོག་གསུམ་པའི་དང་པོ་བཞག །རྗེས་སུ་སྒྲ་ཡི་དང་པོ་ལ། །ཨུ་ཤའི་གཉིས་པས་འོག་ཏུ་འབྲེལ། །དེ་ལ་ཨེ་ཡིས་སྟེང་དུ་བརྒྱན། །སྡུད་པའི་སྙིང་པོས་ཐིག་ལེར་བཅས། །མཐའ་མ་གཉིས་པའི་གསུམ་པས་བཟུང་ དེ་ལ་སྦྱོར་བ་བཅུ་གཉིས་ལྔ། །འབྲུར་འགྲོ་མགོ་མངས་འགྲོ་སྟོབས་ཀྱིས། །མགོ་གཅིག་གདོང་ལྕེ་བཞི་རུ་འགྱུར། །དབུས་ནས་མགོ་དྲངས་ཤར་དུ་བསྐྱལ། །དེ་བཞིན་སྒོ་བཞི་དབུས་སུ་དྲིལ། །མཐའ་རུ་གང་འདོད་སྤུ་གྲིས་གདགས། །མཚམས་སུ་འདོད་པའི་ཨ་མུ་ཀ། །འབྲུ་ལྔའི་སྦྱོར་བ་བཅུ་གཉིས་གཅིག །ཡ་མ་ཀི་ལི་པན་ཅིའི་ཐོག དྲིལ་བས་བདེ་བའི་འབྲུ་བཞིར་དྲིལ། །གཤེད་བཞིའི་དྲེག་པས་བདག་དབང་སྡུད། །གཤེད་པོ་སྟོབས་ཀྱི་འཁོར་ལོ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །གསང་བ་གཤེད་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྡེ་བརྒྱད་དྲེགས་པའི་འཁོར་ལོ་འདི་བཤད་དོ། །ཕོ་ཉ་དྲེགས་པའི་འཁོར་ལོ་ནི། །རྒྱ་ཤོག་ཁྲུ་གང་གྲུ་བཞི་ལ། །དུག་དང་ཚ་བ་ཁྲག་གིས་བྱུག །མུ་ཁྱུད་གསུམ་དང་དབུས་རྩིབས་བཞི། །ཕྱི་རིམ་རྩིབས་བརྒྱད་བཅུ་གཉིས་ལྡན། །དབུས་སུ་ལྷ་ཡི་སྙིང་པོ་ལ། །སྡེ་བརྒྱད་གནད་ཀྱི་སྙིང་པོ་གདགས། །ཕྱི་རིམ་ཁང་པ་བརྒྱད་ལ་དགོད། །བཅུ་གཉིས་གཅོད་ཅིང་གནོན་པ་ཡི། །དྲག་སྔགས་སྤུ་གྲི་མཚོན་ཆ་དགོད། །དྲེགས་པ་བརྒྱད་ལ་ལས་གཉེར་གཏད། །སྲོག་གཤེད་གྱིང་གི་འཁྲུལ་འཁོར་ནི། །གསང་བ་མེ་དང་འདྲ་བས་ན། །འཁོར་ལོ་གཟེར་ཆེན་གནད་ཀྱི་ལས། །དང་པོ་ལྷ་ཡི་བྱིན་བརླབས་བསྐྱེད། །སྙིང་པོ་འདྲེན་པ་ངང་གིས་དྲང་། །ཡོན་ཏན་རྫོགས་པ་དབུ་རུ་སྟེ། །རྗེས་སུ་དྲུག་པའི་དང་པོ་བཞག །དེ་འོག་གསུམ་པའི་གཉིས་པ་ལ། །དབྱངས་ཡིག་ལྔ་པས་འོག་ཏུ་བརྒྱན། །དེ་འོག་གསུམ་པས་འོག་ནས་འབྲེལ། །དབྱངས་ཡིག་གསུམ་པས་སྟེང་ནས་བརྒྱན། །དེ་རྗེས་ལྔ་པའི་མཐའ་མ་ལ། །འོག་ཏུ་དབྱངས་ཡིག་ལྔ་པས་བརྒྱན། །གསུམ་པའི་མཐའ་མ་འོག་ཏུ་གནན། །དེ་འོག་ཨུ་ཤའི་གསུམ་པ་ལ། །སྟེང་དུ་དབྱངས་ཡིག་བཅུ་གཉིས་བརྒྱན། །དེ་ལའང་གསུམ་པའི་མཐའ་མ་གནན། །དེ་འོག་གསུམ་པའི་གསུམ་པ་ལ། །དབྱངས་ཡིག་ལྔ་པས་འོག་ཏུ་བརྒྱན། །དེ་ལ་བཞི་པའི་མཐའ་མས་གནན། །དེ་རྗེས་ཨུ་ཤའི་མཐའ་མ་ལ། །སྟེང་དུ་དབྱངས་ཡིག་བཅུ་གཉིས་བརྒྱན། །དེ་འོག་གཉིས་པའི་དང་པོ་ལ། །དེ་འོག་སྡུད་པའི་སྙིང་པོ་གཅིག གཉིས་པའི་བཞི་པ་གཉིས་དང་ལྡན། །ཕོ་ཉ་དགུག་པའི་སྔགས་སུ་བཤད། །སྦྱོར་བ་དེ་ཡི་རིམ་པ་ནི། །རྡོ་རྗེ་ཕྱོགས་ཀྱི་དང་པོ་ནི། །འབྲུ་རྣམས་ཐིག་ལེ་བཅུད་ལ་བསྡུད། །གསང་བ་གིང་གི་ཐིག་ལེར་གཞུག །རིན་ཆེན་ཕྱོགས་ནས་བགེགས་རྒྱལ་གྱིས། །ཚེ་ནས་སྲོག་འཇོམས་ཉི་མ་གཉིས། །པདྨའི་ཕྱོགས་ཀྱི་ཁང་པ་ནས། །སྲོག་གཤེད་འབྲུ་ཡི་ཐིག་ལེར་བསྡུ། །རལ་གྲིའི་ཕྱོགས་ནས་ཀ་ལའི་འབྲུ། །མེ་ཡི་མཚམས་ནས་ལེགས་ལྡན་བཟུང་། །སྲོག་གི་སྟེན་འཇོམས་སྦྱོར་བ་ལྔ། །སྲིན་པོའི་ཕྱོགས་ནས་དབང་ཕྱུག་ཆེ། །ཚེ་གནས་རྟེན་འཇོམས་སྦྱོར་བ་དྲུག རླུད་ནག་ནག་པོ་སྐྲུ་གྲི་ཡི། །ཚེ་གནས་དྲག་སྔགས་སྦྱོར་བ་བདུན། །རལ་གྲིའི་རྡོ་རྗེའི་མཚམས་སུ་ཡང་། །སྲོག་བདག་འབྲུ་ཡི་ཐིག་ལེར་རྫོགས། །དེ་དག་དྲག་པོའི་རིམ་པ་སྟེ། །གསད་པའི་མཆོག་གི་སྦྱོརབབཤད། །གཅོདཔསྐྲུགྲིའིམཚོནཆགཅིག །ཉི་མ་བརྒྱད་ཀྱིས་ལས་རྣམས་རྫོགས། །རྒྱུ་ཡི་གནས་སུ་འཁོར་ལོ་བཅས། །སྦྱོར་བ་གསུམ་གྱི་ཐང་པ་བྱ། །མ་ལུས་ཀུན་གྱིས་སྡིག་པ་སྒོ། །སྟོབས་ཀྱི་མཐུ་གཞུག་མེ་ལ་གདུག །དུག་ཆུ་མྱོས་པའི་ཁྲག་གིས་བྲན། །ཕྱི་ནང་གསང་བའི་ཐུག་འཁོར་ལོ། །བསྒྲུབ་པ་རྫས་དང་སྔགས་སུ་སྦྱར། །གསང་བའི་སྦྱོར་བ་ལས་ཀྱི་མཆོག །གསང་བའི་འཕྲུལ་མིག་གཤེད་ཀྱི་སྔགས། །བསྡུ་བ་གསུམ་གྱི་སྦྱོར་བ་ཅན། །རིག་པའི་སྟོབས་མིན་རྒྱུ་ཡི་གནས། །སྦྱོང་བའི་སྟོབས་མེད་ཞེ་སྡང་མཆོག །ཕོ་ཉ་བརྒྱད་ལ་ལས་གཉེར་གཏད། །གཤེད་བདག་གཙོ་བོ་འབྲུ་ལ་བསྡུ། །རྒྱ་གྲམ་རྐང་གཅིག་ཕུང་སར་མནན། །བརྒྱ་སྟོང་ཐུན་གྱི་འཁོར་ལོ་བསྐོར། །སྡེ་བརྒྱད་སྦྱོར་བའི་འཁོར་ལོར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །སྡེ་བརྒྱད་དཀྲུག་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཡང་འབྲུ་གཅིག་གི་འཁོར་ལོ་འདི་བཤད་དོ། །དྲག་པོ་བསྡུས་པའི་སྦྱོར་བ་ལ། །འབྲུ་གཅིག་སྟོབས་ཀྱི་ཐམས་ཅད་འཇོམས། །འཇོམས་བྱེད་དྲག་པོའི་རྩོལ་བའི་འབྲུ། །གཤེད་བདག་གཙོ་བོ་ཡབ་ཡུམ་གྱི། །དྲག་པོ་སྟོབས་ཀྱིས་མཐུ་དྲིལ་བ། །འབྲུ་གཅིག་སྦྱོར་བ་བརྒྱད་དུ་འགྱུར། །རྣམ་གྲངས་གསུམ་དང་ལྡན་པའི་ལས། །འཁོར་ལོའི་དམ་པ་འདི་གཟུང་བྱ། །རྩ་དང་རྟེན་འབྲེལ་རང་རྒྱུད་གནས། །ཉི་མ་ལས་བྱུང་སྲེག་དང་བཅས། །ཀླད་པ་ཙིསྟ་ལྟེ་བ་གསང་། །དོན་ཁྲག་འཇོམས་པས་གསང་བའི་གཟེར། །བདེ་དང་སྨིན་པར་བྱེད་པའི་ལས། །གསང་སྒོ་ཙིཉི་ཕོ་བྲང་ནས། །བདེ་བ་ཆེན་པོའི་ཐབས་སྤྲོས་ལ། །འཇོམས་བྱེད་ཡ་མའི་ཞིང་ཁམས་ནས། །འཇོམས་བྱེད་ནག་མོའི་མཐུ་བསྡུས་ལ། །ནག་པོའི་འབྲུ་ལ་མཐུ་སྟོབས་བསྡུ། །ཡེ་ཤེས་ཉི་མའི་གནས་སུ་དྲིལ། །རིག་པ་སྟོབས་ཀྱིས་སྦྱོར་བ་འཕང་། །སྨན་པ་འཇོམས་པའི་རྒྱུད་ལས་སྦར། །རྟེན་ལས་སྦྱོར་བ་གསུམ་གྱིས་འཕྲོ། །ནག་པོའི་འབྲུ་གཅིག་བདུད་ཀྱི་ལས། །རྡོ་རྗེའི་མེ་ཡི་སྙིང་པོ་བབ། །ཡེ་ཤེས་ཉི་མའི་དྭངས་མ་ལས། །དུག་གསུམ་གསལ་བའི་འོད་ཟེར་འཕྲོ། །མེ་འབར་ནག་པོའི་འབྲུལདྲིལ། །ཙིསྟའིའཁོར་ལོ་དྭངས་མ་ལྷ། །དྭངས་མ་ཐིག་ལེའི་བཅུ་དང་ལྡན། །འཁོར་ལོ་རྟེན་དང་འབྲེལ་བའི་མཐུ། །གཅིག་ལས་སྦྱོར་བ་བཞི་རུ་བསྡེབ། །ཐད་ཀར་ཅལ་ཏེ་ཐད་དུ་བྱུང་། །དབུས་སུ་དྲག་པོའི་འབྲུ་གཅིག་ཉིད། །རྩ་བ་བཞི་ཡི་སྒོ་རུ་ཡ་བཞི་ཟུང་། །མདུད་པ་བཞི་ལས་འབྱུང་བ་ཡི། །དངས་མ་གནད་ཀྱི་ཡེ་གེ་བཏགས། །ཀུན་གྱི་མཐའ་རུ་ངེས་སྦྱར་བ། །གཅོད་ཅིང་གནོན་པའི་ཡི་གེ་གཟུངས། །ཡ་བག་ཤ་ཡི་སྦྱོར་བ་བཞིན། །མཚམས་བཞིའི་སྦྱོར་བ་འབྲུ་བརྒྱད་གཅིག །དྲག་པོ་ལས་ཀྱི་སྙིང་པོ་མཆོག །དང་པོ་དྲུག་པའི་གསུམ་པ་བཞག །སྒྲ་ཡི་གཉིས་པའི་གསུམ་པ་གཟུང་། །དེ་རྗེས་ལྔ་པའི་མཐའ་མ་བཞག །དེ་འོག་དྲུག་པའི་གསུམ་པ་ལ། །ལྔ་པའི་མཐའ་མས་སྟེང་དུ་བརྒྱན། །མཐའ་རུ་དྲུག་པའི་གསུམ་པ་ལ། །ལྔ་པའི་གསུམ་པས་འོག་ཏུ་འབྲེལ། །དེ་ལ་གསུམ་པའི་གསུམ་པས་གནན། །འཕྲུལ་གྱི་སྙིང་པོ་འབྲུ་གཅིག་ལ། །འདྲེན་སྡུད་སྲེགས་གཅོད་བསྐུལ་བའི་རྐྱེན། །ཉི་མའི་ཟུང་བརྒྱད་བདུད་ཀྱི་ལས། །གཟུགས་བརྙན་དུར་ཁྲོད་རྒྱུ་ལ་བཅའ། །སྦྱོར་བ་དུ་མ་དང་ལྡན་པའི། །འཁྲུལ་འཁོར་ལྟོ་སྦྱོར་མེ་རླུད་འཁྲུག གསད་པའི་བརྣག་པ་འདི་དེ་བསྡམ། །ཡ་བག་ཤ་ཡི་ལས་སྨིན་པས། །བརྣག་པ་ཀུན་ལྡན་མཆོག་ཏུ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །འབྲུ་གཅིག་གཤེད་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་པོ་སྔགས་རྒོད་ཀྱི་སྦྱོར་བ་འདི་བཤད་དོ། །ཡ་མ་ལག་ན་རྡོ་རྗེ་ཡིས། །གསང་བའི་བཅུད་བསྡུས་དྲག་པོའི་སྔགས། །ཉམས་དང་བརྡ་རྟགས་འཇོམས་པར་བྱེད། །སྔགས་དང་ལྷ་ཡི་སྦྱོར་བ་དང་། །རྫས་དང་སྟོབས་དང་དྲག་པོ་མེ། །རྡོ་རྗེ་སྲིན་པོ་གསང་བའི་དམ། །གསང་བ་རྡོ་རྗེ་སྔགས་ཀྱི་ཚིག གསང་བའི་སྟོབས་ཀྱི་འབྲུ། །གསང་བ་བཅུད་ལེན་བགྲོད་པའི་ལམ ཐར་པའི་ཐར་པ་མ་ལུས་འཇོམས། །བཀའ་གསང་དྲག་པོ་གསང་བའི་བཅུད། །ནག་པོའི་འབྲུ་མཐུས་བདུད་ཀྱི་འབྲུ། །དྲག་པོ་བསྡུས་པ་རྒོད་ཀྱི་མིང་། །ཡན་ལག་ལྡན་པས་མ་ལུས་བསྐྱོད། །སྟི་ལས་ཁོང་འདུས་ཁོང་དྲེགས་འཇོམས། །རྡོ་རྗེ་སྲིན་པོའི་བདུད་ནག་འདུས། །སྟོབས་བདག་ཆེན་པོ་མཁའ་འགྲོ་གྱིང་། །ཕོ་ཉ་ཤན་པ་ལས་བྱེད་པ། །དེ་ཡིས་ཡོན་ཏན་དཔག་མེད་ལས། །ཉི་ཟླ་དུས་ཀྱི་སྦྱོར་བ་དང་། །ཀྱི་དང་ལོངས་སྤྱོད་གདུལ་བྱ་དང་། །གཞན་གྱི་དཔུང་དང་སྟོབས་གཞོལ་དང་། །རྒྱལ་པོ་བློན་པོ་སྟོབས་གཤོམ་དང་། །བསོད་ནམས་རྒྱུན་དང་རྐྱེ་རྒྱུན་གཞོམ། །གཞན་གྱི་གནོད་བྱེད་གཞོམ་པ་དང་། །ལྷ་ཀླུ་གནོད་བྱེད་ཁ་བཅིང་དང་། །སྡེ་བརྒྱད་ཆམ་ལ་དབབ་པ་དང་། །གཅན་གཟན་གདུག་པ་ཁ་བཅིང་དང་། །ཡུལ་ཁམས་འཁྲུག་ཅིང་འབྲས་བུ་འཇོམས། །ཀླུ་གཉན་ས་བདག་སྟོབས་འཇོམས་དང་། །མ་ལུས་འཇོམས་བྱེད་རྒོད་ཀྱི་སྔགས། །རིག་པའི་སྔགས་སུ་སྦྱོར་བའི་རྐྱེན། །ལུས་འཇོམས་ཡན་ལག་བཤིག་པ་ཡི། །སྔགས་རྒོད་དྲག་པོའི་སྦྱོར་བ་འདིས། །དབྱེ་ཞིང་བྲབས་ལ་གཤིག་པ་དང་། །གཟིར་ཞིང་སྦྱོར་བ་གཅས་པ་དང་། །གསད་ཅིང་ལོ་ཐོག་གཞོམ་པ་དང་། །དབང་པོ་འཕོ་དང་ཁ་བཅིང་དང་། །མཁའ་འགྲོ་གཟན་ལ་དབབ་པ་དང་། །རང་གཤེད་རང་ལ་བསྐོར་བ་ཡི། །དྲག་པོའི་ཡི་གེ་ངོས་གཟུང་བ། །དྲག་པོ་རྒོད་ཀྱི་འབྲུ་ལས་བཏུ། །ཚེ་སྡུད་སྲོག་གི་བཅུད་ལ་དྲིལ། །རྒྱུ་རྐྱེན་མ་ཡིན་ངང་གིས་འཇོམས། །གསད་པ་དྲག་པོ་རྒོད་ཀྱིས་ཏེ། ཁ་གནོན་ལས་ཀྱིས་མཐའ་རུ་སྦྱར། །རྗེས་སུ་མཐུན་པ་དེ་བཞིན་བྱ། །གནན་པ་རྡོ་རྗེ་ལྕགས་ཀྱི་སྟེ། །སྟོབས་ཆེན་དབང་དྲག་ལས་སྟོབས་ཡིན། །འདི་ཡང་དྲག་པོའི་སྦྱོར་བ་སྟེ། །རྡོ་རྗེ་རྣོན་པོ་བལྟམས་བྱས་ལ། ཁ་གནོན་རྡོ་རྗེ་རྣོན་པོ་ཡིས། །གནན་པའི་རིམ་གྱི་དབྱེ་བ་བྱ། །སྔགས་དང་སྦྱོར་བ་རྫས་ཀྱི་དྲིལ། །སྙིང་པོ་ཐིག་ལེ་ཡེ་གེར་བཅས། །རྡོ་རྗེ་རྣོན་པོའི་རྒྱན་མདུད་གཞུག །སྔགས་ཀྱི་འཕྲེང་བས་གཅོད་པ་ནི། །དབྱངས་ཀྱི་དང་པོ་ཨོ།་དང་ལྡན། །དྲུག་པའི་གསུམ་པ་ཐིག་ལེར་མཛེས། །སྟེང་དུ་ལྔ་པའི་མཐའ་མས་བརྒྱན། །དབྱངས་ཀྱི་དང་པོ་ཨེ་སྟེང་བརྒྱན། །ལས་ཀྱི་སྒྲ་ཡི་དང་པོ་སྟེ། །ཨུ་ཤའི་ཐ་མ་ཨེ་སྟེང་བརྒྱན། །ལས་ཀྱི་འདྲེན་པའི་དགྲ་དང་པོ། །སྒྲ་ཡི་གསུམ་པའི་གསུམ་པ་ལ། །འོག་ནས་དྲུག་པའི་གསུམ་པས་སྦྱར། །སྟེང་དུ་རི་དང་ཡང་དག་ལྡན། །དེ་འོག་ལྔ་པའི་མཐའ་མ་བརྟན། །ཨུ་ཤའི་མཐའ་མ་ཨེ་དང་ལྡན། །སྒྲ་ཡི་དང་པོ་ལྔ་པས་མནན། །སྒྲ་ཡི་གསུམ་པའི་དང་པོ་ལ། །དྲུག་པའི་གསུམ་འོག་ལི་སྟེང་བརྒྱན། །རྗེས་སུ་དྲུག་པའི་དང་པོ་སྟེ། །ཨུ་ཤའི་མཐའ་མ་ཨེ་སྟེང་བརྒྱན། །སྒྲ་ཡི་དང་པོ་མཐའ་མས་མནན། །དྲུག་པའི་གསུམ་པ་གཉིས་པའི་དང་པོར་འབྲེལ། །གསུམ་པའི་དང་པོ་འོག་ནས་ཨུ། །དྲུག་པའི་གསུམ་པས་མནན་ལ་གཞག །གསུམ་པའི་གཉིས་པས་དེ་དང་འབྲེལ། །སྒྲ་ཡི་དང་པོར་ལྔ་པར་འབྲེལ། །ལྔ་པའི་གསུམ་པ་ལི་ཡིས་འབྲེལ། །དེ་ལ་ཨུ་ཤའི་གསུམ་པས་མནན། །ལྔ་པའི་མཐའ་མ་ཡང་དག་བརྒྱན། །ཨུ་ཤའི་གསུམ་པ་གཉིས་པའི་གསུམ་དང་འབྲེལ། །དྲུག་པའི་གསུམ་པ་ལྔ་པའི་གསུམ་པ་འོག སྒྲ་ཡི་དང་པོ་མཐའ་མས་གནན། །སྒྲ་ཡི་དང་པོ་ཨུ་ཡི་ཨུགདེ་ལ་ཨུ་ཤའི་གསུམ་པས་འབྲེལ། །རྗེས་སུ་ལྔ་པའི་མཐའ་མ་བཞག །གཉིས་པའི་གསུམ་པ་ཨོ་ཡིས་སྟེང་དུ་བརྒྱན། །གསུམ་པའི་མཐའ་མ་ཨི་ཡིས་བརྒྱན། །གཉིས་པའི་བཞི་པ་དང་པོའི་མཐའ་མས་བརྒྱན། །ཨུ་ཤའི་གསུམ་པ་བཞི་པའི་གསུམ་པས་གནན། །སྒྲ་ཡི་དང་པོར་ཉེ་བར་བཟུང་། །དྲུག་པ་གསུམ་པ་ཡང་དག་བཞག །དེ་འོག་དྲུག་པའི་དང་པོ་བཞག །ལྔ་པའི་གཉིས་པ་བཞི་པའི་དང་པོས་གནན། །རྩ་བ་དྲུག་པོ་ཀུན་འབྱུང་བའི། །མི་འགྱུར་དྲུག་ཅུ་རྩ་གཅིག་པ། །རྒྱལ་བ་ཀུན་གྱི་ཐིག་ལེ་མཆོག །གསད་དང་གནན་པ་དཔག་ཏུ་བཟློག །སྤྱི་དང་སྒོ་གཤིག་ཁ་བཅིངས་དང་། །ཕྱག་རྒྱ་དགུག་དང་མ་མོ་འཕོ། །གཟིར་དང་དྲག་པོ་གནོད་སེལ་བཅས། །ཀུན་གྱི་མཐའ་རུ་རྡོ་རྗེ་ལྕགས། །སྦྱོར་བའི་སྔོན་དུ་ས་ཡ་བསྙེན། །ཐུན་མོང་ཡན་ལག་ཁྱད་པར་གདགས། །རྣམ་གྲངས་སྦྱོར་བ་ལྔ་གཉིས་གཅིག །རིག་པ་གླིང་ལས་འདྲེན་པའི་མཆོག །བྷ་སྟུ་ལྟ་ལིང་ག་ལི་དང་། །རི་མོག་ཤ༷་ཀ་དེ་བ་ཙ། །ཕྱག་རྒྱ་བསྟན་པའི་རིམ་པ་འདི། །དེ་དང་སྨིན་པའི་ལས་སུ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །དྲག་སྔགས་དབང་སྡུད་ཀྱི་ལེའུ་བཅུ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གབ་པའི་དོན་འདི་མངོན་དུ་ཕྱུང་སྟེ་བཤད་དོ། །ཡང་དག་གབ་པའི་འཁོར་ལོ་ནི། །རྩ་བ་ཀུན་འབྱུང་སྲིད་པའི་གནས། །རྒྱན་སྔགས་གཟེར་ཞིང་སྐྲུ་གྲི་ཐེམས། །མིང་བཅས་འབྱུང་བས་རྩ་བར་བཤད། །དེ་ཡི་རིམ་པ་འདི་ལྟ་སྟེ། །ཚེ་སྲོག་བདག་པོ་བདུད་གཤིན་རྗེ། །བདུད་མོ་དྲེགས་པ་ཁ་ལྡིང་བམ། །ཐུགས་ཁར་བཛྲ་འཛིན་གཤེད་བདག བཛྲ་ཙིསྟ་རུས་སྦལ་གནས། །རྩ་བཞི་འབྱུང་བའི་དྭངས་མ་ལ། །སྲོག་གི་ཀྲི་ཀྲ་ལྷ་བཞི་བསྣོལ། །ཐིག་ལེ་མུ་ཁྱུད་གསུམ་གཉིས་དབུས། །ཕྱི་ཡི་སི་ར་ལྔ་གཉིས་དྲུག །རྒྱ་ལོག་སི་ར་བཅུ་གཉིས་ལྡན། །ཕྱོགས་སྐྱོང་ནཱ་ག་ལྟོ་རྩིབས་ཕྱེ། །སི་ར་ན་ག་མ་ཧྭ་བརྒྱད། །སྲོག་གི་སི་ར་དྲི་དངས་མ། །ཀར་དམར་སྣུམ་དང་རང་སྒྲའི་ཉམས། །ཕྱི་དང་ཡང་ལོགས་སི་རིའི་གྲངས། །བཞི་བཅུ་རྩ་གཉིས་མདའ་ཡི་གང་། །དེ་དག་སྲིད་པའི་འཁོར་ལོར་བཤད། །དེ་ལ་གནས་པའི་རིམ་པ་ནི། །དབུས་ནས་མ་སྐྱེས་འདྲེན་པ་ལ། །བྱ་རྒོད་སྟེང་ལ་བསྐྱེད་པས་མཛེས། །ཐུགས་ཁ་དག་ལས་འབྱུང་བར་བཤད། །རུས་སྦལ་མགོ་ལས་སྐྱེ་མེད་པའི། །ཆོས་རྣམས་འབྱུང་བའི་ནམ་མཁའ་བསྟན། །ལྟ་བ་གཡས་ན་ལས་ཀྱི་མཆོག །ལྟེ་བ་རླུད་གི་ས་བོན་རྟེན། །ལྟོ་བ་གཡོན་དང་སྡུད་དང་བསྐྱེད། ཁ་ནས་དགེས་པའི་དངས་མ་བསྐྱེད། །ལག་པ་གཡས་པ་སྲོག་བདུད་བརྟེན། །དེ་བཞིན་རྩིབས་ལྟོག་ཆགས་པའི་བརྡ། །རྐང་པ་གཡས་པ་སྲིན་པོའི་སྲོག །གསང་བ་རྐང་གཡོན་བདུད་སྙིང་པོ། །རྩིབས་གཡོན་འཛིན་པ་བཙན་གྱི་གཟེར། །ཕྱགགཡོན གཤིན རྗེའིསྙིང་པོ་རླུད་། །རུས་སྦལ་ལུས་ལ་རྩ་བ་ཡི། །སྙིང་པོ་དྲུག་གཉིས་གཅིག་དང་ལྡན། །བཅུ་གསུམ་ཕྱི་རྒྱུད་རྒྱན་གྱིས་སྔགས། །མུ་ཁྱུད་དབང་དྲག་བརྒྱད་དབུས་ན། །མདུན་ན་མིང་གི་དང་པོ་གནས། །སི་རའི་མདུད་པ་གཡས་གཅོད་པ། །གཡས་ན་སྲོག་གི་འབྲེལ་བ་ལ། །དེ་ཡི་མདུད་པར་གཞན་སྲོག་སྡུད། །རྒྱབ་ན་སྲེག་པའི་སྙིང་པོ་མེ། །སི་རའི་མདུད་པ་རླུད་སྟེ་ཕུལ། །གཡོན་ན་གཞན་གྱི་རྟེན་འབྲེལ་གཅོད། །གྲུ་གསུམ་ཡ་མའི་སྙིང་པོས་སྡུད། །སི་རའི་མདུད་པ་སྲོག་ཟུངས་འབྲེལ། །བདག་སྐྱོབ་གཞན་འབྲེལ་གཉིས་དང་ལྡན། །རྩ་སྒོ་དྭངས་མའི་སྦུབས་བཞི་ལ། །རང་གཤེད་སྲོག་གི་ཀྲི་ཀྲ་བཞི། །ལྟོ་ན་ཡོན་ཏན་འཁྲུལ་འཁོར་ཏེ། །གསད་དང་དབབ་པ་མནན་དང་གཤིག །གནས་པའི་སྔགས་རྣམས་འདི་ལྟ་སྟེ། །གནས་པ་ས་ཡི་དངས་མ་ལ། །རྒྱ་གྲམ་དབུས་ཀྱི་ལྟེ་བ་ལ། །དང་པོ་ཨུ་ཤའི་གསུམ་པ་ལ། །འོག་ནས་དྲུག་པའི་གསུམ་པས་འབྲེལ། །དབྱངས་ཡིག་བཅུ་བཞིས་སྟེང་དུ་བརྒྱན། །སྒྲ་ཡི་དང་པོ་གསུམ་པས་གནན། །མདུན་གྱི་ཙ་ལ་ཨུ་ཤའི་གསུམ། །འོག་ཏུ་བཞི་པའི་དང་པོས་འབྲེལ། །དབྱངས་ཡིག་བཅུ་བཞི་སྟེང་དུ་བརྒྱན། །ལྔ་པའི་མཐའ་མ་སྟེང་དུ་གནན། །གཡས་པའི་རྩ་ལ་ལྔ་པའི་གསུམ་པ་སྟེ། །རྒྱབ་རྩར་དྲུག་པའི་དང་པོར་གནས། །གཡོན་གྱི་རྩ་ལ་བཞི་པ་ཡི། །མཐའ་མ་གཉིས་དང་ཡང་དག་ལྡན། །ཐུན་མོང་གནས་པའི་སྐྲུ་གྲིར་བཤད། །གཡས་པ་ཆུ་ཡི་འཁོར་ལོ་ལ། །དབུས་མེན་ནང་གི་ས་རི་ལ། །སྒྲ་ཡི་གསུམ་པའི་མཐའ་མ་གནས། །གཡས་ཀྱི་སི་ར་ནང་མ་ལ། །སྒྲ་ཡི་དང་པོ་གསུམ་པ་བརྟག རྒྱབ་ན་ཨུ་ཤའི་གཉིས་པའོ། །གཡོན་དུ་གསུམ་པའི་དང་པོའོ། །འོག་ཏུ་དྲུག་པའི་གསུམ་པས་འབྲེལ། །སྟེང་ན་ལྔ་པའི་མཐའ་འོག་ཨུ། །དེ་ཡི་ཕྱི་རིམ་མདུན་སྒོ་ལ། །དྲུག་པའི་དང་པོ་ཞབས་སུ་ཨུ། །དེ་ལ་དྲུག་པའི་མཐའ་མས་གནན། །མཚམས་ལ་བཞི་པའི་གསུམ་པ་ཨི། །དེ་ཡང་དྲུག་པའི་གསུམ་པས་གནན། །གཡས་དང་མཚམས་ལ་ཨུ་ཤ་ཡི། །གཉིས་པ་གཉིས་ལ་དྲུག་པ་ཡི། །དྲུག་པའི་གཉིས་ཀྱིས་གནན་པའོ། །རྒྱབ་ན་བཞི་པའི་གསུམ་པ་ལ། །འོག་ཏུ་དྲུག་པའི་གསུམ་པས་འབྲེལ། །སྒྲ་ཡི་དང་པོ་གསུམ་པས་གནན། །གསུམ་པའི་དང་པོས་ཨུས་བརྒྱན་མཚམས། །གཡོན་དང་མཚམས་ཀྱི་རྩ་སྒོ་ལ། །ལྔ་པའི་གཉིས་པས་གཉིས་ལ་ཡང་། །འོག་ཏུ་དྲུག་པའི་གསུམ་པས་འབྲེལ། །སྟེང་དུ་དབྱངས་ཡིག་བཅུ་གསུམ་བརྒྱན། །ལྔ་པའི་མཐའ་མ་གཉིས་ལྡན་གནན། །དྲག་པོའི་ལོ་ཐོག་གཞོམ་པར་བཤད། །དངས་མ་མེ་ཡི་འཁོར་ལོ་ལ། །མདུན་གྱི་ནང་མ་དབྱངས་དང་པོ། །དེ་ཉིད་ཨེ་ཡིས་བརྒྱན་པའོ། །གཡས་སུ་སྒྲ་ཡི་དང་པོ་གནས། །དེ་རྒྱབ་བཞི་པའི་མཐའ་མའོ། །གཡོན་དུ་དྲུག་པའི་གསུམ་པ་ལ། །སྟེང་དུ་ལྔ་པའི་མཐའ་མས་མཛེས། །དེ་ཡི་ཕྱི་ལ་དྲུག་པའི་དང་པོ་གནས། །དེ་འོག་ལྔ་པའི་མཐའ་མ་གནས། །དེ་འོག་ཨུ་ཤའི་གསུམ་པ་ལ། །སྒྲ་ཡི་གསུམ་པའི་གསུམ་པས་གནན། །དེ་འོག་དྲུག་པའི་གསུམ་པ་ལྔ་པའི་མཐའ་མ་མཛེས། །དེ་འོག་དྲུག་པའི་གསུམ་པ་ལ། །སྒྲ་ཡི་དང་པོའི་གསུམ་པས་གནན། །དེ་འོག་ཨུ་ཤའི་གཉིས་པས་གནས། །རྒྱབ་ན་ལྔ་པའི་གསུམ་པ་ལ། །ཨུ་བཏགས་གསུམ་པའི་མཐའ་མས་གནན། །དེ་རྗེས་མི་ཡི་ས་བོན་ལྡན། །དེ་འོག་ཨུ་ཤའི་མཏའ་མ་ལ། །བཅུ་གཅིག་དབྱངས་ཡིག་སྟེང་དུ་བརྒྱན། །དེ་འོག་བཞི་པའི་གསུམ་པ་ལ། །ཨུ་བཏགས་དེ་ཡི་མཐའ་མ་གནན། །དེ་འོག་གཉིས་པའི་གསུམ་པས་མཛེས། །མཚམས་དེར་མེ་ཡི་ས་བོན་ནོ། །བསྲེག་པ་མེ་ཡི་འཁོར་ལོར་བཤད། །གཡོན་པ་རླུད་གི་འཁོར་ལོ་ལ། །སྟོབས་འཇོམས་བསྐྱེད་པའི་འཕྲེང་བ་ནི། །སྒྲ་ཡི་དྲུག་པའི་དང་པོའོ། །གཡས་སུ་ལྔ་པའི་མཐའ་མ་སྟེ། །རྒྱབ་ཏུ་ཨུ་ཤའི་གསུམ་པའོ། །གཡོན་དུ་དྲུག་པའི་གསུམ་པ་ལ། །འོག་ཏུ་ལྔ་པའི་གསུམ་པས་འབྲེལ། །ཕྱི་རིམ་ཨུ་ཤའི་གཉིས་པ་སྟེ། །མཚམས་སུ་གསུམ་པའི་དང་ངོ།་ལ། །དྲུག་པའི་གསུམ་བཏགས་ཨུ་དང་ལྡན། །སྟེང་དུ་ལྔ་པའི་མཐའ་མ་བཞག །གཡས་སུ་ཨུ་ཤའི་གསུམ་པ་ལ། །འོག་ནས་བཞི་པའི་དང་པོར་ལྡན། །ལྔ་པའི་མཐའ་མ་སྟེང་དུ་བརྒྱན། །དེ་མཚམས་ལྔ་པའི་གསུམ་པའོ། །རྒྱབ་ཏུ་དྲུག་པའི་དང་པོ་སྟེ། །དེ་མཚམས་གསུམ་བཞིའི་མཐའ་མ་གཉིས། །གཡོན་དུ་གསུམ་པའི་གསུམ་པ་ལ། །དྲུག་པའི་གསུམ་འོག་ཨེ་སྟེང་བརྒྱན། །སྒྲ་ཡི་གསུམ་པའི་གསུམ་པས་གནན། །དེ་འོག་དྲུག་པའི་གསུམ་པ་ལ། །འོག་ཏུ་ལྔ་པའི་གསུམ་པས་འབྲེལ། །དེ་ལ་གསུམ་པའི་གསུམ་པས་གནན། །མཆོག་ཏུ་སྟོབས་འཇོམས་གཞན་འཕམ་པའོ། །རླུད་ཁམས་འཁོར་ལོས་གཤིག་པར་བཤད། །རྩ་སྒོ་སྦུབས་ཀྱི་སྙིང་པོ་སྲ །ཀྲི་ཀར་བཞི་ཡི་ལྟེ་བ་ན། །འབྱུང་བ་རྟེན་གྱི་འཁོར་ལོ་བཞི། །དྲིལ་དང་འཕྲལ་བས་ལས་གྲུབ་པའོ། །ས་དང་ཆུ་ཡི་མདུད་པ་ལ། །བསྐྱེད་པ་མ་མོའི་སྲོག་གཟེར་གནས། །གསང་མཛོད་ནུབ་ཁང་མདུད་པ་ལ། །སྙིགས་མ་བག་ཆགས་ས་བོན་གནས། །ཕྱི་ཡི་མུ་ཁྱུད་རིམ་པ་གཉིས། །རྩ་བྲན་སུམ་ཅུ་རྩ་གཉིས་ལ། །ཕྱི་ནང་སྦུབས་ཀྱི་སི་ར་ལ། །སྦྱོར་བ་གཞན་གཤིག་ཐབས་ཀྱི་འབྲུ། །ལྷ་སྲིན་བརྡ་ཡི་སྙིང་པོས་གནས། །འདྲེན་པ་གནད་དབུས་སྐྲུ་གྲི་མཐའ། །གབ་པ་སྔོན་ཕྱུང་སྦྱོར་བའི་མཆོག །རྩ་བའི་འཕྲེང་བ་དྲག་པོའི་སྔགས། །རྩ་བར་བཅས་པའི་ལོ་མ་ཅན། །འཁོར་ལོ་རྒྱལ་པོ་རྩ་བར་བཤད། །གཞན་ཡང་ཐབས་ཀྱི་སྦྱོར་བ་ནི། །ཚོགས་བརྒྱད་སྦྱོར་བའི་འཁོར་ལོར་བཤད། །རྩིབས་བརྒྱད་དབུས་ཟླམ་མུ་ཁྱུད་བཅས། །དབུས་སུ་གང་འདོད་གཟུགས་རྣམས་ལྡན། །རྩིབས་ལ་སྙིང་པོ་འབྲུ་བརྒྱད་དགོད། །མཚམས་དང་མུ་ཁྱུད་གང་འདོད་མིང་། །ཕྱི་རུ་སྤུ་གྲི་འབྲུ་བཞི་དགོད། །དུར་མ་ལ་སོགས་ཐོད་པ་སྦྱར། །རིག་པའི་འབྲུ་གསུམ་སྙིང་པོ་གཉིས། །ཚོགས་བརྒྱད་ལས་བྱུང་འབྲུ་བརྒྱད་སྦྱར། །མཚམས་སུ་འདོད་པའི་ཨུ་མུ་ཀ །འབྲུ་བཞི་མཐའ་རུ་རྟེན་ལ་དབབ། །སྟོང་གསུམ་གཅིག་གིས་ལས་རྣམས་བསྒྱུར། །བརྒྱད་ཅུ་རྩ་གཉིས་མིང་གིས་དབྱེ། །གང་རུང་རྟེན་ལ་གུང་ཡོལ་སྦ། །ལྟས་ངན་འགྱུར་བའི་འཁོར་ལོར་བཤད། །འབྱུང་བ་ལྔ་ཡི་དངས་མ་ལས། །འབྲུ་ལྔའི་སྦྱོར་བས་བཅུ་དབང་སྡུད། །འཁོར་ལོ་རྩིབས་བཞི་དབུས་སུ་ཡུལ། །མཚམས་ལ་སྒྲོར་བའི་རྩིབས་མཚོན་ཆ། །མུ་ཁྱུད་དྲག་སྔགས་རྩིབས་སྐྲུ་གྲི། །འཁོར་ལོའི་རྒྱལ་པོ་གསུམ་བཅས་ལ མཚོན་ཆའི་རྩེ་མོ་ཕྲོམ་བརྒྱད་ན། །དབུས་ཀྱི་ཡུལ་ལ་གདུག་པའི་གཟུགས། །ཐོད་ཡུལ་དང་བཅས་གཉན་རའི་གནས། །མཚོན་ཆ་ཕྱིར་བསྟན་སྦྱོར་བས་གཅོད། །སྐུ་ཡི་འཁོར་ལོས་གཟིར་ཞིང་སྡིག །རྫས་དྲུག་ཕྱེ་ལ་སྲེག་ཅིང་བྲབ། །སྟོབས་ཆེན་ཕུར་བུས་དཀྲུག་ཅིང་གཟིར། །དགུ་ཁྲི་རྫས་ལ་གཅིག་གིས་ཡུལ། །དྲག་སྔགས་བརྒྱད་གཉིས་མཚམས་སུ་སྦྱར། །ཉ་དགུ་བརྒྱད་ལ་ཀི་ཀམ་དབབ། །ཐོག་སེར་སྐྱིན་ཐང་དྲག་པོའི་ལས། །ལོ་ཐོག་གཞོམ་པའི་སྦྱོར་བ་བཤད། །དུག་ཆེན་ལྔ་ཡི་འཁོར་ལོ་ཡིས། །དྲག་སྔགས་བཅུ་དང་སྐྲུ་གྲི་བཅུ། །དབུ་རུ་རིག་པའི་འབྲུ་གསུམ་དྲང་། །ཐབས་དང་ཤེས་རབ་གཉིས་སྙིང་པོ། །དུག་ལས་བྱུང་བ་དྲག་པོ་ལྔ། །དྲེགས་པ་གཞན གྱིསྟོབས གཤིག གནོན། །མཚམས་སུ་གདུག་པའི་འབྲུ་གཅིག་མིང་། །མཐའ་ཡི་འབྲུ་བཅུ་དུག་མདའ་འབྱིན། །རྩིབས་བཞིའི་ཕོ་མོའི་ཐེམས་ལ་བླང་། །མཐའ་རུ་གང་རུང་ཐོད་པས་གནན། །གདུག་པའི་ལས་དང་སྦྱར་བ་ཀུན། །གཟིར་ཞིང་གཤིག་པ་མཐའ་རུ་གནན། །རང་སྲུང་འཁོར་སྐྱབས་ལོངས་སྤྱོད་སྤེལ། །བྱས་པ་གཤིག་པའི་འཁོར་ལོར་བཤད། །སྲོག་བདུད་ཚེ་བདག་གཤིན་རྗེ་ཡི། །ཙིཀྟ་གསང་བའི་དཀྱིལ་འཁོར་ནས། །གསང་སྒོ་བཞི་དང་གསེར་སྒོ་ཡི། །ནམ་མཁའ་དབུས་ཀྱི་ཐིག་ལེ་ལས། །དྲག་པོ་གབ་པའི་སྙིང་པོ་ལྔ། །སྟེང་སྒོ་འདབ་བརྒྱད་གཅོད་པ་ཡི། །དྲག་སྔགས་དྲུག་གི་སྐྲུ་གྲིས་གཅོད། །ལུས་ཅན་དྲན་པ་གཉིས་ཀ་ཡི། །རྒྱུད་དང་ཐམས་ཅད་དྲི་ལ་གནས། །ལྷུན་གྲུབ་ཚེ་བདག་རང་བཞིན་གྱིས། །ལོ་རྟོག་རྐམ་ཆགས་སྣ་ཚོགས་ཡུལ། །དྲག་སྔགས་སྙིང་པོ་ཆོས་སྐུར་འཇོམས། །བདག་དབང་སྟོབས་ཀྱིས་ཚེ་བདག་གིས། །སྟོབས་ཆེན་དྲག་པོའི་བྱིན་བརླབས་འབྱིན། །ལས་ཀྱི་ཡ་མ་ཚེ་བདག་གིས། །ལས་རྣམས་འཇོམས་ཤིང་རྟགས་རྣམས་སྟོན། །གཞན་ལ་གནས་པའི་སྙིང་པོ་ཡིས། །དྲག་པོའི་རྐྱེན་གྱིས་བསྐུལ་བསྟིམ་ན། །སྙིང་པོས་དྭངས་སྙིགས་འབྱིན་ཅིང་འཕོ། །རང་གི་སྙིང་པོ་སྲོག་བསྡུས་ནས། །རྐམ་ཆགས་སྙིགས་མས་གཅོད་ཅིང་སྙེམས། །རྟེན་གྱི་འཁོར་ལོ་ཐོད་པ་ལ། །མཚོན་ཆ་དྲག་པོའི་གདུག་པས་སྲེག །ཞབྲུལ་འཁོར་བཅས་ལ་མིང་ཡང་རུང་། །གདུག་པའི་ཁྲག་གམ་དུག་གིས་བྱ། །ལས་ཀྱི་རྒྱལ་པོའི་སྦྱོར་བ་བཅའ། །དུར་ཁྲོད་རས་མའི་མཛུབ་གང་ལ། །སྙིང་པོ་མིང་རུས་ཁམས་དང་བཅས། །བྲིས་ལ་གསང་བའི་སྔགས་ཀྱིས་བསྐོར། །ར་རོག་ཁྲག་གི་སྦྱོར་བ་བསྐུ། །སྙིང་པོ་ཡང་དང་བཅུ་བདུན་གྱི། །བྱང་ཁྲམ་མཐའ་མ་ཡང་ཡང་བསྐོར། །ཚེ་བདག་ཐུགས་ཁའི་སྦལ་པ་ལས། །ཕྱི་ལྟར་ལྟོ་བར་བྱང་ཁྲམ་གཞུག །ཐོད་ཆེན་དང་བཅས་གདུག་པར་གནན། །དྲེགས་པ་སྐུ་ཡི་ཕྱི་ཁྱམས་ན། །ལྷོ་དང་ཡན་ལག་སྒོ་གཉིས་ལ། །རྒྱན་གྱི་ཡིག་འབྲུ་བཅུ་དང་གསུམ། །གྲངས་མེད་རྟགས་དང་འགྱུར་བ་བཟློག དྲག་པོ་ལས་ལ་སྦྱོར་བ་མིན། །རྣམ་ཤེས་འབྲུ་བརྒྱད་ཚད་མར་སྦྱར། །གང་རུང་གནས་སུ་ཚད་མས་འབེབས། །འབྱུང་བ་ལྔ་ཡི་སྦྱོར་བ་ཡིས། །འབྲས་བུ་འཇོམས་པའི་ཤིང་ལོ་ཀའོ། །གསང་བ་ཐུགས་ཀྱི་སྦྱོར་བ་ཡིས། །དབང་པོའི་རིགས་མིན་ཚེ་སྲོག་འཇོམས། །གསད་པ་དྲག་པོའི་སྦྱོར་བའོ། །དུག་ལྔ་ལས་བྱུང་འབྲུ་ལྔ་ཡིས། །སྦྱོར་བ་དྲག་པོའི་ལས་གསུམ་བྱེད། །རྣལ་མས་གཞན་གྱི་ལས་དབང་གཤིག །དྲག་སྔགས་གོ་བཟློག་རང་དབང་གཟིར། །དྲག་པོ་དཀྲུགས་ལ་རང་སྲོག་བསྐྱལ། །བྱིན་རླབས་དབང་བསྐུར་བསྟན་པ་བསྐྱེད། །དྲག་པོ་སྔགས་ཀྱི་དབང་པོ་བསྐོར། །རྟེན་ཅིག་གཅེར་བུར་གཟིར་ཞིང་བྲབ། །སྟོབས་ཆེན་ནང་གི་སྦྱོར་བ་གཤིག །དྲེགས་པ་སྲོག་མཐུན་ཐམས་ཅདལ། །སྦྱོརབ གཤིགནགོངམབཞིན། །བརྡཡིའཁོར་ལོའི་ཐུན་མོང་ལས། །གབ་པ་སྔོན་དུ་གྲལ་ལས་བྱུང་། །བམ་ཆེན་གསང་བའི་དབང་བསྐུར་བྱ། །བསམ་གཏན་གནས་པའི་འཁོར་ལོ་ལ། །མ་སྦྱངས་དག་པའི་ཆོས་ཉིད་བརྟག དབང་བསྐུར་དོན་གཉིས་ཁྱད་པར་འཕགས། །སྙིང་གསུམ་བཅས་ལ་ཉམས་སྟོབས་བསྐྱེད། །རྫས་དང་སྦྱོར་བ་ཁྱད་པར་འཕགས། །ལྟ་སྟངས་གླང་པོ་ཆེ་ཡིས་ནི། །བླ་མེད་བདེ་བའི་མཆོག་ལ་དམིགས། །གུང་མོ་ཕན་པའི་ལྟ་སྟངས་ཀྱིས། །ཐམས་ཅད་ཐུགས་རྗེ་ཆེན་པོས་གཟུང་། །ལྟོམ་པོ་རྒོད་ཀྱིས་ལྟ་སྟངས་ཀྱིས། །འདོད་པའི་བསྒྲུབ་བྱ་མངོན་དུ་བཟུང་། །མྱུར་བ་སེང་གེའི་ལྟ་ལྟངས་ཀྱིས། །ཐམས་ཅད་ཞི་ཡང་ཟིལ་གནོན་སྒྲོལ། །དེ་བཞིན་ལྟ་བས་ཁྱད་པར་འཕགས། །ཡང་ཐོག་རྒོད་ཀྱི་ལས་རྣམས་ཀྱི། །འཕྲུལ་གྱི་རྩ་བ་བསྡུས་པ་ཡིན། །སྙིང་པོ་གབ་པའི་སྦྱོར་བ་མཆོག ཙིཏི་གསང་བའི་བདེ་ལ་གནས། །དྲག་པོའི་ལས་རྣམས་མངོན་དུ་ཕྱུང་། །རྩ་བ་གཅིག་ལས་བྱུང་བ་ཡི། །རྣམ་གྲངས་དུ་མ་སྐབས་དང་སྦྱར། །དུར་ཁྲོད་རྨེ་བའི་རས་མ་ལ། །དུག་དང་མྱོས་པའི་རྫས་ཀྱིས་བྱུག །མཛུབ་གང་སོར་གཉིས་གྲུ་བཞིར་བྱ། །དབུས་སུ་གྲུ་བཞི་སོར་བཞིར་གདབ། །ནས་གང་ཕྱིར་བསྣུར་ཟླུམ་པོས་བསྐོར། །ཡང་ལོགས་སོར་གཉིས་མུ་ཁྱུད་གཉིས། །ཟླུམ་པོའི་བར་དུ་སོར་ཕྱེད་ཚད། །མཐའ་མ་གྲུ་བཞི་རྒྱས་པ་ལ། །ཐབས་ཀྱི་རུ་སྦལ་ཁྲ་བོ་གནས། །སེར་ཁྲའི་མདོག་ལ་མཛུབ་གང་ཚད། །ཡན་ལག་བཞི་དང་གཡས་གཡོན་ལྟོ། །མགོ་དང་མཇུག་མའི་གནས་བརྒྱད་ནས། །མ་ཧྭ་ན་ག་གདུག་པ་བརྒྱད། །ཞེ་སྡང་སྦྲུལ་ཏེ་ཁ་དོག་གནག །མུ་ཁྱུད་དབུ་མ་མཚོན་ཆ་ཡི། །འཁོར་ལོ་བཅུ་གཉིས་དག་དང་ལྡན། །དབུས་ཀྱི་གྲུ་བཞི་འཁོར་བའི་གནས། །དུག་ལྔ་ཤེས་རབ་རྩད་གཅོད་མོ། །དམར་ནག་མདོག་ལ་སྲེག་པའི་སྐྲུ། །ལྟེ་བ་སོར་གསུམ་སྟོང་པ་ལ། །དབུས་སུ་གང་དམིགས་སྲུང་བའི་ལྷ། །ལྷ་དང་གྲུབ་པའི་སྲུངས་མ་བྲི། །དེ་ལྟར་སྔགས་པ་རྒྱལ་པོ་རྗེ། །དེ་ཕྱིར་ཕོ་གདོན་མོ་སྲི་ཡི། །མིང་རུས་ཁམས་དང་བཅས་པ་རྣམས། །རུ་སུལ་མོ་ཡི་ལྟོ་བར་བྲི། །ནས་གང་ཚད་ལ་གནོད་བྱེད་གཞན། །བཅུ་གཉིས་རྩིབས་ལ་དྲག་པོའི་སྔགས། །སོར་ཕྱེད་མུ་ཁྱུད་རལ་གྲི་དང་། །རྡོ་རྗེ་རྒྱ་གྲམ་བཅུ་བཅུར་ལྡན། །དབུས་སུ་གཅོད་ཅིང་གནོན་པ་ཡིས། །དྲག་པོའི་སྐྲུ་གྲི་འབྲུ་བཅུ་དགོད། །ནཱ་ག་བརྒྱད་ལ་སྟོབས་ཀྱི་མིང་། །རྩིབས་ཅན་སྙིང་པོ་འབྲུ་གཉིས་ལྡན། །ཐོད་པ་ཁ་སྦྱོར་སྟེང་དང་འོག །དྲག་སྔགས་མིང་རུས་མ་ནོར་བྲི། ཁ་སྦྱོར་དབུས་སུ་སྦྱོར་བར་དྲིལ། །རྒྱ་ཤོག་དག་ལ་སྦྱོར་བ་ཡི། །རྫས་ཀྱི་ནུས་པ་མཐུ་ཡིས་སྐུ། །ཐོག་སེར་ཐོད་པར་ཡུལ་མིང་འཕོ། །གང་རུང་གདུག་པའི་གཉན་ལ་གཏད། །རྩ་བའི་ལས་ཏེ་སྦྱོར་བའི་མཆོག །ཡང་ཐོག་དྲག་པོ་རྒོད་ཀྱི་ལས། །རྡོ་རྗེ་སྲིན་པོ་ལས་ཀྱི་གནད། །དྲེགས་པ་ཕོ་མོ་སྦྱོར་བའི་མཆོག །འབྱུང་བ་ལྔ་ཡི་མདངས་བསྡུས་པའི། །རྡོ་རྗེ་སྙིང་པོ་རང་དམ་སྲོག ཚེ་གནས་དང་པོ་དྭངས་མ་བསྡུ། །བདེ་བྱེད་ཚངས་པའི་ལམ་ནས་འདྲེན། །འབྲུ་ནག་གདུག་པའི་ལུས་ལ་གཟུད། །མེ་རུང་སྐྱིན་ཐང་འབྲུ་ཡིས་འཇིམས། །དེ་བ་མུ་ཏིའི་རིན་ཆེན་འཕངས། །གྲུ་སྟིན་དྭའི་ས་རྭ་བ། བྷ༷་མ༷་ཡཨུ་ཡཨུ་ཨལྷུ་ཁཧ་རླུ༷། པ་ཝ་ཐང་ནདད་ཐུ་འནན་ཝ༷༷འགོ་ནཐ༷་ཐུ་ཐ༷༷ ༷༷སྡུད་པའི་རྒྱལ་པོ་སྦྱོར་བའི་མཆོག །མ་ག་གནད་མདའི་ཐབས་མཆོག་རྒྱལ། །ཉེ་བའི་ཡན་ལག་ཀུན་དྲིལ་བའོ། །གསང་བའི་སྦྱོར་བ་ཀུན་འདས་པ། །དེ་ལམ་ཚེངས་པ་འཇོག་པོའི་གནས། །གབ་པ་ཐུགས་ཀྱི་སྦྱོར་བ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །གབ་པའི་འཁོར་ལོའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་ལུས་དང་ཡན་ལག་འདི་བཤད་དོ། །ཡ་མ་དྲེགས་པ་བདུད་མོར་བཅས། །བསྙེན་བསྒྲུབ་གསོད་གནོན་ཡོགས་པ་ཡི། །དྲིལ་གཏོར་ཁུགས་དང་རང་དབང་གབ། །སྙིང་པོ་སྔགས་དང་འཕྲེང་བའི་དོན། །བདུད་དང་སྲིན་པོ་ལས་ཀྱི་མོན། །གྱིང་དང་ཕོ་ཉ་ཤན་པ་ལ། །སྟོབས་ཀྱིས་བསྐུལ་དང་བཅས་པ་ཡི །ངད་དང་ལྡན་པ་འཕྲེང་བའི་མཆོག །དོན་བསྡུས་རྩ་བའི་སྙིང་པོ་མཆོག །གསང་བའི་སྦྱོར་བ་དང་པོའི་མིང་། །རིན་པོ་ཆེ་ཡི་འཕྲེང་བའི་བཅུད། །མི་ཤིག་རྡོ་རྗེའི་ལས་ཀྱི་མཆོག །རྒྱུ་རྐྱེན་སྙིང་ངོ།་མཆོག་ལས་བྱུང་། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔགས་ཐམས་ཅད་ཀྱི་ལུས་དང་ཡན་ལག་འདི་སྐུ་གསུང་ཐུགས་ལས་བཏོན་ཏོ། །ཀ་ཁ་ག་བྷ་ང་། ཙ་ཚ་ཛ་རྙོ་ཉ། ཏ་ཐ་ད་དྷ་ན། ཊ་ཋ་ཌ་རྟེ་ཎ། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ། ཨ་ཨུ།ཨི་སྙི། ཨུ་ཨུ། ལི་སྙི། རེཤཱ། ཨེ་ཤེ། ཨོ་ཨོ། ཨ༷་ཨ༷༷མིང་གི་དང་པོ་རྫོགས་པར་སྦྱར། །ལས་ཀྱི་རིམ་པའི་རྡོ་རྗེ་ནི། །མཆོག་ཆེན་གསང་བའི་ལས་ལ་དྲིལ། །རྒྱུ་ནི་མཚན་དང་དཔེ་བྱད་ལྡན། །རང་ལས་འབྱུང་རྒྱུ་རྒྱུ་ཉིད་རྒྱུ། །དང་པོ་མིང་བཅས་གནས་པའི་རྒྱུ། །འདྲེན་པ་གསུམ་གྱི་དོན་གཉིས་ལྡན། །རྐྱེན་དང་ལྡན་པས་ལུས་དབང་སྦྱོར། །བོད་པའི་སྒྲ་དང་ཡན་ལག་དབྱངས། །དབྱངས་ཡིག་དང་པོར་རྫོགས་པར་འདྲེན། །གསང་ལ་གསེར་སྒོ་ཐུགས་ཁ་འགུར། ཁྲངས་ཀྱི་བུ་ག་སྙན་གྱི་འཁོར། །སུམ་ཅུ་རྩ་གཉིས་ཚེམ་འཕྲེང་རྒྱུད། །གསང་མགུར་གསེར་གྱི་ལྗགས་ལ་དྲིལ། །སྦྱོར་བ་བཞི་ཡི་ཡན་ལག་བཅས། །ཕྱག་རྒྱ་བདེ་བའི་ལུས་ཉིད་ལ། །ཡན་ལག་སྦྱར་བའི་རྐྱེན་རྣམས་མཛེས། །འགྲོས་སྟབས་བརྒྱད་ཀྱིས་ཡང་དག་སྦྱོར། །བཅུ་གཉིས་ཚུལ་གྱིས་ལས་རིམ་བརྟག །ལས་ནི་སྣ་ཚོགས་པ་ལས་ཏེ། །འཕེན་སྡུད་འབེབས་པའི་དོན་དང་བཅས། །རིག་པ་གཉིས་ཀྱི་བདེ་ལ་གནས། །ཉི་མ་ཆུ་ཀླུང་རྡོ་རྗེ་དང་། །པདྨ་རིན་ཆེན་སོ་མ་དང་། །རྡོ་ཡིས་ལྕགས་བརྡུས་སྟེ་བྷ་ག་ཏ། །རླུད་གིས་མཚོ་གླིང་ཀ་འཕངས་དང་། །སུ་མན་ཏ་ཡི་ཁུ་བས་བཅུད། །དེ་བཞིན་རི་བོའི་རྭ་ཆེན་དང་། །རྒྱ་མཚོ་རླབས་དང་གླང་ཆེན་དབུགས། །གསེར་གྱི་དགུ་ཐོག་ཀ༷་པའི་སྦ། །སྐྲུ་གྲི་སྦ་དང་ལྕེ་འབབ་མེ། །བྱ་རྒོད་ཁྲག་ཆེན་གཟན་ལ་དབབ། །གང་སྟོང་འཕན་སྡུད་ཉི་ཤར་ཚུལ། །མཚོནཆའིརྒྱལ་པོ་འཁོར་ལོ་ཅན། །ཕྱི་ནང་གསང་དང་གསང་ཆེན་ཐབས། །རྩ་བ་གསུམ་ལས་ཡན་ལག་སྟོང་། །སྦྱོར་བ་ས་ཉིད་བརྒྱ་ཉིད་དང་། །རྣམ་གྲངས་བཅུ་དྲུག་བརྒྱ་བརྒྱ་ལྔ། །ལས་ཀྱི་རྩ་བ་གཅིག་ཏུ་དྲིལ། །གཟིགས་པ་བཞི་ཡིས་དོན་ཆེན་བསྒུབ། །རྩ་བ་གཅིག་ལས་ཐམས་ཅད་འབྱུང་། །དྲག་སོས་ཐམས་ཅད་འཇོམས་པའི་ལས། །དེ་ལྟར་སྔགས་ཀྱི་འཕྲེང་བ་ཉིད། ཁུ་རྐྱེན་རེ་དོགས་རྩོལ་སྒྲུབ་ལྡན། །བཟླས་པས་ཐེ་ཚོམ་མེད་པའི་རྒྱུ། །ཐབས་དང་ཤེས་རབ་ཡི་གེར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །སྔགས་ཀྱི་འཕྲེང་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ལོ་བཅའ་བའི་རྟེན་འདི་བཤད་དོ། །མཚོན་ཆའི་རྒྱལ་པོ་འཁོར་ལོ་ཡི། །ཡུལ་གྱི་དབང་པོ་སྲོག་བསྡུས་ལ། །དྭངས་སྙིགས་དབྱེ་བའི་རྟེན་བསྟན་པ། །ཡང་དང་རྫོགས་ཀྱིས་འདི་ལྟར་བརྗོད། །བསྒྲུབ་དང་བསྙེན་པའི་འཁོར་ལོ་ནི། །དབང་བྱེད་ལས་དང་མཐུན་པ་སྟེ། །མཐུན་པའི་ཆོས་དབྱིངས་གཅོད་དང་འབིགས། །སྨྱོ་འབོག་ལ་སོགས་མཐར་དབྱུང་ན། །དབང་དྲག་སྟོབས་ཀྱིས་གཟུགས་དང་སྦྱར། །ཡང་ན་དུད་འགྲོའི་ལུས་ལ་སྟེ། །མཆོག་ཏུ་འབྱུང་བའི་སྟོབས་ལས་སྦྱར། །རིམ་པ་བཞི་དང་ལྡན་པ་ཡི། །བཀོད་པའི་འཁོར་ལོ་ཉིད་དུ་སྟེ། །གསདཔགཤིནརྗེཉིདལ་ཡིན། །དབང་ནི་བཙུན་མོའི་ལྟོ་རུའོ། །རྒྱས་པ་ནོར་བུའི་གཟུགས་སུ་བྱ། །ཞི་བ་ཟླ་བའི་དཀྱིལ་འཁོར་ཏེ། །དབྱེ་བ་རྟ་དང་མ་ཧེ་གཉིས། །བསྐྲད་པ་རྔ་མོའི་རྒྱབ་ཏུའོ། །ལྐུགས་པ་ལུག་གི་རྒྱབ་ཏུ་བྱ། །འབོག་པ་ཤ་བའི་རྒྱབ་ཏུ་བྱ་། །སྨྱོ་བ་སྤྲེའུ་ཡི་རྒྱ་བ་ཏུ་ཡིན། །མྱོས་པ་སྲོག་དང་བྲལ་བའི་ལུས། །རེངས་པ་རྒྱན་པའི་ཤིང་ལ་བྱ། །གཟིར་བ་སྟོབས་ཀྱི་བདག་པོས་བྱ། །ཐུན་མོང་གདུག་པའི་ཐོད་པས་མནན། །དྲག་པོའི་སྦྱོར་བ་རུ་སྦལ་ལྟོ། །བདུད་ནག་སྦྱོར་བ་རྒྱུ་ཡི་ལྟོ། །མནན་པ་ལས་ཀྱི་རྒྱལ་པོས་བྱ། །གཤིག་པ་སྦུར་ནག་སྟོབས་དང་སྦྱར། །བསྐྱབ་པ་རང་གི་རྟེན་གྱིས་སྦྱར། །དབང་པོ་གཞོམ་པ་ཆུ་སྲིན་ཏེ། །གང་ཡིན་དབང་པོའི་སྒོ་དང་སྦྱར། །ཡི་དྭགས་ལུས་ཀྱི་ལོངས་སྤྱོད་གཤོམ། །ལོ་ཐོག་གཞོམ་པ་ལྟོ་འཕྱེའི་གཟུགས། །ལུས་གཞོམ་པ་ལ་སྐྲུལ་གྱི་གཟུགས། །འབྲས་བུ་འཇོམས་ལ་ས་གའི་གཟུགས། ཁམས་གསུམ་གཤོམ་པ་མེ་ཡི་གཟུགས། །ཀུན་ཀྱང་གཅོད་པས་འཁོར་ལོར་བྱ། །ས་དང་ཆུ་དང་མེ་དང་རླུ་་། །ནམ་མཁའི་དབྱིངས་ཀྱི་ཁོངས་སུ་གཞུག །ཅི་རིགས་ལས་ཀྱི་བྱ་བ་ཡིན། །བསྲུང་བ་རང་ལུས་ཕྱག་རྒྱར་བསྟན། །ཁྱད་པར་བསམ་གཏན་འཁོར་ལོས་བྱ། །འཁོར་ལོ་རྒྱལ་པོ་རྟེན་དུ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །གཟུགས་བརྙན་གྱི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རང་རྒྱུད་གནས་པའི་འཁོར་ལོ་འདི་བཤད་དོ། །ང་ཡིས་བཤད་པའི་རྒྱུད་འདི་ནི། །དོན་དམ་དྲིལ་བའི་མ་ཧྭ་ཡི། །ལྷུ་སྟི་དྲིའི་ཙགྲ་མ། བྷ་བྷ་ལྟི་དྷ་ཕྱུ་སྟུ་རྭ། ཀྲུ་མའཧ་་་་ཅའཧུ་རྙ་བྷ་ཏྭ། དེ་ཡི་འབྷ་ཙ་བསྟན་པ་ནི། །དུར་ཁྲོད་ལ་སོགས་དགུ་འདུས་སར། །རྡུལ་དལ་བྲིས་ལ་མཚན་མ་ཡི། །རྒྱལ་བ་ཀུན་གྱི་ཡེ་ཤེས་ཅན། །ཐོབ་ན་ཀུན་འདུས་མཐུན་པ་མེན། །ཁྲོ་རྒྱལ་གཤིན་རྗེ་ཡུམ་མཆོག་ལྡན། །བདུད་བཞི་བརྟན་མ་དུར་ཁྲོད་མཚོ། །མུ་ཁྱུད་རྡོ་རྗེ་འཕྲེང་བ་ཅན། །རྒྱན་རྣམས་ཡང་དག་གཟུང་པ་མེན། །ཡང་ན་བསྙེན་སྒྲུབ་འཁོར་ལོ་ནི། །གཟུགས་བརྙན་འཁོར་ལོ་མ་ཡིན་ཏེ། །གང་ཡིན་ལུས་ཀྱི་འཁོར་ལོ་ལ། །སྙིང་གི་རྩ་བཞི་གཤེད་བདུད་བཞི། །འདུས་པ་གསུམ་ལ་ཡབ་ཡུམ་སྟེ། །ཕྱི་རིམ་རྩ་བརྒྱད་འབྲེལ་ཆེན་བཞི། །བདུད་སྒོ་བཞི་དང་ལྡན་པ་ལ། །སོ་སོའི་སྒོ་རུ་ཡི་གེ་བཏགས། །དུར་ཁྲོད་བརྒྱད་དང་མཚོ་གླིང་བཞི། །དམིགས་པའི་བརྣག་པ་རྙེད་ལྡན་པས། །བདག་དོན་དོན་དུ་མཆོག་འགྱུར་ལ། །འཁོར་ལོ་དམ་པར་འདི་བཟུང་བྱ། །བསྒྲུབ་དང་བསྙེན་པའི་སྐབས་རྣམས་སུ། །རང་སྔགས་འདྲེན་པའི་སྙིང་པོ་དང་། །དྲག་པོ་ལས་ཀྱི་སྔགས་རྣམས་བཟུང་། །རྩ་སྒོ་སྦུབས་དང་བཅས་པ་ལ། །མེ་དང་ཆུ་ཡི་སྙིང་པོ་བརྟག །ས་དང་རླུད་གི་སྲོག་གཟུང་དཔྲལ། །ནམ་མཁའི་དངས་མ་ཐིམ་ཞིང་འཕོ། །འདི་ནི་མཆོག་གི་འཁོར་ལོ་ཡིན། །རྟག་ཏུ་མ་བྲལ་གདེང་ལྡན་ན། །མཆོག་གི་ལས་ལ་ཉེ་བ་ཡིན། །བཟློག་ཅིང་དཀྲུག་དང་རྣལ་མར་དྲང་། །གསད་པ་མཆོག་ལས་འདི་སྦྱར་རོ། །ཡང་ཐོག་སྟོབས་དཔག་མེད་པའི་ལས། །གསང་བ་གབ་སྦས་ཐིག་ལེ་མཆོག མ་ག་གནས་མཐའ་ལས་ཆེན་རྒྱལ། །རྒྱལ་བ་ཀུན་གྱི་ཐིག་ལེར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །འཁོར་ལོ་རང་གནས་ཀྱི་ལེའུ་སྟེ་བཅོ་བརྒྱད་པས་འོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཐུན་མོང་གི་སྦྱོར་བ་འདི་བཤད་དོ། །སྟོང་གསུམ་ཡ་མའི་ཞིང་ཁམས་སུ། །མཚོན་ཆེན་མེ་དབལ་དུག་མདའི་མཆོག །འཁྲུལ་གྱི་འཁོར་ལོ་གཏེར་གྱི་བཅུད། །ཉི་མ་ལབྱུང་སྲེག་དང་ལྡན། །ཡེ་ཤེས་མེ་དབལ་འཕྲུལ་གྱི་རྒྱུ། །རིགས་ཆེན་སེམས་དཔའ་ཆེན་པོ་ལ། །འཁོར་ལོ་རྒྱལ་པོ་ཡུན་དུ་གནས། །བདེ་བའི་ལས་ཅན་འཁོར་ལོ་བཅུད། །བརྣག་པའི་སྙིངས་མ་གསང་ལམ་སྦྱང་། །བདེ་བའི་གནས་ལ་བླ་མེད་འཕང་། ཁུ་རྐྱེན་སྦྱོར་བས་གཉིས་དོན་ཅན། །རྒྱུད་ཀྱི་རྒྱལ་པོ་འཕྲུལ་གྱི་གཏེར། །མཆོངས་ཆེན་འཕྲུལ་གྱི་སྦྱོར་བ་མཆོག །འཕྲིན་ལས་ཐམས་ཅད་སྒྲུབ་པའི་ལས། །སྦྱོར་བ་དུ་མའི་ལས་གསུངས་པ། །མ་ཧྭ་ནག་པོ་དུག་འཛིན་འདྲ། །བདག་དང་ལྡན་པས་འདི་སྦྱར་ན། །སྒྲུབ་པའི་ལས་སུ་ཡང་དག་གསུངས། །རིག་པས་མངོན་དུ་བཏགས་གནས་ལ། །རྫས་དང་སྦྱོར་བ་ཀུན་ལྡན་ན། །བསྙེན་པ་གསུམ་ལ་སྦྱོར་བ་དཀྲུག །གདེངས་ཉམས་ཕྱག་རྒྱའི་རྟགས་ཚད་མས། །མཆོག་ཏུ་མ་ར་ཡ་ར་ཙ། །ཐུན་མོང་གནས་པའི་སྦྱོར་བར་བཤད། །རིན་ཆེན་གའུ་ཡོ་ཐོད་པ་མྲ །མ་ཤི་དབུགས་ཆད་དོན་ཁྲག་ལྡན། །རྟེན་དྲུག་མེ་རླུད་ས་ཆུའི་བཅུད། །དྲི་མ་ས་རྡོ་རྗེའི་ཁྲག །སྒོ་རྟེན་བཅུ་དྲུག་སོར་བརྐོས་ལ། །རྫས་རྣམས་སྦས་པ་སྦྱོར་དང་པོ། །གཏད་ཁྲམ་ལས་ཀྱིས་སྦྱོར་བར་བཤད། །པདྨ་རུས་པའི་ག་འུ་མྲ །དྲུག་ལ་བཅུ་གཉིས་སོར་གཟུགས་གཅིག །དམར་ནག་ཧ་ལ་ཆ་གསུམ་ཆུས། །བསྐུས་ལ་རྟེན་གསུམ་རལ་གྲིས་བཤག །བམ་གུད་གདམས་ལ་ག་འུར་གཞུག །གསུམ་གཉིས་གཅིག་མཐར་ག་བུར་དྲིལ། །བབ་ཀྱི་དཀྱིལ་སྦ་ཐལ་ཆེན་དགབ། །དེ་ཡི་སྦྱོར་བ་བཅུ་དགུ་གཅིག །རྫོགས་ནས་གསད་པའི་སྦྱོར་བ་བཤད། །ཉ་ཕྱིས་རུ་སྦལ་ག་འུ་སྲ །ཁྱི་དོམ་ཕག་སྦྲུལ་རྟ་ལུག་ཁྲག །མཛོ་ཏོལ་དྲེའུ་རྟེན་དྲུག་བསྲེ། ་་ས་ཀར་ཟངས་ལྕགས་དུག་ཐུན་བྲག །ཁྱི་སྟོང་བརྒྱ་ཡི་ལས་སྦྱོར་གྲངས། །སྙིང་པོ་དང་བཅས་ག་འུར་གཞུག །གཡས་འགྲམ་འདོམ་དོ་ཚད་ཁྲུ་གང་། །སྦས་ལ་སྟག་ཟིལ་རྡོ་བས་མནན། །སྦྱོར་བ་བཅོ་ལྔ་བཞི་གཉིས་ལྡན། །དེ་ཡིས་མཆོག་ཏུ་གསོད་པར་བཤད། །མཚན་མེད་ཕྱལ་བའི་ག་འུ་སྲ །དྲུག་པ་བཅུ་དྲུག་དང་ལྡན་གཟུགས། །སྐྱེར་ལྕགས་མཆོག་ཕྲན་གསུམ་སོར་བཞི། །སྤྱི་སྙིང་གསང་གསུམ་ཕུར་གསུམ་གཟེར། །ཕུངས་གསུམ་དུ་ག་འུ་སྦ། །ཕ་མེས་བླ་རུས་སྟེང་དུ་བཞག །སྦྱོར་བ་ཁྲི་གཅིག་སྟོང་དུ་བཤད། །དུད་པ་མེད་པའི་མེ་ཁང་ནས། །ཨུར་མོ་བཅག་དང་རྐྱེན་བླངས་ལ། །རྣ་མེད་ཁྲག་དང་ལྟོ་འགྲོས་ཤ །ཀླུ་གནས་བྲེའོ་ལྐོག་མའི་ཁྲག །རྐང་མངས་འདེགས་པའི་ལུས་དང་སྦྱར། །དམིགས་པའི་ལུས་སམ་གོས་ལ་བསྐུ། །ལོ་དང་ཟླ་བའི་དུས་ན་འཇོམས། །འབུམ་གཅིག་སྟོང་གི་སྦྱོར་བ་རྫོགས། །སྦྱོར་བ་པན་ཙ་དྲི་རུ་བཤད། །མུ་ཟི་ནག་པོའི་བླ་རྐང་དུ། །པེས་བྱ་སྟག་མོ་མོན་གྱི་སྦྲུལ། །གསེར་བྱ་ཀླད་པ་ཨུ་ཙུས་ཁྲག །རྨེ་བ་གསུམ་དང་སྣུམ་ཆེན་དྲུག །རྫས་ལ་སྦྱར་བ་གསུམ་གྱིས་དྲིལ། །ལམ་སྦས་བགོམས་པས་སྦྱོར་བ་འདུ། །རྫས་ལ་ཐབས་ཀྱིས་སྣུར་པར་བཤད། །རྐྱང་ཤ་ཉ་ཤ་མུ་ཟི་སླུམ། །ཚ་དང་ཆང་བྲན་ཞག་དགུ་སྦ། །བཏོན་ལ་ཀུན་བཏགས་དྲོད་དང་བསྲེ། །ཉེ་བར་ཟ་ན་དུས་ན་འཇོམས། །དེ་ལ་སྦྱོར་བ་བཅུ་དྲུག་ལྔ། །སྔགས་ཀྱི་ནུས་པ་བརྒྱ་སྟོང་གཅིག དྲག་པོ་སྔགས་ཀྱི་སྦྱོར་བར་བཤད། །ར་ཁྲག་རྐྱང་རྔོག་ཟེར་མོ་ཀླད། །སྲན་ཆུ་བག་ཕྱེ་ཆང་གིས་སྦྲུ། །གོང་བཞིན་གནོན་ལ་ཟོས་ན་འཇོམས། །ཐུན་མོང་ཡན་ལག་སྦྱར་བར་བཤད། །ཆུ་ཁུ་དུད་པ་ཉ་སྤྱིན་སྦྱར། །དགུ་དྲུག་གསུམ་དུ་དྲོད་ལ་ཙ། སྤྱང་ཤ་དང་བསྲེས་ཆང་ལ་གདབ། །ཟླ་བ་དུས་ཀྱི་སྦྱོར་བ་བཤད། །རྒས་བའི་ཁྲག་དང་ཉ་བྱའི་ཤ། །ཉུང་བ་མར་ཁུ་ཟེར་མོ་ཀླད། །རྐང་མངས་འདེགས་པའི་ལུས་དང་སྦྱར། །རྟེན་དྲུག་ཕོ་བའི་སྦྱོར་བར་བཤད། །སྐྱེར་ཆུ་འོམ་བུ་ཐར་ནུར་ཆང་། །ལུམ་ཤིང་དུད་པ་ཐར་ནུ་ཆང་། །ཕྱེ་མར་བཏགས་ལ་སྦས་ལ་མནན། །རུལ་ནས་སྲན་ཆན་སླུམ་དང་བསྲེ། །སྔགས་བཟླས་ཟོས་ན་ཉེ་བར་བཤད། །མེ་ཏོག་བཅུད་བླངས་བུང་བའི་ཤ །མ་ཐོན་འབུ་དང་སྦྲང་མའི་ཆང་། །སྤྱང་དུག་རྩ་བ་ཀྱི་ལྕེ་བ། །བསྲེས་ལ་ར་ཡི་ཁྲག་གིས་སྦྲུ། །དྲོད་བཅུད་དང་སྦྱར་སྤྲད་ན་འཇོམས། །སྦྱོར་བ་བཅུ་བདུན་གཅིག་མཐར་ལྡན། །མོ་རིགས་འཕོ་བའི་སྦྱོར་བར་བཤད། །ཆུ་རླངས་རྡོ་དྲེག་ཉ་རུལ་ཤ །ར་དང་ཕག་ཁྲག་སྔོ་སྣ་ཚོགས། །རྡོ་རྗེའི་ཆུ་དང་མར་ཁུ་ཆང་། །བ་ཡི་དྲོད་དང་ཀྱི་ཚ་སྲམ། །བག་ཕྱེ་མར་ཁུ་དྲོད་དང་བསྲེ། །ཡུལ་དང་སྤྲད་ན་འཇོམས་པར་བཤད། །ཡམ་ཤིང་དུད་པ་བོང་ལྡད་ཆང་། །ཞུན་མར་སྙིང་པོ་མར་ཁུ་ཚ། །ཤ་སུ་ས་ཁུ་བ་མར་ཁུ་བྲ་བོའི་ཕྱེ། །དྲོད་དང་སྦྱར་ན་སྦྱོར་བའི་མཆོག །རྒྱལ་བློན་སྟོབས་ཆེན་འཇོམས་པར་བཤད། །བྷ་སྣྲི་དྷ་ལའཧ་ན་བྷའི་ཙྭ། ཤཱ་ཀྲུ་བྷ༷་ཞུན་ཙ་རའི་དོན། ཏི་ཙ་སྦྱར་བས་ཐམས་ཅད་འཇོམས། །དྲག་པོ་བརྡ་ཡིས་འཇོམས་པར་བཤད། །རྡོ་ཁྲག་ཤིང་ཁྲག་ས་ཡི་དབུགས། །སྲིན་ཆད་འབྲུག་རྒྱུགས་གློག་གི་རྗེས། །ཁྲམ་་ གྱོད་བཅུག་ལ་འགྲེམ་འོག་སྦ། །མཁར་དེ་འཕོ་དང་འཇིགས་པར་བཤད། །བདུད་རྩི་མངར་དང་འོ་མ་ཆང་། །ཁྱི་ཤ་དང་བསྲེས་དྲོད་ལ་གཏད། །བསྒྲུབ་པའི་ཡན་ལག་གཉིས་བརྒྱ་གཅིག །སྦྱོར་བ་དུ་མ་ལས་ཀྱི་གནད། །དེ་ཡི་སྦྱོར་བ་དཔག་མེད་ལས། །ཐུགས་ཀྱི་འཕྲེང་བའི་ཐིག་ལེ་བཅུད། །དབུ་རུ་དབྱངས་ཀྱི་དང་པོ་ལ། །དབྱངས་ཡིག་བཅུ་བཞིས་སྟེང་དུ་བརྒྱན། །དེར་རྗེས་མཛེས་པའི་ཐིག་ལེ་ཅན། །དེར་ཡང་ལྔ་པའི་མཐའ་མས་གནན། །དེ་འོག་དྲུག་པའི་དང་པོ་ལ། །དེར་རྗེས་སྒྲ་ཡི་དང་པོའོ། །དྲུག་པའི་གསུམ་པས་འོག་ཏུ་སྦྱར། །སྟེང་དུ་ལྔ་པའི་མཐའ་མས་མཛེས། །དེ་འོག་གསུམ་པའི་གསུམ་པ་ལ། །དབྱངས་ཡིག་ལྔ་པས་འོག་ནས་བརྒྱན། །དེ་འོག་དྲུག་པའི་གསུམ་པ་ལ། །སྟེང་དུ་ལྔ་པའི་མཐའ་མས་བརྒྱན། །དེར་རྗེས་གཉིས་པའི་དང་པོས་མཛེས། །དེ་འོག་ཨུ་ཤའི་དང་པོ་ལ། །ལྔ་པའི་མཐའ་མས་སྟེང་དུ་བརྒྱན། །དེ་འོག་གསུམ་པའི་དང་པོ་བཞག །རྗེས་སུ་གསུམ་པའི་མཐའ་མའོ། །དེ་འོག་ལྔ་པའི་མཐའ་མ་བཞག །དེ་འོག་དྲུག་པའི་གསུམ་པ་བཏགས། །དེ་འོག་དྲུག་པའི་དང་པོའོ། །དེ་འོག་གསུམ་པའི་དང་པོ་ལ། །དབྱངས་ཡིག་གསུམ་པས་སྟེང་དུ་བརྒྱན། །དེ་འོག་སྒྲ་ཡི་དང་པོ་ལ། །དབྱངས་ཡིག་བཅུ་བཞིས་སྟེང་དུ་བརྒྱན། །དྲུག་པའི་གསུམ་པས་འོག་ཏུ་འབྲེལ། །དེ་འོག་དྲུག་པའི་དང་པོ་ལ། །ལྔ་པའི་མཐའ་མས་སྟེང་དུ་གནན། །དེ་འོག་དྲུག་པའི་གསུམ་པ་ལ། །འོག་ཏུ་ལྔ་པའི་གསུམ་པས་འབྲེལ། །གསུམ་པའི་གསུམ་པས་ཡང་དག་ལྡན། །སྔགས་ཀྱི་སྦྱོར་བའི་འཕྲེང་བ་འདིས། །སྦྱོར་བ་ཉིས་བརྒྱ་སྟོང་ཉིད་འགྲུབ། །ལས་འདི་བརྩམས་ན་ཐེ་ཚོམི་མེད། །ཐབས་མཆོག་ལྡན་པའི་སྦྱོར་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །སྦྱོར་བའི་ཐུན་མོང་གི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་མེ་སྐྱོགས་ཆུ་སྐྱོགས་ཀྱི་སྦྱོར་བ་འདི་བཤད་དོ། །ཐུགས་ཀྱི་འཕྲེང་བ་དང་སྦྱར་ལ། །མེ་ཤེལ་དྲོད་ལ་འུག་མེ་བདུག །སྟག་བྱའི་ཤ་དང་པུ་ཤུད་སྙིང་། །དུར་ཁྲོད་སོལ་ཆེན་རྒྱ་ཤུག་སྤྲེ། ཁྲ་སྙིང་བསྲེས་ལ་སྒོ་ངར་རྫས། །བདུན་སྟོང་སྦྱོ་བ་སྟན་ལ་བསྟིམ། ཁྲ་བའི་རྫས་ལ་འགུལ་ཏོག་བྱ། །ཉི་མའི་དྲོད་བསྡུ་སྦྱོར་བ་བསྟིམ། །ཉ་གསུམ་གུང་ལ་སྒོ་ང་འཕང་། །སྔགས་ཀྱི་སྦྱོར་བ་བརྒྱད་དང་བདུན། །གྲོང་ཁྱེར་ཆེན་པོ་མེ་ཡིས་འཇིག། །བཅུ་ནས་ཉི་ཤུ་གསུམ་གྱི་བར། །རབས་ཆད་ཐོད་པར་ཆུ་ཤེལ་བཅུག །གཞན་ཡང་གཉན་རར་དམིགས་གུའི་ཆུ། །ཉ་སྦྲུལ་ཤ་དང་བྱ་སོ་ཁྲག ཐོད་པར་བླུགས་ཤིང་སྦྱོར་བ་དྲིལ། །དེ་ཡི་སྦྱོར་བ་རྒྱས་བསྟན་པ། ཁུ་རྐྱེན་འདྲེན་པ་དབྱངས་དང་སྒྲ། །དང་པོར་དབྱངས་ཡིག་དེ་ཉིད་ལ། །ཨོ་ཡིས་སྟེང་བརྒྱན་ལྔ་བས་མཐའ་མཛེས་ཨུ་ཤའི་འོག །སྦྱོར་བས་སྙིང་པོ་ཡོན་ཏན་རྫོགས། །དྲུག་པའི་གསུམ་པས་ལྔ་པའི་མཐའ་མས་མཛེས། །གཉིས་སུ་བོས་ལ་དྲུག་དང་པོ། །ལྔ་པའི་མཐའ་མ་སྒྲ་དང་པོ། །དྲུག་པའི་གཉིས་པ་དྲུག་པའི་གསུམ་པ་སྦྱར། །དེ་ལ་ཨུ་བཏགས་མཚམས་སུ་སྦྱར། །སྙིང་པོ་སྡུད་པ་གསུམ་དང་སྦྱར། །ཉིན་མཚན་ཁྲི་ཁྲི་རྫས་ལ་དབབ། །ཉི་ཤུ་བདུན་ནས་གནམ་སྟོང་དུ། །གསུམ་སྤངས་ལྔ་པའི་གསུམ་པ་ལ། །བྷ་མ་ཧྭ་ཡིས་འོག་ནས་བརྒྱན། །སྟེང་ནས་ཨོ་བརྒྱན་ཁྲི་ཚོ་བཞི། །ཐོན་ན་སྟོན་ཟླ་ར་བའི་སྟོང་། །ཐོ་རངས་སྦྱོར་བ་གསུམ་གྱིས་འཕང་། །གང་དམིགས་རྟེན་ལ་སྐྱིན་ཐང་འབེབས། །དྲག་པོའི་ཡན་ལག་མ་ལུས་རྫོགས། །དེ་མོའི་ལུས་ལ་ཞིང་ལྤགས་བསྒྲུབས། །སྲིན་བྱའི་སྒོ་ངར་ཤ་དང་ཁྲག །བརྫངས་ལ་དེ་མོའི་སྐྱེ་རུ་གདགས། །ཁྲག་གི་ཀློང་དུ་བྱ་གཞག་ལ། །འཕང་བ་བོར་ལ་སྦྱོར་བ་ཟློག །བདུན་འབུམ་མེ་ཆུ་སྙིང་པོ་བླང་། །རྟགས་དང་སྦྱར་ལ་རྟེན་ལ་དབབ། །རྩ་བའི་ལས་ལ་སྤོབས་པ་བྱ། །བམ་གྱི་འགུལ་ཏོག་དེ་མོ་འཕང་། །མེ་རླུད་སྐྱིན་ཐང་ལས་ཀྱི་འཁྲུག །བྱི་ལའི་གསོབ་ཤུན་ཕུང་ས་ཆུ། །རྒྱ་སྲི་ཤིང་ལ་མི་མཐུན་གཟུགས། །སེན་གང་མོས་པའི་ཁྲག་གིས་བྲིས། །བདུད་དང་ལྔ་རུ་སྦྱོར་བ་དྲིལ། །དབུ་རུ་ཡོན་ཏན་རྫོགས་པའི་འབྲུ། །དྲུག་པའི་ལྔ་པའི་མཐའ་མ་གཉིས། །དྲུག་པའི་གསུམ་པ། །སྒྲ་ཡི་དང་པོ་གསུམ་པས་ཨུག །ལྔ་པའི་མཐའ་མ་ཨོ་སྟེང་བརྒྱན། །ལྔ་པའི་མཐའ་མ་བསྣན་ལ་བོད། །སྒྲ་ཡི་དང་པོ་ཨུ་ཤའི་གཉིས་པས་འོག །རྒྱན་ལ་སྟེང་ལ་ཨེ་ཡིས་མཛེས། །དྲུག་པའི་གསུམ་པ་གསུམ་པའི་དང་པོར་སྦྱར། །གསུམ་པའི་བཞི་པའི་ལག་ཏུ་ཨུ། །དྲུག་པའི་གཉིས་པ་རི་ཡིས་བརྒྱན། །ཨུ་ཤའི་མཐའ་མ་ཨུ་ཤའི་གསུམ་པས་གནན། །ལྔ་པའི་དང་པོ་ཨོ་སྟེང་བརྒྱན། །དེ་ལ་ལྔ་པའི་གསུམ་པས་གནན། །གོང་མས་བསྡུས་ལ་འོག་མས་དབབ། །ཐ་ཆུང་བཞི་ཡི་ཉ་ལ་སྦྱར། །སྟོབས་ཆེན་དྲེགས་པ་སྲིན་མོ་ཡི། །བརྒྱ་བཅུ་གཉིས་དང་རྟེན་ལ་སྦྱར། །དུས་ཚོད་སྦྱོར་བའི་གནད་ལ་དབབ། །འགྲམ་རྩ་ཐེམ་འོག་མལ་ལམ་བྲས། །སྦས་ལ་སྦྱོར་བ་གསུམ་གྱིས་དབབ། །ཆགས་པའི་སྙིང་པོ་གསུམ་དང་ལྡན། །ལས་ཀྱི་མཐའ་རུ་དགུ་སྐོར་གནན། །མཆོག་གི་ལས་དང་གཅིག་ཏུ་སྦྱར། །གྲི་ཐོད་ཁྲག་གསུམ་ནཱ་ག་ཡུལ། །བཅུག་ཐུན་གསུམ་སྙིང་པོ་བསྟིམ། །སྟོང་གཅིག་ཁྲི་བཞི་བརྒྱ་ཕྲག་གསུམ། །ཟླ་བ་དགུན་དང་དཔྱིད་སྟོན་སྦྱར། །ཁྲག་ཐོད་གསུར་གསུམ་མཐའ་རུ་སྲེག །བསྡུ་དྲིལ་དབབ་པ་འབྲས་བུ་འཇོམས། །གཟིར་བ་གསུམ་དང་མིང་དང་སྦྱར། །མགོ་སྤངས་དྲུག་པའི་དང་པོ་རླུད་། །སྒྲ་ཡི་དང་པོ་ཨུ་ཤའི་གཉིས་པས་ཨུག །སྟེང་དུ་ཨེས་བརྒྱན་རླུད་སྟེང་ཡོ་། །གསུམ་པའི་མཐའ་མ་དང་པོ་ཨོ་དང་ལྡན། །སྡུད་པ་གཅིག་དང་མིང་དུ་གཟིར་ལ་གཟིར། །གསུམ་སྤངས་ལྔ་པའི་དང་པོ་གཉིས། །དྲུག་པའི་གསུམ་པས་འོག་ཏུ་བརྒྱན། །སྟེང་དུ་ཨོ་གཉིས་ལྔ་པའི་མཐའ་མས་མཛེས། །སྟེང་དུ་ཨེས་བརྒྱན་རླུད་སྟེང་ཨོ། །གསུམ་པའི་མཐའ་མ་དང་པོ་ཨོ་དང་ལྡན། །སྡུད་པ་གཅིག་ལ་མིང་དུ་སྦྱར་ལ་གཟིར། །གསུམ་སྤངས་ལྔ་པའི་དང་པོ་གཉིས། །མཚམས་སུ་གཉིས་སྦྱར་དྲིལ་གནད་མཆོག །ཀུན་ལྡན་མཐའ་རུ་ཨུ་ཤའི་དང་པོ་གཉིས། །དྲུག་པའི་གསུམ་པ་གཉིས་གནན་ལ། །གསུམ་པའི་མཐའ་མ་དང་པོའི་གསུམ་པ་ཉེ། །ཨུ་ཤའི་གསུམ་པ་དང་པོའི་མཐའ་མས་ཨུག །ལས་རྒྱན་སྒྲ་ཡི་དང་པོའི་མཐའ་མས་གནན། །གཟིར་བ་གསུམ་པའི་མཐའ་གཉིས་གནན། །ལྔ་པའི་དང་པོ་ཨོ།ས་སྟེང་བརྒྱན། །དེ་ལ་ལྔ་པའི་གསུམ་པས་གནན། །གཉན་ར་གདུག་པར་གནན་སྲེག་གཟིར། །དབབ་པ་སྦྱོར་བ་འཇོམས་པར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །སྦྱོར་བ་གསང་བའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དབང་གི་གླེང་གཞི་འདི་བཤད་དོ། །རྡོ་རྗེ་སྲིན་པོའི་སྦྱོར་བ་ལ། །འཁོར་ལོ་རྟེན་གྱི་བྱིན་རླབས་མཆོག །རྫོགས་པའི་འཁོར་ལོ་ལེགས་བསྒོམས་ན། །ཡེ་ཤེས་འཁོར་ལོ་བྱིན་གྱིས་བརླབས། །ལྷ་ཡི་འཁོར་ལོ་ལེགས་ཐོབ་ནས། །ལས་ཀྱི་འཁོར་ལོས་ཕྲག་བརྒྱད་བསྐོར། །བརྒྱད་གཉིས་བཅུ་དྲུག་འཁོར་ལོར་སྦྱོར། །བྱིན་བརླབས་འཁོར་ལོས་བདག་དབང་བསྐུར། །དབང་གི་གནས་སུ་བསྟན་པའི་ཕྱིར། །འཁོར་ལོ་དབང་ཕྱུག་མི་འགྱུར་བརྟན། །རིན་ཆེན་ཐོད་པའི་བུམ་པ་མྲ །ཡེ་ཤེས་ཆུ་དང་བཅུ་ཕྱེད་སྣུམ། །རིགས་དང་ཁྱད་པར་ལས་བསྐྱེད་ལ། །རྩ་བ་ལས་དང་སིརྙི་བཟླས། །བཟླས་པའི་མཚན་མ་རྙེད་པ་དང་། །བདག་དང་སློབ་མ་དབང་བསྐུར་ལ། །དངོས་གྲུབ་བཅུད་ཀྱི་བུམ་པ་བླང་། །ནུས་པ་སྐྱེད་ཕྱིར་པན་ཅིའི་དབང་། །ཉི་ཤུ་རྫས་ཀྱི་རྣམ་པ་གཅིག །རྒྱན་དང་དྲག་པོའི་དུར་ཁྲོད་ཀྱི། །སྔགས་དང་ཕྱག་རྒྱ་རབ་བརྟན་ལ། །རིགས་དང་ལྡན་པའི་དབང་ཕྱུག་གིས། །རྒྱལ་བའི་གདུང་ཚོབ་རྣམས་ལ་སྦྱིན། །ལས་ལ་ཐོག་མེད་ཕན་པའི་དབང་། །དྲེགས་པ་ཕོ་མོས་ལས་ཀྱི་དབང་། །བསྐུར་ཞིང་བདེ་བའི་ལམ་ལ་གཟུད། །གསང་བ་གཟུངས་མའི་ཕྱག་རྒྱ་བླང་། །རིགས་དང་དངོས་གྲུབ་ཀུན་སྦྱར་ལ། །ཡབ་ཡུམ་མཉེས་པའི་བྱིན་རླབས་ལས། །རྟེན་གྱི་འཁོར་ལོ་དྲུག་བསྒྱུར་ལ། །ཐབས་དང་བཅས་པས་རྒྱན་སྦྱངས་ལ། །བདེ་ཆེན་འཁྱིལ་བའི་བྱང་ཆུབ་བཅུད། །གཉིས་མེད་བདེ་བའི་སྒྲ་དང་འབྱིན། །ཐོགས་མེད་གྲུབ་པའི་དབང་དུ་བཤད། །ཡུམ་གྱི་པཟློར་བདེ་ཕབ་ལ། ཁེས་རབ་གནས་མཆོག་དམ་པ་ཡི། །ཡེ་ཤེས་བསྐྱེད་པའི་དབང་བསྐུར་བྱ། །བྷ་ག་གསང་བའི་གཞལ་ཡས་སུ། །རིག་པའི་བདེ་བའི་སེམས་བསྐུལ་ལ། །སི་རིའི་ལམ་སྦྱངས་པདྨར་འཁྱིལ། །རིག་པ་རྒྱན་གྱི་བྱིན་རླབས་བླང་། །རིག་པའི་འཁོར་ལོ་རང་དབང་བསྐུར། །ཡེ་ཤེས་འཁོར་ལོ་ཐོབ་པར་བཤད། །ཐམས་ཅད་མ་འདྲེས་མཉམ་རྫོགས་པའི། །མཉམ་ཉིད་བདེ་བ་ཆེན་པོ་ཡིས། །སྐུ་གསུམ་འབྲས་བུ་ལྷུན་རྫོགས་དབང་། །སྒྱུ་མ་སྣང་སྟོང་ཡེ་ཤེས་སྐུ། །མ་བསྐུར་བསྐུར་མེད་རྒྱུ་འབྲས་འདས། །ཐམས་ཅད་བདེ་བ་ཆེན་པོར་རྫོགས། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །རིག་པ་རང་དབང་བྱིན་རླབས་མཆོག །ཆོས་ཉིད་རྫོགས་པའི་དབང་དུ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །དབང་ཡོངས་རྫོགས་རྩ་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཐུན་མོང་དང་ཁྱད་པར་གྱི་དབང་འདི་བཤད་དོ། །ཆོས་སྐུ་བྱང་ཆུབ་སེམས་ཀྱི་ངང་ཉིད་ལས། །འཇམ་དཔལ་མི་གནས་ཟུང་དུ་མེད་པའི་སྐུ། །མི་གནས་ཁྲོ་བོ་ཡ་མན་ཏ་ཀ་དང་། །གཤིན་རྗེ་གཤེད་ཀྱི་ཕྱག་རྒྱ་རབ་བསྟན་པ། །བསྲུང་བར་བྱ་བའི་དམ་ཚིག་འདི་ལྟ་སྟེ། །སྔགས་པ་ཀུན་གྱི་དམ་ཚིག་སྲོག །བྱང་ཆུབ་བདེ་བའི་གཟུགས་ཡིན་པས། །སྲོག་ལྡན་དམ་པས་འདི་སྲུངས་བྱ། །སྦྱོར་བ་སྔགས་ཀྱི་འཁོར་ལོ་ལ། །མ་ཡེངས་བསམ་ག་་ཏིང་འཛིན་བསྟན། །གསང་བའི་ལམ་མིན་གཞན་མི་འགྲོ། །རི་པའི་བརྡ་མིན་ཕྱག་མི་བཙལ། །སྦྱོར་བ་ལས་ཀྱི་རྒྱུན་ཞུགས་ན། །གཏམ་མི་བྱ་ཞིང་ཤ་ཆེན་བཟའ། །གཡང་གཞི་སྟག་ལྤགས་རོ་རས་བགོ །དུར་ཁྲོད་རྒྱན་དང་འཕྲེང་བ་བགྲང་། །དུང་རྔ་གླིང་བུ་རྫ་རྔ་དང་། །རཀྟ་བདུད་རྩི་སྒྱུག་གླུ་བླང་། །སྨུག་ཆེན་སྨུག་ཆུང་དོན་དང་གསུར། །སྔགས་ཀྱི་འཁོར་ལོ་རྟག་ཏུ་བསྐོར། །མེ་རླུང་ལས་ཀྱི་འཁོར་ལོ་བལྟ། །མཚོན་ཆ་སྐུ་མདོག་སྣ་ཚོགས་གནག །འཛབ་རྫོགས་དགོངས་པ་གསང་བར་དྲང་། །བསྲུང་བ་སྔགས་ཀྱི་འཁོར་ལོ་བཅའ བསམ་ག་་སེམས་ཀྱི་འཁོར་ལོ་བལྟ། ཁྲེས་རབ་གསང་བའི་འཁོར་ལོར་འཇུག །ཐབས་ཀྱི་འཁོར་ལོ་བདེ་བ་སྤྲོ། །བྱང་ཆུབ་འཁོར་ལོ་ས་བོན་དྲང་། །བདེ་བའི་འཁོར་ལོ་བྷ་གར་བསྐྱིལ། ཁུགས་ཀྱི་འཁོར་ལོ་དབུགས་ལས་དབྱུང་། །འཕྲོ་འདུའི་འཁོར་ལོས་ཀུན་སྦྱང་བསྒྲུབ། །བརྒྱུད་པའི་འཁོར་ལོས་བསྲེག་སྦྱང་བགྲོད། །སངས་རྒྱས་འཁོར་ལོས་སྟོང་ཕྲག་འབྱུང་། །འཁོར་ལོའི་དམ་ཚིག་སྲོག་ལྟར་བཟུང་། །དེ་ལས་ཡོན་་་བྱིན་རླབས་འབྱུང་། །ཆུ་ཆེན་འབྲུག་ན་སྔོན་མི་བཟློག །ཡུལ་གསད་རོ་ལ་བློ་ཡིས་བླང་། །ཡུགས་ས་རབས་ཆད་ནག་པོ་དང་། །མུ་ཟའི་བམ་ཆེན་རྟག་ཏུ་བླང་། །དོན་དང་ཀ་བ་སྦས་ལ་བཅར། །མོན་གྱི་ཙིཏི་བརྙ་སེམས། །རྗེན་ཤུན་དབང་པོ་སྔོན་དུ་བླང་། །རོ་ལ་རྟག་ཏུ་བྱམས་ཤིང་རྟེན། །དཔའ་བོ་དོན་ཁྲག་མཚོན་ལྡན་འཚལ། །ཁྱི་དོམ་རྟ་སྙིང་དུར་ཁྲོད་ཤིང་། །རྩུབ་མོ་རྡོ་སོལ་ལུས་ལ་བརྟེན། །སངས་རྒྱས་མཆོད་རྒྱུན་བླ་མ་བཟུང་། །སྔོན་དུ་འགྲོ་བས་བག་བཅས་བསྡམ། །བྱང་ཆུབ་ལྕམ་དྲལ་རྒྱུན་མི་གཅད། །ཡ་མན་ཏ་ཀ་རྟག་ཏུ་བསྒོམ། །ཡ་ཚོགས་ཆུ་བོ་རྒྱུན་མི་གཅོད། །ལམ་དུ་ཞུགས་རྣམས་མངོན་པར་སྦྱར། །སྙིང་རྗེ་ཕན་སེམས་བརྩོན་པས་སྤྱིན། །དཀོན་མཆོག་བླ་མའི་རྒྱལ་སྲིད་བཅའ། །བསྟན་པ་རིན་ཆེན་གཏེར་ལ་བསྡུ། །སྙིང་པོ་ངད་དང་ཤུགས་ཀྱིས་དྲང་། །མཚན་ལྡན་གཟུངས་མ་བྱིན་རླབས་བཟུང་། །བཀྲ་ཤིས་ཕྱག་རྒྱའི་གཟུངས་མ་སྤྱད། །སེམས་ཀྱི་མེ་ཏོག་བདེ་བ་བླང་། །བྱང་ཆུབ་ས་བོན་གཞན་མི་སྤྲོ། །གསང་བའི་དོན་དུ་སྨྲ་མི་བྱ། །དམ་མ་འདྲེས་སོགས་གསང་མི་བསྒྲགས། །མཁའ་འགྲོ་གཞན་ཚོགས་བྱམས་ཤིང་གདུང་། །དབང་པོ་རྣོ་ལ་ཏིང་འཛིན་བསྟན། །ཕྱག་རྒྱ་གསལ་ལ་ཉམས་རྟོགས་ལྡན། །དམ་ཚིག་སྔགས་ཀྱི་འཕྲེང་བ་བཟུང་། །ཐུན་མོང་དམ་ཚིག་བསྲུང་བར་བཤད། །ཁྱད་པརདམ ཚིག བསྲུངབ ནི། །སྤྱི་དང་ལྷག་པའིདམ ཚིག་གཉིས། །སྤྱི་ཡི་དམ་ཚིག་བཅུ་གཉིས་གཅིག །གཅན་གཟན་རྒྱལ་པོ་གསད་པ་མིན། །ཟ་མ་ཏོག་གི་ཁ་མི་དབྱེ། །གངས་ཀྱི་ཞུན་ཆུ་བ་་མི་བྱ། །སྣོད་ངན་བདུད་རྩི་བཅ་མི་བླུག །ནོར་བུ་རིན་ཆེན་རྒྱན་མི་དཔོག །རིན་པོ་ཆེའི་ལྷ་བྲན་མི་བསྲེལ། །རྡོ་རྗེ་གཏམས་པའི་རྫོང་མི་གཤིག །བྱང་ཆུབ་ས་བོན་བསྲེག་མི་བྱ། །རྡོ་རྗེ་ར་བའི་དབང་མི་གཤིག །ཕྱག་རྒྱ་ཆེན་པོའི་རྒྱན་མི་དགྲོལ། །མུན་པ་གསལ་བའི་སྒྲོན་མི་གསད། །རྡོ་རྗེ་ཆུ་བའོ་བཀའ་མི་བཅག །འབྱུང་བ་ལྔ་ཡི་དངས་མི་བསྡུ། །གཞན་ལ་རང་གི་སྔགས་མེད་ཟུག་པ་མི་གདོན། །སྔགས་ཀྱི་དུག་མདའ་ཁོང་ནས་་མི་གདོན། །རིན་པོ་ཆེའི་རྒྱ་ས་མི་གཤིག །སྒྱུ་མའི་ཕུང་པོའི་རི་མི་བསྙིལ། །བྱ་རྒོད་དཀར་པོའི་གཤོག་པ་མི་བཅག བྱ་ཁྱུང་སྡེར་མོས་རྒྱ་མཚོའི་གཏིང་མི་དཀྲུག རང་གི་ཞེ་སྡང་ལམ་མི་དགག སྒྱུ་མ་སྣང་བའི་སྒྲོན་མི་གསད། །གསང་དམ་ཕྱག་རྒྱའི་བརྡ་མི་དགྲོལ། །རིན་པོ་ཆེ་ཡི་སྒྲོན་མི་གསད། །ཕྱི་ཡི་དམ་ཚིག་བསྲུང་བར་བཤད། །ལྷག་པའི་དམ་ཚིག་རྣམ་པ་ལྔ། །དང་དུ་བླངས་ཤིང་གདམས་པར་བཤད། །འདུན་པ་གསུམ་གྱི་བསྟན་པ་བརྟག །ཡིན་པ་བཞི་ཡིས་ལྷག་པར་བརྟག །ལྟ་བ་བཞི་ཡིས་ཉམས་སྟོབས་ལྡན། །དབང་བསྐུར་གཉིས་ཀྱིས་གཏན་མི་དགྲོལ། །གསང་བ་གསུམ་གྱི་རང་དབང་བསྡུ། །ལྷག་པའི་དམ་ཚིག་ལྔ་རུ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །དམ་ཚིག་གཟུངས་ཀྱི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གནད་དགུ་གཟེར་གྱི་སྦྱོར་བ་འདི་བཤད་དོ། །སྦྱོར་བ་སྔགས་ཀྱི་འཁོར་ལོ་མཚོན། །གནད་དགུ་ཐབས་ལྡན་གཅོད་དང་འབིགས། །གསང་གསུམ་ལས་ཀྱི་མཐའ་རུ་བཅའ། །སྲོག་རྟེན་གཟེར་བཞིའི་ཐེབས་ལ་བླངས། །བདག་ཉིད་ཀུན་བདག་དེ་བཞིན་གཤེགས། །མ་ལུས་འདུས་པའི་ཁྲོ་གཉེར་ཅན། །འདུས་པ་བཞི་ཡི་སྦྱོར་བ་ཅན། །གསང་བའི་སྒྲོན་མ་བརྡ་ཡིས་བརྡེག །དབང་ཅན་དྲེགས་པ་དམོད་པའི་བདག །མྱོས་བྱེད་ཕོ་མོའི་ལུས་ལ་གཟུད། །འདུས་པའི་ཐིག་ལེ་ཡིད་ཀྱིས་བཟུང་། །ལུས་ཀྱི་རི་བོ་ཁྲོ་གཉེར་ལ། །ལྷུན་པོ་རི་རབ་བརྟན་ལྟར་བརྗིད། །ཁྲོས་པའི་ཡིས་ཀྱིས་ཀུན་བཟློག་ནས། །རང་གནས་ཕྱག་རྒྱ་ཆེན་པོ་ཡི། །ལུས་ལ་ཡེ་ཤེས་འཁོར་ལོ་བཅས། །ཁྲོ་བོ་འཁོར་ལོ་ཉི་མ་བརྟན། །གཏུམ་ཆེན་རྔམ་བརྗིད་རྡོ་རྗེ་འབར། །ཡ་མ་ཀུན་འདུས་རིན་ཆེན་ཡུམ། །ཀུན་འདུས་རིན་ཆེན་སྒོ་ཡི་སྒོ། །ལོངས་སྤྱོད་མགྲིན་པ་བདེ་ལམ་གནས། །བདེ་ཆེན་རིན་ཆེན་རྒྱ་མདུད་ཨོ། །སྐྱེད་རྩ་དགུ་འམ་གསང་གནས་སུ། །ཉི་མའི་དཀྱིལ་འཁོར་བདེ་བ་ལྔ། །ཁྲག་འཐུང་ཡབ་ཡུམ་གཟི་བརྗིད་འབར། །སྤྱི་བོ་གསེར་གྱི་སྒོ་གཉིས་དང་། །དགུ་མདུད་འདུས་པའི་ཁུང་བུ་དང་། །ཐུགས་ཀ་ལག་པ་གཡས་གཡོན་དང་། །གསང་སྒོ་རྐང་པ་གཡས་གཡོན་གཉིས། །སྨིན་མཚམས་ལྷག་པ་རྡོ་རྗེའི་བརྡ། །ཉི་མའི་དཀྱིལ་འཁོར་འབར་བཅས་པའི། །ཁྲོ་རྒྱལ་ཀུན་གྱི་ཐིག་ལེར་བྱ། །དབུ་ལ་ཁྲག་འཐུང་དབུ་རྒྱན་ལྔ། །ཉི་མའི་དཀྱིལ་འཁོར་ཉིད་དང་ལྡན། །ཉི་མའི་དཀྱིལ་འཁོར་བཅུ་དང་གཅིག །ཁྲོ་རྒྱལ་ཀུན་བདག་ཁྲག་འཐུང་རྗེ། །གཤིན་རྗེ་མཁའ་འགྲོ་ཡི་དྭགས་བདག ཁྲ་ཟ་སྲིན་པོ་གྱིང་སྲོག་བདག །འདས་དང་མ་འདས་ཀུན་གྱི་ཡབ། །ཞིང་བཅུ་སྡིག་ཅན་ཀུན་སྒྲོལ་མཚོན། །ཁྲོ་ཆུང་སྤྲུལ་པ་གཟེར་ལྟར་ཞབྲུག །ཚངས་པ་ཀུན་ཁྱབ་ཉི་མ་ཅན། །ཉི་མ་གསང་ལམ་འོད་སྟོང་འབར། །སྟོང་གསུམ་གང་བའི་འཁོར་ལོ་འབར། །དགུ་འདུས་སྡིག་པ་གནས་ནས་འཕོ། །རྟེན་དྲུག་གནས་སྦྱངས་ཡ་ཚོགས་སྡུད། །རྩ་ལམ་སྲོག་དང་རླུད་གིས་འབྱེད། །བྱིན་རླབས་བསྟན་པའི་མཚོན་ཆས་སྲུན། །ཕྱག་རྒྱ་ཆེན་པོའི་སེམས་དང་ལྡན། །ཐུན་མོང་སེམས་དཔའ་ཁྱད་པར་ཅན། །རྩ་བཞི་འབྱུང་ལྔ་གནད་དགུ་དབབ། །དྲག་པོས་འཕངས་ལ་སྔགས་དགུ་གཟེར། །རྒྱུ་རྐྱེན་འཇོམས་པའི་ཉི་ཤུ་བདུན། །ལས་གསུམ་སྦྱོར་པ་དགུ་ཉིད་དགུ །སྤྱི་གཅོད་མཚོན་ཆ་སྐྲུ་གྲི་མེ། །བདག་ལ་འཇོམས་པ་གྱེན་ལ་གཟུད། །གཞན་གྱི་སྦྱོར་བ་རིམ་བཟློག་བྱ། །སྦྱོར་བ་སྔགས་ཀྱི་རིམ་པ་བཟློག འཕྲེང་བ་སྔགས་ཀྱི་རིམ་པ་བཟློག ཕྱག་རྒྱ་མཚོན་ཆའི་རྒྱལ་པོ་བཟློག སྐུ་ཡི་ཆ་ལུགས་རྒྱས་པ་བཟློག ཐུགས་ཀྱི་སྙིང་པོ་ཐིག་ལེ་བཟློག འཁོར་ལོ་རྒྱལ་པོ་རིམ་པ་བཟློག རིན་ཆེན་སྔགས་ཀྱི་གནད་དགུ་བསྡེབས། །བླ་གནས་རྟེན་གྱི་ཡུལ་དགུ་ལ། །སྦྱོར་བ་གཟེར་གྱི་སྔགས་དགུ་དབབ། །སྒོ་དགུ་དབྱེ་དང་ཚུལ་དགུའི་བརྟག །གཟེར་དགུ་གདབ་པའི་རིམ་དགུ་བཟློག །སྦྱོར་བ་གསུམ་ཡིན་བཟློག་པའི་གནད། །འཁོར་ལོ་འབར་ན་སྔགས་ཀྱི་གནད། །འཕོ་ཞིང་གཡོ་བ་མེད་པའི་གནད། །སྦྱོར་བའི་རིམ་པ་ལས་ཀྱི་གནད། །སྐབས་འཛིན་ཆུ་སྲིན་རྡོ་རྗེའི་གནད། །རིམ་བསྡུས་གཅོད་པ་དར་ལྡན་གནད། །སྦྱོར་བ་གསུམ་གྱི་གནད་དགུ་སྡེབས། །ཉུངས་ཀར་རྒྱལ་པོ་སྙིང་གཟེར་གནད། །ཉུངས་ནག་སྟོབས་ལྡན་ཀློང་གཟེར་གནད། །སྐེ་ཚེ་ཉེན་སློང་ལུས་སྦྱིད་གནད། །མི་ཁྲག་མྱོས་པ་ལྷད་པའི་གནད། །རྟ་ཁྲག་འབྱེད་པ་སེམས་གཡང་གནད། །ཁྱིཁྲག་གདུག་པས་དབུགས་སྡུད་གནད། །སྤྱན་དུག་མཚོ་ཆེན་རྩད་གཅོད་གནད། །རག་དུག་མེ་འབར་སྲེག་པའི་གནད། །དུག་རྒོད་ཁྲག་སྐྱེད་ཚད་པའི་གནད། །གནད་དགུ་འདུས་པས་རྟེན་འཇོམས་གནད། །བླ་གནས་རྟེན་དགུའི་བརྡ་གཟུགས་དགུ། །རྐྱེན་དགུས་བསྐུལ་ལ་རྟ་དགུ་འཕང་། །སྒོ་དགུ་ཕྱེ་ལ་རྟེན་དགུ་དབབ། །རྡོ་རྗེ་སྔགསབསྡུས་ཙིསྟའིགནད། །སྐུ་ཡི་སྔགས་བསྡུས་ཀླད་པའི་གནད། །ཐུགས་ཀའི་གཟེར་སྔགས་ཞེ་སྡང་གནད། །ཡོན་ཏན་རྫོགས་པ་ལོངས་སྤྱོད་གནད། །གསུང་གི་དྲི་མེད་འདོད་ཆགས་གནད། །ལས་རྫོགས་གསང་བ་རྒྱུད་གཅོད་གནོད། །ལས་ཀྱིས་སྲེག་པ་དགུ་འདུས་གནད། །གཤིནརྗེའིབདུད་ཉིད་གཏི་མུག་གཅོད་པའི་གནད། །སྐྱེ་མེད་རྡོ་རྗེ་རྩ་དབུགས་གཅོད་པའི་གནད། །རིམ་པའི་དུ་མ་སྦྱོར་བའི་མཆོག །གནད་གསུམ་བཟློག་པའི་སྦྱོར་བ་ཡིན། །སྔགས་ཀྱི་དབལ་དང་འབར་བའི་འོད། །ཕྱོགས་དང་མཐུན་པར་སྲེག་བྱེད་དེ། །གོང་མས་འཕེན་ཅིང་འོག་མས་གཅོད། །དེ་བཞིན་རིམ་པ་ཀུན་ལྡན་ནས། །དྲག་པོའི་སྤོགས་པའི་སྐབས་དང་སྦྱར། །ལས་དང་འདྲེན་པའི་སྐབས་དང་གཉིས། །གཞན་ཡང་འཁོར་ལ་སྤོགས་པ་དང་། །དགུ་སྐོར་དྲག་པོ་སྤོགས་པའི་ལས། །སྐབས་ཀྱིས་ལས་ཀྱི་འབྱེད་པར་སྦྱར། །སྟག་མོ་མཆེ་སྦྱར་རྡོ་རྗེ་རྨེ། །སེང་གེ་ཁ་ཐབ་གནམ་ལྕགས་སྡེབས། །སྟོབས་ཆེན་དྲག་པོའི་སྦྱོར་ཚུལ་ཅན། །རྡོ་རྗེ་སྲིན་པོ་མེ་ཡི་སྔགས། །སྤོགས་པའི་སྐབས་སུ་དྲག་པོ་སྦྱོར། །དྲག་པོ་སྔགས་ཀྱི་འཁོར་ལོ་ཉིད། །རྩ་བར་བཅས་པའི་ལོ་མ་ཅན། །སྙིང་པོ་གཅིག་ལས་ཡན་ལག་རྫོགས། །སྦྱོར་བ་བྱེ་བ་ཕྲག་ཡས་པ། །བསྡུས་པས་སྟོང་གཉིས་བཅུ་དྲུག་གཅིག །གསུམ་དང་བཞི་ལྔ་དྲུག་བདུན་བརྒྱད། །དགུ་དང་བཅུ་དང་བཅུ་གཅིག་གཉིས། །རྩ་བ་གཅིག་ལ་བདུན་ཅུ་གཉིས། །འཕེན་པའི་དྲག་སྔགས་དུམ་མར་འགྱུར། །སྦྱོར་བ་བྱེད་ན་དཔག་ཏུ་མེད། །བདུན་བརྒྱ་ཉི་ཤུ་ལས་ཀྱི་སྐབས། །ལས་ཀྱི་རྒྱལ་པོ་འཁྲུལ་འཁོར་ཡིན། །ཡ་བག་ཤ་ཡི་སྦྱོར་བ་སྟེ། །ལས་ནི་དུ་མ་རྩ་བ་གཅིག །འདུསཔསམཚོནཁམེལྕེཡི། །དྲིལ་བའི་སྔགས་ཀྱི་འཕྲེང་བ་གཅིག །བརྗོད་པས་དེས་པར་མི་འཇོག་གཅོད། །འཔྲེང་བ་སྔགས་ཀྱི་སྦྱོར་བ་ཉིད། །འཕེན་པའི་སྙིང་པོ་དངས་མ་རླུད་། །འཕངས་པས་སྨན་དྲི་འདུ་བའི་ཐོག །དྲག་པོ་མ་ཧྭའི་འབྲུ་ཉིད་ཀྱིས། །དྲིལ་བའི་བདེ་བའི་ཀློང་ནས་འབྱེད། །འགུགས་པའི་སྔགས་ཀྱི་སྐྱེ་བོ་ཡིས། །རྟེན་གསུམ་སྦྱོར་བས་དམིགས་པ་འགུགས། །ལུས་སྲོག་དབང་པོ་ཤེས་རྒྱུད་འབྲེལ། །བླ་དང་སྤྲུལ་པ་ཡང་སྤྲུལ་འགུགས། །ཡུལ་དབང་བསྟེན་གསུམ་སྒོ་རུ་དབྱེ། །དབུས་དང་མཚམས་ཀྱི་འབུབ་གནས་སུ། །དྲི་མའི་ལུས་ལ་སྲོག་བསྡུས་ལ། །མུ་ཏྲ་དང་བཅས་གཟིར་ལ་གསད། །མཆོག་གི་ལས་དང་གཉིས་སུ་བྱ། །སྤྲོ་བ་གསུམ་དང་ཐིམ་པ་གཉིས། །འཇུག་པ་གཉིས་ཀྱིས་རྟེན་དགུ་འཇོམས། །རྒྱུ་བཞི་ལས་ཀྱི་རྣམ་གྲངས་གསུམ། །ཚུལ་གསུམ་དམིགས་པ་འབྱེད་ཅིང་འཇོམས། །ཕྱག་རྒྱ་ཆེན་པོ་བརྟན་པ་སྤྱིན། །བགྲོད་པ་གསུམ་གྱི་ལམ་དང་སྤྲད། །གནད་ཐབས་ཀྱི་སྦྱོར་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །གསང་བ་གནད་ཀྱི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རྟེན་དང་ལིང་གའི་ཡུལ་འདི་བཤད་དོ། །སྦྱོར་བའི་རྟེན་ལ་ལས་དབབ་པ། །ལས་ཆེན་མཆོག་གི་དབྱེ་བ་སྟེ། །སྦྱོར་བ་ཀུན་གྱི་ཡུལ་དུ་བརྟག །དེ་ཡིས་དངོས་དང་སྦྱོར་བ་ནི། །ཐུན་མོང་སྤྱི་དང་ཁྱད་པར་གྱིས། །བསྒྲུབ་བྱེད་དམིགས་དང་བཅས་པའི་ཡུལ། །བདག་གི་འཁོར་ལོ་མཐུ་བཅུག་ལ། །ལྷ་ཡི་འཁོར་ལོ་ལེགས་ཐོབ་ནས། །བྱིན་རླབས་འཁོར་ལོས་མཐུ་བརྟན་ལ། །ཡེ་ཤེས་འཁོར་ལོས་བྱིན་གྱིས་རློབ། །ཡུལ་ལ་འཇུག་པའི་སེམས་བརྟགས་ལ། ཕྱི་ནང་གསང་བ་གསུམ་དུ་བརྟག །ཕྱི་རྒྱུད་ཡུལ་ལ་དམིགས་པ་ནི། །ཐུགས་ཀྱི་འཕྲེང་བ་སྦྱོར་བ་ཁྲི། །མིང་དང་བཅས་ལ་ཕྱག་རྒྱས་དགུག བཀྲ་མི་ཤིས་པའི་ཐོད་པ་མྲ །མཚོན་ཆའམ་རུས་པའི་ཐུར་མ་ཡིས། །རྒྱུ་རྐྱེན་དྲུག་བླངས་དབང་པོ་གཟིར། །རེ་བ་ཞབས་མ་འཁོར་ནག་དྲིལ། །དབང་པོ་བསྡམས་ལ་ཟིལ་གྱིས་གནན། །ཞག་གསུམ་གཟིར་ལ་ལིང་ག་བཅའ། །སྙིང་ཁ་དཔྲལ་བེ་བྱང་ཁྲམ་གདགས། །བཅུ་གཉིས་སོར་གཟུགས་དབང་པོ་ཐོད། །ལག་པ་སྙིང་ཁ་རིད་ལ་གནག །དུག་ཆུ་ཚ་བ་ཁྲག་གིས་བསྐུ། །སྔགས་ཀྱིས་གཟིར་ཞིང་བེ་ཆེན་བཅའ། །འཁོར་ལོ་དབུས་དང་མཚམས་དག་ཏུ། །འདོད་པའི་གཟུགས་དགུ་དང་ལིང་ག་བཞག །མིང་གི་དང་པོས་བསྐུལ་ལ་བསྐྱེད། །ལས་ཀྱི་ཕོ་ཉ་ཡང་ཡང་རྦད། །བསྐུལ་ཚིག་དང་བཅས་ཤེས་པ་དགུག ཀུན་མེ་དུད་པས་ལྷ་དང་དབྱེ། །བདག་གི་དབང་བསྡུ་གཞན་དབང་དབྲོག །ལིང་གའི་གནས་སུ་དབང་པོ་བསྡུ། །སྔགས་དང་མཚོན་ཆའི་ཐིམས་ལ་བླང་། །སྔགས་ཀྱི་སྦྱོར་བ་དཀྲུག་ཅིང་གསད། །ལིང་ག་དང་བཅས་འཁོར་ལོ་དྲིལ། །བྱང་དུ་བཅུག་ལ་དབང་པོ་གཟིར། །ཐོད་པར་བཅུག་ལ་མཚོན་ཆ་བསྐྱེད། །སྤྱི་བརྟེག་སྟོབས་ཀྱིས་གནན་པ་བྱ། །བླ་སེམས་མཚོན་དང་ཆགས་པའི་བརྟེན། །ཕྱི་ཡི་ལིང་ག་མཚོན་པར་བཤད། །དེ་བཞིན་ནང་གི་ལིང་ག་ནི། །དུད་འགྲོའི་ལུས་ལ་དབང་པོ་ལ། །གནས་ལྔར་བྱང་ཁྲམ་མཚོན་སྐུད་གདགས། །རྐྱེན་ལྔ་སྔགས་བཅས་དབང་པོར་བརྟག །ཙིསྟའིདཀྱིལ་དུ་སྲོག་བསྡུས་ལ། །འཕོ་བ་གསུམ་གྱི་རྟེན་དང་བཅས། །སྔགས་ཀྱི་འོད་དང་ཟེར་འཕྲོས་པས། །དྲག་པོའི་གནས་སུ་གན་རྐྱལ་གཞག །སྔགས་དང་ཕོ་ཉས་བླ་བཀུག་ལ། །ལྷ་དང་ཕྱེ་ལ་དྲག་སྔགས་དཀྲུག །གཟུགས་ལ་མཚོན་བརྡེག་དབང་པོ་འཕོ། །ཡན་ལག་བཅས་ལ་བསྟབ་པར་བྱ། །ཙིརྟི་ཕྱུང་ལ་གནན་པ་བྱ། ཁུ་རྐྱེན་དགོངས་པ་སྔ་མ་བཞིན། །རྟེན་འབྲེལ་འཕོ་བ་མིང་དང་བཅས། །ནང་གི་ལིང་ག་རྟེན་པར་བཤད། །དེ་བཞིན་གསང་བའི་ལིང་ག་ནི། །བདག་ཉིད་ཆེན་པོ་དབང་སྒྱུར་ནི། ཁུ་ནི་བཅུད་ཀྱི་དྭངས་མ་བདུན། །རྐྱེན་ནི་འདུ་འཕྲོད་གཡོ་དང་བསྐྱོད། །འབྲས་བུ་ལས་དང་གྲུབ་པའི་གཟུགས། །དབང་པོ་སྲོག་གཟུངས་རང་གིས་འབྲེལ། །གདུག་པ་རང་བཅས་གསད་པའི་རྟེན། །དེ་ལ་ཡུལ་གྱི་དམིགས་པ་བཅའ། །རྩ་སྒོ་སྦུབས་དང་བཅས་པ་སྲ །འབྱུང་བ་དངས་མའི་སྙིང་པོ་གནས། །རྩ་སྦུབས་བཞི་ལ་དྲགས་པོའི་སྔགས། །མདུད་པ་གཅོད་པའི་སྐྲུ་གྲིས་བརྒྱན། །དྲག་སྔགས་འོད་ཟེར་ནང་ནས་འཕྲོ། །འཕེན་པ་དབུགས་ཀྱི་སྔགས་ཀྱིས་འཕང་། ཁྲེས་རྒྱུད་རྩ་སྒོསྲོགརྒྱུནགཅོད། །འབྱུང་བ་བསླང་དངདེབཞིན དཀྲུག །རྩགཅད་ཤེས་པ་གཅིག་ཏུ་བསྡུ། །དངས་སྙིགས་ཕྱེ་ལ་རྟེན་དང་འབྲེལ། །ཐོད་པ་སྙིང་པོ་མིང་བཅས་བྲི། །སྔགས་ཀྱི་འོད་ཟེར་བསྐུལ་ཞིང་སྤྲོ། །འབྱུང་བཞི་བཅུ་དྲུག་བཅུ་གཉིས་བརྒྱད། །བཞི་གཉིས་དབུས་ཀྱི་ཕོ་བྲང་ནས། །ཡུལ་དང་ཤེས་པ་སྤྲོ་བ་ཡི། །རང་དང་ཤེས་པ་བསྐུལ་ཞིང་དགུག །བདུད་དང་གཤིན་རྗེའི་ཀི་ཀ༷་ཚོགས། །རང་དམ་སྙིང་པོས་རང་ལ་བསྡུས། །མཆོད་པ་སྟབས་ལ་རཀྟ་བརླབ། །སྒྱུག་གླུ་བླངས་ལ་དུང་ཁྲག་སྦྲེང་། །ཉེས་ལེགས་དབང་གཟུགས་གདུང་བ་བླང་། །དུན་ཏིང་ཀ་ཡི་སྔགས་བརྗོད་ལ། །དམིགས་པའི་ཡུལ་ལ་གཤིན་རྗེ་རྦད། །སྦྱོར་བའི་སྔགས་དང་གཤིན་རྗེ་ཡིས། །གསང་ལམ་སྒོ་དགུ་གནས་ཕྱེ་ལ། །དབང་པོ་དགུ་ཡི་རྟེན་ཕྱུང་ལ། །ཞིང་བཅུ་སྡིག་ཅན་དམིགས་པའི་ཡུལ། །དབང་པོ་རྣམ་ཤེས་བཀྲག་མདངས་བསྡུ། །སྔགས་པ་རྒྱལ་བློན་སྟོབས་ཅན། །ལུས་ལ་གདུག་པའི་སྲོག་བསྡུས་ལ། །བདུད་སྒོ་གསང་བའི་ལམ་ནས་ཞུགས། །གདུག་པ་སྒྲ་ཡི་འཁོར་ལོ་བརྟག རྩ་གསུམ་དབུས་ཀྱི་སྲོག་ཤིང་ལ། །གཡས་ན་ཆགས་པ་ལས་ཀྱི་འབྲུ། །གཡོན་ན་སྡུད་པ་སྲོག་གི་རྟེན། །དབུས་ན་མིང་གི་དབང་པོ་གནས། །རྩ་བཞི་དྭངས་མའི་སྐྲུབས་བཞི་ན། །རང་གཤེད་གི་ཀྲུ་ལྟ་བཞི་འབར། །མདུད་པ་བཞི་ལ་གཅོད་པ་ཡི། །སྤུགྲིམཚོནཆའིརྒྱལཔོའོ། །སི་ར་བརྒྱད་དབུས་སྲིན་མོའོ། །གཅོད་དང་གནོནཔའིམཚོནཆའོ། །རྩ་བྲན་སྐྲུབས་དང་ནང་ཁྲོལ་ལ། །ཡབ་ཡུམ་བདུད་སྲིན་སྟོབས་དཔག་མེད། །འདེགས་དང་སླན་གྱི་རྩ་སྒོ་སྲ །ས་དང་ཆུ་ཡི་སྙིང་པོ་བསྟན། །འདེགས་བསྐྱོད་དྲོད་ཀྱི་རྩ་སྒོ་མྲ །མེ་དང་རླུད་གི་སྙིང་པོ་བརྟག །སྲོགསྒོཙིསྟའིརྩ་མོལ། །ཚ་གྲང་ལས་ཀྱིས་འཇོམས་པའོ། །དེ་དག་གསང་བའི་ལིང་གར་བཤད། །གསང་བ་ལྟེ་བ་སྙིང་མགྲིན་དང་། ཁྲ་ཁྲག་རུས་ཁྲག་དབུས་རུས་པ། །ཀླད་པ་གསེར་གྱི་སྒོ་དགུ་ན། །ར་ཙ་ཁྲག་སྦལ་ལྕགས་སྡིག་པ། །དྲི་དང་ར་ག་ཡ་མ་ཧ། །སྙིང་པོ་བསྐྱོད་དང་དྲོད་ཡར་ལ། །ཆགས་དང་རྟེན་ལས་ཁྲག་ཏུ་གཞུ། །བཀུག་ལ་སྲོག་བསྡུ་སྙིང་ཁར་གཞུག །ཁྲག་སྦལ་བཞུ་ལ་རྒྱུ་བཞི་བསྟིམ། །མེ་མར་གསད་ལ་མགྲིན་པར་བསྡུ། །སྦྱོར་བ་བཞི་བཞི་བཅུ་དྲུག་དཀྲུག །དྭངས་མ་ཐིག་ལེ་ཡ་ལ་བསྡུ། །ཚངས་པ་གསེར་གྱི་སྒོ་ནས་དབྱུང་། ཐུན་མོང་སེམས་དཔའི་ཕྱག་རྒྱར་བསྐྱེད། ཡིད་ལ་དབང་བསྐུར་བྱིན་གྱིས་བརླབ། ཕྱག་རྒྱ་ཆེན་པོའི་བརྟེན་པ་སྦྱིན། ཐིག་ལ་བྱང་ཆུབ་བདེ་ལམ་བགྲོད། དམན་པའི་ལུས་ལ་གནད་གཟེར་དབབ། །ཀུན་འདུས་སྡིགས་པའི་ཁམས་དང་སྦྱར། ཁྲེས་པ་བྲལ་ན་སྟོད་ཅིང་ཁྱེར། །གནད་དགུ་མི་གནད་འཇོམས་སྡུད་ཡིན། །གནས་རབ་འབྱོངས་པའི་ཐབས་དང་སྦྱར། །བདུད་སྲིན་ཤ་ཟ་ཀི་ཀ༷་བཀྱེ། །ཕོ་བྲང་ཐོད་ཁར་བཅུག་ལ་གདབ། །བརྣག་པ་ཀུན་གྱི་སྙིང་པོ་བསྡུ། །སྐུ་གསུང་ཐུགས་ཀྱི་ལྟོ་བར་གཞུག །མི་གཡོ་ཆོས་ཉིད་ཕྱག་རྒྱས་གཟིར། །བརྡ་གཟུགས་མཚན་མའི་བརྟེན་ལ་བསྟིམ། །བདུད་དང་གཤིན་རྗེ་སྲིན་པོ་དང་། །མ་མོ་བདུད་མོ་སྲིན་མོར་བཅས། ཁྲ་ཟ་གནོད་སྦྱིན་ཀི་ཀ༷་གི །འཁོར་ལོ་རྡོ་རྗེ་སྲིན་པོའི་བདག །མ་ལུས་རྟེན་གྱི་རྒྱུ་ལ་གནས། །ཁྱམས་ཁང་དུར་ཁྲོད་མཚོ་གླིང་དུ། །སྐྲུ་གྲི་བར་དང་མཚན་མོ་ལ། །ཕོ་མོས་ལས་ཀྱི་སྦྱོར་བ་རྟེན། །རྟེན་ལ་རང་གནས་རྒྱུད་ལ་ཚང་། །ལྷུ་ཡ་རཀྟ་ཡ་མའི་ཀློང་། བྷ༷་་ལྷ་་་བ༷་ཛ། སྒྱུ༷་ཀྲུ་་་་། སྙི་རྭ་བྱ་ལོག་གམནའ་དྲུ་གཚས། ཡུལ་གྱི་དམིགས་པ་རྟེན་ལ་སྦྱར། །བདེ་བའི་གནས་དང་སྤྲད་པ་ཡི། །ཡུལ་དང་རྟེན་ལ་རྒྱས་པར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །ཡུལ་ལ་བརྟག་པའི་ལེའུ་སྟེ་ཉོ་ཤུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཉིད་མི་འགྱུར་བའི་དོན་བཤད་དོ། །འཇམ་དཔལ་ཡེཤེས་སེམས་དཔའི་ཡ། །རང་ཉིད་ཆོས་སྐུ་བྱང་ཆུབ་སེམས། །མ་གཡོས་བདེ་ཆེན་ཐིག་ལེའུ་སྐུ། །སྐུ་གཅིག་མི་གཡོ་ཅིར་ཡང་སྣང་། །ཁྱབ་གསལ་བདེ་ཆེན་འཀྱུར་མེད་ངང། །སྣ་ཚོགས་ཡེ་ཤེས་སྒྱུ་མའི་སྐུ། །ལྷུན་གྲུབ་ཕྱག་རྒྱ་ཅིར་ཡང་གསལ། །ཐབས་ཀྱིས་འདུལ་བའི་འགྲོ་དོན་མཛད། །ཟུག་རྔུ་མི་མངའ་ཅིར་ཡང་དགོངས། །མཚན་དང་དཔེ་བྱད་ཚད་ལས་འདས། །རིག་པའི་རྒྱལ་པོ་ལོངས་སྤྱོད་རྫོགས། །འཁྲོ་འདུ་སྦྱོར་ལེན་སྤྲུལ་པའི་སྐུ། །ནང་རྒྱུད་དག་པའི་སྐུ་རུ་བཤད། །བྱང་ཆུབ་བདེ་བ་ཆོས་ཀྱི་སྐུ། །པདྨ་བདེ་སྤྲོ་ལོངས་སྤྱོད་སྐུ། །སྣ་ཚོགས་སྒྱུ་མ་སྤྲུལ་པའི་སྐུ། །ཕྱི་རྒྱུད་དག་པའི་སྐུ་རུ་བཤད། །རྩེ་འདུས་ཐིག་ལེ་ཆོས་ཀྱི་སྐུ། །སི་ར་གང་གསལ་ལོངས་སྤྱོད་སྐུ། །སྣང་སྲིད་འཁོར་ལོ་རིམ་དྲུག་སྤྲོས། །ཐབས་རིགས་དོན་བྱས་སྤྲུལ་པའི་སྐུ། །སླར་འདུས་ཐིག་ལེ་བདེ་ཆེན་སྐུ། །གཉིས་སུ་མེད་པ་བྱང་ཆུབ་སྐུ། །རོ་མཉམ་མི་གཤིག་རྡོ་རྗེའི་སྐུ། །ཐབས་དང་ཤེས་རབ་ཕྱག་རྒྱའི་སྐུ། །ཐམས་ཅད་ཡོངས་རྫོགས་ཁྱབ་གསལ་སྐུ། །གསང་བ་ཐབས་ཀྱི་སྐུ་རུ་བཤད། །དུས་གསུམ་འགྱུར་བ་མེད་པ་ནས། །བདེ་བའི་རྒྱལ་པོ་སྔོན་ཤར་ཀྱང་། །དགེ་བཅུ་མ་ཡེངས་རྒྱུན་མོ་གཅད། །ཐབས་ཀྱི་རྒྱལ་པོ་འདི་བཤད་དོ། །དུས་གསུམ་མཉམ་ཉིད་བརྡལ་བ་ཡི། །རིག་པའི་རྒྱལ་པོ་བྱང་ཆུབ་སེམས། །སྣང་སྲིད་ཆོས་རྣམས་ཀུན་གྱི་གཞི། །སྣ་ཚོགས་ངོས་གཟུང་མེད་པར་བཤད། །རྒྱུ་མེད་འབྲས་བུ་ལྷུན་གྱིས་གྲུབ། །ཆགས་སྡང་ལ་སོགས་ལམ་གྱི་བརྒྱན། །སེམས་ལས་མ་བྱུང་སངས་རྒྱས་གཙོ། །ཡེ་ཤེས་མྱུ་གུ་དབུས་མཐའ་རྫོགས། །ལུང་མེད་མན་ངག་ཡང་གསང་མཆོག །ཁྱབ་གསལ་དཀྱིལ་འཁོར་ཡོངས་རྫོགས་ཡིན། །ཐམས་ཅད་སྐུ་གསུང་ཐུགས་ཀྱི་རྒྱ། །མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། །གཡོ་བ་མེད་པའི་རྒྱས་ཐེབས་ན། །སངས་རྒྱས་ཀུན་པས་བགྲེས་པའོ། །ལྟ་བ་མཉམ་རྫོགས་འགྱུར་མེད་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །ཆོས་ཉིད་གཏན་ལ་དབབ་པའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། །།དེ་ནས་ནས་བཅོམ་ལྡན་འདས་ཀྱིས་ཁྱད་པར་གྱི་ཐུན་གྱིས་གསད་པ་འདི་བཤད་དོ། །ཁྲོ་བོ་རྒྱལ་པོ་དྲེགས་པ་ཡི། །སྐུ་ལས་སྤྲུལ་ཏེ་སྦྱོར་བ་སྟོན། །དུར་ཁྲོད་ས་ལ་ཁྲུ་གང་བའི། །དཀྱིལ་འཁོར་ནག་པོ་ཐོད་འཕྲེང་དང་། །དུར་ཁྲོད་རྒྱན་དང་མེ་རི་བྱ། །དབུས་སུ་ཡ་ལས་བསྐྱོད་པ་ཡི། །གཤིན་རྗེ་ནག་པོ་བདུད་ཀྱི་གཟུགས། །ཞལ་གསུམ་ཕྱག་དྲུག་མ་ཧེ་རོ། །ཡུམ་དང་བདུད་མོ་འཁྱུད་པའི་ཚུལ། །མོན་པའི་ཐོད་པར་དོན་ཁྲག་དང་། །ལུག་ནག་ར་རོ་དོན་ཁྲག་བླུགས། །བརྣག་པའི་གཟུགས་དང་མིང་ཡང་གཞུག སྲོག་བསྐུལ་ཐུན་དབབ་ལས་གཞན་དབབ། །སྙིང་པོའི་སྦྱོར་བ་ངང་གིས་དྲང་། །ཡོན་ཏན་རྫོགས་པ་དབུ་རུ་བཞག །དབྱངས་ཀྱི་དང་པོ་ཉེ་བ་མྲ །སྒྲ་ཡི་དང་པོ་ལས་ཅན་ལ། །འོག་ནས་དྲུག་པའི་གསུམ་པས་འབྲེལ། །སྟེང་ནས་ཨོ་ཡིས་བརྒྱན་པའོ། །དྲུག་པའི་དང་པོ་ལྔ་པའི་མཐའ་མ་ཉེ། །གསུམ་པའི་གསུམ་པ་ཨོས་སྟེང་བརྒྱན། །ལྔ་པའི་མཐའ་མ་ཨེ་དང་ལྡན། །མཚམས་སུ་འདོད་པའི་ཨ་མུ་ཀ ཨུ་ཤའི་གསུམ་པ་དྲུག་པའི་གསུམ་པ་ཡང་དག་འབྲེལ། །དེ་ལ་ཨོས་བརྒྱན་དང་པོའི་གསུམ་པ་ཉེ། །ལྔ་པའི་མཐའ་མ་དྲུག་པའི་གསུམ་པ་དང་། །དྲུག་པའི་དང་པོ་དྲུག་པའི་གསུམ་པ་ལ། །ལྔ་པའི་གསུམ་པས་འོག་ནས་བརྒྱན། །བཞི་པའི་གསུམ་པས་ཡང་དག་འབྲེལ། །གཉིས་སུ་བོས་ལ་གསུམ་པ་ཡི། །གཉིས་པས་འོག་ནས་ཨུ་ཡིས་བརྒྱན། །དེ་ལ་གསུམ་པའི་མས་འབྲེལ། །འོག་ཏུ་ལྔ་པའི་གསུམ་པ་ལ། །འབྱ་མ་ཧ་ཡིས་བརྒྱན་པའོ། །བསྐུལ་ཚིག་དང་བཅས་བརྟེན་ལ་དབབ། །རྔམ་ཚིག་ལུས་བསྐྱོད་དྲག་ཏུ་བྲབ། །རི་རྒྱལ་རྦབ་ཆེན་དྲིལ་བ་བཞིན། །སྨོད་པའི་རྒྱལ་པོ་འདི་བཤད་དོ། །གསུང་གི་སྤྲུལ་པ་དྲེགས་པའི་ལས། །ཐུན་གྱི་དབང་པོ་ལུས་འཇོམས་པ། །དུར་ཁྲོད་གདུག་པའི་དབེན་གནས་སུ། །གྲོག་མཁར་ས་དམར་བ་ཡི་ལྕི། །རོ་སྲེག་ས་ལ་ཁྲུ་དོ་རྩིག །ཁྲག་དང་དུག་གི་ཆག་ཆག་གདབ། །ཐལ་ཆེན་རེ་ག་དབུས་མཐིང་ནག །ཐོད་པ་དགུ་འཕྲེང་སྒོ་འཁོར་ལོ། །དཀྱིལ་འཁོར་དམར་ནག་ཁྲག་མཚོ་ཅན། །གཏོར་མ་ཤ་ཆེན་གསུར་དང་ཁྲག །མི་རྟ་ར་ཁྲག་དུག་ཉུངས་ཀར། །ཐོད་ཚལ་བླུགས་ལ་ཐུན་དུ་དབབ། །གྲི་ཐོད་ནང་དུ་ལིང་ག་གཞུག །གུག་རྒྱལ་ཆུས་བཀྲུ་རབ་གནས་བྱ། །ཐུན་དབབ་ལུས་བསྐྱོད་གསུར་ཆེན་བཏང་། །དབུས་སུ་ཁྲོ་བོའི་སྐུ་བསྐྱེད་ལ། །ཡ་ལས་ཞལ་གཅིགཕྱག་གཉིས་པ། །སྐུ་མདོག་དམར་པོ་ཁྲག་གིས་བརྒྱན། །གཡོན་ན་སྔོ་ནག་འཇིག་ཚུལ་འཁྱུད། །རྔམ་ཚིག་ལྡན་པའི་ཐུགས་ཀ་ནས། །འོད་ཟེར་འཕྲོ་འདུ་ཉི་མའི་ཚུལ། །དེ་ཡི་འཕྲེང་བ་འདི་ལྟ་སྟེ། །ཡོན་ཏན་རྫོགས་པ་དབུ་རུ་བཞག །དྲུག་པའི་དངོས་པོ་ལྔ་པའི་མཐའ་མས་སྦྱར། །དེ་འོག་དྲུག་པའི་གསུམ་པ་ལ། །སྒྲ་ཡི་དང་པོ་གསུམ་པས་གནན། །ཨུ་ཤའི་གཉིས་པ་ལྔ་པའི་མཐར། །ཨོ་སྟེང་གསུམ་པའི་མཐའ་བས་གནན། །རྗེས་སུ་གསུམ་པའི་དང་པོའོ། །ལྔ་པའི་གསུམ་པ་ལྔ་པའི་མཐའ་སྟེང་མཛེས། །དྲུག་པའི་གསུམ་པ་ལི་སྟེང་དྲུག་པའི་མཐའ་མ་གཞན། །གསུམ་པའི་དང་པོ་དྲུག་པའི་གསུམ་པས་ཨུག ། །དགྲ་ཡི་དང་པོ་གསུམ་པས་འབྲེལ། །དེ་འོག་ལྔ་པའི་མཐའ་མ་ལ། །གསུམ་པའི་མཐའ་མས་འོག་ནས་བརྒྱན། །ལྔ་པའི་གསུམ་པས་མིང་དང་འབྲེལ། །དེ་འོག་དྲུག་པའི་གཉིས་པ་བརྟེན། །རྗེས་སུ་གསུམ་པའི་གཉིས་པ་ལ། །ཨུས་བརྒྱན་གསུམ་པའི་མཐའ་མས་བརྒྱན། །དེ་འོག་དྲུག་པའི་གསུམ་པ་ལ། །ལྔ་པའི་དང་པོ་གསུམ་པས་གནན། །དྲུག་པའི་གསུམ་པ་སྒྲ་ཡི་དང་པོའི་གསུམ་པས་གནན། །འོག་ཏུ་ཨུ་ཤའི་དང་པོའོ། །དེ་འོག་གོང་བཞིན་བོད་པ་འོ། །ལྔ་པའི་མཐའ་མ་ཨོ་ཡིས་བརྒྱན། །སྒྲ་ཡི་དང་པོ་གཉིས་པ་དང་། །དྲུག་པའི་གཉིས་པས་བརྐྱང་པའོ། །དེ་འོག་གསུམ་པའི་གཉིས་པ་ལ། །ཨུས་མཛེས་གསུམ་པའི་མཐའ་མས་མནན། །དྲུག་པའི་གསུམ་པ་ལྔ་པའི་གསུམ་པས་འབྲེལ། །དེ་ལ་གསུམ་པའི་གསུམ་པས་མནན། །དེ་འོག་ལྔ་པའི་གསུམ་པ་གཉིས། །སྟེང་དུ་ཨོ་ཨོ་འོག་ཏུ་བྷ་མ་ཧྭ་ཡིས་མཛེས། །གསུམ་གི་འཕྲེང་བ་བཅུད་དྲིལ་ནས། །དྲག་པོའི་ཐུན་དབབ་ལམ་དུ་གཞུག །བསྐུལ་ཚིག་དང་བཅས་མཐའ་རུ་སྦྱར། །ཐོན་ནས་བདག་བསྲུན་གཞན་དབང་འཕྲོག །མངག་པ་གསུང་གི་ལས་སུ་བཤད། །གབ་པ་ཐུགས་ཀྱི་དྲག་པོའི་ཐུན། །གཡུལ་བཀྱེ་ས་ལ་མཎྜལ་བྱ། །དབུས་སུ་དཔལ་གྱི་གཏོར་མ་བཞག །བ་ལིང་བཅུད་ཀྱི་གཞལ་ཡས་སུ། །ཡ་ལས་གཤིན་རྗེ་ནག་པོའི་སྐུ། །ཞལ་གཅིག་ཕྱག་གཉིས་ཡུམ་དང་བཅད། །གཡས་པ་དུང་ཆེན་ཐོད་ཁྲག་གཡོན། །གླང་ཆེན་སྟག་དང་དུར་ཁྲོད་སྦྲུལ། །ཐུགས་ཁར་ཉི་ཟླའི་སྙིང་པོ་སྔགས། །བསྙེན་པ་ས་ཡ་འཕྲོ་འདུ་ཐིམ། །གཤིན་རྗེ་མ་མོ་དབང་བསྡུས་ལ། །གཏོར་མ་ནང་དུ་འགྱིང་བག་རྔམ། །མེ་འབར་དུ་བ་འགྱུར་ལྡེག་ཁོལ། །རྟགས་དང་སྦྱར་ལ་བ་ལིང་བསྔོ། །བསྡུ་བ་གསུམ་གྱི་བརྟན་པ་བྱ། །དེ་ནས་བརྣག་པའི་རྟེན་དང་རྫས། །གྲི་ཁྲག་ཁྱི་ཁྲག་རྟ་ནག་ཁྲག །སྣ་ཚོགས་དུག་དང་ཉུངས་ཀར་གྱིས། །ནད་དང་མཚོན་ཆའི་ཆར་དུ་འབེབས། །སྣ་ཚོགས་ཤ་ཟ་མི་མཐུན་ཟུགས། །གཏོར་མ་ཐུན་དབབ་བརྣག་པའི་ཁམས། ཁུད་ལ་ལན་དང་དལ་དུ་འབེབས། །མི་མཐུན་མྱོས་དང་དབང་པོ་འཆལ། །སྨྱོ་འབོག་མཛེ་ཤུ་རིམས་སུ་འབེབས། །དྲག་ཏུ་བསྐུལ་ཞིང་ཡུལ་ལ་རྦད། །དམིགས་པའི་རྩ་དང་སྲོག་རྒྱུན་གཅོད། །བླ་དང་བག་ཆགས་བཀུག་ཅིང་འཚང་། ཁྲེས་རྒྱུན་དྲན་པ་མྱོས་ཤིང་སྐྱེམས། །ཐོན་ནས་རླངས་འཕྲོ་གཏོར་མ་འཕང་། །དུར་ཁྲོད་མཆོད་ཁངོ་ལྷ་རྟེན་གནས། །སྐྲ་བཅིངས་ཆས་འགོད་གསུར་དུད་བཏང་། །གླིང་བུ་བུས་ལ་སྒྱུག་པ་བོད། །དེ་ཡི་སྦྱོར་བ་ཐུགས་ཀྱི་བཅུད། །དབུ་རུ་ཡོན་ཏན་རྟོགས་པ་གཞག །དེ་འོག་ཨུ་ཤའི་མཐའ་མ་ལ། །འོག་ཏུ་དྲུག་པའི་གསུམ་པ་འབྲེལ། །དབྱངས་ཀྱི་བཞི་པས་སྟེང་རུ་བརྒྱན། །དེ་འོག་ཨུ་ཤའི་གསུམ་པ་ལ། །གསུམ་པའི་དང་པོ་འོག་ཏུ་འབྲེལ། །དབྱངས་ཀྱི་གསུམ་པས་སྟེང་དུ་བརྒྱན། །དྲུག་པའི་དང་པོ་ལྔ་པའི་མཐའ་མས་ཏེ། །རྗེས་སུ་དྲུག་པའི་གསུམ་པ་ལ། །གཉིས་པའི་མཐའ་མས་འོག་ཏུ་འབྲེལ། །སྟེང་དུ་ཨིས་བརྒྱན་ང་ཡིས་གནན། །དེ་འོག་གསུམ་པའི་མཐའ་མ་ལ། །འོག་ཏུ་ཨུས་བརྒྱན་མཐའ་མས་གནན། །འོག་ཏུ་གཉིས་པའི་བཞི་པ་གཉིས། །མཚམས་སུ་འདོད་པའི་མིང་དང་སྦྱར། །སྐྲུ་གྲི་གོང་དང་མཐུན་པར་སྦྱར། །སྲོག་ལ་རྦད་རྦད་ཐུན་སྨྱོ་ཞེས། །དབབ་དང་འཕང་བའི་སྦྱོར་བ་ནི། །ཆུ་བོ་རླུ་་ཆེན་འབབ་པ་དང་། །རི་རྒྱལ་རྦབ་ཆེན་འདྲིལ་བ་དང་། །གསེར་གྱི་གུ་ཐོག་བརྒྱབ་པ་ལྟར། །དམིགས་པའི་ཡུལ་དང་དབང་པོ་འཇོམས། །ལུས་ལ་ཤེས་པའི་དྭངས་སྙིགས་འབྱེད། །མགོ་དང་ཙིསྟ་ཕུང་པོ་འགས། །སྙིང་ཁྲག་ཀླད་ཁྲག་དྲངས་ཤིང་ཟ། །མྱོས་པ་སྲོག་དང་འབྲལ་བས་ན། །ཐབས་ཀྱི་རྒྱལ་པོ་མཆོག་ཏུ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །སྦྱོར་བ་ཐུན་གྱི་ལེའུ་སྟེ་ཉི་ཤུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དྲོད་རྟགས་འདི་བཤད་དོ། །བསྙེན་པ་དང་བསྒྲུབ་པའི་སྐབས་རྣམས་སུ། །དྲོད་རྟགས་ཕྱི་ནང་གསང་བ་གསུམ། །དེ་བཞིན་བསྙེན་བསྒྲུབ་ཡན་ལག་གསུམ། །ཀུན་འགྲུབ་རྩ་བ་གཅིག་དང་བཅས། །རྟགས་ཀྱི་རིམ་པ་འདི་ལྟ་སྟེ། །དང་པོར་ལྟས་ཀྱི་སོ་པ་ནི། །བདག་ཉིད་ཕྱག་རྒྱ་འབར་བ་དང་། །ཆོས་སྐུའི་འོད་ཟེར་གསལ་བ་དྲང་། །རང་སེམས་མི་གཡོ་ཉམས་དང་ལྡན། །འོད་འབར་སྐུ་ཡི་ཐོན་པ་དང་། །ཉམས་སྟོབས་ལྡན་ཞིང་དབང་པོ་གསལ། །གཟུགས་དང་སྒྲ་ལ་སོགས་པ་རྣམས། །སྔ་ན་མེད་པའི་རྣམ་པ་མྱོང་། །ཉོན་མོངས་ཤེས་པ་ཡུལ་ལ་འབར། །རང་དབང་མེད་པར་འཚིག་ཅིང་རྡེག །འདོད་པའི་ཡུལ་ལ་ཤིན་ཏུ་འཚིག སྔགས་རྣམས་གསལ་ཞིང་འབར་ཞིང་འདྲེལ། །བློ་ནི་མི་གཡོ་དོན་བཞིན་འཇོམས། །ལྕེ་ལྐོག་ཚ་ལ་གཡའ་བ་དང་། །དཔྲལ་བའི་དཀྱིལ་ནས་ཁ་ཡི་རྩ། །འབྲུམ་བུ་ཕྲ་མོས་ཁེངས་པ་དང་། །ལུས་ལ་འདུ་བའི་ནད་མེད་ཅིང་། ཁ་ཟས་རོ་དང་བདེ་བ་མྱོང་། །རྡུལ་དང་ཐིམས་ཐིབས་ཤེས་པར་རགས། ཁོང་ཁྲོ་དྲེགས་ཤིང་དབང་པོ་རྣོ། །ལུས་ལ་དྲོད་དང་གཡོ་བའི་རླུད་། །སྐད་ཅིག་སྔགས་དང་འོད་ལ་འབར། །བདེ་བའི་དུམ་བུ་སྙིང་ལས་ལྟེ། །བསྙེན་པ་དྲོད་ཀྱི་རྟགས་སུ་བཤད། །འོད་དང་དུ་བ་རླུད་སྒྲ་འབྲུག །ཐོག་དང་སེར་བ་བུ་ཡུག་འཅོ། །འཁོར་ལོ་འགྱུར་དང་ཐོད་པ་འཆར། །རོ་དོམ་འཆོལ་དང་མེ་འབར་ལྟེབ། །རྒོད་དང་གླུང་དང་སྒྱུགས་པ་འབོད། །སྒྲུབ་ཁང་གཡོ་ཞིང་འཚེག་ལ་འགྱུར། །ཡམས་དང་དལ་གྱི་བུ་ཡུག་རློག །བྱ་དང་གཅན་གཟན་འཐབ་ཅིང་འཁོར། །སྐུ་དང་ཕྱག་རྒྱ་མངོན་དུ་གསལ། །རྟེན་པའི་རྫས་ལ་སི་དྷི་འབེབས། །སྒྲུབ་པ་དྲོད་ཀྱི་རྟགས་སུ་བཤད།ཁམས་གསུམ་བདག་པོ་མ་ལུས་པ། །ཕྱག་འཚལ་བསྐོར་ཞིང་མཆོད་པ་དང་། །བདག་གིས་འཇིག་རྟེན་དབང་སྡུད་དང་། ཁམས་གསུམ་བྱོ་བཟློག་བྱེད་པ་དང་། །གཅན་གཟན་བདག་སྒོ་སྲུན་པ་དང་། །ཉི་ཟླ་འགག་ཏུ་འཆར་བ་དང་། །མི་འབྱིང་ཆུ་ལ་འགྲོ་བ་དང་། །མཚོན་ཆ་ཟས་སུ་ཟ་བ་དང་། །མེ་ཡི་འཁོར་ལོ་བསྐྱེད་པ་དང་། །རྒྱ་མཚོ་ཆེན་པོ་སྤྱིལ་བ་དང་། །རྒྱལ་བློན་ཕ་མ་སློབ་དཔོན་དང་། །ཁྱི་དང་གཅན་གཟན་མང་པོ་ཀུན། །བྱིས་པའི་སེམས་ཅན་རིགས་མི་མཐུན། །དེ་དག་མངག་པའམ་ཕོ་ཉར་འཁོལ། །དངོས་མི་མཐུན་པའི་སྲོག་ཆགས་རྣམས། །རང་རང་ཆ་བྱད་འཛིན་པ་ཡིས། །ཇི་བཞིན་དེ་བཞིན་གཟུགས་སྟོན་པ། །དངོས་དང་སྤྲུལ་པའི་ཕོ་ཉ་སྟེ། །གཞན་ཡང་གོ་ཆས་ལུས་བརྒྱན་དང་། །དམག་དཔོན་བྱེད་དང་དགྲ་དགུག་དང་། །མཚོན་ཆ་ལག་ན་འབར་བ་དང་། ཁུ་དང་གླང་པོ་ཤོན་པ་དང་། །གདུགས་དང་རྒྱལ་མཚན་སྒྲ་སྒྲོགས་དང་། །རིན་ཆེན་འདོགས་དང་རྡོ་རྗེ་གསོར། །རྗེས་སུ་མཐུན་པར་བསྐུལ་བ་དང་། །ཉམས་དང་རྟག་བར་སྟེན་པ་རྣམས། །དྲོད་རྟགས་ལས་ལ་སྦྱོར་བར་བཤད། །གཡག་དང་ཤ་བ་རི་དྭགས་ཀུན། །མ་ལུས་དངོས་དང་མི་མཐུན་གཟུགས། །སྤ་བྱེད་འདོགས་དང་གསོད་པ་དང་། ཁྲ་ལ་ལོངས་སྤྱོད་འདོད་ལ་རོལ། །གཡུལ་འགྱེད་མཚོནརྡེགགྲོངཁྱེར་བཤིག །དངོས་སུ་ཟ་ཞིང་རོལ་པ་རྣམས། །གསད་པ་མཆོག་གི་དྲོད་རྟགས་བཤད། །བྱ་སྤྲེ་ཁྱི་ཕག་གླང་ལུག་སྦྲུལ། །འདོད་ཆགས་ཞེ་སྡང་གཏི་མུག་རྒྱལ། །རྭ་ཛ་ཡ་མ་སྐབས་དང་སྦྱར། །བསྙེན་དང་ཉེ་བར་བསྒྲུབ་པ་དང་། །སྦྱོར་དང་རྟགས་ཀྱི་དམིགས་རྟགས་ལ། །ཕྱི་ནང་གསང་དང་གནད་བོར་བས། །སྲོག་དབྲོག་གཟིར་དང་ཤི་ས་ཡི། །བླ་དང་སྤྲུལ་དང་ཡང་སྤྲུལ་ལ། །སྐབས་དང་སྦྱར་ནས་འཇུག་པ་ནི། །དྲོད་རྟགས་གཏན་ལ་དབབ་པར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །རྟགས་ཀྱི་ལའུ་སྟེ་ཉི་ཤུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གཤིན་རྗེ་གཤེད་ཀྱི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་་བསྟོད་པའི་ཡོན་ཏན་འདི་བཤད་དོ། །ཨེ་མ་ཧོ། ཆོས་སྐུ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །མ་གཡོས་ཐུགས་རྗེ་ཆེན་པོ་བསམ་མི་ཁྱབ། །མ་སྐྱེས་སྐྱེ་མེད་ཆོས་དབྱིངས་དག་པ་ལ། །སྐྱེ་བའི་ཆོ་འཁྲུལ་སྲས་མཆོག་གཤིན་རྗེ་གཤེད། །འགག་མེད་བདེ་ཀློང་ཐུགས་རྗེའི་ཐབས་ཀྱིས་རོལ། །མི་གཡོ་ཉམས་རྫོགས་སྤྲུལ་སྐུ་བསམ་མི་ཁྱབ། །ཆེ་བའི་ཡོན་ཏན་མཚན་དང་དཔེ་བྱད་ལྡན། །ཡོན་ཏན་ཀུན་གྱིས་རྫོགས་པའི་སྐུ་ལ་འདུད། །ཨེ་མ་ཧོ། ཆེ་བའི་ཡོནཏན་ཀུན་ལ་ཁྱབ་པ་དང་། །ངང་གིས་ཁྲོ་བར་བསྟན་པ་འདི་ལྟ་བུ། །འགྲོ་བ་མ་ལུས་བསྒྲལ་ནས་སྨིན་པའི་མཆོག །རིནཆེནཔདྨརྒྱམཚོལྷུན་ལྟར་བརྗིད། །གཉིས་མེད་འདུས་པའི་སྲསམཆོགགཤིནརྗེགཤེད། །སྐྱེདང་བཅས་པའི་གཟུགས་བསྒྲལ་མཚོན་དཔག་དཀའ། །ཐུགས་ཀྱི་སྤྲུལ་པ་ཁམས་གསུམ་ཉི་མའི་འོད། །བདེ་བ་ཆེན་པོ་མཉམ་པའི་སྐུ་ལ་འདུད། །ཨེ་མ་ཧོ། དང་པོ་ཉིད་ནས་གསང་བ་ཀུན་ཤེས་ནས། །རིག་པ་གསུམ་ལྡན་ག་པ་དགུ་ཡི་གནས། །སྦྱོར་བ་གསུམ་གྱིས་ཡང་དག་བསྡུས་ནས་འཕེན། །བླ་མེད་འཆོག་ལ་དོན་གཉིས་བསྡུས་ནས་ལེན། །ནམ་མཁའ་རིན་ཆེན་འབར་བྱེད་ཅིང་། །དུས་གསུམ་འཇིག་རྟེན་མཉམ་པའི་སྐུ། །མ་ལུས་བསྟན་པའི་སྙིང་པོ་དོན། །སྟོང་ཕྲག་བདུན་དང་བརྒྱ་ཕྲག་ལྔ། །མ་ལུས་འདུས་པའི་སྙིང་པོ་མཆོག་ལ་འདུད། །ཨེ་མ་ཧོ། ཕྱོགས་བཅུ་ཀུན་ནས་འདུས་པ་ཡི། །ཡེ་ཤེས་རྒྱལ་པོ་ཐིག་ལེ་འདི། །གསང་ཆེན་རྨད་དུ་བྱུང་བ་འདི། ཁུ་འབྲས་ལས་ལ་ཞེན་པ་ལ། །འཕྲུལ་གྱི་སྙིང་པོ་རྣོ་དཔལ་མཚོན། །ཀམ་པའི་སྐྲུ་གྲི་སོ་ལེ་མ། །རྡོ་རྗེ་བེ་ཅོན་སྡིགས་མཛུབ་ཆུ། །བཞི་དང་ཡང་བཞི་རྫོགས་ལ་འདུད། །ཨེ་མ་ཧོ། འགྲོ་བ་ལས་ཀྱི་མྱོས་པ་ཡིས། ཁུ་དྲུག་འཁོར་བའི་སེམས་ཅན་རྣམས། །ཡེ་ནས་ལྷུན་གྱིས་གྲུབ་པ་ཡི། །མ་སྐྱེས་གདོད་ནས་རྣམ་པར་དག །ཡེ་ཤེས་ལྷུན་གྱིས་གྲུབ་པའི་བཅུད། །ཐམས་ཅད་མ་ལུས་ཆོས་ཀྱི་དབྱིངས། །དོན་དམ་སྤྲོས་པ་ཀུན་ལས་འདས། །ཡེ་ཤེས་རྒྱལ་པོ་རྫོགས་ལ་འདུད། །ཨེ་མ་ཧོ། ཕྱོགས་བཅུ་དུས་གསུམ་སྣང་སྲིད་ཀུན་གྱི་གཞི། །སྐྱེ་མེད་གཡོ་འགུལ་བདེ་དང་སྡུག །བཅུ་དང་བཞི་སོགས་སྡིག་པ་ཅན། །ལས་དང་ཤུགས་ཀྱིས་འཁྱམས་བའི་འབྱུང་དང་རྟེན་དབང་བཞི། །ལྔ་དང་དྲུག་བརྒྱད་གཉིས་བསྡུས་ནས། །སྡུད་པ་མ་ལ་གཅོད་པ་ཡི། །གསང་བཅུད་ལེན་པའི་མཆོག་ལ་འདུད། །ཨེ་མ་ཧོ། དུག་གསུམ་ཨེ་ཡི་ཕོ་བྲང་དུ། ཁམས་གསུམ་མཆོག་གི་ལས་བསྡུས་ནས། །སྲིད་གསུམ་གནད་ཀྱིས་གདུང་བ་ཡི། །འགྲོ་བ་ལས་ཀྱིས་མི་ཁོམ་པ། །ཕུང་པོ་རྡོ་རྗེ་རྩ་དྭངས་མ། །སྙིགས་མའི་འདོད་ལྷ་མཉེས་མཆོག་སྐོང་། །མ་ཡེངས་གོམས་པའི་ལས་དང་སྤྲད། །ལས་ཀྱི་རྒྱལ་པོ་རྡོ་རྗེ་འདུད། །ཨེ་མ་ཧོ། འགུག་པ་འགུག་དང་བཀུག་ནས་འགུགས། །སྒྲོལ་ཞིང་སྒྲོལ་ལ་སྒྲོལ་མཆོག་བསྒྲལ། །སྦྱོང་ཞིང་སྦྱོང་ལ་གནས་སྦྱང་སྦྱོང་། །གྲོལ་ནས་སྦྱངས་པས་གནམ་ཐོབ་རྫོགས། །ཨོ་གྱི་ཡེ་ཤེས་ལས་བྱུང་བས། །སྐུ་དང་རིགས་དང་ཡེ་ཤེས་རྫོགས། །ཡ་ཡི་ཡེ་ཤེས་ལས་བྱུང་བ། །དོན་དང་རང་གི་མཚན་ཉིད་རྫོགས། །མ་ཡི་ཡེ་ཤེས་ལས་བྱུང་བ། །སྒྲོལ་སྦྱོར་སྡུད་དང་ཕྱག་རྒྱ་རྫོགས། །མེ་ཡི་ཡེ་ཤེས་ལས་བྱུང་བ། །བདེ་བ་སྡུད་བའི་ཡོན་ཏན་རྫོགས། །ཏ་ཡི་ཡེ་ཤེས་ལས་བྱུང་བ། །ཐུགས་རྗེས་སྒྲོལ་བའི་ཆགས་པ་རྫོགས། །ཁྲེ་ཡི་ཡེ་ཤེས་ལས་བྱུང་བ། །སྣང་དང་བསྐྱོད་པའི་འཕྲིན་ལས་རྫོགས། །ར་ཡི་ཡེ་ཤེས་ལས་བྱུང་བ། །སྲེག་དང་སྨིན་པའི་དྲོད་དབང་རྫོགས། །ཙ་ཡི་ཡེ་ཤེས་ལས་བྱུང་བ། ཁམས་གསུམ་གསལ་བའི་ཉི་མ་རྫོགས། །ས་ཡི་ཡེ་ཤེས་ལས་བྱུང་བ། །དྲི་ལ་ཐོགས་མེད་དབང་པོ་རྫོགས། །ལྷོ་ཡི་ཡེ་ཤེས་ལས་བྱུང་བ། །དྭངས་མ་སྡུད་པའི་ཡོན་ཏན་རྫོགས། །རུ་ཡི་ཡེ་ཤེས་ལས་བྱུང་བ། །རོ་རྣམས་རྒྱས་དང་གསལ་བ་རྫོགས། །ན་ཡི་ཡེ་ཤེས་ལས་བྱུང་བ། །སྟོབས་ཆེན་དྲག་པོས་འཇོམས་པ་རྫོགས། །ཡོ་ཡི་ཡེ་ཤེསལས་བྱུང་བ། །སྐུ་དང་ཆ་བྱད་དྲེགས་པ་རྫོགས། །ན་ཡི་ཡེ་ཤེས་ལས་བྱུང་བ། །དུས་གསུམ་མི་གཡོ་མཉམ་པ་རྫོགས། །ར་ཡི་ཡེ་ཤེས་ལས་བྱུང་བ། །ཚོར་བ་དྲི་ཡིས་འཇོམས་པ་རྫོགས། །ཡ་ཡི་ཡེ་ཤེས་ལས་བྱུང་བ། །རོ་མཆོག་འདོད་ལྡན་བདེ་བ་རྫོགས། །ཙ་ཡི་ཡེ་ཤེས་ལས་བྱུང་བ། །སྤྱན་དང་ལྡན་པའི་གསལ་བ་རྫོགས། །ན་ཡི་ཡེ་ཤེས་ལས་བྱུང་བ། །སྒྲ་དང་ལྔ་པའི་དབང་པོ་རྫོགས། །ཧཱུཾ༷་གི་ཡེ་ཤེས་ལས་བྱུང་བ། །སྡུད་པ་དབྱིངས་སུ་ཐིམ་པ་རྫོགས། །ཛ་ཡི་ཡེ་ཤེས་ལས་བྱུང་བ། །འགུགས་ཤིང་རང་དབང་འདྲེན་པ་རྫོགས། །ཕ་ཊ་ཀྱི་ཡེ་ཤེས་བྱུང་བ། །མངག་པ་ལས་ཀྱི་ཕོ་ཉ་རྫོགས། །སྔགས་ཀྱི་ཡོན་ཏན་བསམ་དཔག་དཀའ། །འདྲེན་པ་ལས་ཀྱི་སྦྱོར་འཕྲེང་གཅིག ནུས་པ་ཕྱེ་ན་དུ་མར་འདྲེན། །ཡོན་ཏན་དུ་མ་ཨེ་ཀ་ཐོགས། །རྒྱལ་པོ་འབྲུ་ཐུས་གསེར་གྱི་ལས་འབྲུ། །ཡོན་ཏན་རྫོགས་པས་སེང་གེ་འདྲེན། །སྦྱོར་བ་ཁྲ་སྤྱང་ཀྱོ་པ་ཏ། །འཕྲེང་སྔགས་རིན་ཆེན་མིང་བཅས་ཡུལ། །དབང་སྡུད་ཕྱག་རྒྱ་སྟོབས་དབང་འཕྲོགས། །རྟེན་པའི་སྙིང་པོ་ཆོང་ཆེན་བརྡ། །མེ་རླུད་མཐའ་གཅོད་སྐྲུ་གྲི་སྦ། །མདའ་ཐོགས་འཁོར་ལོ་རལ་གྲི་ཟེར། །སྟོབས་ཆེན་ས་གཞི་རི་རབ་བརྟག །འབྱུང་བའི་རྡོ་རྗེ་ལས་སྣ་ཚོགས། ཁྲ་ཟ་སྲིན་པོ་ལས་དབང་སྡུད། །སྔགས་ཀྱི་འཕྲེང་བ་བརྗོད་མིང་བཅའ། །འབྱེད་པའི་ཚུལ་གསུམ་ལས་མཐའ་རྫོགས། །སྦྱོར་བའི་སྟོབས་ཆེན་དཔག་ཏུ་མེད། །ཕྱི་རྒྱུད་གཟུགས་བརྙན་འཁོར་ལོ་ལ། །རྒྱུ་རྐྱེན་ཐབས་ཀྱི་ཡོན་་་རྫོགས། །རྩ་རྒྱུད་ནང་གི་འཁོར་ལོ་ལ། །དྭངས་ལ་འདུས་པའི་ཡོན་་་རྫོགས། །གསང་བ་དབྱིངས་ཀྱི་འཁོར་ལོ་ལ། །ལམ་དང་ཐབས་ཀྱི་ཡོན་་་རྫོགས། །ལྷུན་གྱིས་གྲུབ་པའི་འཁོར་ལོ་ལ། །སྣོད་བཅ་འཇིག་རྟེན་འབྱུང་བ་རྫོགས། །རྟེན་འབྲེལ་སྲིད་པའི་འཁོར་ལོ་ལ། ཁམས་དང་སྐྱེ་མཆེད་དབང་པོ་རྫོགས། །དཀར་དམར་བརྡ་ཡི་འཁོར་ལོ་ལ། །དབང་དང་བྱིན་རླབས་སྦྱོང་བགྲོད་རྫོགས། །སྨན་པ་ཡུལ་གྱི་འཁོར་ལོ་ལ། །རྣོ་སྦལ་སྔགས་དང་མཚོན་ཆ་རྫོགས། །རུ་སྦལ་གདུག་པའི་འཁོར་ལོ་ལ། །མ་ལུས་གསོ་འཇོམས་ཡོན་་་རྫོགས། །མནན་པ་ཐོད་པའི་འཁོར་ལོ་ལ། །སྙིང་པོ་བསྡུས་དོན་རབ་ཏུ་རྫོགས། །རྐྱེན་དང་ཐབས་ཀྱི་འཁོར་ལོ་ལ། །འབྲེལ་བ་གསུམ་གྱི་ཡོན་་་རྫོགས། །ཡོན་་་རིན་ཆེན་རྒྱ་མཚོར་བཤད། །རྒྱལ་མགོ་མེ་ལོང་གི་རྒྱུད་ལས། །འཁོར་ལོ་གོ་པོ་ལ་བསྟོད་པའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།། །།དེ་ནས་བཅོ་ལྡན་འདས་ཀྱིས་ལས་ཀྱི་ཤན་པས་གསད་པའི་སྦྱོར་བ་འདི་བཤད་དོ། །དང་པོར་མོས་པའི་ས་ཕྱོགས་སུ། །དུར་ཁྲོད་རྒྱན་དང་ཞིང་བཤམས་ལ། །དཔའ་བོ་དོན་སྙིང་ཁྲག་དང་ཤ ཁྲ་ཆེན་གཏོར་མ་དུད་ཆེན་གསུར། །གཤིན་རྗེ་སྐུ་དང་ཐོད་པའི་གཟུགས། །སྟེགས་བུ་གྲུ་བཞི་དབུས་དྲག་པོ། །འབྲུབ་ཁུང་རྩང་དང་རྒྱུ་རྐྱེན་དྲུག །བཅས་ལ་སྐུ་ཡི་བསྙེན་པ་འབུམ། །ཐོན་ནས་ལས་ཀྱི་བསྙེན་པ་བྱ། །ས་ཡའི་གྲངས་ལ་དགུག་པ་འབུམ། །ཞིང་ལྤགས་གདན་ལ་ཁྲོ་བོའི་སྐུ། །རྒྱན་དང་བྱིན་རླབས་དབང་བསྐུར་བསྟན། །མཆོད་བསྟོད་ལ་སོགས་གསང་སྔགས་དང་། །ལས་ཀྱི་ཡ་མ་འབུམ་སྡེ་ཡང་། །གཤེད་པོ་ལྟོ་འཕྱང་སྐུ་ལ་བསྡུ། །གཙོ་དང་གཤེད་པོ་འདུ་པ་ཡང་། །ཙིཀྟའིགསང་བའི་ཟླ་དཀྱིལ་ནས། །ཡ་མ་ཧཱུཾ༷་ལས་ཁྲོ་བར་བྱ། །རིན་པོ་ཆེ་ཡི་སྟེང་སྒོ་ནས། །གསང་ལམ་པ་ཐག་རྩ་བརྒྱུད་པས། །བཅུ་བདུན་སྙིང་པོ་འོད་དུ་འཕྲོ། །དུས་གསུམ་གཤིན་རྗེ་ཐུགས་ཁར་ཐིམ། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལས། །སླར་འདུས་སྒོ་གསུམ་བག་ཆགས་སྦྱངས། །བདེ་གཤེགས་སྐུ་དང་གཉིས་མེད་བརྟན། །སྐུ་དང་ཡེ་ཤེས་གོང་བུར་བསྟན། །གྲངས་ཀྱི་ཚད་མ་ཐོན་པ་དང་། །ཡ་དང་མ་ལས་རྣོ་དང་མྱུར། །ལྕགས་ཀྱུ་ལྟ་བུའི་སྦྱོར་བ་ཡིས། །སྲོག་གཅོད་གཤིན་རྗེ་ལྟོ་འཕྱང་དང་། །མ་མོ་ག་་མོ་ཐལ་མདོག་མ། །འབུམ་སྡེ་འཁོར་དང་བཅས་པ་རྣམས། །ནུས་པ་ལུས་དང་བཅས པ ཡི། །ཙིསྟའིསྙིངཔོདྭངས་མ་དཀྲུག །ཁྲོ་བོའི་དབང་དུ་བཀའ་ཉན་འདུས། །ཐོད་པའི་གཟུགས་བརྙན་རྟེན་ལ་བསྟིམ། །ལུས་ཀྱི་དབང་པོ་གནག་ལ་རྩུབ། །ལྟོ་འཕྱང་མགྲིན་པ་ཡངས་ལ་རྔམ། །ཡན་ལག་རགས་ལ་གདུག་པས་བརྒྱན། །ཞལ་གཅིག་མཆེ་བ་གཙིགས་ཤིང་བཞེད། ཁམ་ནག་རལ་པ་ཐོད་སྤྲུལ་བརྒྱན། །མཆོ་མ་ཁ་ཆུ་རཀྟ་དུག །གཡས་གཡོན་མེ་རླུད་འཁྲུག་པ་ཡི། །རྩིབས་སྟོང་ལྡན་པའི་འཁོར་ལོ་རྣམས། །ཐུགས་ཁར་གདུག་པའི་རིམས་ནད་བསྐྱེད། །སྐུ་ལ་གཡང་གཞི་ཐོད་སྦྲུལ་སྟག །གཏུམ་མོ་སྨུག་ནག་དུག་ཧྲུལ་གྱོན། །ཐོད་སྦྲུལ་གྱེན་དུ་སྐྲ་བརྗེས་མ། །ཕྱག་ན་འཁོར་ལོ་བ་དན་བསྣམས། །དུག་གི་རླངས་པ་ནད་ཀྱི་སྤྲིན། །མཚོ་འཁྲུག་ཕོ་མོའི་དབུས་ན་འགྱིང་། །ཡབ་ཡུམ་ཕྱག་རྒྱ་གསལ་བར་བསྒོམ། །ཕྱི་ནང་དྲོད་དང་ལྡན་པས་ན། སྦྱོར་བ་དྲུག་པོའི་ལས་ལ་འཇུག །གང་རུང་ཐོད་པ་ཁ་སྦྱོར་ལ། །སྟེང་འོག་ཐོད་པ་འཁོར་ལོ་བྲི། །དང་པོར་གཙང་མས་ཐོད་པ་བཀྲུ། །སྐམས་ལ་སྨེ་བ་ལྔ་ཡིས་བྱུག །རྟེན་དྲུག་རྫས་ཀྱི་ཐང་པ་བྱ། །ཚ་བ་གསུམ་དང་དུག་ཆུས་གནན། །དེའང་གཅོད་པའི་འཁོར་ལོ་ནི། །གནག་ཚ་གདུག་པའི་ཁྲག་དང་དུག །གཡས་པའི་མཆོག་ཆེན་ཐུར་མས་བྲི། །ཡང་ན་གསད་པའི་སྨྱུག་མས་བྲི། །རང་གི་དབང་པོས་སྦྱོར་བ་བསྡམ། །དང་པོ་མུ་ཁྱུད་གསུམ་དུ་བསྐོར། །ལྟེ་བར་གྲུ་གསུམ་ཨོ་དང་ཡ། །ཁྱུད་དང་པོ་འཁྲུལ་མིག་བརྒྱད། །ཕྱོགས་བཞིའི་དང་པོར་འཇུག་པ་མ། །གནས་གསུམ་རྣལ་མར་ར་ཙ་བདུན། །མཚམས་སུ་གྲུ་གསུམ་དྲི་དང་མིང་། །ཕྱི་རིམ་འཁྲུལ་མིག་བཅུགཉིས་ལ། །གཡས་ཕྱོགས་རྣལ་མའི་བསྐོར་ཕྱོགས་སུ། །ཏིང་རྨུགས་ཁ་རག་ཤི་དེ་མ་ར་མ་ཡ་རྦད། །ཡབ་ཡུམ་སྙིང་པོ་སྦྱོར་བ་ནི། །བསད་ཅིང་མནན་པ་མཐའ་ཡིས་བོད། །ཕྱི་རིམ་བཅུ་དྲུག་ཡང་ལོགས་ལ། །འཁོར་ལོ་རྒྱ་གྲམ་རལ་གྲི་བསྣོལ། །མཚོན་ཆེན་དབུས་ན་གསད་པ་དང་། །གནོན་བར་སྦྱོར་བའི་སྔགས་རྣམས་གནས། །འབུམ་ཚོ་བཞི་རུ་གསད་ལ་སྦྱར། །ཐོད་མཁར་རྟེན་སྦྱོར་ཁྲོ་ཚོ་གཅིག །རྐོ་བ་སྟོང་སྟེ་གནོན་པ་བརྒྱ། །འཁོར་ལོ་བར་དུ་སྟེན་པའི་མིང་། །གྲོ་ག་དག་ལ་ཁྲག་གིས་བྲི། །གསོད་པ་བར་དུ་ཁ་སྦྱར་བཅའ། །འོག་མ་གཡོན་བསྐོར་སྔགས་རྣམས་བཟློག །མིང་རུས་ཐོད་པ་དར་གྱིས་གྲིལ། །དབྱེ་དགུག་གསད་པའི་སྦྱོར་བ་བྱ། །སྔགས་ཀྱི་སྦྱོར་བའི་ལུས་གཅིག་ལ། །ཡན་ལག་འདོད་པ་བཞིན་དུ་བརྡེབ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྔམ་པ་ལས་སྔགས་འདི་བཏོན་ཏོ། །ཨོ་ཡ་མ་རྭ་ཛ་དུན་ཏི་རླུགས་ཁ་རག་ཤི་དེ་མ་དུམ་ར་མ་ཡ་ཧཱུཾ༷་ཛུ་ཛུ། ཨོ་ཡ་མ་རྭ་ཛ་དུན་ཏི་རྨུགས་ཁ་རག་ཤི་མ་དུམ་ར་ཡ་རྦད། ཨུ་མུ་ཀ་ནི་ཨུ་ཀརྙ་ཡ་ཧཱུཾ༷་ཛུ་ཛུ། ཨ་མུ་ཀ་སྲོག་མྱ་ར་ཡ་རྦད། ཨོ་ཨ་མུ་ཀ་སྲོག་སྟམ་པ་ཡ་ནན། དང་པོའི་སྦྱོར་བའི་གཞན་དུ་གནས། འཁྲུལ་འཁོར་སྦྱོར་བས་གསད་པ་སྟེ། ཡ་ཡུམ་འདུས་པ་འི་ཕོ་བྲང་ན། །བསྐུལ་བའི་གཤེད་ཀྱི་སྙིང་པོ་དབྱུང་། །མཚོན་ཆའི་རྒྱལ་པོ་གཅོད་པའི་མདའ། །བཅུ་བདུན་སྔགས་ཀྱི་ལུས་པོ་ལ། །འབྲུ་ལྔ་གཅོད་པ་མེ་དང་འདྲ། །མཚམས་སུ་ཨ་མུ་ཀ་ལ་བསྡུ། །ཏིང་འཛིན་སྟོབས་ཀྱིས་གཞུ་བདུངས་ལ། །སྦྱོར་བ་གསུམ་གྱི་གནད་ཀྱིས་འཕེན། །འབྲུ་ལྔ་འདོད་པའི་སྟོབས་ཀྱིས་གནན། །གནན་པའི་ས་ནི་གཉན་བོའམ། །བཀའ་རྟེན་རབ་གནས་རོ་ཁང་དུ། །ཁྲུ་དོ་ཁྲ་བོ་སྟོབས་ཀྱིས་གནན། །དུར་ཁྲོད་གཡམ་པ་གྲུ་བཞི་ལ། །རྒྱ་གྲམ་འཁོར་ལོ་རི་རབ་བྲི། །ནམ་མཁའི་ཕྱོགས་ནས་འཁོར་ལོ་གནས། །ཕོ་བྲང་རི་རབ་འབྱུང་བའི་སྟོབས། །ལས་ཀྱི་རྡོ་རྗེ་དང་བཅས་བསྐྱེད། །བར་དུ་བརྒྱ་སྟོང་ཁྲི་ཡིས་གཡོ། །གསད་པ་མཆོག་ལ་སྦྱར་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །ལས་ཀྱི་གཤིན་རྗེ་ནག་པོ་ཡབ་ཡུམ་གྱིས་གཟེར་ཏེ་གཏད་པའི་ལེའུ་སྟེ་ཉི་ཤུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གཤིན་རྗེ་དེའི་ཡང་འཁོར་བདུད་གསོད་བྱེད་ནག་པོའི་སྦྱོར་བ་འདི་བཤད་དོ། །དུར་ཁྲོད་དབེན་པའི་ས་ཕྱོགས་སུ། །མཎྜལ་དུག་དང་ཁྲག་གིས་བྱུག །ལུག་གམ་མོན་པ་ཡང་ན་རྟ། །གྲི་རུ་གསད་པའི་སྙིང་སྦྲམ་ལ། །རྒྱ་ཤོག་སྔགས་ཀྱི་སྐྱོར་བས་དྲིལ། །ཕྱི་རིམ་བཟླས་པའི་སྙིང་པོས་བྲི། །སྔོན་པོའམ་མཐིང་ནག་དུར་ཁྲོད་དར། །སྙིང་གི་སྦྱོར་བ་ཚས་བྱས་ལ། །མཚོན་སྣ་ལྔ་ཡི་དྲ་བར་གཞུག །གཡག་རུ་དང་བཅས་དབུས་སུ་གཞག གཡསསུགཤིནརྗེའིགཏོར་མ་སྟེ། །བདུད་ཀྱི་གཏོར་མ་གྲུ་གསུམ་ལ། །ནག་པོའི་སྙིང་སྣས་བརྒྱན་པ་གཡོན། །རྒྱ་ཤུག་དང་བསྲེས་གསུར་ཆེན་གཏང་། །རང་ལུས་གཤིན་རྗེའི་སྐུར་བསྒོམས་ལ། །སྔོན་དུ་འགྲོ་བ་འབུམ་དུ་བཟླས། །ཐོན་ནས་བདུད་སྒྲུབ་བྱེད་དུས་སུ། །མཎྜལ་ནུབ་ཏུ་དྲག་པོའི་ནས། །ཁྲུ་གང་བརྐོས་ལ་སྐྱེར་ཚེར་བསྟན། །དུར་ཁྲོད་སོལ་བས་ནག་པོར་བྱུག །འོག་ཏུ་དུང་ཆེན་གླིང་བཞི་ལ། །རྫས་ཀྱི་སྦྱོར་བ་གོང་བཞིན་བྱུག སྟེང་དུ་ཁྲམ་གྱི་ཐོད་པ་ལ། །རྫས་ཀྱི་སྦྱོར་བ་དེ་བཞིན་ལས། །ནག་པོ་ཚོགས་པའི་ཁྲག་གིས་བྱུག །དབུས་སུ་རྡོ་རྗེ་རྒྱ་གྲམ་ལ། །ལྟེ་བ་དྲག་པོ་ཨེ་ཡི་གནས། །ཕྱི་རིམ་འཁོར་ལོ་རྩིབས་བཅུ་གཉིས། །སྟེང་ལ་རི་རབ་མཐའ་མར་ལྡན། །འོག་གི་མཐའ་མར་དྲག་པའི་གནས། །གྲུ་གསུམ་ལྔ་ལ་མིང་རུས་བྲི། །འོག་མའི་ཕྱི་རུ་མེ་རླུད་འབྲུ། །སྟེང་མའི་ཕྱི་རུ་ནན་ཞེས་བསྐོར། །དྲི་མ་དྲུག་གི་ལིང་ཀ་ལ། །ར་ཁྲག་མིང་ཡང་ལྡན་པར་གཞུག །འཁོར་ལོ་ཐོད་པའི་བར་དུ་གཞུག ཁ་སྦྱར་ནང་ནས་ཐུན་རྫས་བྲབ། །སྟེང་དུ་བདུད་ཀྱི་གཟུགས་བརྙན་གཞག །དེ་ལ་སྐུ་བསྐྱེད་ནག་ལ་ཁྲོས། །སྣུམ་ལ་རབ་ཏུ་འཚེར་བག་ཆེ། །སྤྱི་བཅིངས་འོད་ནག་ཐོད་དུ་བཅིངས་། །གཡས་སུ་སྐྲུ་གྲི་ཁྲམ་ཤིང་གཡོན། །འོད་གནག་གོས་དང་འཇའ་ཚོན་བརྒྱན། །རླུ་་ནག་ཚུབ་མའི་སྟེང་ན་གནས། །ཡུམ་དང་སྲིན་མོའི་བུ་མོ་ནི། །དམར་ནག་མཆི་མ་ཁྲག་ཏུ་འཛག །གཡས་པ་གྲི་གུག་གཡོན་པ་སྙིང་། །ཁྲ་སྤྲད་ལྷོ་བ་སྦྱར་བར་གནས། །ཙིསྟ་གཉིས་ལ་སྙིང་པོ་གནས། །བཟླས་པས་བསྐུལ་བས་བཀའ་བཞིན་ཉན། །ལྕི་འཐིབས་རུལ་ལ་ཁྲོ་ན་རྟགས། །ཐན་ནས་སྒྲ་སྒྲུབ་སྦྱོར་བ་བྱ། །དུག་དང་ཉུངས་ཀར་སྐེ་ཚེ་ཡིས། །ཐུན་བྲབ་འཁོར་ལོའི་མཚོན་ཆ་བསྐྱོན། །གོང་བཞིན་ཁྲི་ཚོ་བཞི་བཟླས་ལ། །མཐའ་རུ་དམིགས་པའི་མཁའ་རིམ་ནི། །མུ་མ་བཅུད་ཀྱི་དཀྱིལ་དུ་གནན། །སྒྲ་སྒྲུབ་རྒྱུན་གྱི་དམིགས་པ་ནི། །བདག་ལུས་འོད་ཀྱི་གོང་བུ་ལས། །བཟླས་པས་གཟས་པའི་སྤྱི་བོ་ནས། །གནམ་ལྕགས་ཞུན་མའི་གསེར་བཏབ་ནས། །མྱོས་ཤིང་ཁྲག་རུ་སྒྱུག་པར་བྱེད། །བསྐུལ་བས་བདུད་ཀྱི་སྔགས་སྤྲོས་ནས། །གཟས་པའི་ཙིསྟ་གནམ་སྒོ་ཕྱེ། །མཚོན་ཆའི་ཐོག་དང་ལྕེ་ཕབ་ནས། །སྲོག་དང་སྙིང་གི་རྩ་སྒྲོག་བཅད། །དྲན་པ་མི་གསལ་ཤེས་པ་འཕོ། ་ས་པ་ཡི་གེ་གཉིས་ལ་ཐིམ། །ཨང་ཀུ་ཤ་ཞེས་གནས་སུ་དགུག །པྲ་བེ་ཤ་ཡིས་ལྷ་དང་དབྱེ། །ཨུ་ཀརྙ་ཡིས་རྟེན་ལ་བསྟིམ། །རག་ག་ཧཱུཾ༷་གིས་ཁྲག་ཏུ་བཞུ། །སྲོག་ལ་རྦད་ཀྱི་སྦྱོར་བས་བསད། །ཧཱུཾ༷། སྟོན་པ་གཤིན་རྗེ་བདག་ལ་བསྟིམ། །བཀྲག་དང་གཟི་མདངས་འཕྲོག་ལ་གསོ། །དྲི་དང་ལིང་ཀ་འཁོར་ལོས་གཅོད། །གསད་པའི་སྦྱོར་བས་སྨྲ་གཅད་ལ། །རྩ་བ་བཞི་ལ་ཡན་ལག་བརྒྱད། །སྦྱོར་བ་སྐབས་དང་ལྡན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསད་པའི་སྔགས་འདི་བཏོན་ཏོ། །ཧཱུཾ༷་རུ་ཐུ༷་དུན་བ༷་རག་ཤྭ་མ་ལ་བ༷་རིལ་ཛ། སྲོག་ནི་དུན་རྦད། འཁོར་ལོ་མཚོན་ཆ་བཅུ་གཉིས་ལུས། མཚམས་སུ་འདོད་པའི་ཨ་མུ་ཀ །རྒྱ་གྲམ་གནོན་པའི་སྐྲུ་གྲི་བཞི། །ཧཱུཾ༷་ནི་སྲོག་ནན་དབང་པོ་སྟམ་པ་ཡ་ཕྲོལ་ཁུག་ཨེ་ནན། ལུས་དང་མཚམས་སུ་འདོད་པ་སྦྱར། རྟེན་གྱི་སྙིང་ཁར་ཕུར་པ་གདབ། །རྟེན་དང་བྱང་ཁྲམ་བཅིངས་ལ་གཞུག །ཐོད་པ་དར་དང་རེ་བས་གྲིལ། །དུར་ཁྲོད་གླིང་དུ་ས་སྲོས་གཏད། །བདུད་དང་གཤིན་རྗེའི་ཕོ་བྲང་གདབ། །གསང་བའི་ལས་ཀྱི་མཚོན་ཆས་བཅོད། །གསོད་བྱེད་ཕོ་མོའི་སྦྱོར་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །བདུད་ནག་པོ་སྲོག་གཅོད་པའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཁ་སྟོང་ནག་པོའི་སྦྱོར་བ་འདི་བཤད་དོ། །ངམ་གླིང་བྲག་དང་ས་ཕུག་ཏུ། །སྟེགས་བུ་གྲུ་བཞི་ཕོ་བྲང་གདབ། །སྟེང་དུ་གྲུ་གསུམ་ཆག་གང་བརྩིགས། །གཞི་མ་སེར་པོ་དེ་སྟེང་དམར། །གྲུ་གསུམ་ནག་པོའི་ཐོད་པས་བསྐོར། །ཟུར་གསུམ་རྩང་གི་རྩེ་མོ་སྙིང་། །ཞིང་གི་བླ་རེ་ཞིང་ཆུང་འཕེན། །སྦྲུལ་དང་ཐོད་ཚལ་ཀེང་རུས་བརྒྱན། །ཤ་ཆེན་དང་བཅས་གཏོར་མ་བཤམ། །ལྷོ་ཡི་ཕྱོགས་སུ་གཤིན་རྗེ་ལ། །དུག་དང་རྨེ་ཁྲག་སྣ་ཚོགས་འབྲུ། །སྦྱར་བའི་གཏོར་མ་མ་མོ་ལ། །གྲུ་བཞིར་རཀྟའི་བན་དྷ་བཞི། །སྟེང་གི་ས་གཞི་ཟླུམ་པོ་ལ། །རྨེ་ཁྲག་ཡུག་མི་བསད་པའི་ཁྲག ་་ས་ཀར་སྐེ་ཚེ་ཚ་བའི་རྫས། །ཐལ་ཆེན་དུག་དང་ལྕགས་ཕྱེ་རྣམས། །ཐོད་ཚལ་གསུམ་དུ་བླུག་ལ་བསྐོར། །བལ་ཚོན་སྣ་ལྔས་ཐུན་ཁ་བཅད། ཁྲུ་གསུམ་དབུས་སུ་ཐོད་པ་ཡ། །མོན་ནམ་མཚོན་ངན་གླིང་མངས་སུ། །དམིགས་པའི་ལིང་ག་བྱང་ཁྲམ་བཅས། །སྔོན་དམར་བསྡམས་ལ་ཐོད་པར་གཞུག །ཁྲག་གིས་བཀང་ལ་ཚོན་སྣ་ལྔས། ཁ་ནས་རྒྱ་གྲམ་དག་ཏུ་བཅུངས། སྟེང་དུ་མཛེས་པའི་ལྕང་ལོ་མྲ །སྙིང་དང་བདུད་རྩི་ན་ཆུང་ཁྲག དར་གྱིས་ཁ་བཅད་མ་མོ་བསྟན། །མ་མོ་བོས་ལ་མཆོད་པ་བཏབ། །ཁྲི་ཚེ་ལྷ་བསྙེན་དགོངས་པ་བྱ། །ལྕང་ལོ་མཛེས་པའི་ཕོ་བྲང་དུ། །རོ་ཡི་གདན་ལ་ས་བོན་མ། །བསྐྱེད་པའི་གསང་སྔགས་འདི་བརྗོད་ལ། །རུ་ཏྲ༷་བ༷་མ་མ་ཁ་རག་དུན་ཏིང་སྨྱོ། །བསྐུལ་བའི་རྐྱེན་གྱིས་སྐུ་བསྐྱེད་ལ། །སྨུག་ནག་འགྱིང་མ་མོ་ལྤགས་གོན། །སྦྲུལ་དང་ཐོད་པས་དཀྲིས་ཤིང་བརྒྱན། །རལ་པ་ནག་པོ་ཟ་རུ་ཁྲག །སྤྱན་མིག་གྲུ་གསུམ་མཆི་མ་དུག །ཞལ་དང་མཆེ་བ་སྐྲུ་གྲི་སོ། །སྙན་ཆ་སྦྲུལ་ལ་ཤངས་ནས་རླུ་་། །བ་སྐྲུ་ཆུ་ལ་སྨིན་མ་མེ། ཁ་དང་སྙིང་ཁ་སྟེ་གསང་ནས། །ནད་དོ་ཅོག་གི་རླངས་པ་འཕོ། །རྔམ་པའི་སྒྲ་ནི་སྦྱོ་དང་རྦད། ཁྲ་ཆེན་ཁྲག་ལ་རོལ་ཅིང་ཟ། །ཐུགས་ཀར་ཟླ་བ་རྡོ་རྗེ་མ། །བཟླས་པར་བྱ་བའི་འཐུ་ཡིས་བསྐོར། །ཁྲོ་བོའི་སྔགས་དང་འཕྲོ་འདུ་བྱ། །མུན་ནག་མཚོ་ཡི་དཀྱིལ་ནས་དགུག །བསྙེན་པའི་གྲངས་ནི་ས་ཡ་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་རྩ་བའི་བསྙེན་པ་འདི་བཏོན་ཏོ། །ཨོ་མ་མ་སྙིང་ཁྲག་རྩ་ལ་མུག་མུག་དུན་དུན་སྨྱོ་ཛ་ཛ། རྫས་ལ་བོས་ལ་གཟུགས་ལ་བསྟིམ། །ལས་ཀྱི་མ་མོ་སྲིན་མོའི་ཚོགས། ཁྲ་ཟ་མོ་དང་གནོད་སྤྱིན་མོ། །ཀླུ་མོ་དྲི་ཟ་མོ་ཡིས་བསྐོར། །གཙོ་ལ་ཕྱག་བྱེད་སྙིང་པོ་དབུལ། །།བསྙེན་པའི་རྟགས་དེ་རབ་ཏུ་བཤད། །རྦད་པ་འབུམ་དུ་སྦྱོར་བ་བྱ། །དམ་རྫས་གཏོར་མ་ཁ་ཆེ་ལ། །ཁྲག་བརླབ་འོ་དོད་མ་མོ་བོད། །བརྣག་པའི་རུས་དང་རུས་ལ་རྦད། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་རྦད་པའི་སྔགས་འདི་བཏོན་ཏོ། །མ་མ་རྩ་སྲོག་སྙིང་ལ་བྲེང་བྲེང་། ཁྲམ་ཤམ་དགྲ་བོའི་སྲོག་ལ་དུན་རྨུགས་སྨྱོ་སྨྱོ་སྨྱོ། ནག་མོ་འཁོར་དང་བཅས་པ་ཡིས། །དམིགས་པའི་ལུས་ཕུང་གཤིག་ནས་ཀྱང་། །ཙིཀྟ་ཕྱུང་ཞིང་ལོ་མ་སྟོབས། །དེ་ཚེ་གསད་པའི་སྦྱོར་བ་བརྩམ། །ཡང་ན་དམག་གི་རུ་མཚོན་འཕྱར། །ལས་ལ་ཚུད་པའི་རྟགས་སུ་བཤད། །དམ་རྫས་བན་དྷ་ཤར་ཕྱོགས་སུ། །གཞག་ལ་ཐོད་པར་ཐུན་རྫས་བྲབ། །དམིགས་པ་དག་དང་མ་མོའི་ཚོགས། །མཚོན་ཆས་གཏུབས་ཤིང་ཁྲག་གིས་བྲན། །རྫས་རྣམས་མཚོན་ཆའི་ཆར་དུ་དབབ། །མ་མོ་བརྣག་པ་བྱད་དུ་ཚུད། །མཐའ་རུ་སྲོག་གཅད་ཙིསྟ་འབྱིན། །མ་ལ་བརྣག་པའི་བྱང་ཁྲམ་བཏབ། །ཐུན་གྱི་རྫས་རྣམས་བསྲེས་ལ་བྲབ། །ཁྲག་ལ་རླངས་འཕྲོས་གཟུགས་ལ་ཐིམ། །དམིགས་པའི་སྙིང་དུ་བུ་ག་གནས། །ནང་གི་རྩ་བཅད་ཁྲག་ཏུ་མཛག །གསང་སྔགས་ཁྲི་ཚོ་བདུན་དུ་བཟླས། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་གསད་པའི་སྔགས་འདི་བརྟན་ཏོ། །མ་མ་སྙིང་ལ་དུན་རྨུགས། །དགྲ་བོའི་སྲོག་མྱོགས་རྦད། །རང་དང་མ་མོའི་སྦྱོར་བ་ལས། །མ་མོ་ཟླ་མཚན་རྒྱུ་དུས་སུ། །།བསྙེན་པའི་དགོངས་པ་ལྡན་པར་བྱ། །ཁྲི་ཚོ་བདུན་གྱིས་ལས་ལ་སྦྱར། །བརྡེག་ཅིང་འཕང་བའིསྔགས་འདི་བཟླས། །གསད་པའི་མགོ་དང་མཇུག་གི་ཟོར། །ཐུན་མཚམ་དྲག་ཏུ་ཁྲག་ལ་བསྟིམ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་ཐུན་སྔགས་གསང་བ་འདི་བཏོན་ཏོ། །མ་མ་སྙིང་རྩ་དུན་མུགས། །སྲོག་ལ་བྲེང་བྲེང་ཤག་ཐུན་སྦྱོ། །ཐོན་ནས་ལིང་ག་གཏོར་མ་བཏབ། །ཐུན་ཁྲག་ཐོད་པར་ཟོར་དུ་འཕང་། །ནམ་ཕྱེད་གུང་ཆུང་ས་སྲོས་ལ། །དབང་གཟུགས་ཐུན་ལམ་ལུས་བསྐྱོད་འཕང་། །ལུས་ལ་ཁྲོ་བོའི་སྔགས་ཀྱིས་བསྲུང་། །མ་མོའི་ཀླད་དཀྱིལ་སྟེ་གསང་སྙིང་། །ཁྲག་མདའ་ཐུན་གྱི་ལྤག་ཆེན་བརྡེག །ཐུན་སྔགས་སྦྱོར་བས་གསད་པར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། ཁ་ཏོང་ནག་པོ་ཐུན་གྱི་ལེའུ་སྟེ་སུམ་ཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ནག་མོའི་ཞལ་གྱི་བསྒྲུབ་པ་འདི་བཤད་དོ། །གསང་བའི་གསང་བཅུད་སྦྱོར་བའི་མཆོག །གསང་བཅུད་དངོས་གྲུབ་རིན་པོ་ཆེ། །འཇིག་རྟེན་ཐུན་མོང་ཕན་པའི་བཅུད། །མཚོན་ཆའི་རྒྱལ་པོ་ཁྲག་གཟེར་དབལ། །ནག་མོ་ལེན་བྱེད་སྲིན་མོས་གསོད། །སྦྱོར་བས་གསད་པའི་མཆོག་ཏུ་བཤད། །དེ་ཡི་སྦྱོར་བ་འདི་ལྷ་སྟེ། །གཉན་ར་གདུག་པའི་དབེན་གནས་སུ། །དུར་ཁྲོད་ས་ལ་སྟགས་བུ་ཁྲག་གིས་བྱུག པ༷་སྐུད་བསངས་ལ་སྔགས་ཀྱིས་ཐིག་གདབ་བརྩམ། །གྲུ་གསུམ་ཟླ་ཁམ་ཐོད་པའི་འཕྲེང་བ་ཟླུམ། །རྒྱ་གྲམ་དབུས་ཀྱི་སྙིང་པོ་དྲག་པོ་གནས་བཞི་ལྡན། །ཐོད་སྐམ་འཕྲེང་བས་མཛེས་པའི་གྲུ་ཆད་སྒོ། །རྡོ་རྗེ་མེ་རི་ཚོན་སྣ་གསུམ་དང་ལྡན། །ཞིང་གི་བླ་རེ་འཕན་ཕྲན་རུས་པ་ཁྲག །དར་ནག་གཡང་གཞི་ཡོལ་དང་མཐིང་ནག་གུར། །སྣ་ཚོགས་གཡང་གཞི་ཀླུབས་པ་གྲུ་བཞི་རྒྱན་དུ་དགྲམ། །མཚོན་ལྡན་ལྕང་ལོར་སྙིང་གསུམ་ལྔ་དང་གཟུགས། །ཞིང་རས་དབང་བསྐུར་ལྡན་པའི་ཕོ་བྲང་དབུས། །དཔའ་བོའི་དོན་དང་སྙིང་ཁྲག་བན་དྷ་ཤར། །ཀུ་ཀུ་ན་ཆུང་དོན་ཁྲག་བན་དྷ་ལྷོ། །ཙ་ར་ཤེལ་ནག་དོན་ཁྲག་ཅན་དང་ནུབ། །ཁྱི་ནག་སྙིང་དང་ནག་ཁྲག་ཅན་དང་བྱང་། །གཟུགས་ལ་རབ་གནས་ལྡན་པ་རྟེན་དུ་དགྲམ། །མ་དང་རག་མོ་བཞི་ལས་སྐུ་རུ་བསྐྱེད། །གཏོར་མ་དང་བཅས་མཆོད་པའི་ཡོ་བྱད་བསོག །ཁྱད་པར་དབང་པོ་ལྔ་དང་ནེ་ལེ་སུ་ཏྲའི་ཤ །འབྲུ་སྣ་ཤིང་ཐོག་བག་ཟན་དང་བཅས་ལ། །དྲག་པོའི་གཏོར་མ་སྙིང་གིས་བརྒྱན་པ་ལྔ། །རཀྟ་གསུར་དང་བྱང་ཤར་གྲུ་ཆད་ལྡན། །ཐོད་པ་ཁྲག་སྣ་བྱང་ཁྲམ་བརྣག་པའི་གཟུགས། །བསྐུལ་བའི་སྙིང་པོས་བྲབ་པའི་སྦྱོར་བ་དྲུག །གདབ་པའི་རྫས་ལྔ་སྦྱོར་བའི་མཚམས་སུ་འཕོ། །དབང་པོ་ལྔ་ལ་གཟེར་གདབ་དྲག་ཏུ་བསྐུལ། ཁུ།་བཞི་བན་དྷ་རྒྱ་གྲམ་ཕུར་པ་ཁྲག །མཐའ་མཐུན་རྫས་ཐོས་པའི་ལིང་ཀ་དབུས། །བསྐུལ་བའི་སྙིང་པོ་འདོད་པའི་མཚམས་སུ་སྦྱར། །ལྷ་ཡི་བསྙེན་པ་རྫོགས་པ་དང་། །བདག་གི་རང་བཞིན་ཡ་མའི་སྐུ། །ཟླ་བར་འབྲུ་གཉིས་སྔགས་ཀྱིས་བརྒྱན། །རྟེན་ལ་འབྲུ་གཅིག་ཟླ་བར་བཅས། །འཕེན་ལེན་སྦྱོར་བ་འཕྲོ་ཞིང་ཐིམ། །གཉིས་ཀྱི་སྐུ་ལ་རང་དབང་བསྡུ། །གཙོ་བོ་མཆོད་ལ་ཁྲག་ལ་བོད། །མ་མོ་མཆོད་བསྟོད་དམ་ཚིག་དབོག །བ་སུ་ཐུགས་ཁའི་རྩ་མལ་སྤྲོ། །དྲོད་དང་རྟགས་ལ་ཕབ་ལ་བསྡུ། །ཐོན་ནས་དགྲ་སྒྲུབ་ཁྲག་ལ་ཐིམ། །དམ་རྫས་སྙིང་སྣ་དབུས་སུ་སོགས། །དབུས་ཀྱི་བན་དྷ་སྟེང་དུ་གཞག །འོག་ཏུ་དྲག་པོའི་ཐོད་པ་གཞུག གཟུགས་བརྙན་འཕོས་ལ་ཕུར་པ་དགོད། །རྒྱ་གྲམ་བན་དྷ་ཁྲག་དང་ལྡན། ཁུ།་ཆད་བཞི་ལ་གཞག་ལ་བྲབ། །མཚན་མོ་དང་པོར་རྦད་ལ་དགུག །དབུས་ཀྱི་དྲག་པོ་རྟེན་ལ་བསྟིམ། །གུང་དང་ཉིན་མོ་ཐུན་དུ་དབབ། །དྲག་ཏུ་བསྐུལ་ཞིང་དབང་དུ་བསྡུ། །ཁྲག་ཁྲོལ་རླངས་པ་འཕྲོ་ན་འཕང་། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་ལས་གསང་སྔགས་ཀྱི་མཆོག་འདི་རྣམས་བཏོན་ཏོ། །ཨོ་ཏབྱ་ཐུ་རག་མོ་སྒག་རསྒ་མ་ཧི་སྲོག་ལ་ཛ་ཛ། སྒག་རག་ཤ་མ་ཧི་དུན་སྨྱོ། རེ་མ་ཏི་དགྲ་བོའི་སྙིང་ལ་ཐུམ་རི་ལི་ལི་སྨྱོ། ་ག་རག་ཤ་མ་ཏི་དུན་མུགས་དགྲ་བོ་ཐུམ་རི་ལི་ལི་ཛ་སྲོག་བཱ་ར་ཡ་རྦད་རྦད། སྒག་རག་ཤ་སྙིང་ཁྲག་རྩ་རྦད་རྦད་བ༷་རིལ་ཐུན་སྨྱོ། བདག་དངོས་ཡ་མ་ཀ་ལ་ཡའི། །ཕྱག་རྒྱ་ཆེན་པོ་རབ་གསལ་བྱ། །སྙིང་པོ་བསྐུལ་ལ་ལྷ་མོ་དགུག །དྲེགས་པ་ཆེན་པོའི་ང་རྒྱལ་བསྐྱེད། །མ་མོ་དབང་བསྡུ་བརྣག་པ་དབབ། །བཱ་ར་ཡ་ཡིས་མྱོས་ཤིང་དཔྲལ། །སྲིན་མོ་ཚོགས་བཅས་གཏོད་ཅིང་ཟ། །དགྲ་བོའི་ལུས་སྲོག་བསྡུས་ཤིང་འབྲེལ། །རྣམ་སྨིན་སྦྱང་ཕྱིར་བསྐང་གསོ་བྱ། །མདོས་དང་མཁའ་ལྡིང་ཤེལ་ནག་རྒྱུས། །མ་མོ་རང་དམ་གཏང་རག་གསོ། །སྲེའུ་ལ་སོགས་གསོ་བ་ཀུན། །མདོས་དང་མཁའ་ལྡིང་བདུད་རྩིས་མཆོད། །ཚོགས་དང་གཏོར་མ་དུས་དྲུག་བསྔོ། །སྦྱོར་བ་རྣལ་མའི་མཆོག་ཏུ་བཤད། །མ་མོའི་དབང་དུ་བདག་སོང་ན། །རྐྱེན་དང་ཆོ་འཕྲུལ་ལ་སླར་ལོག་ན། །མཎྜལ་གྲུ་གསུམ་སྦ་གམ་བཤན། །མཐིང་ནག་དམར་པོ་མཐའ་མ་སེར། །རྩང་དང་སྙིང་སྣ་ལྡན་པ་ལ། །བག་ཟན་མ་མོ་ཆག་གང་གཟུགས། །རལ་པ་ཆེ་བ་ནག་མོ་ལ། །སྙིང་ཁར་གྲུ་གསུམ་མཐེབ་གང་བྲུ། །མ་དང་སྲོག་གི་སྙིང་གི་གཞུག །སྟེང་དུ་བན་དྷ་སྙིང་སྣ་གཞག །མདོས་དང་རཀྟ་མཎྜལ་བརྒྱན། །རཀྟ་བརླབ་ཅིང་མ་མོ་བོད། །གཟུགས་ལ་ཕབ་ལ་མ་མོ་གཟིར། །དམ་དབོག་མནའ་ཆུ་བདུད་རྩིས་གསོ། །སྲོག་དབྲོག་གཟི་མདངས་བསྐྱེད་ལ་རྦད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་དྲག་པོའི་གསང་སྔགས་འདི་བཏོན་ཏོ། །ཡ་མ་རག་མོ་སྒག་རསྒ། །མ་མ་ཧྲི་ཧྲི་ཛ་ཛ། ཤི་ཡ་མ་ཨ་པ་ཡེ་དུན་ཧྲིལ། མམཏྲིགནནསྲོགགཟིར། ཡ་མ་རག་མོ་མ་མ་ས་མ་ཡ་མཛད། །ཐབས་ཀྱི་རྒྱལ་པོ་སྟོང་ཉིད་དྲུག །བཅུ་དང་ལྡན་པའི་ལས་གསུངས་པ། །གསལ་བས་རིག་པའི་སྒྲོལ་མའོ། །དེ་ཡི་རིམ་པ་ལས་ཀྱི་མཆོད་ཆེན་ཀྱང་། །བསྟན་པ་འཇིག་པའི་དགྲ་དེ་ལ། །དྲག་པོ་ལས་ཀྱི་མཐར་བྱ་ན། །དུས་ནི་རང་བྱུང་རྩོལ་བ་ལ། །བསྐུལ་བ་བཞི་དང་སྦྱོར་བ་གསུམ། །ཡུལ་ལ་དམིགས་པའི་བསྙེན་སྒྲུབ་མཐར། །དངོས་གྲུབ་སིད་དྷི་གསུམ་མཐར་སྦྱར། །བདག་དབང་བསྟིམ་དང་སྦྱོར་བ་བརྩམ། །ཙཀྲ་སུ་རུས་ཡ་མའི་དཀར། །མ་ཧྭ་གུ་རྒྱ་མན་ཏྲོརེ་བསྟན། །ཕྱི་ནང་འཁོར་ལོ་གསང་བའི་འདུས། ཁུ་དང་རྐྱེན་དང་སྒྲ་དང་ལས། །བཅའ་བའི་ཐབས་དེ་ལྔ་རུ་བཤད། །ཡུལ་ལ་ཕྱི་ནང་གསང་བ་གསུམ། །དབང་པོ་དོད་པའི་ངོ་བོ་དང་། ཁུ་དང་བཅས་དང་སྒྲ་དང་ལས། །དོན་ལྔས་མཚོན་པ་བརྣག་པའི་ལས། །དེ་བཞིན་གསང་སྔགས་འབྱུང་བའི་རྒྱུ། ངོ་བོ་སྒྲ་དང་དྲང་དང་དཀྲུག །ལས་དང་གདགས་པ་མཐའ་རུ་སྦྱར། །ཕྱི་ནང་གསང་བ་གསུམ་དུ་གསུངས། །དེ་བཞིན་སུ་བྱ་གསུམ་དང་ལྔ། །སྒྲ་དང་ངོ་བོ་གནས་དང་ལས། ཁུ་ཡི་ཚུལ་ཏེ་ཉི་མ་བཤད། །གཤིན་རྗེ་ཕྱི་ནང་གསང་བ་གསུམ། །ཡ་མ་གསུམ་འདུས་ཐུགས་ཀྱི་བདག རང་གི་ངོ་བོ་རྒྱུ་དང་སྒྲ། །ལས་དང་གནས་དང་གསོད་པའི་ཚུལ། །དེཡིསགཤིནརྗེའིགྲོང་ཁྱེར་དུ། །འགྲོ་བ་བཀུག་ཅིང་ཁྲིད་ནས་འཆང་། །སྲིད་གསུམ་འཇུག་ས་ཡ་མའི་གནས། །བྱིན་བརླབས་འབྱུང་ཕྱིར་རྩེ། །དུར་ཁྲོད་ཆུ་གླིང་གཉན་རའི་ཤིང་། །བདེ་གནས་མཆོག་ཏུ་ཡ་མའི་ཀློང་། །ནག་པོ་དུག་གི་སྙིང་པོ་དང་། །ཡི་གེ་འབྲུ་ཤག་གྲོང་ཁྱེར་ན། །མུན་ནག་འདྲ་བའི་གཤེད་པོ་ཡི། །དེ་ཡི་ལྟོ་བ་དག་ན་གནས། །སྲིད་པ་གསུམ་ཡང་དེ་ན་གནས། །དེ་ཕྱིར་སྲིད་གསུམ་འཇུག་པར་བཤད། །འཁོར་བ་ཐོག་མ་ཐ་མ་མེད། །འཇམ་དཔལ་དཔལ་གྱི་སྦྱོར་བ་ཡིས། །མ་རིག་སྒོ་ངའི་སྣུབས་འབྱེད་ཅིང་། །སྲིད་པའི་དྲ་བ་འཇོམས་པ་པོ། །བཅུ་པའི་སྦྱོར་བའང་རྒྱུ་ཡི་ཚུལ། །ཏིང་འཛིན་སྦྱོར་བ་རྐྱེན་དུ་བསྟན། །ཐབས་ལྡན་སྤྱི་རྒྱུག་བར་བར་སྦྱར། ཁེང་རྟ་འམ་ཆུ་ཡི་འཁོར་ལོ་བཞིན། ཁུ་དང་རྐྱེན་གྱི་སྦྱོར་བས་འཁོར། །གཡོན་བསྐོར་འོག་ནས་གཅོད་པ་ནི། །ཆུ་ཡི་འཁོར་ལོ་དག་དང་འདྲ། །གཡས་བསྐོར་སྟེང་ནས་གཅོད་པ་ནི། །མཚོན་ཆའི་འཁོར་ལོ་དག་དང་འདྲ། །དེ་ཡི་རྐྱེན་གྱིས་ལྟེ་བ་འཁོར། །ལྟེ་བའི་སྟོབས་ཀྱིས་རྩིབས་དག་འཁོར། །གཅོད་པས་མཚོན་ཆའི་རྒྱལ་པོའོ། །བགྲོད་པ་གསུམ་གྱི་གདེང་ལྡན་པའི། །ལྷ་ཡི་རྣལ་འབྱོར་ཐོབ་པ་ཡིས། །དྲག་པོ་གསད་པ་ཉིད་ལ་སྦྱར། །དེ་མན་བསྐལ་པ་མེད་པ་ཡིས། །ལྷ་ནི་གནད་ལ་དབབ་པ་དང་། །རོ་ལངས་སྲིད་པའི་ལྟོ་དཀྲུགས་དང་། །རིམ་བཟློག་སྔགས་ཀྱི་གནད་དགུ་བསྡེབ། །མཐའ་རུ་སྤྱི་བརྡེག་གམ་འགྲེང་ཧོལ། །ཡེ་ཤེས་རྡོ་རྗེ་འཁྱུད་པ་ཡི། །ལྕགས་སོགས་ལས་ཀྱི་མཐའ་རུ་སྦྱར། །ཐོད་པར་རབས་ཆད་ནག་པོའམ། །ངག་དིག་ཀླན་ཀླེན་བཀྲ་མི་ཤིས། །མུ་ཟ་མཛེ་ཅན་ཡུགས་མོ་ཕག མཛོ་རྟོལ་ར་ཙ་དྲེད་ཐོད་པ། །སྔོ་དམར་མཁར་ནག་སུམ་བསྒྲིལ་སྐྲ། །ཆུ་དར་ཞབས་མ་རེ་ཐུམས་གཞུག ལྷ་ཁང་མཆོད་རྟེན་རི་ཁང་མུ། །དུར་ཁྲོད་གཉན་ས་གོ་མལ་ཐེམ། །ལམ་སྲང་ཁང་སྲུལ་ཆེར་སྣོད་སར། །སྙིང་པོ་རི་རབ་དང་བཅས་པའི། །ཡ་མ་སྐུ་གསུང་ཐུགས་ཀྱི་ལྷོར། །དམིགས་པ་གང་ཡིན་ལེགས་པར་གཞུག །ཕྱག་རྒྱ་སྟོབས་དང་ཟིལ་གྱིས་མནན། །སྦྱོར་བ་སྔགས་ཀྱི་རིམ་པ་ནི། །ཡི་གེ་སླང་དང་གཟེར་བཞི་གདབ། །ལྷ་བསྐྱེད་མངའ་དབུལ་འཁོར་ལོ་གསོ། །མཚོན་ཆ་ངར་བླུད་བྱིན་གྱིས་བརླབ། །བསྲུང་དང་དབྱེ་བའི་ལས་ལ་སོགས། །ཏིང་འཛིན་རྒྱལ་པོ་རྐྱེན་གྱིས་འགྲུབ། །ཐེ་ཚོམ་ལེ་ལོ་གཡེང་བ་ཡིས། །སྦྱོར་བ་བརྩམས་ན་དོན་མི་འགྲུབ། །འཁོར་ལོ་ལྡོག་པའི་རྒྱུ་བཤད་པ། །ལྷག་ཆད་རྣལ་འབྱོར་ནོར་དང་འབྲེས། །རེ་ག་ཐིག་འབྱོར་དྲི་མ་གོས། ཁུ་རྐྱེན་འབྱོར་མེན་ལྡོག་པར་བཤད། །དེ་བཞིན་ཁྱམ་པའི་རྐྱེན་བསྟན་པ། །གསང་སྔགས་ནན་ཆུངས་འཛབ་མ་རྫོགས། །བསྙེན་པའི་བཀའ་བསྒོ་ལས་གཉེར་ཆུང་། །ལས་ཚོགས་ཡན་ལག་གཏད་སྤོགས་ཉམས། །ལས་མི་བྱེད་དེ་འཁོར་ལོ་ཁྱམས། །བསྙེན་བསྒྲུབ་དཀྱིལ་འཁོར་ལ་བརྟེན་ནས། །གསད་པའི་འཁོར་ལོས་གསད་བྱས་ན། །གནན་པའི་སྦྱོར་བས་ནན་ཏན་བསྐྱེད། །དེས་ཀྱང་དམིགས་པ་གཅོད་པར་བྱེད། །དེས་ཀྱང་གཅད་བྱ་མ་ཆོད་ན། །ལས་དང་སྦྱོར་བའི་སྤོགས་པ་བྱ། །གསང་སྔགས་མཐའ་རྫོགས་གཉན་པོར་གནན། །སྦྱོར་བ་དེས་ཀྱང་མ་ཆོད་ན། །རོ་ལངས་ནག་པོའི་སྦྱོར་བས་དཀྲུག །རང་ལས་སྐྱེས་པའི་སེམས་བཏོན་ལ། །དམར་ནག་ཡུལ་ལ་འཁོར་ལོ་བཅའ། །ཐབས་དང་ཤེས་རབ་ལྟོ་བར་གཞུག །འགྲོས་སྟབས་བརྒྱད་ཀྱིས་དཀྲུག་ཅིང་སྦྱར། །མཐའ་རུ་དྲག་པོའི་ཧོམ་གྱིས་མནན། །རྟགས་རྣམས་བྱུང་ཡང་མ་བཏོན་ན། །དམིགས་པ་བཟད་ཀྱང་རྟག་ཏུ་འཁོར། །མི་མཉམ་མགོ་ལོག་རེ་མིག་ནོར། །ལྟ་བའི་སྦྱོར་བ་བཞི་མ་བཟློག །གནད་དགུ་མ་ཡེངས་གཉེན་པོ་གཡེངས། །འཕྲུལ་གྱི་འཁོར་ལོ་སྦྱོར་བ་བཞི། །རྡོ་རྗེ་རྒྱལ་པོ་སྦྱོར་དང་བཅས། །ཡང་དག་གབ་པའི་འཁོར་ལོ་མིན། །སྦྱོར་བ་རྒྱུ་ཡི་བརྡ་གཟུགས་ཅན། །བདེ་བ་གཅིག་གི་ལམ་དང་ལྡན། །ཐབས་མཆོག་གསུམ་ལ་འདི་སྦྱར་ཡིན། །འདི་མན་སྦྱོར་བ་ཉམས་པར་འགྱུར། །ཐབས་ལྡན་སྦྱོར་བའི་མཆོག་ཏུ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །སྒྲུབ་པའི་གཞི་བསྟན་པའི་ལེའུ་སྟེ་སོ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲག་འཐུང་རྩ་བའི་དཀྱིལ་འཁོར་འདི་བཤད་དོ། །ཡ་མ་ཀ་ལའི་ལས་དམིགས་ལ། །རྩ་བ་ཡན་ལག་བཅས་པ་ཡིས། །དབང་དང་འབྲེལ་བའི་རིམ་པ་ལ། །སྔོན་འགྲོ་རྩ་བའི་དཀྱིལ་འཁོར་ནི། །སྦྱོར་བ་ཀུན་ལ་འདིབཤདདོ། །གཤིན རྗེནགཔོ་སྒྲུབ་འདོད་པས། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་པའི། ཤེན་ཏུ་དབེན་པའི་དུར་ཁྲོད་དམ། །བྲག་དང་ས་ཕུག་དག་ཏུ་ནི། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །ཕྱི་རིམ་ཟླ་ཁམ་དམར་པོ་བཞི། །འཁོར་ལོ་རྩིབས་བཅུ་ལྡན་པ་བྲི། །སྐམ་རློན་ཐོད་པའི་འཕྲེང་བ་དང་། །སྒོ་བཞི་རྒྱན་དང་ལྡན་པ་ལ། །རྡོ་རྗེ་དང་ནི་མེ་རི་འབར། །དབུས་ཀྱི་གྲུ་གསུམ་མཐིང་ནག་ལ། །འཇིགས་པའི་རྒྱལ་པོ་གཤིན་རྗེ་གཤེད། །སྐུ་ཡི་གཟུགས་བརྙན་དགོད་པར་བྱེད། །གཡས་སུ་སྒེག་མོ་རལ་གཅིག་མ། །གཡོན་དུ་ཟ་བྱེད་པེ་ཏ་ལི། །ཡབ་ཡུམ་སྐུ་མཐུན་འཁྲིལ་བ་བསྐྱེད། །མདུན་དུ་ཡ་མ་རྭ་ཛུ་ཡང་། །སྐུ་མདོག་སྔོན་པོ་འཇིགས་ཚུལ་ཅན། །ཐུགས་ཀ་དག་ན་གནས་པ་བསྐྱེད། །སྤྱི་བོ་ལྐོག་མར་ཕྱག་རྒྱའི་གཟུགས། །དམར་ནག་ཡུལ་དང་བཅས་པའོ། །།ཟླ་ཁམ་དམར་པོ་མཛེས་པ་ལ། །ཀྲི་ཏྲ་ཏ་བཞི་ཡབ་ཡུམ་བཅས། །གོང་ནས་འདུས་པའི་ཚུལ་དུ་བསྐྱེད། །བླ་འགུགས་ཕོ་ཉ་བཅུ་པོ་ཡང་། །འཁོར་ལོ་བཅུ་ཡི་རྩིབས་དག་ལ། །རྫོགས་པའི་ཚུལ་དུ་གཟུགས་བརྙན་དགོད། །རྩིབས་ཆེན་བདུད་པོ་དེ་བཞིན་གནས། །སྒོ་བཞིར་བསེ་མོ་དེ་བཞིན་དགོད། །དེས་ནི་གཟུགས་བརྙན་དགོད་པ་ཡིན། །ཡང་ན་སྙིང་པོ་ཡིག་འབྲུ་ལ། །ཁྲག་འཐུང་འཁོར་བཅས་སྐུར་བསྐྱེད་དོ། །དེ་ལྟར་དཀྱིལ་འཁོར་བཤམས་ནས་ནི། །གཏོར་མ་གསུམ་དང་ཨ་དཀར་བཅས། །རྒྱན་དང་ལྡན་པར་དགྲམ་པར་བྱ། །ཡོད་བྱད་ཐམས་ཅད་ཡོངས་རྫོགས་དང་། །སྔགས་པ་ཆས་གོས་ནག་པོ་གོན། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་པའི། །སྐུར་བསྐྱེད་རྒྱན་དང་ལྡན་པ་ཡི། །ཁྲོ་བོ་སྔགས་ཀྱིས་མཚམས་བཅད་དེ། །ཏིང་འཛིན་རྣམ་གསུམ་རིམས་གྱིས་བསྒོམས། །ཁྲག་འཐུང་དཀྱིལ་འཁོར་རྫོགས་པར་བསྐྱེད། །སྤྱན་དྲངས་མཆོད་དང་བསྟོད་པ་དང་། །བཤགས་པ་དག་ནི་གཞུང་བཞི་བྱ། །བསྙེན་པའི་དྲོད་དང་ལུང་ཐོབ་ནས། །གཏོར་མ་བཏང་ལ་དཀྱིལ་འཁོར་བསྡུ། །དུར་ཁྲོད་དཔའ་དང་བཅས་པ་ཡི། ཁུན་ཆེན་གོས་དང་ཐོད་པ་ལ། །ཚོགས་པར་སྦྱར་བའི་སྣག་ཚ་ཡིས། །ཀང་ཀའི་སྒྲོའམ་བྱ་རོག་སྒྲོས། །དགྲ་ཡི་རྐང་རྗེས་ཆུ་ཕུད་དང་། །བོང་བུའི་བདུད་རྩི་མཆིལ་སྣབས་དང་། །བ་ཡི་ལྕི་བ་ས་དམར་དང་། །མཁར་དཀོངས་རྣམས་ལ་འབག་རུ་བྱ། །ཕྱི་རོལ་ར་ཡི་ཁྲག་གིས་བྱུག རི་ཤོ་དང་ནི་གྲོ་ག་ལ། །དེ་ཡི་རུས་དང་མིང་བྲིས་ལ། །གཤིན་རྗེ་ཡབ་ཡུམ་འོག་ཏུ་གཞུག །ཚོན་གྱི་སྐུད་པས་བཅིངས་ནས་སུ། །མཚན་ངན་བན་དྷ་ཁ་སྦྱོར་དུ། །བཅུག་ལ་བུད་མེད་ཡུགས་ས་མོའི། །སྐྲ་ཡི་ཐག་པས་བཅིངས་ལ་གཞག །གཏོར་མ་ལ་སོགས་གཞུང་བཞིན་བཤམ། །གསུར་ཆེན་དུད་པ་རྒྱུན་མི་འཆད། །དེ་ནས་ཏིང་འཛིན་རྣམ་གསུམ་གྱིས། །ཁྲོབོརྒྱལཔོགཤིནརྗེགཤེད། །སྙིང་པོ་སྔགས་ཀྱི་ཡུམ་དང་བཅས། །རྩ་བ་ཁྲག་འཐུང་རྫོགས་པར་བསྐྱེད། །རངབཞིནགནསནསསྤྱན་དྲངས་ལ། །གཉིས་སུ་མེད་པར་སྟིམ་པར་བྱ། །བསྟོད་ཅིང་མཆོད་པ་ཕུལ་ནས་ནི། །ཇི་ལྟར་འདོད་པའི་འཕྲིན་ལས་བཅོལ། །མར་ཞག་བགྲངས་པའི་ཚེས་བརྒྱད་དེ། །ཉི་ཤུ་གསུམ་ནས་དྲུག་ཏུ་སྟེ། །ཞག་ནི་བཞི་ཡི་བར་དུ་སྟེ། །ཡ་མ་ཏ་ཀའི་བསྙེན་པ་བྱ། །དགོངས་དང་ཐོ་རངས་གཏོར་མ་གཏང་། །ཉི་ཤུ་བདུན་ནམ་གནམ་སྟོང་དུ། །ཞག་ནི་བཞི་ཡི་བར་དུ་ནི། །གསད་པ་ལས་ཀྱི་སྦྱོར་བ་བསྡེབ། །བདག་ཉིད་ཁྲོ་བོའི་སྐུར་བསྒོམས་ཏེ། །སྤྲུལ་པ་གཞན་ཚོགས་ལས་ལ་དགྱེ། །ལྷོ་ཕྱོགས་ཁ་བལྟས་མདུན་དུ་ནི། །ཧོམ་ཁུང་གྲུ་གསུམ་རྩེ་མོ་ལྷོ། །ཆག་གང་ཐུར་དུ་བརྐོས་པ་ལ། །རི་མོ་བསྲེགས་པའི་སོལ་བ་ཡིས། །ཁ་དོག་ནག་པོ་དག་ཏུ་བྱ། །དེ་ཡི་ནང་དུ་བན་དྷ་གཞུག །དེ་ཡི་སྟེང་ནས་ཐོད་པ་དགབ། །བར་དུ་གཅོད་པའི་འཁོར་ལོ་བཅའ། །དམིགས་པའི་བསྒྲུབ་བྱ་གནས་སུ་གཞག །གཤིན་རྗེ་དབང་དུ་བསྡུ་བའི་ཕྱིར། །ཁྲོ་བོ་ཞབས་ནི་གཡོན་པ་ཡིས། །རྡོ་རྗེའི་ཕུར་པ་རྩེ་གཅིག་པར། །བསྒོམས་ཏེ་གཤིན་རྗེའི་སྙིང་ཁར་གནན། །དགུག་ཅིང་དབང་དུ་བསྡུ་བ་ཡི། །སྙིང་པོ་སྔགས་ཀྱི་བཟླས་བརྗོད་ནི། །ཉིན་མཚན་པྱེ་ལ་མཚན་མོ་བཟླས། །གཤིན་རྗེ་ནག་པོ་འཁོར་དང་བཅས། །རང་དབང་མེད་པར་དབང་དུ་འགྱུར། །ཇི་ལྟ་བཅོལ་བའི་ལས་ཀྱང་བྱེད། །སྙིང་པོ་སྔགས་ཀྱི་བར་བར་དུ། །ཁྲོ་བོའི་བསྟོད་པ་གཏང་བར་བྱ། །རཀྟ་བསྟབས་ཏེ་མཆོདཔའབུལ། །གཤིནརྗེའིལས་ལ་བཙུད་ནས་ནི། །དགྲ་བོ་མྱུར་དུ་གསད་པའི་ཕྱིར། །བན་དྷའི་དཀྱིལ་འཁོར་ཐོག་ཏུ་གཞག །བཅོལ་བའི་ལས་ཀྱི་སྔགས་བཞི་ནི། །ཉིན་མཚན་ཕྱེ་ལ་ཉིན་མོ་བཟླས། །སྔགས་ཀྱི་བཟླས་བརྗོད་བར་བར་དུ། །རྫ་རྔ་བརྡུངས་ཏེ་གཤིན་རྗེ་བོད། །རཀྟ་སྦྲེངས་ཏེ་མཆོད་པ་བསྟབ། །ལུབུར་བ་བུས་ཏེ་སྒྱུགས་གླུ་བླངས། །དུན་ཏིང་ཀ་ཡི་སྔགས་བརྗོད་ལ། །དགྲ་བོ་དེ་ལ་གཤིན་རྗེ་རྦད། །ཕུར་པ་བཏབ་ལ་རལ་གྲིས་ག་། །དུག་ལྔ་གཅོད་དང་བསྟབས་པ་བྱ། །གཏོར་མ་བཏང་ལ་ལྷ་རྣམས་བསྡུ། །ཚེས་གཅིག་ཏུ་ནི་བརྩིས་པ་ཡི། །ཉིན་མཚན་གཉིས་ཀྱི་མཚམས་སུ་ནི། །གནན་པ་ལས་ཀྱི་སྦྱོར་བ་བྱ། །སྟེང་ལ་སྙིང་པོ་འོག་ཏུ་མིང་། ཁ་སྦྱར་གཅོད་པའི་འཁོར་ལོའི་བར། །འཇིགས་བྱེད་ཡ་མ་རྭ་ཛ་ཡི། །མཆོག་གི་ཕུར་པ་སོར་གསུམ་ལ། །གནན་ཅིང་གཟིར་བའི་སྔགས་བཟླས་ལ། །རྡོ་རྗེ་ཕུར་པ་རྩེ་གཅིག་པར། །བསྒོམས་ཏེ་ལིང་གའི་སྙིང་ཁར་གདབ། །གཤིན་རྗེ་ཡབ་ཡུམ་ལྟོ་རུ་གཞུག །མཚན་ངན་བན་དྷར་བཅུ་གནས་སུ། །སྔ་མ་བཞིན་དུ་ཐག་པས་བཅིངས། །གནན་པའི་བན་དྷ་དེ་ཉིད་ལ། །རི་རབ་བང་རིམ་གསུམ་པ་ན། །སྙིང་པོ་ལམ་དང་བཅས་པ་བྲི། །གཉན་ར་ལ་སོགས་གདུགས་པར་གནན། །ལས་ཀྱི་གནས་སྨིན་སྦྱང་བའི་ཕྱིར། །བསྐང་གསོ་ཆོ་ག་རྒྱ་ཆེར་བྱ། །ཐོད་པ་དྲག་པོ་ཀུན་གྱིས་བསྐྱོད། །མ་གྲུབ་སྤོགས་པ་བཟློག་པ་བསྐོར། །འཁོར་ལོ་ཧོམ་འབྲེལ་དྲག་པོས་གཅད། །ཡེ་ཤེས་འཁོརལོར་ཕྱག་རྒྱ་བསྲུང་། །དཀྱིལ་འཁོར་ཀུན་གྱི་རྩ་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །རྩ་བའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལས་དྲག་པོའི་སྦྱིན་སྲེག་འདི་བཤད་དོ། །མཆོག་གི་སྦྱོར་བ་ལས་གསུངས་པ། །ས་གཞི་ནག་པོ་དུག་ཆུས་བྲན། །ཁྲུ་གང་གྲུ་བཞིའི་སྟེགས་བུ་ལ། །ཁྲག་དང་དུག་གི་བྱི་དོར་བྱ། །ཧོམ་ཁུང་གྲུ་གསུམ་ཁ་ཁྱེར་གསུམ། །ཉི་ཤུ་རྩ་དྲུག་བཅུ་གཉིས་ཚད། །རྩང་དང་ཐོད་པ་རྡོ་རྗེས་བསྐོར། ཁྲུ་ཆད་སྒོ་བཞི་དུར་ཁྲོད་བརྒྱན། །ཕྱི་རིམ་མི་རྡོ་རྗེ་རི་ལྡན། ཁྲུ་གསུམ་དབུས་སུ་རྒྱ་གྲམ་ལ། །ཕྱག་མཚན་ཏྲི་ཤུལ་རྩེ་གསུམ་དགོད། །སྣ་ཚོགས་སྨེ་བའི་རྫས་ཀྱིས་བྱུག །མཆོད་པའི་རྫས་རྣམས་ནག་པོར་དགྲམ། །དུག་ཤིང་བསེ་ཤིང་ཚེར་མ་ཅན། །རྩེ་མོ་ཟུར་གསུམ་ཉི་ཤུ་གཅིག །སྦམས་ལ་ཁྲག་བསྐུ་མིང་བྱང་གདགས། །འཁར་ནག་བཅིངས་ལ་དབུས་སུ་གཟུགས། །བག་ཕྱེ་དུག་ཕྱེ་རི་ལུ་བརྒྱ། །མིང་བྱང་རེ་དང་ལྡན་པར་བྱ། ཁྲ་ཆེན་མར་ཁུ་ཏིལ་མར་ཁུ། །ཚིལ་སྣ་ལིང་ཁ་བསྲེག་རྫས་ལྡན། ་་ས་ཀར་ཉུངས་ནག་ཏིལ་ཤང་ཚེ། །རྡོ་ཕྱེ་ལྕགས་ཕྱེ་ཟངས་ཕྱེ་ཐལ། །ཁྲག་སྣ་དུག་སྣ་ཐུན་གྱི་རྫས། །ཞུན་ཆེན་ནིམ་པ་བོང་བུའི་ཆུ། །བྱ་ཚིལ་ཕག་ཤ་དྲི་ཆེན་སྐྲ། །དྲི་ཆུ་རུས་པ་བླ་ཤ་མར། །བསྲེས་ལ་རི་ལུ་ལྷ་ཡི་གྲངས། །གཟུགས་དང་མིང་ཡང་གོང་མ་བཞིན། །ལྷ་བསྐྱེད་རྩ་བའི་ཁྲག་འཐུང་བསྒོམ། །མེ་ལྷ་གསོས་ལ་སྤྱན་དྲངས་མཆོད། །བསྲེག་རྫས་ཕུལ་ལ་བསྟོད་པ་བྱ། །ཕོ་ཉས་བཀུག་ལ་ལིང་ག་ག་། །བསྟབ་པའི་ཚུལ་གྱིས་རི་ལུ་དབུལ། །ཁྲག་དང་མར་ཁུ་དུག་ཆུས་བྲན། །སྔགས་བཟླས་གསང་བའི་འཕྲེང་བ་གདོན། །དབུ་རུ་ཡོན་ཏན་རྫོགས་པ་གཞག །དེ་འོག་ཨུ་ཤའི་མཐའ་མ་ལ། །དྲུག་པའི་གསུམ་པས་འོག་ནས་འབྲེལ། །དབྱངས་ཀྱི་གུམ་པས་སྟེང་དུ་བརྒྱན། །དེ་འོག་།་ཤའི་གསུམ་པ་ལ། །གསུམ་པའི་དང་པོས་འོག་ཏུ་འབྲེལ། །དབྱངས་ཡིག་བཞི་པས་སྟེང་དུ་བརྒྱན། །ལྔ་པའི་གསུམ་པས་བདུན་པའི་མཐའ་མར་འབྲེལ། །དབྱངས་ཀྱི་བརྒྱད་པས་སྟེང་དུ་བརྒྱན། །སྒྲ་ཡི་དང་པོ་དྲུག་པའི་གསུམ་པར་འབྲེལ། །སྟེང་དུ་དབྱངས་ཡིག་བདུན་པས་བརྒྱན། །གསུམ་པའི་དང་པོ་གསུམ་པའི་མཐའ་གཉིས་ཏེ། །སྡུད་པའི་སྙིང་པོ་གཉིས་དང་ལྡན། །སྐྲོད་པའི་ནག་པོ་ཡི་གེ་གསུམ། །ཐུགས་ཀྱི་འཕྲེང་བ་བསྲེག་པའི་ལུས། །ཀུན་གྱི་དབུ་རུ་ལུས་ཏེ་ཁྲི། །དྲག་པོའི་དུས་སུ་སྦྱོར་བའི་གནད། །དེ་ཡི་འཕྲེང་བ་འདི་ལྟ་སྟེ། །དང་པོ་ཨུ་ཤའི་གསུམ་པས་བསྟན། །དྲུག་པའི་དང་པོ་ལྔ་པའི་གསུམ་པར་འབྲེལ། །གསུམ་པའི་མཐའ་མ་ཨུ་ཤའི་གཉིས་དང་ཉེ། །དེར་ཡང་དྲུག་པའི་དང་པོ་བསྣན། །ཨུ་ཤའི་གསུམ་པ་གསུམ་པའི་དང་པོར་འབྲེལ། །ཐིག་ལེའི་སྟེང་དུ་ལྔ་པའི་མཐའ་མས་བརྒྱན། །ལྔ་པའི་གཉིས་པ་རླུ་་གི་སྙིང་པོར་ཉེ། །མཚམས་སུ་འདོད་པའི་ཨ་མུ་ཀ །སྤུ་གྲིས་གཅོད་པའི་སྦྱོར་བ་ནི། །འབྲུ་དགུས་གཅོད་པའི་གོང་མ་བཞིན། །བསྲེག་པའི་འབྲུ་བཅུ་རྐྱེན་དང་ལྡན། །དྲག་པོ་དུར་ཁྲོད་གཙུག་མེར་སྤར། །ཐལ་བ་ལ་སོགས་གནན་ལ་ཟོར། །འཕང་བ་འབྲུ་གསུམ་གནད་པ་དྲུག །དེ་ཡི་ལས་ཀྱི་མཐའ་རུ་རྫོགས། །དྲག་པོ་བསྲེགས་པའི་སྦྱོར་བར་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་བསྒྲུབ་པ་འདི་བཤད་དོ། །འཇམ་དཔལ་ཐུགས་ཀྱི་དཀྱིལ་འཁོར་དུ། །རིགས་དང་བཅས་པའི་གའུ་ལ། །སྟེང་དུ་སྐུ་ཡི་བཅུ་བདུན་ལ། །ཚེ་ཡི་འབྲུ་དྲུག་འདོད་པའི་གསུམ། །ཉི་ཤུ་རྩ་དགུའི་ཡིག་འབྲུ་གང་། །དམར་ཡ་དངས་པའི་སྣག་ཚས་བྲིས། །འོག་མར་ཚེ་ཡི་རྟེན་ལྔ་བཅ། །རང་འབྱུང་འཆི་མེད་སྣུམ་དང་འབྲུ།ཁ་སྦྱར་འབྲུ་ལྔས་རྒྱས་གདབ་དྲིལ། །གཞལ་ཡས་ཁང་གདན་དང་ལྷ་རྣམས་བསྐྱེད། །སྤྱན་དྲངས་ལ་སོགས་པྲུ་ཛས་མཆོད། །ཚེ་ཡི་བསྙེན་པ་ཁྲི་ཚོ་བརྒྱད། །ཉིན་མཚན་ཐུན་གསུམ་མཆོད་བསྟོད་བཟླས། །ཚེ་ཡི་སྙིང་པོ་གནས་ནས་དྲང་། །འོད་འབར་དྲི་དང་དུད་རླངས་སྐུ། །ཐོབ་ནས་ཚེ་ཡི་ག་བུར་བསྟིམ། །དངོས་གྲུབ་བདུད་རྩི་དབང་བསྐུར་ལ། །སྙིང་པོས་བསྐུལ་ཞིང་སྦྱོར་བས་བསྟིམ། །ཕྱག་རྒྱ་ཆེན་པོ་བརྟན་པར་སྦྱིན། །བཀྲ་ཤིས་ཚེ་ཡིས་གླུ་དབྱངས་བརྗོད། །འཇམ་དཔལ་ཚེ་ཡི་བསྒྲུབ་པར་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁ་འཆིངས་ཀྱི་སྦྱོར་བ་འདི་བཤད་དོ། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །ཡང་དག་དོན་བོར་ལོག་ལྟ་སྤྱོད། །བཀའ་ཡི་བསྟན་པ་བསྲུང་བ་དང་། །ལྷ་ཡི་ནུས་པ་ཡ་མ་བྱིན། །སྲིན་པོ་སྡེ་བརྒྱད་མ་མོའི་ཡམས། །མུ་སྟེགས་སྔགས་བྱད་མཛེ་རིགས་ཐོགས། །སྦྲུལ་གདུག་སེར་བ་གཅན་གཟན་ཀླུ། །དུས་མིན་འཆད་པ་གསུལ་འགྱེད་དགྲ། །ལྟོ་བཟློག་ཡང་སྙིང་བཀའ་བཟློག་འཆིང་། །དུས་མིན་འབྱུང་བ་ནང་འཁྲུགས་དང་། །ལྟ་ལོག་ཕྱག་རྒྱའི་སྟོབས་ཞན་ན། །འཁོར་ལོ་ཆགས་ལུགས་ཕྱག་མཚན་ཐུན། །ཕྱག་རྒྱ་རྒྱན་ཆ་འདུག་སྟངས་བཟློག །གནོད་བྱེད་ཐར་བསྐྱལ་དུག་མངའ་དབྱུང་། །མཁའ་འགྲོ་གཟན་དབབ་རང་གཤེད་བསྐོར། །དེ་ཡི་སྦྱོར་བའི་འཕྲེང་བ་ནི། །དབུ་རུ་ཡོན་ཏན་རྫོགས་པ་གཞག །སྒྲ་ཡི་དང་པོ་གཉིས་པའི་དང་པོར་ཉེ། །དབྱངས་ཀྱི་དང་པོ་ཨེ་དང་ལྡན། །གསུམ་པའི་དང་པོ་ལྔ་པའི་གཉིས་པར་ཉེ། །དྲུག་པའི་མཐའ་མར་ཨུ་ཤའི་གསུམ་པར་ཉེ། །གསུམ་པའི་དང་པོར་དྲུག་པའི་གསུམ་པར་འབྲེལ། །ལྔ་པའི་གསུམ་པ་གཉིས་པའི་གསུམ་པར་ཉེ། །དྲུག་པའི་གསུམ་པས་འོག་ནས་འབྲེལ། །ལྔ་པའི་མཐའ་མ་དྲུག་པའི་གསུམ་དང་པོ། །ལྔ་པའི་གཉིས་པ་ཨེ་སྟེངས་རྒྱན། །གསུམ་པའི་དང་པོ་ལྔ་པའི་མཐའ་མ་གཉིས། །འོག་མ་ཨུས་བརྒྱན་ཨུ་ཤའི་མཐའ་མ་བསྣན། །སྒྲ་ཡི་དང་པོའི་གཉིས་པའི་སྟེང་བདུད་བརྒྱན། །དྲུག་པའི་གསུམ་པ་གཉིས་པའི་དང་པོར་འབྲེལ། །ལྔ་དྲུག་བར་གྱི་ཁྱུང་འཕྱང་བསྟན། །གསུམ་པའི་དང་པོ་དྲུག་པའི་གསུམ་པར་འབྲེལ། །གཉིས་པའི་གསུམ་པ་དྲུག་པའི་མཐའ་མར་ཉེ། །སྒྲོད་པའི་ནག་པོ་བསྣན་པས་ཡང་དག་བརྟན། །གདུག་པའི་ཁའམ་གཅན་གཟན་ཁ། །བཟླས་པས་ནུས་པའི་སྟོབས་རྣམས་འཆིང་། །རང་གི་ཕྱག་རྒྱ་བསྟན་པ་ཡང་ཡང་བསྐྱེད། །སྔགས་པའི་འོག་གམ་ཡ་མའི་ལྟོ་བར་གནན། །གདུག་པའི་ཁ་འཆིངས་ལྟོ་ལོག་སྦྱར་བར་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་པོ་ཁ་འཆིངས་ཀྱི་སྦྱོར་བ་འདི་བཤད་དོ། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །ཁྱད་པར་རྡོ་རྗེ་གསང་བ་ཡི། །སྙིང་པོ་འཁྲུལ་གྱི་སྦྱོར་བས་བཅིངས། །རྡོ་རྗེ་སྲིན་པོ་གཤིན་རྗེ་བདུད། །མ་མོ་དྲེགས་པ་གནོད་བྱེད་ཀུན། །ལོ་དགྲ་རིམས་གཤེད་འབྱུང་བ་འཁྲུགས། །གཅན་གཟན་གདུག་པ་སྲོག་ཆགས་འཆིང་། །དང་པོར་སྐྱེ་མེད་རྫོགས་པར་བསྟན། །དེ་འོག་ནམ་མཁའ་ཆོས་འབྱུང་ལས། །རླུད་སྡུད་དགེས་བྱེད་སྐར་མའི་འབྲུ། །ལས་ཀྱི་མཐུ་སྡུད་ཆུ་ཡི་རྒྱུན། །གཤིན་རྗེ་མ་མོ་སྲོག་མདངས་མ། །ཐམས་ཅད་སྙིང་གཟེར་རང་དབང་སྡུད། ཁ་འཆིང་སྟོབས་གནོན་སྙིང་པོ་གནན། །དྲག་པོ་སྔགས་ཀྱིས་ཁ་འཚིངས་ཤིང་། །རྫས་ཀྱི་སྦྱོར་བ་ཚོགས་པ་དང་། །མཚན་མ་རྟགས་ཀྱིས་ཕེབས་པ་ཡི། །ལུས་ལ་གསལ་བའི་རྒྱས་ཐེབས་ན། །དུས་གསུམ་རྒྱུན་དུ་ཁ་འཆིངས་ཡིན། །འདི་ནི་དྲག་པོའི་སྦྱོར་བ་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕོ་མོ་དབང་པོ་འཕོ་བའི་སྦྱོར་བ་འདི་བཤད་དོ། །ནི་རང་ཆེན་པོའི་སོགས་པ་ལ། །ཁྲོ་བདག་ཆེན་པོའི་སྐུ་བྲིས་ལ། ཁྲེས་རབ་ཕྱག་རྒྱས་མཆོད་དབང་བསྐུར། །ཁྲོ་གཅིག་སྦྱོར་བ་གཉིས་སུ་བྱ། །ས་གསུམ་ཕོ་མོ་དོད་པའི་གཟུགས། །སོར་བརྒྱད་བཅུ་གཉིས་ཕོ་མོས་དོད། །དབང་པོ་དང་བཅས་འདོད་པའི་མིང་། །སྐུ་ཡི་ལྟོར་གཞུག་གདུག་པས་བཅིངས། །དཀར་དམར་སྔོ་བའི་ཆས་ཀྱིས་དྲིལ། །གའུ་བཅུག་ལ་དྲག་སྔགས་བཟླས། །བདུན་ཁྲི་ཐོན་ནས་ཁྲི་ཡིས་སྦ། །གོ་མལ་ཐེམ་སྲང་བླ་གནས་སར། །སྲོད་དང་ཐོ་རངས་ཉིན་མཚན་ཕྱེད། །ཕོ་མོས་འདོད་པའི་ཡུལ་དང་སྤྲད། །ཉི་ཟླ་གང་འདོད་བསྡེབས་ལ་སྦྱར། །སེམས་ཕྱི་དྲི་མ་དཀར་ནག་བཅའ། །འདོད་པ་སྔགས་ཀྱི་འཕྲེང་བ་ནི། །ཧེ་ཀ་དུ་ན་ར་མ་ཛུ་ཡ་སརྦ་ནི་དུན་ཏྲི་པ་ཧ་ནན་ཕཊ། ཡ་དུ་ཀ་ཧེ་རུ་ན་ཛ་མ་ར་ཝ་ཤ་ཆུན་ནི་ཛ་བུང་ནན། ཉི་མ་པ་སངས་མིག་དམར་ཕུར། །རྒྱལ་སྨད་སྨལ་པོ་སྨིན་དྲུག་ཁྲུམས། །ཚེས་གསུམ་བདུན་དགུ་བཅོ་བརྒྱད་སྟོང་། །ཕོ་མོས་འདོད་པའི་སྦྱོར་བ་ཉེ། །མ་ཡི་གཡས་གཡོན་སྔས་དང་འཕོངས། །གཅོག་བུ་སྤྱི་གཙུག་གནམ་པར་བསྟན། །ལུས་ཅན་དབང་པོ་འཕོ་བ་ནི། །ཕྱག་རྒྱ་གསང་བའི་བདག་དབང་བསྡུ། །ཚེ་དབང་འདོད་པའི་མིང་ནས་བོད། །གཟུགས་ཁམས་མ་ཡི་ལུས་ལ་གཟུད། །ཐབས་རྣམས་ལྡན་དང་མི་ལྡན་ལས། །བྱ་བ་ཀུན་འགྲུབ་ཐབས་ཀྱིས་མཆོག །ཕོ་མོ་འདོད་པ་འཕོ་བར་འགྱུར། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །མཆོག་གི་སྦྱོར་བའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རང་བདུག་རང་ལ་བསྐོར་བའི་སྦྱོར་བ་འདི་བཤད་དོ། །དྲག་པོ་སྟོབས་དང་དབང་དབྲོག་པའི། །སྦྱོར་བའི་རྒྱལ་པོ་རང་དབང་འཇོམས། །གནད་དགུས་ཐབས་མཆོག་ལྡན་པར་བྱེད། །གསང་བའི་གསང་བ་སྔགས་ཀྱི་གནད། །རྡོ་རྗེ་སྲིན་པོ་སྦྱོར་བའི་གནད། །ལྟོ་ཟློག་སྲིད་པ་རང་འཇོམས་གནད། །རང་བདུད་མཚོན་ཆ་བཟློག་པའི་གནད། །དྲེགས་པ་དབང་ཆེན་དགུག་པའི་གནད། །སྟོབས་ཀྱི་བདག་པོས་གཟིར་བའི་གནད། །གཞན་སྔགས་རྐྱེན་གྱིས་བསྐུལ་བའི་གནད། །ཕྱག་རྒྱ་རང་དབང་དབྲོག་པའི་གནད། །མཁའ་འགྲོ་གཟན་ལ་དབབ་པའི་གནད། །གནད་དགུས་མི་ནག་འཇོམས་སྡུད་ཡིན། །སྦྱོར་བའི་སྔོན་འགྲོ་རྟེན་གསུམ་དང་། །ས་གསུམ་ཚ་བ་དྲི་ཆུ་ཁྲག །སྦྱར་ལ་འཕུལ་གྱི་འཁོར་ལོ་བཅའ། །ཡུགས་ས་ཕོ་མོའི་ཞབས་མ་ལ། །རྨེ་བ་ལྔ་ཡི་ཐང་པ་བྱ། །མཚོར་ཆའི་རྒྱལ་པོ་འཁྲུལ་འཁོར་བཅའ། །སྙིང་པོ་བཅུ་བདུན་སྐབས་ཀྱི་ཕོ། །དམ་རྫས་བཅུ་བདུན་རྟེན་དང་སྔགས། །།འཕོ་དང་སྦྱོར་བ་སྐབས་ཀྱི་འགྱུར། །མཚོན་ཆ་བྱིན་བརླབས་ངར་བླུས་གསོ། །གཤིན་རྗེ་ནང་གི་བདུད་བསྐོར་ན། ཁ་གནོན་གཤེད་ཀྱི་སྦྱོར་བ་སྡེབས། །དབང་སྡུད་སྐྲུ་གྲི་བཞི་ལྟོར་སྦྱར། །དབུས་སུ་གཟིར་ལ་ཡ་ལ་བསྡུ། །རང་གནད་བཟློག་ལ་དབུས་ཉིད་གསད། །ཡ་ནས་དྲངས་ལ་ཨ་མུ་ཀ །སྤུ་གྲི་མཐའ་རུ་ཡ་ལ་བསྐྱལ། །རྣལ་མར་སྦྱོར་བ་ཉི་མ་བཞིས། །གཤིན་རྗེའི་རྒྱལ་པོས་སྔགས་པ་འཇོམས། །ཡང་དག་འཕོ་བ་ནམ་མཁའི་ཁོངས། །མཐའ་རུ་གམ་འགྲེང་དགུ་བསྐོར་གནན། །གཤིན་རྗེའི་རང་གཤེད་བསྐོར་བར་བཤད། །མ་མོ་ཐམསཅད་མ་ལ་བབསྐོར། །ཡ་ཡི་གནས་སུ་མ་བཞག་ལ། །དེ་བཞིན་མ་ཡི་གནས་སུ་ཡང་། །རྒྱ་ཚིལ་བུང་བུ་གཏོར་མ་རྫས། །བཅུ་བདུན་འཁྱིལ་བ་སྦྲུལ་གྱིས་འགྲོས། །མ་ནས་གྲངས་ལ་སྒོ་བཞིར་འཇུག །ཉི་མ་བཞི་ལ་འཕོ་བ་བཞི། །མཚམས་སུ་འདོད་པའི་ཨ་མུ་ཀ །སྐྲུ་གྲི་དང་བཅས་མ་ལ་བསྟིམ། །མ་དང་ཤེས་པ་ནམ་མཁའི་ཁོངས། །མཐའ་རུ་དྲག་པོ་ཧོལ་གྱིས་གནན། །ཐུན་གྱི་འཁོར་ལོ་བསྐུལ་ཞིང་གསོ། །རིམས་དལ་ཡམས་ཀྱི་ཆར་དུ་འབེབས། །མ་མོ་རང་གཤེད་བསྐོར་བར་བཤད། །བདུད་ཀྱི་སྦྱོར་བ་སླར་བསྐོར་ན། །ཡ་ཡི་གནས་སུ་ད་འཕོས་ལ། །ད་དེ་ཡ་ལ་དབང་པོ་འཕོ། །ད་ནས་གཏོར་ལ་ཉི་མ་བཞིར། །ལུས་སྲོག་དབང་པོ་འཇོམས་ཤིང་འཕོ། །མཚན་མོ་དྲིལ་ལ་རྦད་ཅིང་དགུག དབྱེ་བ་དང་བཅས་གཟུགས་ལ་བསྟིམ། གནན་པ་རྡོ་རྗེའི་ལྕགས་དང་སྦྱར། །ད་དང་ཤེས་པ་མི་གཡོ་བརྟན། །བདུད་ཀྱི་རང་གཤེད་བསྐོར་བར་བཤད། །སྲིན་པོ་སྦྱོར་བས་རང་འཇོམས་ན། །ཡ་དང་ར་དེ་གོ་རྗེས་འཕོ། །ར་ནས་མགོ་དྲངས་བར་ལ་བསྐྱལ། །བཅུ་བདུན་དྲིལ་ལ་སྒོ་བཞིར་འཇུག །མཚན་མོ་རྦད་དང་དགུག་པ་དང་། །དབྱེ་བ་སྐྲུ་གྲི་སྐབས་སུ་གདགས། །སྦྱོར་བ་བཞི་བརྒྱ་མཚན་གསུམ་སྡེབས། །ཉི་མ་བཞི་ཡིས་གསད་དང་འཕོ། །ཨ་མུ་ཀ་དང་སྤུ་གྲི་སྦྱར། །ར་དང་ཤེས་པ་འབྱུང་བ་བསྡུ། །ནམ་མཁའ་རྡོ་རྗེའི་དབྱིངས་སུ་འཕང་། །གནན་པ་སྟོབས་ཀྱི་བདག་པོས་བྱ། །སྲིན་པོའི་རང་གཤེད་བསྐོར་བར་བཤད། །བཙན་གྱི་སྦྱོར་བ་རང་འཇོམས་ནི། །ཙ་དང་ཡ་རུ་གོ་བརྗེས་ལ། །ཙ་ནས་སྦྱོར་བ་བཞི་རུ་དྲངས། །མཚན་མོ་དྲིལ་བ་ཉིན་མོ་གཏོར། །སྒོ་བཞི་ལ་སོགས་གོང་མ་བཞིན། །གནན་པ་པོ་ཚུལ་དེ་བཞིན་བྱ། །བཙན་གྱི་རང་གཤེད་བསྐོར་བར་བཤད། །དེ་བཞིན་སྦྱོར་བ་ཀུན་ལ་སྡེབ། །ཐེ་རང་ཀྟ་ཡ་ནམ་མཁའི་ཁོངས། །ཞི་ཁྲོ་ཨོ་དང་ཡ་ལ་སྦྱར། །ཕུར་པ་མཁན་ལ་ཏ་དང་ཡ། །བཅུ་བདུན་པ་གཉིས་ལྷོ་སྡེབས་ལ། །རྒྱལ་བ་ཀུན་གྱི་ཐིག་ལེར་གཞུག །ཕུ་བདག་རུ་དང་དེ་བཞིན་ཡ། །རིགས་འཛིན་ཡོ་ད་ཡ་ལ་སྦྱར། །སྲོག་དང་མདངས་འཕྲོས་གནས་ལ་སྦྱར། །རྒྱལ་བློན་སླུངས་ཅན་ནི་དང་ཡ། །སླུངས་རྟ་ཁམས་ཀྱི་ཀ་པ་བཅག །གཟིར་གསུམ་དྲུག་གཉིས་གསད་པའི་ལས། །བསྡེབ་པ་བཅུ་གཉིས་མཐའ་རུ་བསྐྱལ། །བདུད་མོ་མེ་དང་དེ་བཞིན་ལ། །མུ་སྟེགས་དོ་དང་ཡ་ལ་སྦྱར། །ས་བདག་ས་དང་དེ་བཞིན་ཡ། །གཉན་དང་ཀླུ་ལ་ནཱ་ག་སྦྱར། །གྲི་ཐོད་བཙན་ལ་རྨ་གྲི་སྦྱོར། །ནལ་ཐོད་ལྷ་རྟེན་རྣོལ་ཐོག་སྦྱར། །ཕག་ཐོད་དམར་མཆོག་གདུག་པའི་སར། །མཛེ་དང་ལྷོག་པ་ཕོལ་ལ་སྦྱར། །ཁྲམ་ཐོད་གཉན་ལ་སྨྱོ་འབོག་སྦྱར། ཁ་སྦྱོར་བཀའ་རྟེན་རིམས་དལ་སྦྱར། །སྤྱང་ཁུ་ཐོད་ཆེན་ཞབས་མ་བླང་། །ཐེ་རང་སུམ་མདོ་རྒྱ་གྲམ་སར། །ཕོ་ལོག་གཟེར་ཐབས་ལྐུགས་དང་གཡང་། །སྦྱོར་བ་གཅིག་གི་རྐྱེན་བཞི་སློང་། །བཅུ་གཉིས་ཚུལ་གྱི་རྐྱེན་དྲུག་འཇོམས། །དེ་དག་རྡོ་རྗེ་གསང་བ་ཡི། །སྦྱོར་བ་ཀུན་གྱི་མཆོག་ཏུ་སྔགས། །ལས་ཀྱི་རྒྱལ་པོ་རྡོ་རྗེ་ཡི། །མ་ཧྭ་གནད་མདའི་སྦྱོར་ཚུལ་བསྟན། །རྟེན་དྲུག་ཕོ་མོ་ལྟོ་སྦྱོར་ལུས། །ཕོ་ཚུལ་གསུམ་གྱིས་ལས་མཐར་སྦྱར། །རང་ཉིད་ཕྱག་རྒྱ་བདག་པོའི་ལུས། །སྟོབས་ཆེན་དྲེགས་པའི་སྐུ་གསལ་བྱ། །ཡེ་ཤེས་ཁྲོ་བོ་འཁོར་ལོར་བཅས། །ཉི་མའི་དཀྱིལ་འཁོར་འོད་སྟོང་འབར། །བརྗིད་པའི་སྐུ་ལ་བསྟན་པ་བསྐྱེད། །ཁྲོ་བོ་སྔགས་ཀྱིས་བཀའ་ཐུབ་བསྲུང་། །ཐུན་མོང་སྒྲུབ་པའི་བཅའ་བཞི་བརྩམ། །ཁྱད་པར་སྐུ་དང་སྔགས་ཀྱིས་གཟིར། །ཡེ་ཤེས་ཉི་མའི་འཁོར་ལོ་བརླབ། །གཟེར་བཞི་གདབ་པའི་སྔགས་བཞིར་བསྒྱུར། །སྐུ་གསུང་ཐུགས་ཀྱི་ལྟོ་བར་གཞུག །ཁྱད་པར་དྲག་པོའི་གནད་དགུ་ཡིན། །རང་གཤེད་བསྐོར་བའི་འཁོར་ལོར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །རང་བསྡུད་རང་ལ་བསྐོར་བའི་ལེའུ་སྟེ་སོ་དྲུག་པའོ།། །།དེ་ནས་ཡ་མ་རོ་ལངས་ཀྱིས། །རྡོ་རྗེ་འཆང་ལ་གུས་བཏུད་ནས། །སྤྱི་བོ་ཞབས་ལ་ཕྱག་འཚལ་ཏེ། །བཀའ་ཡི་བསྟན་པ་རྒྱས་པའི་ཕྱིར། །རྩ་བའི་སྦྱོར་བ་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མི་གཡོ་བའི་ཏིང་ངེ་འཛིན་ལས་བཞེངས་ནས་འཁོར་ལ་གཟིགས་ཏེ། གཤིན་རྗེ་གཤེད་རྩ་བའི་སྦྱོར་བ་འདི་བཤད་དོ། །འཁོར་ལོ་རྒྱལ་པོ་མཚོན་ཆེན་འདི། །དཀོན་མཆོག་རྒྱལ་པོའི་སྐུ་དགྲ་ལ། །རིམ་པ་ལྔ་དང་ལྡན་པ་ཡི། །གཤེད་བདག་ཆེན་པོའི་འཁྲུལ་འཁོར་བསྐོར། །སྦྱོར་བའི་རྒྱལ་པོ་འབྲུ་བསྡེབས་ལ། །ཀམ་པ་རལ་གྲི་སྐྲུ་གྲིར་བཅས། །མེ་ཆུ་སྟོབས་དང་རླུད་གིས་འཕོ། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །བསྒྲུབ་པ་ལས་ཀྱི་བསྙེན་པ་ནི། །ཨེ་དུ་ན་ཡི་སྲིན་གནས་བཞིན། །གྲི་མན་ཛ་འབྲེལ་བསྡེབས་ལ། །མགོ་གཅིག་ནག་པོ་དབུས་ནས་གཟུང་། །རླུད་མེ་ཆུ་ས་ནམ་མཁའ་གདབ། །མུ་ཁྱུད་གཉིས་པོའི་སྒོ་ནས་བཟུང་། །མེ་དང་ལྟོ་འཕྱེ་སྣ་དང་ཆུ། །ལྕེ་དང་རྣ་བ་ལུས་དང་དུས། །མེ་དང་རླུད་དང་ལྟ་བྱེད་དུས། །རྣལ་མར་རྗེས་སུ་བསྐོར་བས་ནི། །རྡོ་རྗེ་མཁའ་འགྲོ་སྔགས་སྦྱོར་ཡིན། །དབུས་ནས་མཐའ་མ་བདུན་པའི་པར། །རིམས་ནད་རིམས་ཀྱི་མགོ་དྲངས་ཏེ། །ཡོན་ཏན་རྫོགས་པ་རྒྱལ་བའི་འབྲུ། །ཀུན་གྱི་དབུ་རུ་ལྡན་པར་བཞག རླུད་དང་མེ་དང་མེ་ལྟ་བྱེད། །སྣ་དང་ཆུ་དང་དེ་བཞིན་སྒྲ། །ཉི་མ་དང་པོའི་དྲག་སྔགས་བདུན། །དེ་བཞིནམེགཉིསལྟབྱེད་སྣ། །ཆུ་དང་སྒྲ་དང་དེ་བཞིན་རླུད་། །གསུམ་པ་མེ་དང་ལྟ་བྱེད་སྣ། །ཆུ་དང་སྒྲ་དང་རླུད་དང་མེ། །བཞི་པ་ལྟ་བྱེད་སྣ་དང་ཆུ། །མེ་དང་སྒྲ་དང་མེ་དང་རླུད་། །ལྔ་པ་སྣ་དང་ཆུ་དང་སྒྲ། །རླུད་དང་མེ་གཉིས་ལྟ་བྱེད་བརྟག དྲུག་པ་ཆུ་སྒྲ་རླུད་དང་མེ། །མེ་དང་ལྟ་བྱེད་དེ་བཞིན་སྣ། །བདུན་པ་སྒྲ་དང་རླུད་མེད་གཉིས། །དེ་བཞིན་ལྟ་བྱེད་སྣ་དང་ཆུ། །ཉི་མ་དང་པོ་དྲག་སྔགས་བདུན། །གཉིས་པ་ཉེ་བའི་སྦྱོར་བ་དང་། །གསུམ་པ་གནད་ཀྱི་སྦྱོར་བ་དང་། །བཞི་པ་རྫོགས་པའི་སྦྱོར་བ་ཡིས། །གསད་པ་དྲག་པོའི་སྔགས་སུ་བཤད། །དེ་བཞིན་དབུས་ཀྱི་ཀློང་བུ་མིག །འབྲུར་འགྲོ་འགྲོ་མངས་འགྲོ་སྟབས་ཀྱིས། །དྲག་པོ་གཤེད་ཀྱི་མཚོད་ཆས་གཅོད། །རིན་ཆེན་ཡི་གེ་གསེར་གྱི་འབྲུ། །དྲིལ་བས་ངར་བླུད་ཨུར་མོའི་ཐོག །བསྡེབས་པས་རྒྱལ་པོ་ལས་རྟོག་འགྲུབ། །དེ་ཡི་སྦྱོར་བ་རྒྱས་བཤད་པ། །རླུ་་དང་མེ་སྒྲ་རེག་བྱ་གནན། །གཉིས་པ་རླུད་སྒྲ་དེ་བཞིན་རེག །དེ་བཞིན་ནམ་མཁའ་མེ་ལ་སྦྱར། །གསུམ་པ་རླུ་་དང་ནམ་མཁའ་མེ། །དེ་བཞིན་སྒྲ་དང་རེག་བྱར་སྦྱར། །བཞི་པ་རླུད་དང་རེག་བྱ་གནམ། །དེ་བཞིན་མེ་དང་སྒྲ་རུ་བསྡེབ། །ཉི་མ་བཞི་ཡིས་འཇོམས་པའི་ལས། །མཚན་མོ་ནམ་མཁའ་རེག་བྱ་སྒྲ། །མེ་རླུད་དྲིལ་བས་ནུབ་དང་པོ། །གཉིས་པ་རེག་བྱ་ནམ་མཁའ་སྒྲ། །མེ་དང་རླུང་གི་དེ་བཞིན་ཐོག །གསུམ་པ་སྒྲ་དང་ནམ་མཁའ་རེག །མེ་རླུད་སྦྱར་བ་གོང་མ་བཞིན། །བཞི་པ་མེ་དང་ནམ་མཁའ་རེག །སྒྲ་དང་རླུད་གི་ལས་རྣམས་རྫོགས། །དབུས་ཀྱི་སྟག་ཆེན་འཇུག་རུམ་གྱིས། །གཤེད་བཞི་གསད་པའི་སྦྱོར་བ་བཤད། །སྦྱོར་བའི་ཡན་ལག་དྲག་པོ་ནི། །དུས་ཀྱི་སྦྱོར་བ་བཞི་པ་སྟེ། །སྒྲུབ་པ་གནད་ལ་ཕེབས་པ་ལ། །རིན་ཆེན་རྒྱལ་པོ་གསེར་གྱི་འབྲུ། །སྤྱོར་བ་དྲག་པོ་ཐབས་ཀྱིས་སྡེབས། །དྲིལ་བས་འཁོར་ལོ་མཚོན་ཆེན་ཚུལ། །བརྒྱབ་པས་ཡ་ཐོག་བདུད་ཀྱི་ལས། །རིན་ཆེན་སྟོབས་ཀྱིས་ངར་བླུད་པས། །བདེ་བའི་སྟོབས་ཀྱིས་འཕངས་གྱུར་ན། །སུ་ཞིག་གང་ཡང་འཇོམས་པར་བྱེད། །དྲག་པོ་ངར་བླུད་སྟོབས་ཀྱི་འབྲུ། །སྟག་མོ་མཆོང་བའི་སྟོབས་ཚུལ་གྱིས། །བསྡེབས་པའི་སྦྱོར་བ་འདི་ལྟ་སྟེ། །སེང་གེ་ཁ་ཐབ་མཆེ་སྦྱར་བའི། །དྲག་པོའི་འབྲུ་བ་་འཁོར་ལོའི་སྔགས། །ཆུ་སྲིན་རྒྱལ་མཚན་བརྡབས་པ་བཞིན། །གཟུང་ཞིང་བརྒྱབ་པས་མི་འཆོར་བྱེད། །དྲག་པོའི་རྡོ་རྗེ་མོ་ཡི་སྔགས། །བསྐོར་བའི་འཁོར་ལོ་དེ་བཞིན་ཏེ། །ཕྱོགས་ནས་ཕྱོགས་ཏེ་ཕྱོགས་བཞིར་དྲིལ། །མཚམས་ནས་མཚམས་ཏེ་ཐེག་གཟུགས་སུ། །རིམས་ཀྱིས་དེ་བཞིན་བསྐོར་བ་སྟེ། །ཐོག་མར་དབུས་ནས་ཐོག་དྲངས་ཏེ། །རླུད་དང་མེ་རུ་ཉེ་བར་སྦྱར། །དེ་ནས་ཐད་ཀར་ཕྱོགས་གཅིག་ཏེ། །འཇོམས་བྱེད་རྡོ་རྗེ་ལྕགས་སུ་སྦྱར། །དེ་ནས་རིམ་པས་གཡོན་ཕྱོགས་ཏེ། །རིན་པོ་ཆེ་ཡི་ཡི་གེ་བཟུང་། །དེ་ནས་དེ་བཞིན་ཕྱོགས་སུ་སྟེ། །སྤོར་བ་མི་ཡི་གསལ་བྱེད་བླང་། །དེ་ནས་ཐད་ཀའི་ཕྱི་རིམ་ཕྱོགས། །ལས་ཀྱིས་སྤྲོད་པའི་རླུད་དུ་སྦྱར། །དེ་ནས་ཐད་ཀའི་ཕྱོགས་མཆོངས་ཏེ། །ལས་ཀྱིས་སྡུད་པའི་ཡི་གེ་བླང་། །དེབཞིན རིམཔསགཡོན་ཕྱོགས་ཀྱི། །འདེགས་པའི་སྙིང་པོ་ཡི་གེ་སྦྱར། །དེ་ནས་དེ་བཞིན་ཕྱོགས་སུ་སྟེ། །ཡ་མ་ལས་ཀྱི་སྙིང་པོ་བླང་། །དེ་བཞིན་ཐད་ཀའི་མཚམས་སུ་སྟེ། །སྡུད་པ་ནག་པོའའི་སྙིང་པོར་སྦྱར། །དེ་ནས་དེ་བཞིན་ཐད་ལོགས་ལ། །ཧོ་བན་སྲོག་ཡིན་ལས་གཉིས་བཟུང་། །དེ་འོག་དེ་བཞིན་རིམ་པ་ལས། །ཐེ་མོ་ལས་ཀྱི་སྙིང་པོ་བཟུང་། །རིམ་པ་དེ་བཞིན་ཕྱོགས་འགྲོ་ལས། །རྩ་བ་སྡུད་པའི་ཡིག་འབྲུ་སྦྱར། །དེ་འོག་དེ་བཞིན་ཐད་ལོགས་ལ། །གན་ཙི་ཏི་ངན་ཡིག་འབྲུ་སྦྱར། །དེ་ནས་ནག་པོའི་ཡིག་འབྲུ་ཉིད། །རྒྱལ་མཚན་འཛུགས་པའི་ཡི་གེ་བཟུང་། །དེ་འོག་ཀུན་གྱི་བསྐུལ་བ་ཡི། །འཛིན་པ་སྤྲོས་པའི་ཡི་གེ་བླང་། །དེར་རྗེས་དེ་བཞིན་ཚུལ་ཅན་ལས། །ཧོ་བན་དྲག་པོའི་སྙིང་པོར་སྦྱར། །དེ་ཡི་དང་པོའི་སྦྱོར་བར་བྱེད། །གཉིས་པ་ཉེ་བར་སྦྱོར་བ་དང་། །གསུམ་པ་གནད་ཀྱི་སྦྱོར་བ་དང་། །བཞི་པ་རྫོགས་ཆེན་སྦྱོར་བ་ཡིས། །འཕེན་སྡུད་འཁོར་ཕྱོགས་དེ་བཞིན་ཏེ། །དེ་ནི་རྣལ་མའི་སྦྱོར་བ་སྟེ། །སྟག་མཆོངས་དྲག་པོའི་འཁོར་ལོར་བཤད། །དེ་བཞིན་གཡས་སུ་བགྲོད་པ་ནི། །དབུས་སུ་ཏ་ལ་འགྲོ་སྟབས་ཀྱིས། །མགོ་གཅིག་རིམས་ཀྱིས་འཕེན་པར་སྦྱར། །རྡོ་རྗེ་གསང་བ་ཀུན་པོའི་སྔགས། །དྲག་པོ་སྦྱོར་བའི་རིམ་པ་ཡིན། །སྟག་གི་མཆོངས་པའི་སྦྱོར་སྟབས་ཉིད། །རིམ་པ་གཞན་ཡང་མཆོག་ཉིད་དེ། །གསང་བ་རྡོ་རྗེ་སྔགས་ཀྱི་ཚིག །གསང་བ་རྒྱུད་ཀྱི་བཅུད་ལེན་ལ། །ཐར་པའི་ཐར་པ་མ་ལུས་འཇོམས། །བཀའ་ཡི་གསང་བ་འཁོར་ལོ་འབྲུ། །ནག་པོ་འབྲུ་ཐུས་བདུད་ཀྱི་ཚིག །དྲག་པོ་བསྡུས་པ་སྦྱོར་བའི་མཆོག །ཡན་ལག་ལྡན་པས་མ་ལུས་བསྐྱེད། །སྟི་ལའི་ཁོང་འདུས་ཁོང་དྲེགས་ཅན། །འདི་ཡི་སྦྱོར་བའང་སྔར་བཞིན་ཏེ། །དབུས་ནས་ཐོག་དྲངས་ཕྱོགས་དང་ཕྱོགས། །མཚམས་ལ་སོགས་པ་ཐད་ཚུལ་རིམས། །སྔ་མ་དེ་བཞིན་རྗེས་འཇུག་སྟེ། །ཐད་ལོགས་སྟག་གི་མཆོད་པ་དྲིལ། །དེ་ཉིད་རིམ་པ་བཞིན་དུ་ནི། །ཕྱིར་ལ་དེ་བཞིན་བསྐོར་བྱ་སྟེ། །འཁོར་ལོའི་འཕྲེང་བའང་གཡས་སུ་དྲིལ། །སྦྱོར་བའི་རྒྱལ་པོ་སྟག་མཆོངས་འདི། །དེ་ཉིད་རིམ་པ་འདི་ལྟ་སྟེ། །བྷ་རན་བྷ་སྟི་བྷ༷་ཡ་ཀ པྲ་པ་རྙི་དང་ནི་ཨ་ཀྟ་དང་། བྷ་ནི་དང་ནི་དྷ་ན་ཧ། ཨག་ནི་དང་ནི་རྣ་དང་གཨ་ནེ་སྦྱར། དེ་བཞིན་སྣུ་ར་དང་རུ་དང་། ཙན་་་དང་ནི་བྷ་རྙ་ནི། རིམས་ཀྱིས་ཛི་ཏ་ཧུ་རུ་པ་སྟེ། དེ་བཞིན་ཐད་དཀར་དམར་རྙ་སཧར་སྦྱར། དེ་ནས་ཙིསྟ་མ་བུ་སྟེ། དེ་དག་དེ་བཞིན་རིམ་སྦྱར་ཏེ། །རྡོ་རྗེ་སྲིན་པོའི་སྦྱོར་བ་ཡིན། །དེ་བཞིན་ལྷག་མའི་སྦྱོར་བ་ཡང་། །རིན་ཆེན་གསེར་གྱི་ཡིག་འབྲུ་ལ། །རྡོ་རྗེ་སྲིན་པོའི་ཡིག་འབྲུས་བསྐོར། །དྲག་པོ་རྒོད་ཀྱི་ཡིག་འབྲུས་བཏུ། །མཐུན་པའི་སྟོབས་སྦྱར་ཚིག་གི་ལམ། །དྲག་པོའི་སྦྱོར་བས་གནད་དགུ་བྱེད། །རིམ་པ་སྔམདེབཞིནཏེ། །གཡས་ལོགས་རྟ་ལམ་ནག་པོ་འགྲོས། །ནག་པོ་འབྲུ་གཅིག་ཐོག་འགྲོ་སྟེ། །དབུས་ཀྱི་འབྲུ་བཞི་རིམ་པ་ཡིས། །འབྲུ་འགྲོ་མགོ་མངས་སྟོབས་ཀྱིས་བརྡེག །ཕྱག་ན་རྡོ་རྗེའི་འཁྲུལ་འཁོར་འདི། །གནོད་སྦྱིན་སྲིན་པོའི་འཁོར་ལོ་ཡིན། །དྲག་སྔགས་གསུམ་གཉིས་གསུམ་དང་ལྡན། །སྐྲུ་གྲི་འཁོར་ལོ་རིམ་སྦྱར་ཏེ། །སྐབས་ཀྱི་སྦྱོར་བ་བསྟན་པར་བྱ། །བཏབ་པའི་ཐིག་གིས་འཇོམས་བྱེད་པ། །རྟེན་དྲུག་གནས་ནས་གདོན་པའི་ཕྱིར། །ཐོག་མའི་འབྲུ་གཉིས་དོར་བྱས་ཏེ། །འབྲུ་དྲུག་སྦྱོར་བ་བཞི་རུ་བྱ། །གནད་ལྔས་སྒོ་ལྔ་གཞོམ་པའི་ཕྱིར། །འབྲུ་ལྔ་འབྲུ་བཞིའི་སྦྱོར་བཞི་བྱ། །རྩ་གསུམ་གནད་དང་རྟེན་བཞི་གསུམ། །འཇོམས་བྱེད་དྲག་པོའི་ཡིག་འབྲུ་གསུམ། །བདེ་བྱེད་ཚངས་པའི་གནས་ནས་འདེབས། །སྐྱོར་བ་གསུམ་གྱི་རྩ་བར་བཤད། །དེ་ཡི་སྦྱོར་བ་རྒྱས་པ་ལས། །ཡོན་ཏན་རྫོགས་པ་རྒྱལ་བའི་འབྲུ། །ཀུན་གྱི་ཐོག་མར་སྦྱར་ལ་དྲང་། །མེ་དང་ལྟ་བྱེད་སྣ་དང་ཆུ། །སྒྲ་དང་དེ་བཞིན་རླུད་དུ་སྦྱར། །མཚམས་སུ་འདོད་པའི་ཨ་མུ་ཀ །ཉི་མ་དང་པོའི་སྦྱོར་བ་ཡིན། །གཉིས་པ་ཆུ་ལྕེ་རྣ་བ་ལུས། །རེག་བྱ་རླུད་ལ་འདོད་པ་སྦྱར། །གསུམ་པ་ལུས་དང་དུས་དྲི་རོ། །ནམ་མཁའ་རླུང་ལ་འདོད་པའི་མིང་། །བཞི་པ་རོ་ཡིད་གཟུགས་དང་དྲི། །དེ་བཞིན་མེ་དང་རླུད་དུ་སྦྱར། །འདོད་པའི་མཐའ་རུ་དགུ་བསྐོར་གནན། །ཚོགས་དྲུག་དགག་པའི་འཁོར་ལོར་བཤད། །རྟེན་ལྔ་འབྲུ་ལྔས་འཇོམས་པ་ནི། །དང་པོ་ལྟ་བྱེད་སྣ་དངཆུ། །དེབཞིནསྒྲདངརོལསྦྱར། །གཉིས་པ་ལྕེ་དང་རྣ་བ་ལུས། །དེབཞིནརེགབྱརླུདལ་སྦྱར། །གསུམ་པ་གཟུགས་དང་དྲི་དང་རོ། །དེ་བཞིན་ནམ་མཁའི་རླུད་ལ་སྦྱར། །བཞི་པ་ཡིད་གཟུགས་དྲི་དང་མེ། །རླུད་དང་ཨ་མུ་ཀ་རུ་སྦྱར། །ཕུང་པོ་ལྔ་ཡི་རྟེན་བཅོམ་ནས། །བདེ་བའི་གནས་དང་སྦྱར་བར་བྱ། །དུག་གསུམ་སྦྱོར་བ་གཤོམ་པའི་ལས། །དང་པོ་དྲི་དང་མེ་དང་རོ། །གཉིས་པ་ཆུ་དང་སྒྲ་དང་རླུད་། །གསུམ་པ་ལུས་དང་རེག་བྱ་རོ། །བཞི་པ་རོ་དང་ནམ་མཁའ་རླུ་་། །འདོད་པའི་མིང་དང་སྤུ་གྲི་སྦྱར། །དུག་གསུམ་གཞོམ་པའི་འཁོར་ལོར་བཤད། ཁུ་བཞི་རྟགས་ཀྱི་སྦྱོར་བ་ནི། །དྲི་དང་མི་དང་རླུད་དང་དྲི། །ཡིད་དང་མེ་དང་རླུད་དང་གཟུགས། །རླུ་་དང་མེ་དང་དྲི་དང་རོ། །མེ་དང་རླུད་དང་དྲི་དང་མེ། །སྦྱོར་བ་བཞི་ཡི་ལས་རྫོགས་པས། །བྱ་ཕག་ཁྱི་སྦྲུལ་བླ་རྟགས་འཇོམས། །དྲག་པོ་སྟོབས་ཀྱི་འཁོར་ལོར་བཤད། །དང་པོའི་ལས་ལ་ཤིས་པས་ཏེ། །ཕྱོགས་བཞི་མཐའ་ནས་དབུས་ལ་སྦྱར། །དྲག་པོ་དགུ་ཡི་གནན་པ་བྱ། །འཕེན་པ་མེད་པའི་རྡོ་རྗེར་གསུངས། །རྒྱུ་བ་མེད་པའི་འཁོར་ལོ་ཡིན། །འཛིན་བྱེད་མ་ལུས་འཆིང་བ་པོ། །གསད་པ་མཆོག་གི་སྦྱོར་བ་སྟེ། །རིམ་པ་རྣལ་མའི་འབྲུ་བསྡེབས་པས། །དྲག་པོ་མཆོག་གི་ལས་འགྲུབ་ཡིན། །མ་ར་ཡ་ནི་གསད་པའི་མཆོག འཕྲུལ་མིག་ལྔའམ་བཅུ་བདུན་ལ། །དང་པོར་རྒྱུ་བཞིའི་འཁོར་ལོར་བསྡེབ། །བསླང་དང་དཀྲུགས་དང་བསྡུ་བའི་ལས། །རྟེན་ལས་ཤེས་པ་འཕོ་བ་སྟེ། །དང་པོ་རླུད་མེ་སྒྲ་རེག་བྱ། །ནམ་མཁའི་རྒྱལ་པོ་འདོད་པར་སྦྱར། །གཉིས་པ་རླུང་སྒྲ་རེག་བྱ་གནམ། །མེ་ལ་གང་འདོད་ཨ་མུ་ཀ །གསུམ་པ་རླུད་དང་རེག་བྱ་གནམ། །མེ་དང་སྒྲ་ལ་འདོད་པ་སྦྱར། །བཞི་པ་རླུད་དང་ནམ་མཁའ་མེ། །དེ་བཞིན་སྒྲ་དང་རེག་བྱ་སྦྱར། །འབྱུང་བ་ཁམས་ཀྱི་ནད་བཞི་ཡིས། །ཁྲག་རླུད་བད་ཀན་མཁྲིས་པ་སློང་། ཁུ་བཞི་རྩ་བའི་འཁོར་ལོར་བཤད། །གཉིས་པ་རྒྱུ་བཞི་དཀྲུག་པ་ནི། །མེ་དང་ནམ་མཁའ་རེག་བྱ་སྒྲ། །སྒྲ་དང་ནམ་མཁའ་རེག་བྱ་མེ། །རེག་བྱ་ནམ་མཁའ་མེ་དང་སྒྲ། །ནམ་མཁའ་མེ་དང་རེག་བྱ་སྒྲ། །དྲག་པོ་སྤུ་གྲི་བཞི་སྦྱར་ན། །རྒྱ་བཞི་དཀྲུགས་ལ་ཁམས་བཞི་དབབ། ཁུ་བཞི་དཀྲུགས་པའི་འཁོར་ལོར་བཤད། །བརྟན་པ་བཞི་ཡི་དྭངས་མ་བསྟིམ་པ་ནི། །སྣ་དང་རྣ་བ་མེ་དང་དྲི། །འདོད་པ་སྐྲུ་གྲི་ཆུ་ལ་སྐྱེལ། །གཉིས་པ་ཆུ་དང་རེག་བྱ་སྒྲ། །ལྕེ་དང་འདོད་པ་མེ་ལ་བསྟིམ། །གསུམ་པ་མེ་དང་ནམ་མཁའ་ཡིད། །ལྟ་བྱེད་སྐྲུ་གྲི་རླུད་ལ་བསྟིམ། །བཞི་པ་རླུ་་དང་དྲི་དང་ལུས། །དུས་དང་སྤུ་གྲི་ནམ་མཁར་བསྟིམ། །དྭངས་མ་བསྡུས་ལ་ནམ་མཁའི་ཁོངས། །སྐྱེ་མེད་བདེ་བའི་ལམ་དང་སྤྲད། །མཆོག་གི་སྦྱོར་བའི་འཁོར་ལོར་བཤད། །སྦྱོར་བ་ལས་ཀྱི་སྟོབས་ཞན་ན། ཁ་གནོན་སྟོབས་ཀྱིས་འཁོར་ལོ་བསྐོར། །ཡེ་ཤེས་ཡ་མའི་ཕྱག་རྒྱ་བསྟན། །དམ་ཚིག་འཁོར་ལོ་བསྟན་པར་བཟུང་། །ལྷ་ཡི་འཁོར་ལོ་ལེགས་ཐོབ་ནས། །ཡེ་ཤེས་འཁོར་ལོས་བྱིན་གྱིས་བརླབ། །དེ་ཡི་རིམ་པ་རྒྱས་བཤད་པ། །ཕྱི་རིམ་ཁ་གནོན་གསུམ་པ་ནི། །འབྲུ་བསྡེབས་འཕྲེང་བའི་སྦྱོར་བ་སྟེ། །རིམ་པ་དུ་མ་ནུས་པ་ཡིན། །ཕྱི་ནང་བར་དང་ལྡན་པ་ཡི། །དེ་དག་སོ་སོ་དང་པོའི་སྒྲ། །འཕྲེང་བ་སྐུ་ཡི་སྦྱོར་བ་སྟེ། །དེ་ཉིད་འཕྲེང་བ་རིམ་པ་བཞིན། །བསྐོད་པ་ཇི་བཞིན་སྦྱར་བ་ནི། །རྒྱལ་བློན་ཤ་ཟ་གང་ཡང་རུང་། །དཀར་པོའི་ཕྱོགས་ལ་སྡང་བ་རྣམས། །མྱུར་ལ་བསྐྲད་ཅིང་མེད་པར་འགྱུར། །རེངས་པ་ལ་སོགས་ཀུན་ཀྱང་བྱེད། །ཨ་ཀྲོ་ཏེ་ཀ་ཧ་ན་མ་ཐ་ཡ་མན་ཏ་ཀ་བྷན་ཛ་ཧཱུཾ༷་ཕཊ། རྐྱེན་དང་ལྡན་ན་སྦྱོར་བའི་མཆོག་དེ་དག་ཀུན་གྱི་ཁ་གནོན་ཡིན། དེ་བཞིན་དང་པོའི་ཕྱོགས་ཉིད་ནས། །མཐའ་མ་དེ་ཉིད་ཐུག་གི་བར། །རེ་རེ་བོར་ཞིང་གསུམ་པར་བསྡེབས། །བཅུ་བདུན་རྫོགས་པས་མཆོག་གི་ལས། །ཨ་ཧ་ཀྲོ་ན་ཏེ་མ་ཀ་ཏ་ཡ་བན་མན་ཛ་ཏ་ཀ་ཧཱུཾ༷་ཛ་ཛ། ཉི་མ་ཤར་བའི་སྟོབས་བཞིན་དུ། །ཡེ་ཤེས་དཀྱིལ་འཁོར་དགུག་པའི་མཆོག །དེ་བཞིན་གཉིས་པོར་གསུམ་པ་ནས། །རེ་རེ་བོར་ཞིང་གསུམ་པར་བསྡེབས། །བཅུ་བདུན་རྫོགས་པས་མཆོག་གི་ལས། །ཏེ་མན་ཧ་ཏ་ཧཱུཾ༷་ཀྲོ་ཡ་ཀ་མ་ཛ་ཡ་ཀ་ཏ་ན་བན་ཕཊ་ཛ། །སྲོག་བདུད་གཤིན་རྗེ་སྟོབས་ཆེན་རྣམས། །མ་ལུས་བསྙེན་པའི་མཆོག་ཡིན་ཏེ། །རྒྱ་མཚོ་རླབས་བཞིན་ཤུགས་ཀྱིས་དྲང་། །དང་པོའི་མཐའ་མ་གཉིས་གཉིས་དོར། །དེ་བཞིན་རྫོགས་པར་བསྡེབས་བྱ་ལ། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །མ་ལུས་འགུགས་པར་བྱེད་པ་སྟེ། །དབང་དུ་བྱ་བ་མཆོག་ཏུ་བསྔགས། །ཏེ་བན་ད་ཛ་ཏ་མན་ཡ་ཀྲོ་མ་ཀ་ཏ་ན་ཏ་ན་ཕཊ། ཧཱུཾ༷་ཨོ། དེ་ཡི་རིམ་པ་ཚུལ་རྣམས་ཀྱིས། །སྐབས་དང་སྦྱར་བས་མ་ལུས་འགུགས། །ཕོ་ཉ་མགྱོགས་བྱེད་བསྔགས་ཤིང་འབྲེལ། །ཁྱད་པར་སྦྱོར་བ་དགུག་པའི་མཆོག །ཁྱད་པར་སྐུ་ཡི་འཕྲེང་བ་ཡིས། །ཀུ་པ་ཏ་ཡི་རིམ་བཞིན་དུ། །གསད་པའི་སྦྱོར་བ་ཉི་མ་བཞིས། །།སྐུ་ཡི་རྩ་བ་མཆོག་བསྡུས་ཡིན། །ལུས་ཅིག་སྦྱོར་བ་བཞི་རུ་བསྡེབ། །མ་ཏེ་ཏ་ན། ཡ་ཀ་བན་ནི། མན་ཛ་ཧཱུཾ༷་ཕཊ། ཀྲོ་དྷ་ཀྭ་ཡ། རྣོ་དཔལ་སྤུ་གྲི་བཞི་དང་ལྡན། །མཚམས་སུ་འདོད་པའི་ཨ་མུ་ཀ །སྦྱོར་བའི་བདག་པོ་ཀུན་བདག་ཉིད། །ཁྲོ་བོ་བཅུ་དང་སྲོག་བདུད་བཞི། །མཆོག་གི་མཆོག་ཉིད་ཡབ་ཡུམ་བཅས། །མ་ལུས་འཁོར་བཅས་འཛིན་པ་སྟེ། །བསྡུས་པ་གཅིག་གི་སྦྱོར་བ་ཡན། །སྦྱོར་བའི་སྟོབས་དང་རྐྱེན་བྲེལ་ན། །དྲག་པོའི་འཁོར་ལོ་རིམ་བཟློག་བྱ། །མཆོག་ཏུ་ལས་བྱེད་འཇུག་བྱེད་དེ། །གཞོམ་པའི་སྟོབས་དང་ལྡན་པ་ཡིན། །སྤོགས་པའི་སྐབས་སུ་སྦྱོར་བ་སྟེ། །རྣལ་མའི་སྦྱོར་བའང་སྟོབས་ཀྱིས་འགྲུབ། །དེ་དག་འཕེན་པའི་སྦྱོར་བས་འགྲུབ་པའི་ལས། །དེ་བཞིན་ཕྱོགས་ཀྱི་དང་པོ་ནས། །གཉིས་གཉིས་བོར་ཞིང་བཞིར་བར་བསྡེབས། །ཀྲོ་མ་ཀ་རུ་ནི། མ་ལུས་དབང་དུ་བསྡུ་བའི་མཆོག །གསུམ་གསུམ་བོར་ནས་བཞི་བར་བསྡེབ། །མ་ཏེ་ཏ་ལ་པ། རྟེན་གཅིག་རྒྱུད་ལས་དབྱེ་བའི་མཆོག །དེ་བཞིན་བཞི་བོར་ལྔ་བར་བསྡེབ། །ཨ་ཀ་བག་ནི། །ཐམས་ཅད་མྱོས་པར་བྱེད་པའི་མཆོག །བཞི་པ་དོར་ནས་དྲུག་པར་བསྡེབ། ཤ་ནི་རུ་པ་ཧཱུཾ༷་ཕཊ། བཀུག་པ་ར་བྱེད་པ་མཆོག་གི་ལས། འགྲོ་དང་དབུས་དང་མཐའ་བཅས་ལ། །མ་ལུས་རྫོགས་པར་བསྡེབ་པ་ནི། །ལས་དྲག་འཛིན་པའི་དམིགས་ཡིན་ཏེ། །ཡན་ལག་མཆོག་གི་སྦྱོར་བ་ལས། །རིམ་པ་བཞིནདུ་བྱེད་པའོ། །གཞན་ཡང་ཐུགས་ཀྱི་སྦྱོར་བའོ། །རྡོ་རྗེ་ཕྱོགས་ཀྱི་དང་པོ་ནས། །གཉིས་པར་གསུམ་དང་བཅུ་པ་བསྡེབ། །སྟི་ན་ཧཱུཾ༷་ཕཊ། བསྐྲད་པའི་སྦྱོར་བ་ཀུན་ལ་ཤིས། །དང་པོར་བོར་ལ་གཉིས་པ་དང་། །བཞི་པ་དྲུག་པ་བརྒྱད་པ་བསྡེབ། །སྟི་ཀྲི་ཨ་ན། དབྱེ་ཞིང་སྨྱོ་བའི་ལས་ལ་ཤིས། །དང་པོ་ལྔ་པ་བདུན་པར་བསྡེབ། །སྒྲོད་པའི་ཡི་གེ་དག་དང་ལྡན། །ཧྲི་ཏ་ན་ཕཊ། འབོག་ཅིང་དབང་པོ་འཆལ་ལ་ཤིས། །དེ་བཞིན་གཅིག་བོར་གཉིས་བླངས་ལ། །བཅུ་ཕྱེད་སྦྱོར་བས་གསད་ལ་སྦྱར། །སྟི་ཀྲི་ཨ་ན་ཕཊ། །གསད་པ་མཆོག་ལ་ཤེས་པའོ། །ཡན་ལག་བརྒྱད་དང་རྩ་བ་གསུམ། །བསྙེན་དང་ཉེ་བར་བསྙེན་པ་གཉིས། །མཆོག་གི་སྦྱོར་བ་བཅུ་གསུམ་ནི། །མ་ལུས་ཉེ་བར་སྒྲུབ་པ་ཡིན། །འདི་དག་སྦྱོར་བ་དམ་པ་སྟེ། །ནམ་མཁའི་དངོས་ལྟར་ཀུན་ཁྱབ་ཅིང་། །རྒྱ་མཆོའི་འཇིང་ལྟར་བསམ་དཔག་དཀའ། །ཉི་མའི་འོད་ལྟར་ཡོངས་གསལ་ཏེ། །ཆེན་པོ་བཞི་ལྟར་ཀུན་སྨིན་བྱེད། །རིན་པོ་ཆེ་བཞིན་གང་འདོད་འབྱུང་། །ཐོག་མར་རྒྱུ་རྐྱེན་ལྡན་པ་ཡི། །འབྲུ་བཏུས་སྦྱོར་བའི་འཕྲེང་བ་ཉིད། །ཡོན་ཏན་མ་ལུས་རྫོགས་པ་སྟེ། །གཞན་ནི་ཕྱོགས་དང་ཕྱོགས་ལ་རྟེན། །སྦྱོར་བ་ཀུན་ཀྱི་སྔོན་འགྲོའི་མཆོག །མ་ལུས་འགྲུབ་པའི་མཆོག་ཏུ་བཤད། །བཞི་པ་སྤུ་གྲིའི་འཁོར་ལོ་ནི། །གཅོད་ཅིང་སྲེག་པ་ཀ༷་པ་ལས། །ཐིམ་ཞིང་གནོན་པས་ས་གཞི་བཞིན། །སྡུད་ཅིང་འཇོམས་པས་ཀུར་པ་ཤ །འབྱེད་ཅིང་འགུགས་པས་ཀྱོ་པ་ཏ། །འདི་ནི་ཆུ་སྲིན་མཆེ་བ་ལྟར། །འཛིན་པའི་སྟོང་པར་མི་བྱེད་པས། །དྲག་པོ་མེ་ཡི་སྦྱོར་བ་ཡིན། །དེ་ཡི་རིམ་པ་རྒྱས་པར་བཤད། །ཕྱི་རིམ་སྦྱོར་བའི་འཁོར་ལོ་ཉིད། །བརྒྱད་གཉིས་བཞི་དང་ལྡན་པའི་འབྲུ། །རྡོ་རྗེ་ཕྱོགས་ཀྱི་དང་པོ་ནས། །རྣལ་མའི་ཚུལ་དུ་རྗེས་སུ་བསྐོར། །ཕྱོགས་ཀྱི་དང་པོ་ནས་བཟུང་སྟེ། །དེ་ཉིད་ཐུག་པའི་རིམ་པ་ནི། །མ་ལུས་དྲིལ་བའི་འཕྲེང་བ་གཅིག །ཨ་མུ་ཀ་ཡི་མིང་བཅས་པའི། །འབྲས་བུ་འཇོམས་དང་ལོངས་སྤྱོད་དང་། །གཞོམ་པའི་ཡན་ལག་ཀུན། །ཧྲི་སྟི་པྲ་མ་མུར་ཙ་རཀྟ་ཙ་ར་བཱ་ར་མ་ར་ཡ་ཨ་མུ་ཀ ནི་ཤ་ར་རུ་ནི་རྦད་ཡ་ཧཱུཾ༷་ཕཊ། དེ་བཞིན་ཕྱོགས་ཀྱི་དང་པོ་ནས། །རིམ་པ་ཀུན་ལ་ཐོག་དྲངས་ཏེ། །ཨ་ཀྟ་ཡུ་དང་འདྲ་བ་ཡིན། །དེ་འོག་གསུམ་ལ་སོགས་པ་ཡིན། །རེ་མིག་བཅུ་ཡི་འབྲུ་བཅུ་ནི། །འཁོར་ལོ་དམ་པའི་སོ་དང་དཀྱུགས། །བབ་དང་བརྒྱན་དང་སྔགས་དང་འདྲ། །སྐབས་ཀྱི་འགྱུར་ཞིང་འཕེལ་བ་ཡིན། །ཧྲི་སྟི་པྲ་མ་མུར་ཙ་རཀྟ་རྦད། འགུགས་པ་ཀུན་གྱི་མཆོག་ཏུ་བཤད། །གཞན་ཡང་རིམ་པ་འདི་ལྟ་སྟེ། །ཐོག་མར་ཕྱོགས་ཀྱི་འབྲུ་གཉིས་ལ། །གསུམ་པ་ལྔ་པ་བདུན་པ་རྣམས། །རིམ་པར་སྦྱར་ཞིང་དེ་བཞིན་བསྡེབ། །པྲ་མུར་རག་ཙ་མ་མ་ཙ་ཏ་ར་ར་ཡ་ཨ་མུ་ཀ་ནི་ཤ་ཀུ་རུ་ནི་རྦད། བཅུ་ཡི་བར་དུ་རྫོགས་པར་སྦྱར། །དབང་པོ་ལྔ་ནི་འཇོམས་བྱེད་དེ། །མཆོག་ཏུ་སྐྱེས་པ་བུ་མོ་ཡི། །དབང་པོ་གཉིས་པ་འཇོམས་བྱེད་དེ། །ལྐུགས་ཤིང་སིའུ་ཏ་རུ་བཤད། །དེ་བཞིན་རིམ་པས་གཉིས་གཉིས་དོར། །བཞི་པ་རིམ་པས་སྦྱར་བྱ་སྟེ། །འབྲུ་བཅུ་མ་ལུས་དྲིལ་བ་ནི། །ཆ་བྱད་སྦྱོར་བ་མ་ལུས་པའི། །པྲ་ཙ་ར་མུར་ཙམ་མ་རག་ར་མ་ནི་ཤ་ག་རུ་ནི་རྦད་ཡ། དབྱེ་དང་དཀྲུགས་པའི་ལས་སུ་བཤད། །དེ་བཞིན་ཕྱོགས་ཀྱི་དང་པོ་ནས། །བཟུང་སྟེ་གཉིས་དོར་འབྲུ་བཅུའི་རིམས། །པྲ་མ་མུར་ཙ་རཀྟ་ཙ་ར་བཱ་ར་ཡ་ཨ་མུ་ཀ༷་རྦད། དབང་པོ་ཆལ་དང་འབོག་པར་བཤད། །དེ་བཞིན་རིམ་པ་དེ་ཉིད་ལས། །གསུམ་གསུམ་བོར་ནས་རིམ་པར་བསྡེབ། །མ་ར་ཙ་རཀྟ་ཡ་ར་མ་ཨ་མུ་ཀ་ནི་ཤ་ཀུ་རུ་ནི་རྦད་ཡ། བསྐྲད་པའི་སྦྱོར་བ་ཀུན་ལ་ཤིས། །དེ་བཞིན་བཞི་བཞི་དོར་བྱ་སྟེ། །དེ་ལྟར་རྫོགས་པར་བསྡེབ་པ་ཡིན། །མ་ཏ་ཙ་མ་ཙ་རཀྟ་མུར་ཡ་ཨ་མུ་ཀ་ནི་ཤ་ཀུ་རུ་ནི་རྦད་ཡ། སྨྱོ་བའི་ལས་ལ་ཤིས་པར་བཤད། །དྲག་པོ་རྩ་བའི་སྦྱོར་བ་ལས། །གསད་པ་ཉིད་ལ་ཤིས་པ་ནི། །ཧ་ལ་ནག་པོ་ཙ་མ་རི། །རྐོ་བའི་སྦྱོར་བ་ཇི་བཞིན་དུ། །བག་དང་ལྡན་པས་སྦྱར་བར་བྱའོ། །གསད་པ་མཆོག་གི་སྦྱོར་བ་ཡི། །གདགས་པའི་རིམ་པ་འདི་ལྟ་སྟེ། །ཕྱོགས་ཀྱི་དང་པོའི་འབྲུ་གཉིས་དང་། །དེ་བཞིན་གསུམ་པ་བཞི་པ་རྣམས། །རིམ་བསྡེབས་དེ་བླངས་དེ་དོར་བྱའོ། །མཐའ་མའི་འབྲུ་བརྒྱད་རིམ་པ་མྲ །རྗེས་སུ་ཐིམ་པར་སྦྱར་བ་སྟེ། །ཧྲི་སྟི་པྲ་མ་ཡ་ནི་ཤ་ཀུ་རུ་ནི་རྦད་ཡ། །དེ་དག་དང་པོའི་རིམ་པར་བཤད། །དེ་བཞིན་ཐོག་མའི་འབྲུ་གཉིས་དང་། །གཉིས་དོར་ལྔ་པ་དྲུག་པ་གཉིས། །དེར་རྗེས་མཐའ་མའི་འབྲུ་དགུ་གདགས། །ཧྲི་སྟི་མུར་ར་ཙ་ཡ་ནི་ཤ་ཀུ་རུ་ནི་རྦད་ཡ། དེ་ནི་སྦྱོར་བ་གཉིས་པར་བཤད། །དེ་ལྟར་ཐོག་མའི་འབྲུ་གཉིས་དང་། །བདུན་བརྒྱད་དགུ་དང་བཅུ་པའི་རིམས མཐའ་མའི་འབྲུ་བརྒྱད་དེ་བཞིན་བསྡེབ། །ཧྲི་སྟི་རཀྟ་ཙ་ར་ཡ་ནི་ཤ་ཀུ་རུ་ནི་རྦད་ལྭ། དེ་དག་སྦྱོར་བ་གསུམ་པར་བཤད། །ཐོག་མའི་འབྲུ་གཉིས་དེ་རྗེས་སུ། །ཐ་མའི་འབྲུ་གཅིག་འབྲུ་སྦྱ་ར་བ། །ཧྲི་སྟི་མ་ར་ཡ་ནི་ཤ་ཀུ་རུ་ནི་རྦད་ཡ། སྦྱོར་བའི་རིམ་པ་བཞི་པ་སྟེ། །གསད་པ་ཉིད་ལ་བརྗོད་པ་ཡིན། །དུས་མཚམས་སྦྱོར་བ་བཞི་དང་ལྡན། །རྣོ་བ་སྤུ་གྲའི་སོ་བཞིན་ཏེ། །གཅོད་པ་མཚོན་ཆེན་འཁོར་ལོ་ལྟར། །གང་ཡིན་དེ་ཉིད་དེ་བྲལ་འགྱུར། །གང་དག་ལྡན་པ་དེ་ཐོགས་མེད། །འདི་དག་གསད་ལ་སྔགས་པར་བཤད། །གཞན་ཡང་རིམ་པར་བྱེད་པ་སྟེ། །ཐོག་མའི་འབྲུ་གཉིས་བཞི་པ་དང་། །དྲུག་བདུན་བརྒྱད་དགུ་བཅུ་པ་དང་། །བཅུ་གཅིག་དེ་བཞིན་བཅུ་གཉིས་ཏེ། །དེ་བཞིན་བཅུ་གསུམ་པར་བསྡེབས་པ། །ཧྲི་སྟི་མུ་རཀྟ་ཙ་ར་མ་ར་ཡ་ཨ་མུ་ཀ་ནི་ཤ་ཀུ་རུ་ནི་ཛ་ཛ། མཐའ་རྟེན་སྐབས་དང་ལྡན་པར་སྦྱར། །དགུག་པའི་ལས་ལ་ཤིས་པར་བཤད། །དེ་དག་སྤུ་གྲིའི་འཁོར་ལོ་སྟེ། །འབིགས་དང་གཅོད་པར་བྱེད་པ་ཡི། །རྡོ་རྗེ་འཁོར་ལོ་སྤུ་གྲི་ཡིན། །དེ་དག་རྩ་བའི་སྦྱོར་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །རྩ་བའི་སྦྱོར་བའི་ལེའུ་སྟེ་སུམ་ཅུ་རྩ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཡན་ལག་གི་སྦྱོར་བ་འདི་བཤད་དོ། །ཡན་ལག་མཆོག་དང་སྦྱོར་བ་ལས། །བཅུ་དྲུག་གཉིས་དང་དྲིལ་འཕྲེང་ངཅིག །སྦྱོར་བ་སྐབས་དང་ལྡན་པ་ཡིན། །སྦྱོར་བའི་ཡན་ལག་ལྡན་པ་ནི། །འཕྲུལ་མིག་ཨག་ཤ་མུ་ལ་རྣམས། །འཁོར་ལོ་སྦྱོར་བའི་རིམ་པ་གཉིས། །ཕྱོགས་ཀྱི་དང་པོ་ནས་གཟུང་སྟེ། །རིམ་པར་རྣལ་མར་རྗེས་སུ་བསྐོར། །དབུས་ཀྱི་འབྲུ་གཅིག་ཐོག་མར་སྦྱར། །རྗེས་སུ་ཕྱི་རིམ་གསུམ་གསུམ་བླང་། །དེར་རྗེས་ནང་གི་འབྲུ་རེར་བསྡེབས། །དེ་བཞིན་རིམ་པར་སྦྱར་བ་ནི། །ལོ་ཐོག་གཞོམ་ལ་ཤིས་པ་སྟེ། །སྐྱེད་ཤིང་རྩི་ཐོག་འབྲས་བུ་འཇོམས། །བག་དང་ལྡན་པས་ཤེས་པར་བྱ། །དེ་ཉིད་སྦྱོར་བ་རྒྱས་བསྟན་པ། །རླུང་མེ་གཟུགས་དང་ཡིད་དུ་སྦྱར། །དེ་རྗེ་ནམ་མཁའ་རོ་དྲི་དུས། །རེག་བྱ་ལུས་དང་སྣ་བ་ལྕེ། །སྒྲ་དང་ཆུ་སྣ་མིག་ཏུ་སྦྱར། །ལས་ཀྱི་བྱེ་བྲག་སྦྱོར་བ་ཡིས། །ལས་རྣམས་དེ་བཞིན་བྱེད་པ་ཡིན། །ཕྲོ༷་ཕྲོ་ཤར་ཤར་ཧྲིལ་ཕྲོ༷་དྲུག སྐྲུ་གྲི་སྐབས་ཀྱིས་བཞི་འབུམ་སྦྱར། །ཆུ་དྲིལ་སྔོན་འགྲོའི་སྦྱོར་བར་བཤད། །འཕང་ཞིང་དབབ་པའི་སྦྱོར་བ་ནི། །འབྱུང་བའི་སྟོབས་ཀྱིས་དཀྲུག་པ་སྟེ། །མཆོང་ཆེན་རིན་ཆེན་གསེར་གྱི་འབྲུ། །ཉེ་བར་གཟུང་བ་འདི་ལྟ་སྟེ། །རླུད་ད༷ང་ས་དང་སྒྲ་རེག་བྱ། །ནམ་མཁའ་ཡིད་གཟུགས་དང་པོའི་རླུད་། །མཐའ་མ་གཉིས་ལ་སྦྱར་བྱ་སྟེ། །དེ་དག་དེ་བཞིན་རིམས་སྦྱར་བ། །དེ་ནི་བདག་དབང་བསྡུ་བ་སྟེ། །སྤུ་གྲིའི་སྦྱོར་བ་སྐབས་ཀྱིས་གདགས། །སྨྱོ་ཕྲོ་ཤར་ཧྲིལ་སྲོག་གཟིར་ཧུར་ཐུམས། ཧ་ལ་ཡམ་ཕོག རིམ་པའི་ཆོ་ག་ཡུལ་དང་སྦྱར། །དབབ་པ་དྲག་པོའི་སྦྱོར་བར་བཤད། །གཞན་ཡང་རིམས་ཀྱིས་ཤེས་བྱ་སྟེ། །ཡན་ལག་སྦྱོར་བ་སྔོན་འགྲོ་བས། །རྡོ་རྗེ་མེ་ཡི་འཁོར་ལོས་བྱ། ཁེས་པའི་འབྲུ་རྣམས་སྐབས་ཀྱིས་བསྡེབ། །རླུད་སྒྲ་རེག་བྱ་ནམ་མཁའ་ས། །ལྕེ་དང་མེ་དང་ལྟ་བྱེད་རླུད་། །འབྲུ་བསྡེབས་སྦྱར་ལ་འདོད་པའི་མིང་། །སྤུ་གྲི་སྐབས་ཀྱིས་ཤེས་པར་བྱ། །རིམ་པས་རྗེས་སུ་གཟུང་བ་ནི། །རྒྱལ་པོ་འམ་བློན་པོ་གདུག་པ་ཅན། །ནག་པོ་གདུག་པའི་སེམས་འཆང་ཀུན། །ཐོ་བལ་འཕར་མའི་ཡུལ་དག་ཏུ། །བསྐྲད་པ་མཆོག་གི་སྦྱོར་བ་བཤད། །དེ་བཞིན་རིམ་པ་གཞན་ཡང་སྦྱར། །དྲག་པོའི་སྟོབས་ཀྱི་འབྲུ་བསྡེབས་པ། །རླུད་དང་རེག་བྱ་ནམ་མཁའ་ས། །སྒྲ་དང་ལྕེ་དངདེབཞིནསྣ། །རིམཔསདེ་བཞིན་སྦྱར་བ་ནི། །དེ་ཡིས་མྱོས་ཤིང་འབོག་པར་བཤད། །གཞན་ཡང་ཐབས་ཀྱི་འབྲུ་བསྡེབ་པ། །སྟི་ཀ་ཡ་འཕྲེང་འབྱེད་པ་ནི། །སྟོབས་ཀྱི་འཕྲེང་བ་འདི་དག་ཡིན། །རླུད་དང་ནམ་མཁའ་ས་དང་སྒྲ། །རེག་བྱ་དུས་དང་དྲི་རྣམས་ཏེ། །ཐོག་མའི་རླུད་ནི་མཐར་གྱིས་ཏེ། །རིམ་པ་དེ་བཞིན་སྦྱར་བྱས་ལ། །སྡང་བྱེད་གནོད་བྱེད་མ་ལུས་པ། །མི་མཐུན་ཕྱོགས་དང་ཐམས་ཅད་ཀུན། །ལས་ཀྱི་དབྱེ་བ་མ་ལུས་ཀུན། །རང་ལ་རང་ཡང་འཇོམས་པར་བྱེད། ཁྲ་ཟ་མགོ་བཞི་གདོང་ལྕེ་གཉིས། །སྦྲུལ་ཆེན་གདུག་པའི་འཁོར་ལོ་ཡིས། །སྟོབས་ཀྱི་བདག་པོ་ཐམས་ཅད་དང་། །རིགས་ཅན་རྒྱུད་གཅིག་གཉིས་སུ་འབྱེད། །དབྱེ་བ་མཆོག་གི་ལས་སུ་བཤད། །གཞན་ཡང་སྟོབས་ཀྱི་འབྲུ་བསྡེབ་པ། །རླུད་དང་ནམ་མཁའ་རོ་ཡིད་གཟུགས། །མེ་དང་ལྟ་བྱེད་སྣ་དང་ཆུ། །སྒྲ་དང་དེ་བཞིན་ཐོག་མའི་རླུད་། །རིམ་པ་ཇི་བཞིན་ཉིད་སྦྱར་བ། །དྲེགས་པའི་ལྷ་དང་གདུག་པའི་གདོན། །མ་མཐུན་སྟོབས་ཅན་གཟིར་བར་བཤད། །དེ་བཞིན་ལས་ཀྱི་རིམ་པ་ནི། །སྟོབས་དཔག་མེད་པའི་འབྲུ་བརྡེབས་པ། །རླུད་དང་སྒྲ་དང་ཆུ་དང་མེ། །རྣ་བ་ལུས་དང་དུས་དང་དྲི། །རོ་དང་ནམ་མཁའ་དེ་བཞིན་རླུད་། །རིམ་པ་བཞིན་དུ་སྟོབས་སྦྱར་བ། །གསལ་པོའང་ལྐུགས་པའི་མཆོག་ཏུ་བཤད། །ཁྱབ་ཧོ་ཧ་ཡི་རིམ་པར་བསྡེབ། །ཧ་མུ་གནོན་པའི་སྟེ་ག་ཏ། །ཐྲི་ར་མན་ཛ་སྟེ་ལ་བ། །དེ་ཡི་བྷ་ཙ་སྦྱོར་བ་མ། །རླུད་དང་ས་མེ་ལྟ་བྱེད་སྣ། །ཆུ་སྒྲ་དེ་བཞིན་ཐོག་མའི་རླུད་། །སྨྱོ་ཞིང་དབང་པོ་འཆལ་བར་བཤད། །དེ་བཞིན་གྱེན་པའི་ཤིང་ལྟར་ཏེ། །སྟེ་ག་ཏ་ཡི་སོ་མ་གླིང་། །བྷ་མྱ་ཧའི་སརྒྱོ་རྒྱུ་ཏ། །དེ་རིམ་སྦྱར་བ་འདི་ལྟ་སྟེ། །རླུད་དང་རེག་བྱ་ལུས་དང་དུས། །དྲི་དང་རོ་དང་ཡིད་དང་གཟུགས། །མེ་དང་ས་དང་ཐོག་མའི་རླུད་། །འདོན་པའི་མིང་དང་སྐྲུ་གྲི་བསྡེབ། །གཡོ་བ་མེད་ཅིང་རེངས་པར་བཤད། །རིམ་པ་དེ་བཞིན་ལས་ཀུན་གྱིས། །མཆོག་ཏུ་སྦྱོར་བ་འདི་བསྔགས་པའོ། །དབུས་ནས་འབྲུ་བཅུ་དང་པོའི་ས། །མེ་དང་ལྟ་བྱེད་ནམ་མཁའ་དྲི། །རོ་དང་རྣ་བ་ལྕེ་དང་སྣ། །ཐོག་མཐའ་རླུད་གིས་འཕུལ་གྱིན་སྡུད། །སྐྲུ་གྲི་སྦྱོར་བ་སྐབས་དང་སྦྱར། །འདོད་པའི་རྟེན་ལ་མཚོན་ཆ་བཅའ རིམ་པ་དེ་ཡི་ལས་བསྡེབས་པས། །བྱ་བ་སོ་སོར་བསྒྲུབ་པར་བྱེད། །རྐྱེན་དང་སྦྱོར་བ་གཞན་ལའང་འཇུག །སྦྱོར་བའི་མཆོག་དང་དམ་པ་ཡིན། །དེ་དག་བཟློག་པའི་དམ་པ་ཡིན། །མི་རྒྱུ་གཡོ་བ་མེད་པ་དང་། །འཇུག་མེད་བཟློག་པ་མེད་པའི་ལས། །མཆོག་ཏུ་གསང་བའི་གཞི་ཡིན་ཏེ། །རྣལ་འབྱོར་བདེ་ལ་གནས་པ་ཡིན། །སྤྲད་ནག་ལ་ཏེ་དེ་མེད་འཆིང་། །སྡུག་བསྔལ་སྣ་ཚོགས་འགྲུབ་པར་འགྱུར། །སྟོབས་མེད་ལས་ཀྱིས་གཉིས་ཀ་འཆིང་། །འཆིང་མེད་གྲོལ་བའི་སྟོབས་ཀྱིས་བྱའོ། །འདི་དག་ཡན་ལག་སྦྱོར་བ་སྟེ། །དྲུག་གཉིས་ལས་ཀྱི་སྐབས་སུ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །ཡན་ལག་གི་སྦྱོར་བའི་ལེའུ་སྟེ་སུམ་ཅུ་རྩ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་པོ་སྤོགས་པའི་སྦྱོར་བ་འདི་བཤད་དོ། །གལ་ཏེ་སྦྱོར་དང་རྐྱེན་བྲལ་ནས། །མ་ཁུགས་སྦྱོར་བའི་སྟོབས་མེད་པས། །ཡེ་ཤེས་བསྙེན་པའི་དཀྱིལ་འཁོར་ཉིད། །སྦྱོར་བ་སྟོབས་ཀྱིས་དགུག་བྱ་སྟེ། །རྟེན་ལ་ཡེ་ཤེས་རབ་གནས་བྱ། །བདག་གི་རང་བཞིན་སྟོབས་བསྐྱེད་ནས། །སྦྱོར་དང་སྔགས་བཟླས་དྲག་པོར་བྱ། །དེ་དག་སྦྱར་ལ་མ་གྲུབ་ན། །སྤྱི་བསྡུས་བར་གྱི་རྩ་བ་ཡིན། ཁ་གནོན་འཁོར་ལོ་སྒྱུར་བྱས་ཏེ། །བཟློག་སྔགས་དྲག་པོ་གནད་ལ་བོར། །སྤྱིས་བསྡུས་པར་གཅིག་སྙིང་པོ་ཡིན། ཁ་གནོན་ལས་ལ་འཇུག་བྱེད་དེ། །རྗེས་སུ་མཐུན་པ་དེ་བཞིན་བྱ། །ལྷག་མའི་སྦྱོར་བ་སྔར་བཞིན་ཏེ། །རྣལ་མའི་རྗེས་སུ་མཐུན་པར་བྱ། །འདི་ཡང་དྲག་པོའི་སྦྱོར་བ་སྟེ། །གནན་པའི་རྡོ་རྗེ་ལྕགས་ཀྱིས་ཏེ། །དེ་དག་སྟོབས་ཀྱི་གནན་པ་ཡིན། ཁ་གནོན་སྟོབས་ཀྱིས་སྤོགས་པ་ཡིན། །རྡོ་རྗེ་རྣོན་པོས་བསྡམས་པར་བྱའོ། །འཁོར་ལོ་རྡོ་རྗེ་བརྒྱ་ཕྲག་གཅིག །ལྔ་བརྒྱ་ལས་ཀྱི་སྦྱོར་བ་ཡིན། །འབྲེལ་བ་རྡོ་རྗེ་འཕྲེང་བས་འཛིན། །རྟེན་འབྲེལ་སྟོབས་ཀྱི་རིག་པས་སྦྱོར། །བྱ་བའི་དོན་ཆེན་ཀུན་འགྲུབ་པ། །རིན་ཆེན་རྒྱལ་མཚན་ལྟར་བྱེད་པ། །རིན་ཆེན་འཁོར་ལོ་མཚོ་ཆེན་འདི། །འཁོར་ལོ་དབང་ཕྱུག་མི་འགྱུར་ན། །ཐོག་མརདམཚིགདབངབསྐུར་ནས། །དམ་ཚིག་འཁོར་ལོས་ཐོག་ཏུ་དབབ། ཁ་གནོན་རིན་ཆེན་འཕྲེང་བ་ཉིད། །རྡོ་རྗེ་རྣོན་པོའི་སྤོགས་པ་ཡིན། །རིག་པའི་རྒྱལ་པོ་འཕྲེང་བས་གནན། །གཞན་ཡང་ཟེགས་མའི་ལས་བྱེད་ན། །རྡོ་རྗེ་སྙིང་པོ་རིན་ཆེན་འབྲུ། །ལྔ་བདུན་སྙིང་པོ་བཅུ་དང་གཉིས། །བཅུ་བདུན་སྙིང་པོ་འཁོར་ལོའམ། །གཅིག་དང་ཉི་ཤུ་སུམ་ཅུ་གཉིས། །དྲིལ་ནས་དྲུག་ཅུ་རྩ་གཉིས་ཀྱི། །འཁོར་ལོའི་སྦྱོར་བ་གང་བྱེད་ཀྱང་། །ཡེ་ཤེས་དམ་ཚིག་གསལ་བྱས་ལ། །ལྷ་ཡི་འཁོར་ལོ་ལེགས་ཐོབ་ནས། །སྙིང་པོ་ཐིག་ལེ་ཀུན་བསྡུས་ལ། །འཁོར་ལོ་ཡིག་འབྲུའང་ཐིག་ལེར་བྱ། །ཡེ་ཤེས་སྙིང་པོའང་ཉིད་དུ་གཞུག །དྲག་པོའི་སྦྱོར་བ་བཟློག་ནས་ནི། །ལས་་སུམ་སྦྱོར་བ་ཤེས་པར་བྱ། །རིག་པ་ཀློང་གི་ནམ་ནས་འཕང་། །ཡང་ན་འཁོར་ལོ་མགོ་དགུ་ཉིད། །རྡོ་རྗེ་རྣོན་པོ་རྒྱ་མདུད་བྱ། །གནན་པ་རྡོ་རྗེ་ལྕགས་དང་བསྡེབས། །སྤྱི་བརྡེག་སྟོབས་ཀྱིས་གནན་པར་བྱ། །རིམ་པ་ཇི་བཞིན་བཟློག་པ་སྟེ། །གནད་གསུམ་བཟློག་པའི་སྦྱོར་བ་ཡིན། །སྔགས་ཀྱི་གནན་དང་འབར་བའི་འོད། །ཕྱོགས་དང་མཐུན་པར་སྲེ་བྱེད་དེ། །གོང་མའི་འཕེལ་ཞིང་འོག་མས་གཅོད། །འཁོར་ལོ་འབར་ན་སྔགས་ཀྱི་གནད། །གང་ཡིན་ཇི་བཞིན་རིམ་པ་ལས། །གཅིག་དོར་གཉིས་དང་གསུམ་དེ་བཞིན། །རིམ་པ་གཞན་ལ་འཇུག་བྱེད་པ། །འཕོ་ཞིང་གཡོ་བ་མེད་པའི་གནད། །སྦྱོར་བཞི་སྦྱོར་བ་བརྐྱང་བ་དང་། །རྣལ་མས་ཁུགས་བར་མ་གྱུར་ཅིང་། །སྦྱོརབའི་རིམ་པ་ལས་ཀྱི་གནད། །མཐར་དང་ཐོག་མར་མ་ཡིན་ཅིང་། །སྟོབས་ལྡན་བརྡ་དང་ལྡན་པ་ལ། །རྡི་མོ་བྷ་ཁྱ་བྷ་སཧོ་སྟོ་མྱ་ཏ། །ཡ་མ་ཀྭ་སྙི་བདེ་ཀློང་བརྡལ། །བྷ་རྭ་བཱ་སྙི་ནཱ་བྱུ་སྟི། །རྭ་མྱ་ཛུ་རི་ལྷུ་རྣམ་ཁྲག །སྦྱོར་བ་དམ་པའི་ལས་འདི་ནི། །སྐབས་འཛིན་ཆུ་སྲིན་རྡོ་རྗེའི་གནད། །འདུས་པའི་ཡེ་ཤེས་ཐིག་ལེར་ལྡན། །།ཐིག་ལེ་བདེ་བས་གང་ཞིང་འབར། །ལས་ཀྱི་ཐིག་ལེ་དཔག་མེད་ལས། །སྟོབས་ལྡན་རྒྱུ་བ་མེད་པར་གསལ། །མཚོན་ཆའི་རྒྱལ་པོ་ངར་བཅས་འདི། །རིན་ཆེན་བདེ་བས་གང་ཞིང་འབར། །ལས་ཀྱི་ཐིག་ལེ་དཔག་མེད་ལས། །སྟོབས་ལྡན་རྒྱུ་བ་མེད་པར་གསལ། །མཚོན་ཆའི་རྒྱལ་པོ་ངར་བཅས་འདི། །རིན་ཆེན་ཡིག་འབྲུ་སྙིང་པོར་ལྡན། །སྐད་ཅིག་སྔགས་དང་འོད་སྟོང་འབར། །གཡོ་མེད་ཕྱོགས་མཚམས་དབང་བསྡུས་པས། །མ་ལུས་པ་ལ་མཐུན་པར་ཐིམ། །སྟོབས་ལྡན་ནག་པོ་འབྲུ་གཅིག་ཡིན། །རིམས་འདུས་གཅོད་པར་ངར་ལྡན་གནང་། །ཡ་བག་ཤ་ཡི་སྦྱོར་ཚུལ་གྱིས། །ལྷུ་ལི་ཡ་མའི་བདེ་ཀློང་དུ། །སྙིང་པོ་རྡོ་རྗེ་གསོར་བའི་གནད། །དེ་ཉིད་ངེས་པར་འཇུག་བྱེད་པའི། །ལས་རྣམས་སྦྱོར་བར་སྨིན་པ་ནི། །མ་འགྱུར་ལས་ཀྱི་རྡོ་རྗེའི་གནད། །དེ་བཞིན་རིམ་པ་ཀུན་ལྡན་ནས། །དྲག་པོར་སྤོགས་པའི་ཆོ་ག་སྟེ། །བཟློག་སྔགས་དྲག་པོས་སྤོགས་པ་ནི། །དང་པོར་རླུང་ས་མེ་དང་གཟུགས། །རྣམ་ཤེས་རོ་དང་ནམ་མཁའ་དྲི། །འཇུག་པའི་ཡན་ལག་རིམ་པ་བཞིན། །སྐབས་དང་བཅས་ནས་དབུས་སུ་སྦྱར། །རིམ་པ་དང་པོར་སྦྱོར་བ་སྟེ། །དེ་བཞིན་གཉིས་པའང་རྗེས་སུ་འཇུག །རླང་དང་ནམམཁའ་རོ་དང་དྲི། །དུས་མཚམས་ལུས་དང་རེག་བྱ་དང་། །ཡན་ལག་སྐབས་ཀྱིས་དེ་བཞིན་སྦྱར། །གསུམ་པ་རླུ་་དང་རེག་བྱ་ལུས། །རྣ་བ་ལྕེ་དང་ཆུ་སྒྲར་སྦྱར། །སྟོབས་ལྡན་དཔག་ཏུ་མེད་པར་བྱ། །བཞི་པའང་འདི་ལྟར་དེ་བཞིན་ཏེ། །རླུད་དང་སྒྲ་དང་ཆུ་དང་ནི། །སྣ་དང་མིག་མེ་ས་རུ་བསྡེབ། །ཡན་ལག་ལྷག་མ་སྔ་མ་བཞིན། །སྐབས་དང་རྗེས་སུ་མཐུན་པར་སྦྱར། །འདི་དག་སྦྱར་བ་གསང་བ་སྟེ། །སྦལ་མགོ་ཁྲག་མིག་སྲིན་མོ་ཡི། །སྔུན་མོ་ཆུ་སྲིན་ཀུན་འགྲོ་མ། །འགྲོས་ཀྱི་སྦྱོར་བས་འདི་དང་བཤད། །ལྒི་སྒ་ཐྲི་པན་ཙ་ཡི། །འགྲོས་ཀྱིས་དེ་ལྟར་རིམ་བཟློག་པ། །དྲག་པོ་དྲག་སྔགས་བདུན་པ་སྟེ། །ལས་ཀྱི་སྦྱོར་བས་གཅོད་པ་ཡི། །མཆོང་ཆེན་དྲེགས་པས་འཇོམས་པར་བཤད། །དེ་བཞིན་འཁྱིལ་པ་སྤྲུལ་སྔགས་ཀྱང་། །ཆུ་སྲིན་ཀ་ཡི་ལ་ཡི་འགྲོས། །རིམས་ནད་རིམས་ཀྱིས་དྲིལ་བྱས་ཏེ། །སྤོགས་པ་དྲག་པོའོ་རོ་ཁུགས་ཡིན། །དྲག་སྔགས་བཅུ་བདུན་དྲིལ་འཕྲེང་ཅིག །རྒྱུ་བ་མེད་པའི་ལས་སུ་བྱེད། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །རླུད་ས་ནམ་མཁའ་རེག་བྱ་དང་། །སྒྲ་དང་མེ་གཟུགས་རྣམ་ཤེས་རོ། །དེབཞིནདྲིདངདུསམཚམས་ལུས། །རྣ་བ་ལྕེ་དང་སྣ་ཆུ་མིག །དྲག་པོའི་འཁོར་ལོའི་གནད་འགུགས་ཡིན། །སྤོགས་པའི་སྦྱོར་བ་དུས་མཚམས་བཞི། །དྲག་པོ་དྲིལ་བའི་འཕྲེང་བ་སྟེ། །རུ་ཁུགས་ཆེན་པོའི་སྦྱོར་བར་བཤད། །དེ་བཞིན་བཟློག་སྔགས་དྲག་པོ་ཡང་། །འབྲུར་འགྲོ་མགོ་མངས་འབྲུ་དེད་པའི། །དྲག་སྔགས་བཞི་དང་ལྔ་པའམ། །སྦྱོར་བ་མ་ལུས་རྫོགས་བྱ་སྟེ། །སྐབས་ཀྱིས་ལས་ཀྱི་བྱེད་པར་སྦྱར། །དང་པོ་རླུད་དང་ནམ་མཁའ་མེ། །དེ་བཞིན་སྒྲ་དང་རེག་བྱར་བསྡེབ། །གཉིས་པ་ཆུ་སྣ་ལྟ་བྱེད་མེ། །གསུམ་པ་དུས་དང་ལུས་སྣ་ལྕེ། །བཞི་པ་གཟུགས་བྱེད་རོ་དང་དྲི། །དྲག་པོ་གསད་པའི་མཆོག་ཏུ་བཤད། །སེང་གེ་མཆེ་སྦྱར་སྟག་མོའི་འགྲོས། །སྟོབས་ཆེན་དྲག་པོའི་སྦྱོར་ཚུལ་ཅན། །འབྲུ་མཐུས་རྡོ་རྗེ་མེ་ཡི་སྔགས། །སྤོགས་པའི་སྐབས་སུ་དྲག་པོར་སྦྱར། །དྲག་པོའི་སྔགས་ཀྱི་འཁོར་ལོ་ཉིད། །སྟག་མཆོངས་སྦྱོརབ་འཕྲེང་བ་མེ། །རླུད་ནས་བཟུང་ནས་གཟུགས་ལ་བསྐལ། །ཡིད་དང་དེ་བཞིན་མེ་ལ་བཟུང་། །སྒྲ་དང་དེ་བཞིན་རོ་ལ་བསྐལ། །དུས་དང་རེག་བྱ་སྐབས་ཀྱིས་བཟུང་། །ནམ་མཁའ་ལུས་དང་རྣ་བ་མེ། །ལྟ་བྱེད་ལྕེ་དང་ཆུ་སྣར་སྦྱར། །ཡན་ལག་སྦྱོར་བ་བཞི་སྦྱོར་ན། །སྟག་མཆོངས་དྲག་པོ་གསང་པ་བཤད། །གསུམ་དང་བཞི་པ་ལྔ་དང་དྲུག །སྐབས་དང་བཅས་པ་དྲག་པོའི་སྤོགས། །དང་པོ་རླུད་དང་ནམ་མཁའ་རླུང་། །གཉིས་པ་རླུད་དང་རེག་བྱ་ལུས། །གསུམ་པ་རླུདསྒྲདེབཞིནཆུ། །བཞིཔ་རླུད་མེ་དེ་བཞིན་དྲི། །ཡན་ལག་སྐབས་དང་ལྡན་པ་ནི། །དུག་གསུམ་སྤོགས་པ་དྲག་པོར་བཤད། །དེབཞིནརྟགསལསསྤོགས་པའི་ལས། །དང་པོ་མེ་དང་དྲི་རླུད་མེ། །གཉིས་པ་རླུད་དྲི་མེ་དང་རླུང་། །གསུམ་པ་ཡིད་རླུད་མེ་དང་ཡིད། །བཞི་པ་དྲི་རླུ་་མེ་དང་དྲི། །ཡན་ལག་སྦྱར་བ་སྐབས་སུ་བསྡེབ། །རྟགས་བཞི་ཆགས་དང་སྐབས་སུ་བསྡེབ། །དྲག་པོ་དྲོད་ལ་སྤོགས་པར་བཤད། །ཕུང་པོ་ལྔ་ཡི་རྟེན་འབྲེལ་ལ། །སྔགས་བཟློག་དྲག་པོ་སྤོགས་པ་ནི། །དང་པོ་རླུ་་དང་མེ་དང་དྲི། །དུས་དང་ཡིད་དུ་བསྡེབས་ལ་བསྡེབ། །གཉིས་པ་རླུད་དང་ནམ་མཁའ་རོ། །དྲི་དང་དེ་བཞིན་དུས་སུ་བསྡེབ། །གསུམ་པ་རླུད་དང་རེག་བྱ་ལུས། །རྣ་བ་དེ་བཞིན་ལྕེ་དང་བསྡེབ། །བཞི་པ་རླུད་དང་སྒྲ་དང་ཆུ། །སྣ་དང་ལྟ་བྱེད་ཡན་ལག་བསྡེབ། །ཕུང་པོ་ལྔ་ཡི་རྩ་བ་གཅོད། །འབྲུ་ལྔས་གཅོད་པ་འཁོར་ལོར་བཤད། །ཚོགས་དྲུག་དང་པོ་རྟེན་དྲུག་ལ། །ཤེས་པ་འཇུག་པའི་སྒོ་དགག་ན། །དང་པོ་རླུང་མེ་དྲི་དང་གཟུགས། །ཡིད་དང་དང་པོ་རླུང་དང་བསྡེབ། །གཉིས་པ་རླུད་དང་ནམ་མཁའ་རོ། །དྲི་དང་ལུས་དང་ལུས་སུ་བསྡེབ། །གསུམ་པ་རླུད་དང་རེག་བྱ་ལུས། །རྣ་བ་ལྕེ་དང་ཆུ་རུ་བསྡེབ། །བཞི་པ་རླུད་སྒྲ་ཆུ་དང་སྣ། །ལྟ་བྱེད་དྲི་དང་ཡན་ལག་བསྡེག དབང་པོ་དྲུག་གི་སྒོ་དགག་ནས། །འབྲུ་དྲུག་སྦྱོར་བ་འཇོམས་པར་བཤད། །དེ་བཞིན་སྦྱོར་བ་གཞན་དང་སྤོགས། །བདུན་དང་དགུ་དང་བཅུ་དང་གཅིག །རྩ་ཐིག་བཅུ་བདུན་ལ་སོགས་པ། །འཕེན་པའི་དྲག་སྔགས་དུ་མར་འགྱུར། །སྦྱོར་བ་ཕྱི་ནང་དཔག་ཏུ་མེད། །ལས་ཀྱི་རྒྱལ་པོའི་འཕྲུལའཁོར་ཡིན། །ཟེགས་མ་ཁ་གནོན་དཔག་ཏུ་མེད། །གནན་པ་རྡོ་རྗེ་ལྕགས་ཀྱིས་ཏེ། །འཁོར་ལོ་གཞུང་དང་ལྡན་པ་ལ། །དྲག་པོ་འབྲུ་གཅིག་འཕེན་པའི་ཚུལ། །འབུར་བཞི་ཁུང་གི་འབྱུང་ས་སྟེ། །ལྕགས་ཆེན་འབར་བའི་དཔལ་ཉིད་ཀྱིས། །ཁྱབ་བདག་ཡེ་ཤེས་མེ་གཟུགས་ཅན། །འགྱུར་བས་སྟོབས་ཆེན་བདག་པོའི་ཚུལ། །དགུ་བསྐོར་དྲག་པོ་རྡོ་རྗེ་ལྕགས། །འོད་འཕྲོ་འབར་བས་ཁྱབ་པ་ཡི། །སྤྱི་བརྡེག་སྟོབས་དང་ལྡན་པ་ནི། །ཐབས་ལྡན་བག་ཆགས་སྦྱོར་བ་ཡིས། །ཏ་ལྭ་ཀྲི་སྣ་ཙྭ་མུ་རྡི། སྣུ་པི་རྭ་ཙྭ་མ་ཧ་ཧྭ་ཡུ། ཀླུ་ཀྟ་ར་ཡརྒྱ༷་ཏི་སྒྱུ་ཀྲུ། བཀའ་ཡི་སྨན་དང་གྲུབ་པའི་བཅུད། །རྟེན་དང་བཅས་པའི་དྲག་པོའི་ལས། །ཉམས་སྟོབས་ལྡན་ན་ལས་གསུམ་སྦྱར། །རཇོཙིཀྟའི་བདེཀློང་དུ། །ལས་ཀྱི་རྒྱལ་པོས་བྱིན་བརླབ་དབབ། །རིག་པ་ཀློང་གི་ལམ་ནས་འཕང་། །མི་འགྱུར་རྡོ་རྗེའི་གནས་ལ་འཕངས། །རྡོ་རྗེ་གསང་བའི་གནས་ནས་འདོན། །ཡང་ན་འཁོར་ལོ་མགོ་དགུ་ཉིད། །འཇུག་པའི་སྦྱོར་བ་འཕྲུལ་གསད་མིན། །སྒོ་རྟེན་འབྲུ་གཟུགས་སྔགས་ཀྱིས་འཇོམས། །འབྲུ་གཉིས་སྟོབས་དང་བག་ཆགས་སྨིན། །དྭངས་མ་བཞི་བསྡུས་ནམ་མཁའི་ཀློང་། །སྙིང་པོས་སྲོག་དང་བཅས་པས་བསྡུས། །ཐོད་ཁར་བཅུད་ལ་ཐིག་ལེ་བསྟིམ། །སྐབས་ཀྱི་དྲག་པོར་སྤོགས་ལ་བཟློག །བདག་ཉིད་ཀུན་བདག་དེ་བཞིན་གཤེགས། །མ་ལུས་འདུས་པའི་ཁྲོ་གཉེར་ཅན། །འདུས་པ་བཞི་ཡི་སྦྱོར་བ་ཅན། །འདུས་པའི་ཐིག་ལེ་ཡིད་ཀྱིས་བཟུང་། །ཐིག་ལེ་བདེ་བའི་གནས་ནས་བསྐུལ། །དེ་ཉིད་སྐྱེད་རྩ་རྒྱུད་གསུམ་གཅོད། །བདེ་བའི་ཐིག་ལེ་རང་གནས་གསལ། །ལུས་ཀྱི་ལྷུན་པོ་ལྟར་བརྟན་བརྗིད། །ཐིག་ལེ་ཉི་མའི་འོད་སྟོང་འབར། །འཕྲོ་འདུའི་སྟོབས་ནི་ཁྱབ་གསལ་བཅས། །ཁྲོས་པའི་ཡིད་ཀྱིས་ཀུན་བཟློག་ནས། །ལུས་ལ་ཡེ་ཤེས་འཁོར་ལོ་བཅའ། །ག་་རྗོམ་འབར་བའི་རྡོ་རྗེར་འགྱུར། །སྦྱོར་བ་ཀུན་གྱི་གོ་བཟློག་ནས། །གནད་དགུ་ཉི་མའི་བསྟན་བཞིར་བསྡུ། །བདག་སྐྱོབ་སྲུན་དང་གཞན་སྐྱོབ་སྲེག ས་ཡི་རྟེན་པའི་སྙིང་པོར་སྡུད། །ངར་འཛིན་ཞེ་སྡང་དྲེགས་པ་འཇོམས། །ལུས་ཀྱི་རི་བོ་རྟེན་དང་འབྲེལ། །ཆུ་ཡི་སྙིང་པོ་དབང་གསུམ་སྡུད། །སྔོན་པའི་བག་ཆགས་རྩ་བ་བསྐྱེད། །ཆེ་བའི་ང་རྒྱལ་རྨུགས་པ་འཇོམས། །ལུས་ཀྱི་རྟེན་འབྲེལ་དབང་པོ་གཤིག མེ་ཡི་ཉམས་སྟོབས་སྨིན་ཅིང་རྒྱས། །ཡུལ་ལ་མྱོས་པའི་འདོད་ཆགས་འཇོམས། །དྲོད་ཀྱི་རྩ་གཅད་ལྗོན་ཤིང་སྐྱེམས། །རླུད་གིས་སྲིད་པའི་རྟེན་འབྲེལ་བསྐྱེད། །ཕྲག་དོག་གཞན་དབང་རྐམ་ཆགས་བཅོམ། །ཡུལ་ལས་གཡོ་བའི་ཚོགས་དྲུག་བཀག །དྭངས་མ་ཁྱབ་གསལ་གཟུང་འཛིན་འབྲེལ། །མེ་མར་གསད་ལ་རླུད་ལ་བསྡུ། །སྐྱེ་མེད་ཆོས་འབྱུང་ཐིག་ལེར་གཞུག །ཐིག་ལེ་མི་འགྱུར་གསལ་བར་བརྟག །གནས་ཀྱི་ཐིག་ལེ་བདེ་བས་གང་། །བདེ་བའི་ལུས་ལ་འཕོ་བ་གཞུག །ཕྱག་རྒྱ་གསལ་བའི་ཡེ་ཤེས་བསྐྱེད། །དྲག་པོ་གནད་དགུ་བཟློག་པ་བརྡེག །མི་འགྱུར་གཡོ་མེད་རང་གསལ་བགྲོད། །དྲག་པོ་མི་འགྱུར་མཆོག་ཏུ་བཤད། །གཞན་ཡང་དེ་བཞིན་ཟེགས་མའི་ལས། །འཕྲོས་པའི་ཡིས་ཀྱིས་སྦྱོར་བ་བསྟན། །རྒྱལ་བ་ཀུན་གྱི་བདག་ཉིད་ཅན། །ཁྲོ་རྒྱལ་ཡུམ་མཆོག་འབར་བཅས་འཁྱིལ། །གཤིན་རྗེ་མཁའ་འགྲོ་བདུད་སྲིན་པོ། །མ་མོ་བདུད་མོ་ཡི་དྭགས་བདག འདས་དང་མ་འདས་ཀུན་གྱི་ཡབ། །ཁྲོ་ཆུ་ཉི་མ་སྟོང་དཔག་དཀའ། །ལས་རྣམས་གཡོ་བ་མེད་པར་འགྲུབ། །སྤྱི་གཅོད་མེ་དབལ་འཁོར་ལོ་དང་། །མུ་ལ་རྩ་བའི་འཁོར་ལོ་གཉིས། །དེ་བཞིན་རྣལ་མའི་སྦྱོར་བ་རྣམས། །མ་ལུས་རིམ་པར་བཟློག་པར་བྱ། །འཁོར་ལོ་སྤྱི་ལ་བསྐོར་ནས་ནི། །སྦྱོར་བ་སྔགས་ཀྱི་རིམ་བཟློག་ཅིང་། །འཕྲེང་བ་སྔགས་ཀྱི་རིམ་བཟློག་ནས། །ཐུགས་ཀྱི་སྙིང་པོ་འཁོར་ལོ་རྣམས། །རིམ་པ་ཇི་བཞིན་བཟློག་པ་སྟེ། །གནད་གསུམ་བཟློག་པའི་སྦྱོར་བ་ཡིན། །སྔགས་ཀྱི་དབལ་དང་འབར་བའི་འོད། །ཕྱོགས་དང་མཐུན་པར་སྲེག་བྱེད་ད། །གོང་མས་འཕེན་ཞིང་འོག་མས་གཅོད། །འབར་བའི་འཁོར་ལོ་སྲེག་པའི་ལས། །སྦྱོར་བ་བཞི་ཡི་ཡན་ལག་ཅན། །རྣལ་མའི་སྟོབས་ཞན་དྲག་པོས་སྤོགས། །སྦྱོར་བ་ཀུན་བཟློག་ལས་ཀྱི་མཆོག །མཚམས་སུ་བྱ་བའི་དོན་ཆེན་ཡིན། །སྟོབས་ཆེན་ཕྱག་རྒྱ་འོད་འབར་གསལ། །དམ་ཚིག་གསུམ་གྱིས་སྲོག་བཟུང་བྱ། །རྡོ་རྗེ་རྒྱལ་པོའི་བཟླས་པ་སྟེ། །ཆུ་སྲིན་གྲེ་བར་ཚུས་པ་ལྟར། །ཟིན་པ་མི་གཏོང་ཐམས་ཅད་འཇོམས། །མི་འགྱུར་རྡོ་རྗེ་སྲིན་པོའི་ལས། །བསྡུ་བ་བཞི་ཡི་སྦྱོར་བ་ཅན། །རྒྱུ་རྐྱེན་རྩ་བ་ཐིག་ལེར་འཇོམས། །ཡེ་ཤེས་བདེ་བའི་ཁམས་དང་སྤྲད། །རྒྱུ་དྲུག་གནས་གསུམ་ལས་ཁ་གྲོལ། །ཆོས་སྐུ་བདེ་བའི་སྟོབས་དང་ལྡན། །བག་ཆགས་མི་རྒྱུ་རྐྱེན་བྲལ་གསལ། །སྙིང་པོ་མ་ལུས་ངང་ལ་རྫོགས། །ཡོན་་་དཔག་མེད་རིན་པོ་ཆེ། །སྲོག་ལྡན་ཀུན་འདུས་སྙིང་པོ་འདུས། །རྣོ་དབལ་མཚོན་ཆའི་རྒྱལ་པོར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །སྦྱོར་བ་སྤོགས་པའི་ལེའུ་སྟེ་སོ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རོ་ལངས་མའི་སྦྱོར་བ་འདི་བཤད་དོ། །གཡོ་མེད་གྲོལ་བས་ཆགས་པ་ཡི། །ཕོ་མོ་གཉིས་སུ་གསུངས་པ་སྟེ། །འཁྲུལ་འཁོར་རིམ་པ་ལྟོ་དཀྲུག་པ། །བརྒྱད་གཉིས་དེ་བཞིན་གཅིག་ཡིན་ཏེ། །སྦྱོར་བའི་བྱེ་བྲག་ལས་ཀྱིས་འབྱེད། །ཕན་ཚུན་གནད་ཀྱི་ལྟོ་དཀྲུགས་པ། །ཡབ་ཡུམ་གཉིས་སུ་འདུ་བ་སྟེ། །ལས་ཀྱི་མཆོག་ཏུ་ཕན་པ་ཡིན། །འདི་དེ་མི་ཟད་ཧོལ་གྱི་ལས། །བདུད་ནག་འབུར་གྱི་འཁོར་ལོ་འམ། །ཧ་ལ་ནག་པོའི་སྐྲུལ་འཛིན་བཞིན། །སྟོབས་དང་ལྡན་པའི་རྒྱལ་པོ་ཡིས། །སེང་གེའི་འདུ་ཤེས་ཉེར་བཞག་སྟེ། །བག་དང་ལྡན་པའི་སྦྱོར་བ་བྱ། །བདུད་འགྱུར་རིག་པའི་ཕོ་བྲང་ལས། །བཀའ་ཡི་འཁོར་ལོ་སྟོབས་ཆེན་གྱིས། །ཕོ་མོས་བདུད་ཀྱི་གནད་དཀྲུག་པ། །མ་ལུས་ལས་ཆེན་འགྲུབ་བྱེད་དེ། །སྦྱོར་བ་ཀུན་གྱི་རྒྱལ་པོར་བཤད། །རོ་ལངས་ནག་མོའི་ལྟོ་དཀྲུག་པ། །བདུད་མོ་མཁའ་འགྲོ་འདུས་པའི་མཆོག །ལས་རྣམས་ཀུན་གྱི་རྩ་བ་སྟེ། །གསང་ཆེན་བདེ་བའི་ལམ་སྦྱངས་པ། །ཐམས་ཅད་བདེ་བའི་ཐིག་ལེར་བསྡུ། །རིག་པ་ཀློང་གི་གནས་ནས་སྤྲད། །ཡུལ་བཏགས་སྦྱོར་བའི་མིང་བླངས་ལ། །ཚངས་པའི་གནས་སུ་རྟེན་ལ་བསྟིམ། །སྣ་ཚོགས་ལས་ཀྱི་རིམ་སྦྱར་བ། །འབར་བ་རྟེན་གྱི་མཚོན་ཆ་ལ། །དབང་བསྐུར་བྱིན་རླབས་འོད་ཟེར་དབབ། །འབྲུ་རྣམས་གསོས་ལ་རང་བཞིན་བསྐྱེད། །སྦྱོར་བའི་རྒྱལ་པོ་མིང་དང་སྦྱར། །བདག་པོས་དབང་ཆེན་བསྟན་པར་བསྐྱེད། །རྡོ་རྗེ་བཀྲ་ཤིས་དབང་བསྐུར་ནས། །མཚོན་མའི་རྒྱལ་པོ་རང་བླུད་བྱ། །མྱོས་པའི་ཁྲག་དང་དུག་ཆུ་བྲན། །དུག་ཤིང་རུས་ཆེན་མེ་ལ་བདུག དྲག་བཟློག་གྱེན་གྱི་ལས་ལ་གཟུང་། །དཀྲུག་ཅིང་ཕྲལ་ལ་རྟེན་དུ་དབབ། །བསྡུ་བའི་འབྲུ་ལ་སྦྱོར་བ་དབབ། །ཡུལ་དང་རྟེན་གྱི་དམིགས་པ་དབྲལ། །ཡེ་ཤེས་རིགས་པའི་ཉི་མ་ལ། །སྲོག་དབུགས་འབྲེལ་བའི་འཁོར་ལོ་བཅའ། །རླུད་དང་མེ་ལ་དགོས་པ་བསྡུ། །འབྲུ་དྲུག་ཀུན་གྱི་འབྲུ་རུ་སྦྱར། །རིན་ཆེན་འབྲུ་རྣམས་སྦྱོར་བའི་ལུས། །འདོད་པའི་ཨ་མུ་ཀ་དང་སྤྲད། །འབྲུ་གཉིས་སྐྲུ་གྲི་རྣལ་མ་བཞིན། །འབྲུ་བརྒྱད་གཅོད་པ་ཀུན་གྱི་མཐར། །ཡབ་ཡུམ་འདུས་པས་མི་འཇིགས་གཅོད། །འཇོགས་པ་བདེ་ལམ་རྒྱན་བསྐྱེད་པའོ། །རྟེན་འབྲེལ་ལྟེ་བའི་འཁོར་ལོ་ལ། །རྒྱུ་རྐྱེན་ཐབས་ཀྱི་སྦྱོར་བར་བསྡེབ། །ལམ་ཆེན་རྒྱུན་གྱི་ཉི་མ་བཞི། །བསྐོར་བས་དེ་འབྲལ་རྩ་སྲོག་གཅོད། །ཁྲག་དང་བག་ཆགས་རྩ་མ་སྐྱེམས། །ལོངས་སྤྱོད་བདེ་བའི་འཁོར་ལོ་ལ། །དབུགས་ལམ་དགག་པའི་སྦྱོར་བ་བསྡེབ། །ལམ་ཆེན་རྒྱུན་གྱི་ཉི་མ་བཞི། །བསྐོར་བས་སྲིད་པའི་རྒྱུན་ལམ་གཅོད། །བག་ཆགས་ཁྲག་དང་བཅས་པ་སྲེག བདེ་ཆེན་ཀླད་པའི་འཁོར་ལོ་ལ། །མྱོས་པར་བྱེད་པའི་སྦྱོར་བས་བསྡེབ། །ཚངས་པ་ཀུན་ཁྱབ་ཉི་མ་བཞི། །བསྐོར་བས་ཚངས་པའི་སྒོ་གཉིས་འབྱེད། །རྩ་དང་སྲོག་དབུགས་བཅད་ནས་བསྐྱེད། །གསང་བ་དྲོད་ཀྱི་འཁོར་ལོ་ལ། །འདུ་འཕྲོ་སྤྱོར་བ་ལས་བསྡེབས་ལ། །དབང་པོ་གཉིས་འཛིན་ཉི་མ་བཞི། །སྐྱེ་བའི་རྒྱུན་གཅོད་བག་ཆགས་སྐྱེམས། །དེ་དག་ཡན་ལག་འཁོར་ལོ་ཡིན། །འདོད་པ་ཀུན་གྱི་དོན་ཆེན་འགྲུབ། །འབྲས་བུ་སྨིན་པར་བྱེད་པ་ཡིན། །ཐབས་ཀྱིས་གྲོལ་བའི་འཁོར་ལོར་བཤད། །ཡོན་ཏན་ལས་དང་སྐུ་འཁོར་གྱི། །རྫོགས་པའི་སྦྱོར་བ་འདི་ལྟ་སྟེ། །ཐོག་མའི་སྦྱོར་བ་དང་པོ་སྟེ། །རྩ་བའི་ས་བོན་ཡི་གེ་གཉིས། །མེ་དབལ་མིང་གི་འཁོར་ལོ་ལ། །རིག་པ་མིང་གི་ཡི་གེ་བཞི། །འདུས་པས་སྦྱོར་བ་བདུད་ཀྱི་མིང་། །རྣལ་མས་བསྐོར་བའི་ཕྱོགས་ཀྱིས་སྦྱར། །མཆོག་གི་ཡི་གེ་འབྲུ་ལྔར་ལྡན། །ཀུན་གྱི་ཐོག་མར་སྦྱར་བྱ་སྟ། །ཕྱིར་ལ་དབུས་ནས་བསྐོར་བྱས་ནས། །མེ་དབལ་ཡབ་ཀྱི་འཁོར་ལོ་བཞིན། །རྣལ་མ་བཟློག་པའི་རིམ་པ་ཡིས། །མིང་གི་འཇུག་ལ་གདགས་བྱ་སྟེ། །རྗེས་སུ་མཐུན་པར་བཞི་སྦྱར་ན། །བྱ་བ་ཀུན་གྱི་སྔོན་འགྲོ་སྟེ། །སྒྲོར་བ་ཀུན་གྱི་རྩ་བ་ཡིན། །མཐའ་རྟེན་ལས་ཀྱི་སྐབས་ཀྱིས་འཇུག །ཨོ་ཡ་མ་རག་མོ་མ་མ་མ་མེ་ཏ་སྒེ་དུ༷་སྙིང་ར༷་ཐུན་རོ་གཤམ་གཟེར་བཛུ་ཛི་མན་ཨ་མུ་ཀ་པྲ་མ་ཡ་ཡ་མ་དེ་མ་སྨྱོ་རུ་ལུ་རྦད་ཡ། ཉི་མ་དང་པོ་སྦྱོར་བ་ཡིན། ར་ནི་ཙ་ཡ་དྲག་ཏ་སྙིང་ཁ་རག་ཤ་ཨི་ཏ་རག་ཏྲབྷ་རག་རྡུབས་སེ་ཨ་མུ་ཀ་མུར་ཙ་ཡ་ཡ་མ་དེ་མ་སྨྱོ་རུ་ལུ་རྦད་ཡ། ཨོ་ཡ་མ་རག་མོ་མ་མ་ར་ནི་ཡོ་རྙ་རོ་ཤི་སྭ་ཙ་སྙི་རག་མུགས་མོ་ཨ་མུ་ཀ་རཀྟ་ཙ་ར་ཡ་ཡ་མ་དེ་མ་སྨྱོ་རུ་ལུ་རྦད་ཡ། ཨོ་ཡ་མ་ར་མོ་མ་མ་རུ་ཏོ། ས་ཙ་ཨེ་ཙིདྷི་དྲམཧྭ་རོ་ཀ་ཛ་ཤཱ་ཡ་མཧའ་སྤུང་ཡམའ་ཏི་ཨ་མུ་ཀ་མ་ར་ཡ་ཡ་མ་དེ་སྨྱོ་རུ་རྦད་ཡ། དེ་དག་རྩ་བའི་སྦྱོར་བ་སྟེ། སྔོན་དུ་འགྲོ་བའི་ལས་སུ་བསྟན། །མཚན་མོ་རྣལ་མར་དྲིལ་ལ་བརྡེག སྦྱོར་བ་ཀུན་གྱི་རྩ་བར་བཤད། དེ་བཞིན་སྒམ་སྒ་ཤི་བན་ཙའི། འགྲོས་ཀྱིས་འབྲུ་དེད་བདུན་པའི་སྔགས། རྗེས་སུ་མཐུན་པའི་དེ་བཞིན་བསྡེབ། ཡ་སྒེ་ཏ་མེ་མ་ར་ནི་དུན་མན་་ག་རག་ཤཨའ༷་པེ་ཏ་ལི་རག་མོ་ཨེ་ཀ་ཛ་ཏི། སྒེ་ཏ་མེ་མ་ར་ནི་ཙ་ཤ༷་དུན་བཱན་་ག་རག་ཤཨའ༷། པེ་ཏ་ལ་རིག་མོ་ཨེ་ཀ་ཛ་ཏི་དྲུ༷། ཏ་མེ་མ་ར་ནི་ཙ་ཡ་དྲན་སྨྱུན་ཏྲག་རག་ཤཨའ༷། པེ་ཏ་ལི་རག་མོ་ཛ་ཨེ་ཀ་ཛ་ཏི་དྷི་ཤཧ༷། མེ་མ་སྒེ་ར་ནི་ཡོ་ན་མན་ཏྲག་རག་ཤཨའ༷་པེ་ཏ་ལི་རག་མོ་ཨེ་ཀ་ཛ་ཏི་རྙུ༷་ཤཧ༷་རྙུན་མན། མསྒེ་ཏ་རུ་ཏོ་ས་ཙ་ཏྲག་རག་ཨཧཨ༷་པེ་ཏལི་རག་མོ་ཨེ་ཀ་ཛ་ཏི་དུ༷་ཤ༷་ཧུན་མན་པ་ཙར་ནི་ཙ་ཡ་སྒེ་ཡ་རག་ཤཧ༷་པེ་ཏ་ལི་རག་མེ་ཨེ་ཀ་ཛ་ཏི་དུ༷་ཤ༷་དུན་མན་རག ར་ནི་ཙ་ཡ་སྒེ་ཡ་མ་ཤཧམ༷་པེ ཏལ རག མོ་ཨེ ཀ་ཛཏིཤ༷་དུན་མན་ཏྲག་རག དེ་དག་ཉི་མ་དངཔོའི་ལས། །སྐུ་ཡི སྙིང་པོ་ཇི་བཞིན་དུ། །མུ་ཁྱུད་ལྔ་པའིཉི་མ་གཉིས། །ཉི་མ་གསུམ་ལ་མུ་ཁྱུད་དྲུག །བཞིའང་ནང་མའི་ལྷོནས་བསྡེབ། །ཡབ་ཀྱི་དྲག་སྔགས་སྔ་མ་བཞིན། །བདུན་པ་བདུན་བསྐོརསྒོ་བཞིས་འཇུག འཁྱིལ་བ་སྦྲུལ་དང་རུ་སྦལ་དང་། །ཆུ་སྲིན་ཀི་ལའི་འགྲོས། །འབྲུར་འགྲོ་མགོ་མངས་སྟག་མོའི་འགྲོས། །འབྲུ་བདུན་ཉི་མ་བཞི་ལ་སོགས། །ཀུན་གྱི་སྦྱོར་བ་མགོ་དང་མཐའ། །འབྲུ་དྲུག་འབྲུ་བརྒྱད་སྔ་མ་བཞིན། །ཡབ་ཀྱི་སྤུ་གྲི་རྣལ་མབཞིན། །འདོད་པའི་ཨ་མུ་ཀ་དང་བསྡེབ། །དྲག་པོ་ལྟོ་དཀྲུག་བདུན་པར་བཤད། །རྣལ་མའི་སྦྱོར་བ་འདི་ལྟ་སྟེ། །ཐོག མར་དེ་བཞིན་དྲུག་པའི་མིང་། །དྲངསཔ་དེ་བཞིན་ཀུན ལ་བྱ། །མཐའརྟེན་འཇུག་པའི་སྔགས་ཉིད་ནི། །དྲགཔོ་མ ཧྭཡ་ཉིད་ལ། །སྤུ་གྲི་འཁོར་ལོ་འདམ་པ་བཞི། །དགོདཔའི་འཕྲེང་བ་ཇི་བཞིན་སྦྱར། །ལུས་དང་ཡནལགཀུན་བསྡེབས་ལ། །འཕེན་པའི་འབྲུབརྒྱད་མཐའ་རུ་སྦྱར། །ཡི་གེ་སྔར་བཞིན་བཟློག་བསྐོར་ན། །སྦྱོརབས་གསོད་པ་མ་ལུས་པ། །འཇུག་པོ་ཉེ་བར་བཏགས་པ་ཡིན། །དབུས་ཀྱི་སྦྱོར་བ་རྐྱང་པར་བསྡེབ། །ཨོ་ཡ་མ་རག་མོ་མ་མ་ཡ་སྒེ་མ་མེ་ཏ་ར་ནི་ཙ་ཡ་ར་ནི་ཡོ་ན་རུ་ཏོ་ས་ཙ་ཨ་མུ་ཀ པྲ་མ་ཡ་ཡ་མ་དེ་མ་སྨྱོ་རུ་ལུ་རྦད་ཡ། འབྲུ་དྲུག་འབྲུ་བརྒྱད་སྔ་མ་བཞིན། དྷ༷་ཤཧཝ་ ན་མན་ཏྲག་རག་ཤཨ༷་པེ་ཏ་ལའི་རག་མོ་ཨེ་ཀ་ཛ་ཏི་ཨ་མུ་ཀ་མུར་ཙ་ཡ་ཡ་མ་དེ་མ་སྨྱོ་རུ་ལུ་རྦད་ཡ། སྙིང་རོ་ཤན་ཙི་ཏ་རག་ཏ་རྔུབས་རོ་ཙ་རྨུགས་རྨུགས་ཙི་རོ་ཤེ་སྤྱ༷་ཨ་མུ་ཀ་རག་ཏ་ཙ་ར་ཡ་ཡ་མ་དེ་མ་སྨྱོ་རུ་ལུ་རྦད་ཡ། ར༷་ཐུན་གཟེར་བཛྲ་སྙིང་ཁ་རག་ཧྲི་ཤི་སཧའུ་རག་ཤཀུ་ནྟྲ་ཡམྱ་དལྷུ་ཨུད་ཨ་མུ་ཀ་མ་ར་ཡ་ཡ་མ་དེ་མ་སྨྱོ་རུ་ལུ་རྦད་ཡ། དྲག་པོ་གནད་ཀྱི་ཕན་པ་སྟེ། །རྣལ་མའི་འབྱོར་པ་རྐྱང་པ་བཞི། །གསད་པའི་ལས་ཀུན་སོ་སོར་བསྒྲུབ། །བརྣག་པ་ཀུན་གྱི་མཆོག་ཏུ་བཤད། །ཕྱི་ནང་དབུས་མཐའི་རིམ་པ་ནི། །དྲག་པོར་དྲིལ་ཞིང་ལས་བསྡེབས་པ། །བདུད་མོ་གཤིན་རྗེའི་སྦྱོར་བ་སྟེ། །ཁྲོ་མོ་རྣམས་ཀྱི་སྙིང་པོ་ཡིན། །དེ་ཡི་སྦྱོར་བ་དཔག་མེད་ལས། །མཁའ་འགྲོ་དྲག་མོའི་སྦྱོར་བ་སྟེ། །གནད་བཟློག་དྲག་པོའི་རིམ་པ་ཡིས། །རེངས་དང་འགུགས་པ་མ་ལུས་བྱེད། །ལས་གསང་གཉིས་དང་ཀུན་རྫོགས་ཡིན། །དེ་ཡི་རིམ་པ་འདི་ལྟ་སྟེ། །ཏ་སྙི་ཏ་ཡི་འགྲོས་ཀྱིས་བསྡེབ། །འཁོར་ལོ་འཕྲེང་བ་དྲེལ་བའི་ལས། །དེབཞིནཕྱོགསཀྱིདང་པོ་ནས། །རེ་མིག་དྲུག་གཉིསདེབཞིནགཅིག །རིམཔས་འཁོར་ལོའིའཕྲེངབགཅིག །མུཁྱུདལྟ་བུར་དྲིལ་ལ་བརྡེག ཐོག་མའི་སྦྱོར་བསྔརབཞིནབསྡེབ། །ཡབཀྱི་འབྲུ་བཞིན་མཐུན་བར་བསྡེབ། །མཁའ་འགྲོའི་འབྲུ་ལ་གཤིན་རྗེ་གདགས། །དང་པོར་མུ་ཁྱུད་དྲུག་པ་ནས། །འབྲུ་བཞི་རོ་ལ་རེ་དང་བསྡེབ། །རེ་ཐུན་གཟེར་བཛྲ་སྙིང་ཁ་རག་རྙི་ཤི་སྟུ་རག་ཤཀཧ་ར་ནི་ཙ་ཡ།ཧཱུཾ་ཤེ་དུན་མ་ན་ཏྲག་རག་ཤཨེཔེ་ཏ་ལི་རག་མོ་ར་ནི་ཡོ་ན། སྙིང་རོ་ཤན་ཙི་ཏ་རག་ཏ་རྔུབས་རོ་ས་རྨུགས་མུགས་རུ་ཏོ་ས་ཙ། དྷི་དལའ་ཡམྱཧ་ཨུད་རྩ་རོ་ཤཱ༷་ཡམ་ཨེ་ཀ་ཛ་ཏི་མ་སྒེ་ཏ་མེ། དེ་བཞིན་ཡུམ་གྱིས་དཀྲུག་པ་སྟེ། །ཕོ་མོ་ལས་ཀྱི་ལྟོ་དཀྲུག་ཡིན། །མཁའ་འགྲོས་གསད་པའི་མཆོག་ཏུ་བཤད། །བཀན་བཟློག་སྦྱོར་བའི་འཁོར་ལོ་ཉིད། །ཐོག་མར་དབུས་ནས་བདུད་ཀྱི་ལས། །འབྲུ་དྲུག་དང་པོར་དེ་བཞིན་དྲང་། །ཡབ་ཀྱི་འབྲུ་གསུམ་རྡོ་རྗེའི་ཕྱོགས། །མཁའ་འགྲོ་ཕྱོགས་ཀྱི་འབྲུ་དྲུག་བསྡེབ། །རལ་གྲི་མཚམས་སུ་འབྲུ་དྲུག་བླང་། །རྩ་ལ་བསྡུས་པའི་ཐིག་ལེར་གཞུག །སྤུ་གྲིའི་སྦྱོར་བ་སྔ་མ་བཞིན། དང་པོ་མ་ར་ནི་དུ༷་ཤཧ༷་རེ་སྙིང་ར༷། སྙིང་ར༷་ཐུན་གཟེར་ཛུ། ཙི་ཤན་དུན་མན་ཙ། གཉིས་པ་སྒེ་ནས་འབྲུ་དྲུག་བྱ། །དེ་བཞིན་པདྨའི་མཚམས་ནས་བསྡེབ། །ནི་ལས་བསྡུས་ལ་ཐིག་ལེར་གཞུག །སྒེ་ཡ་ར་རཀྟ་རག་སྙིང་ཁ་རག་སྙི། རྔུབས་ཏ་པེ་ཤཨཧ༷་ནི། དེ་བཞིན་ཏ་ནས་པདྨའི་ཕྱོགས། །དེབཞིནརིནཆེནམཚམས་ནས་དྲིལ། །རུ་ལ་བསྡུས་ལ་ཐིག་ལེར་གཞུག །ཏ་ལ་ཡོ་ནི་ཙ་རོ་ཤི་སཧུ་རག་སྒ་རྨུགས་མུགས་རག་མོ་སྲ བཞི་པ་མེ་ནས་རིན་ཆེན་ཕྱོགས། །དེབཞིནརྡོརྗེ་མཚམས་སུ་དྲིལ། །ཙ་ལ་བསྡུ་ཞིང་ཐིག་ལེར་གཞུག །མེ་ས་ཏོ་ཨེ་ཀ་ཙི་རོ་དྷ་དྲལཧ་ཡམ་ཨུད་སྣི་ཡམ་ཛ་ཏི་ཙ། མགོ་བཞིས་འབུར་འགྲོས་གདོང་ལྕེ་བཞི། །དེ་བཞིན་སྦལ་འགྲོས་ཕྱོགས་མཚམས་དྲིལ། །ཡང་གསང་མཆོག་གི་སྦྱོར་བར་བཤད། །གཞན་ཡང་སྦྱོར་བའི་རིམ་པ་ནི། །མཁའ་འགྲོ་འབར་མ་དབྱིངས་སྡུས་མ། །སྙིང་པོ་དམ་དང་དྲག་པོའི་སྲོག །ཡོན་ཏན་ལས་ཀྱི་རིམས་དང་གསུམ། །གཅིག་གིས་ཕྱོགས་ནས་དྲིལ་པ་སྟེ། །སྦྱོར་བ་འཕྲལ་ནས་སྦྱོར་བསྡེབས་ན། །མ་ལུས་ལས་ན་བྱེད་པ་ཡིན། །དེ་དག་སྦྱོར་བ་རྐྱང་པ་ཡི། །རེ་རེ་བཅུ་དྲུག་ཕྲལ་བསྡེབས་ན། །ཐོག་མའི་འབྲུ་དྲུག་མཐའ་ཡིག་བརྒྱད། །གཅིག་ལས་ཕྱེ་བའི་སྦྱོར་བ་སྟེ། །རྐྱང་བའི་སྦྱོར་བ་འབྲུ་གསུམ་བསྡེབས། །འདོད་པའི་ལས་རེ་འབྲུབ་པ་ཡིན། །ཡན་ལག་འཁོར་ལོའི་མཐའ་དད་འདི། །ཕྱི་ནང་བར་གྱི་འཕྲེང་བ་ཉིད། །སྦྱོར་བ་ཕྱེ་ན་དུ་མར་འགྱུར། །དྲུག་བཅུའི་འབྲུ་ཉིད་རེ་རེ་ལ། །དེ་ལས་གཞན་ཡང་བྱིན་བརླབས་ཏེ། །གསུམ་གསུམ་དོར་ནས་གཅིག་བླངས་ཏེ། །གསུམ་དོར་གཅིག་བླང་རྫོགས་པར་བསྡེབ། །དེ་ཡི་རིམ་པ་འདི་ལྟ་སྟེ། །ཙི་ཤན་ཏ་རག རག་ཏྲག ཏ་མན། རྔུབས་རག རོ་ལིང་། ཙ་ཏ། རྨུགས་པེ། སཧུ་ཏྲ། མུག་ཛ། ཙི་ཀ རོ་སྐེ། ཤན་མོ། དེ་བ་ད་ར་ལ། ཡ་དུན་སྙིང་ཤམ། རོ་དུན་ཤརྙི། མ་ག་སུ། ཨ་ཤ་ཧ་མ། སུ་པ་ར། དེ་དག་སྦྱོར་བ་ཕྲ་བ་སྟེ། །ཐོག་མར་མཐའ་མ་སྔ་མ་བཞིན། །དཔལ་གྱི་མ་མོ་བདེ་བྱེད་མ། །ཚངས་པའི་གནས་བཞི་འཇོམས་པར་བྱེད། །གང་བརྩམས་ལས་ཀུན་འགྲུབ་པར་བཤད། །དེ་བཞིན་གསུམ་དོར་གཅིག་བླངས་བསྡེབ། །གནས་སྐབས་ཉིད་དུ་རྒྱས་པར་བརྗོད། །དེ་བཞིན་སྟོབས་དང་ལྡན་པའི་འབྲུ། །སྦྱོར་བ་དམ་པ་འདི་ལྟ་སྟེ། །ཕྱོགས་བཞིར་སོ་སོར་དྲིལ་སྦྱར་ལ། །སྡོམ་དང་རྐྱང་པའི་བྱེ་བྲག་གིས། །གཉིས་གཉིས་དག་ཏུ་དབྱེ་བ་སྟེ། །མེ་དབལ་འཁོར་ལོའི་སྦྱོར་བ་བཞི། །བརྣལ་མ་བཟློག་པའི་རིམ་པ་སྟེ། །འབྲུ་བརྒྱད་དབུས་ཀྱི་ཡ་དང་དགུ། །འཕེན་ཅིང་སྡུད་པའི་འཁོར་ལོ་ཡིན། །འབྲུ་དྲུག་འབྲུ་བརྒྱད་སྔ་མ་བཞིན། །རྡོ་རྗེ་ཕྱོགས་ནས་དང་པོ་བསྡེབས། །འདོད་པའི་མིང་དང་སྤུ་གྲིར་བསྡེབ། །སྦྱོར་བ་དང་པོ་འདི་ལྟ་སྟེ། །མ་ར་དུ༷་སྙིང་རི་རུན་ནོ། ཤཧ༷་ནི་ཡ། གཉིས་པ་རལ་གྲིའི་ཕྱོགས་སུ་སྟེ། དེ་བཞིན་འཕེན་སྡུད་འཁོར་ལོའི་ཚུལ། སྒེ་ཡ་ཏྲག་ཏ་སྙིང་ཁ་རག་ར་ཡ། གསུམ་པ་པདྨའི་ཕྱོགས་སུ་བསྡེབ། ཏ་ཡོ་ཏ་རོ་ཤི་སཧུ་ཙ་ལི། ན་ཡ་བཞི་པ་རིན་ཆེན་ཕྱོགས་སུ་བསྡེབ། མེ་ཏོ་ཨེ་ཙ་དྷི་དྲལྷ་རོ་ཀ་ས་ཡ། ཕྱོགས་ཀྱི་སྦྱོར་བ་ཉི་མ་བཞིས། །མཆོག་གི་སྦྱོར་བ་མ་ལུས་འགྲུབ། །མཚམས་བཞི་སྦྱོར་བསསྔམབཞིན། །རྡོརྗེརལ་གྲིའི་མཚམས་སུ་བསྡེབ། །ཙ་དུན་ཤཱན་གཟེར་བཛྲ་ཙི་མན་ཡ། །གཉིས་པ་རལ་གྲི་པདྨ་ཡི། །མཚམས་སུ་འཕེན་སྡུད་སྦྱོར་བ་བསྡེབ། །ནི་ཤཧཨུ༷་ཏ་རག་དྷིལ་རྔུབས་པེ་ཡ། །གསུམ་པ་པདྨ་རིན་ཆེན་གྱི། །མཚམས་སུ་སྦྱོར་བ་འཕེན་སྡུད་བསྡེབ། །རུ་རག་རྨུགས་རག་ཤཀ་མུག་མ་མོ་ཡ། །བཞི་པ་རིན་ཆེན་རྡོ་རྗེའི་མཚམས། །ཧོ་པན་སྲོག་ཡིན་རྫོགས་པར་བསྡེབ། །ཙ་ཛུ་ཤཱ༷་ཡམྱ༷་ཨུད་ཡམ་ཏི་ཡ། །མཚོན་ཆའི་འཁོར་ལོ་ནུབ་མོ་བཞིར། །སྦྱོར་བ་བ་་ལ་བསྡེབ་གྱུར་ན། །ཁྱད་པར་དྲག་པོའི་ལས་སུ་བཤད། །གཞན་ཡང་སྦྱོར་བའི་རྒྱལ་པོ་ནི། །ཐོག་མར་འབྲུ་དྲུག་མི་སྦྱིན་ཏེ། །དེར་རྗེས་མེ་དབལ་འཁོར་ལོ་ཡང་། །ཕབ་ཀྱི་རྣལ་མའི་སྦྱོར་བ་བཞི། །མཐའ་མ་བཟློག་ལ་དེ་ལ་བསྡེབ། །འདོད་པ་སྐྲུ་གྲི་སྔ་མ་བཞིན། །དེ་བཞིན་གཞན་ཡང་སྦྱར་བ་སྟེ། །དང་པོའི་ཡབ་དང་ཕྱི་རོལ་ཕྱོགས། །རེ་མིག་བདུན་བདུན་བསྡེབས་པར་བྱ། །ཕྱི་རོལ་མཐའ་ནས་བསྐོར་ཕྱོགས་སུ། །རིམ་པས་རེ་མིག་བཞི་བཞི་བཟུང་། །དེ་བཞིན་འོག་དང་ཡང་འོག་གསུམ། །སྔ་མ་བཞིན་ཏེ་ཕྱོགས་མཐུན་བསྡེབ། །རིན་ཆེན་ཕྱོགས་ནས་མགོ་དྲངས་ཏེ། །རྡོ་རྗེ་མཚམས་སུ་བསྐྱལ་བར་བྱ། །ཡ་མ་མེ་སྒེ་ཏྲཧྭ་དྲལྷ་ཡམརྒྱ། །གཉིས་པ་རལ་གྲིའི་ཕྱོགས་ནས་བཟུང་། །ར་ཙ་ས་ཏོ་སྙིང་ཁ་རག གསུམ་པ་རྡོ་རྗེའི་ཕྱོགས་ནས་བཟུང་། །རུ་ན་ཡོ་ནི་ར༷་ཐུན་གཟེར། །བཞི་པ་པདྨའི་ཕྱོགས་ནས་བཟུང་། །ར་ཡ་ར་ཙ་ནི་ཤི་སུ་རག དེ་ཡི་སྔགས་པ་རྒྱལ་བློན་འཇོམས། མ་མེ་ཏ་སྒེ་ཙི་རོ་ཤན། ར་ཙ་ས་ཏོ་ཏ་རག་ཏ། རུ་ན་ཡོ་ནི་སྙིང་རོ་ཤན། ར་ཡ་ཙ་ནི་རོ་རྨུགས། མ་མེ་ཏ་སྒེ་ཨེ་ཀ་ཛུ། ར་ཙ་ས་ཏོ་སྒག་རག་ཤཨུ༷།རུ་ན་ཡོ་ནི་རྙུ༷་ལྟ༷་རྙུ༷། ར་ཡ་ཙ་ནི་ཏ་ལི་རག སྦྱོར་བའི་ཡན་ལག་དེ་དག་གིས། །ཉན་ཐོས་མུ་སྟེགས་འཇོམས་པར་བྱེད། །སྦྱོར་བ་མཆོག་གི་མཆོག་ཏུ་བཤད། །གཞན་ཡང་སྦྱོར་བའི་རིམ་པ་ནི། །ཐད་ཚུགས་ཕྱོགས་ཀྱི་སྦྱོར་བ་བཞི། །རེ་མིག་དགུ་དགུ་མཚམས་སུ་ཡང་། །དེ་ལྟར་རེ་མིག་བཅུ་པ་རྣམས། །དྲག་པོའི་ཕྱོགས་ཀྱིས་འཇོམས་པར་བྱེད། །མགོ་དྲངས་ཕྱོགས་ནས་ཕྱོགས་དྲིལ། །ཐོག་མཐའི་སྦྱོར་བ་སྔ་མ་བཞིན། །དེ་རིམས་ཚུལ་བཞིན་རྗེས་མཐུན་སྦྱར། །དེ་བཞིན་ཕྱི་རིམས་མཐའ་ཕྱོགས་སུ། །དེ་ལྟར་གོ་རིམས་བཞིན་དུ་བསྡེབ། །རལ་གྲིའི་ཕྱོགས་ནས་མགོ་བརྩམས་ཏེ། །རིན་ཆེན་ཕྱོགས་སུ་བསྐྱལ་བར་བྱ། །སྙིང་ཏ་རག་ཡ་སྒེ་ཡ་ས་ཀ་རོ་དྲལྷ། །གཉིས་པ་དེ་དེ་ཇི་བཞིན་དུ། །པདྨའི་ཕྱོགས་ནས་མགོ་དྲངས་ལ། །རྡོ་རྗེའི་ཕྱོགས་སུ་བསྐྱལ་བར་བྱ། །རེ་མིག་གྲངས་ཀྱང་སྔ་མ་བཞིན། ཁྲེ་རོ་ཏ་ཡ་ཡོ་ཏ་ཡ་ནི་ཤ༷་རོ་ཐུན། །གསུམ་པ་རིན་ཆེན་ཕྱོགས་ཉིད་ནས། །རལ་གྲིའི་ཕྱོགས་སུ་དེ་བཞིན་བསྐྱལ། །དྷི་ཙི་ཨེ་ཏོ་མེ་ཡ་ར་རག་རག་ཁ། །བཞི་པ་རྡོ་རྗེའི་ཕྱོགས་ནས་དྲངས། །པདྨའི་ཕྱོགས་སུ་བསྐྱལ་ལ་བསྡེབ། །ར༷་སྙིང་ཧཱུཾ༷་ར་མ་ཡ་ན་ལི་ཙ་སཧུ། །ཕྱོགས་ཀྱི་སྦྱོར་བ་བརྒྱ་བ་སྟེ། །ཐད་ཚུགས་ཉི་མ་བཞི་བསྡེབ་པས། །རྗེས་དང་ཡུལ་སྤངས་འཇོམས་པར་བྱེད། །དེབཞིནམཚམསབཞིའི་ཐད་ཚུགས་ནི། །རེ་མིག་ཡ་དང་བརྒྱད་བསྡེབ་ལ། །ཐོག་མཐའ་འབྲུ་དྲུག་འབྲུ་བརྒྱད་བསྡེབ། །རལ་གྲིའི་མཚམས་ནས་མགོ་དྲངས་ཏེ། །རྡོ་རྗེའི་མཚམས་སུ་དྲིལ་ལ་བསྡེབ། །རག་ཏ་ཤཉམ་ནི་ཡ་ཏི་ཡམྱ་ཡུད། །གཉིས་པ་གཟེར་ནས་སྒ་ལ་བསྐྱལ། །གཟན་ཤན་དུན་ཙ་ཡ་མ་མོ་མུགས་ཤཀྭ། །གསུམ་པ་རིན་ཆེན་པདྨའི་མཚམས། །ཡམརྒྱ་ཤཱ༷་ཛ་ཙ་མ་པེ་རྔུབས་དྷི། །བཞི་པ་པདྨའི་མཚམས་ནས་དྲང་། །རལ་གྲིའི་མཚམས་སུ་བསྐྱལ་ལ་བསྡེབ། །རག་རྨུགས་རག་རུ་ཡ་མན་ཙི་བཛྲ། །མཚམས་བཞིའི་སྦྱོར་བ་ཐད་ཚུགས་ཀྱིས། །དམངས་དང་རིགས་ངན་འཇོམས་པར་བཤད། །གཞན་ཡང་གདུལ་བྱ་མ་ལུས་པ། །དབང་པོ་བཅུ་དང་བདུན་བཟློག་པ། །དྲག་པོའི་ཡན་ལག་བཅུ་དྲུག་འཇོམས། །རྡོ་རྗེའི་ཕྱོགས་ནས་མགོ་དྲངས་ཏེ། །མཐའ་ནས་དབུས་སུ་དྲིལ་ལ་བསྡེག །དང་པོ་ཕྱོགས་ནས་ཉེ་བར་བཟུང་། །རྡོ་རྗེ་རལ་གྲིའི་མཚམས་སུ་བསྡེབ། །དེ་ཡི་སྦྱོར་བ་རྒྱས་པ་ནི། །དང་པོའི་སྦྱོར་བ་དྲག་པོ་ཡིས། །།དབུགས་ཀྱི་སྦྱོར་བ་འཇོམས་པར་བྱེད། །ཡ་ལ་བསྡུས་ལ་ཐིག་ལེར་གཞུག །ར༷་སྙིང་དུམ་ར་མ་ཡ། གཉིས་པས་དེ་བཞིན་ངག་སྙན་དང་། །རྣ་བའི་རྣམ་ཤེས་འཕྲོག་ཅིང་འཇོམས། །ན་ལ་བསྡུ་ཞིང་ཐིག་ལེར་གཞུག །སཧུ་ཙ་ལི་ན།གསུམ་པ་དྲན་རྟོག་ཆགས་པ་ཡི། །ཡིད་ཀྱི་འདུ་ཤེས་མ་ལུས་གཅོད། །མ་ལ་བསྡུ་ཞིང་ཐིག་ལེར་གཞུག །དྷི་ཙི་ཨེ་ཏོ་མྱོ། བཞི་པས་མདངས་ཀྱི་དབང་པོ་དང་། ཁྲེས་པ་གཉིས་འཛིན་གོ་འབྱེད་གཅོད། །སྒེ་ལ་བསྡུ་ཞིང་ཐིག་ལེར་གཞུག །སྙིང་ཏ་་ག་ཡ་སྒེ། རྟེན་པའི་ས་ཡི་སྙིང་པོ་འཇོམས། །སྲོག་ཤིང་གསུམ་གྱི་བ་གཅོད། །ཏ་ལ་བསྡུ་ཞིང་ཐིག་ལེར་གཞུག ཁྲེ་རོ་ཏ་ཡོ་ཏ། ལུས་སྲོག་གཟུངས་བཅུད་ཕྲལ་ནས། །ལུས་ཀྱི་རྣམ་ཤེས་འཇོམས་པར་བྱེད། །ནི་ལ་བསྡུ་ཞིང་ཐིག་ལེར་གཞུག །ཐུ༷ན་རི་ཤ་ནི། དེ་དག་སྣ་ཚོགས་འགྱུར་བྱེད་ཅིང་། །དོན་གྱི་དབང་པོ་ཉམས་པར་བྱེད། །ས་ལ་བསྡུ་ཞིང་ཐིག་ལེར་གཞུག །དྲལྷ་རོ་ཀ་ས། །མིག་གི་རྣམ་ཤེས་བཀྲག་མདངས་འཇོམས། །གཟེར་ཤཱ༷ན་དུན་ཙ། ཙ་ལ་བསྡུ་ཞིང་ཐིག་ལེར་གཞུག །ལྕེ་ཡི་རྣམ་ཤེས་བཀྲག་མདངས་འཇོམས། །ཡ་ལ་བསྡུ་ཞིང་ཐིག་ལེར་གཞུག །བཛྲ་ཙི་མན་ཡ། རྩ་ཡི་རྣམ་ཤེས་ཞེན་ཆགས་འཇོམས། །ནི་ལ་བསྡུ་ཞིང་ཐིག་ལེར་གཞུག །རཀྟ་ཤཨུ༷་ནི། རྟེན་པ་ལུས་ཀྱི་དབང་པོ་དང་། །ཕུང་པོ་ལྔ་ཡི་རྩ་བ་གཅོད། །ཏ་ལ་བསྡུ་ཞིང་ཐིག་ལེར་གཞུག །ཧྲི་རྔུབས་པེ་མ་ཏ། ལྕེ་དང་དབང་པོ་གསལ་བཅོམ་ནས། །མི་འདོད་རོ་ནི་སྣ་ཚོགས་བསྒྱུར། །རུ་ལ་བསྡུ་ཞིང་ཐིག་ལེར་གཞུག །ར་ག་རྨུགས་རག་སྲ ཆགས་སྡང་ལྔ་ཡི་རྩ་བ་དང་། །སྒྲ་རྣམས་མི་གསལ་ལྡིབ་ཅིང་འཇོམས། །མེ་ལ་བསྡུ་ཞིང་ཐིག་ལེར་གཞུག ཁྲཀ་རྨུགས་མོ་མོམེ། དེབཞིནམིགགིརྣམཤེས་དང་། །ཡུལ་ལ་འཛིན་པའི་དབང་པོ་འཇོམས། །རྩ་ལ་བསྡུ་ཞིང་ཐིག་ལེར་གཞུག །ཡམྱ་ཤཱ་ཛུཙ། དེབཞིནདྲོདཀྱིདབང་པོ་དང་། །དྭངས་མ་སྐྱེད་པའི་ས་བོན་འཇོམས། །མ་ལ་བསྡུ་ཞིང་ཐིག་ལེར་གཞུག །སྤུད་ཡམ་ཏི་མ། འདི་དག་དྲག་པོའི་ཡན་ལག་སྟེ། །གསད་པ་མཆོག་གི་སྦྱོར་བ་མིན། །ཐབས་ཀྱི་སྦྱོར་བ་དམ་པར་བཤད། །གཞན་ཡང་དྲག་པོའི་ཡན་ལག་ཉིད། །བརྒྱད་གཉིས་དེ་བཞིན་ཤེས་བྱ་སྟེ། །བཞི་པ་ལྔ་ཡི་རིམ་པ་བསྡེབ། །ཕྱོགས་ཀྱི་དང་པོ་རྡོ་རྗེ་ཡི། །རིན་ཆེན་མཚམས་ནས་མགོ་དྲངས་ཏེ། །དང་པོ་ཕྱོགས་ནས་མགོ་དྲངས་ལ། །རིན་ཆེན་མཚམས་ནས་གོ་བཟློག་ལ། །མགོ་དང་མཐའ་རྟེན་སྔ་མ་བཞིན། ཁྲ༷་དུ་ཏི་ཛུ་ཤི་ཡམྱ༷་སྙིང་རོ། །རིན་ཆེན་ཕྱོགས་ནས་པདྨའི་མཚམས། །དེ་བཞིན་ཉི་མ་བཞི་རུ་བརྡེབ། །ཀ་ཡེ་མོ་རག་རྨུགས་མུག་ས་ཙི་རོ། །ཏི་ལ་པེ་ཤ༷་ཏ་རྔུབས་རོ་ཙ། །རག་སྒག་མན་དུན་ཤན་ཙི་ཏ་རག །དེ་དག་སྦྱོར་བ་རྣལ་མ་ཡིན། །གསད་པའི་ལས་ལ་སྤོགས་པར་བཤད། །མ་ལུས་དངོས་པོ་འཇོམས་བྱེད་དེ། །དྲག་པོ་མཆོག་གི་སྦྱོར་བ་ཡིན། །སྔགས་ཀྱི་སྦྱོར་བ་དུ་མ་རྣམས། །སོ་སོའི་རིམ་པ་ཕྲལ་བྱས་ལ། །བྱ་བའི་འདོད་པས་སོ་སོ་བསྒྲུབ། །ཁྱད་པར་ལྔ་བདུན་སྦྱོར་བ་ཅིག །རིམ་པ་སྣ་ཚོགས་ལས་ཀྱིས་གནད། །མཁའ་འགྲོ་རྣམས་ཀྱི་སྲོག་དབང་སྒྱུར། །བདུད་མོ་དྲེགས་པའི་ལས་དབང་འཕྲོག །སྲིན་མོ་མ་མོ་ཡ་མ་མོ། ཁྲ་ཟ་ཀྱེ་ཀམ་མི་མཐུན་ལུས། །རྡོ་རྗེ་སྲིན་པོ་ཤ་ཟའི་ཚོགས། །སཧུ་ཁྲག་རྒྱ་མདུད་ཡ་མའི་ཀློང་། །ཨརྒྱ༷་རབྷ༷་བྷབྱ་སྤྱི་ཧ་་སྟིཉང་ཀབྲ། རྙ་བྷ་བྷ་དཀིརྒྱུ་གདབ། དེ་ཡིས་མ་ལུས་འཇོམས་བྱེད་དེ། །སྦྱོར་བའི་རྒྱལ་པོ་མཆོག་ཏུ་བཤད། །རྒྱལ་མཚན་མེ་ལོང་རྒྱུད་ལས། །རོ་ལངས་ནག་མོ་སྟོང་བསྐོར་རྩ་བའི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཡན་ལག་གི་སྦྱོར་བ་འདི་བཤད་དོ། །གཞན་ཡང་དྲག་པོའི་ཡན་ལག་ནི། །རི་མིག་རིམ་པར་བསྐོར་མིན་པར། །ཐད་ཀར་བཅལ་ཏེ་ཐ་དད་དབྱུང་། །འདི་ལ་སྦྱོར་བའི་རིམ་པ་བརྒྱད། །ཕྱོགས་བཞི་སྦྱོར་བ་ཡིག་འབྲུ་བཅུ། །མཚམས་ཀྱི་སྦྱོར་བ་འབྲུ་བདུན་དགུ། །དབུས་ཀྱི་དྲག་པོ་འབྲུ་གཅིག་ཉིད། །ཀུན་གྱི་མཐའ་རུ་ངེས་སྦྱར་ཏེ། །འབྲུ་གཅིག་སྦྱོར་བ་བརྒྱད་དུ་འགྱུར། །ཡ་བག་ཤ་ཡི་སྦྱོར་བ་ཡིས། །ཕྱོགས་མཚམས་འདྲ་བ་ཉིད་དུ་བཤད། །དེ་ཡི་སྦྱོར་བ་བརྒྱད་ཡིན་ཏེ། །འགྲུབ་པར་ངེས་ཏེ་ཐེ་ཚོམ་མེད། །དེ་དག་རིམ་པ་འདི་ལྟ་སྟེ། །ཕྱོགས་ཀྱི་དང་པོ་མཐའ་དེ་ནས། །པདྨའི་ཕྱོགས་ཀྱི་ངོས་ཀྱི་མཐའ། །དྲག་པོའི་ལས་ཀྱི་འདུ་བ་སྟེ། །དབང་དུ་སྡུད་པའི་སྦྱོར་བའི་མཆོག །ར༷་སྙིང་ཧཱུཾ༷་ར་མ་ན་ཡི་ཙ་འ་སཧུ་ཡ་སྙིང་ཁ་ཛ་ར་ཨང་ཀུ་ཤ་ཛ། ཐོག་མར་འབྲུ་དྲུག་སྔར་བཞིན་ཏེ། །མཐའ་མ་དབང་གི་སྙིང་པོ་སྦྱིན། །ལས་ལ་སྦྱར་བའི་མཐའ་ཅན་གདགས། །ལྷུན་པོ་རྒྱུ་བཞི་དབང་འགྱུར་ན། །ཤེས་ལྡན་རྣམས་ལ་སྨོས་ཅི་དགོས། །དབང་དུ་བྱ་བ་སྦྱོར་བའི་མཆོག །དེ་ནས་རང་བཞིན་ཕྱོགས་བསྐོར་ཏེ། །པདྨའི་ཕྱོགས་ནས་རྡོ་རྗེར་བསྐྱལ། །ཕྲི་རོ་ཏ་ཡོཏ་ནི་ཤཧི་རཐུ༷ན་ཡ་ཨ་མུ་ཀ་པྲ་ནི་ཧ་སྟ་ཧཱུཾ༷་ཕཊ། ཐད་ཁར་རིམ་པར་བསྡེབས་པ་ཡིས། །གསལ་པོའང་ལྐུགས་པར་བྱེད་པ་ཡིན། །པདྨར་དབང་ཕྱུག་བདེ་བ་ཡང་། །ལྐུགས་པར་བྱེད་པའི་མཆོག་འགྱུར་ན། །སྲོག་ཆགས་རྣམས་ལ་སྨོས་ཅི་དགོས། །གསུམ་པ་དེ་བཞིན་སྦྱར་བ་ནི། །རལ་གྲིའི་ཕྱོགས་ཀྱི་དང་པོ་ནས། །རིན་ཆེན་ཕྱོགས་སུ་འབྲུ་བཅུ་བསྡེབ། ཁ་རག་རག་ར་མེ་ཏོག་ཨ་ཙི་རྙེ་ཡ། ཧུ་ལུ་རྨ་ཡ་ཧཱུཾ༷་པྲ་བི་ཤ་ཕཊ། དབྱེ་བའི་རིམ་པ་མཆོག་ཡིན་ཏེ། །འབྲུ་དྲུག་ཐོག་མར་དེ་བཞིན་སྦྱིན། །མཐའ་ཡས་དབྱེ་བའི་སྤུ་གྲིར་གདགས། །སྦྱོར་བ་རྐྱེན་དང་ལྡན་གྱུར་ན། ཁུད་གཅིག་ཤེས་པའང་གཉིས་སུ་འབྱེད། ཁུད་གཉིས་དབྱེ་བའི་མཆོག་ཏུ་བཤད། །རིན་ཆེན་མཆོག་གི་དང་པོ་ནས། །རལ་གྲིའི་ཕྱོགས་སུ་བཞི་པ་བསྡེབ། །དྲལྭ་རོ་ཀ་ས་སྒེ་ཡ་ཏྲག་ཏ་སྙིང་ཡ་ཨ་མུ་ཀ་ཛ་ལི་ཡ་མ་པྲ་བི་ན་ཡ་ཧཱུཾ༷་ཕཊ། གྱེན་པའི་ཤིང་ལྟར་སྲོག་ལྡན་ཀུན། །རེངས་པར་བྱེད་པའི་མཆོག་ཏུ་བཤད། །མཚམས་བཞི་སྦྱོར་བའི་རིམ་པ་ནི། །རྡོ་རྗེ་རལ་གྲིའི་དང་པོའི་མཚམས། །མགོ་དྲངས་རིན་ཆེན་མཚམས་སུ་བསྡེབ། །གཟེར་ཤན་དུ་ཙ་མོ་མོ་མུགས་ཤཀྭ་མ་ཨ་མུ་ཀ་ཐིབས་མོ་མ་མྱོགས་ཡར་མ་ཧཱུཾ༷་ཕཊ།འབོགས་བར་བྱེད་པའི་ལས་སུ་བཤད། །གཉིས་པ་རིན་ཆེན་པདྨའི་མཚམས། །མགོ་དྲངས་རལ་གྲིའི་མཚམས་སུ་བསྐྱལ། །རག་རྨུགས་རག་རུ་མན་ཛི་བཛྲ་ཡ་མུན་ཀྲ༷་དུ་མྱོགས་ཧཱུཾ༷་ཕཊ། རྨུགས་པར་བྱེད་པའི་ལས་སུ་བཤད། །གསུམ་པའི་རལ་གྲིའི་མཚམས་ནས་བཟུང་། །རྡོ་རྗེའི་མཚམས་སུ་ཉེ་བར་བསྡེབ། །རཀྟ་ཤཧཨུ༷་ནི་ཏི་ཡམ་ཨུད་ཡ་ཨ་མུ་ཀ་གོ་མ་གི་སཧི་ཧ་ཧོར་ཧཱུཾ༷་ཕཊ། མྱོས་ཤིང་བརླབས་པའི་ལས་སུ་བཤད། །བཞི་པ་རིན་ཆེན་མཚམས་ནས་བཟུང་། །པདྨའི་མཚམས་སུ་བརྩི་བར་བྱ། །ཨམརྒྱ་ལྒི་ཛ་ཙ་པེ་རྔུབས་ཧྲི་ཡ་ཨ་མུ་ཀ་ཛུ་ན་ལི་བྷ་ཧུབ་ཏ་ཧཱུཾ༷་ཕཊ། འཆིང་བར་བྱེད་པའི་དམ་པར་བཤད། །ཕྱོགས་མཚམས་བརྒྱད་ཀྱི་སྦྱོར་བ་ཡིས། །གོ་རིམས་བཞིན་དུ་ལས་རེ་བསྒྲུབ། །གསད་པའི་སྦྱོར་བ་འདི་མ་བཤད། །ཡན་ལག་བརྒྱད་ཀྱི་ལས་དམིགས་ཏེ། །ཆེ་བའི་མཆོག་ཏུ་གཅིག་ཏུའོ། །གཞན་ཡང་དྲག་པོའི་སྦྱོར་བ་ཉིད། །བརྒྱད་དུ་དེ་བཞིན་ཤེས་བྱ་སྟེ། །བཞི་པ་ལྔ་པའི་རིམ་བསྡེབས་ལ། །ཕྱོགས་ཀྱི་དང་པོ་རྡོ་རྗེ་ཡི། །དང་པོའི་ཕྱོགས་ཀྱི་འབྲུ་བརྒྱད་ཉིད། །དབུས་ཀྱི་ཡ་ལ་སྦྱོར་བ་དྲིལ། །སྦལ་འགྲོས་མཐུན་པར་རིམ་པ་བཞིན། །ཕྱི་རིམ་མཐའ་ནས་དབུས་སུ་དྲིལ། །རེ་མིག་དགུ་དགུ་ཡ་དང་བཅུ། །རུ་སྦལ་འགྲོས་ཀྱི་དྲག་པོར་བསྡེབ། །དང་པོར་སྦྱོར་བ་རྡོ་རྗེའི་ཕྱོགས། །མགོ་དྲངས་དབུས་སུ་ཐུག་པར་བསྡེབ། །ཐོག་མར་འབྲུ་དྲུག་སྔ་མ་བཞིན། །ལས་དང་མཐུན་པར་མཐའ་མར་ལྡན། །ར༷་ཐུན་སྙིང་རོ་དུམ་ཤྭ༷་ར་ནི་ཡ། ཨ་མུ་ཀ་ཧ་ཧོ་ཏ་ར་ཡརྒྱ༷་ཡམྱ༷་ཧྲི་ཧཱུཾ༷་ཕཊ། སྨྱོ་བར་བྱེད་པའི་ལས་སུ་བཤད། །གཉིས་པ་རལ་གྲིའི་ཕྱོགས་ནས་བརྩི། །རྣལ་མར་མ་ཡིན་སྦལ་འགྲོས་ཚུལ། །སྙིང་ཁ་ཏ་རག ཏྲག་རག་ཤ་ར་ཡ་ཨ་མུ་ཀ ཛུ་ལན་ག་ཧུ་སྟ༷་ནན། ཙི་ཛི་ཛལ་འབར་བའི་ནད། །སྦྲུལ་ནག་ཕོ་མོའི་ལྷོ་རུ་གཞུག །ཉམ་ངའི་ནད་ནི་གཏང་བའི་མཆོག །གསུམ་པ་པདྨའི་ཕྱོགས་ནས་བསྡིབ། །ཐྲི་སཧུ་རོ་ཙ་ཏ་ལི་ཡོ་ན་ཡ་ཨ་མུ་ཀ་སྲོག་ནན་ཧུར་ཐུམས། གཟིར་བའི་ལས་ཀྱི་ཐམས་ཅད་དོ། །བཞི་པ་རིན་ཆེན་ཕྱོགས་ནས་བརྡེབ། །དེ་དྲལྷ་ཙི་རོ་ཨེ་ཀ་ས་ཏོ་ཡ་ཨ་མུ་ཀ་ཁྲག་རྔུབས་ཛ་ཡ་ཧཱུཾ༷་ཕཊ། ཡུལ་ཁམས་དབང་པོ་བཀྲུ་བའི་མཆོག །རྡོ་རྗེ་རལ་གྲིའི་མཚམས་སུ་བསྡེབ། །གཟེར་བཛྲ་ཤིནཅི་དུན་མན་ཙ་ཡ་ཨ་མུ་ཀུ་མུ་ཐུམ་རོ་མྱགས། ཡམས་དལ་རིམས་ཀྱི་སྦྱོར་བར་བཤད། །གཉིས་པ་རལ་གྲི་པདྨའི་མཚམས། །རག་དཧེཧེ་ཏ་རྔུབས་ཤཨ༷་པེ་ནི་ཡ་ཨ་མུ་ཀ་སྟ༷་བ་ཡ་ཧུ་ནན། ཐམས་ཅད་གནན་པའི་མཆོག་ཏུ་བཤད། །གསུམ་པ་པདྨ་རིན་ཆེན་མཚམས། །རག་ཤཀྲ༷་རྨུགས་མུགས་རག་མོ་རུ་ཡ་སརྦ་དུ་ནན་ཨ་པ་ར་ཧཱུཾ༷་ཕཊ། བདག་དང་འཁོར་ཡུག་བསྲུང་བའི་མཆོག །བཞི་པ་རིན་ཆེན་རྡོ་རྗེའི་མཚམས། །ཡམྱ་མྱུད་ཤཱ༷་ཡམ་མུ་ལ་དུ་རི་ཡེ་ཏི་ཧཱུཾ༷་ཕཊ། གསོ་བ་ཀུན་གྱི་མཆོག་ཏུ་བཤད། །དེ་བཞིན་དྲག་པོའི་སྦྱོར་བ་ཉིད། །བརྒྱད་གཉིས་དེ་བཞིན་ཤེས་པར་བྱ། །བཞི་པ་ལྔ་པའི་རིམ་བསྡེབས་ལ། །ཕྱོགས་ཀྱི་དང་པོ་རྡོ་རྗེ་ཡིས། །རིན་ཆེན་མཚམས་ནས་མགོ་དྲངས་ཏེ། །དང་པོ་ཕྱོགས་ཀྱི་འབྲུ་བརྒྱད་ཉིན། །ལྔ་པའི་དང་པོ་བཞི་ཡི་མཐའ་མས་སྦྱར། །སྙིང་ཡམྱ་ཤཱ༷་རོ་ཙི་མུགས་རྨུགས་རྩ་དུམ། །དུས་ཀྱི་སྦྱོར་བ་ཉི་མ་བཞིར། །གོང་མ་ཇི་བཞིན་དྲུག་གཉིས་སྦྱར། །ཐོག་མར་འབྲུ་དྲུག་མཐའ་མར་འབྲུ་བརྒྱད་དེ། །ཨ་མུ་ཀ་ཞེས་འདོད་པའི་མཚམས་སུ་སྦྱར། །ཞིང་དང་སྐྱེད་ཤིང་སྨན་དང་རྩི་སྨན་སོགས། །མ་ལུས་འཇོམས་པའི་མཆོག་ཏུ་བཤད། །དེ་བཞིན་རིགས་ཀྱི་མ་ལུས་ཀུན་ལ་སྦྱར། །ལྔ་པའི་གཉིས་པ་བཞི་པའི་གསུམ་པར་སྦྱར། །ཡ་ཏི་གནས་དང་རྟེན་ཡུལ་འཇོམས་པར་བཤད། །དེ་བཞིན་རྗེས་སུ་འཇུག་པ་སྟེ། །ལྔ་པའི་གསུམ་པ་བཞི་པའི་གཉིས་པར་སྦྱར། །ཤཱ༷་དྲཧལྭ༷ སྲོག་དང་ལྡན་མིན་ལོངས་སྤྱོད་ཀུན། །འདོད་པའི་སྙིང་པོ་མ་ལུས་འཇོམས་པར་བཤད། །སྔར་བཞིན་སྦྱོར་བ་བཞི་པ་ཡང་། །ལྔ་པའི་མཐའ་མ་བཞི་པའི་དང་པོར་སྦྱར། །ཡབཱ་དུན། རྟ་དང་གླང་པོ་བཞོན་པ་འཇོམས། །དེ་ཡི་སྦྱོར་བ་རྣམ་ཀུན་ལ། །ཐོག་མཐའ་འབྲུ་དྲུག་འབྲུ་བརྒྱད་དེ། །མཚམས་སུ་འདོད་པའི་ཨ་མུ་ཀ །སྦྱོར་བ་བཞི་བཞི་བཅུ་གཉིས་ཏེ། །རྔུབས་ཏ་རཀྟ་ཏ་ཙི་ཤན་རོ་སྙིང་དུམ། །ཉི་ཟླ་དུས་ཀྱི་སྦྱོར་བ་འཇོམས་པར་བྱེད། །དེ་བཞིན་གཉིས་པའི་རིམཔ་ནི། །ལྔ་པའི་གཉིས་པ་བཞི་པའི་གསུམ་པ་སྦྱར། །ཏ་རཀྟ་ཏ་ཙི་ཤན་རོ་སྙིང་ཙྭ།་ཏི། ཀྱི་དང་ལོངས་སྤྱོད་སྲོག་ཆག་འཇོམས་པར་བཤད། །དེ་བཞིན་གསུམ་པའི་སྦྱོར་བར་བཤད། །རཀྟ་ཙི་ཤན་རོ་སྙིང་ཡམྱ་ཤཱ༷་ཤཱ། གཞན་གྱི་སྟོབས་དཔུང་འཇོམས་པར་བཤད། །བཞི་པའི་མཐའ་མའི་སྦྱོར་བ་ནི། །ཡམྱ༷་ཤཱ༷་རོ་ཙི་མུགས་རྨུགས་ཙ་རོ་དུམ། རྒྱལ་པོ་བློན་པོ་དམངས་རྣམས་འཇོམས། །དེ་བཞིན་རིན་ཆེན་ཕྱོགས་ནས་དྲངས། །ཐོག་མར་འབྲུ་དྲུག་འབྲུ་བརྒྱད་སྦྱར། །ཙ་མུགས་རྨུགས་ཙ་རོ་རྔུབས་ཏ་རག་མོ། །བསོད་ནམས་རྒྱུན་དང་སྐྱེ་རྒྱུན་འཇོམས་པར་བཤད། །དེ་བཞིན་གཉིས་པའི་སྦྱོར་བ་ནི། །མུགས་རྨུགས་ཙ་རྔུབས་ཏ་རག་མོ། །གཞན་གྱི་གནོད་བྱེད་འཇོམས་པར་བཤད། །དེ་བཞིན་གསུམ་པའི་སྦྱོར་བ་ནི། །ཡམྱ་ཤཱ་རོ་ཙི་མུགས་རྨུགས་ཙ་རོ་དུམ། །གཅན་གཟན་གདུག་པའི་ཁ་རྣམས་བཅིངས་པར་བཤད། །དེ་བཞིན་བཞི་པའི་སྦྱོར་བ་ནི། །རཀྟ་ཙི་ཤན་རོ་སྙིང་ཡམུ་ཤཱ༷་དུམ། །ཡུལ་ཁམས་ལུབྲུག་ཅིང་འཇོམས་པར་བཤད། །མ་ལུས་འཇོམས་པར་བྱེད་པ་ནི། །སྦྱོར་བ་དེ་རིམས་དེ་དག་གིས། །གོ་རིམས་ཇི་བཞིན་སྦྱོར་བ་ནི། །རིམ་པའི་སྔགས་དང་སྦྱོར་བའི་རྐྱེན། །འཁོར་ལོ་རྟེན་དང་འབྲེལ་བའི་མཐུ། ཁུ་དང་རྐྱེན་དུ་སྟོབས་བསྡེབས་པ། །ཡན་ལག་དྲག་པོའི་སྦྱོར་བ་སྟེ། །རྟེན་འབྲེལ་བཅུ་གཉིས་སྟོབས་ཀྱིས་འཇོམས། །མ་ར་ཡ་ནི་མཆོག་མེན་པའོ། །རིམ་པ་གཉིས་ཀྱིས་འགྲུབ་པར་བཤད། །གཞན་ཡང་མཆོག་གི་སྦྱོར་བ་ནི། །ཕྱི་རིམ་མཐའ་ནས་ནང་ལོགས་སུ། །དེ་དག་རྩ་བའི་ལས་བཤད་པ། །བྱ་བ་ཀུན་གྱི་གཙོ་བོར་གྱུར། །འབྲེལ་བའི་རྟེན་སྟོབས་སྦྱོར་ལྡན་པས། །དེ་དག་རིམ་པས་འདི་ལྟར་སྦྱར། །རེ་མིག་རིམ་པས་བསྐོར་མིན་པར། །ཡབ་དང་བཞི་པའི་མུ་ཁྱུད་བསྡེབས། །ཕྱོགས་མཚམས་བསྡེབས་པས་འབྲུ་དགུ་འཇོམས། །རེ་མིག་དགུ་དགུ་ཡ་ནས་དྲངས། །ཡེ་ཤེས་ཉི་མའི་དཀྱིལ་དུ་བཅའ། །ཐོག་མར་འབྲུ་དྲུག་དེ་བཞིན་སྤྱིན། །མཐའ་མ་ལས་ཀྱི་མཐའ་ཅན་གདགས། །རྡོ་རྗེ་ཕྱོགས་དེ་དེ་མཚམས་དྲིལ། །ཡ་མར་དུ་ཤཱམ་དུན་མན་ཙ་ནི་ཡ། །སརྦ་དྲི་ཧུར་ནན་རྦད། །བགེགས་རྣམས་གཟིར་ཞིང་གཤོམ་པའི་མཆོག །གཉིས་པ་ཡ་ནས་རལ་གྲིའི་ཕྱོགས། །མཚམས་དང་བསྡེབས་ལ་གསང་སྔགས་བསྡེབས། ཡ་སྒེ་ཡ་ཏྲག་རག་ཤཧཨ༷་པེ་ནི་༷ཡ་ས་ན་ག་ཧུར་ཐུམས་རྦུར་ནན་ཐུལ་རྦད། གདུག་པ་གཟིར་ཞིང་གཞོམ་པའི་མཆོག །གསུམ་པ་དབུས་ནས་པདྨའི་ཕྱོགས། །མཚམས་དང་བསྡེབས་ལ་སྐྲུ་གྲི་གདགས། །ཡ་ཏ་ཡོ་ཏ་ལི་ཏག་མོ་རུ་ཡ་ཕྲ༷་ཤར་དུད་ཕྲོ་ནི་པ་དང་ཤར་ཤར་ཕོབ། ལོ་ཀ་འཕོ་ཞིང་ལོ་ཐོག་འཇོམས། །སྦྱོར་བའི་རྒྱལ་པོ་གསང་བ་ཡིན། །བཞི་པ་དབུས་ནས་རིན་ཆེན་གྱི། །ཕྱོགས་མཚམས་བསྡེབས་ལ་བསྲུང་བ་བྱ། །ཡ་མེ་ཏོ་ཨེ་ཀ་ཛ་ཏི་ཡ་སརྦ་ཤ་ཏཱ༷་སྟམ་པ་ཡ་ཧཱུཾ༷་ཕཊ། །ལོ་ཐོག་འབྲས་བུས་བསྲུང་བའི་མཆོག །ཡན་ལག་ཀུན་གྱི་སྦྱོར་བ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །རོ་ལངས་ནག་མོ་ཡན་ལག་གི་སྦྱོར་བའི་དབྱེ་བའི་ལེའུ་སྟེ་ཞེ་གཅིག་པའོ།། ་།།དེ་ནས་བཅོམ་ལྡན་འདས་ཀྱིས་ལྟས་ངན་གྱི་སྦྱོར་བ་འདི་བཤད་དོ། །འགྱུར་བ་སྟོབས་ཀྱི་སྦྱོར་བ་ནི། །རྫས་དང་གནས་ཁང་ལ་སོགས་བསྒྱུར། །སྦྱོར་བ་བསྒྱུར་བས་མ་ལུས་འཇོམས། །ཐོད་པ་དུར་མ་ཁ་ཕྱེ་ལ། །སྤྲེ་དང་བྱི་ལའི་སྤུ་དང་ཉ། །མི་སྙན་སྐད་འབྱིན་བྱ་ཤ་སྐྲུ། །ཐོད་པར་བརྫངས་ལ་སྦྱོར་བ་བསྡེབས། །ཡབ་ཡུམ་རྩ་བའི་སྦྱོར་བ་བསྡེབས། །ཞག་གྲངས་ལྔ་འམ་བདུན་ན་གནན། །མཁར་གྱི་གཡས་འགྲམ་སྐྲུས་གང་སྦ། །ཐོད་པ་འཕར་དང་མཁར་དེ་འཇིག །སོག་པོ་གདོང་ནག་ཆ་ལུགས་བསྒྱུར། ཁང་ཐོག་འཚེག་དང་འོད་སྒྲ་འབྱིན། །དུ་བ་འཁྱིལ་དང་ཐོད་པ་སྨྲ། །སེམས་ཅན་མི་མཐུན་མངོན་དུ་སྟོན། །གཞན་ཡང་སྦྱོར་བའི་ལས་བཤད་པ། །རྒྱ་བོ་མིག་བཞིའི་ཐོད་པ་སྲ །སྣ་ཚོགས་བྱ་ཡི་ཤ་དང་སྐྲུ། །བརྫངས་ལ་རྒྱ་འགྲམ་ཁྲུ་གང་གཞུག །སྟེང་དུ་སྟག་ཚིལ་རྡོ་བས་གནན། །སྲིན་བྱ་འུག་པ་སྒྲ་འབྱིན་འཐག ཁ་སྐེག་བསྟོད་ཅིང་མཆུ་འཇིང་ཟ། །ཁྲ་དང་རོ་སྐེག་བཤད་འགྲོས་ལྡང་། །གོང་སྲེག་མཁར་ལ་སྐད་འབྱིན་འཆགས། །དུར་བྱ་དེ་མོ་སྡེར་མོ་འཛིང་། །མཁར་ལ་ཆགས་ཤིང་འཕྲིན་ལོན་བྱེད། །སྲམ་ཐོད་ཉ་སྤྲུལ་སྲམ་སྡིག་པ། །གཉེན་ཆུ་དགུ་སྦྱར་དང་དུག །བག་ཕྱེས་གཟུགས་བྱས་མཛེ་ཐོད་གཞུག །མལ་བྲེས་ཤུལ་དུ་ཐོད་པ་སྦ། །ཀླུ་ཡི་ཆོ་འཕྲུལ་ལྔ་གཉིས་བྱུང་། །གནས་ཁང་མི་མཐུན་ཀླུ་ཡིས་གང་། །ཞག་དང་ཟླ་བས་གཟུགས་རྣམས་འགྱུར། །ཚ་བ་ལྔ་དང་དྲོད་སྦྱར་ལ། །གསང་སྔགས་བཞི་བཅུའི་བཅུ་པ་གསུམ། །སྦྱོར་བ་གསུམ་གསུམ་དབྱུངས་སྦྱར་ན། །མི་ལ་སོགས་པའི་མི་རིགས་ལ། །དྲོད་པ་པྱེ་བོ་ཁ་མེད་རྔུབས། །རྒྱས་པ་དབང་པོ་མ་དོར་ཕྱེད། །དབང་པོ་ལྷག་མའི་དམུས་ལོང་ཤོར། །འགྱུར་བ་བཅུ་དང་ཡང་དག་ལྡན། །ཟས་ལ་སྔགས་བཟླས་ཟོས་གྱུར་ན། །སེམས་ལ་མྱ་ངན་གཡེང་དང་འཕྱོངས། །སྨྲ་དང་དབང་པོ་འཆལ་དང་ཉམས། །མི་ཐུབ་སྒུལ་ཞིང་ཞུས་སྲིད་རྡེབས། །བཅུ་ཡིས་ལུས་སེམས་སྒྱུར་བར་བྱེད། །སྔགས་རེངས་འགྱུར་བའི་ལས་རེ་འགྲུབ། །སྤྲེ་དང་སྲམ་གྱི་ཐོད་པ་མྲ །མི་མཐུན་རྫས་ཀྱིས་རྣམ་པར་དགང་། །སྔགས་ཀྱི་སྦྱོར་བ་ཁྲི་དང་སྟོང་། །བཟླས་ལ་གང་འདོད་ཡུལ་ལ་དབབ། །སྦྲུལ་སྲམ་ཝ་སྤྲེ་ཉ་སྦལ་བྱ། །རི་དགས་གཟུགས་བཞི་ཚུབ་མ་མེ། །རིམ་པས་མཁར་ལ་འཛེག་དང་བསྐོར། །འབྲུ་བརྒྱད་སྦྱོར་བ་བཅུ་ཡིས་དབབ། །མི་མཐུན་གཟུགས་བཅུ་སྒྱུར་བར་བྱེད། །ཚ་བ་གསུམ་དང་བཅུད་ཀྱི་འབྲུ། །སྦྱར་ལ་སྔགས་གདབ་བཅུད་ལ་སྦལ། །ཐོད་ཆེན་དང་ནི་རྨེ་ཐོད་སྦྱར། །གང་འདོད་བརྒྱད་བསྡེབས་སྦྱར་བྱས་ན། ཁེང་དང་སྲོག་ཆགས་རྡོ་དང་རུས། །སྒོ་ང་ཀླད་དུམ་ཤ་དང་ཁྲག །མི་མཐུན་སྔོ་ནའམ་ཐར་པ་ཤུལ། །བཅུད་ལ་བསྒྱུར་བའི་ལས་བཅུ་དབབ། ཁམས་ཆེན་ལྔ་ཡི་གླང་ཐོད་ལ། །ཚོན་སྣ་ལྔ་ཡིས་གཟུགས་བྲིས་ལ། །གསང་སྔགས་འབྲུ་བརྒྱད་བསྡེབས་ལ་སྦྱར། །ཐོག་མར་འབྲུ་དྲུག་དེ་བཞིན་སྦྱོར། །མཚམས་སུ་གང་འདོད་ཨ་མུ་ཀ །མཐའ་མ་སྐྲུ་གྲི་འབྲུ་བཞི་བསྡེབ། །སྨྲ་དང་ལྡེག་དང་འཕར་ཞིང་འབོད། །འོད་དང་གཟུགས་སྟོན་བླ་ཐོད་འཐབ། །རུས་པའི་ལུས་ལ་མགོ་སྐམ་མཐོང་། །བསྒྱུར་ན་རུ་དགོད་བཅུ་གཉིས་འགྱུར། །ཐོག་མཐའ་བཞི་ལ་སྦྱར་བྱས་ལ། །གྲངས་ཕྱེད་རེ་མིག་བརྒྱད་དུ་བསྡེབས། །སྒོ་བཞིར་སྦྱོར་བ་གཉིས་གཉིས་བསྡེབ། །གཡས་གཡོན་མཚམས་ཀྱིས་བསྡེབས་ལ་བརྩི། །དེ་དོར་རིམ་གྱིས་རྫོགས་བསྡེབས་ནས། །གཅིག་ལས་འདྲེན་པའི་བྱེ་བྲག་རྣམས། །སྦྱོར་བ་ཀུན་ལ་བརྩི་བ་ཡིན། །ཧོར་རྟ་ཆུ་སྲིན་དྷིའུ་ལས། །སྦྱོར་བ་སྟོབས་ཀྱིས་བསྒྱུར་ཏེ་འཇུག །རྡོ་རྗེ་ཕྱོགས་ཀྱི་དང་པོ་ནས། །རིན་ཆེན་མཚམས་ཀྱི་དབུས་སུ་བསྡེབས། །ཡབ་ཀྱི་འབྲུ་གསུམ་ཐོག་མཐར་ཏེ། །དྲག་པོའི་འབྲུ་ལས་དྲང་བ་ཡིན། །མ་ར་དུ༷་སྙིང་རི་མུག་ཨུད་ཡམྱ་ཏི་ཏུ་ལིང་ཧས་ཕོབ། །དེ་བཞིན་ཕྱོགས་ཀྱི་དང་པོ་ནས། །རལ་གྲིའི་མཚམས་སུ་བསྡེབས་ལ་དྲིལ། །ནི་ཤཧ༷་རོ་ཐུན་གཟེར་ཤན་དུན་ཙ་ཨ་མུ་ཀ་དུ་ལིང་ཕས་ཕོབ། རལ་གྲིའི་ཕྱོགས་བསྐོར་སྔ་མ་བཞིན། །སྒེ་ཡ་་ག་ཏ་སྙིང་བ་བཛྲ་ཙི་མན། ར་རག་རག་རག་ཁ་རག་ཏ་ཤཨཧ་ནི། དེ་བཞིན་པདྨའི་ཕྱོགས་སུ་བསྡེབ། །ཏ་ཡོ་ཏ་རོ་ཤི་རྟི་རུབས་པ། །ནི་ལ་ཙ་སྟུ་རག་རྨུགས་རག་ཏུ། །མཐའ་མ་རིན་ཆེན་ཕྱོགས་སུ་བསྡེབ། །མེ་ཏོ་ཨེ་ཙི་རྙི་ཀཤཧྭ་མུགས་མོ། །ས་ཀ་རོ་དྲལྭ་ཡམྱ་ཤབཱ་ཛ་ཙ། །རྫས་དང་གནད་ཁང་ལ་སོགས་བསྒྱུར། །ལྟས་ངན་བརྒྱ་རྩ་གཉིས་ཀྱི་ལས། །ཐོག་མཐའ་རང་རྐྱེན་སྙིང་པོར་ལྡན། །སྦྱོར་བ་བསྒྱུར་ནས་མ་ལུས་འགྲུབ། །དང་པོར་འབྲུ་དྲུག་མཐའ་མར་བཞི། །མཚམས་སུ་གང་འདོད་ཨ་མུ་ཀ །སྔགས་ཀྱི་དབལ་དང་སྦྱོར་བའི་རྐྱེན། །སྦྱོར་བ་བསྡེབས་ན་ལས་གང་འགྲུབ། །འགྱུར་བ་ལས་ཀྱི་མཆོག་ཏུ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །ལྟས་ངན་བརྒྱ་བཅུ་རྩ་གཉིས་དབབ་པའི་ལེའུ་སྟེ་ཞེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་པོའི་སྦྱོར་བ་འདི་ཉིད་སྤོགས་པ་འདི་བཤད་དོ། །མ་ཁུགས་སྦྱོར་བའི་རྐྱེན་མེད་ལ། །མཁའ་འགྲོ་གསང་བའི་དྲག་པོ་ཡི། །ཙིསྟ་སྦལ་པའི་འཁོར་ལོ་བསྐོར། །དྲག་པའི་འཁོར་ལོ་དབང་སྒྱུར་ལ། །དུག་ཤིང་རྨེ་བའི་དུད་པས་བདུག །མྱོས་པའི་ཁྲག་དང་དུག་ཆུས་བྲན། །དམ་རྫས་རྟེན་རྫས་རྒྱན་རྫས་དགྲམ། །མཆོད་རྫས་རོལ་རྫས་རསྟ་བསྟབ། །གསུར་ཆེན་དུད་པ་རུས་པས་བསྲེག །འཁོར་ལོ་ལིང་གབྱང་ཁྲམ་བཅའ། །ཐོད་པ་ཁྲག་སྣ་ཐུན་རྫས་བྲག །ལྷ་ཡི་སྟོབས་གཞུག་བདག་དབང་བསྟིམ། །ལུས་ལ་ཡེ་ཤེས་འཁོར་ལོ་བཅའ། །ཕྱག་རྒྱ་ཆེན་པོའི་རྟེན་པ་བསྐྱེད། །དམ་ཚིག་འཁོར་ལོ་གསལ་ལ་བྱས། །ཡེ་ཤེས་འཁོར་ལོས་བྱིན་གྱིས་བརླབས། །ལྷ་ཡི་འཁོར་ལོས་རང་དབང་བསྡུ། །དམ་ཚིག་འཁོར་ལོས་ཐོག་ཏུ་དབབ། །དེ་ཡི་རིམ་པ་འདི་ལྟ་སྟེ། །སྤྱན་དྲངས་ཡབ་ཀྱི་འོད་ཟེར་མདངས། །ཡེ་ཤེས་རིག་པའི་དཀྱིལ་འཁོར་དགུག །ཕྱག་རྒྱ་བརྡ་ཡིས་དབང་དུ་བྱ། །མཁའ་འགྲོ་ལས་ཅན་དམ་ལ་བསྡུ། །ལས་ཀྱི་སྲིན་མོས་མཐུའང་གཞུག །རྩ་བའི་འབྲུ་ལྔ་བཅུ་གཉིས་སྦྱར། །ཨོ་ཡ་མ་མེ་ཏ་སྒེ། ར་ཙ་ས་ཏོ་རུ་ན་ཡོ། ནི་ར་ཡ་ཙ་ནི། ཡང་ལོགས་ཐུགས་སྐུ་གསུང་མཐར་སྦྱར། མགོ་དང་མཐའ་རྟེན་ཡང་དག་ལྡན། །སྔོན་འགྲོ་སྦྱོར་བའི་གསད་ལ་མིན། །མ་ཁུགས་སྦྱོར་བའི་སྟོབས་མེད་ན། །སྤྱན་དྲངས་མཚན་མ་གསུམ་གྱི་དགུག །ཡེ་ཤེས་ཕབ་ལ་དམ་ཚིག་བསྟིམ། །བཅུ་བདུན་མཐའ་རུ་མཚན་མ་གསུམ། །བརྟགས་ལ་སྦྱོར་བ་ལྔབ་ཀྱིས་དགུག །ཡང་དག་དགུག་པའི་སྟོབས་ཞན་ན། །མུ་ལ་ཐུགས་དང་མཚན་མ་གསུམ། །སྦྱར་ལ་ཡ་མ་ཨང་ཀུ་ཤ །སྟོང་བརྗོད་ཕྱག་རྒྱའི་མཐུ་དང་ལྡན། །མ་ཁུགས་སྦྱོར་བའི་སྟོབས་ཞན་ན། །མ་ནས་དྲངས་ལ་ཨུད་ལ་བསྐྱལ། ཁྲ་ཛ་དུན་གྱིས་ཡ་ལ་བསྟིམ། །ཁུགས་ཀྱང་ལས་ལ་མ་ཚུད་ན། །དྲུག་བརྒྱད་ཡངས་ལ་གཡས་བསྐོར་དུ། །ཐུགས་སྐུ་གསུམ་ལ་བཅུ་བདུན་གཡས། །འཁོར་ལོ་རྒྱ་ལོག་དབུས་སུ་དྲིལ། །ཁུགས་ཆེན་གནད་ཀྱི་སྦྱོར་བས་དགུག །ཁུགས་དང་ལས་བྱེད་བདག་འཁུ་ན། །བཞི་བཞི་ལྔ་ལྔའི་ཡིག་འབྲུ་ལ། །མཐའ་ནས་དབུས་སུ་གཉིས་གཉིས་དྲིལ། །མགོ་སྤངས་མཐའ་རྟེན་གཟིར་གསུམ་བསྡེབ། །བདག་གི་དབང་དུ་མ་མོ་བསྡུ། །གང་ཡང་ལས་ལ་འབྲལ་མེད་ན། །སྦྱོར་བ་དྲག་པོའི་བཙན་ཐབས་ཀྱིས། །མ་མོ་གཟིར་ལ་ཤི་ས་བསྟན། །ཁྱད་པར་ལས་ལ་མ་ཚུད་ན། །སྲོག་དབྲོག་མ་མོའི་དམ་ཚིག་བསྟན། །བདག་དབང་སྟོབས་བསྡུ་སྦྱོར་བ་བརྒྱད། །གསད་པ་མ་ཡིན་སྦྱོར་བ་མཆོག །ཕྱག་རྒྱ་ཆེན་པོའི་སེམས་བསྟན་ལ། །བདག་གི་མི་མཐུན་ཕྱོགས་དབང་བསྡུ། །མི་འཇིགས་སེང་གེ་ལྟ་བུས་བྱ། །མཐའ་རུ་དྲག་པོ་ལས་ལ་སྦྱར། །ལས་ཀྱི་སྦྱོར་བའི་སྟོབས་ཞན་ན། །སྐུ་ཡི་འཁོར་ལོ་རྒྱ་ལོག་བསྒྱུར། །སྐྲུ་གྲི་འབྲུ་བརྒྱད་སྔ་མ་བཞིན། །གསུང་ཐུགས་འཁོར་ལ་བཀན་བཟློག་བསྡེག །རྩ་བའི་ས་བོན་རླུ་་དང་པོར། །སྦྱོར་བའི་མཚམས་སུ་ཨ་མུ་ཀ །དེ་བཞིན་གཞན་ཡང་རིམས་ཀྱིས་ཏེ། །བདུན་པ་བདུན་བསྐོར་བཟློག་ལ་སྤོགས། །སྒོ་བཞིར་སྦྱོར་བ་བདུན་བདུན་བསྡེབ། །དབུས་ནས་གོ་བཟློག་དུམ་ནས་ཏི། །མཚམས་བཞིའི་སྦྱོར་བ་མཚན་མོ་སྟེ། །བཟློག་སྔགས་དྲག་པོས་གནད་ལ་དབབ། །དྲག་པོ་བདུན་གྱི་སྤོགས་པ་ཡིན། །ཕྱག་རྒྱ་བརྒྱན་དང་འདུག་སྟངས་བཟློག །འཁྱིལ་བ་སྦྲུལ་དང་འགྲོས་སྟབས་ཀྱིས། །རེ་མིག་བཅུ་གཉིས་ཉི་མ་བཞི། །ཡབ་ཀྱི་འབྲུ་བཞི་མཐའ་རུ་བསྡེབས། །མགོ་དང་མཐའ་རྟེན་སྔ་མ་བཞིན། །དང་པོ་རལ་གྲིའི་ཕྱོགས་ནས་བསྡེབ། །གཉིས་པ་རྡོ་རྗེ་མཚམས་སུ་བསྡེབ། །རིན་ཆེན་པདྨ་གོ་རིམས་བཞིན། །ཐམས་ཅད་མི་མཐུན་མཐུན་རྣམས་བརྡེབ། །དེ་ཡི་རིམ་པ་མི་མཐུན་གཟུགས། །བཅུ་བདུན་མཐའ་ནས་བཟློག་ལ་བསྡེབ། །ཏ་ལང་འགྲོས་བཞིས་བསྣོལ་མར་བསྡེབ། །རེ་མིག་གཅིག་པོར་གཅིག་བླངས་པས། །ཡིག་འབྲུ་བཅུ་དྲུག་བཅུ་དྲུག་བསྡེབ། །དབུས་ནས་མགོ་དྲངས་ཐོབ་ཐང་བརྩི། །འདོད་པའི་མཚམས་སུ་ཨ་མུ་ཀ ཁྲ་ཟ་མཁའ་འགྲོའི་སྦྱོར་བ་ནི། །དབང་སྡུད་སྲིན་མོའི་ལས་ཡིན་ཏེ། །ཀྱེ་ཀམ་ལས་ཀྱི་འཁོར་ལོ་བཅའ། །མཁའ་འགྲོ་འབར་མའི་བཅུད་ལ་དྲིལ། །མཐའ་ནས་དབུས་སུ་ཡ་ལ་བསྡུ། །དང་པོ་རིན་ཆེན་མཚམས་ནས་དྲང་། །འབྲུ་གསུམ་མཐའ་རུ་ཡབ་ཀྱིས་བསྡེབ། །རིན་ཆེན་པདྨ་ཕྱོགས་མཚམས་ཏེ། །རལ་གྲིའི་ཕྱོགས་མཚམས་རྡོ་རྗེའི་མཐའ། །སེམས་ཀྱི་རྩ་བ་བབ་བསྡུས་ནས། །ས་ཡི་ཁམས་བསྡུས་ཆུ་ལ་ཐིམ། །ཆུ་ཁམས་བསྡུས་ལ་གྲོད་ལ་བསྟིམ། །མེ་ཡི་ཁམས་བསྡུས་རླུང་ལ་ཐིམ། །རླུད་དབུགས་རྒྱུན་ཆད་ནམ་མཁར་བསྡུ། །བསྡུས་ནས་ཐིག་ལེ་འབྲུ་གཉིས་ལ། །སྟེང་འོག་མེ་ཆུ་གསད་ཅིང་འཕོ། །དེ་བཞི་ཐད་ཚུགས་སྦྱོར་བ་བརྒྱད། །སྔ་མ་དེ་བཞིན་རིམ་བཟློག་བསྡེབ། །རེ་མིག་གྲངས་དང་སྔ་མ་བཞིན། །མཐའ་ནས་དབུས་སུ་སྤོགས་པ་སྟེ། །དམར་ནག་གཉིས་ཀྱིས་སྦྱོར་བ་བསྡེབ། །སྦལ་འགྲོས་ལྟ་བུར་དབུས་སུ་དྲིལ། ཁུ་ཡི་དྭངས་མ་དབྱིངས་སུ་བསྡུ། །བདེ་བའི་ལམ་ནས་འདོད་པའི་མཁའ། །ཚངས་པའི་གནས་སུ་འོད་ཟེར་སྤྲོ། །ཚེ་གནས་བཟློག་འཁོར་ཡ་ལ་བསྡུ། །དབུས་ཀྱི་ཡ་ལ་ཤེས་པ་བསྟིམ། །དེ་བཞིན་སྦྱོར་བ་ཀུན་ཤེས་ན། །དྲག་པོ་གནད་ཀྱི་སྤོགས་པ་ཡིན། །གཞན་དུ་འཆིང་འགྱུར་དོན་མེད་འགྱུར། །སྲོག་དང་བྲལ་བ་ཉིད་ཡིན་ཏེ། །དྲག་པོ་འཕྲུལ་གྱི་འཁོར་ལོ་ལས། །དྲག་པོའི་འཁོར་ལོ་བཟློག་པ་ཡིན། །སྦྱོར་བ་མཆོག་གི་ལས་སུ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །དྲག་པོ་སྤོགས་པའི་ལེའུ་སྟེ་ཞེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཐོག་བདག་བསྒྲུབ་པའི་སྦྱོར་བ་འདི་བཤད་དོ། །སྐྱིན་ཐང་འཕྲུལ་གྱི་སྦྱོར་བ་ལས། །མཎྜལ་ས་ཡི་དཀྱིལ་འཁོར་ལ། །དོན་གཉིས་སྒྲུབ་པ་འདི་ལྟ་སྟེ། །གནས་ནི་རི་གསུམ་རྩེ་མོ་འམ། །བྲག་ནག་ཆུ་མདོ་དུར་ཁྲོད་ས། །དབྱེན་གནས་ཆེན་པོར་ཚོགས་བསགས་ལ། །ཚ་གསུམ་ཆུ་དང་ཐོད་པ་གསུམ། །ཕྱི་མཚམས་གཅད་ལ་བར་མཚམས་གནན། །ལྷ་ཡི་བསྙེན་པ་བྱེ་བ་ཡིས། །མ་མོ་དབང་དུ་བསྡུས་ལ་བསྙེན། །མཎྜལ་གྲུ་བཞི་མཛེས་པ་ལ། །ཁྲག་སྣ་གསུམ་གྱིས་ཆག་ཆག་གདབ། །དཀྱིལ་འཁོར་གྲུ་བཞི་ལྷམ་པར་གདབ། །དབུས་ན་ཐིག་སྐོར་གསུམ་དུ་བསྐོར། །དབུས་སུ་གྲུ་གསུམ་ནག་པོར་བྱ། །ཕྱི་རིམ་རྡོ་རྗེ་རྒྱ་གྲམ་ལྡན། །ཡང་ལོགས་འཁོར་ལོ་རྩིབས་དྲུག་བྱ། །སྐམ་རློན་ཐོད་འཕྲེང་ཐམས་ཅད་ལྡན། །གྲུ་ཆད་བཞི་དང་ཁྱམས་ཀྱིས་བསྐོར། །སྒོ་བཞི་རྟ་བབས་མཛེས་པས་བརྒྱན། །འདོད་ཡོན་ནོར་བུ་ཆུན་འཕྱང་དར། །ཞིང་བཅུ་རྒྱུ་མ་ཐོད་པས་སྤྲས། །ཞིང་གི་བླ་རེ་དེ་བཞིན་འཕེན། །རྡོ་རྗེ་དང་ནི་མེ་རིར་ལྡན། །ཆོས་ཀྱི་ཕོ་བྲང་དྲག་པོ་ལ། །མེ་ལོང་ནང་དུ་གསེར་དངུལ་ནས། །བྱ་རྒོད་སྙིང་དང་ནལ་བུའི་སྙིང་། །གནམ་ལྕགས་ཁྲོ་ཆུ་ཐིག་གི་མེ། །སྤྲུལ་དང་སྙིང་སྣ་འོ་མ་ཞག །ཟླ་ཁམ་གསུམ་ལ་ཁྲག་སྣ་དང་། ་་ས་ཀར་ལྕགས་ཕྱེ་ཐལ་ཆེན་དུག །དུང་བུ་ཁྲག་དང་ཐོད་ཚལ་བཞག གྲུ་ཆད་བཞི་ལ་དགོད་པ་ནི། །དཔལ་གྱི་གཏོར་མ་མ་མོའི་རྫས། །རཀྟ་བདུད་རྩི་ལྡན་བྱས་ལ། །དབུས་སུ་ལྕགས་ཕུར་ཡ་མའི་སྐུར། །ཡབ་ཡུམ་རྒྱན་དང་བཅས་པ་མྲ །ཧཱུཾ༷་དང་མ་ལ་རྫོགས་པར་སྒོམ། །རྒྱ་གྲམ་མཛེས་པའི་གཞི་ལ་ཡང་། །ལྕགས་ཕུར་བཞི་ལས་སྐུར་བསྐྱེད་པ། །མ་ལས་གནམ་སྨན་ཐོག་བདག་བཞི། །སྨུག་ནག་སེར་ནག་དམར་ནག་ལྗང་། །སྐུ་སྟོད་འབྲུག་གི་གྲག་པ་ལ། །གཡུ་ཡི་དྲིལ་བུ་སྦྲུལ་གྱིས་བརྒྱན། །སྐུ་སྨད་སྟག་དང་དར་ནག་ལ། །སྲིན་མོའི་ཐོད་པ་ཨེར་ཀས་བརྒྱན། །གཡས་པ་ཐོད་འཕྲེང་བན་དྷ་གཡོན། །ཞིང་རྐྱང་གདན་ལ་རྫོགས་པར་བསྐྱེད། །རྡོ་རྗེ་རྒྱ་གྲམ་མཚམས་བཞི་ལ། །ཨེ་མ༷་ལ༷་ཧ༷་འབྲུ་བཞི་ལ། །སེང་ལྡེང་ཕུར་པ་དབང་ཆེན་བསྐུར། །ཞིང་ལྤགས་སྟག་ཤམ་ཐོད་སྦྲུལ་བརྒྱན། །གཡས་ན་ཞིང་ཆུང་བན་དྷ་གཡོན། །དེ་བཞིན་ཞིང་རྐྱང་གདན་ལ་བསྐྱེད། །ཕྱི་ཡི་འཁོར་ལོ་རྩིབས་དྲུག་ལ། །ཕྱོགས་བཞིར་སྐྱེར་ཕུར་བཞི་བཀོད་ལ། །མ་ར་ཙི་ཤ་འབྲུ་བཞི་ལས། །མགོ་བརྙན་གདོང་མོ་བཞི་ཡི་སྐུ། །བེར་ནག་གཡང་གཞི་ཐོད་སྦྲུལ་བརྒྱན། །གཡས་པ་ཟོར་པ་བན་དྷ་གཡོན། །མཚམས་གཉིས་འཁོར་ལེའི་རྩེ་མོ་ལ། །ཡ་དང་ཧཱུཾ༷་ལས་སྐུ་བསྐྱེད་པ། །ཁྱབ་འཇུག་དབང་ཕྱུག་དྲེགས་པ་བསྐྱེད། །ལྷ་རྣམས་སྡེ་བརྒྱད་ཕྱོགས་མཚམས་གནས། །གོང་ནས་འདུས་པའི་ཚུལ་དུ་བསྒོམ། །བསྐྱེད་པའི་གསང་སྔགས་འདི་བརྗོད་དོ། །ནག་མོ་བདུན་སྨྱོ་བརྒྱ་རྩ་གཅིག དེ་ལྟར་དཀྱིལ་འཁོར་རྫོགས་པར་བསྐྱེད། །སྦྱན་དྲངས་བསྟིམ་ལ་མཆོད་པར་དབུལ། །ཁྲོ་བོ་གཤིན་རྗེའི་བསྟོད་ར་བཏང་། །ཁྲོ་བོའི་ཐུགས་ཀར་ཧཱུཾ༷་གསལ་བྱ། །རྒྱལ་ཆེན་གདན་ལས་གསང་སྔགས་སྤྲོ། །དཀྱིལ་འཁོར་བ་ལ་ཉི་དཀྱིལ་ན། །མ་དང་བཅས་པའི་སྔགས་གསལ་བཏབ། །འཛབ་བཟླས་ཕྱོགས་བཅུར་འོད་སྤྲོ་དགུག །མ་མོ་འཁོར་གྱི་ཚོགས་བཅས་དགུག །རང་དམ་རང་གི་སྙིང་པོས་དགུག །ཕྱག་འཚལ་དཀྱིལ་འཁོར་ལྷ་ལ་བསྟིམ། །གཙོ་ལ་སྲོག་སྙིང་དངོས་གྲུབ་དབུལ། །རཀྟ་རླབས་ལ་མཆོད་པ་དབུལ། །སྙིང་པོ་སྤེལ་ལ་འཛབ་ལ་འཇུག །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་སྲོག་གི་སྙིང་པོ་འདི་བཏོན་ནོ། །ཨོ་གན་དྷ་པ་སྟི་ག་ན་པུ་ཏི་སརྦ་བིཀྟ་ནན་པ་མ་ཧཱུཾ༷་ཛ་ཛ། ཁྲི་ཚོ་རེ་ཡིན་མཆོད་བསྟོད་བརླབས། །དངོས་གྲུབ་རབ་འབྲིང་ཐ་མ་གསུམ། །དཀྱིལ་འཁོར་དབུས་སུ་མེ་འབར་དང་། །རྫས་རྣམས་ཞུ་ཞིང་འཆད་ན་རབ། །མ་མོ་མདངས་དང་སྐུ་སྟོན་དང་། །ཕྱག་འཚལ་བཀུར་སྟི་བྱེད་ན་འབྲིང་། །སྒྲུབ་ཁང་གཡོ་འགུལ་ཁྲག་ཁོལ་ན། །མ་མོ་དབང་དུ་བསྡུས་ལ་རྦད། །གཏོར་མ་བཏང་ལ་དམ་རྫས་མཆོད། །དྲག་པོ་གསད་པའི་སྦྱོར་བ་བརྩམ། །རབ་འབྲིང་རྟགས་དང་དྲོད་ཐོབ་ནས། །དབུས་ཀྱི་གྲུ་གསུམ་སྦག་མར་བརྩིག མཐིང་ནག་རྩང་དང་སྙིང་སྣས་བརྒྱན། །ཐོད་པའི་ལིང་གས་མིང་རུས་བརྣག །ཞག་བདུན་རྦད་ཅིང་དྲག་པོས་བསྐུལ། །རཀྟ་བརླབས་ལ་གླིང་བུས་འབུད། །ཁྲི་ཁྲི་འབད་ལ་བླ་དང་དབྲལ། །བདག་དང་མ་མོ་དམག་འདྲེན་ན། །གསང་སྔགས་བརྒྱ་བརྒྱ་ཐུན་ལ་དབབ། །ཕོ་ཉ་བསྐུལ་ལ་གཟིར་སྔགས་བཟླས། །བླ་དང་འབྲེལ་ན་ཕུར་པ་གདབ། །སྐྱ་རིངས་རྟ་ལ་ཟོར་སྐྱོན་འཕང་། །ཐོད་པ་དུར་ཁྲོད་གླིང་དུ་གནན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་གསང་སྔགས་འདི་དག་བཏོན་ཏོ། །ཨ་པ་ཕྱེ་ཤ་རུ་ལུ་རུ་ལུ་ནག་མོ་སྲོག་ལ་དུན་དུན་མ་མ་ཧཱུཾ༷་ཛ། མ་མ་ད་མུན་སྨྱོ། ཡག་མོ་ཡག་མོ་སོད། ཐོར་མ་མ་རྨུགས་རྒྱོབ།ཡསྒ་ནག་མོ་སྙིང་ལ་རྒྱོབ། རག་མོ་སྨྱོ། བཛྲ་ཀ་རུ་ན་རྦད། སྙིང་ཁྲག་ཚལ་པ་རྦད། རྔུབས་རྩི་ཏ་ལ་རྦད། མྱོགས་མུགས་རྦད། སྙིང་ཁྲག་ཁ་ལ་རྦད། ཚལ་བུ་སེ་ན་སིན་དུ་རྦད། །སྲོག་ལ་ཧུར་ཐུམས་ཡ་ཡ་རྦད། །བྷ་རུ་རསྒ་སྲོག་ལ་ནན། །གསད་པའི་ལས་ནི་ལྔ་དང་ལྡན། །གསད་པ་ཐུན་གྱི་ལས་སུ་བཤད། །གཞན་ཡང་ཐོག་སེར་དབབ་པའི་ལས། །དོང་བུ་ཁྲག་སྣ་ཐོད་པ་མདའ། །འབུམ་བཞི་ཁྲི་ཡིས་བྱིན་བརླབས་འཕང་། །ཉ་སྟོང་དགུ་གསུམ་བཅུ་གཅིག་བརྒྱད། །བཞི་གཉིས་ལས་མཐར་རྟ་ཟོར་བསྐྱོན། །གསང་སྔགས་སྦྱོར་བའང་གཉིས་སུ་བསྡེབ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་གསང་སྔགས་འདི་བཏོན་ནོ། །ཨོ་མ་ཧྭ་ཙཎྜ་པ་ཏ་ཏ་ན་ཏ་ཀ ཛུ་ལ་ཛུ་ལ་ར༷་ར༷། རག་ཤ་རསྣ་བ༷། ཧེ་དན་ར་ཡ་ཕྲོ༷་ཕྲོ༷། པ་ས་ར་ན་ཧྲིལ་ཧྲིལ། ཨ་པ་ཤ་ཡ་དུན་དུན། ཛ་ཏི་ཁུ་ར༷་སྨྱོ། སྨྱོ་ཕྲོ༷་ཤར་སིང་ཀྲོལ་མ་རག་ར༷་ཤར་སྨྱོ་ཕྲོ༷། འདི་དག་སྦྱོར་བ་དམ་སྟེ། ལས་ཀྱི་རྒྱལ་པོ་ཀུན་བསྡུས་ཡིན། །ཡ་བག་ཤ་ཡི་སྦྱོར་བསྡུས་ནས། །དེ་བ་ར་ཙའི་མཁའ་དང་སྦྱར། །ནཱ་ག་འགུ་ལིན་ད་ལ་སྦ། །རྟེན་གསུམ་ཡུལ་གྱི་ལུས་ལ་བསྡེག །སྦྱོར་བའི་དམ་པ་མཆོག་ཏུ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །སྐྱིན་ཐང་ཐུན་གྱི་ལེའུ་སྟེ་ཞེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྤྱིན་གདུག་པ་ཅན་གྱི་སྲོག་དྲིལ་བ་འདི་བཤད་དོ། །ལྷ་འདྲེའི་རྒྱུན་སྲང་ངམ་ལྷ་ཁང་དུ། །དཀྱིལ་འཁོར་ཕུང་ཤུལ་ས་ལ་བྱ། །དུག་ཆུ་ཁྲག་གིས་ཆག་ཆག་གདབ། །ཆོས་ཀྱི་ཕོ་བྲང་ཟླུམ་པོར་བྱ། །རྩིབས་བཞི་མུ་ཁྱུད་ཐོད་པ་སྒྲུལ། ཁྲུ་ཆད་བཞི་དང་ལྡན་པ་ལ། །དམ་རྫས་སྙིང་སྣ་བཞི་ལ་རྟེན། །ཀ་ལི་ཤོ་ན་ཙ་ར་སྐྲུ་རའི་དོན། །ཀ་ལི་ཀ་ཕ་ཐོམ་ནག་ཏུ། །རྒྱལ་ཆེན་ས་ཡི་གདན་ལ་དགྲམ། །རྩིབས་ལ་མདའ་བཞི་དར་དང་དཀོར། །སྟག་གཟིག་གསེར་དངུལ་ལྡན་པ་སྟ། །གྲུ་ཆད་བྷ་ལི་ཁྲུ་རེ་དབུས། །དཀར་དམར་ནག་གསུམ་དཀོར་ཆས་བརྒྱན། །ཟླ་ཁམ་མཐིང་ནག་རྩེ་མོ་ཁྲག །ཐུན་རྫས་ཐོད་པ་ལྕགས་ཕུར་བཞི། །བྱང་ཤར་གྲུ་གསུམ་མ་ར་ནི། །སྟེང་ན་ཁྭ་རྒོད་གཡག་རྔ་ཤུན། །དཔལ་གྱི་གཏོར་མ་རཀྟ་ཕྱི། །རྒྱན་དང་མཆོད་པ་རྫོགས་བཤམས་ལ། །དཀྱིལ་འཁོར་པ་ཡི་ལྷ་རུ་བསྒོམ། །རྒྱལ་ཆེན་ས་ཡི་དཀྱིལ་འཁོར་དུ། །བདག་ཉིད་ཡོ་དམ་གསལ་བསྒོམ་ལ། ཁྲར་དུ་ལི་བྱིན་དཀར་པོ་རྟ། །ཟ་འོག་སྟག་གཟིག་ཟངས་གྲི་མདའ། །ཁྲ་དང་སྤྱང་ཁུ་འགྲིམ་ཞིང་འཁྲོལ། །ལྷོ་རུ་དགེ་བསྙེན་གྱིང་ཆེན་ལྗང་། །ཟ་འོག་རིན་ཆེན་སེང་གེ་ཤོན། །རྡོ་རྗེ་རྒྱལ་མཚན་གཅན་གཟན་འགྲོལ། །ནུབ་ཏུ་ཡབ་བདུད་སྙ་ལ་གནག །ཞུན་ཁྲག་ཐོད་པ་རྟ་ནག་ཞོན། །བློན་པོ་བདུན་དང་ཕོ་ཉ་འགྲོལ། །བྱང་དུ་བཙན་དམར་དར་དཀར་རྟ། །བསེ་ཁྲབ་བསེ་མདུང་མདའ་དམར་སྡོག །བྱང་དང་བྱང་སྨན་བཙན་འཕྲེང་འགྲོལ། །ད་ཙ་ཛ་ར་ཨ་ཏྲི་ལས། བསྐྱེད་ལ་བཀའ་ནོད་རྩིབས་ལ་བཞག །འབྲུ་སྣ་ཤིང་ཐོག་ཆང་དང་མངར། །རྒྱ་ཆོས་དཀར་ཆ་འབྲས་ཀྱིས་མཆོད། །ལྷ་འཛབ་ཁྲི་ལ་སྲོག་སྙིང་བོད། །རང་དབང་མེད་པར་དབང་དུ་བསྡུ། ཁུབ་པའི་རྟགས་ནི་རྣམ་པ་གསུམ། །བྱ་དང་གཅན་གཟན་གཏོད་ཅིང་ཟ། །འགྲོ་ཕྱིར་འགྲོལ་ཞིང་བདག་སྒོ་སྲུང་། །ཕྱི་ཡི་རྟགས་དེ་ནང་དུ་བསྡུ། །རྒྱལ་བློན་བན་དྷི་སྐྱ་ཤར་ཀུན། །བཀུར་སྟི་ཕྱག་དང་ལས་བྱེད་ན། །མེ་འབར་དྲོད་སྐྱེ་ཉམས་སྟོབས་ཆེ། །གསད་རྟགས་མཐོང་ན་སྦྱོར་བ་བརྩམས། །སྟེང་བཞི་བསྐུལ་ཞིང་རྦད་སྔགས་བཟླས། །བླ་དང་སྤྲུལ་པ་ཁུགས་པར་བསམ། །འབྲུབ་ཁུང་གཟུགས་ལ་ཐུན་གྱིས་བྲབ། །ཁུགས་པའི་རྟགས་ནི་དུད་འགྲོའམ། །བྱ་དང་རི་དྭགས་གསོད་ཅིང་ཤ། །དམག་དཔོན་བྱེད་སྒྲ་འགུགས་ན། །གསང་སྔགས་དྲིལ་ལ་གཟུགས་ལ་བརྡེག ཤེས་པ་འཕེལ་བའི་དྲོད་རྟགས་ནི། །ཉམས་དང་འཆལ་དང་ཐིབས་དང་ལྐུགས། །མཚན་བརྡེག་གཡུལ་འགྱེད་མཁར་འབེབས་ན། །རུ་ཐོམ་ནང་དུ་རྟེན་གཟུགས་བསྡུ། །རུ་ཐོམ་ཁ་གཅད་དར་གྱིས་གྲིལ། །རྒྱ་གྲམ་མུན་པའི་བཅུད་ལ་གནན། །ཡི་དམ་ལྷ་ཡི་སྟོབས་དང་སྦྱོར། །སྔགས་ཀྱི་སྦྱོར་བ་བཞིན་དུ་བསྡེབ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་དམོད་སྔགས་དྲག་པོ་འདི་བཏོན་ཏོ། །ཨོ་དང་ཁྲག་ཏུ་མུན། ཙ་ཤུ་ལ་ཧ་ཏི་ཛུ། ཧྲི་ཛུ་གྲི་བ་ར་བ༷་ཧཱུཾ༷། བཛྲ་སྭ་དུ་ར་བ༷་ཧཱུཾ༷་ཛ་ཛ། དུ་ཀྲི་ར་ཙ་གྲི་བ་བི་ཏ་ཡ་སརྦ་དུ་སྟ་ནི་པ་རི་སྨྱོ། མྱོགས་རྦད། རྨུགས་ཐིབས། ཧར་ཧུར་ཐུན་རྦད། སྲོག་བྲེང་ཤག་ཐུན་རྦད། ཀུ་མ་ར་ཙ་སྲོག་ལ་ཤག་རྦད། དགྲ་བོ་ཐུམ་རིལ། ཞུད་ཁྱེར་སྲོག་ལ་ཤག་རྦད། སྲོག་ཁྱེར་ཧབ་དང་དུ་ནན། ར་ཙ་ཕྱེ་ཤག་ཁྲ་ནན་ཙ་ཤུ་ལ་ནན། ཧུར་ཐུམས་སྲོག་གཟིར་ནན། བྱ་བ་ཀུན་གྱི་སྔོན་འགྲོ་བ། བདག་དངོས་སྙིང་པོ་ཉི་ཤར་འོད། །ཕྱོགས་བཅུ་ཞིང་ཁམས་བདེ་བས་གང་། །སླར་འདུས་བཞི་སྙིང་གཅིག་ཏུ་དྲིལ། །བཀའ་ནོད་ཅི་བཅོལ་ལས་རྣམས་བྱེད། །མཚོན་ཆ་ཐོགས་ནས་དམིགས་པ་གསོད། །སྒྲོལ་གིང་བཞི་ཡིས་ཁྱེར་ཞིང་བསྟོད། །དབང་པོ་འཆལ་ནས་ཡན་ལག་གཅོད། ཁོང་གཤགས་ནང་ཁྲོལ་བཏོན་ནས་ཟ། །དོན་ཁྲག་འཐུང་ཞིང་བླ་ཚེ་འཆང་། །སྲིད་པ་གསུམ་ཕུང་སྤུ་གྲི་རྣོ། །གསོད་བྱེད་དྲག་པོའི་སྦྱོར་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །སྲོག་བཞི་དྲིལ་ནས་བསད་པའི་ལེའུ་སྟེ་ཞེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྲོག་བཞི་དྲིལ་ནས་ལོ་ཐོག་གཞོམ་པ་འདི་བཤད་དོ། །ས་ཕུག་ལྷ་ཁང་ཡུལ་བཙན་སར། །མཎྜལ་ཁྲག་སྣ་གསུམ་གྱིས་བྱུག །ཁྱི་སྤྱང་མི་ཡི་ཐོད་པ་ལ། །གར་འབེབས་ཡུལ་གྱི་མིང་བྲིས་ལ། ཁྲ་ཁྲག་སྐམ་པོའི་གཏོར་མས་དགང་། །མཎྜལ་གྲུ་ཆད་བཞི་ལ་དགོད། །དོང་བུ་ཐོད་ཅན་འབྲོང་ཆེན་རྭ། །གླ་དང་བཅས་པ་བཞི་བཤམས་ལ། །ཁྲག་སྣས་བཀང་ལ་དབབ་སྔགས་གཞུག །མཎྜལ་ལོགས་བཞི་བརྟེན་བཤམས་ལ། །གཡས་ངུར་བདུད་བསྐྱེད་ཐོད་ཆེན་གྱིང་། །སྤྱང་ཐོད་རྒྱལ་པོ་གླང་རུ་བཙན། །བསྙེན་པ་དང་བཅས་ཆུ་དྲིལ་བསྟིམ། ཁུབ་པའི་རྟགས་ནི་སྲིན་ལ་གཟུང་། ཁོང་འདྲ་བར་ནུབ་ནས་བསྲིང་། །བྱང་ནས་ཁམས་ནག་སྐྱོ་སྐྱ་ལྷོ། ཁམ་ནག་དུད་ཁ་ཤར་ནས་འཕུང་། །བཀའ་འདྲེན་ལུག་དང་བྱ་ཡི་ཚོགས། །གྲུབ་པའི་རྟགས་དེ་དབབ་པ་བརྩམ། །ལྷ་རྟེན་ཀླུ་གཉན་བྲག་བཙན་ལ། །ཐོད་པ་གསུམ་གྱི་རྟ་མ་ཞུག །ཡུལ་མཐོང་རྩེ་ནས་ཟོར་གྱིས་དབབ། །འཁྱག་པའི་རོ་རྒོད་དྲག་པོ་འབབ། །གསང་བའི་སྦྱོར་བ་སྣང་སྣང་མིན། །སྦྱོར་བ་བཏུད་ན་མངོན་དུ་འབྱུང་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལ་དྲིལ་ཞིང་དབབ་པའི་གསང་སྔགས་འདི་བཏོན་ནོ། །ཨོ་དུ་ཕྲག་ཏུ་མུན་ཕྲོ༷་ཛ། ཙ་ཤུ་ལ་ཧ་སྟེ་ཕྲོ་ཛ། ཧྲི་ཛ་འགྲི་པ་ར་བ་ཧཱུཾ༷་ཕྲོ་ཛུ། བཛྲ་ས་དུ་ར་བ་ཧཱུཾ༷་ཕྲོ་ཛུ་ཛུ། ཨ་མུ་ཀ་ཕྲོ༷་ཕྲོ༷་ཤརཤར་ཡ༷་ཡ༷་འུར་ཁམ་ཐོག་ཐོག་ཧྲིལ་ཧྲིལ་ཁ་ཧར་ཤར་ཤར་སྨྱོ། མཛེས་པའི་རྒྱན་དང་བསྡེབས་གྱུར་ན། །བདུད་བཙན་གྱིང་རྒྱལ་སྲོག་དྲིལ་བས། །ཆུ་རྒོད་རི་ལྟར་བཏིབས་པ་ཡིན། །འབྲས་བུ་འཇོམས་པའི་སྦྱོར་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །སྲོག་བཞི་དྲིལ་ལ་དབབ་པའི་ལེའུ་སྟེ་ཞེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲག་ཐུན་གྱི་སྦྱོར་བ་འདི་རྒྱས་པར་བཤད་དོ། །གཉན་ར་གདུག་པའི་བདེ་གནས་སུ། །དཀྱིལ་འཁོར་ཁྲུ་གང་གྲུ་བཞི་ལ། །དབུས་སུ་མཐིང་ནག་ཟླ་ཁམ་གསུམ། །རྩིབས་བཞི་ཐོད་པ་རྐམ་རློན་འཕྲེང་། །སྒོ་བཞི་གྲུ་ཆད་འདོད་ཡོན་ཁྱམས། །དུར་ཁྲོད་སྦྲུལ་དང་ཆུ་སྲིན་བརྒྱན། །གཏོར་མ་གསུར་དང་སྙིང་གསུམ་རྫས། །མཆོད་པ་ལ་སོགས་བསྙེན་པ་འབུམ། །མཐིང་ནག་དབུས་སུ་མོན་ཐོད་གཟུགས། །མིང་རུས་དྲི་མ་བརྣག་པའི་ཁམས། །ནག་གསུམ་ཁྲག་དང་ཡུགས་ས་བསྣོལ། །ཁྲོལ་བུ་དུག་གི་ཆུ་ཡིས་བཀྲུ། །ཡ་མ་རག་ཤ་ཁམས་རྦད་ལས། ཁྲ་ཟ་ཀི་ཀ༷་མོན་གྱི་གཟུགས། ཁམས་གསུམ་གང་བས་ཁྱབ་པར་བསམ། །བརྒྱད་ནས་དབུ་གཟུགས་བཅུ་དྲུག་གདོན། །ཉི་ཤུ་གཉིས་ནས་སྟོང་གི་བར། །ཞག་དགུ་ཐུན་སྒྲུབ་སྲོག་ལ་རྦད། །བཅུ་བཅུ་གྲངས་གཟུང་ཁྲག་ལ་བསྟིམ། ཁྲ་ཟ་ཕོ་མོ་རྔམ་པ་ཀུན། །ཞལ་ནས་སྔགས་ཟློས་རླངས་པ་འཕྲོ། །གདུག་པའི་མཚོན་ཆས་བརྣག་པ་འཇོམས། །ཕྱག་བརྙན་དྲོད་འཕྲོས་ཨརུ་བསྐུལ། །ས་ཆུ་མེ་རླུད་འབྱུང་བ་བཞི། ཁུ་ཡི་ཚུལ་གྱི་ཕོ་ཉ་རྦད། །མེ་མར་གསད་ཕྱིར་ཁྲག་ཐུན་དབབ། །དྲོད་དབང་གཞོམ་ཕྱིར་ཆུ་ཁམས་དཀྲུག །དུག་གསུམ་གཞོམ་ཕྱིར་གནད་གསུམ་བསྡེག །རྒྱུ་གཉིས་གསད་པའི་ཤེས་པ་དབྲལ། །ཕུང་པོ་ཁམས་དང་དབང་པོ་ཡུལ། །འཇོམས་བྱེད་གདུག་པའི་དྲག་སྔགས་བརྡེག །འཇའ་ཚོན་མེ་ཏོག་ལྷ་ཡི་རྟགས། ཁོལ་ལམ་ལུད་ན་འཕང་བའི་དྲོད། །རྙོག་གམ་འཕྲོ་ན་ཁུགས་པའི་རྟགས། །རྔམ་ཚིག་ཉོན་མོངས་ཡུལ་ལ་འབར། །གསད་པ་དྲག་པོའི་དྲོད་ཡིན་པས། །བསྐུལ་ཞིང་བསྟིམ་ལ་ལམ་དུ་གཞུག །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་ཐུགས་ལས་ཐུན་སྔགས་འདི་བཏོན་ཏོ། །ཡ་མ་རག་ཤ༷་བ༷་རི་ལི་ལི་ཁྲག་ལ་མུ་ཤ་ཙིསྟ་ཧུར་ཐུམ་རག་ཤ་ཙིསྟ་བ༷་སྲོག་ལ་ཐུན་སྨྱོ། སྔགས་པ་ཆས་བཟློས་ཐིག་ལེ་གདབ། །དཔང་གཟུགས་ལམ་དབྱེ་སྤྱི་བཅིངས་འཕང་། །ཁྲག་ཐུན་དྲག་པོའི་སྦྱོར་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །ཁྲག་ཐུན་གྱི་ལེའུ་སྟེ་ཞེ་བདུན་པའོ།། །། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉུངས་ཀར་ཐུན་གྱི་སྦྱོར་བ་འདི་བཤད་དོ། །མཎྜལ་དབུས་སུ་གཏོར་མ་རྫས། །ཡ་མའི་སྐུར་བསྒོམས་བསྙེན་པ་འབུམ། ཁུ་གསུམ་རྩང་བཅས་ཐོད་པར་གཟུགས། །ལྷོ་རུ་བྲིས་སྐུ་གཡང་གཞི་འཕན། །བྱང་ནུབ་གྲི་ཐོད་ཉུངས་ཀར་ཐུན། །ཁྲག་དང་དུག་བསྐུས་ཤ་ཟའི་གཟུགས། །སྤྱང་མོ་རྔུམ་པ་ཕོ་ཉ་བླ། །ཁྱི་དོམ་རྒྱུག་པ་སྤྲུལ་པ་དྲོད། །ཁྱུང་ཁྲ་དུར་བྱ་ཀླད་ཁྲག་སྲོག །བདུད་དང་མོན་པ་ཤན་པ་ལེན། །སྦྲུལ་ནག་གདུག་འགྲོ་བློ་སྙིང་རྩ། ཁྲ་ཟའི་ཚོགས་རྣམས་རྔམ་ཞིང་རོལ། །ཁྲི་ཚོ་དགུ་རུ་བླ་ལ་རྟེན། །དྲིལ་ཞིང་ཉུངས་ཀར་སྤོག་ལ་འཕར། །དེ་བྱུང་གཟུགས་ཡ་བརྡེབ་ཅིང་བྲབ། །བདུད་དང་མོན་གྱི་ཕོ་ཉ་མངག །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་ཐུན་སྔགས་འདི་བཏོན་ཏོ། །ཤི་ཡ་མ་རག་ཤ་དུན་མུགས་རྩ་ལ་ཡ༷་ཡ༷་སྲོག་ལ་འདུན་སྨྱོ། སྟག་བྱའི་རྒོད་ངར་ཉུངས་ཀར་བླུག །རྒྱུད་མེད་གཞུ་ཡིས་དགྲ་ལ་འཕང་། །དྲག་པོ་འཇོམས་པའི་སྦྱོར་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །ཉུངས་ཀར་ཐུན་སྒྲུབ་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དུག་ཐུན་གྱི་སྦྱོར་བ་འདི་བཤད་དོ། །སྦྱང་དུག་ར་དུག་ནིམ་པ་དུག །བོང་ང་ཐར་ནུ་རེ་ལྕག་པ། །འོམ་མོ་བྱང་པ་སྐྱེ་ཁྲག་དུག །གྲི་བོའི་ཐོད་པ་སྦྱར་ལ་བརྣག །ལིང་ཀ་མིང་ཡང་ཐོད་པར་གཞུག །འཐོམ་ནག་གསུམ་གྱི་ཁ་ལ་བརྡེག །མཐིང་ནག་ཡོལ་བ་ཞིང་ལྤགསགུར། །གཤིནརྗེའིསྐུབསྒོམས་བསྙེན་པ་འབུམ། །བདུད་དང་ཤ་ཟ་མོན་པ་བསྐུལ། །ཐུན་སྔགས་བརྒྱ་རྒྱ་ཐོད་པར་བརྡེག ཁྲན་པའི་ཚོགས་རྣམས་ཐུན་ཁྲག་རློབ། །ཐུན་བརྡེག་དགྲ་ལ་དུག་ཟོར་འཕེན། །ཐུན་སྔགས་བརྒྱ་ཡིས་ཤན་པ་བསྐུལ། །ཐུན་ལ་རླངས་པ་འཕྲོ་ན་འཕང་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་ཐུན་སྔགས་འདི་བཏོན་ནོ། །ཡ་མ་ཁ་ལ་ད་རོད་ཙ་ལ་བ༷་རིལ་ཙ་མ་རི་ཧ་ལ་སྙིང་ཁྲག་ཧུར་བ༷་སྲོག་ལ་ཐུན་སྨྱོ། གསང་སྔགས་འཆད་ལ་དྲིལ་ལ་བརྡེག །འོད་བྱུང་མེ་འབར་ཁོལ་ནས་འཕང་། །མདའ་ཡིས་ལམ་དབྱེ་ཐོད་པ་འཕང་། །འཐོམ་ཆེན་གསུམ་གྱིས་ར་ཟོར་འཕང་། །གསུར་ཆེན་གཏང་ལ་ཤ་ཟ་བསྐུལ། །སྦྱོར་བ་དྲུག་གི་མཆོག་ཏུ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །དུག་ཐུན་གྱི་ལེའུ་སྟེ་ཞེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་མདའ་ཐུན་གྱི་སྦྱོར་བ་འདི་བཤད་དོ། །རི་སོགས་དབེན་པའི་དུར་ཁྲོད་དུ། །དཀྱིལ་འཁོར་གྲུ་བཞི་རྒྱན་དང་ལྡན། །དབུས་སུ་གྲུ་གསུམ་ཟླ་ཁམ་བཞི། །ཕྱི་རིམ་རྩིབས་བཅུ་སྒོ་བཞི་མེ། །དུར་ཁྲོད་རྒྱན་དང་གཏོར་མ་རྫས། །དབུས་སུ་ཞིང་བསྣོལ་མ་ཧེའི་གདན། །གཤིན་རྗེ་ནག་པོ་རབ་འཇིགས་སྐུ། །སྔོ་ནག་དབུ་གསུམ་ཕྱག་དྲུག་པ། །དུར་ཁྲོད་ཆོས་སྐུ་མེ་རི་ཀློང་། །འཁོར་ལོ་ཁ་ཊ༷་བེ་ཅོན་གཡས། །ཞིང་ཆུང་དགྲ་སྟ་ཐོད་པ་གཡོན། །སྔོ་ནག་གཏུམ་མོ་གཡོན་ནས་འཁྱུད། །ཟླ་ཁམ་གསང་བའི་དྲོད་འཛིན་བཞི། །ཐོད་པ་ཐོན་ཁྲག་རློབ་ཅིང་འཕེན། །ཞིང་ཆུང་སྦྲུལ་ནག་སྐུ་ལ་གསོལ། །རྩིབས་ལ་བདུད་པོ་མི་ཟན་བཅུ། །སྒོ་བཞི་བསེ་ཡི་སྐྱེས་བུ་བཞི། །བསེ་ཁྲབ་བསེ་རྨོག་ཐོད་སྦྲུལ་བརྒྱན། །གཡོན་པ་བསེ་གཞུ་དུག་མདའ་གཡས། །བསེ་ཡི་རྔམ་ཁྲི་འབྲུག་ལ་ཤོན། །དུག་མདའ་ལྟས་ངན་སྒྲོ་བཞིས་བསྒྲོན། །དཀྱིལ་འཁོར་དབུས་སུ་རྒྱ་གྲམ་བཞག །འོག་ཏུ་ལིང་ཀ་མིང་བྱང་བརྣག ལྷ་བསྐྱེད་སྤྱན་དྲངས་མཆོད་མཐར་དབུལ། །མདའ་བཞི་འགུལ་འགུལ་ཐུན་བརྡེག་བསྐུལ། །ཁྲག་གིས་བྲན་ལ་དུག་ངར་བླུད། །ཉ་གསུམ་དྲག་པོའི་ཚེས་ལ་འཕང་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལ་ཐུན་སྔགས་འདི་བཏོན་ཏོ། །ཡ་མན་ཏ་ཀ་དུན་མུགས། ཡ་མ་རྭ་ཙ་ཙིསྟ་རྦད། ཁ་ལ་ཡག་མོ་ཡག་ཤ་མ་ར་དུན་ནི་ཛ་རྦད། དུན་སྣི་བ༷། ཧུར་ཧུར་ལིང་ལིང་ཐུ༷་ཐུ༷་ཧྲི་ཤག་ཐུན་སྨྱོ། གསང་སྔགས་སྦྱོར་བའི་རྒྱལ་པོ་ཡིས། །རྩ་རྒྱུད་དབུགས་ལམ་གཅོད་ཅིང་འཇོམས། །རབ་ཏུ་བརྣག་པའི་སྦྱོར་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །མདའ་ཐུན་གྱི་ལེའུ་སྟེ་ལྔ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཕུར་ཐུན་གྱི་སྦྱོར་བ་འདི་བཤད་དོ། །ཡིད་མཐུན་དབེན་པའི་དུར་ཁྲོད་དུ། །དཀྱིལ་འཁོར་གྲུ་བཞི་སྒོ་བཞི་ལ། ཁུ་གསུམ་རྩིབས་གཞི་རྩིབས་བཅུར་ལྡན། །དབུས་སུ་ཡབ་ཡུམ་གྲི་ལྕགས་འགྱིང་། །རྩིབས་བཞིར་གཤེད་བདག་མཆོག་ཆེན་བཞི། །ཡང་ལོགས་གདུག་པའི་མངག་འཕུར་བཅུ། །ཁྱམས་ལ་ལས་ཀྱི་གདབ་ཕུར་ཁྲི། །མུ་རན་ཁ་ཁྱེར་ཀེ་སིང་རྩང་། །སྒོ་བཞིར་སྒོ་མའི་མགྱོགས་ཕུར་དགོད། །ཞིང་རྐྱང་རེའམ་གྲུ་གསུམ་ལ། །རྫས་ཀྱི་ཕུར་པ་ལྷ་རུ་བསྐྱེད། །སྤྱན་དྲངས་མཆོད་པ་བྱིན་གྱིས་བརླབ། །སྔགས་ཀྱིས་དབང་བསྐུར་ཕྱག་རྒྱ་བསྟན། །གཙོ་ལ་ཁྲི་ཁྲི་འཁོར་ལ་སྟོང་། །རྫས་ལ་མེ་འབར་དྲོད་ཐོབ་ན། །བྱང་ནུབ་འབྲུབ་གནས་གཙང་བཅས་བཅའ། །ཐོད་པ་ལིང་ཀ་བྱང་ཁྲམ་བརྣག །ཕོ་ཉ་བསྔགས་ལ་དབང་པོ་དགུག །རྟེན་གྱི་གཟུགས་ལ་སྦྱོར་བ་དབབ། །གནས་ལྔ་ཡན་ལག་དྲོད་ལ་བརྡེག །ལྷག་མ་བྱིན་བརླབས་མཆོད་པ་བསྔོ། །དུག་ལྔའི་མཆོད་མ།ཡེ་ཤེས་ལྷ་ཡི་གནས་ལ་དགོད། །དབང་བསྐུར་བྱིན་བརླབས་བརྟན་པ་བསྐྱེད། །ལྷག་མ་རྗེན་ཤུན་རོ་ཁང་གནན། །དྲག་པོ་ཐུན་གྱི་སྦྱོར་བ་ཡིས། །བཏབ་བའི་ཀུན་རླག་གདོན་མི་ཟ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་ལས་ཐུན་སྔགས་འདི་བཏོན་ཏོ། །ཡ་མན་ཏ་ཀ་སྲོག་ལ་ཧུར་ཐུམ་རྦད། ཡ་མ་མེ་ཏ་སྒེ་སྲོག་ལ་གཟེར་ཐུམ་རྦད། ར་ཙ་ས་ཏོ་ཀ་པ་ལིང་མྱོགས་རྦད། ར་ན་ཡོ་ན་ཙིཀྟ་ཁ༷་རྦད། ར་ཡ་ཙ་ནི་ཙ་ལ་བྲེང་ཤག་རྦད། མ་མ་སྙིང་ཐུན་རག་མོ་ར༷་ཐུན་རུ་ལུ་རུ་ལུ་ཀི་ལ་ཡ་སྲོག་ལ་ཐུན་རྦད། བརྣག་པའི་རྒྱལ་པོ་སྔགས་ཀྱི་ཐུན། །དོན་གཉིས་ཀུན་ཐར་བསྟབ་པ་བྱ། །བཀྲག་དང་གཟི་མདངས་ཤེས་པ་བསྡུ། འཇོམས་ཐོག་ཆེན་གཟེར། །དྲག་པོའི་ཕུར་ཐུན་གསང་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །ཕུར་ཐུན་གྱི་ལེའུ་སྟེ་ང་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གསང་ཐུན་གྱི་སྦྱོར་བ་འདི་བཤད་དོ། །དུར་ཁྲོད་རྨེ་བའི་རྫས་ལ་སོགས་ལ། །ཕུངས་གསུམ་གྱི་སྟེགས་བུ་ལ། །དབུས་སུ་གྲུ་གསུམ་འཐོམ་ནག་གཞུག །ནང་དུ་རིག་པོའི་ཙིསྟ་ལ། །བྱང་བུ་དམར་ནག་གཉིས་བྲེས་ལ། །དགྲ་བོ་ཕོ་རྒྱུད་མོ་རྒྱུད་གཞུག །དུར་ཁྲོད་རས་ལ་སྔགས་བྲིས་ལ། །རོགཔོའིཙིསྟའིཕྱིནསདྲིལ། །ར་དང་བཅས་པ་དར་གྱིས་དགབ། །གཏོར་མ་བརྣག་པའི་སྟེང་དུ་བཅའ། །ཁྲག་དང་དམ་རྫས་གསུར་གྱིས་བསྐོར། །ཁྲག་གསུམ་ཐུན་བརྡེག་འབྲུ་གསུམ་བྲབ། །ཕྱེ་གསུམ་དུག་གསུམ་དེ་བཞིན་བསྟིམ། །ཐུན་བརྡེག་སྙིང་གཤོག་རྩ་ཡང་གཅོད། །གསད་པའི་དྲོད་དང་དངས་མ་འབྲེལ། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་ལས་ཐུན་སྔགས་འདི་བཏོན་ཏོ། །ཡ་མ་ཁ་ལ་རག་ཤ་ད་རོད་ཡ༷་ཡ༷་ཐུན། ཡ་མ་རྨུགས་ནི་རྨུགས་སྣི་ཙིཏི་ཤག ཡ་མ་ཁ་ལ་མ་ཏིང་ཤ༷་ཤ༷་རྩ་ལ་རྦདབལ་ཐུན་སྙིང་ཐུན་མྱགས་ཕྲོག་ལ་ཐུན་སྨྱོ། རྣམ་ཤེས་བརྒྱད་དང་དྭངས་མ་བཞི། །དབང་པོ་བཀྲག་མདངས་ཚངས་པའི་རྩ། །གཅོད་ཅིང་འཇོམས་པར་བྱེད་པའི་སྔགས། །གསང་བ་ཐུན་གྱི་རྒྱལ་པོ་འདི། །རང་དབང་འདུས་ནས་རང་ཟོར་འཕང་། །བརྣག་པའི་ཡུལ་མཁར་གཟུགས་ལ་བརྡེག །དཔང་གཟུགས་འོ་དོད་བདེན་པ་བརྗོད། །གསང་ཐུན་སྔགས་ཀྱི་རྒྱལ་པོར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །གསང་ཐུན་གྱི་ལེའུ་སྟེ་ང་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གདོང་དྲུག་པའི་སྦྱོར་བ་འདི་བཤད་དོ། །ས་གཞི་བརྣག་ལ་རྩུབ་པ་ཡི། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་པའི། །བྲག་དང་ས་ཕུག་གཉན་ས་སྲ །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །འཁོར་ལོ་རྩིབས་བཞི་ཐོད་རློན་བསྐོར། །ཕྱི་རིམ་རྩིབས་ཆེན་བཅུ་གཉིས་ལ། །ཐོད་སྐམ་འཕྲེང་བ་རཀྟ་འཛག གྲུ་ཆད་སྒོ་བཞི་ཞིང་བརྒྱད་འདེགས། ཚངས་པའི་གདུང་ལ་ཞིང་ཆུང་ལྡན། །ཉི་ཟླ་ལ་སོགས་རིན་ཆེན་མཛེས། །དབུས་རུ་ཏྲ་ཕོ་མོ་བསྣོལ། །མ་ཧེ་ཉི་ཟླའི་གདན་ལ་ཧཱུཾ༷། །ཡན་ལག་སྦྱོར་བས་ཡ་མའི་སྐུ། །ནག་པོ་རྔམ་ཁྲོ་བརྗིད་པ་ལ། །ཞལ་དྲུག་གཡས་དཀར་གཡོན་དམར་ཏེ། །འོག་མའི་གཡས་སེར་གཡོན་པ་སྔོ། །དབུས་མཐིང་འོག་མའི་དུད་ཁ་རྔམ། །སྤྱན་གསུམ་མཆེ་གཙིགས་ཨག་ཚོམ་སེར། །ཐོད་པ་ཧེ་རུ་སྐྲུལ་གྱིས་བརྒྱན། །ཕྱག་མཚན་བཅུ་གཉིས་སྦོམ་ལ་རགས། །འཁོར་ལོ་རལ་གྲི་ཁ་ཊ༷་མདའ། །དགྲ་སྟ་དབྱུག་ཐོ་གཡས་བར་བསྣམས། །བན་དྷ་ཏྲི་ཤུལ་ལྕགས་ཀྱུ་གཞུ། །ཞགས་པ་ཞིང་ཆུང་གཡོན་ན་བསྣམས། །ཞབས་བརྒྱད་བརྐྱང་བསྐུམ་དོར་ཐབས་ཚུལ། །རིགས་བཞི་བརྒྱན་པ་ལྷུ་ཚིག་གཉན། །གླང་ཆེན་སྟག་ལྤགས་གཡང་གཞི་བླུགས། །བདུད་སྲིན་མགོ་གཅད་དོ་ཤལ་སྤྲས། །གཡོན་ན་སྒེག་མོ་སྒོ་ནག་ག་། །ཏྲི་ཤུལ་བན་དྷ་འཁྱུད་ནས་སྟོབ། །ཐུགས་ཀར་ཡ་མ་རྭ་ཙ་ཡང་། །སྐུ་མདོག་སྔོན་པོ་སྦྲུལ་གྱིས་བརྒྱན། །ཞལ་གསུམ་ཕྱག་དྲུག་ཤ་ཁྲག་ཟ། །གཡས་པ་འཁོར་ལོ་བེ་ཅོན་ཞིང་། །གཡོན་པ་ཞགས་པ་དགྲ་སྟ་སྙིང་། །སྤྲུལ་པའི་ཐུགས་ཁར་ཉི་མ་ཧཱུཾ༷། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །སྲོག་གི་ཏྲི་ཏ་བཞི་གནས། །རྩིབས་བཞི་ཞིང་བསྣོལ་མ་ཧེའི་གདན། །ཕྱི་རིམ་འཁོར་ལོ་བཅུ་གཉིས་ལ། །ཞིང་བརྐྱང་མ་ཧེའི་གདན་སྟེང་ན། །ཀོང་ཚེ་གསོད་བྱེད་ལྷ་མཆོག་དམར། ཁྲར་ལ་སོགས་པའི་ཕྱོགས་བཞིར་གནས། །ཏེལ་པ་ཕྱ་སངས་དམིགས་པ་གླང་། ཁྲར་ལྷོ་ལ་སོགས་མཚམས་བཞི་གནས། །ནག་པོ་ནག་འཇོམས་སྟེང་འོག་གནས། །ཁྲམ་ཐོགས་རྩིས་འདེབས་རྩིབས་གཉིས་ལ། །ཐམས་ཅད་ཡུམ་རྣམས་གཡོན་ནས་འཁྱུད། །སྒོ་བཞིར་བེ་ཅོན་ལྕགས་ཀྱུ་དང་། །ཐོ་བ་རལ་གྲི་ཐོགས་པ་བཞི། །ཁྲོ་མོ་ག་་ཁྲོ་རྒྱལ་ཆེན་བཅས། །ལྷུན་པོ་བཞི་དང་བཅས་པ་དགོད། །དམ་ཚིག་དཀྱིལ་འཁོར་བརྟན་བྱས་ལ། །ཡེ་ཤེས་དཀྱིལ་འཁོར་ཕབ་ལ་བསྟིམ། །བྱ་བའི་རིམ་པ་ཀུན་རྫོགས་ནས། །ལྷ་ཡི་བསྙེན་པ་རྫོགས་པར་བྱ། །ཐོན་ནས་གང་འདོད་ལས་ལ་སྦྱར། །འཁོར་ལོ་སྤྱིན་སྲེག་ཐུན་གྱི་མཐར། །ཐོད་པ་འཁོར་ལོ་བརྣག་པ་གནན། །ཚེ་དང་འདོད་པའི་སིདྷི་བླང་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་སྔགས་ཀྱི་སྦྱོར་བ་འདི་བཏོན། །ཨོ་ཤི་མཉུ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་པེ་ལ་རིསྒ་མན་ཧཱུཾ༷་ཛ་ཛ། ཡ་མ་རཀྟ་དུ་ར༷་ཙིསྟ་ཐུན་ནཱ་ར་ཡ་རྦད། སྲོག་ལ་ནན། འཁོར་ལོ་སྦྱོར་བ་བརྒྱ་ཕྲག་གཅིག་བསྡུས་པས་རྩ་བ་བཅུད་དང་གཅིག སྦྱོར་བ་ཀུན་གྱི་མཆོག་ཏུ་བཤད། རྒྱལ་མཚན་མེ་ལོང་གི་རྒྱུད་ལས། ཞལ་དྲུག་པའི་ལེའུ་སྟེ་ང་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཞལ་གསུམ་པའི་སྦྱོར་བ་འདི་བཤད་དོ། །དུག་གསུམ་སྦྱོར་བ་གཞོམ་པའི་ཕྱིར། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་པའི། ཁེན་ཏུ་དབེན་པའི་དུར་ཁྲོད་དམ། །ཕུག་དང་ས་ཕུག་དབེན་པ་མྲ །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །ཟླ་ཁམ་བཞི་དང་ལྡན་པ་བྲི། །ཐོད་འཕྲེང་མེ་རི་ཕྱི་རུ་འབར། །ལྷོ་ཡི་ཕྱོགས་ཀྱི་ཟླ་ཁམ་ལ། །འཇིགས་པའི་རྒྱལ་པོ་གཤིན་རྗེ་གཤེད། །སྐུ་ཡི་གཟུགས་བརྙན་བཞུགས་སུ་གསོལ། །གཡས་སུ་སྒེག་མོ་རལ་གཅིག་མ། །གཡོན་དུ་ཟ་བྱེད་པེ་ཏ་ལི། །གཡས་གཡོན་གཉིས་ཀྱི་ཟླ་ཁམ་ལ། །སྐུ་ཡི་གཟུགས་བརྙན་དགོད་པར་བྱ། །ཡང་ན་སྙིང་པོ་ཡིག་འབྲུ་ལས། །སྐུ་ཡི་གཟུགས་བརྙན་བཞུགས་སུ་གསོལ། །ཡང་ན་སྙིང་པོ་ཡིག་འབྲུ་ལས། །སྐུར་བསྐྱེད་དེ་ནི་བསྒོམ་པར་བྱ། །བྱང་གི་ཕྱོགས་ཀྱི་ཟླ་ཁམ་སྟེ། །སྙིང་པོ་ཡི་གེ་བྲིས་པ་ལས། །འཇིགས་བྱེད་ཡ་མ་རྭ་ཛ་ཡིས། །སྐུར་བསྒོམས་མཆོག་ཕུར་སོར་གསུམགཟུགས། །གཤིན རྗེཡབཡུམ་ལྟོ་བ་སྲ །འཚོགས་པར་སྦྱར་བའི་ཡ་ཐགས་ཀྱིས། །ཀང་ཀའི་སྒྲོའམ་བྱ་རོག་སྒྲོས། །ཡི་བཏགས་ཀྱི་ནི་གོས་ལ་བྲི། །འཁྲུལ་འཁོར་སྦྱོར་བ་སྔར་བཞིན་ལས། །དགྲ་ཡི་རྐང་རྗེས་ལ་སོགས་པ། །ལིང་ག་སོར་བརྒྱད་ཙོག་པུར་བཞག རི་ཤོ་དང་ནི་གྲོ་ག་ལ། །དེ་ཡི་རུས་དང་མིང་བྲིས་ལ། །སྙིང་ཁ་དག་ཏུ་གླན་ཏེ་བཞག །གཤིན་རྗེ་ཡབ་ཡུམ་བར་དུ་གཞུག །ཚོན་གྱི་སྐུད་པས་བཅིངས་ནས་སུ། །མཚན་ངན་བན་དྷ་ཁ་སྦྱར་དུ། །བཅུག་ལ་བུད་མེད་ཡུགས་ས་མོའི། །སྐྲ་ཡི་ཐག་པས་བཅིངས་པར་བྱ། །མཐིང་ནག་གྲུ་གསུམ་སྟེང་དུ་གཞག །གཏོར་མ་གསུམ་དང་ཨརྒ་བཅས། །བྱས་ཏེ་དཀྱིལ་འཁོར་འགྲམ་དུ་བཞག གསུར་ཆེན་དུད་པ་གཏང་བར་བྱ། །དེ་ལྟར་དཀྱིལ་འཁོར་བཅས་ནས་ནི། །སྔགས་པ་ཆས་གོས་ནག་པོ་གོན། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་ལ། །ཁྲོ་བོ་སྔགས་ཀྱིས་མཚམས་བཅད་ལ། །ཏིང་འཛིན་རྣམ་གསུམ་རིམ་བཞིན་བསྒོམ། །ཁྲག་འཐུང་ཡབ་ཡུམ་བསྐྱེད་ནས་ནི། །སྤྱན་དྲངས་མཆོད་དང་བསྟོད་པ་བྱ། །བཤགས་པ་དག་ནི་གཞུང་བཞིན་བྱ། །མ་ཤར་བགྲངས་པའི་ཚེས་བརྒྱད་དེ། །ཉི་ཤུ་གསུམ་ནས་དྲུག་ཏུ་ནི། །ཞག་ནི་བཞི་ཡི་བར་དུ་ནི། །ཡ་མན་ཏ་ཀའི་བསྙེན་པ་བྱ། །དགོངས་དང་ཐོ་རངས་གཏོར་མ་གཏང་། །ཉི་ཤུ་བདུན་ནས་གནམ་སྟོང་དུ། །ཞག་ནི་བཞི་ཡི་བར་དུ་སྟེ། །གསད་པ་ཡི་ནི་ལས་བྱ་སྟེ། །བདག་ཉིད་ཁྲོ་བོའི་སྐུར་བསྒོམས་ལ། །ལྷོ་རུ་ཁ་བལྟས་མདུན་དུ་ནི། །ཧ་ཁུང་གྲུ་གསུམ་རྩེ་མོ་ལྷོར། །ཆག་གང་ཐུར་དུ་བརྐོས་པ་ལ། །མིང་རུས་བསྲེགས་པའི་སོལ་བ་ཡིས། ཁ་དོག་ནག་པོ་དག་ཏུ་བྱ། །དེ་ཡི་ནང་དུ་བན་དྷ་གཞུག །གཤིན་རྗེ་དབང་དུ་བསྡུ་བའི་ཕྱིར། །ཁྲོ་བོ་ཞབས་ནི་གཡོན་པ་ནི། །རྡོ་རྗེ་ཕུར་པ་རྩེ་གཅིག་པར། །བསྒོམས་ཏེ་གཤིན་རྗེའི་སྙིང་ཁར་གནན། །དགུག་ཅིང་དབང་དུ་བསྡུ་བ་ཡི། །སྙིང་པོ་སྔགས་ཀྱི་བཟླས་བརྗོད་ནི། །ཉིན་མཚན་ཕྱེ་ལ་མཚན་མོ་བཟླས། །གཤིན་རྗེ་ནག་པོ་འཁོར་དང་བཅས། །རང་དབང་མེད་པར་དབང་དུ་འདུ། །ཇི་ལྟར་བཅོལ་བའི་ལས་ཀྱང་བྱེད། །སྙིང་པོ་སྔགས་ཀྱི་བར་བར་དུ། །ཁྲོ་བོའི་བསྟོད་ར་གཏང་བར་བྱ། །རག་ཏ་བསྟབས་ཏེ་མཆོད་པ་འབུལ། །གཤིན་རྗེ་ལས་ལ་བཙུད་ནས་ནི། །དགྲ་བོ་མྱུར་དུ་གསད་པའི་ཕྱིར། །བན་དྷ་དཀྱིལ་འཁོར་ཐོག་ཏུ་བཞག །བཅོལ་བའི་ལས་ཀྱི་སྔགས་བཞི་ནི། །ཉིན་མཚན་ཕྱེ་ལ་མཚན་མོ་བཟླས། །སྔགས་ཀྱི་བཟླས་བརྗོད་བར་བར་དུ། །རྫ་རྔ་བརྡུངས་ཏེ་གཤིན་རྗེ་བོད། །རཀྟ་བསྒྲེང་སྟེ་མཆོད་པ་བཏབ། །ལུབུར་བ་བུས་ཏེ་སྤྱུགས་པ་བླང་། །དུང་ཏིང་ཀ་ཡི་སྔགས་བརྗོད་ལ། །དགྲ་བོ་དེ་ལ་གཤིན་རྗེ་རྦད། །ཚེས་གཅིག་ཏུ་ནི་བརྩིས་པ་ཡི། །ཉིན་མཚན་གཉིས་ཀྱི་མཚམས་སུ་ནི། །གནན་པ་ཡི་ནི་ཆོ་ག་བྱ། །ལྷ་ཀླུ་གདུག་པའི་འདུགས་དང་། །རོ་ཡི་ཁོང་དུ་སོང་ནས་ནི། །གནན་པའི་བན་དྷ་དེ་ ཉིད་ལ། །རི་རབ་བང་རིམ་གསུམ་པ་དང་། །སྙིང་པོ་ལམ་དང་བཅས་པ་བྲི། །སྙིང་པོ་སྔགས་དང་རི་རབ་བསྐྱེད། །རི་རབ་ཀྱི་ནི་འོག་ཏུ་གཞུག །སྟེང་དུ་ལྷ་ཡི་ཕོ་བྲང་གདབ། །འཇིགས་བྱེད་ཡ་མ་རྭ་ཛ་ཡི། །མཆོག་གི་ཕུར་པ་སོར་གསུམ་པ། །གནན་པའི་སྔགས་ནི་སྟོང་བཟླས་ལ། །རྡོ་རྗེ་ཕུར་པ་བརྩེ་གཅིག་ཏུ། །བསྒོམས་ཏེ་ལིང་ཀའི་སྙིང་ཁར་བཏབ། །གཤིན་རྗེ་ཡབ་ཡུམ་ལྟོ་བར་གཞུག །མཚན་ངན་བན་དྷར་བཅུག་ནས་ནི། །སྔ་མ་བཞིན་དུ་ཐག་པས་བཅིངས། །རོ་ཡི་ཁུང་བུར་སྦས་ཏེ་བཞག གཤིན་རྗེ་ནག་པོའི་ལག་ཏུ་གཏད། །ཡ་མན་ཏ་ཀའི་སྔགས་ཀྱིས་གཟིར། །གདོན་མི་ཟ་བར་གསོད་པར་བྱེད། །ལས་ཀྱི་གནས་སྨིན་སྦྱང་བའི་ཕྱིར། །བསྐང་གསོའི་ཆོ་ག་རྒྱ་ཆེར་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་གསང་སྔགས་ཀྱི་སྦྱོར་བ་འདི་དག་བཏོན་ནོ། །ཨོ་ཤི་མཉུ་ཨ་ཀྲོ་ཏེ་ཀ་ཡ་ནམ་ཏ་ཀ་དེ་བྲི་ཀྲོ་དྷི་ཤི་ཡསྒ་ཛ་ཛ། མ་མ་ཨེ་ཀ་ཛ་ཏི་ས་མ་ཡ་སྟོམ་རུ་ལུ་རུ་ལུ་ཧཱུཾ༷་སྨྱོ་ཧཱུཾ༷་ཛ་ཛ། ཨོ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཧ་ན་མ་ཐ་པན་ཛ་ཧཱུཾ༷། ཡ་མ་སྙིང་ཤ་ཤ་ཛུ་ཛུ་དུན་ཡམ་སྙིང་རུ་པ་ཤ་ཡ་མ་ཨུ་ཀརྙ་ཡ་ཧཱུཾ༷་ཛ་ཛ། ཨོ་ཧྲི་སྒྱི་བི་ཀྲི་ཏྭ་ན་ཨ་མུ་ཀ་ཤ་ཆུན་ནཱ་ཤ་ཡ་ཧཱུཾ༷་ཕཊ། ཡ་མ་མེ་ཏ་སྒེ་ཨ་ཀ་པྲ་མ་ཡ་རྦད་ཡ་རྭ་ཛ་ས་ཏོ་ཨ་མུ་ཀ་རཀྟ་ར་ཙ་ཡ་རྦད་ཡ། རུ་ན་ཡོ་ནི་ཨ་མུ་ཀ་མུར་ཛ་ཡུ་རྦད་ཡ། ར་ཡ་ཙ་ནི་ཨ་མུ་ཀ་མྱ་ར་ཡ་རྦད་ཡ།ཨོ་ཤི་མརྫི་ཆེ་གེ་མོ་ཀ་ལ་རྭ་པ་སྟམ་པ་ནི་ཧཱུཾ༷་ཕཊ། ཧཱུཾ༷་ཡ་མན་ཏ་ཀྲི་ཏ་བཛྲ་མ་ཧྭ་ཀྲོ་དྷ་ཧཱུཾ༷། སྟམ་པ་ཡ་ནན་ནན། གསད་པ་མཆོག་གི་སྦྱོར་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །ཞལ་གསུམ་པའི་ལེའུ་སྟེ་ང་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཞལ་གཅིག་པའི་སྦྱོར་བ་འདི་བཤད་དོ། །གཞན་ཡང་ཞལ་གཅིག་སྒྲུབ་པ་ནི། །དུར་ཁྲོད་ཆེན་པོའམ་གཉན་ར་སྲ །གཏོར་མ་བདུད་རྩི་ཤ་ཆེན་སྙིང་། །མཆོད་པ་རཀྟ་དུར་ཁྲོད་རྒྱན། །བཤམས་ལ་ཞིང་བསྣོལ་མ་ཧེའི་གདན། །ཧཱུཾ༷་ལས་ཁྲོ་བོ་གཤིན་རྗེའི་སྐུ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །སྤྱན་གསུམ་དབུ་སྐྲ་སྦྲུལ་གྱིས་བཅིངས། །སྟོད་ནས་མེ་འབར་གླང་ཆེན་གྱོན། །སྨད་ནས་ཁྲག་འཛག་སྟག་ལྤགས་སྦྲུལ། །བདུད་དང་མ་མོ་མགོ་བོས་བརྒྱན། །མུ་སྟེགས་སྙིང་འཕྲེང་དོ་ཤལ་བྱས། །སྙན་ཆ་མགུར་ཆུ་གདུབ་སོར་ཀུན། །རིགས་བཞི་སྦྲུལ་གྱི་བརྒྱན་པའོ། །གཡོན་ན་མི་ཟད་གཏུམ་ཁྲོ་མ། །མཐིང་ནག་ཞིང་གི་གོས་ཟུ་ཅན། །ཐོད་པ་རིན་ཆེན་སྦྲུལ་གྱིས་བརྒྱན། །གཡས་པ་ཁ་ཊ༷་ཏྲི་ཤུལ་འཁྱུད། །གཡོན་པ་བེ་ཅོན་ཐོད་ཁྲག་ཡབ་ལ་བསྟོབ། །ཐུགས་ཀའི་ས་བོན་ཧཱུཾ༷་དང་མ། །སྔགས་དང་ལྡན་པ་མདུན་དུ་བསྐྱེད། །སྔགས་པ་ཡ་ནན་ཏ་ཀར་བསྒོམ། །སྔགས་ཀྱིས་སྤྱན་དྲངས་མཆོད་ལ་བསྟོད། །རཀྟ་སྦྲེངས་ལ་མཆོད་པ་དབུལ། །མཛོ་རྟོལ་སྤྲེའུའི་ཐོད་པ་སྲ །བརྣག་པའི་ལིང་ཀ་མིང་རུས་གཞུག །མཁར་ནག་སྐུད་པས་ཐོད་པར་བསྡམ། །རྨེ་མ་འམ་བསྣོལ་མའི་ཞབས་མས་གྲིལ། །མཐིང་ནག་གྲུ་གསུམ་ནང་དུ་གཞུག །སྣོལ་ཁྲག་གྲི་ཁྲག་ཡུགས་སའི་ཁྲག །རྡོ་ཕྱེ་ལྕགས་ཕྱེ་ཟངས་ཕྱེ་གསུམ། ་་ས་ཀར་སྐྱེ་ཚེ་བྲ་བོའི་ཐུན། །ཕུར་པ་རལ་གྲི་བརྣག་པའི་མཚོན། །ཐུན་བཞིའི་སྦྱོར་བས་བྲབ་ཅིང་གསད། །ཉ་གསུམ་མཐའ་རུ་ཀླུ་ལ་གཏད། །དྲག་པོ་ཐུན་གྱིས་བཟླས་བརྗོད་དང་། །ཉིན་མོ་གཏོར་མ་ནུབ་མོ་དྲེལ། །གཤིན་རྗེ་ནག་པོའི་ལག་ཏུ་གཏད། །དྲེགས་པ་མཚོ་ལུབྲུགས་སྟོབས་ཀྱིས་གནན། །དྲག་པོ་སྔགས་ཀྱིས་གཟིར་ལ་བཅའ། །ལྷ་ཡི་ཕོ་བྲང་བརྟན་པར་བརྟབ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་གསང་སྔགས་ཀྱི་སྦྱོར་བ་འདི་དག་བཏོན་ཏོ། །ཨོ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་པེ་ཏ་ལི་ཧཱུཾ༷་ཛ་ཛ། ཡ་མན་ཏ་ཀ་མ་མ་ཧྲི་སྟི་སྲོག་ལ་ལིང་ཐུན། ལིང་ཐུན་རྦད། མ་མ་ཀྲོ་དྷ་ཙིསྟ་བྲེང་ཤག་རྦད། ཀ་ལི་རག་མོ་ཙིསྟ་ཕྲིག་ཕྲིག་ཤ༷་ནི་རྦད། ཡ་མ་མེ་ས་མ་ཡ་སྲོག་ལ་ཐུམ་ཐུམ་ཉལ་ཉལ་རྦད། ཡ་མན་ཏ་ཀ་མ་མ་ཧྲི་ཏི་ཆེ་གེ་མོའི་སྲོག་ལ་གཟིར་ནན། མཆོག་ཏུ་སྔགས་པའི་རྒྱལ་བློན་འཇོམས། །ཐུན་བཞི་ལས་ཀྱི་སྦྱོར་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །ཞལ་གཅིག་བསྒྲུབ་པའི་ལེའུ་སྟེ་ང་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གཤེད་བཞིའི་སྦྱོར་བ་འདི་བཤད་དོ། །གསད་བཅུ་རྩ་བའི་མན་ངག་མཆོག །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །རི་ནག་འཇའ་ཚོན་ཆུ་གླིང་དུ། །དཀྱིལ་འཁོར་དུག་གི་ཆག་ཆག་གདབ། །དབུས་སུ་གྲུ་གསུམ་རྩིབས་བཞི་ལྡན། །ཐོད་འཕྲེང་གྲུ་ཆད་རྒྱན་རྣམས་མཛེས། །སྒོ་བཞི་མཚོ་གླིང་དུར་ཁྲོད་འདུད། །གནས་ཀྱི་དཀྱིལ་འཁོར་རབ་འཇིགས་པའོ། །དབུས་ན་ཡི་བཏགས་མ་ཧེའི་གདན། །སྙིང་སྣ་དོན་ཁྲག་ཐོད་པར་བཅས། །ཡ་མན་ཏ་ཀ་རྫོགས་པར་བསྐྱེད། །རང་འདོད་ཡན་ལག་འཁྱུད་པའི་ཡུམ། །གཙོ་དང་གཉིས་མེད་འཁྱུད་པ་ལས། །རྩིབས་བཞི་གདན་ལ་ཀྲི་ཀྲ་བཞི། །གཅེར་བུ་ཞལ་གཅིག་ཕྱག་གཉིས་པ། །ཐོད་སྐམ་དབུ་རྒྱན་གདེངས་ཀ་སྦྲུལ། །ཐོད་རློན་དོ་ཤལ་རིགས་བཞིའི་བརྒྱན། །ཕྱག་གཡས་ཞིང་ཆུང་འཁོར་ལོ་གཡོན། །སྨུག་ནག་སེར་ནག་དམར་ནག་ལྗང་། །ཡུམ་ཡང་ཡབ་ལ་འཁྱུད་ནས་སྟོབས། །ཙིསྟ་བན་དྷ་གཡས་དང་གཡོན། །རྫོགས་པའི་ཚུལ་དུ་གདན་ལ་དགོད། །སྤྱན་དྲངས་མཆོད་དང་རག་ཏ་བཏབ། །བསྙེན་པའི་དྲོད་རྟགས་གཅེར་བུ་འབུམ། །གདུག་པའི་སྔགས་བཟླས་མཚོན་ཆ་བརྡེག གསད་པའི་རོ་ལ་ཟ་ཡིན་རོལ། །འོད་སྒྲ་མཐོང་ནས་འཁོར་ལོ་བསྐོར། །གཤེད་ཀྱི་སྦྱོར་བ་བཅུ་གཉིས་གཅིག འོག་ནས་བཤད་པའི་སྦྱོར་བ་བསྡེབ། །ལས་ཀྱི་མཐའ་བཏུལ་གཉན་ལ་གཏད། །སྔགས་ཀྱི་སྦྱོར་བ་གསུམ་དུ་བརྡེག །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་གསང་སྔགས་ཀྱི་འཕྲེང་བ་འདི་བཏོན་ནོ། །ཨོ་ཡ་མ་མེ་ཏ་སྒ་ཧཱུཾ༷་ཛ་ཛ། རྒྱལ་མཚན་མེ་ལོང་གི་རྒྱུད་ལས། གཤེད་བཞིའི་བསྒྲུབ་པའི་ལེའུ་སྟེ་ང་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ཞི་བའི་སྦྱོར་བ་འདི་བཤད་དོ། །ས་གཞི་སྣུམ་༄༅ ལ་འཇམ་པའི་ཕྱོགས། །སྐྱེད་མོས་ཚལ་དང་བདེ་གནས་སུ། །དཀྱིལ་འཁོར་གྲུ་བཞི་སྤོས་དང་ལྡན། །ཆོས་ཀྱི་ཕོ་བྲང་ཟླུམ་པོར་བྱ། །ནོར་བུའི་འཕྲེང་བ་ཟླུམ་པོར་བསྐོར། །ཕྱི་རིམ་པདྨ་འདབ་བརྒྱད་མཛེས། །དྲ་བ་དྲ་ཕྱེད་འདོད་ཡོན་སྤྲས། །རིན་ཆེན་ཆུན་འཕྱང་དྲིལ་བུས་བརྒྱན། །རྡོ་རྗེ་མེ་འོད་བུམ་པས་མཛེས། །རིན་ཆེན་མེ་ཏོག་འཕྲེང་བས་བརྒྱན། །ཕྱི་ཁྱམས་སེམས་དཔའི་གདན་དང་ལྡན། །སྒོ་བཞི་རྒྱན་དང་ཀ་པས་འདེགས། །བ་དན་དྲིལ་བུ་ཡིད་འོང་བསྐྱོད། །གཏོར་མ་མཆོད་རྫས་ལྕང་ལོ་རྟེན། །བཀྲ་ཤིས་རྫས་དང་བདུད་རྩིས་དགང་། །དཀར་དམར་དར་དང་ཧཱུཾ༷་རྒྱས་གདབ། །གཙོ་བོའི་མདུན་དུ་གཞག་པར་བྱ། །ལྷ་ཡི་གཞལ་ཡས་མཛེས་པར་བཤད། །ཆོས་ཀྱི་ཕོ་བྲང་སེང་གེའི་གདན། །པདྨའི་གདན་ལ་ཧཱུཾ༷་ལས་བསྐྱེད། །སྐུ་མདོག་དཀར་སེར་གཤོན་ནུའི་ཚུལ། །རིན་ཆེན་དབུ་རྒྱན་སྙན་ཆ་བརྒྱན། །མགུར་ཆུ་ཚངས་སྐུད་དོ་ཤལ་ཅན། །སེམས་དཔའི་སྐྱིལ་ཀྲུང་དབུས་ནས་འགྱིང་། །ཞལ་བཞད་ཚེམས་བཟང་སྨིན་མཚམས་འབྲེལ། །དབུ་སྐྲ་ལྕང་ལོ་མཐོན་མཐིང་ཁ། །ཕྱག་གི་འཁོར་ལོ་རབ་ཏུ་མཛེས། །འགྱིང་བག་འཁྲིལ་ལྡེམ་གཤོན་ཚུལ་ཅན། །གཡས་པ་རལ་གྲི་པོ་ཏི་གཡོན། །ཐུགས་ཁའི་ས་བོན་དང་ལྡན་པའོ། །འདབ་བརྒྱད་པདྨའི་གདན་སྟེངས་ན། ཁྲར་ལ་སོགས་པའི་ཕྱོགས་བཞི་སྲ །སེམས་དཔའི་རིན་ཆེན་ཆོས་དང་ལས། །རིགས་ལྔའི་དབུ་རྒྱན་དོ་ཤལ་མཛེས། །ཕྱག་མཚན་མིང་གིས་མཚོན་པའོ། །མཚམས་བཞིར་ལྭ་པྱ་མྱ་ལེ་དང་། །གླུ་གར་ལྷ་མོ་བཞི་དང་ལྡན། །གྲ་བཞིར་དབྱངས་ནས་མཆོད་ལྡན་མ། །ཙར་ཙི་ཀ་དང་ཕག་མོ་བཞི། །དཀར་འཇམ་རྒྱན་ལྡན་བུམ་པ་ཐོགས། །གཙོ་ལ་ཕྱོགས་ཤིང་གཞོམ་ཚུལ་ལྡན། །ཁྱམས་ལ་སེམས་དཔའ་བཅུ་དྲུག་ལྡན། །སྒོ་བཞིར་རྡོ་རྗེ་བེ་ཅོན་དང་། །རལ་གྲི་ག་་ཤིང་ཐོགས་པ་ཡིས། །ག་་མོ་རོ་ལངས་ཡག་ཤ་ཧྲི། །རྡོ་རྗེ་གསོད་བྱེད་བྱང་དུ་དགོད། །སྤྱན་དྲངས་མཆོད་མཐར་དབང་བསྐུར་བརླབ། །སྔགས་པས་ཐུན་བཞིར་བཟླས་པ་བྱ། །སྔགས་ཀྱི་བར་བར་མཆོད་དང་བསྟོད། །གང་འདོད་དངོས་གྲུབ་འཕྲིན་ལས་བཅོལ། །སྐྱེ་མེད་གནས་ནས་སྙིང་པོ་བསྐུལ། །སྔགས་བཟླས་སྤྲོས་ལ་ཁམས་གསུམ་སྦྱང་། །མཐའ་རུ་ཞི་བའི་སྤྱིན་སྲེག་དབུལ། །སྔགས་པས་བཀྲུས་ལ་དངོས་གྲུབ་བླང་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་སྔགས་འདི་བཏོན་ཏོ། །ཨོ་ཐྲེ་མཉུ་མ་ཧྭ་ཤཱརྙི་ཀུ་རུ་ཧཱུཾ༷་ཛ་ཛ། །ཐབ་ཁུང་ཕོ་བྲང་དཀར་ལ་ཟླུམ། །བསྲེགས་ཤིང་བསྲེག་རྫས་དེ་བཞིན་སྦྱར། །གསང་ཆེན་སྔགས་བཅ་མཆོད་པ་དབུལ། །དངོས་གྲུབ་གང་འདོད་ཐོབ་པར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། འཇམ་དཔལ་ཞི་བའི་ལེའུ་སྟེ་ང་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཐར་བྱེད་འབྱུང་བའི་སྦྱོར་བ་འདི་བཤད་དོ། །དང་པོའི་སྦྱོར་བ་འདི་ལྟ་སྟེ། །གཤིན་རྗེ་གཤེད་ཀྱི་སྦྱོར་བ་ལས། །ཐར་བྱེད་འབྱུང་བའི་འཕྲིན་ལས་འདི། །མྱོས་དང་མགོ་འཁོར་བརླམས་པ་དང་། །ཡིད་འཁྲུག་ཁྲག་ཏུ་སྒྱུག་པར་བྱེད། །སྒྲུབ་པའི་མཐར་བྱེད་དྲུག་ཏུ་བཤད། །ཡ་མ་ཐར་བྱེད་སྦྱོར་བ་ནི། །ཡི་བཏགས་གོས་ལ་ཐང་བ་བྱ། །ཐིག་བཞི་བཏབ་ལས་སུམ་བརྩེགས་བསྐོར། །འཁྲུལ་མིག་བརྒྱད་དང་བཅུ་གཉིས་དང་། །མཐའ་མ་བཅུ་དྲུག་ལྡན་པར་བྱ། །བཅུ་བདུན་སྔགས་ཀྱིས་མཛེས་བྱས་ལ། །བཅུ་དྲུག་དབྱངས་ཀྱིས་ལེགས་པར་བསྐོར། །ཧྲི་སྟི་སྔགས་དང་ལྟོ་སྦྱོར་ལ། །ཡ་མ་རྭ་ཇོའི་ཚོགས་བཀུག་ལ། །བྱིན་བརླབས་བསྟན་པའི་ངར་དང་ལྡན། །གསང་མཛོད་བཞི་དང་འབུབ་གནས་སུ། །བསྒྲལ་བའི་ཞིང་བཅུ་བཀུག་ལ་བཞག །བདག་ཉིད་གཤིན་རྗེ་ཐར་བྱེད་སྐུ། །ཡུམ་དང་བཅས་པ་བསྒོམ་བྱས་ལ། །ཕྱོགས་བཅུའི་ཡ་མ་ཐམས་ཅད་ཀུན། །མ་ལུས་རྔམ་མམ་དྲེགས་པའི་ཚུལ། །བཟླས་པའི་སྙིང་པོ་མ་ནོར་བར། །སྒྲ་དང་འདུ་བྱེད་རབ་སྤངས་ཏེ། །རབ་ཏུ་སྡང་མིག་སྡང་སེམས་བཅས། །གཡེང་དང་བཅས་པའི་སེམས་སྤངས་ལ། །ཉིན་མཚན་རྒྱུན་དུ་དཀའ་ཐུབ་བརྟན། །བར་བར་བསྐུར་ཞིང་ལས་གཉེར་གཏད། །བཅོལ་བའི་ལས་ཀྱིས་སྔགས་བཞི་ཡང་། །ཉིན་མོ་བཟླས་ཤིང་ཕོ་ཉ་རྦད། །ཧྲི་སྟི་མཚན་མོ་རྦད་ཅིང་དགུག །རིགས་ཀྱི་རྒྱལ་པོས་བརྒྱན་བྱས་ལ། །དབང་སྡུད་དྲག་པོའི་ལས་དང་སྦྱར། །མི་དམིགས་གཙོ་བོའི་སྔགས་རྒྱས་གཟིར། །སྒྲོལ་དང་མཐར་ཕྱིན་གནས་ལ་དགོད། །ཁྲོ་བོས་རིགས་ཀྱི་ཏིང་འཛིན་བརྒྱུན། །སྒྱུ་མའི་དབང་བསྐུར་ཏིང་འཛིན་རྟེན། །གོ་འཕང་བླ་མེད་སྦྱོར་བས་བགྲོད། །རྗེས་སུ་བརྟེན་ཅིང་ཆོ་འཕྲུལ་ལྡན། །ཐུགས་རྗེས་ཞེ་སྡང་གནས་སུ་སྒྲོལ། ཁྲེས་རབ་སྦྱོར་བས་འདོད་ཆགས་སྒྲོལ། །ཡེ་ཤེས་སྒྲོལ་མས་གཏི་མུག་སྒྲོལ། །ཡོན་ཏན་བདེ་བས་ང་རྒྱལ་སྒྲོལ། །གཏང་སྙོམས་ལྷག་པས་ཕྲག་དོག་སྒྲོལ། །མེ་དང་འོད་དང་སྦྲང་བུའི་ཚུལ། །མེ་ལྕེ་དྲོད་ཀྱིས་སྦྲང་རྩི་ལྟར། །བདུད་དང་མུ་སྟེགས་རྒྱལ་པོ་དང་། །ལོག་པའི་སེམས་འཆད་དགྲ་དང་བགེགས། ཁྲེས་རབ་ཐབས་ཀྱིས་གཟིར་ནས་སྒྲོལ། །ཐ་དད་སྦྱོར་བའི་འབྲེལ་བ་ཡིས། །ཡིད་ཞབྲུག་ཁྲག་སྒྱུག་སྒྲོལ་བ་མཆོག །རལ་གྲི་ཐོག་མཐའ་སྐྲུ་གྲིའི་སྔགས། །གནས་དང་གནད་པ་མ་ཡིན་རྟེན། །ཉོན་མོངས་ལས་དང་སྡུག་བསྔལ་སྲོག རྒྱུ་དང་རྒྱུ་མིན་བག་ཆགས་བླ། །བསྒྲལ་ནས་ཐར་པའི་གནས་སུ་སྒྲོལ། །དེ་ལ་དྲག་པོའི་སྟོབས་དང་ལྡན། །ལས་དང་བྱ་བའི་རྩོལ་བ་རྣམས། །ཉམས་ཀྱི་དྲོད་དང་ལྡན་པར་སྦྱར། །མི་འམ་ཕག་གི་མགོ་བོ་ལ། །གི་ཧ༷་རྒྱ་སྐྱེགས་ཁྲག་གིས་བྲིས། །རྒྱ་གྲམ་རི་རབ་གྲུ་གསུམ་ལ། །འོག་ནས་འབྱུང་བའི་གསང་སྔགས་དང་། །གང་ཡང་དམིགས་པ་སྤེལ་བྱས་ལ། །རཀྟ་དུག་གི་ཆུ་ཡིས་བྲན། །དགྲ་དང་མུ་སྟེགས་གནོད་བྱེད་ཀུན། །བདུད་དང་སྲིན་པོ་མ་ལུས་རྣམས། །གཟིར་ཞིང་མནན་པ་དྲག་ཏུ་བྱ། །མི་མཐུན་ཕྱོགས་སུ་འདུལ་བྱེད་འདུ། །སྐུར་བསྒོམས་ཐམས་ཅད་བསྒྲལ་ཞིང་བརྣག ཁ་སྦྱོར་ཐོད་པ་སྔར་བཞིན་བཅའ། །ཞེ་སྡང་ག་་ཁྲོའི་ཕྱོགས་སུ་གནན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་སྔགས་ཀྱི་སྦྱོར་བ་འདི་དག་བཏོན་ཏོ། །ཧྲི་ཉི་པི་ཀྲི་ཏྭ་ན་ན་ཧཱུཾ༷་ཆེ་གེ་མོ་ཤ་ཆུན་ནཱ་ཤ་ཡ་མུ་ར་ཡ་རྦད། ཡ་སོགས་བཅུ་བདུན་སྔ་མ་བཞིན། ཧྲི་སྤྱི་ཏྭ་ན་ན་སྟི་ཨ་ཏི་ནན་ཧཱུཾ༷་ཆེ་གེ་མོ་ཤ་ཅུ༷་ནཱ་ཤ་ཡ་སྟ༷་བྷ་ཡ་ནན། བྱ་བ་ཀུན་རྫོགས་ཡ་མའི་ལས། །མཐར་བྱེད་འབྱུང་བ་དང་པོར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །གཤིན་རྗེ་མཐར་བྱེད་ཀྱི་ལེའུ་སྟེ་ང་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལོག་འདྲེན་ཐར་བྱེད་ཀྱི་སྦྱོར་བ་འདི་བཤད་དོ། །རང་བཞིན་གྲུབ་པའི་གནས་བཙལ་བ། །བདུད་དང་སྲིན་མོ་རྔམ་པའི་ཚོགས། །མུ་སྟེགས་དགྲ་དང་དམིགས་པའི་གདོན། །གདུལ་ཕྱིར་ལོག་འདྲེན་ཐར་བྱེད་བསྐྲུབ། །འཕྲིན་ལས་རྒྱལ་པོ་འཁྲུལ་འཁོར་བཅའ། །འཁོར་ལོ་སྔ་མ་བཞིན་བྲིས་ཡ། །འཁོར་ལོ་དབུས་ཀྱི་ལྟེ་བ་ལ། །བདུད་རྣམས་བསྔགས་པའི་སྙིང་པོས་བསྐོར། ཁྲར་དུ་དྲི་ཟའི་སྙིང་པོ་བྲི། །ལྷོ་རུ་གྲུལ་བུམདེབཞིནབྲི། །ནུབཏུ་ཀླུ་ཡི་སྙིང་པོ་བྲི། །བྱང་དུ་གནོད་སྦྱིན་རྒྱུད་གྲོལ་གནས། །དུ་ན་བིསྒྱུན། རསྒ་ཀྲ་ཧཱུཾ། ཏིར་རྒྱ་ཀ་ཏ་ཙ། ནཱ་ག་ཧྲི་ཏ་ནན། ད་པ་ར་ཧཱུཾ༷་ཡ༷། གསང་མཛོད་བཞི་ཡི་མུན་ཁང་དུ། །སྲོག་དགུག་དབྱེ་དང་གསད་གཟིར་བཞི། །སྙིང་པོ་མདའ་དང་བཅས་པ་དགོད། །ནི་ཛ་ཨུ་ཀརྙ་ཡ། ནི་བ་སྐྲུ་ཕཊ། དྲི་བཱ་ར་ཡ་རྦད། དྲི་སྲོག་ལ་བིསྒྱུན། ཐོད་པ་རློན་པ་བྲིས་བྱས་ལ། །མུ་ཁྱུད་ཐོད་པའི་འཕྲེང་བས་གཏམས། །ཕྱི་རོལ་སྦྲུལ་གྱིས་ཡོངས་སུ་བསྐོར། །རྣམ་པར་ཚེ་བའི་གཟུགས་བྱས་ལ། །ཁྱི་སྤྱང་དར་མའི་ཐོད་པར་ལྡན། །ཡང་ན་ཁམ་པའི་ག་འུར་བཅའ། །དར་རམ་སྐུད་པ་དམར་པོས་བཅིངས། ཁྲུ་གསུམ་དབུས་སུ་བཞག་པར་བྱ། །རྩེ་གཅིག་ཕྱག་རྒྱའི་སྐུར་བསྒོམས་ལ། །ག་་མོ་མི་ཟད་མི་རོ་ཟ། །གཡས་པ་རལ་གྲི་ལྕགས་ཀྱུ་གཡོན། །གནོད་སྦྱིན་ལྤགས་པའི་ཐོད་པས་རྒྱན། །རླུད་ངམ་ཡིད་ཀྱི་རྟ་ལ་ཤོན། །གཤོན་ནུ་ནོར་བུས་བརྒྱན་པའི་ཡུལ། །བཅས་ལ་ཞག་གསུམ་དྲག་པོར་བཟླས། །བགེགས་དང་ལོག་འདྲེན་དབང་དུ་འདུ། །གཞན་ཡང་དེ་བཞིན་ཁྲོ་ཞིང་རྔམ། །དཀར་དམར་སེར་དང་སྨུག་ལྗང་ནག །སོ་སོའི་ཆ་ལུགས་རྔམ་པའི་གཟུགས། །མགོན་པོ་གཤིན་རྗེ་ནག་པོ་ཡིས། །བགེགས་དང་ལོག་འདྲེན་གཟིར་ཞིང་རྦོད། །རྔམ་པའི་ཞལ་དུ་ཟ་ཡིན་རོལ། །ཉིན་ཞག་གསུམ་གྱིས་བཟླས་པ་རྫོགས། །ཡང་ནས་ཡང་དུ་གཟིར་ཞིང་གནན། །ལན་གྲངས་སྟོང་རྩ་གཅིག་ཏུ་བརྡེག གཏད་པ་གོང་གསུམ་རྒྱ་གྲམ་སར། །མ་ཡེངས་བརྩོན་འགྲུས་བརྒྱ་སྟོང་མཐར། །བདེ་བ་མེད་པའི་གཟུགས་རྣམས་གནན། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་སྔགས་འདི་བཏོན་ཏོ། །དུ་ན་སྟི་ན་ནན། རསྒ༷་ཀྲ་ཧཱུཾ༷། ཏིར་རྒྱ་ཀ་ཏ་ཛ། ནཱ་ག་ཧྲི་ད་ནན། ད་པ་ར་ཧཱུཾ༷་ཡ༷་ནི་སྐྱུ་ར་ཡ་རྦད། སྦྱོར་བ་བཞི་དང་ལྡན་པར་གདགས། རྒྱལ་མཚན་མེ་ལོང་གི་རྒྱུད་ལས། ལོག་འདྲེནམཐར་བྱེད་ཀྱི་ལེའུ་སྟེ་ང་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྤྱིན་མཐར་བྱེད་ཀྱི་སྦྱོར་བ་འདི་བཤད་དོ། །ཞིང་རས་རྒྱུ་ལ་འཁོར་ལོ་བཅའ། །མུ་ཁྱུད་གསུམ་བསྐོར་ཐིག་བཞི་གདབ། །ཞབྲུལ་དམིགས་བརྒྱ་དང་བཅུ་གཉིས་གདབ། །མཐའ་མ་བཅུ་དྲུག་གཅོད་པའི་གནས། །ཡ་སྟེ་ཙ་བ་ལ་ལས་སྐྱེད། །མེ་ལ་སྲོག་སྟེ་ཏ་ལ་སྡུད། །གཡོ་བྱེད་སྒེ་ལ་ཁྱབ་པར་གསལ། །རྩ་བའི་འཁོར་ལོ་ཀློང་བུ་མིག ར་སྟེ་སྲོག་བྱེད་ཙ་ལ་སྡུད། །ས་ཏེ་སྐྱེད་པ་ཏོ་ཏེ་སྨིན། །རུ་ཡིས་འཕུལ་ཞིང་ན་ལ་འབེབས། །ཡོ་ལ་གཡོ་མེད་ནི་ལ་སྲོག །ར་སྟེ་སྤོར་བྱེད་ཡ་ཡིས་བསྐྱོད། །ཙ་དེ་དབང་བྱེད་ནི་ལ་ཐིམ། །གཤེད་བདག་འཁོར་ལོས་གཅོད་ཅིང་འབིགས། །མཐའ་མ་དྲག་པོ་སྤུ་གྲིར་ལྡན། ཁ་སྦྱར་མིང་རུས་ཐོད་པར་ལྡན། །མཐིང་ནག་དབུས་སུ་བརྣག་པ་གཞུག །རང་ཉིད་གནོད་སྤྱིན་མཐར་བྱེད་སྐུ། །ཡབ་ཡུམ་ཡན་ལག་རྫོགས་པར་བསྒོམ། །གཉིས་མེད་བྱང་ཆུབ་སེམས་སྤྲོས་པས། །ཡུམ་གྱི་པདྨར་འཁྱིལ་ཞིང་འདྲིལ། །འཕྲོས་པས་སངས་རྒྱས་བྱང་ཆུབ་མཆོད། །བདག་དང་བཅས་པའི་གཟུགས་བསྒྲལ་ནས། །སླར་འདུས་ཡུམ་དང་བཅས་ལ་མྱོས། །གདུག་པ་འདུལ་ཕྱིར་འོད་ཟེར་སྤྲོས། །ཁྲོ་བོ་ཆེན་པོའི་དགྲ་སྟོན་པ། །ལས་ཀྱི་མཐར་བྱེད་འཕྲིན་ལས་བསྐུལ། །སྡང་བྱེད་གནོད་སྤྱིན་མཐར་བྱེད་ལྟར། །བར་ཆད་མེད་པར་སྤྲོ་ཞིང་དགུག །དེ་དག་ཟིལ་གྱིས་གནོན་ཅིང་འཇོམས། །དེ་ཡིས་དངོས་དང་སྐུ་ཡི་མདངས། །ནག་པོ་ཆེན་པོ་གནོད་སྦྱིན་འཁོལ། །དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ། །ཐོད་པ་སྦྲུལ་མགོའི་དབུ་རྒྱན་ཅན། །ཕྱག་གཡས་ཞིང་ཆུང་བན་དྷ་གཡོན། །སྤྱན་གསུམ་མཆེ་གཙིགས་བརྐྱང་བསྐུམ་བཞུགས། །མི་མཐུན་བགེགས་དང་སྡང་བའི་དགྲ། །མ་ལུས་འཕྲིན་ལས་མཆོག་གིས་འཇོམས། །དྲེགས་པ་ཁྱོ་ཤུག་གདན་ལ་འདུག །ཞིང་ཆེན་གཡང་གཞིས་བརྒྱན་བྱས་ནས། །གླང་ཆེན་སྟག་དང་ཐོད་སྐྲུལ་བརྒྱན། །འདྲེན་པའི་སྟོབས་ཀྱིས་འགུགས་ཤིང་འཆིང་། །ལས་ཀྱི་རྒྱལ་པོས་སྒྲོལ་གྱིན་སྟོབས། །འགྲོ་བའི་ཤེས་པ་རི་པ་དབྱིངས་ལ་དགོད། །ཞེ་སྡང་ཐུགས་འཆང་ཁྲོ་བོའི་རྒྱལ་པོས་གནན། །གདུག་པར་གྱུར་པའི་ས་རུ་ཐོད་མཁར་གདབ། །ང་རྒྱལ་ལ་སོགས་དུག་གསུམ་ལྟོ་བར་འཆང་། །ཡེ་ཤེས་ངང་ལས་ཐམས་ཅད་རྫོགས་པར་བྱེད། །རྟག་ཏུ་གསོད་ཅིང་གནན་པའི་སྙིང་པོ་བཟླས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་གསང་སྔགས་འདི་བཏོན་ཏོ། །ཨོ་ཧྲི་སྒྱི་བི་ཀྲི་ཏྭ་ན་ན་ཙ་ཡ་ར་མ་ཏ་ཧཱུཾ༷་ཕཊ། བ་ཡུ་ཡ༷་ཁ༷་མེ་དྲ་ཧྲི་སྟི་ཨ་མུ་ཀ་མྱ་ར་ཡ་རྦད། འཁོར་ལོ་བསྐོར་ཞིང་གསང་སྔགས་བཟླས། །གསང་སྔགས་མི་བུལ་མི་དྲག་པར། །བཟླས་ན་ཡིག་འཁྲུག་མྱོས་ཤིང་གསོད། །རབ་ཏུ་བརྒྱལ་ནས་ཐལ་བར་འཇིག །གནན་པ་གདུག་པའི་ས་རུ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །གནོད་སྦྱིན་མཐར་བྱེད་ཀྱི་ལེའུ་སྟེ་དྲུག་ཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཡི་བཏགས་མཐར་བྱེད་ཀྱི་སྦྱོར་བ་བཤད་དོ། །མཐར་བྱེད་འབྱུང་བའི་དཀྱིལ་འཁོར་ནི། ཁྲུ་བཞི་དབུས་སུ་ཕོ་བྲང་བརྩམ། །མེ་ཐབ་ཨེ་ཡི་ཕྱོགས་ཅན་ལ། །བང་རིམ་སུམ་བརྩེགས་ཁ་ཁྱེར་ཅན། །ངོས་ལ་མི་ཡི་འཕྲེང་བ་གདགས། ཁ་ཁྱེར་རྡོ་རྗེ་ར་བ་ལ། །མུ་རན་ཐོད་པའི་འཕྲེང་བ་སྟེ། །བསྲེགས་ཤིང་མིང་རུས་ཤིང་དང་སྦམ། །མེ་ལ་ཁ་དོག་ཤིན་ཏུ་གནག །རིད་པ་ཞུགས་གླིང་བགྲང་འཕྲེང་བསྣམས། །མཐར་བྱེད་བེ་ཅོན་ཐོད་པ་ཐོགས། །ཚུལ་བཞིན་སྤྱན་དྲངས་མཆོད་དང་བསྟོད། །གང་ལྟར་འདོད་པའི་འཕྲིན་ལས་བཅོལ། །སྤྱིན་སྲེག་མཆོད་རྫས་བརྣག་པའི་གཟུགས། །དུག་དང་ལམ་ཚྭ་ཐར་ནུ་ཁྲག །སྐྱེ་ཚེ་སྦྲང་རྩི་ཉུངས་ནག་ཚིལ། །གུ་གུལ་ནག་པོ་ལྕགས་ཕྱེ་རུས། །བདག་ཉིད་ལྔ་ཡི་སྐུར་བསྒོམས་ལ། །མཆོད་པ་གསང་སྔགས་བརྒྱ་ཡིས་དབུལ། །ཕྱག་རྒྱ་ཟིལ་གནན་མཚོན་ཆས་གཏུབ། །དཀྱིལ་འཁོར་བསྐོར་གིན་གསང་སྔགས་བཟླས། །མར་ཁུ་ཆེན་པོ་གསུམ་གྱིས་དབུལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་གསང་སྔགས་འདི་བཏོན་ཏོ། །ཨོ་ཧྲི་སྟི་པར་ཁ་ན་ར༷་ར༷་ལ༷་ཁ༷་ཨ་མུ་ཀ་ར༷་ཤཱ་ཡ་ཧཱུཾ༷་ཕཊ། རྒྱལ་མཚན་མེ་ལོང་གི་རྒྱུད་ལས། ཡི་བཏགས་མཐར་བྱེད་ཀྱི་ལེའུ་སྟེ་རེ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུ་མཐར་བྱེད་ཀྱི་སྦྱོར་བ་འདི་བཤད་དོ། །སྲིན་པོ་ཀླུ་དབང་ཀུན་བསྡུས་ནས། །མཐར་བྱེད་འབྱུང་བའི་འཕྲིན་ལས་བརྩམས། །དཀྱིལ་འཁོར་གྲུ་བཞི་ཕོ་བྲང་ཟླུམ། །ཟླ་ཁམ་བཞི་དང་ལྡན་པ་ལ། །དཀར་ནག་སྦྲུལ་དང་ཐོད་པས་བརྒྱན། །དབུས་སུ་ཡ་སྟེ་ཤར་དུ་ཏ། །ཡོ་ནི་ལྷོ་ལ་རུ་ནི་ནུབ། །བྱང་དུ་ར་དགོད་ཟླ་ཁམ་སྟེང་། །བདག་ཉིད་འཆིང་བྱེད་བྱད་ཀྱི་སྐུ། །དབུ་གསུམ་ཕྱག་དྲུག་དཀར་དམར་གནག །བ་སྐྲུ་གསལ་ཞིང་ལྕགས་ཀྱུ་གཡས། །ཆུ་གྲི་ཀ་ཏ་རྒྱ་གྲམ་གཡོན། །གླང་ཆེན་སྟག་ཤམ་ཞིང་ཆུང་བརྒྱན། །དུར་ཁྲོད་ཀླུ་དབང་རྒྱན་མཆོག་ལྡན། །མ་ལུས་སྐུ་ལ་སོགས་པ་ལ། །གདུག་པ་འདུལ་བའི་གླུ་འདི་བླང། །མི་ཤིགས་རྡོ་རྗེ་གར་གྱི་བདག །རྡོ་རྗེ་གསང་བ་གཤིན་རྗེ་ཡི། །འཕྲིན་ལས་རྒྱལ་པོ་གྲུབ་པའི་ལས། །མཚན་མ་གསུམ་གྱིས་བྱིན་རླབས་ལ། །གསང་སྔགས་བཟླས་པའི་འོད་ཟེར་གྱིས། །ནམ་མཁའ་དང་ནི་འོད་ཀྱི་ལུས། །ཕཊ་ཅེས་བརྗོད་ལས་བསྐུལ་ཞིང་འཕོ། །འཇིག་རྟེན་ཁམས་རྣམས་འོད་ཀྱིས་འགེངས། །ཡེ་ཤེས་མེ་ཡིས་སྲེག་ཅིང་སྦྱོང་། །སྟོང་ཞིང་གང་ཞིང་འོད་འཕྲོས་ནས། ཁྲེས་རབ་ཡེ་ཤེས་མེ་བོ་ཆེ། །ཀུན་གྱི་བག་ཆགས་སྦྱོང་བར་བྱེད། །ནམ་མཁའ་ཉིད་ལས་འོད་ཟེར་འབྱུང་། །སྔགས་ཀྱི་འོད་ཟེར་འཕྲོ་ཞིང་འདུ། །སེམས་ལས་བྱུང་བའི་ནམ་མཁའ་སྲེག །འཕྲིན་ལས་གདོན་མི་ཟ་བར་འགྲུབ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་གསང་སྔགས་འདི་བསྟན་ཏོ། །ཨོ་མ་ཧྭ་ནཱ་ག་ཡ་ནི་སྨིག་ཏ་བུར་བེ་ཡ་ར་ནེ་ཛ་ཆེ་གེ་མོའི་སྲོག་ལ་བཱ་ར་ཡ་རྦད། གསང་སྔགས་སྤེལ་ན་འཕྲིན་ལས་མཆོག །མཐར་བྱེད་འབྱུང་བའི་གནན་པར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །ཀླུ་མཐར་བྱེད་ཀྱི་ལེའུ་སྟེ་རེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རོ་ལངས་ནག་མོའི་སྦྱོར་བ་འདི་བཤད་དོ། །དང་པོ་ཤིན་ཏུ་དབེན་པ་ཡི། །བྲག་དང་དུར་ཁྲོད་ས་ཕུག་ཏུ། །ས་གཞི་གནག་ལ་རྩུབ་པ་ལ། །ཁྲུ་གང་མདའ་གང་ལེགས་པར་བཤམ། །དབུས་སུ་གྲུ་གསུམ་ནག་པོ་ལ། །རྩིབས་བཞི་སྤྲུལ་གྱི་ཆུན་པོས་རྒྱན། །སྒོ་བཞི་ཐོད་པ་དྲིལ་བུ་བཞི། །གཏོར་མ་ཤ་ཆེན་དུག་སྣ་འབྲུ། །མེ་ཏོག་ཁྲག་སྣ་དུག་ཆུ་ཆང་། །བཤམས་ལ་ལྕང་ལོ་ལྔ་དང་ལྡན། །དབུས་སུ་བདུད་རྩི་པདྨའི་ཁྲག །གསུར་དང་མཆོད་པ་དུར་ཁྲོད་བརྒྱན། །བཤམས་ལ་མཐིང་ནག་གུར་གྱི་གདབ། །རྩིབས་བཞིར་བན་དྷ་བྱ་རྒོད་སྙིང་། །གསེར་དང་སྦྲུལ་གྱི་ཕྱེ་མ་དང་། །སེར་བ་ཕྱི་ནང་ཆུ་ཡིས་དགང་། །ཐོག་ཐག་བཞི་ཡི་རྫས་སུ་བཤམ། །དབུས་སུ་རོ་ལངས་ནག་མོའི་སྐུ། །འགྱིང་བག་རྔམ་ཚིག་ནུ་མ་འབུར། །ཡན་ལག་རགས་ལ་ཚིགས་མིག་ཟླུམ། །སྤྱན་གསུམ་ཁྲག་གི་མཆི་མ་འཛག ཞལ་གདངས་མཆེ་གཙིགས་དུག་རླངས་འཕྲོ། །གཡས་པ་བརྩེ་གསུམ་བན་དྷ་གཡོན། །སྐུ་ལ་ཞིང་ལྤགས་སྦྲུལ་གྱིས་མཛེས། །ཐོད་པ་རྡོ་རྗེ་རྒྱ་གྲམ་གཏམས། །ཞབས་གཉིས་མ་སྟང་ཉི་མའི་སྟེང་། །རྩིབས་ལ་དྲེགས་པའི་ཐོག་བདག་བཞི། །མ་ལ་སྐུ་བསྐྱེད་རལ་པ་ཅན། །སྨུག་ནག་འཇིགས་པའི་ཞིང་ལྤགས་གསོལ། །དབུ་ལ་གསེར་དང་མུ་ཏིག་བརྒྱན། །གཡས་པ་རལ་གྲི་བན་དྷ་གཡོན། །སྦྲུལ་དང་ཐོད་རློན་ཀུན་ལ་མཛེས། །དྲི་ཟ་ཀླུ་འབུམ་ཀླུ་དབང་དང་། །གནོད་སྦྱིན་གདན་ཡ་རིམ་བཞིན་དགོད། །སྒོ་བཞིར་ཁྲོ་བོ་ཁྲག་གིས་དགང་། །བསྙེན་པའི་དྲོད་དང་རྟགས་ཕབ་ལ། །བ་སུའི་སྦྲུ་སུ་མ་ལ་གདགས། །གྲི་ལྕགས་གཟར་བུས་རྨེ་ཁྲག་བརླབ། །གསུར་དང་རྒྱ་ཤུག་དུད་པས་བདུག ཕྱག་འཚལ་བསྐོར་བ་བྱེད་ན་བསྡུ། །རྒྱང་ལམ་སྦྱོ་བ་བྱེད་ན་དབྱེ། །ཁྲོ་ཚིག་མེ་རླུ་་ཕྱག་རྒྱས་གཟིར། །ཆ་ལུགས་མི་སྡུག་གནག་ན་བྲབ། །མི་ཤི་ས་ལྟས་ལོག་ཤིས་གཟིར། །དཀར་མོ་མཛེས་ན་བཞད་ན་བླང་། །འོ་བྱེད་སྦྱོར་བ་བྱེད་རབ། །སྦྱོར་བ་མདངས་ཀྱི་མཆོད་པ་དབུལ། །ཕོ་བྲང་དབུས་སུ་དམ་རྫས་བསྡུ། །གཡོག་མོ་བཞི་ལ་ཕྱག་རྒྱ་བསྟན། །བྲན་མོའི་ཚུལ་དུ་ལས་ལ་བསྔགས། །རྒྱལ་བའི་བཀའ་ནོད་ཡུན་དུ་སྲུན། །གསང་བ་བཅུད་ཀྱིས་དྲོད་བླངས་ལ། །མ་མོ་སྲིན་མོ་ཤ་ཟ་མོ། །ཕོ་ཉ་མོ་དང་ལས་བྱེད་མ། །ཀུན་གྱི་སྙིང་པོ་གསང་སྔགས་བརྡེག །ལིང་ཀ་ཐོད་པ་མིང་རུས་ལ། །ཉུངས་ཀར་ཐལ་བས་དོང་དུ་བྲབ། །ཐུན་སྔགས་སྦྱོར་བས་རིམས་ནད་འབེབས། །གསང་སྔགས་སྦྱོར་བ་གསུམ་དུ་སྦྱར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་གསང་སྔགས་ཀྱི་སྦྱོར་བ་འདི་བཏོན་ཏོ། །ཨོ་རག་མོ་ཏེ་ཀུན་སྙིང་ཁ་རག་མ་བྲེང་བྲེང་། ཙ་དུན་སྙི་ཛ། རག་མོ་ཙ་ལ་བ༷་རིལ་སྲོག་ལ་ཧུར་ཐུམས། ཙིསྟ་ཧེ་ཧེ་མ་དྷ་ལ་སྨྱོ།མ་མ་སྙིང་ཁ་རག་མོ་དགྲ་ལ་ཐུན་རྦད། རག་མོ་རག་ཤ་ཙིསྟ་ལ་རྦད། ཁུག་ཐང་ཙ་རྦད། རུ་ལུ་ཁ༷་མྱགས་སྲོག་ལ་རྦད། བོད་པ་མེ་འབར་དྲོད་ལ་བརྟག རྦད་པ་བླ་དང་བཀྲག་མདངས་དབྱེ། གསད་པ་མངོན་བྱུང་མཚོན་བརྡེག་ལྟར། སྨྱོ་ཡིས་བཏབ་ལ་དྲག་ཏུ་འཕང་། ལུས་དང་ཡུལ་དབང་འཕྲོག་ཅིང་གསོད། གཡོ་མེད་སྤོགས་པ་མེད་པར་བཤད། རྒྱལ་མཚན་མེ་ལོང་གི་རྒྱུད་ལས། རོ་ལངས་ནག་མོ་སྒྲུབ་པའི་ལེའུ་སྟེ་རེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རོ་ལངས་དམར་པོའི་སྦྱོར་བ་འདི་བཤད་དོ། །བྲག་དང་ཆུ་གླིང་མཆོག་གི་སར། །ས་སྣ་གསུམ་ལ་སྟེགས་བུ་བྱ། །ཁྲག་སྣ་གསུམ་གྱི་ཆག་ཆག་གདབ། །དབུས་སུ་ཟླ་ཁམ་ཁ་སྤྲོད་བྲི། །ཐོད་པ་དགུ་ཡི་འཕྲེང་བས་བསྐོར། །ཕྱི་རོལ་རྒྱ་གྲམ་རྩེ་མོ་བཞི། །རིགས་དང་མཐུན་པའི་ཁ་དོག་ལ། །མུ་རན་ཐོད་པ་གོངམབཞིན། །གྲུཆདསྒོ་བཞི་རྒྱན་དང་ལྡན། །དབུས་སུ་ཞིང་བསྣོལ་ཉི་མའི་གདན། ཁྲ་ལས་རོ་ལངས་དམར་པོའི་སྐུ། །ག་་ཁྲོ་མོ་བཟད་ཁྲག་གི་ཀློང་། །སྐུ་སྟོད་ཞིང་ལྤགས་གཡང་གཞི་ལ། །ཐོད་པ་རྡོ་རྗེ་རྒྱ་གྲམ་རྒྱན། །སྐུ་སྨད་དྲེད་ཤམ་དྲིལ་བུས་བརྒྱན། །སྙིང་གི་འཕྲེང་བ་དོ་ཤལ་ཚུལ། །རིན་ཆེན་དབུ་རྒྱན་སྦྲུས་མགོས་གདེངས། །གཡས་པ་འཁོར་ལོ་བན་དྷ་གཡོན། །རྒྱ་གྲམ་ཞིང་རྐྱང་ཟླ་བའི་གདན། །མཁའ་འགྲོ་མགོ་བརྙན་བཞི་ཡི་སྐུ། །སྨུག་ནག་སེར་ནག་དམར་ནག་ལྗང་། །གཡང་གཞི་ཐོད་སྦྲུལ་སྦྲུལ་པའི་མགོ །གཡས་པ་གྲི་ཁུག་གཡོན་བན་དྷ། །བརྒྱ་ཡིས་བོས་ལ་ཁྲི་ཡིས་བསྡུ། །གསང་སྔགས་སྦྱོར་བ་སྔ་མ་བཞིན། །ཐོད་པའི་ཕྱི་རོལ་གསང་སྔགས་ལྡན། །ནང་དུ་མིང་རུས་ཁྲག་དང་དུགགསང་སྔགས་བཟླས་ཤིང་རག་ཏས་མཆོད། །གྲུབ་ནས་རྦད་ལ་ཐུན་གྱིས་བྲབ། །སྲོད་གཅོད་ཤན་པས་ལས་གཉེར་གཏད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་གསང་སྔགས་འདི་དག་བཏོན་ཏོ། །ཨོ་རག་མོ་མ་ཧི་བཛྲ་སྙིང་ཁ་རག་མ་སྲོག་ལ་རྔུབས་རྔུབས་ཛ། རག་མོ་སྙིང་རྩ་ཤོན་བ༷་རིལ་ལི་སྨྱོ། ཙིསྟ་གཤོགས་རསྒ་ཁ༷་རྦད་སྲོག་ལ་ཐུན་ཡ༷་ཤོ་ན་ཐུན་མུགས་དྲི་རྦད། ཕྱི་ནང་གསང་བའི་དྲོད་ལ་བརྟག །སྔ་མ་བཞིན་དུ་ལས་ཀུན་བརྡེག །ཐོད་མདའ་ཁྲག་གི་སྦྱོར་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །རོ་ལངས་དམར་མོའི་ལེའུ་སྟེ་རེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། །ལྷ་མོ་ནག་མོའི་གསང་སྔགས་ཀྱི་སྦྱོར་བ་འདི་བཤད་དོ། །གཞན་ཡང་ལྷ་མོ་ནག་མོ་ཡི། །གསང་བ་སྔགས་ཀྱི་སྒྲུབ་པ་ཡང་། །རི་གསུམ་རྩེ་དང་ཆུ་གླིང་མདོར། །ནག་པོ་གསང་བའི་དམོད་པ་ཡང་། །མཎྜལ་ཁྲུ་གང་ཆག་ཆག་གདབ། །གྲུ་བཞི་མཛེས་པ་རོ་དང་བཅས། །དབུས་སུ་གྲུ་གསུམ་ཟོད་པས་བསྐོར། །ཕྱི་རིམ་རྡོ་རྗེ་རྒྱ་གྲམ་ལ། །ཐོད་པའི་འཕྲེང་བ་དག་དང་ལྡན། ཁྲུ་ཆད་མཚོ་གླིང་བཞི་དང་བཅས། །སྒོ་བཞི་དུར་ཁྲོད་ཞིང་གིས་སྦྲས། །མཆོད་པའི་རྒྱན་དང་དྲ་བས་མཛེས། །གནས་ཀྱི་དཀྱིལ་འཁོར་རྒྱན་དང་ལྡན། །གཏོར་མ་རག་ཏ་མཆོད་པའི་རྫས། །བདུད་རྩི་གླིང་བུ་གསུར་ཆེན་སྤོས། །བསེ་ཁབ་དུང་སྒོ་གཡུ་བད་བརྒྱན། །དར་དང་བ་དན་ཞིང་ཆུང་འཆང་། །དེ་མོ་བཞི་དང་སྙིང་འཕྲེང་བསྐོར། །སྟེང་དུ་ལྷོ་མོ་དྲེ་ནག་ཞོན། །ནད་དང་མཚོན་སྤྱིན་ཐོད་པ་སྦྲུལ། །དུར་ཁྲོད་ཆས་དང་ནོར་བུས་བརྒྱན། །མདུང་དང་བན་དྷ་ཐོགས་ནས་རྔམ། །སྐྲུལ་ནག་རལ་པ་རྒྱ་གྲམ་སྦྲུལ། །ཉི་མ་གཡང་གཞི་དོ་ཤལ་ཅན། །རེ་ལྡེ་ཁྲོ་ཆུ་རིན་པོ་ཆེ། །བསེ་མཁར་དབུས་ཀྱི་སྟེང་ནས་འགྱིང་། ཁྲར་ལ་སོགས་པའི་ཕྱོགས་བཞིར་ནི། །སྲིན་མོ་གསོད་པར་བྱེད་པ་བཞི། །སེང་གེ་སྟག་ཆེན་གླང་ཆེན་འབྲུག ཞོན་ནས་གཡང་གཞི་ཐོད་སྦྲུལ་བརྒྱན། །གཡོན་པ་ཐུན་གྱི་ཐོད་པ་ཐོགས། །གཡས་པ་ཀུན་གྱི་ཙིསྟ་འདོད། །བན་དྷ་རེ་དང་བཅས་པའོ། །དཀྱིལ་འཁོར་དབུས་སུ་དགོད་པར་བྱ། །མདུན་དུ་བན་དྷ་ལྕང་ལོ་མྲ །སྙིང་གསུམ་འབྲས་བུ་དབང་པོ་ལྔ། །བདུད་རྩི་དང་བཅས་རྟེན་པའི་རྫས། །རྒྱ་གྲམ་བཞི་ལ་བན་དྷ་རེ། །སྙིང་ཁྲག་དང་བཅས་དགོད་པར་བྱ། །དཀྱིལ་འཁོར་སྒོ་ཡི་ནང་འཁོར་དུ། །མི་ནག་བཅུ་གསུམ་དར་དང་ལྡན། །འབྲང་རྒྱས་ཤལ་ནག་ཟླ་ཁམ་བྱ། །བཤོས་བུ་ནག་པོ་བཞི་ཡིས་བསྐོར། །ཐ་མ་ཡོལ་དང་སྟེང་ནས་གུར། །ཞིང་ཆུང་བཞི་དང་བླ་རེས་བརྒྱན། །ལྷ་དང་རྫས་རྣམས་རྫོགས་པར་དགོད། །དཀྱིལ་འཁོར་ལྷོ་ནུབ་འབྲུབ་ཁུང་དུ། །མཚན་ངན་བན་དྷ་ལིང་ཀ་མིང་། །བཅུག་ལ་ཐུན་གྱི་རྫས་ཀྱིས་སྐོར། །ཕུར་པ་ཁྲག་སྣ་ཉུངས་ཀར་དུག །ཚ་བའི་རྒྱལ་པོ་བསྐུས་ལ་དགྲམ། །བརྣག་པ་རྟེན་གྱི་སྦྱོར་བའོ། །སྔགས་པ་གཤིན་རྗེ་ནག་པོར་བསྒོམ། །ཐུགས་ཀར་སྙིང་པོ་སྔགས་དང་བཅས། །གཙོ་བོའི་ཐུགས་ཀར་ཟླ་བ་ལ། །བཟླས་པའི་སྔགས་རྣམས་འོད་དུ་འཕྲོ། །བ་སྤུ་གསེར་གྱི་སྐྲུ་གུ་ནས། །འོད་འཕྲོས་མ་བསྐུལ་ཕྱོགས་མཚམས་གང་། །མཆོག་གསུམ་བསྡུས་ནས་སྤྱན་དྲངས་མཆོད། །རཀྟ་སྦྲེངས་ལ་གདུང་བས་བོད། །རྫས་ལ་བརྟེན་ཏེ་དངོས་གྲུབ་དབབ། །དཀྱིལ་འཁོར་དབུས་སུ་ནག་མོའི་སྐུ། །ཁྲོ་གཉེར་འཇིགས་མ་བཞད་ཅིང་འོང་། །མེ་ཡི་ཕུང་པོ་སྤོར་ཞིང་ཐོར། །ཁྲག་དང་རྒྱ་མཚོ་བསྐྱིལ་ཞིང་རློབ། །རྒྱལ་བའི་བཀའ་ནོད་རབ་ཏུ་བལྟ། །འོ་བྱེད་རྒྱན་བྱེད་སྦྱོར་བ་སྟོན། །གླུ་གར་དམག་འདྲེན་འབྲིང་དུ་བསྟན། །ལྕི་ཐིབས་འོད་སྒྲ་སྒྲུབ་ཁང་འཚེག རྒྱལ་བའི་གྲུབ་རྟགས་མཐའ་མར་བཤད། །འདོད་པ་མཐོང་ན་དྲག་པོ་བརྩམ། །བན་དྷ་དབུས་སམ་གྲུ་ཆད་འཕྲོ། །རྒྱ་གྲམ་བཞི་ལ་ལྕགས་ཕུར་དགོད། ཁུ་གསུམ་དབུས་སུ་ལྷ་མོའི་གཟུགས། །ཕབ་ལ་སྙིང་ཁར་མིང་རུས་གཞུག ཞག་བདུན་རྦད་སྔགས་གཏོར་ཆུང་རེ། །དྲག་ཏུ་བསྐུལ་ཞིང་ལྷ་དང་དཔྲལ། །སྲིན་མོ་བཞི་ལ་ལས་གཉེར་གཏད། །ཞག་གསུམ་གསང་སྔགས་ཐུན་གྱིས་བྲབ། །ཕུར་པ་བཏབ་ལ་མཚོན་ཆས་གཏུབ། །ལྷ་མོ་ནག་མོའི་ཚོགས་ལ་བཏབ། །དགྲ་ལ་བན་དྷ་ཟོར་དུ་འཕང་། །ལིང་ཀ་མིང་རུས་ཐོད་པར་གཞུག ཐོད་པ་དུར་ཁྲོད་གཏན་ལ་གནན། །མདོས་དང་གཏོར་མ་བྱང་ཤར་གཏང་། །དཀྱིལ་འཁོར་ཕྱགས་ལ་ཟོར་དུ་བརྡེག དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་གསང་བའི་སྔགས་འདི་བཏོན་ཏོ། །ཨོ་ཏབྱ་ཐུ། རག་མོ་་ག་རག་ཤ་མ་ཧི་སྲོག་ལ་ཛ་ཛ མ་མ་རག་མོ་ཀ་ལིང་སྲོག་དུན་དུན་ཛ། ་ག་རག་ཤ་མ་ཧི་སྲོག་ལ་བྲེང་བྲེང་ཐུམ་རི་ལི་ལི་སྨྱོ། ཏྲག་རག་ཤ་མ་ཧི་དུན་སྨྱོ་རེ་མ་ཏི། དགྲ་བོའི་སྲོག་ལ་ཧུར་ཧུར་ཐུམ་ཐུམ་མྱ་ར་ཡ་རྦད། གསང་སྔགས་སྦྱོར་བ་རྫོགས་པ་དང་། །རི་ལུའི་ནང་དུ་མིང་རུས་གཞུག རི་ལུའི་ཞིང་རས་སྔགས་ཀྱིས་དྲིལ། །ཕག་མོའི་ལྟོ་བར་བཅུག་ལ་གནན། །གཟུགས་དེ་འགུལ་ཁུག་འོག་ཏུ་གནན། །བརྒྱ་ཕྲག་བཞི་ཡི་སྦྱོར་བ་ཡིས། །སྦྱོར་བའི་བརྡ་དེ་རྫོགས་པར་བཏུལ། །ར་བ་བཞི་ལ་མདོས་ཀྱིས་བསྐང་། །ཐ་ཆུང་བཞི་ལ་ཟོར་གྱིས་བསྐུལ། །ནག་མོ་དུག་མདའ་གསང་བ་འདི། །སྐྲུ་གྲི་དུག་གི་ནགས་ཚལ་ལ མཛེས་པས་ཀུན་གཅོད་མི་འཆོར་བྱེད། །དུག་སྦྲུལ་ནག་པོའི་སྦྱོར་བ་བཞིན། །འཛིན་པ་མི་གཏོང་ཁོང་དུག་སྐེམས། །སྦྱོར་བའི་རོ་བཞིན་བདུན་བརྒྱུད་དུ། །དབང་པོ་ལྔ་དང་བཅས་པ་སྐྱེམས། །དུག་མདའ་ལྷ་མོ་གསང་བའི་དུག །མཚོན་ཆ་དུག་མེ་སྐྲུ་གྲི་དུག །དུག་གི་དུག་འཇོམས་སྦྱོར་བ་མཆོག །བསྡུས་པས་མཆོག་གི་སྙིང་པོར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། ལྷ་མོ་གསང་བ་དུག་མདའི་ལེའུ་སྟེ་རེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་ཀྱི་སྦྱོར་བ་འདི་བཤད་དོ། །གསོད་བྱེད་བདུད་ཀྱི་ལས་འདི་ཡང་། །དུར་ཁྲོད་མེ་རི་འབར་བ་ཡི། །གྱེལ་པའི་ཤིང་དང་བྲག་ནག་སྤུངས། །དགོན་པ་ཆེན་པོ་གནས་དག་ཏུ། །དཀྱིལ་འཁོར་ཚད་དང་ལྡན་པ་བྱ། །དབུས་སུ་གྲུ་གསུམ་ཞིང་བསྣོལ་གདན། །ཕྱི་རིམ་འཁོར་ལོ་རྩིབས་བཅུ་ལ། །ཞིང་རྐྱང་གཏུམ་པས་བཅས་པའི་གདན། །སྒོ་བཞི་རྒྱན་དང་ལྡན་པ་ལ། །རྡོ་རྗེ་དང་ནི་མེ་རིར་ལྡན། །གཏོར་མ་གཉིས་དང་རག་ཏ་གསུར། །མཆོད་པའི་རྫས་དང་དམ་རྫས་དགྲམ། །ཁྱི་དོམ་ཀ་ལི་ཏ་དང་ལུག དོམ་སྙིང་བཤམས་ལ་གཡག་རུར་གཞུག དབུསསུགཤིནརྗེནགཔོ་སྐུ། །ཡུམ་དང་བཅས་པ་རྫོགས་པར་བསྒོམ། །རྩིབས་ལ་ལྕགས་ཕུར་བཅུ་ལས་བསྐྱེད། །དང་ལ་བདུད་ཀྱི་རྒྱལ་པོ་བཅུ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་གནག །སྐུ་ལ་ཞིང་ཆེན་ཐོད་པ་སྦྲུལ། །དབུ་སྐྲ་སྤྱི་བཅིངས་སྦྲུལ་གྱིས་བསྡམས། །རལ་གྲི་ཞགས་པ་གཡས་དང་གཡོན། །རང་རང་ཡུམ་དང་འགུ་བའི་མདངས། །གཡས་པ་ཙིརྟི་བན་དྷ་གཡོན། །སྒོ་བཞིར་བདུད་ཀྱི་ཕོ་ཉ་བཞི། །གཅེར་བུ་མི་ཐོད་དོ་ཤལ་ཅན། །ཚེ་འཕྲོག་སྲོག་ལེན་བླ་ལ་རྐུ། །བཀྲག་མདངས་ཕྲལ་ནས་གཙོ་ལ་སྟོབ། །ལྕགས་ཀྱུས་དྲངས་ཤིང་ཙིསྟ་གཡོན། །བདུད་ཀྱི་སྤྲུལ་པ་གཅེར་བུ་འབུམ། །ཞགས་པས་གཟུང་ནས་ཁྲམ་ལ་འདེབས། །བཀུག་ཅིང་བསྟིམ་ལ་རཀྟ་བསྟབ། །དུར་ཁྲོད་མི་ཡི་སོག་པ་ལ། །མིང་རུས་བྲིས་ལ་གཡག་རུང་གཞུག །མཆོན་གྱི་སྐུད་པས་ཁ་བཅད་ཅིང་། །ཞིང་ལྤགས་དྲིལ་ལས་འོག་རུ་གཞུག །དུག་གི་ཐུན་བརྡེག་གཟུགས་ལ་བརྡེག །བསྒོ་བཞི་བསྐུལ་ལ་ཤེས་པ་དཔྲལ། །ནམ་གྱི་འཇིང་ལ་ར་ཟོར་འཕང་། །གཡག་རུ་དུར་ཁྲོད་རོ་ཁང་དུ། །བདུད་ཀྱི་ཁྲམ་ལ་བཏབ་ལ་གནན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་གསང་སྔགས་འདི་བཏོན་ཏོ། །ཨོ་ཡ་མ་དུན་དུན་ཁ་ལ་ཡལ་ཡལ། དམ་དམ་ཧ་བ་ཏ་ཀྲི་ཧཱུཾ༷་ཛ་ཛ། ཀྲི་ཡ༷་དུན་ཀྲིང་བླ་ཙ་ལ་ཐུ༷་ཐུ༷་སྨྱོ་ཙ་ལ་ཉལ་སྲོག་ལ་རྦད། སྒོ་དགུ་སྔགས་ཀྱི་འོད་ཀྱིས་དགང་། །ལྕགས་ཀྱི་སྡིག་པ་རྩ་ལ་འཇུག །རྩ་གཅད་ཁྲག་སྐེམས་བློ་སྙིང་འདྲལ། །བདུད་བསྒྲུབ་སྦྱོར་བའི་ལས་སུ་བཤད། །རྒྱ་མཚན་མེ་ལོང་གི་རྒྱུད་ལས། །བདུད་ནག་པོའི་ལེའུ་སྟེ་རེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དམུ་བདུད་ཀྱི་སྦྱོར་བ་འདི་བཤད་དོ། །རྭ་ཛ་ཀ་ལའི་སྦྱོར་བ་ནི། ཉམས་དགའ་དབེན་པའི་ས་ཕྱོགས་སུ། །མཎྜལ་མདའ་གང་ཁྲག་གིས་བྱུག །དབུས་སུ་དམ་རྫས་བསྙེན་པའི་སྙིང་། །དུང་ཆེན་བཀྲ་ཤིས་ཞལ་བུ་སྲ །སྙིང་གསུམ་མཐིང་ནག་ཧཱུཾ༷་གིས་རྒྱ། །དཔལ་གྱི་གཏོར་མ་རཀྟ་ཕྱི། །ནག་པོ་ཟུར་གསུམ་བཤོས་བུ་ལ། །ཐོད་པ་ལིང་ཀ་མིང་བྱང་མཐུན། །ཕུར་པ་ཁྲག་སྣ་མཚམས་སུ་བཞག སྔོ་སྣ་ཁྲག་སྣ་ཐོད་པ་རྟེན། ཁུ་ཞགས་སྐྲུ་གུ་སྙིང་པོ་རྟ། །རྟ་འབྲུག་དོན་གཉིས་གང་བསྒྲུབ་བཅིབས། །སྐུ་མདོག་ནག་པོ་ཞལ་གཅིག་པ། །དབུ་སྐྲ་སྤྲིན་ནག་གསེབ་ན་ཀློང་། །གཡས་པ་གྲི་གུག་བན་དྷ་གཡོན། །སྐུ་ལ་གཡང་གཞི་སྐྲུལ་གྱིས་བརྒྱན། །ཆུ་ཡི་སྙིང་པོ་འདྲིལ་ཞིང་པེན། །ཡུམ་ནི་སྔོ་ནག་སྤྱན་གསུམ་ཁྲག །ཙིརྟི་སྟོབ་ཅིང་བན་དྷས་མཆོད། །བསྙེན་པས་བོས་ལ་ཁྲག་གིས་བསད། །དྲེགས་པ་འཁོར་བཅས་དབང་དུ་བསྡུ། །བདག་གི་སྙིང་པོ་སྤྲོས་ལ་བསྡུ། །བ་སྐྲུ་གསེར་གྱི་སྐྲུ་གུར་དྲང་། །རང་དབང་མེད་པར་བཀུག་ཅིང་བསྟིམ། །དྲི་ལས་བྱུང་བའི་གཟུགས་ལ་དབབ། །དམ་རྫས་བརྟེན་པའི་མཆོད་པ་བསྟབ། །དྲོད་དང་ལྡན་ན་དྲག་པོ་བརྩམ། །ཕོ་ཉ་བསྐུལ་ལ་ཤེས་པ་དཔྲལ། །སྦྱོར་བ་བསྡུས་ལ་ལྷ་དང་དབྱེ། །གཟུགས་ལ་ཕབ་ལ་ཕྱག་རྒྱས་གཟིར། །ཐུན་གྱིས་བྲབ་ལ་ཕུར་པས་གདབ། །ཐོད་པ་དང་བཅས་དགྲ་ལ་འཕང་། །རྟ་གཟེར་སྦྱོར་བ་ལས་ཀྱིས་དབྱེ། །གདུག་པར་འོས་པའི་ལག་ཏུ་གཏད། །སྦྱོར་བ་བྲིས་ལ་ཐོད་པ་བཅའ། །ཆུ་དྲིལ་དྲོད་རྟགས་ཟོར་དང་གཟིར། །ཁྲག་དང་སྔོ་སྣ་ཐབས་ཀྱིས་རྫས། །ཆུ་མིག་གཉན་ལ་བསྐུལ་ཞིང་དབུག །དུས་དང་ཉེ་བའི་མཚམས་སུ་སྦྱར། །ཕྱི་ནང་གསང་བ་གསུམ་དུ་བསྡེབ། །སྤོགས་པ་གསུམ་གྱི་ལས་དང་སྦྱར། །འབྲས་བུ་གཉིས་ཀྱི་རྩ་བ་གཅོད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་གསང་སྔགས་འདི་སྟོན་ཏོ། །ཨོ་མུན་མུན་མུན་ཐིབས་ཐིབས་ཐིབས། ཐུམ་རིལ་ཐུམ་རིལ་ཧཱུཾ༷་ཛ། དེ་ནན་ཐུམ་རིལ་རྩ་ཐང་དུན་རྨུགས་སྲོག་ལ་ཧུར་ཁ་སྨྱོ། མུ་སྟི་སྲོག་ལ་མྱོགས་རྦད། ཧཱུཾ༷་ར༷་དུན་དུན་གཟིར་ནན། ཧཱུཾ༷་ཡ་ནཱ་ནན་གཟིར་ཕོབ། དུ་ན་མུན་ཀྲི་ཡ་ཕྲོ༷་ཕྲོ༷། ཧཱུཾ༷་ཤར་ཤར་ཕྲོ༷་ཕྲོ༷། ཧྲིལ་སྦྱོ། །ཡ་མ་ཡེ་ཨུ་ནན་ས་མ་ཡ་སྲོག་ལ་དུན་མུགས། ཁ༷་ཡ༷་ཡ༷་ར༷་ར༷་ཧུ་གཟིར་ཤར་ཤར་འཕོབ། མུན་མུན་མུན་ཐིབས་ཐིབས་ཐིབས། ཐུ༷་རིལ་སྲོག་བྲེང་བྲེང་དུན་དུན་མུན་ཐིབས་ཐུམ་རིལ་ཛ་ཛ། དོན་གཉིས་མཐའ་རུ་སྲོག་ཕྲོགས་ལ། ལས་ཀྱི་རྒྱལ་པོས་ལས་ཀུན་བྱེད། སྦྱོར་བས་དོན་གཉིས་འགྲུབ་པར་བཤད། རྒྱལ་མཚན་མེ་ལོང་གི་རྒྱུད་ལས། རྭ་ཛ་ཀའི་ལེའུ་སྟེ་རེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་ཀྱི་སྦྱོར་བ་འདི་བཤད་དོ། །སྲོག་གཅོད་ཤན་པའི་བདུད་རྣམས་ལ། །ལས་གཉེར་གཏད་པའི་འཁོར་ལོ་ནི། །དུར་ཁྲོད་ལ་སོགས་དབེན་པའི་སར། །གཏོར་མ་སྙིང་སྣ་རཀྟ་བཤམས། །འབྲུབ་ཁུང་ལིང་ཀ་མིང་རུས་ཁམས། །ཐོད་པར་བཅུག་ལ་རེ་བས་གྲིལ། །གསད་པ་ལས་ཀྱི་མཚོན་ཆ་ནི། །ཆུ་དར་ཞིང་རས་རྒྱ་ཤོག་ལ། །དུར་ཁྲོད་རྫས་ཀྱི་ཐང་པ་བྱ། །དུག་ཆུ་ཚ་བ་ཁྲག་གིས་བྱུག །ནི་ར་ཆེན་པོས་སྐྱ་གཅད་ལ། །ཁྲོ་བ་ཐུགས་ཀྱི་གསང་སྔགས་བཟླས། །འཐོམས་པ་བདུད་ཀྱི་སྲོག་སྙིང་དྲང། །ཉ་གསུམ་མཐའ་རུ་འཁོར་ལོ་བྲིས། །མུ་ཁྱུད་བཞི་དང་ལྡན་པར་བསྐོར། །དབུས་སུ་དྲག་པོའི་སྤུ་གྲིའི་མཁར། །གཉིས་པར་འཁྲུལ་མིག་ལྔ་གཉིས་ལྡན། །མཐའ་མ་རྡོ་རྗེ་རྒྱ་གྲམ་བཅུ། །དེ་ལ་དགོད་ཅིང་གནས་པ་ནི། །དབུས་སུ་མིང་གི་དང་པོ་ནི། །བོད་པའི་བརྡ་ཡི་འབྲུ་གཉིས་གནས། །རྩིབས་བཅུ་དྲག་པོ་བདུད་ཀྱི་སྔགས། །རྩ་རྒྱུད་གཅོད་པའི་འབྲུ་རྣམས་དགོད། །རྡོ་རྗེ་རྒྱ་གྲམ་རྭ་བཅུ་ལ། །གཅོད་ཅིང་གནོན་པའི་སྐྲུ་གྲི་དགོད། །མཚམས་དང་འཁོར་ལོའི་མུ་རན་ལ། །མིང་རུས་ཁམས་དང་ལྡན་པར་བྲི། །གསོད་བྱེད་ཕོ་མོས་ལྷོ་སྦྱོར་ལ། །སྔོ་དམར་སྦྲུལ་གྱིས་བསྡམས་ལ་བརྒྱན། །ཐོད་པའི་སྟེང་དུ་རྩང་གིས་བརྡེག །དུག་ཤིང་མེ་ལ་བསྡུགས་ལ་བྲན། །སྔགས་ཀྱི་རྒྱལ་པོ་བཅུ་པ་དང་། །འཐོམས་པ་བདུད་ཀྱི་དྲག་སྔགས་བཟླས། །ལྷ་དང་མཚོན་ཆར་བྱིན་གྱིས་བརླབས། །བརྒྱད་དམ་བཅུ་རུ་སྦྱོར་པ་དཀྲུག །སྔགསཔགཤིནརྗེའིསྐུར་བསྒོམས་ལ། །སྙིང་པོ་བསྐུལ་ཞིང་འོད་སྤྲོས་པས། །བདུད་ཀྱི་ཕོ་ཉས་དམིགས་པ་དགུག །བཀྲག་མདངས་དང་པོ་དྲི་དང་བླ། །་ང་དབང་མེད་པར་དབང་དུ་སྡུད། །དུད་པ་གསུམ་དང་བ་བི་ཤ །ལྷ་དང་ཕྱེ་ལ་གཟུགས་ལ་དབབ། །འཁོར་ལོ་གདུགས་ལ་སྦྱོར་བ་གཞོམ། །སྲོག་གཅོད་བདུད་ཀྱི་འཁོར་ལོ་བསྐོར། །མཚོན་ཆའི་རྒྱལ་པོས་དམིགས་པ་གཅོད། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །ཡ་ཡི་འཕངས་ལ་མ་ཡིས་བསྡུ། །རུ་དང་དྲག་ཏུ་བོད་པའི་ཐུན། །ལིང་གིས་སྲོག་ལེན་མྱོགས་ཀྱིས་དཀྲུག །དུན་གཉིས་བར་དུ་ལིང་གིས་གསོད། །རྨུགས་ཀྱིས་མྱོགས་ནས་ཏི་ཡིས་གནན། །སྲོག་ཅེས་དམིགས་པའི་ཡུལ་ལ་གཅོད། །རྩ་ཞེས་རང་དབང་དབུགས་དང་འབྲེལ། །མཚམས་སུ་འདོད་པའི་ཨ་མུ་ཀ །ཡན་ལག་སྦྱོར་བ་བཞི་རུ་བརྡེག །ཛ་ཡིས་སྲོག་དང་རང་དབང་དགུག །པྲ་བེ་ཤ་ཡིས་ལྷ་དང་དབྱེ། །མྱ་ར་ཡ་རྦད་གཅོད་ཅིང་སྐྱེམས། །སྟམ་པ་ཡ་ནན་མཐའ་རུ་སྦྱར། །མ་ཡེངས་བརྟན་པས་བཟླས་ན་བཅུད། །འབྲུ་གཉིས་དྭངས་སྙིགས་ཚུལ་དུ་དབྱེ། །བརྣག་པ་ཐོན་ནས་ཀླུ་ལ་གཏད། །སྦྱོར་བ་དྲག་པོའི་ལམ་དུ་གཞུག དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་དྲག་སྔགས་ཀྱི་སྦྱོར་བ་འདི་བཤད་དོ། །ཡ་མ་རུ་ཐུམས་སྲོག་ལིང་མྱོགས། །དུན་དུན་རྨུགས་ཏི་སྲོག་ལིང་། །ལིང་སྲོག་ཏི་རྨུགས་དུན་དུན་མྱོག་ལིང་ཐུམ་རུ་མ་ཡ། ཡ་ཐུམ་མྱོགས་ལིང་དུན་ཏི་རོ་ལིང་མུགས། དུ་མ་སྲོག་མྱ་ར་ཡ་རྦད་ཛ། པྲ་བེ་ཤ་ཕཊ། སྟམ་པ་ཡ་ནན། མཚོན་ཆའི་དྲག་སྔགས་རྣལ་མ་ཡིས། །ལུས་དང་ཡན་ལག་གཅོད་པར་བྱེད། །བཟློག་སྔགས་དྲག་པོ་ནང་ཁྲོལ་དང་། །གསང་བ་ལྟེ་བ་ཀླད་མགྲིན་འཛོམས། །ཁྱད་པར་དྲག་སྔགས་ལྟོ་དཀྲུགས་པས། །རང་དབང་མེད་པར་ཤན་པའི་ཚོགས། །འབྱུང་བ་བཞི་དང་རྒྱུ་བཞི་གཅོད། །དངས་མ་བསྡུས་ནས་མཁའ་ལ་ཕེན། །བག་ཆགས་ནས་ཀྱིས་རྩ་བ་བསྐྱེད། །སྤོབས་པ་མེད་པར་ཁྲག་བསྐམས་ནས། །མཚོན་ཆ་སྔགས་ཀྱིས་དབང་དུ་སྡུད། །བདུད་དང་སྲོག་གཅོད་ཤན་པར་བསྐོ། །འགྱུར་བ་མེད་པའི་ལས་སུ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །བདུད་ནག་པོའི་དྲག་སྔགས་ཀྱི་ལེའུ་སྟེ་རེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱབ་འཇུག་ཟླ་བ་ནག་པོའི་སྦྱོར་བ་འདི་བཤད་དོ། །རི་སོགས་དབེན་པའི་དུར་ཁྲོད་དུ། །ཁྱབ་འཇུག་བསྒྲུབ་པའི་གནས་བཙལ་ལ། །གཏོར་མ་ཤ་ཆེན་བ་ལང་སྙིང་། །འབྲུག་དང་སེང་གེ་དོན་ཁྲག་ཤ །དུག་དང་ཆུ་རྒོད་གནམ་ལྕགས་ཐུན། །ཁྱུང་དང་རྨ་བྱ་འུག་པའི་ཤ །གྲི་ཐོད་མོན་པ་ཙ་ལོའི་མགོ །བརྣག་པར་བྱ་བའི་གཟུགས་དང་བཅས། །ཞིང་ཆེན་དྲག་པོ་འཁོར་ལོའི་རྒྱུ། །སྔགསཔགཤིནརྗེནགཔོའི་རྒྱུ། །བསྒོམ་ལ་སྤྱན་དྲང་མཆོད་པ་དབུལ། །འབུམ་ཚེ་ལྔ་རུ་ལྷ་བསྙེནབྱ། །ཁྲིཡིསགཤིནརྗེདབང་དུ་བསྡུ། །རང་དབང་མེད་པར་དབང་དུ་འགྱུར། །དྲེགས་པ་བསྙེན་པ་ས་ཡང་འབུམ། །ཐོན་ནས་གསད་པའི་སྦྱོར་བ་བརྩམ། །དུག་གི་ཁུ་བས་འཁྲུལ་འཁོར་བྲི། །དུས་དང་གཟའ་སྐར་སྟོད་ལ་བསྙེན། །མར་གྱི་ངོ་ཡ་འཁོར་ལོ་བསྐོར། །དབུས་ནསཐིག་བཞི་རྒྱ་གྲམ་གདབ། །མུ་ཁྱུད་རིམ་པ་གསུམ་དུ་བསྐོར། །མུ་་ད་གཉིས་པ་ཐིག་བཞིས་གནན། །གསུམ་པར་དེ་བཞིན་ཐིག་བརྒྱད་གདབ། །བརྒྱད་དང་བཅུ་གཉིས་བཅུ་དྲུག་ལ། །འཁྲུལ་འཁོར་སྔགས་ཀྱིས་གང་བར་གནས། །མཐའ་མ་རླུ་་གི་རྒྱ་གྲམ་ལྡན། །དེ་ལ་གནས་པའི་རིམ་པ་ནི། །རིམ་པ་ཇི་བཞིན་བསྙེན་དང་སྒྲུབ། །ལས་ཀྱི་རིམ་པ་བཀོད་པ་བཞིན། །དུག་དང་ཁྲག་གི་གནག་ཚས་བྲིས། །ཨོ་དང་ཡ་ནི་ཕོ་བྲང་དབུས། །ལྟེ་བ་འཕེན་སྡུད་གཙོ་བོར་བཞག མུ་ཁྱུད་དང་པོའི་འཁོར་ལོ་ལ། །དྲག་པོ་སྟོབས་ཀྱི་སྙིང་པོ་བཞི། །རུ་ཐུ༷་བ༷་དང་ར་ཞེས་དགོད། །མ་ཡིས་བསྐྱེད་ལ་ལིང་ཞེས་དབང་། །ཙན་ཏྲ་ཧྲིང་ཞེས་རང་དབང་དགུག །མ་མ་ཡུམ་གྱི་དབང་པོ་འཕྲོག །ཀ་དང་ལི་ཡིས་བརྣག་པ་རྫོགས། །སྲོག་ཅེས་དྲངས་ལ་ལིང་ཞེས་འཕྲུལ། །ཛ་ཡིས་རང་དབང་མེད་པར་དགུག སྲོག་ནི་གཟས་པའི་ཙིསྟ་འདྲེན། །ལ་ཡིས་བཀར་ལ་ཐུན་གྱིས་བརྡེག །ལས་ཀྱི་རྒྱལ་པོ་སྨྱོ་ཡི་མངག །དམིགས་པའི་ཡུལ་ལ་རྦད་པ་སྟེ། །ལུས་དང་ཕུང་པོ་བླ་འགུགས་པའོ། །སྲོག་ནི་དྭངས་མ་བདུན་པོ་དང་། །རྩ་སྒོ་འཛིན་པའི་དབུགས་རྒྱུན་ལ། །མ་ལུས་བསྡུས་ནས་སྲེག་ཅིང་ཐིམ། །མ་དང་ར་ལི་དོན་གཉིས་འགྲུབ། །ཡ་ཡིས་ཕུལ་ནས་དྭངས་སྙིགས་འབྱེད། །རྦད་པའི་སྟོབས་ཀྱིས་སྲོག་རྒྱུན་གཅོད། །རིམ་པ་ཇི་བཞིན་གསད་པའི་མཆོག །སྲོག་ཅེས་རྒྱུ་བཞི་འཛིན་ཅིང་འཆང་། །གཏམ་གྱིས་འགྱུར་བ་མེད་པར་སྡེམས། །བ་ཡིས་ཁྲག་དང་མུན་པ་བསྐྱེད། །ཡ་ལས་རྡོ་རྗེ་རྒྱ་གྲམ་གྱིས། །རླུད་གིས་དེང་ནས་སྟོབས་ཀྱིས་གནོན། །ནན་ཞེས་ལས་ཀྱིས་བརྣག་པ་གཞུག ལས་ཀྱི་རྒྱལ་པོས་གནན་པར་བཤད། །ཨ་མུ་ཀ་དང་ཡ་ལས་བསྐྱལ། །བཅུ་དྲུག་པ་ཡིས་སྤུ་གྲི་ཡིས། །དུག་གསུམ་རྩ་བ་གཅོད་ཅིང་འཇོམས། །དྲག་པོ་སྔགས་ཀྱི་གནད་གསུམ་གྱིས། །དྲག་པོའི་སྟོབས་ཀྱིས་དབང་དུ་སྡུད། །ཨོ་དུན་ཀྲི་འབྲུ་སྦྱར་ན། །ཕོ་མོས་དྲེགས་པ་འཁོར་དང་བཅས། །ལག་ཆ་དང་བཅས་དབང་དུ་འགྱུར། །ཉེ་བའི་རྐྱེན་དང་རྟེན་དྲུག་སྡུད། །འཁྲུལ་འཁོར་ཕོ་མོའི་བར་དུ་གཞུག །སྙིང་པོ་དང་བཅས་ཐོད་པ་བཅའ། །དྲག་པོ་སྟོབས་ཀྱིས་འཕེན་ཅིང་སྡུད། །རྣོ་དབལ་དྲག་པོའི་མཚོན་ཆ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་སྔགས་འདི་སྟོན་ཏོ། །ཨོ་དུན་ཏྲི་རུ་ཐུ༷་བ༷་ར་མ་ལི་ཙརྙ་སྙི་མ་མ་ཀ་ལི་སྲོག་ལི་ཛ། སྲོག་ལ་ཐུན་སྨྱོ་བཱ་ར་ཡ་རྦད། སྟམ་བ་ཡ་ནན། གཅིག་ལ་དུ་མའི་ལས་རྫོགས་པས། །ཁྱབ་འཇུག་འཁོར་ལོ་ལྷོ་སྦྱོར་ལ། །སྔོན་དམར་རྒྱ་གྲམ་ཐོད་པ་བཅའ། །གདུག་པའི་གཉན་ལ་སྟོབས་ལ་གཏད། །ཉི་ཟླ་དུས་ཀྱི་སྦྱོར་བས་འཇོམས། །རྟེན་གཅིག་སྦྱོར་བ་གཉིས་སུ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །ཟླ་བ་ནག་པོའི་འཁོར་ལོ་ལྷོ་སྦྱོར་གྱི་ལེའུ་སྟེ་རེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལི་བྱིན་གྱི་གསང་བ་སྤུ་གྲིའི་སྦྱོར་བ་འདི་བཤད་དོ། །ལྷ་ཡི་ཁང་པ་གཉན་དང་དཔེན། །བདེ་གནས་གསུམ་དུ་མཎྜལ་བཤམ། །གཏོར་མ་ཤ་ཁྲག་མཆོད་པ་དབུལ། །ཡ་མ་ཏ་ཀའི་བསྙེན་པ་བྱ། །རྡོ་རྗེ་ཐོད་པ་མཚན་ལྡན་དུ། ཁྲ་ཆེན་རཀྟ་དཔའ་བོ་སྙིང་། །དཀར་གསུམ་ཤ་ཁྲག་ཙིསྟའི་ཤུན། །པདྨ་རག་ཏ་བདུད་རྩི་མངར། ཁེང་ཐོག་ཀླུ་སྨན་སྣ་ཚོགས་བླུགས། །ཞིང་རས་ཁ་བཅད་དབུས་སུ་བཞག །དེ་ལ་རྟེན་ཅིང་བསྙེན་པ་བྱ། །སྔགས་པ་གཤིན་རྗེའི་སྐུར་བསྒོམས་ལ། །གཙང་མའི་རས་ལ་རྒྱལ་པོའི་སྐུ། །ཞལ་གཅིག་ཕྱག་གཉིས་ཡུམ་དང་བཅས། །སྐུ་ལ་ཞིང་ཆེན་རྒྱ་གྲམ་འབྲུག །ཐོད་པ་རིན་པོ་ཆེ་ཡིས་བརྒྱན། །སྐུ་སྨད་དྲིལ་བུ་སྦྲུལ་དང་རྔམ། །གཡས་པ་འགྱིང་མཁར་དོན་སྙིང་གཡོན། །ངང་པ་གསེར་མདོངས་ཕྱིབས་དང་ལྡན། །སྙིང་ཁར་སྙིང་པོ་ཉི་མའི་སྔགས། །བསྒོམས་ལ་བཀའ་ཉན་མདུན་དུ་གནས། །ཏྲི་ཚེ་ལ་སོགས་བཞི་དང་བཅས། ཁྲེལ་མཁར་དར་གུར་ནང་དུ་བསྒོམ། །དམ་རྫས་བསྙེན་པ་ཤ་ཁྲག་མཆོད། །རཀྟས་བསྟབས་ལ་གཏོར་མ་གཏང་། །ཨ་མུ་ཀ་ཡི་ལིང་ག་ལ། །མིང་རུས་དང་བཅས་འཁོར་ལོའི་བར། །ཡང་ལིང་ག་འབྲུ་གསུམ་དབབ། །སྔགས་ཀྱི་འཁོར་ལོ་དམ་རྫས་ཏེ། །ཕོ་ཉས་བཀུག་ལ་ཐུན་གྱིས་བྲབ། །བྲུན་གསུམ་རྡོ་གསུམ་བཅུ་པར་བརྡེག །མཚོན་ཆའི་འཁོར་ལོ་བརྒྱངས་ལ་བསྐོར། །ཀ་ལི་ཤོ་ན་ཅི་ཀྟ་ལ། །དམིགས་པ་ཀུན་རྫོགས་སྔགས་དང་རྟེན། །བྲིས་ལ་ཙི་སྟའི་ཕྱི་དང་ནང་། །དྲིལ་ཞིང་བཅུག་ལ་ལྕགས་ཐུན་བརྡེག །དྲག་སྔགས་ལིང་གའི་གནས་སུ་བརྡེག །སྙིང་དང་བཅས་ཏེ་ཟོར་དུ་འཕང་། །ཐོད་པ་རྒྱ་གྲམ་འཁོར་ལོ་གནན། །རྒྱ་ཚེ་རུ་རིང་མདངས་ཀྱིས་བསྐང་། །གསང་མདོས་སྐུ་མཁར་ལྔ་དང་གཅིག ཁ་དོག་སོ་སོ་དར་དང་གཟུགས། །གྱིང་གི་མཆོད་པ་གསང་བཤོས་དགུ །ཉི་ཟླ་ཀྱི་སྦྱང་སྐྱེས་པ་མོ། །བྱ་དང་རྒྱུ་གཉིས་རྟ་དང་ཉ། །བཅུ་གསུམ་ལྔ་གཉིས་གཅིག་གི་བསྐོར། །ཕོ་ཉ་རེ་ཡི་སྙིང་ཁ་མྲ །གྲུ་གསུམ་རེ་ལ་སྙིང་ཁ་མྲ །གྲུ་གསུམ་རེ་ལ་མིང་རུས་རེ། །བཅས་ལ་གསད་པའི་མཚོན་གྱིས་བརྡེག །མཁར་དེ་བརྣག་པའི་ཕྱོགས་སུ་གདབ། །ནམ་མཁའ་འོད་ཀྱི་ལྟོ་རུ་གཞུག །རྟེན་འབྲེལ་སྲོད་པའི་རྩིབས་ལ་བསྐྱོན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་གསང་བ་སྤུ་གྲིའི་སྔགས་འདི་བཏོན་ཏོ། །ཨོ་དྲི་ཙི་པ་ལ་ཨ་ཤུག་མེ་གྲྭ་ཧྭ། དྲི་ཤ་མ་མ་ག་རྩ་ཤ་མ་བྲི་ཤ་མ་ཙ་ཧྭ་གྲྭ་ཧྭ། ཨོ་ཁྲི་སྣ་ར་མ་ཏྲི་རག་མོ་རུ་ལུ་དྲི་ཤ་སྨྱོ། བྲི་ཤ་མ་ཧྭ་རྭ་ཙཏྲིགཤོཏྲིགཤོཙུརུཐུ༷ཐུ༷ལིང་གུག ཙ་ར་ལིང་ཙིསྟ་ཤག་རྦད། རག་མོ་རག་མོ་ཁྲག་འཛག་མ་སྙིང་ཁ་ལ་ཐུམས་སྲོག་ལ་སྒྲོ་ནི་ཛུ་འདྲིམ་རྦད། དྲི་ཙ་མ་ལེ་དྲི་ཙ་མ་ལེ་སྲོག་ལ་ཐུམ་རྦད། ཙི་ཤུ་ལིང་ལིང་ཐུམ་རྦད། ཙིན་ཡང་ཙིན་ཡང་ཐུ༷་ལིང་རྦད། ཤུ་ན་ཏྲི་ཡ༷་སྙིང་ལ་ཐུན་རྦད། བ་ཙ་ལེ་ཧུར་ཧུར་ཙིསྟ་རྦད། དྲི་ཙ་ལ་མེ་དྲི་ཙ་ལ་མེ་ཐུམ་རྦད། ཐུ༷་རྦད། ཙིན་ཡང་ཙིན་ཡང་ཐུ༷་སྙིང་རྦད་བུ་ནན་དགྲ་བོ་ནཱ་ར་ཡ་རྦད། ར་ཙ་མ་ཧྭ་རྦད་རིལ་སྒག་ཤིག་ལིང་རྦད། ཙིསྟ་ལིང་སྙིང་ཚལ་པ་ལིང་དྲི་ཆུ༷་ལིང་རག་མོ་རྦད། དགྲ་བོ་དུན་ལིང་ཀི་ལ་ཡ་རྦད། སྲོག་ལ་ཐུ༷་ཐུ༷་རིལ་རིལ་རྦད། དྲག་སྔགས་བརྒྱད་ཀྱི་བཀར་ལ་བརྡེག །དྲོད་དང་སྲོག་གི་མདངས་གཅད་ནས། །ཉི་མའི་གུང་ལ་གསོད་པར་བྱེད། །དྲིལ་ལས་རྦད་ཅིང་མུན་ལ་བརྡེག །གདབ་པའི་སྔགས་ཀྱིས་ཕུར་པ་བརྡེག། བསྐུལ་ཞིང་སྒྲ་སྐད་དྲག་ཏུ་ཡུལ་ལ་རྦད། །རྒྱལ་བའི་སྐུ་ཡང་འཇིག་པར་ངེས། །སྲོག་ཆགས་ཀུན་ལ་གང་བརྩམས་འགྲུབ། །སྦྱོར་བ་ཀུན་གྱི་མཆོག་ཏུ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །ལི་བྱིན་གསང་བའི་སྤུ་གྲིའི་ལེའུ་སྟེ་བདུན་ཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གྱིང་གི་སྦྱོར་བ་འདི་བཤད་དོ། །ལྷ་འདྲེ་རྒྱུ་བའི་དབེན་གནས་སུ། །མཎྜལ་དབུས་སུ་གཏོར་མ་ཁྲག ཁྲར་དུ་དམིགས་པའི་གཟུགས་བྲིས་ལ། །སྐུ་མདོག་སྔོན་པོ་སྦྲུལ་རིས་ཅན། །གཡས་ན་རྡོ་རྗེ་རྩེ་དགུ་ཐོགས། །གཡོན་པས་དོན་སྙིང་སྤར་གྱིས་འདེབས། །སེང་གེ་དཀར་པོ་ཆིབས་སུ་ཆིབས། །ན་བཟའ་ཟ་འོག་སྔོ་ཁྲ་ལ། །ལེ་བརྒན་དམར་པོའི་ཆ་ག་ཅན། །སྦྲུལ་དང་རིན་པོ་ཆེ་ཡིས་བརྒྱན། །སྙིང་པོ་སྦྲུལ་གཉིས་ཐུགས་ཁར་བསྟེན། །ཙ་རའི་དབང་པོ་ཤུན་ལ་བརྟེན། །འབྲུ་ལྔའི་བཅུད་དང་ཤ་ཁྲག་ལ། །ཁྲུ་གང་དར་དང་མེ་ལོང་འབྲུ། །རྒྱལ་མཚན་གསུམ་དང་ཙ་རའི་སྙིང་། །བླ་རྡོ་སྙིང་པོ་འུག་སྒོང་བཅའ། །ལིང་ག་མིང་རུས་སྦྱང་ཐོད་བརྣག །རི་ལུ་ཉུངས་ཀར་དུག་ཆུ་ཐུན། ཁྲ་སྣ་བདུད་རྩི་རྒྱ་ཤུག་བསྲེག །ཐོད་ཆེན་དང་བཅས་འཁོར་ལོ་བཅའ། །འཁོར་ལོ་མཚོན་ཆ་མིང་རུས་བྲི། །མུ་ཁྱུད་རིམ་པ་བཞི་རུ་བསྐོར། །དབུས་སུ་གྲུ་གསུམ་འཁྲུལ་མིག་བརྒྱད། །ཕྱི་རིམ་འཁྲུལ་མིག་བཅུ་དྲུག་བཅའ། །ཕྱི་རིམ་རྩིབས་ཆེན་ཉི་ཤུ་ལྡན། །དེ་ལ་དགོད་པའི་རིམ་པ་ནི། །དབུས་སུ་འཁྲུལ་མིག་བརྒྱད་པོ་ལ། །གསད་པ་རྩ་བའི་འབྲུ་དགུ་དགོད། །ཕྱི་རིམ་འཁྲུལ་མིག་བཅུ་དྲུག་ལ། །གཟིར་བའི་སྔགས་དགོད་གཟུགས་ལ་བརྡེག །ཐ་མའི་རྩིབས་ཆེན་ཉི་ཤུ་ལ། །རྦད་པའི་འབྲུ་དང་ཨ་མུ་ཀ །གསད་པའི་སྤུ་གྲི་འབྲུ་ལྔ་དང་། །དེ་བཞིན་གནན་པའི་འབྲུ་གསུམ་དགོད། ཁ་སྦྱར་བར་སྣང་བཏེག་ལ་བརྩམ། །ཁྲག་སྣ་གསུམ་གྱིས་གཟུགས་ལ་བྲབ། །སྔགས་ཀྱི་སྙིང་དབྲོག་ཐུགས་ཁར་བསྡུ། །རྦད་པའི་སྔགས་ཀྱིས་ཤེས་པ་དགུག །གཟུགས་ལ་ཕབ་ལ་ལྷ་དང་དབྱེ། །ཕྱག་རྒྱས་གཟིར་ལ་ཕུར་བས་གདབ། །དྲག་ཏུ་བསྐུལ་བའི་སྒྲ་སྐད་བརྗོད། །ཟོར་ཐུན་མཐའ་རུ་ཐོད་པ་བཅའ། །ལྷ་ཁང་མགོན་པོའི་འོག་ཏུ་གནན། །བསྙེན་པ་ས་ཡ་རྦད་༄༅ པ་འབུམ། །དྲིལ་བ་བདུན་ཁྲི་འཕང་བ་སྟོང་། །གཟིར་བ་ཁྲི་གསུམ་རྦད་པ་གཅིག །གནན་དང་སྤོགས་པ་ཁྲི་གཅིག་མཐའ། །གཅུན་པ་བརྒྱ་ལས་བཅུ་ཡིས་གསོ། །སྟོང་གིས་གཟིར་ལ་དྲག་ཏུ་རྦད། །ཤི་ས་རང་གནད་འཁོར་ལོ་དགུག །བཟློག་པ་བརྒྱ་ཡིས་གནས་སུ་འཕངས། །སྔགས་ཀྱི་རྒྱལ་པོས་བསྲུང་བ་བྱ། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས་སྐུ་གསུང་ཐུགས་ལས་སྔགས་འདི་བསྟན་ཏོ། །ཨོ་བཛྲ་ས་མ་ཡ་ར་ཡ་བ༷་སྲོག་ལ་ཛ་ཛ། བཛྲ་སྭ་དུ་ར་བ༷་ནི་སྲོག་ལ་སྨྱོ། བཛྲ་སྭ་དུ་དྲི་མྱགས་ཙིསྟ་ཐུ༷་རིལ་དགྲ་བའི་སྲོག་མུ་ར་ཡ་རྦད། བཛྲ་སྭ་དུ་ཏྲི་ཡ༷་ཁ༷་རག་ཤ་སྙིང་ཕྱུང་ཙ་ལ་ཐུན་སྲོག་གཟིར་དགྲ་བོ་སྟམ་པ་ཡ་ནན། བཛྲ་སྭ་དུ་ས་མ་ཡ་ན་རག་ཙིསྟ་ནན། སྔགས་རྣམས་མེ་རླུད་སྐྱིན་ཐང་དུག །ལས་ཀྱིས་ཤན་པ་མངག་ཅིང་རྦད། །དུག་ཏུ་བསྐུལ་ལ་མནའ་དམ་གཟིར། ཁྲན་པ་སྲོག་གི་སྦྱོར་བ་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལོ་ཐོག་གཞོམ་པའི་སྦྱོར་བ་འདི་བཤད་དོ། །ལྷ་སྲིན་གདུག་པའི་དབེན་གནས་སུ། །གཏུམ་ཆེན་དྲག་པོའི་བསྙེན་པ་འབུམ། །ཐོད་པ་རྒྱན་དང་ཤུལ་རྒྱལ་མཚན། །ཁྲག་དང་དུག་དང་བྲུན་ལྔ་བསྔོ། །རི་ལུ་བདུན་གསུམ་བརྣག་པ་བཤམ། །གཏོར་མ་གསང་བཤོས་དཀོར་ཆ་འཆང་། །རྒྱ་ཤུག་ཚིལ་དང་ཤུལ་རྒྱལ་མཚན། །ཁྲག་དང་དུག་དང་བྲུན་ལྔ་བསྔོ། །རི་ལུ་བདུན་གསུམ་བརྣག་པ་བཤམ། །གཏོར་མ་གསང་བཤོས་དཀོར་ཆ་འཆང་ རྒྱ་ཤུག་ཚིལ་དང་སྤོས་བསྲེགས་ལ། །བརྣག་པའི་ཡུལ་དང་མིང་སོགས་བྲི། །སྦྱོར་བ་གཤོམ་པ་ཐོག་པར་གཞུག །གཤིན་རྗེ་ཐུགས་ཁའི་ས་བོན་སྤྲོ། །ཨུ་ཀར་མ་ཧྭ་ཧེ་རུ་ཀ ལྗང་ནག་རྒྱ་གྲམ་ལྕགས་ཀྱུ་བསྣམས། བཛྲ་ཀརྨ་ཊ་ཀི་ཛ། བསྐུལ་ཁ་གྱིང་ཆེན་བཀུག་ལ་གནན། །སྐུ་མདོག་སྔོན་པོ་ངུར་སྨྲིག་གོན། །འཇའ་དང་གློག་གིས་དབུ་ལ་བརྒྱན། །རྡོ་རྗེ་ཐོད་པ་འཁྲུག་ཅིང་འཐོར། །སྙིང་ཀར་ས་བོན་འབྲུ་གཉིས་ལྡན། །ས་ཡ་དྲུག་འབྲུམ་བསྙེན་པ་འདྲ། །ནམ་མཁའ་སྤྲིན་དང་དུ་བ་འཇའ། །འབྲུག་སྒྲ་ཚུབ་མ་ཁུག་སྣ་འཐིབས། །གཡུལ་འགྱེད་དམག་འདྲེན་རྩི་ཐོག་ཉག །མཚན་རྟགས་ལྡན་ནས་ཐུགས་དམ་བསྐང་། །ཆུ་འདྲིལ་འབུམ་ཕྲག་བརྒྱ་ཡི་བར། ་་ས་ཀར་བརྒྱ་བར་ཁྲག་ལ་བསྟིམ། །རྟ་གསུམ་ཐ་ཆུངས་ཡུལ་དུ་བསྐྱལ། །ཁྲི་བཅུ་གབ་ཞིང་དྲག་ཏུ་དབབ། །མ་ཕེབས་སྦྱོར་བའི་སྟོབས་གཞན་ན། །ལྷ་ཀླུང་གདུག་པ་གཟིར་་ཞིང་གབ། །ཡ་མ་སྔགས་ཟློས་འབུམ་ཁྲི་སྡེབ། །གནད་གསུམ་བར་དུ་ཆུ་འདྲིལ་བརྡེབ། །ཁྲག་དང་དུག་ཆུ་ཕུར་པས་གདབ། །སྟོབས་ཆེན་དྲག་པོའི་ང་རྒྱལ་བསྟན། ཁང་པ་གསུམ་གྱི་ས་ཡིས་བྲབ། །ཉེ་བའི་སྦྱོར་བ་དྲག་ཏུ་དབབ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་ལོ་ཐོག་གཞོམ་པའི་སྔགས་འདི་སྟོན་ཏོ། །ཨོ་བཛྲ་སྭ་དུ་མ་ཡ་ཧྲིལ་ཧྲིལ་ར་བ༷་ཧཱུཾ༷་ཛ་ཛ། བཛྲ་ས་ཏྭས་ས་མ་ཡ་ཧྲེལ་ཧྲིལ་ཕྲོ༷་ཕྲོ༷་ཡ་ཏྲི་ཕྲོ༷། བཛྲ་ག་ར་བ་ཕྲོ༷། བཛྲ་ག་ར་པ་ཕྲོ༷། བཛྲ་སིང་ཀྲི་ཕྲོ། བཛྲ་ས་ཏྭ་ས་མ་ཡ་ཧྲི་ལ་ཤར་ཕྲོ༷་སྨྱོ། ཏྲི་དུ་ཡ་ཡ་ནན་ཧྲིལ་ཤར། ནཱ་ག་ཏྲི་ལོ་ནན། ཏྲི་ཡ་ནཱ་ག་གཟིར་ཕྲོ༷། ཤ་ལ་ཤལྟར་ཕྲ་ཤར་ཡ་ནན་ཕྲོབ། གདུག་པའི་གཟུགས་ལ་གཟིར་ཞིང་དབབ། ཤུན་བརྡབ་ཐོད་པས་སྒྲོལ་གྱིང་བསྡིགས། ཤན་པ་གྱིང་གི་སྦྱོར་བར་བཤད། རྒྱལ་མཚན་མེ་ལོང་གི་རྒྱུད་ལས། གསད་པ་གྱིང་གི་ལེའུ་སྟེ་དོན་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གཟིར་ཐབས་བཙན་གྱི་སྦྱོར་བ་འདི་བཤད་དོ། །བྲག་དམར་སྲིན་ཕུག་ཚ་གོ་ཅན། །གོང་གསུམ་རྒྱུན་དྲང་དབེན་པ་མྲ །ཡ་མ་སྐུ་ཡི་བསྙེན་པ་འབུམ། །ལས་ཀྱི་བསྙེན་པ་ས་ཡ་བརྩམ། །མཎྜལ་གྲི་ཁྲག་དུག་གིས་བྱུག །ཆོས་ཀྱི་ཕོ་བྲང་དྲག་པོའི་གནས། །ཟླ་ཁ༷་ཐོད་འཕྲེང་དེ་བཞིན་ཟླུམ། །ཕྱི་རིམ་རྩིབས་བཞི་རྡོ་རྗེས་བསྐོར། །གྲུ་ཆད་ཁྲག་མཚོ་སྒོ་བཞི་བརྒྱན། །གཏོར་མ་ཐུན་རྫས་མཆོད་པ་དགྲམ། །དབུས་སུ་དྲེགས་པ་ཡ་མའི་སྐུ། །ཡུམ་དང་བཅས་པ་ཧཱུཾ༷་ལས་བསྐྱེད། །ཟླ་ཁམ་གསུམ་ལ་ནམ་གྲུ་མ། །ཁྲག་ཐོགས་ཐུན་འབེབས་མ་ལས་བསྐྱེད། །རྩིབས་བཞི་ཤན་པ་གསོད་བྱེད་བཙན། །གཅེར་པུ་སྤྱི་བཅིངས་རལ་གྲི་ཞགས། །དམར་སྐྱ་མགྱོགས་བྱེད་ཛ་ལས་བསྐྱེད། །སྒོ་བཞིར་ལྟས་ངན་སྒྲོ་བཞི་མདའ། །ཁྲག་སྣ་དུག་ཆུས་བསྐུས་ལ་གཟུགས། །བཤོས་བུ་ཆང་དང་ཤིང་ཐོག་མངར། །ཐུགས་དམ་བསྐང་བའི་རྟེན་དུ་བཤམ། །ལིངག་མིང་རུས་སྦྱང་ཐོད་དང་། །འབྲུབ་ཁུང་གནས་སུ་མ་ར་བརྣག །ཚེས་དང་ཟླ་བ་ནག་པོ་བརྡམ། །ཞག་གྲངས་དུས་ཚོད་ངན་པ་གཟུང་། །དྲོད་རྟགས་ཕྱི་ནང་གསང་བར་གཟུང་། །དར་སྦྱངས་གཡུལ་འགྱེད་དམག་དཔོན་བྱེད། །འབྲུག་སྒྲ་འོད་དང་སྐར་མདའ་འབྱུང་། །མཚོན་བརྡེག་སིང་གཅོད་ནང་གིང་རྟགས། །ཁྲོ་ཚིག་ལུས་བསྐྱོད་རྔམ་ཞིང་ག་། །ཡུལ་ལ་འབར་ན་གསང་བར་གཟུང་། །ཁྲན་པ་བསྐུལ་ལ་དམིགས་པ་དགུག བརྣག་པའི་རྟེན་ལ་བསྟིམ་ལ་བྲག །ཕྱེ་གསུམ་བྲུན་གསུམ་འབྲུ་གསུམ་བརྡེག མདའ་ཡི་ལམ་དཔྱེ་ཟོར་དུ་འཕང་། །བརྣག་པའི་གཟུགས་ལ་གཟིར་ཞིང་བྲབ། །རྟེན་ལ་མདའ་དང་ཕུར་ཐུན་བརྡེག །མཐའ་རུ་ཐོད་པ་ལིང་ག་དྲིལ། །གོང་གསུམ་བཙན་གྱི་རྒྱུན་སར་གནན། །གཏོར་མ་དང་བཅས་རི་རྩེར་གཏང་། །བདུན་ནམ་ལྔ་རུ་བསྐྱེད་ལ་བསྒྲུབ། །རྨེ་གྲི་གཟེར་ཐབས་རིམས་སུ་འབེབས། །བརྣག་པ་ཀུན་གྱི་མཆོག་ཏུ་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་སྔགས་འདི་བཏོན་ཏོ། །།ཨོ་འགྲི་བ་ཛི་ཏྲི་ཤུ་ལི་བི་ཏྲིང་གྱིང་ཀ་ར་ཡ་ཛ་ཛ། གྱིང་ཀར་ཡ་འགྲི་བ་ད་རི་ཐུར་རིལ་སྣེ་མན་སྦེ་མན་ཁ་ལོང་ཀ་ཧྲེང་སྨྱོ། འགྲི་ནི་ཧྲ་ཤ་སྨྱུ་ར་ཡ་ཛ། ཙ་ཤུ་བེ་ལེ་ཙིསྟ་ཐུ་རིལ་རྦད། ཤི་ཏེ་བི་རི་དགྲ་བོ་མྱ་ར་ཡ་རྦད། དྲི་སྟི་སྟ་སྲོག་ལ་གཟིར་ནན། བསྙེན་པ་དྲོད་ཐོབ་ཤན་པ་རྦད། བླ་ཁུགས་ཉམས་ལོན་བྲབ་ཅིང་གསད། ཟོར་འཕང་མཐའ་རུ་གནན་པ་བྱ། བསྐང་སོའི་ཆོ་ག་རྒྱ་ཆེར་བྱ། གཟིར་ཐབས་བཙན་གྱི་སྦྱོར་བར་བཤད། རྒྱལ་མཚན་མེ་ལོང་གི་རྒྱུད་ལས། ཤན་པ་བཙན་གྱི་ལེའུ་སྟེ་དོན་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཀླུ་ལ་གཏད་པའི་སྦྱོར་བ་འདི་བཤད་དོ། །འཁོར་ལོའི་སྔགས་ཀྱི་མཐའ་སྡུད་དུ། །གདུག་པའི་ལུས་དང་ཁམས་ལ་གཏད། །རིགས་ནི་ངེས་དང་མ་ངེས་གཉིས། །ངེས་པ་རིགས་བཞི་དམན་པ་ལྔ། ཁ་འཁོར་དྲུག་དང་གདོལ་བ་གཅིག །རྒྱལ་རིགས་སེར་བཀྲ་ཤར་བལྟས་ས། །རྗེ་རིགས་ལྷོར་ལྟ་དཀར་ཁྲ་མེ། །བྲམ་ཟེ་དམརཁྲ་ནུབ་ལྟ་ཆུ། །དམངས་རིགས་ལྗང་སྔོ་བྱང་ལྟས་རླུད་། །འཇུག་པའི་ནད་དང་གདུག་པའི་དུག །རྒྱལ་རིགས་མགོ་ནད་རིམས་ནད་བསྐྱེད། །རྗེ་རིགས་ལག་གཡས་ཚ་བ་བསྐྱེད། །བྲམ་ཟེ་རྐང་གཡོན་ཁྲག་ཆུ་བསྐྱེད། །དམངས་རིགས་རྐང་གཡས་ཞ་དྲུམ་གཡོན། །གདོམ་པ་རྐང་གཡོན་སྣག་པའི་ནད། །བ་སུ་རིགས་དྲུག་རྩ་ནས་འཇུག །ཚ་བ་དམུ་ཆུ་ཕོལ་འབྲས་གཡོ། །སྨན་དང་ཕྱེ་བོ་རླུ་་སྒོར་འཇུག །མཛེ་རླུད་ཁྲག་བསྐྱེད་ཚ་གྲང་འཁྲུག །རྐང་གཅིག་བུ་ག་རྩ་གཉིས་འཇུག །གཞོགས་སྐེམས་སུབས་པ་ནས་ཀྱིས་རྒྱུ། །གེལ་བ་ས་དང་སྲེག་ལ་འཇུག །ལྕི་ཐིབས་སྐོམ་ནད་གླང་པོ་གཏོང་། །འཐོམས་པ་ཚིག་མགོ་ཞ་དྲུམ་སྐྱེམས། །མགོ་མངས་ཁ་ཟས་རོ་ལ་འཇུག །ལེ་ཡི་དབང་པོ་རོ་ལ་འབྲེལ། །གདུག་པ་ཆེན་པོ་སྙིང་ལ་འཇུག །སྨྱོ་འབོག་འཆལ་མཛེ་སྡུག་བསྔལ་མྱོང་། །ས་ཡམས་རྗེ་ཤུལ་རྫི་ལ་འཇུག །ནང་ཁྲོལ་ལྔ་ལ་མཛེ་ནད་སྐྱེད། །ལྟོ་འཔྱེ་རྩ་བཞི་སྦུས་ལས་འཇུག །བད་ཀན་ཁྲག་རླུད་མཁྲིས་ནད་མཛེ། །སྐྱོ་དུབ་སེམས་གཡང་འཆལ་དང་འཐིབས། ཁྲ་རུས་གཡང་བའི་རྟགས་ལྔ་འབྱུང་། །ཀླུ་བདུད་ཆུ་སྲིན་ལྒངས་དང་འཐིབ། །གླང་ཐབས་གྲུམ་དང་ཕོ་སྲིན་ནད། །མ་མོས་རིམས་ནད་སྙོམས་དལ་སྡོང་། །རྒྱལ་པོས་སྨྱོ་འབོག་འཆལ་དང་སྡོང་། །བཙན་གྱི་གཟིར་ནད་དྲི་དང་སྡོང་། །ཐེ་བྲང་བློ་བུར་ཧུར་ཐུམས་སྡོང་། །ནད་བདག་འཇུག་དང་ལྟས་སུ་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ནད་དེ་དག་གདོན་པའི་སྦྱོར་བ་འདི་བཤད་དོ། །སྔགས་དང་འཁོར་ལོ་བསྲེགས་པའི་ལས། །འཇུག་པའི་རྗེས་གཅོད་སྔགས་ཀྱིས་གདོན། །མགོ་ལ་སོགས་པའི་གདུག་པ་ལ། །དྲིལ་བཏོར་འཁོར་ལོ་ལྟོ་སྦྱོར་བསྡེབ། །སྦྱོར་བའི་རྒྱལ་པོ་གསུམ་གྱིས་གདོན། །མགོ་ལ་ཤི་ཕྲད་ཉིན་དང་མཚན། །ལྟོ་བསྡེབས་གཏོར་བའི་སྦྱོར་བས་གདོན། །ལག་གཡས་ཞུགས་ལ་སྙིང་གཟེར་དགུ། །དེ་བཞིན་གཡོན་པ་ཉི་ཤུ་གཅིག །རྐང་པ་གཡས་ལ་བདུན་པ་སྟེ། །གཡོན་པ་གདུག་པ་ལྟོ་དཀྲུགས་གདོན། །བུ་ག་དགུ་ལ་བཅུ་གཅིག་པ། །རྩ་བརྒྱད་ཞུགས་ནས་འབྲུ་བརྒྱད་ཤིས། །དབུགས་དང་རྫི་ལ་བཅུ་གཅིག་གཏོར། །རྗེན་ཤུལ་ཞུགས་ན་གཉིས་གཉིས་བསྡེབ། །དྲོད་ལ་ཞུགས་ན་ལྔ་ཚོ་བརྡེབ། །རླུ་་རྟ་ཞུགས་ན་གཉིས་པོར་ཏྲི། །རྩ་ལམ་བཅུ་གཅིག་བོར་ལ་འཕང་། །ས་མེ་རྩ་ལ་སུམ་སྡེབས་དཀྲུག །རྩ་བཞི་གདུག་པས་འབྱུང་བའི་ནད། །དཀུགས་ན་ཕྱག་རྒྱ་ཆེན་པོས་གདོན། །ཚིགས་མགོ་བདུན་ལ་དགུག་བདུན་བསྡེབ། ཁ་ཟས་ཞུགས་ལ་ཤིང་ཕྲད་བསྡེབ། །ཙིསྟ་ཞུགས་ལ་ཕྱག་རྒྱ་དཀྲུག །ཀླུ་བདུད་ཀླུ་སྲིན་བདུན་པ་དཀྲུག རུ་མེ་འབྲུ་དགུའི་སྦྱོར་བ་བསྡེབ། །མ་མོ་ལ་སོགས་རིམས་དལ་གཅོད། །རྩ་དྲི་འབྲུ་དགུའི་སྦྱོར་བ་ཡིས། །སྨྱོ་འབོག་ལ་སོགས་འཛེམས་པའི་མཆོག །ཛ་ཡི་འབྲུ་བཅུ་དཀྲུགས་བསྡེབས་པས། །གཟེར་དང་གྲི་ཡི་སྦྱོར་བ་གདོན། །རོ་དྲི་བཅུ་ཡི་འབྲུ་བསྡེབས་པས། །བློ་བུར་ནད་དང་མཛེ་ཡམས་གདོན། །མཆོག་དང་སྙིང་པོའི་མན་ཏྲ་ལས། །དམར་ལེན་སྔགས་ཀྱི་སྙིང་ལས་གཟུང་། །ཀུན་འཇོམས་རྟགས་རྣམས་བརྟེན་མེན་པའོ། །འཁོར་ལོ་ཐོད་པ་རྫས་ཀྱིས་བདུག །ཕག་ཐོད་སྦྱོར་བ་སྟེང་དང་འོག །བཅུ་གཅིག་ཡང་གསང་མཆོག་ཏུ་བསྟན། །དམར་ལེན་ཐུན་མིན་སྔགས་ཀྱི་སྙིང་། །གདུག་པ་ནད་ཀྱི་དབྱེ་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། རིགས་དང་ནད་དབྱེ་བའི་ལེའུ་སྟེ་དོན་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྡིག་པ་ཆེན་པོའི་ལུས་ཀྱི་ཚད་བརྟག་པའི་སྦྱོར་བ་འདི་བཤད་དོ། །སྟོབས་ཆེན་ཡ་མ་མྱོས་བྱེད་མོ། །སྒྲོལ་གྱིང་དྲག་པོ་ནུས་པ་རྫས། །དྲག་པོ་མཐའ་རུ་ཀླུ་ལ་གཏད། །མི་མཐུན་ཀླུ་ལ་རིགས་བཞི་དྲུག །རྒྱལ་རིགས་ལྷོར་ལྟ་རྗེ་རིགས་ཤར། །བྲམ་ཟེ་ནུབ་ལྟ་དམངས་རིམས་བྱང་། །དཀར་ལ་ཆུ་འཁྲགས་སྔོ་ལ་དལ། །རྩ་དམར་འཕུང་དམར་ལྗང་དམར་མགྱོགས། །ཐུང་མོངས་རིགས་ཀྱི་དབྱེ་བར་བཤད། །གཞན་ཡང་རིགས་མིན་བརྟག་པའི་རིགས། །འཁྱིལ་དང་ལྐུགས་དང་མགོ་མངས་གཅིག །ཆུ་མིག་ཤར་འབབ་ཀླུ་མགོ་ནུབ། །དེ་བཞིན་ནུབ་འབབ་གན་རྐྱལ་ཤར། །བྱང་དུ་འབབ་ན་ཀླུ་མགོ་ལྷོ། །ལྷོར་འབབ་བྱང་དུ་མགོ་ཟུག་པའོ། །ལུས་ནི་འབྲེང་ལ་དུད་འགྲོའི་མགོ །གནས་པའི་རྒྱ་ཁྱོན་ལས་ཀྱི་ཚད། །བཅུ་གཉིས་ཁྲུ་ཚད་ལྡབས་ཀྱིས་སྤགས། །སྤྱི་བོ་ནས་མར་མགོ་ཁྲུ་དོ། །སྐྱེ་ལ་སོར་བརྒྱད་སྙིང་སྐེའི་བར། །ཁྲུ་གང་སྙིང་ལ་སོར་བཅུ་གཉིས། །སྙིང་ཁ་དག་གནས་ལྟེ་བའི་བར། །ཁྲུ་དོ་སོར་བརྒྱད་དག་གི་ཚད། །ལྟེ་བའི་སོར་བཞི་ལྟེ་གསང་བར། །ཁྲུ་དོ་པས་ཏེ་ཆུ་ཡི་ཚད། །གསང་བ་ཁྲུ་གང་བླ་དེ་བཞིན། །སོར་བརྒྱད་བཅུ་གཉིས་དག་གིས་འཕགས། །རྗེ་ངར་ཁྲུ་དོ་སོར་བརྒྱད་ཚད། །རྐང་པའི་དཔངས་སུ་རྩེ་སོར་བརྒྱད། །སྤྱི་གཙུག་རྐང་མཐིལ་བཅུ་གཉིས་རྫོགས། །ལས་ཀྱི་དམིགས་དང་གཏད་པའི་ས། །རིགས་དང་ཤི་སའི་རྒྱུད་དུ་བརྩལ། །མགོ་ཁྱིམ་ཁྲུ་གང་རྒྱ། །བཅུ་གཉིས་སོར་གྱི་ཚད་དུ་གནན། །སྔགས་པ་སྟོབས་ཀྱིས་སྦྱོར་བ་བསྡེབ། །ས་བདག་བཙན་པོ་གཏད་པར་ཤིས། །ལས་ཀྱི་རླུད་གི་མཐའ་རུ་སྐྱེལ། །ར་སྒོང་ཁྲུ་གང་རྩེ་ཁྲུ་དོ། །རྗེ་དང་ཡུལ་སྲུངས་དག་ལ་ཤིས། །གསད་དང་འཕོ་བའི་ལས་སུ་སྦྱར། །ར་ཁྲག་ཁྲུ་གང་སོར་བཞི་ལྡན། །ལྷ་བོན་རིགས་མན་དག་ལ་ཤིས། །མིག་གཉིས་ཁུ་རེ་མཛུབ་གང་གནན། །རིགས་རྒྱུད་འཕེལ་བའི་སླུངས་ལ་ཤིས། །སྣ་ལ་འཁོར་ཡུག་ཁྲུ་གང་དུ། །ཀག་ཁམས་གནན་ན་སྨྱོ་འབོག་ཤིས། །རྣ་བ་ཁྲུ་གང་སོར་བཞི་ལ། །འུ་ཁམས་གནན་ན་གང་བརྩམས་ཤིས། ཁ་ལ་ཁྲུ་གང་སོར་བརྒྱད་དུ། །ཇི་ཁམས་གདེངས་དང་ཆེ་བར་གནན། །དྲི་དང་གཡེང་བའི་ནད་ཀྱིས་འཇོམས། །སྐྱེ་ལ་སོར་བརྒྱད་བཤང་ཁམས་གནན། །མཛེ་དང་ཕོལ་འབྲས་ཡམས་ལ་ཤིས། །སྙིང་དང་སྐེ་བར་ཁྲུ་གང་ཚད། །སྙིང་ཁར་བཅུ་གཉིས་སོར་གྱི་སར། །ཀུ་ཁམས་གནན་པས་གསད་པའི་མཆོག །ལག་སོར་ནང་དུ་སོར་བཅུ་གཉིས། །བྲན་དང་ཤན་པ་རིགས་ངན་གནན། །སྐྱེ་བརྒྱུད་བཅད་པའི་ལས་སུ་ཤིས། །བྱང་ཁོག་ཁྲུ་གང་ཕོ་རྒྱུད་གནན། །གྲི་དང་ལྐུགས་པའི་ལས་སུ་ཤིས། །དེ་བཞིན་ལྟེ་བར་མོ་རྒྱུད་གནན། །རྒྱུད་དུ་མ་ནིང་དབང་པོ་གཉིས། །ལྟས་ངན་དག་གི་ལས་སུ་ཤིས། །གསང་བར་ཆགས་པའི་གཞི་བསྡུས་ལ། །སྦྱོར་བ་ཀུན་བཟློག་ཐམས་ཅད་འཇོམས། །རབས་ཆད་ཕོ་མོས་ཀ་སྦྱར་གནན། །ལྟོ་དང་རྐང་པར་རིགས་ངན་དང་། ཁྲན་པ་སྨད་འཚོང་བཙོ་བླག་མཁན། །མཛོ་རྟོལ་དྲེའུ་ཡི་ཐོད་པར་བཅུག ཞ་དྲུམ་མཛེ་དང་ཡམས་ངའི་ནད། །རྨེ་ཐོག་བརྟོལ་གྱི་ལས་ལ་ཤོས། །དབྱེ་དགུག་ལ་སོགས་ལས་ཀྱི་རིམས། །སྡིག་པ་ཆེན་པོའི་ལས་ལ་སྦྱར། །དེ་ཡིས་སྤོགས་པ་མེད་པར་བཤད། །གཞན་ཡང་མགོ་གཅིག་ཕྱོགས་བཞིར་བརྟག །རིགས་སུ་མི་དབྱེ་སྟོབས་ཀྱིས་སྦྱར། །སྔགས་ཀྱི་ཚད་མ་ཐོ་བ་ན་འགྲུབ། །ལྕགས་དང་རྡོ་ཡི་འཁོར་ལོ་ལ། །ཁྲག་དང་དུག་གི་འཁོར་ལོ་བྲི། །སྟེང་གི་ཕྱོགས་སུ་སྦྱོར་བས་གནན། །ས་ཡམ་གྲུ་གསུམ་ནག་པོར་བརྟག གང་རུང་གཅིག་ཏུ་པུས་གང་རྐོ། །ཐོད་པ་ཕོ་མོ་གོ་མི་བཟློག །བཟློག་ན་སྔགས་པ་རང་དབང་སྡུད། །ལས་ཀྱི་རྒྱལ་པོའི་སྟོབས་ཀྱིས་སྦྱར། །ཀླུ་ནད་སྡིག་པའི་སྦྱོར་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། ཀླུ་ནག་སྡིག་པའི་ཚད་བརྟག་པའི་ལེའུ་སྟེ་དོན་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཁྲོལ་བུ་བརྟག་པའི་སྦྱོར་བ་འདིས་བཤད་དོ། །མགོ་མངས་ཕྱོགས་ཀྱི་གདུག་པ་ལ། །མགོ་དང་རྐང་ལག་དགུ་ལྔ་གསུམ། །གནས་པས་ཆུ་ལྔའི་འོད་དང་བརྟག །དམར་ལ་འདྲིལ་ཞིང་མང་ལ་མཛད། །སྙོམས་ལ་རྒྱུན་དུ་འབབ་ན་མིག །ཉི་ལྕིབ་སུབས་ལ་བྲིང་བུ་འདེགས། །གཤེར་ལ་མི་འཛེག་ཉ་མིག་སྣ། །བྲག་ཤིང་རྩ་ལ་གླན་ན་ལྡུད། །བྲི་མ་དམར་ལ་ཤིང་ཙ་སྤོ། །བྱ་དང་འཁར་སྒོངས་སྲིན་ཆེན་ཆགས། །གཡས་གཡོན་སྟུད་པ་ཁ་རུ་བརྟག །གནམ་འགྲེང་སྐྱེས་ཤིང་དེ་ཉིད་ཐིམ། །རྗེན་ཤུན་མེད་པར་གསལ་བར་བརྟག །མི་མངོན་གསོལ་དང་མཚན་ལྟར་འཛག །ཡང་ན་མགོ་གཅིག་ཞ་ལག་དགུ། །ཡང་ན་ཆུ་བྲན་མང་དུས་ཐིམ། །ལྟེ་བ་དག་ཏུ་རྣམ་པར་སྦྱར། །མིག་ལ་སོགས་པའི་ཆུ་ལྔ་ལ། ཁམས་ཆེན་ལྔ་དང་སྦྱར་བའི་གནན། །མིག་ལ་བུ་ཁམས་དུར་མ་བླ། །འཐོམ་ནག་གཡས་པའི་རྩེ་མོར་གནན། །སྣ་ལ་ཇི་ཁམས་རབས་ཆད་ཀྱི། །ཐོད་པ་ཁ་སྦྱར་ཁྱུ་མཆོག་གནན། ཁ་ལ་ཀག་ཁམས་མོན་ཐོད་གནན། ཁ་མེས་བླ་རུས་སྟེང་དུ་གནན། །ལྟེ་བ་བཤང་ཁམས་དག་དིག་གི །ཐོད་པ་འཛོ་མོ་ཕུར་པས་གནན། །གསང་བར་ཀུང་ཁམས་མཛེ་གྲི་ཡི། །ཐོད་པ་རྣོལ་མའི་དོར་རྟས་གནན། །ཡང་ན་མཛེ་ཤུ་ཕོལ་འབྲས་མིག །སྣྲོ་འབོག་གཡང་དང་འཆལ་ལ་སྣ། །རྣ་བར་མྱོས་སིང་འཐིབས་དང་ལྐུགས། །ཡམས་ནད་རིམས་དལ་ལྟེ་བར་སྦྱར། །སྐྱེ་རྒྱུད་གཅོད་ལ་གསང་བའི་གནད། །དབང་ཆེན་དྲེགས་པའི་སྟོབས་དང་སྦྱར། །ཡང་ན་ཕོ་རྒྱུད་མིག་ལ་སྦྱར། །ཕ་མེས་རྣ་བ་མིག་ཆ་སྣ། །མོ་རྒྱུད་ལྟེ་བར་གསང་བར་ལྟ། །བསྲུབ་པ་ཀུན་བྲལ་སྟོབས་ཀྱིས་བྱ། །རྒྱུས་ཆེན་ཞབས་མ་རེ་བས་གྲིལ། །སྦྱོར་བ་ལྔ་ཡིས་རིམ་པས་གཅད། །རྡོ་རྗེ་རྒྱ་གྲམ་བརྩེགས་མས་མནན། །དོན་ཡོད་གྲུབ་པའི་ཕོ་བྲང་གདབ། །རི་རབ་འཁོར་ལོ་བརྩེགས་མས་གནན། །གདུག་པའི་ཆུ་ལྔ་བརྟག་པར་བྱ། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། ཁྲོལ་བུ་ལས་ཀྱི་དམིགས་པ་བརྟག་པའི་ལེའུ་སྟེ་དོན་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རུས་སྦལ་ཁྲ་བོའི་སྦྱོར་བ་འདི་བཤད་དོ། །འཁྱིལ་དང་ལྐུགས་པ་རུས་སྦལ་གནས། །དེ་ལ་གཏད་པའི་རིམ་པ་ནི། །ལོ་དང་ཁམས་སུ་ཉེ་བར་སྦྱར། །དབང་ཆེན་དྲེགས་པ་རྒྱུ་དང་གཤེད། །རླུད་རྟ་སྲོག་ལུས་ཚེ་གནས་ཁྲུས། ཁེས་པས་སྲོག་གཅོད་རུས་སྦལ་ལུས། །གཤེད་བདག་ཆེན་པོའི་སྦྱོར་བས་གནན། །ཡ་ང་ནད་ཀྱི་དལ་དང་རིམས། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །ཡན་ལག་ལྔ་དང་དབང་པོ་བརྒྱད། །ནང་ཁྲོལ་སྨད་ལྔ་ཚིགས་མགོ་བརྒྱད། །ལུས་ཀྱི་བང་མཛོད་བཅུ་དྲུག་བཞི། །གནན་གཟོར་ཕོ་བྲང་འོག་དང་བར། །བཞི་བཅུ་རྩ་གཅིག་དམིགས་བརྟགས་ལ། །རུས་སྦལ་ཁྲ་བོའི་གསང་མཛོད་གཤེད། །ཐ་ཆུངས་བཞི་ལ་ཤར་དུ་ལྟ། །འབྲིང་པོ་བཞི་ལ་ལྷོ་ཕྱོགས་སུ། །ར་བ་བཞི་ལ་ནུབ་ཕྱོགས་སུ། །ནུར་དང་སྟོད་ལ་བྱང་དུ་ལྟ། །དུས་བཞི་རྟག་ཏུ་ཀ་བུབ་གནས། །ཉི་ཕྱེད་ནམ་གུང་གན་རྐྱལ་གནས། །ལོ་གཤེད་བསྟད་པའི་སྦྱོར་པ་ནི། །འདོད་པའི་བསྒྲུབ་བྱ་བསྟན་པ་ཡིན། ཁ་རུ་སྦྲུལ་གཏད་ར་གཡས་འབྲུག །ལག་གཡས་ཡོས་བུ་མཆན་གཡས་སྟག །རྐང་གཡས་གླང་གཏད་གསང་གཡས་ཕག །གསོང་གཡོན་བྱི་བ་རྐང་གཡོན་གྱི། །ལྟོ་གཡོན་བྱ་སྟེ་མཆན་ཁུང་སྤྲེལ། །ལག་གཡོན་ལུག་གཏད་ར་གཡོན་རྟ། །གཤེད་བདག་ལག་ཏུ་གཏད་པ་ནི། །བྱི་ཕག་ཡ་མ་རྭ་ཛ་ལ། །བྱ་སྤྲེ་མྱོས་བྱེད་འབར་བའོ། །རྟ་སྦྲུལ་ཨརུ་དམར་པོ་ལ། །གླང་ལུག་ཁྱི་འབྲུ་ཚར་དགུའི་ལག །འདུ་བའི་ནད་གཞི་བསྐྱེད་ཅིང་གཅོད། །ལོ་གཤེད་གཅོད་པའི་སྦྱོར་བར་བཤད། །རུ་སྦལ་གསང་མཛོད་ཕྱོགས་བཞི་ལ། ཁམས་ཆེན་ལྔ་ཡི་སྲོག་ལུས་སྦྱར། །འོག་ཕྱོགས་བྱི་ཁ་ཚ་བ་གཏད། །མཇུག་མར་འུ་སྟེ་ཆུ་ཡི་ཁམས། །གཡས་སུ་ཀག་ནི་ཤིང་གི་ཁམས། །གཡོན་དུ་བཤང་ལྟེ་ལྕགས་ཀྱི་ཁམས། །ཡན་ལག་ཀུང་སྟེ་གཏད་པའི་ཁམས། །འབྱུང་བ་ལྔ་ལ་སྦྱོར་བ་བརྩམ། །བདག་པོ་བཞི་ལ་གཤེད་མར་བསྐོ། །རུ་སྦལ་སྲོག་སླུངས་གསང་མཛོད་འཆང་། ཁམས་ཆེན་ཕྱོགས་ཀྱི་སྦྱོར་བ་བཤད། །མིག་ལ་རྒྱལ་པོ་རྣ་བ་རྗེ། །ཁ་རུ་སྔགས་པ་ར་ལ་དམངས། །ལྷ་རྣལ་བོན་པོ་སྒྲོམས་སུ་ལྷ། །ཡུལ་སྲུངས་སྙིང་ཁ་བློན་པོ་སྟེ། །འགྲན་ཟླ་སྟོབས་ཀྱིས་གཅོད་པའི་ལས། །རྣམ་ཤེས་དབང་པོའི་སྦྱོར་བར་བཤད། །སྙིང་ལ་གསད་པ་གློ་ལ་སྨྱོ། །མཆིན་པས་འབོག་འཐིབས་རྒྱུ་བས་རིམས། །མཁན་མས་ལྷ་དང་དབྱེ་བའི་ལས། །ཐོད་པ་དྲག་པོ་ནམ་མཁའི་སྟོབས། །གང་འགྲུབ་ལས་ལ་ཐོགས་པ་མེད། །ནང་ཁྲོལ་སྦྱོར་བའི་མཆོག་ཏུ་བཤད། །འཆི་བའི་བར་དུ་གསད་པར་བྱ། །སྐྱེ་བ་རེངས་དང་ལྐུགས་དང་སྦྱར། །སོགས་པ་གནིས་ལ་གྲི་དང་ཐོག །བྱང་ཁོག་དབང་དུ་བསྡུ་བའི་ལས། །རྫིང་ལ་བརྣོལ་དང་དེ་བཞིན་རྨེ། །རྒྱུ་ཞབས་རིམས་དལ་སྙོམ་བུའི་ལས། །གསད་པར་སྐྱེ་རྒྱུད་གཅོད་དང་འཕྲོ། །ཆུ་ཤུལ་གནན་ན་ལས་ཀུན་འགྲུབ། །མཛེ་ཅན་ཐོད་པར་སྦྱོར་བ་བསྡུ། །རུས་མགོ་བདུན་ལ་གཏད་པའི་ལས། །མཛེ་ཅན་དམར་གཅོད་ཐོད་པ་སྲ །དྲག་པོའི་སྦྱོར་བ་ཀུན་བསྡུས་ལ། །གནན་ན་ཡ་མའི་ལས་ལ་ཤིས། །གཏད་པ་ཀུན་གྱི་མཆོག་ཏུ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །རུ་སྤལ་ཁྲོ་བའི་ལེའུ་སྟེ་དོན་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། །ཀླུ་འཕྱེ་བོ་ལ་གཏད་པའི་སྦྱོར་བ་འདི་གསུངས་སོ། །ལྐུགས་པ་འཔྱེ་བོ་གནས་པའི་ས། ཁ་དོག་སྔོ་ནག་འཐིབས་ལ་སྨུག །དེ་ལ་གནས་པ་འདི་ལྟ་སྟེ། །མི་ལུས་གླང་མགོ་བགྲོད་པའི་མཇུག །ལག་པ་མེ་རླུང་འབྱུང་བ་ཞབྲུག །རྭ་དང་སྡེར་མོ་མཚོན་ཆས་གཅོད། །སོགས་དང་བ་སྐྲུ་རྣོ་དབལ་མེ། །རྣ་བའི་གྲོང་ཁྱེར་ཀླུ་བརྒྱས་གཏམས། །ལྟ་ཞིང་རྫི་ལ་བསྣམས་པ་འཛིན། །དེ་ལ་གཏད་པའི་རིམ་པ་ནི། ཁ་དང་རྣ་བ་སྣ་དང་མིག རྭ་དང་ལག་པ་བྱང་ཁོག་མགོ །སྙིང་དང་ལྟེ་བ་རྒྱུ་མའི་མཛོད། །ལྔ་གཉིས་གཅིག་ལ་གཏད་པ་སྟེ། །རིམ་པ་ཇི་བཞིན་སྟོབས་ཀྱིས་སྦྱར། །སྔགས་པ་གཙང་པོ་བློན་པོ་རྗེ། །བོན་པོ་མུ་སྟེགས་ཡུལ་བསྲུངས་དམང་། །རིགས་ངན་ཉན་ཐོས་བསྲུངས་པའི་ལྷ། །ཇི་བཞིན་དེ་བཞིན་སྦྱར་བ་ནི། །མཛེ་ཅན་དམན་གཅོད་ཐོད་པ་སྲ །གང་སྒྲུབ་མཐའ་རུ་ལས་འདི་བརྩམ། །འཁོར་ལོ་དང་བཅས་ཚས་དང་ལྡན། །ས་ཡ་གྲུ་གསུམ་ཁྲུ་གང་རྐོ། །ཐོད་ཁར་ལ་སོགས་ཕོ་བྲང་གདབ། །མཛེ་ཡམས་དབབ་པའི་སྦྱོར་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། ཀླུ་འཕྱེ་བ་ལ་གཏད་པའི་ལེའུ་སྟེ་དོན་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཀླུའི་ལས་ཐོར་བུ་འདི་བཤད་དོ། །གང་རུང་ལས་ཀྱི་མཐའ་སྡུད་ལ། །སྦྱོར་པ་ཀུན་སྨིན་གཏད་པ་བཙམ། །མཆོག་ཏུ་མ་ར་ཡ་ངའི་ལས། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །མཛེ་ཅན་དམར་གཅོད་ཐོད་པ་སྲ །ལས་ཀྱི་འཁོར་ལོ་ཐོད་པ་བཅའ། །ཞིང་རས་རྒྱུ་ལ་རིམ་བཞིན་བསྐོར། །དབུས་སུ་དྲག་པོ་སྦྲུལ་གྱིས་བསྐོར། །དབུས་དང་མཚམས་ཀྱི་འབུབ་གནས་སུ། །མིང་རུས་དུག་དང་ཁྲག་གིས་བྲི། །བཅུ་དྲུག་ཡ་ཚོགས་བཅུ་བདུན་དགོད། །བདུད་དང་རླུད་དང་ལྷོ་སྦྱོར་དགོད། །ཕྱི་རིམ་འཁྲུལ་མིག་བཅུ་དྲུག་མཛེས། །ཡང་ལོགས་རྩིབས་ཆེན་ཉི་ཤུར་བྱ། །སྡུད་པའི་སྙིང་པོ་མཆོག་སྡུད་དགོད། །གདུག་པའི་གསེབ་ཏུ་སྐྲུ་གྲི་དགོད། །ཐབས་དང་ཤེས་རབ་གཉིས་སུ་བྱ། །རླུད་དང་ཡ་མའི་ལྟོ་རུ་བྲི། །སྔགས་དང་དྲིལ་གཏོར་ཉིན་མཚན་བསྡེབ། །བརྒྱ་བརྒྱ་མཚོན་ཆས་བསྣོལ་མར་བཅད། །ཀླུ་དང་གཤིན་རྗེས་བཀུག་ཅིང་གཅོད། །ཚེ་སྲོག་དབང་པོ་བསྟོད་ཅིང་འཆང་། །ཉི་མ་བཞི་དང་མཚན་མོ་བཞིས། །ལས་ཀྱི་རྒྱལ་པོས་ལྟོ་སྦྱར་བརྩམ། །སྔགས་ཀྱི་མཚོན་ཆ་དྲག་ཏུ་བཟླས། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་མཚོན་ཆ་འདི་བཏོན་ཏོ། །ཡ་མ་མེ་ཏ་སྟེ། རྭ་ཛ་ས་ཏྭ། རུ་ན་ཡོ་ནི་ར་ཡ་ཙ་ནི། བྲ་མ་མུར་རཀྟ་ཙ་ར་མ་ར་ཡ་ནི། ཤ་ཀུ་རུ་ནི་རྦད་ལ། ནཱ་ག་པུ་ཏ་ཡ། ས་ན་ཧྲི་ད་ལྭ། ཧུག་རྨུགས་ཏི་ཛ།མྱགས་ཐུ༷་ཨུ་ཏ་ནན། སྲོག་ལ་ནི་ཡ༷་ཤག་ལ་རྦད། ལས་འདི་མཐའ་རུ་རྫོགས་པ་ན། ཁྲ་ཁྲག་དྲོད་དང་དབྲལ་བའི་ཕྱིར། །ཀླུ་དང་གཤིན་རྗེ་དཀྲུག་ཅིང་རྦད། །ཕྱོགས་མཚམས་བརྒྱད་ལ་བརྒྱ་བརྒྱ་དཀྲུག །ལས་ཀྱི་མཐའ་རུ་ཁ་བསྐང་ཡིན། །འཁོར་ལོ་ཐོད་པ་མུན་པས་དྲིལ། །གདུག་པ་རང་གིས་བྱད་དུ་གཞུག །གང་རུང་གདུག་པའི་ས་རུ་གནན །ཀླུ་དང་ཡ་མ་ཉིད་ལ་གཏད། །ཕོ་བྲང་རི་རབ་འབྱུང་བར་བསྐྱེད། །བརྣག་པའི་རྒྱལ་པོའི་ལས་འདི་ལ། ཁུ་ཏ་ཡ་མའི་བདེ་ཀློང་དུ། །དབང་པོ་ཀུན་འདུས་ཁ་ལ་འཕང་། །བྷ་ས་ཀ་ལའི་སྦྱོར་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །འཁོར་ལོ་ལྟེ་སྦྱོར་གདུག་པ་ཁ་འཐམས་ཀྱི་ལེའུ་སྟེ་དོན་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུ་སྦྲུལ་ནག་པོར་སྦྱོར་བ་འདི་བཤད་དོ། །གཞན་ཡང་གནན་པའི་སྦྱོར་བ་ནི་སྔགས་ཀྱི་མཚན་མ་ཐོབ་པ་དང་། དུར་ཁྲོད་དར་དང་མཉེལ་མའི་གོས། །ཕུར་པས་བརྒྱངས་ལ་རྨོ་བ་བྱུག །ཚ་བ་གསུམ་དང་དུག་ཆུས་བསྐུ། །པདྨ་རཀྟས་འཁོར་ལོ་བྲི། །ཐིག་བཞི་བཏབ་པས་ལེའུ་ཚེ་བརྒྱད། །ཕྱི་རིམ་འཁོར་ལོ་བཅུ་གཉིས་རྩིབས། །ཡང་ལོགས་བཅུ་དྲུག་རྩིབས་དང་ལྡན། །དབུས་སུ་སྦྲུལ་གྱི་ར་བས་བསྐོར། །གཤེད་བཞི་གནས་སུ་ཐོད་པ་སྦྲུལ། །གསང་མཛོད་རུ་སྦལ་ལྷོ་བར་མིང་། །བཅུ་གཉིས་རྒྱ་གྲམ་སྦྲུལ་དང་མེ། །བཅུདྲུགམཚོནཆརྒྱགྲམསྦྲུལ། །སྦྱོར་བ་ན་ག་དྲི་རྨུར་ནན། །འཁོར་ལོ་གདུག་པའི་ལུས་ཀྱི་གསེབ། །བསྒྲུབ་བྱའི་མིང་རུས་དྲི་རྦད་དགོད། །གཤེད་བཞི་སྔགས་ཀྱི་སྦྱོར་བ་དང་། །གདུག་པ་ཀླུ་ཡི་སྔགས་སུ་བསྡེབ། །ཉིན་མཚན་གསང་སྔགས་དྲིལ་གཏོར་བརྡེག །གཅོད་པའི་སྤུ་གྲི་རྣལ་མས་གཅོད། །གདུག་པ་བསྡིགས་བཅིང་ལས་ལ་མངག ཡ་མ་ནཱ་ག་མ་ར་དྲི། །ཧ་མུ་ཇི་ལའི་སྦྱོར་ཚུལ་ཡིན། །མཛེ་ཅན་ནག་པོའི་ཐོད་པ་མྲ །མུ་ཟི་ནག་པོའི་བླང་རྐང་གཞུག །ཕོ་མོ་གང་ཡིན་སྟེང་འོག་དབྱེ། །ཡང་ན་ཐོད་པ་ཉམས་དང་སྦྱར། །སྟེང་དུ་ནན་ཏུ་དྲག་པའི་སྔགས། །འོག་མར་དམིགས་པའི་རུས་དང་མིང་། །ཁྲག་གིས་བྲིས་ལ་དུག་མེས་བདུག །ཐོད་པ་མཛེ་ཅན་ཁྲག་གིས་བསྐུ། །སྦྲུལ་ནག་ཕོ་མོའི་ལྤགས་ཤུན་དུ། །འཁོར་ལོ་དྲིལ་ལ་དམིགས་པ་གཞུག དུག་ཆུ་ཚ་བ་ཁྲག་ནད་ཀྱིས། །སྦྲུལ་ནག་ཕོ་མོའི་ལུས་ལ་བསྐུ། །མཁར་ནག་སྔོ་དམར་མཚོན་གྱིས་གྲིལ། །སྦྲུལ་ནག་ཐོད་པའི་ནང་དུ་གཞུག །དར་གྱིས་གཡོགས་ལ་རྒྱ་ཡིས་དྲིལ། །མཛེ་ཅན་ཕོ་མོས་ཞབས་མས་དྲིལ། །ལས་ཀྱི་མཐའ་རུ་ཐོད་མཁར་གདབ། །གང་འདོད་དམིགས་པའི་མིང་དང་སྦྱར། །གཉན་ར་གདུག་པའི་དཀྱིལ་དུ་གནན། །དམོད་སྔགས་གང་རུང་སྟོང་གིས་སྦ། །སྟོང་ཕྱིར་གཟིར་ལ་བརྒྱ་ཡིས་བཅག །ཀླུ་ཆེན་ཡ་མའི་ཕོ་བྲང་གདབ། །སྟེང་དུ་རི་རབ་འཁོར་ལོ་བསྐྱེད། །རྡོ་རྗེ་རྒྱ་གྲམ་སྟོབས་ཀྱིས་གནན། །སྟེང་དུ་ལྷ་ཡི་ཕོ་བྲང་གདབ། །ཕྱོགས་བཞིར་ཕྱི་འགྲོས་བདུན་བདུན་བྱ། །ཕྱོགས་ཕུར་སོར་བཞི་བ་རེ་གདབ། །དབུགས་མ་ཤོར་བར་རྐྱང་འགྲོས་བསྐོར། །མཚམས་བཞི་རྡོ་ནག་རྟགས་སུར་གཏད། །ལམ་དུ་ཞུགས་ཡ་རྒྱ་གྲམ་གཅད། །ཆུ་ཤུལ་དག་གམ་རི་རྩེར་འགྲོ། །ཞག་བདུན་བར་དུ་སླར་མི་འགྲོ། །མཁའ་ལྡིང་དང་བཅས་དྲག་སྔགས་གཟིར། །ཀླུ་ལ་ཕྱག་རྒྱ་བསྟན་ཞིང་བསྡིགས། །ཕྱག་རྒྱ་ལུས་དབང་སྔགས་འཁོར་གྲུང་། །མ་ལུས་སྦྱོར་བའི་མཆོག་ཏུ་བཤད། །རྒྱལམཚན་མེ་ལོང་གི་རྒྱུད་ལས། །ཀླུ་སྦྲུལ་ནག་པོ་སྟོབས་ཀྱི་གནན་པའི་ལེའུ་སྟེ་དོན་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཀླུའི་ལྟོ་སྦྱོར་འདི་བཤད་དོ། །གཞན་ཡང་གཏད་པའི་རིམ་པ་ནི། །གཉན་ར་གདུག་པའི་གཟུགས་བླངས་ལ། །སྔགས་ཀྱི་རྒྱལ་པོས་བྱིན་གྱིས་བརླབ། །རུས་ཆེན་ཐུར་མས་སྦལ་བ་བཤུ། ཁྲ་ཁྲག་སྔགས་ཀྱི་བྱིན་བསྐྱེད་ལ། །ཕྱག་རྒྱས་ནཱ་གའི་དབང་པོ་དགུག །གསོབ་ཤུན་སྔགས་ཀྱིས་བུས་ལ་བརྒྱངས། །རང་ཉིད་ལྷ་ཡི་ང་རྒྱལ་བསྒོམ། །ཐོད་པ་དག་དིག་བཀྲ་མི་ཤིས། །གཉིས་པ་གཉན་པའི་འཁོར་ལོ་བྲི། །སྟེང་དུ་རི་རབ་རྒྱ་གྲམ་ཨོ། །འོག་མར་གྲུ་གསུམ་མ་ར་སྐྲུལ། །མེ་རླུད་ལས་ཀྱི་སྙིང་པོ་གཟུགས། །བྲིས་ལ་དུག་དང་དྲི་མས་བདུག །རུར་ཁྲོད་རས་ལ་མིང་རུས་བྲིས། །རྟ་ནག་བསྣོལ་ཁྲག་ཕྱི་ནང་བྱུག །མིང་བྱང་བྲིས་ལ་གནས་སུ་བཞག །དྲག་པོ་སྔགས་ཀྱི་སྦྱོར་བ་བསྡེག །མཆོག་ཏུ་ན་དང་ཡ་ལ་བསྟིམ། །སྔ་མ་ཇི་བཞིན་དྲིལ་གཏོར་དཀྲུག །སྦྱོར་བ་ཐོན་ནས་ཐོད་མཁར་བཅའ། །སྦལ་པའི་ཤ་ཁྲག་སྐམས་ལ་བསྲེག །ཐལ་བ་མིང་རུས་རི་ལུ་བྱ། །རི་ལུ་སྦལ་པའི་གསོབ་ཏུ་གཞུག །སྔགས་ཀྱི་སྦྱོར་བས་ཐོད་པས་བཅའ། །དུག་ཆུ་བསྐུལ་ལ་དར་གྱིས་གྲིལ། །ལྕགས་ཀྱི་ཕག་པའི་ལྟོ་བར་གཞུག །སྣ་ཚོགས་ཁྲག་གིས་ཐིག་ལེ་བྱ། །ཕག་པ་ཐོད་པའི་གའུར་བཅའ། །ཐོད་པ་མུན་པ་སྦྲུལ་གྱིས་བསྡམ། །ཞག་གསུམ་ཐུན་བཞིར་ཐོད་པ་གསོ། །ས་སྲོས་བར་་དུ་གནན་ལ་གཏད། །གཉན་ར་གདུག་པའི་ཕོ་བྲང་དུ། །བརྒྱ་ཡིས་བསྐོས་ལ་བཅུ་ཡིས་གཞུག །བརྒྱ་ཡིས་བསྐྱེད་ལ་དེ་ཉིད་བཅག །བསྲུང་བ་སྔར་བཞིན་སྦྱོར་བ་བཅའ། །དཔང་གཟུགས་གདུག་པའི་ལག་ཏུ་གཏད། །ཀླུ་ཡི་ལྟོ་སྦྱོར་སྔགས་ཀྱིས་དཀྲུག །མཛེ་རིམས་དྲག་པོ་ཡམས་སུ་འབེབས། །ནཱ་ག་གདུག་པའི་སྦྱོར་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །ཀླུ་ནག་ལྟོ་སྦྱོར་གྱི་ལེའུ་སྟེ་བརྒྱད་ཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་མཛེ་རིམས་དྲག་པོའི་སྦྱོར་བ་འདི་བཤད་དོ། །གཞན་ཡང་གཏད་པའི་སྒྲོར་བ་འདི། །སྟོབས་ཆེན་དྲག་པོས་གཟིར་པའི་ལུས། །རང་ཉིད་ཕྱག་རྒྱ་བསྟན་བསྒོམས་ལ། །མཆོག་ཕུར་ཡ་མ་ར་ཛར་བསྐྱེད། །བྱིན་གྱིས་བརླབ་ཅིང་སྦྱོར་བ་དཀྲུག མཛོ་ཏོལ་ཕག་པའི་ཐོད་པ་ལ། མཛེ་ཅན་ཁྲག་གིས་གདུག་པ་ཕྲི། །མཛེ་ཅན་དམར་གཅོད་ཐོད་པ་ལ། །གུག་རྒྱལ་མ་ཡི་ཆུ་ཡིས་བསང་། །དོན་ཡོད་གྲུབ་པའི་སྟོབས་ཀྱིས་བཀྲུ། །རེ་ཐུམ་བཅུག་ལ་དྲག་པོས་བྲེབ། །དེ་ནས་རྒྱ་ཤོག་མཛུབ་གང་ལ། །རྨེ་བ་ལྔ་དང་དྲུག་གིས་བྱུག །སྦྲུལ་དང་སྦལ་པའི་ཁྲག་གིས་བྱུག །རུས་ཆེན་ས་དཀར་ཅོང་ཟིས་བསྒུ། །བརྟག་པ་ཀུན་གྱི་མིང་རུས་བྲི། །མཛེ་མོ་གཉིས་ཀྱི་ཐབས་སུ་གཞུག །དེ་ཉིད་མི་ཉེན་ཚས་ཀྱིས་གྲིལ། །གྲི་ལྕགས་སྦུབས་སུ་དམིགས་པ་གཞུག །ཐོད་པའི་ནང་དུ་སྦྱོར་བ་བཅའ། །མཆོག་ཕུར་ཡ་མ་རྭ་ཛ་མྲ །བསྒོམས་ལ་སྟོང་བཟླས་གཟེར་དུ་གདབ། ཁ་བཅད་ཐོད་པའི་བབ་ལ་བསྡུ། །སྔགས་ཀྱི་སྦྱོར་བ་ཐོན་ནས་བརྩོམ། །གང་བསྒྲུབ་འཁོར་ལོ་ཁ་སྦྱར་ལ། །ཕྱི་རིམ་དར་དང་རེ་ཐུགས་གཞུག །སྦྱོར་བའི་ཁྲག་དང་འབྲུ་གསུམ་བྲབ། །གཤིན་རྗེ་ཡང་ཡུམ་ལྟོ་བར་གཞུག །ཀླུའི་ཁ་འམ་མིག་ལ་གཏད། །ཡ་མ་རྭ་ཛརེ་ལག་ཏུ་གཏད། །གཤིན་རྗེ་རྒྱལ་པོ་སྟོབས་ཀྱི་གནན། །དྲག་པོ་གདུག་པའི་དམོད་པ་པོར། །རལ་གྲི་དབྱུག་ཐོ་འཁྲིགས་པས་བསྡིགས། །ཀླུ་རྣམས་དཀྲུགས་ལ་ཕྱག་རྒྱ་བསྡམ། །གསང་སྔགས་སྨོད་པའི་མཚོན་ཆས་གདབ། །སངས་རྒྱས་ཀུན་གྱི་སྟོབས་བསྡུས་ལ། །ལྷ་ཡི་ཕོ་བྲང་བསྟན་པར་བྱ། །ཞིང་བཅུ་བསྡིགས་པའི་སྟོབས་བསྡུས་ལ། །ཐོད་པ་སྙིང་པོ་བཅུག་ལ་བསྟིམ། །ཁྲོ་བོ་ཚོགས་ཀྱིས་སྔགས་བསྡུས་ལ། །གང་དམིགས་བསྒྲུབ་བྱའི་ཁམས་དང་དབྲལ། །བདག་གི་དབང་པོ་ཞིང་རས་དྲིལ། །ཁྱུང་གི་དམོད་སྔགས་དྲག་པོས་གཟིར། །སྟོང་གསུམ་ཉི་མའི་བཅུད་བསྡུས་ལ། །དབང་པོ་གནས་བཞིར་གཟིར་ཞིང་འཇོམས། །ཤ་ཟ་སྲིན་པོའི་སྦྱོར་བ་འདི། །གདུག་པ་ཀླུ་ཡི་སྟོབས་དང་སྦྱར། །གཏད་པའི་ལས་སུ་ཤིས་པར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །ཡ་མ་རྭ་ཛ་མཛེ་ཅན་གྱི་ལེའུ་སྟེ་གྱ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གཏད་ཁྲམ་ལས་ཀྱི་མཐའ་སྡུད་འདི་བཤད་དོ། །གཞན་ཡང་གཏད་པའི་སྦྱོར་བ་འདི། །གནོད་བྱེད་ཕོ་མོའི་སྦྱོར་བ་ཀུན། །ཐོད་ཅན་ནང་དུ་གཟུགས་དང་མིང་། །ཁྲག་གིས་བྲིས་ལ་ཞབས་མས་གྲིལ། །བཀའ་རྟེན་དཀྱིལ་འཁོར་སྔགས་པ་བོག །གང་རུང་ཕྱག་རྒྱས་ཟིལ་གྱིས་གནན། །སྲུང་བའི་ལྷ་ཡིས་སྲོག་སྐྱོབ་ན། །ལྟ་བདུན་ལྔ་བཞི་གང་དམིགས་ཀྱི། །གཟུགས་དང་མིང་རྣམས་ཁྲག་གིས་བྲི། །གདུག་པའི་སྔགས་ཀྱིས་མཐའ་མ་བསྐོར། །དུ་བ་བརྒྱད་ཀྱིས་བདུན་ཅིང་བྲབ། །ཁྱུ་མཆོག་རྨེ་ཡི་ཞབས་མས་གྲིལ། །དུར་ཁྲོད་རོ་ཁང་འོག་ཏུ་གནན། །ལོ་ཁེངས་སྐེག་དང་སླུངས་དར་ནས། །གཅད་བྱ་མངོན་དུ་མ་ཁུགས་ན། །ལོ་ལ་གཤེད་བསྐོ་ཁམས་ལ་གཅད། །སྐྱེ་ཆེན་བདུད་ཀྱི་རླུ་་རྟ་གཤིག །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །རང་ལོ་གཅད་བྱ་དབུས་སུ་བྲི། །ལོ་ཡི་གཤེད་བཞི་མཐའ་མར་བྲི། །ཡ་མ་ད་རོང་ཁམ་ཤག་རྦད། །གཤེད་བཞིང་ཁ་ནས་འབྱུང་བར་བྲི། །སྔགས་ཀྱི་ཐུན་དབབ་ཞབས་མས་གྲིལ། །ཁྱི་ཕག་དར་མའི་ཐོད་པར་གཞུག །དམིགས་པ་གང་ཡིན་མུ་ལ་གནས། ཁམས་ཆེན་ནང་གི་གཅོད་པ་ནི། །དམིགས་པ་གང་ཡིན་མིང་དང་རུས། ཁམས་དེ་བྲིས་ལ་བླ་རུས་གཞུག །གཅོད་པའི་གཤེད་དུ་ཁམས་ཉིད་བསྐོ། །ཆུ་གཤེད་ས་དེ་ཤིང་གཤེད་མེ། །མེ་གཤེད་ཆུ་སྟེ་ཤིང་གཤེད་ལྕགས། །ལྕགས་གཤེད་མེ་སྟེ་ས་གཤེད་རླུད་། །ས་ཚོགས་བརྒྱད་དེ་ཕག་རུས་གནན། །གང་ཡིན་དགྲ་ལྔ་ཐོད་པར་གཞུག །གང་དམིགས་ངུར་མཆད་ནང་དུ་གནན། །ཀེག་དགྲ་ལོ་ཟླ་ཞག་ཟ་མ། །གང་བབ་དུས་སུ་ཐོད་ཟོར་བསྲེག །འཁོར་ལོ་གནན་པ་དག་དང་བསྡེབ། །གང་དམིགས་རླུད་རྟས་སྲོག་བསྐྱབས་ནས། །མིང་རུས་ལོ་ཁམས་སྦྱོར་བ་ཀུན། །ཁྱི་ཕག་དར་མའི་ཐོད་པར་གཞུག །ཡ་མ་སྲོག་ལ་ཁམས་ཤིག་དང་། །མ་དྲག་སྲུངས་ལ་ཡམ་ཤོད་བྲི། །དུར་མཆད་རྟེན་གྱི་འགྲམ་ལ་གནན། །བདག་ཉིད་ཀུན་བདག་ཡ་མའི་སྐུ། །སྒོ་དགུ་རྟེན་གསུམ་སྲོག་སླུངས་བཤིགས། །གཏད་པ་ཀུན་གྱི་དགོངས་པར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །གཏད་ཁྲམ་མཐའ་སྡུད་ཀྱི་ལེའུ་སྟེ་གྱ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་ཆེན་པོ་བསྲུང་པའི་སྦྱོར་བ་འདི་བཤད་དོ། །གཞན་ཡང་བསྲུང་པའི་སྦྱོར་བ་འདི། །རིམ་པ་ལྔ་དང་ལྡན་པ་སྟེ། །སྔོན་དུ་ལྷོག་ན་ཕྱག་རྒྱས་བསྲུང་། །ཆོས་སྐུ་བདེ་བ་ཆེན་པོ་ལས། །ཆོ་འཕྲུལ་ཟིལ་གནོད་ལྷུན་གྱིས་གྲུབ། །ཡན་ལག་རྫོགས་པའི་ཐུགས་ཀ་ནས། །སྤྲུལ་པའི་འོད་ཟེར་ཉི་མའི་ཟེར། །རྩོལ་མེད་ཤར་བས་གདུག་པས་གཟིར། །སྦྱོར་བའི་རྫས་ནི་ལྡོག་པ་ན། །ཕྱག་རྒྱ་རང་བཞིན་ལྷུན་གྲུབ་བསྟན། །ཁྲི་ཚོ་སྔགས་ཀྱི་འཁོར་ལོ་དང་། །ཐོད་པའི་མིང་རུས་དབང་བསྐུར་བརླབ། །དུག་ཆུ་མྱོས་པའི་ཁྲག་གིས་བྱུག །ཚིལ་གསུམ་བྲུན་གསུམ་དུད་པས་བདུག །དེ་ཡིས་གདུག་པ་ཞེ་གཅོད་གཟིར། །ཐུགས་ཕྲད་རྩོལ་བས་ལྡོག་པ་ན། །ཕྱག་རྒྱ་བརྟན་པ་གསལ་བྱས་ལ། །གདུག་པའི་ནུས་པ་སྟོང་གིས་གཟིར། །དབང་པོ་ལྔ་ལ་ཕུར་པ་གདབ། །ཐོད་པ་སྟོབས་ཀྱིས་འོག་ཏུ་གཟིར། །དེ་ཡིས་གདུག་པ་ཞག་བདུན་བརྒྱལ། །སངས་ནས་རྗེས་མེད་རྟེན་ལ་གཅོད། །སྦྱོར་བའི་རྒྱལ་པོ་དེ་མེད་ན། །གལ་ཏེ་རྗེས་ནས་ལྡོག་པ་ན། །ལྷ་ཡི་སྐུར་བསྒོམས་བྱིན་རླབས་བསྟན། །སྟོབས་ཀྱི་ལྷ་བསྙེན་དབང་དུ་བསྡུ། །ལུས་ལ་མཚོན་ཆའི་འཁོར་ལོ་བཅའ། །ཚོགས་མཆོད་གཏོར་མ་རྒྱུན་མི་བཅད། །བསྙེན་པ་ཆུ་རྒྱུན་མཐའ་རུ་གསོ། །གཟིར་བ་གསུམ་དང་རྟེན་ལ་བྲབ། །རྟ་གསུར་བཏང་ལ་རྡོ་ནག་སྦ། །ཁྲོ་བོ་བསྲུང་བའི་མཚོན་ཆ་བསྐྱེད། །ཀླུ་རྒྱལ་ཕྱག་རྒྱས་ཟིལ་གྱིས་གནན། །ཁྲོ་བོའི་སྔགས་ཀྱིས་ལས་རྣམས་གཏད། །ཚེ་སྲོག་དབང་པོ་བསྡུས་ལས་བྲབ། །རྟེན་དང་དབྱེ་བ་ཡང་ཡང་བྱ། །ཐོད་འཁོར་ཐོག་ཏུ་ཟོར་ཐུན་དབབ། །རཀ་ཏ་བརླབ་ཅིང་གདུང་བ་བརྣག ལུབུར་བ་བུས་ལ་སྒྱུགསགླུབླང། །གཤིནརྗེབོསལ་དགྲ་ལ་རྦད། །དུན་ཏིང་སྔགས་དང་གཟིར་གསུམ་བྲབ། །གཞན་གྱི་གོ་བཟློག་དབང་པོ་བསྡམ། །ལུས་དང་ཡན་ལག་བག་ཆགས་དྲིལ། །དུད་པ་གསུམདང་སྔགས་ཀྱིས་དབྱུག །འབྱུང་བ་ལྔ་ཡིས་དྭངས་མ་གཟུང་། །ཕོ་བྲང་དབུས་སུ་རྟེན་ལ་མཆོད། །འཁོར་ལ་སྔགས་བསྲུང་སྦྱོར་བས་བསྲུང་། །ལོངས་སྤྱོད་བདེ་ལམ་སྔགས་ཀྱིས་བརྒྱན། །ཚམ་ངམ་དྲག་པོའི་སྦྱོར་བ་བཟློག །སྲིད་གསུམ་ཚེ་དབང་ལུས་ལ་བསྡུ། །དེ་ཡིས་ལུས་དབང་འཁོར་རྣམས་བརྟན། །ཕྱིས་བཟློག་སྦྱོར་བ་བཟློག་པ་ནི། །ཕག་ཐོད་ནང་དུ་མིང་རུས་ཁམས། །དམིགས་པ་ཡོད་མེད་ཀུན་བཅུག་ལ། །ཐོད་པ་དུག་ཆུ་ཁྲག་གིས་བྱུག །རྨེ་ཁྲག་དྲི་ཁྲག་བརྣོལ་ཁྲག་བརྡེག ཁྱི་ཕག་སྦྱང་ཁུའི་བྲུན་ཚིལ་བདུག །དྲག་པོའི་སྟོབས་དང་གང་སྒྲུབ་སྔགས། །བརྒྱ་པར་དཀྲུགས་ལ་ཁྲི་བར་བརྡེག །ཐོད་མཁར་རྟེན་དུ་ཡང་གནན་བརྩམ། །གཏད་པའི་ཀླུ་ལ་ཕྱག་རྒྱ་བསྡིགས། །ཕྱིས་འབྱུང་སྦྱོར་བ་བསྲུང་བར་བསད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། ཕྱག་རྒྱ་ཆེན་པོ་སྲུང་བའི་ལེའུ་སྟེ་གྱ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ། །དབངཕྱུག་ཆེན་པོས་མཚན་མ་སྒྱུ་རྩལ་གྱི་སྦྱོར་བ་རྒྱས་པར་མཛོད་ཅེས་གསོལ་བ་བཏབ་བོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྦྱོར་བའི་དོན་འདི་རྒྱས་པར་བཤད་དོ། །དང་པོ་བརྣལ་མའི་ལས་ལ་འཇུག བསྙེན་པའི་ཚད་མ་ཐོབ་པ་དང་། །ཉེ་བའི་སྙིང་པོ་དངོས་གྲུབ་བླང་། །ཐོན་ནས་བསྒྲུབ་པ་དངོས་ལ་འཇུག །ལམ་མ་གྲུབ་ན་བསྙེན་པ་ཡི། །འཁོར་ལོ་རྒྱ་ལོག་བསྒྱུར་བ་བཅའ། །གསད་པའི་སྦྱོར་བ་སྟག་མོའི་ཚུལ། །ནད་ཀྱི་སྦྱོར་བ་ཟློག་ལ་བསྐོར། །མཐའ་རུ་གལ་འགྲེང་ཧོལ་གྱིས་གནན། །ལས་ཀྱི་སྦྱོར་བ་མ་གྲུབ་ན། །ལོ་ལངས་ནག་མོའི་སྦྱོར་བ་བརྩམ། །བསྙན་པ་རྒྱ་ལོག་མཐའ་ནས་བསྒྱུར། །འཁོར་ལོ་རྫས་ལ་བྱིན་རླབས་བསྐྱེད། །སྔགས་ཀྱི་རང་བཞིན་བསྟན་པ་སྦྱིན། །ངོ་བོ་མི་འགྱུར་སྒྱུ་མའི་སྐུ། །ཕྱག་རྒྱ་བསྟན་པའི་དངོས་བརྟགས་ལ། །འབྲུ་རྣམས་གསོལ་ལ་དབང་བསྐུར་བརླབ། །ཡེ་ཤེས་དམ་ཚིག་གཉིས་མེད་བསྟེ། །མྱོས་པའི་རྫས་ལ་དུད་བས་བདུག །མཐའ་ནས་དབུས་སུ་སྦྱོར་བ་དཀྲུག སྦུ་གྲི་མིང་བཅས་དབུས་སུ་དྲིལ། །མཚམས་སུ་ཡན་ལག་སྦྱོར་བ་བརྩམ། །རྣལ་འབྱོར་སྐལ་བ་མི་ལྡན་པས། །ལས་བརྩམ་འབྲས་བུ་མི་འབྱུང་ན། །བསྒྲུབ་པ་ཐོད་མཁར་རྟེན་ལ་བཅའ། །གཟེར་གསུམ་མཐའ་རུ་སྦྱོར་བ་སྦོབས། །དེ་མ་གྲུབ་ན་འཁོར་ལོ་འཕོ། །དེ་བརྩམས་དོན་མེད་ཐོད་མཁར་འཕོ། །གཤེད་བདག་ལས་ཀྱི་འཁོར་ལོ་བཅའ། །མཐུ་བྲིལ་གསད་པའི་འཁོར་ལོ་བཅའ། །མཐའ་རུ་མཆོག་སྡུག་གནན་པ་བྱ། །འབྲས་བུ་མངོན་དུ་ངར་རྣམས་དབྱུང་། །སྲོད་དང་ཐོ་རངས་ཡུལ་ལ་སྤྲད། །ལས་མ་གྲུབ་ན་མཐའ་རུ་བརྩམ། །གསང་བའི་སྦྱོར་བ་དབྱེ་བར་བྱ། །ལྔ་བརྒྱའི་མཐའ་རུ་བསྐང་གསོའི་ལས། །གང་ཡང་བརྩམས་ལ་དངོས་མེད་ན། །རྫས་ཀྱི་ནུས་པ་སྔགས་ཀྱིས་བསྐྱེད། །ཡང་གསང་སྦྱོར་བ་རང་ལ་བྲག །ཐུན་མོང་སྤྱད་ན་བསྟན་པ་འཇིག འདི་ལ་བག་ལྡན་ཐབས་གསང་ན། །ལས་ཀྱི་གཅོང་ཆེན་དྲག་པོ་ཡིས། །སྦྱོར་བ་མེ་རླུད་སྐྱིན་ཐང་མཚོ། །གསང་བའི་གནས་སུ་གང་གསང་སྤྱོད། །དེ་ཡི་རིམ་པ་གསང་བ་བི། །སྟོན་ཟླ་གསུམ་ལ་དབུགས་བྲལ་བའི། །མགྱོགས་བྱེད་རྐྱང་གི་མཚན་པ་ལ། །སྦྱོར་བ་རྟེན་གྱི་གནས་བཅས་ལ། །བསྣུར་བུའི་སྙིང་ལ་ཁུ་ལེ་བྱ། །འཚོ་བྱེད་རྒྱལ་པོའི་སུམ་ཆ་ལ། །ཚ་བ་གསུམ་དང་བསྲེས་ལ་བཏགས། །དྲོད་ཀྱི་རྒྱལ་པོ་དམར་ནག་ལ། །སུམ་གཉིས་ཚད་དུ་སྒར་ལ་བསྲོག །དྲོད་ཀྱི་རྐྱེན་བཞི་གཅིག་དང་སྦྱར། །དབྱར་དཔྱིད་ཐ་ཆུང་བརྒྱད་གསུམ་ལ། །དམིགས་པའི་རྟེན་དང་འཕྲད་པ་ན། །ཉི་ཤུ་བཅོ་ལྔས་རྐྱེན་བླངས་ནས། །ཟླ་བ་གསུམ་ན་སྦྱོར་བ་སྨིན། །འབྲས་བུ་བཞི་ཡི་ངོ་ལ་སྨིན། །རང་ཡང་བག་མེད་སྤྱད་པ་མིན། །གཞན་ཡང་དཔྱིད་ཟླ་ཐ་ཆུངས་ཀྱི། །སྲ་བ་གཞུང་ནག་ནང་ཆ་བྲུ། །བདུན་ནམ་ལྔ་རུ་དྲོད་ལ་བཅའ། །འཚོ་བྱེད་ག་བུར་སུམ་ཆ་ལ། །ཧ་ལ་ནག་པོ་སུམ་གཉིས་བསྲེས། །ཉ་དྲོད་བཏགས་ལ་སྐབས་ལ་བརྟག །ཟླ་བའི་སྟོད་ལ་སྣུམ་ལ་རྟེན། །ཞག་གྲངས་ལྔ་འམ་བདུན་ན་ལྡང། །ལོ་གསང་ཚེས་པའི་དབྱར་ཟླ་ལ། །འབྲས་བུ་ནུས་པ་ཕྱི་རུ་འབྱིན། །རང་ཡང་གདུག་པའི་ལུས་སུ་བསམ། །གཞན་ཡང་གསོད་བྱེད་བྱ་ཡི་ཁྲག །མཁར་སྒོང་སྲིན་ཅན་སྲད་ཆུང་རྩ། །ཚ་ཆུས་བྲན་ལ་ལམ་གྱི་འོག །བདུན་ནམ་དགུ་བཙས་སྔོ་ཡི་དྲོད། །དགུན་ཟླ་གང་རུང་སྟོད་ལ་སྤྲད། །སྟོན་ཟླ་གང་རུང་དུས་ལ་འབྱིན། །ཞག་གྲངས་བཅུ་བདུན་དག་ན་ལྡང་། །ལས་འདི་སྣང་སྣང་བྱ་བ་མིན། །གཞན་ཡང་འཁྱག་པ་དར་དུས་ཀྱི། །ཐར་ནུ་སྲང་ཆུང་རེ་ལྕག་པའི། །རྩ་བ་མ་གནད་གསུམ་བླངས་ལ། །འཁྱགས་པ་མི་ཉེན་ཉི་མས་སྐམ། །དཔྱིད་ཟླ་ཐ་ཆུངས་ཚ་དང་བརྟག །ཞོ་གཉིས་སྲང་གི་ཁུ་ལེས་བསྒར། །ཚང་ངམ་ཡང་ན་ནད་གྱི་ཁྲག །བསྲས་ལ་ཡུལ་དང་ཉ་ལ་སྤྲད། །བཅུའམ་ཡང་ན་ཉི་ཤུ་ན། །མཁྲིས་པ་དར་བའི་ཚུལ་དུ་ལྡང་། །ལོ་ཕྱེད་ཡང་ན་ལོ་དུས་ན། །རྩ་སྦུབས་མཁྲིས་པས་རྒྱས་ནས་འབྱིན། །བཀའ་བོར་སྦྱད་ན་ཉམས་མི་འགྲུབ། །གཞན་ཡང་ཆུད་ཁུའི་རྡོ་རེག་དང་། །མུ་གཟི་གནས་པའི་མེ་རེག་དང་། །སྐྲུལ་གྱི་ཤ་རུས་སོས་ཁ་བསེ། །ཞག་བདུན་གྱི་ནི་དྲོད་ལ་སྦ། །བཏོན་ནས་ཕབས་དང་ཁུ་ལེས་བསྒར། །སྦྱོར་བ་བཞི་གསུམ་བཞི་ལ་ཕབ། །ལོ་དུས་བར་དུ་དུད་ཁང་ངམ། །ཡང་ན་བུ་མའི་མལ་དུ་བཅའ། །དུས་ཀྱི་ཟླ་བ་སྟོད་ལ་སྦྲད། །ཆང་ངམ་ཡང་ན་ཤ་རུལ་ཚ། །སྦྱར་བས་ཟླ་ཕྱེད་ཡང་ན་གཅིག །བད་ཀན་སྐྱང་སྒངས་ལྡང་བའི་ཚུལ། །ཟླ་བ་བདུན་ནམ་ཡང་ན་བཅུ། །དུས་ལས་མི་འདའ་མངོན་དུ་འབྱིན། །སྔོན་དུ་བཀའ་ལ་དོན་མེད་ན། །ལས་འདི་བྱ་ཡིས་གཞན་དུ་ཉམས། །གཞན་ཡང་མེ་ཏོག་རྒྱས་པ་ཡི། །ར་ཁྲག་ཞུན་ཚིལ་མར་ཁུ་བསྲེ། །མཆིན་པ་དང་སྦྱར་ཆང་ཡོར་ཙ། །དགུ་ན་བཏོན་ལ་ཉི་མས་གདུངས། །ལོ་ཕྱེད་ཆང་དང་སྦྱོར་ལ་གནན། །དགུན་མིན་གང་མིན་སྟོད་ལ་སྦྲད། །ལོ་ཡི་དུས་སུ་ཚ་བ་སྐྱེད། །ལོ་གཅིག་ཟླ་བ་གཉིས་ན་འབྱིན། །དབང་པོ་རྣོ་ལ་བརྩོན་པར་བྱ། །གཞན་ཡང་བྲ་བོ་སྔོ་ཞར་སྦྲང་། །སྲན་མ་ཚ་དང་མར་དུ་བསྲུལ། །དགྲ་བཅོམ་པ་བས་ཀྱིས་མན་ནལ་བསླང་། །སྦྱོར་བ་གསུམ་སྐབས་བརྟགས་ལ་བརྩ། །སླུམ་གྱི་སྦུབས་སུ་ཞག་གྲངས་ལྔ། །དེ་ནས་ག་བུར་བཞི་ཆ་བསྲེ། །གང་རུང་སྣང་སྣང་གཅིག་ལ་བརྟེན། །སྟོན་ཟླ་གསུམ་གྱི་སྟོད་ལ་སྤྲད། །ལོ་དུས་ཟླ་བའི་སྟོད་ཉིད་ལ། །ཚ་གྲང་འདར་བུ་ལུས་སྤྲིད་ནས། །བདུན་ནམ་ཞག་གྲངས་བཅུ་བཞི་ན། །རྐྱེན་དང་དྲག་ཏུ་ལྡན་པས་འབྱིན། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། མཚན་མ་སྒྱུ་རྩལ་གྱི་སྦྱོར་བ་ལོ་དུས་ན་འཕོ་བའི་ལེའུ་སྟེ་གྱ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དུས་ཚོད་ཟླ་བའི་དུས་སུ་འཕོ་བའི་སྦྱོར་བ་འདི་གསུངས་སོ། །གཞན་ཡང་མཚན་མའི་སྦྱོར་བ་ནི། །དམར་ནག་ཧ་ལ་ཆེན་པོ་དང་། །ག་བུར་ལ་སོགས་བསིལ་བའི་དུག ཕྱེད་མའི་ཐོག་ཏུ་ཉུངས་འབྲུའི་ཚད། །ནག་པོ་ཉིད་དང་ལྒ་བསྲེས་བཏག དུས་མེད་གང་རུ་ཅིག་ལ་སྤྲད། །ཞག་གྲངས་གསུམ་ན་ནང་ཁྲོལ་དང་། །མགྲིན་པའི་རྩ་ལ་སྦྱོར་བ་འདུ། །ཟླ་བ་ཕྱེད་ནས་རྐྱེན་ལངས་ནས། །འོག་མའི་ཟླ་བའི་དུས་ན་འཕོ། །དྲི་མ་ཆེ་བའི་ཤིང་དུ་སྦྱར། །དྲག་པོ་ཉིད་ཀྱི་སྦྱོར་བར་བཤད། །གཞན་ཡང་ལྷོ་བའི་ཕུང་བ་འཕོ། །དབྱར་ཟླ་ར་བའི་མེ་ཏོག་བཅུད། །ནག་པོ་དག་ལ་བླངས་པའི་ཤ །ཚ་བ་གསུམ་དང་བག་ཟན་གྱིས། །ཕྱི་དང་ཡང་ལོག་ཚས་བྱས་ལ། །བདུན་ནམ་ལྔ་དུ་དྲོད་ལ་བཅའ། །ཉི་མ་མ་ཡིན་དྲོད་ལ་བསྐམ། །བཏགས་ལ་བློན་པའི་ཤ་ལ་རྟེན། །འཁྱག་པ་མེད་པའི་དྲོད་ལ་སྤྲད། །ཞག་གྲངས་བདུན་ན་ཁོང་དུ་སྦོ། ཁ་ནས་ལྦུ་སྒྱུག་ཡི་ག་འཆིང་། །ཟླ་བ་གསུམ་མམ་ངོ་བཞི་ན། །མི་གསལ་འཐིབས་ཤིང་རྟེན་ལས་འཕོ། །དམ་པར་མ་ཟུང་བཀའ་ལས་འདའ། །བུང་བ་ཁོང་འཇོམས་སྦྱོར་བར་བཤད། །གཞན་ཡང་དྲག་པའི་རིམ་པ་ནི། །སོས་ཀའི་བུང་བ་དྲོད་བླངས་ལ། །ཟེར་མོ་ཁྲག་དང་ཀླད་པས་བཅའ ཆང་ངམ་ཤ་བཙོས་རླངས་བས་གནན། །སྟོན་ཟླ་འབྲིང་པོའི་བུང་བ་ལ། །འབྲས་བུ་གསུམ་དང་ཧོང་ལེན་བཏག ར་ཡི་འོ་མ་ཀ་རས་གནན། །ཟླ་བ་ཕྱེད་ན་སྟོན་ལ་བསྐམ། །འབྲས་བུ་གསུམ་གྱི་བཅུས་ལ་སྦྱར། །ནམ་མམ་ཉི་མ་དྲོས་ལ་སྤྲད། །ཟླ་བའི་དུས་ན་ལྕེ་རྩ་སྐམ། །རོ་ལ་བཅུད་མེད་ལུས་པོ་སྤྲིད། །དཀར་སྒྱུར་ཁ་ཟད་འདོད་པ་བསྐྱེད། །ཟླ་བོ་གཉིས་སམ་གསུམ་དུ་འཛིན། །བཞི་ཡི་ངོ་ལ་བརྟེན་ལ་འཕོ། །འཆོལ་བར་སྤྱད་ན་དམ་ཚིག་ཉམས། །དོགས་པ་མེད་པའི་སྦྱོར་བར་བཤད། །གཞན་ཡང་ལུ་མའི་མི་འབབ་ཆུ། །རྡོ་དྲེག་རྩ་རྩེ་མེ་ཏོག་སྐྱགས། །ཚ་པ་གསུམ་དང་ཤིང་རུལ་བསྲེ། །རྩི་ཐོག་རྒྱས་པའི་ཁྲག་འཛིན་བསྲེ། །ཞག་དགུ་བཙས་ལ་ཟླ་ཕྱེད་སྐམ། །ཉི་མ་མ་ཡིན་དུས་པ་ལ། །ཟླ་བའི་སྟོད་ལ་བླངས་པའི་རྟེན། །བརྟགས་ལ་དམིགས་པའི་རྟེན་དང་སྤྲད། །ཉི་ཤུ་གཅིག་གམ་གཉིས་ན་སློང་། །དུས་ཀྱི་ཟླ་བ་གསུམ་ན་འཕོ། །དཀོན་མཆོག་མཆོད་དང་དམ་ཚིག་གསོ། །འགྱུར་བ་མེད་པའིསྦྱོར་བར་བཤད། །གཞན་ཡང་སྐྱེར་བའི་ཆུ་བསྐུས་ལ། །མངར་དང་སོ་བྱའི་ཤ་ཁྲག་བསྲེ། །ཆུ་དགུ་སྦོས་པའི་ཚ་དང་སྦྱར། །བོང་ལྡང་རྩ་བ་བསྲེས་ལ་བརྟག ཁྲེང་ཤུན་གླ་རྩི་སྣུམ་དང་སྦྱར། ཁ་ཟས་འདོད་པ་གང་ལ་འང་། །འདོད་པ་ཡོད་པས་ཉེ་བར་སྤྲད། །ཟླ་བའི་དུས་ན་སྒང་ཞིང་སྡོ། །རླུད་ནད་ལྟ་བུར་ཟླ་དུས་གནས། །དུས་ཚོད་ཟླ་བའི་གཉིས་གནས་འཕོ། །རྡོ་རྗེ་སེམས་དཔའི་ངོ་བོར་བརྟག་དུས་ཀྱི་སྦྱོར་བ་ཉེ་བར་བཤད། རྒྱལ་མཚན་མེ་ལོང་གི་རྒྱུད་ལས། མཚན་མ་སྒྱུ་རྩལ་གྱི་སྦྱོར་བ་ལས་ཟླ་བའི་དུས་ན་འཕོ་བའི་ལེའུ་སྟེ་གྱ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དུས་ཚོད་ཉེ་བར་འཕོ་བའི་སྦྱོར་བ་འདི་གསུངས་སོ། །གཞན་ཡང་སྦྱོར་བའི་རིམ་པ་ནི། །དྲག་པོ་ཏིལ་གྱི་འབྲུ་ཙམ་དང་། །ཉ་དང་སྦྱང་མཁྲིས་བསྐམས་ལ་བསྲེ། །དྲག་པོ་དྲོད་ཀྱི་རྐྱེན་དང་སྦྱར། །ཉི་མས་སྤྲོས་ལ་སྒ་ཡིས་བདུག །རྟེན་དང་སྤྲད་ན་གསུམ་ན་ལྡང་། །ཉི་ཤུ་གསུམ་ནན་ལྔ་ལ་འཕོ། །འགྱུར་བ་མེད་པའི་སེམས་ཉིད་བརྟག །གཞན་ཡང་གླང་པོའི་མཆིན་པའམ། །གཅན་གཟན་གདུག་པའི་མཆིན་ཁྲག་ལ། །ཡུང་བ་ལྡུམ་ཤིང་རྭ་ཚ་བསྲེག །ཚ་བ་གང་རུང་བརྟེན་དང་སྦྱར། །ཞག་དྲངས་ཉི་ཤུ་གསུམ་ན་འཕོ། །ཡ་མ་ཀ་ལི་མུན་ཏྲ་སྟོམ། །གཞན་ཡང་རྩི་ཐོག་རྒྱས་པ་ཡི། །ཁྲག་དང་སྦྱང་ཚེར་མེ་ཏོག་གོ །སྙིང་པོ་རྐྱང་གི་རྐང་སུངས་གསུམ། །བསྲེས་ལ་ནང་རོད་བགྲངས་ལ་སྤྲད། །ཞག་གྲངས་བཅོ་ལྔ་དག་ན་འཕོ། །བརྩོན་འགྲུས་པ་སམ་གཏན་རིག་པ་བསྐྱེད། །གཞན་ཡང་མེ་ཏོག་སྣ་ཚོགས་ལ། །བོང་ལྡད་རྩ་བ་བསྲེས་ལ་སྐམ། །ཆང་གིས་བྲན་ཅིང་སྟོན་ཁ་བཙའ། །ཞག་གྲངས་བདུན་ན་བཏོན་ལ་བཏག །དྲོད་གསུབ་ཤ་དང་སྦྱར་ལ་སྤྲད། །བཅུ་འམ་ཞག་གྲངས་དགུ་ན་འཕོ། །ཆོས་སྐུ་བདེ་བའི་ཉམས་དང་སྦྱར། །གཞན་ཡང་བ་སྐྲུ་སྨིན་མ་ཡི། །འབྲས་བུ་ལྒ་དང་བསྲེས་ལ་བརྟག །ཁྱི་ལྕེའི་རྩ་བ་བརྟགས་ལ་སྦྱར། །འབྲུ་མར་ཏིལ་མར་དག་ལ་བརྟེན། །ཞག་གྲངས་དུ་མ་མདུན་ན་སྨྲ། །ངག་གི་དབང་པོ་མི་གསལ་འཆི། །ཐོ་རངས་ཉི་མའི་རྟན་ལས་འཕོ། །ཐམས་ཅད་ཐུགས་རྗེ་ཆེན་པོས་གཟུང་། །གཞན་ཡང་བཅུད་རྒྱས་སྔོ་སྣ་ཚོགས། །ཆང་གིས་བྲན་ལ་ཀྱི་ཚང་གནན། །བཅུ་གསུམ་མཐའ་རུ་བསྐམས་ལ་བརྟག །ཤ་བཙོས་བཙགས་ལ་རྫས་རྣམས་བླུགས། །རྟེན་དང་ཕྲད་ནས་བརྒྱད་གསུམ་ན། །འཁྲུ་དང་བཤལ་ཏེ་ཉམས་ཆུང་འཕོ། །རག་ཤ་ཡ་མའི་ཀློང་དུ་བསྟན། །གཞན་ཡང་སྦྱོར་བའི་དུས་བསྟན་པ། ཁྲ་ཡི་དངས་མ་དྲོད་ལྡན་ལ། །ཆང་གིས་སྦངས་ལ་ཞག་བདུན་སྦ། །བདུན་ནམ་དགུ་ལ་རྟེན་ལ་འཕོ། །དེ་དག་སྦྱོར་བ་དམ་པ་སྟེ། །ཞག་གྲངས་དུས་ཀྱི་སྦྱོར་བར་བཤད། །རྒྱལ་མཚན་མེ་ལོང་རྒྱུད་ལས་མཚན་མ་སྒྱུ་རྩལ་གྱི་སྦྱོར་བ་དུས་ཉེ་བར་འཕོ་བའི་ལེའུ་སྟེ་གྱ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གཉན་པའི་སྦྱོར་བ་འདི་གསུངས་སོ། །གངས་ཆུ་གཡའ་ཆུའི་འོ་མ་ལ། །འབྲས་བུ་གསུམ་དང་ག་བུར་བསྲེ། །བརྟགས་ལ་གོང་མའི་ཆུ་ལ་སྦྱར། །ལྔ་འམ་བདུན་དུ་གནན་སྤྲོད་ན། །ཞག་གྲངས་ཞུགས་པའི་སྦྱོར་བ་འཕོ། །གཞན་ཡང་སྐྱེར་ཆུ་འོ་མའི་ཆུ། །གྲང་བསྐུས་བྱས་ལ་ག་བུར་བསྲེ། །ཟླ་བར་ཞུགས་པའི་སྦྱོར་བ་འཕོ། །གཞན་ཡང་སེང་ཕྲོམ་མཚེ་རྩ་བསྐུ། །སྐྱེ་ཚེ་དང་སྦྱར་ཡང་ཡང་གནན། །ལོ་དུས་འཕོ་བའི་སྦྱོར་བ་འཇོམས། །ཡེ་ཤེས་རིག་པའི་གནས་དང་སྤྲད། །གཞན་ཡང་རིན་ཆེན་དྲི་ཆུ་གསལ་བའི་མདངས། །དྭངས་སྙིགས་ཕྱེ་ལ་སྐར་ཆུ་སྦྱར། །ཐུན་དགུ་ཡུལ་དང་ཉར་བར་སྦྱར། །སྦྱོར་བ་སྣ་ཚོགས་ལས་ཀུན་འཇོམས། །དྲག་པོ་སྔགས་ཀྱི་བརྡ་དང་སྦྱར། །དེ་དག་ཐུན་མོང་སྟོབས་ཅན་དེ། །ལྔ་བདུན་ཞག་གི་མཆོད་པ་དང་། །སྔོན་དུ་གཉེན་པོ་བཅུ་པ་ན། །ཉེ་བར་འཇོམས་པའི་གཉེན་པོར་བཤད། །གཞན་ཡང་མངར་ཞིང་ཁ་བ་དང་། །འབྲས་བུ་ནག་པོ་སྨིན་པ་དང་། ཁྲ་བུ་བསྲེགས་ལ་གསིལ་དང་རྟག །སྟོང་པ་གསུམ་གྱིས་དུས་སུ་སྤྲད། །ཧ་ལ་དྲག་པོ་ཉེ་བར་འཇོམས། །བརྟན་པ་རིག་པའི་ཀློང་ནས་འཕང་། །གཞན་ཡང་ཧོར་ལེན་མེ་ཏོག་སེར། །སྲེག་ཅིང་གཡེང་བའི་འཁོར་ལོ་བཅའ་། །རྩིབས་ནི་མཚོན་ཆ་བཅུ་གཉིས་ལ། །ལྟེ་བར་དམིགས་པའི་མིང་རུས་ཡུལ། །རྩིབས་ལ་གང་འདོད་བཟླས་པའི་སྔགས། །རྩིབས་མཆན་ཡི་རི་ཕཊ་ཀྱིས་བསྐོར། །གཟུགས་ལ་བརྣོལ་ཁྲག་སྨེ་བས་བསྐུ། ཁ་ན་མཆེ་བ་བསྣོལ་མར་བཤམ། །གཡས་ན་ཕྱག་ཤིང་རླུད་གཡབ་གསོན། །སྐྲ་དང་སྨ་ར་རྩུབ་ལ་ལི། །བ་སྦུ་སྨིན་མ་རྣོ་ལ་གཤོར། ཁྲ་མདངས་གནག་ལ་གཉེར་མ་གྱོང་། །སྐྱེ་དང་ལག་པ་རིང་ལ་འཕྲ། །འོག་ནས་ཆུ་ཀླུང་འཁྲུག་ཅིང་སྐྱོམ། །ལུས་ལ་ལྕགས་ཀྱི་ཞུན་ཁྲབ་གསོལ། །སོག་པོ་གདོང་རིངས་གདུག་པའི་ལུས། །འཁོར་བ་སྲུང་བྱེད་ནག་པོས་བྱ། །ཕུང་སྲི་ཕོ་མོ་འབུམ་གྱིས་བསྐོར། །རྟེན་གྱི་གཟུགས་ལ་བོད་ཀྱིན་བསྟིམ། །སྙིང་པོ་སྔགས་ཀྱི་སྦྱོར་བ་གསུམ། །བོད་སྐད་གཡང་བའི་སྦྱོར་བས་བྱ། །ལུས་དང་གཟུགས་དེ་འདར་བ་དང་། །གཟུགས་དེ་འཕར་རམ་ལྡོག་ན་འགྲུབ། །འབྲུ་གསུམ་ཡན་ལག་འདོད་པ་ཡིས། །དམིགས་པའི་ཡུལ་ལ་འབུམ་དུ་བཟླས། །ནམ་གྱི་ཕྱེད་དང་གུང་ཡོལ་ན། །གཡས་བཀྲམ་འོག་ཏུ་ཁྲུ་གང་སྦ། །སྟེང་དུ་སྟོབས་ཀྱིས་འཁོར་ལོས་གནན། །དུར་ཁྲོད་རས་ལ་ཐུགས་ཀྱིས་སྔགས། །རྩིབས་བཞི་དབུས་དང་ལྡན་པར་དགོད། །ག་འུ་འམ་ནི་ཐོད་པར་གནན། །རྟེན་གྱི་གཟུགས་དེ་སོ་བཏང་ལ། །སྔགས་དང་ལྡན་པའི་སྦྱོར་བས་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔགས་འདི་བཏོན་ཏོ། །ཡ་མ་རསྣ་དུན་དུནདྲི་མ་ཤ་བ༷། །དྲི་ཛ་ཆེ་གར་མོ་ལ་ཕཊ་སྨྱོ་ཡེངས་ཁྲོལ། །སྟོབས་ཅན་ནག་པོ་ཡུལ་ཁམས་ཀྱི། །གནོད་བྱེད་གདུག་པའི་མཁར་དང་འབྲེལ། །ཕྱག་རྒྱ་ཆེན་པོས་སྟོབས་ཀྱིས་བཀོལ། །ཁྱད་པར་སྟོབས་ཀྱི་སྦྱོར་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །གདུག་བྱེད་ནག་པོས་མཁར་དང་བྲལ་བའི་ལེའུ་སྟེ་དགུ་བཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསང་ཐབས་ཀྱི་སྦྱོར་བ་འདི་བཤད་དོ། །དཀོན་མཆོག་སྨོད་པའི་སྐུ་དགྲ་ལ། །སྤྲུལ་པའི་སྦྱོར་པ་འདི་ལྟ་སྟེ། །སྤྲེལ་དང་བྱི་ལ་ཁྱི་སྦྲུལ་བྱ། །ཝ་སྲམ་སྦུ་དང་ཁྲག་བསྲེལ་ལ། །རྨེ་ཐོད་ཁྲམ་ཐོད་སྲམ་ཐོད་ཁྲམ། །ཡང་ན་ཕ་མེས་བླ་ཐོད་རབ། །དེ་མེད་ཕྱི་བའི་ཐོད་པ་སྲ །ཕུང་ས་གསུམ་ལ་མི་ཤིས་རྫས། །བླུགས་ལ་བལ་ཚོན་སྣ་ལྔས་དཀྲི། །སྲེ་ནག་གསུམ་དུ་འབྲུ་སྣ་གསུམ། །གཡས་གཡོན་ཁྲག་སྣ་དབུས་སུ་འབྲུ། །སྟེང་དུ་རྫས་ཀྱི་ཕུང་པོ་གཉིས། །གཡས་གཡོན་གཉིས་སུ་ཕྱི་བའི་མགོ །སྟེང་ནས་དར་ནག་གུར་བཀབ་ལ། །འབུམ་ཚོ་བདུན་དུ་གསང་སྔགས་བཟླས། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་སྔགས་འདི་བཏོན་ཏོ། །ཡ་མ་ཁ་ལ་མ་ར་ཏི། །དྲུ༷་རུ་ཤག་དྲུ༷་ཤི་ཕཊ། །ཐོན་ནས་བྱི་བ་ཕུག་རོན་ལ། །བརྣོལ་ཁྲག་བསྐུས་ལ་སྦྱོར་བ་འཕང་། །སྦྱོར་བའི་རྫས་རྣམས་གསུམ་དུ་བཅད། །ཕུག་རོན་བྱི་བ་ཐོད་པར་སྦྱར། །ཉ་གསུམ་སྐྱ་རེངས་ལམ་དུ་གཞུག །ནམ་མཁའ་བར་སྣང་ས་ལ་སྦྱར། །གསང་སྔགས་ཁྲི་གཉིས་སྦྱོར་ལ་དབབ། །རུ་ཡ༷་ཏི་ཤམ་ཏི་ཤག་སྨྱོ་ནག་རྦད། །དུས་ཀྱི་དབྱེ་བ་གསུམ་དུ་སྦྱར། །ར་བ་གང་རུང་སྟོད་ལ་བསྒྲུབ། །ཐ་ཆུངས་གང་རུང་སྨད་ལ་བཅའ། །ཐ་ཆུངས་སྟོད་ཀྱི་ནམ་སྨད་གཞུག །གཟའ་སྐྲར་སྦྱོར་བའང་གསུམ་དུ་དབྱེ། །རྒྱལ་དང་སྨལ་པོ་མགོ་ལ་སྒྲུབ། །ལག་སོར་དབྱུག་པ་གང་རུང་བཅའ། །སྟ་པ་ཤན་པ་གཉིས་ལ་གཞུག །གཟའ་ཡི་རྒྱལ་པོ་གཉིས་ལ་བསྒྲུབ། །བློན་པོ་རྐོས་མཁན་གཉིས་ལ་བཅའ། །ལས་བྱེད་ཤན་པ་གཉིས་ལ་གཞུག །དུས་དང་བཟའ་དང་གཅིག་ལ་སྦྱར། །སྦྱོར་བ་སྟོབས་ཀྱི་ལས་སུ་བཤད། །རྒྱལ་མཚན་མེ་ལོང་རྒྱུད་ལས། །གསད་པའི་སྦྱོར་བ་གནས་དང་བྲལ་བའི་ལེའུ་སྟེ་གོ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དྲག་པོའི་སྦྱོར་བ་འདི་བཤད་དོ། །དུར་ཁྲོད་མི་སོགས་ཐོད་ཆེན་ལ། །རྨ་བ་ལྔ་དང་ལྡན་པར་བྱ། །མ་ར་བ་ཡི་གཟུགས་བྲིས་ལ། །མགོ་ལ་མིང་བྲིས་བླ་ལ་རུས། །སྙིང་ཁར་བཱ་ར་ཡ་ཐུམ་རྦད། །ལུས་དང་སེན་མེན་སོག་ཐུར་རྦད། །བཀོད་ལ་དུག་ཆུ་ཚ་བ་དཀུ། །དམིགས་དང་གོས་དང་རྫས་ཀྱིས་དྲིལ། །སོགས་བ་ཐོད་པའི་ནང་དུ་གཞུག །གསང་སྔགས་འབུམ་ཆོ་བདུན་དུ་སྟིམ། །ཚ་བ་གསུམ་གྱི་ཐུན་གྱིས་བྲབ། །ཐོན་ན་དམིགས་པའི་དུར་ཁར་སྦ། །ཁྲི་ཡིས་གཟིར་ལ་བརྒྱ་ཡིས་གནན། །སྔགས་ཀྱི་སྐྲུ་གྲི་གསུམ་དུ་སྦྱར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་གསང་སྔགས་འདི་སྟོན་ཏོ། །ཧྲི་ད་ཡ་བ་ཏི་ཡ་ས་མ་ཡ་ས་མ་ཡ་སེན་མེན་སྲོག་ལ་ཐུན་སྨྱུ་ར་ཡ་རྦད། ཙིསྟ་པྲི་བྲི་ཤ་ཤ་ཡ་གཟིར་ཐུམ། སྟམ་པ་ཡ་ནན། ཐ་ཆུངས་གང་རུང་མར་ངོ་ལ། །ཡ་མན་ཏ་ཀའི་སྦྱོར་བ་བརྩམ། །གསད་པ་ལས་ཀྱི་གནད་དུ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །སྦྱོརབ་དྲག་པོའི་ལེའུ་སྟེ་གོ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་མཛེ་ཡམས་དྲག་པོའི་སྦྱོར་བ་འདི་བཤད་དོ། །ཡ་མ་ལས་ཀྱི་ལས་བརྩམས་པ། །ཡུགས་ས་མོ་འམ་བརྣོལ་མོའི་ཞབས་མ་ལ། །དབུས་སུ་དམིགས་པའི་གཟུགས་རྣམས་བྲི། །མཐའ་མར་ལོ་གཤེད་བཞི་དང་སྦྲུལ། །བྲིས་ལ་སྦྱོར་བའི་རྫས་ཀྱིས་བྱུག །ནད་ཁྲག་བརྣོལ་ཁྲག་ཕག་ཁྲག་དུག །ཚ་བ་གསུམ་དང་རྨེ་བ་ལྔ། །བརྣག་པའི་གཟུགས་ལ་མིང་རུས་བྲི། །གཤེད་བཞིའི་རུ་གསད་པའི་སྔགས། །སྦྲུལ་གྱི་གསེབ་ཏུ་གནན་པའི་སྔགས། །བྲིས་ལ་རྫས་དེ་ཁར་ནག་གྲིལ། །ཁྱུ་མཆོག་རྭ་ཡི་ནང་དུ་གཞུག །འབུམ་ཚོ་དགུ་རུ་གསང་སྔགས་བཟླས། །ཟངས་ལྕགས་རྡོ་ཡི་ཐུན་གྱིས་བྲབ། །ཐོན་ནས་གདུག་པའི་གཉན་ལ་གཏད། །སྦྱོར་བ་ལོ་ཡི་དུས་ན་སྨིན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་གསང་སྔགས་ཀྱི་སྦྱོར་བ་འདི་བཏོན་ཏོ། །ཀ་བ་དུ་རུ་༄༅ མ་ཡ་མེ་ཛ་ལ་ཀྲ་ཏི་མྱ་ར་ཡ་ཐུམ་རིལ་ཧུར་ཡརྦ། ནི་ཛ་ལ་ཡ་གཟིར་ནན། །དྲག་ཏུ་ཁྲི་ཁྲིས་ལས་གཉེར་གཏད། །མཛེ་ཡམས་དྲག་པོའི་ལས་སུ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །མཛེ་གྲིལ་གསད་པའི་ལེའུ་སྟེ་གོ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལོ་ཐོག་གཞོམ་པའི་སྦྱོར་བ་འདི་བཤད་དོ། །དུར་སྟག་སེང་གེའི་ཐོད་པ་ལ། །བརྣོལ་དང་རྨེ་ཁྲག་ཐིག་ལེ་བྱ། །ཡུལ་གྱི་ས་ཆུ་སྔོ་སྣའི་མིང་། ཁེང་ལ་བྲིས་ལ་ཐོད་པར་བཞག །སྔགས་ཀྱི་སྦྱོར་བ་ཚད་མས་གཟུང་། །ཐོན་ནས་དམིགས་པའི་ཡུལ་དབུས་སྦ། །གསང་སྔགས་བསྟིམ༷ ་ལ་རྟ་ཐོག་བརྡེག །འབྲས་བུ་ལོ་ཐོག་ཐབས་ཀྱིས་འཇོམས། །དགུ་དང་བཅུ་གཅིག་ཉ་ད༷ང༷་བཞི། །བཅུ་དགུ་ཉི་ཤུ་དགུ་ལ་བརྩམ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་སྔགས་འདི་བཏོན་ཏོ། །ཡ་མ་ར་ཛ་ཕྲོ་མ་ཧི་རྡུབས་དྲག་སྨྱོ་སེང་ཁྲོལ་དྲག་ཆེམས་ནཱ་ག་ཏྲི་ལིང་གཟིར་ནན།ཧུར་ཐུམས་ཏ་ཕྲོ་ཕྲོ་ཤར་ཤར་ཏོག་ཆེམས་སྨྱོ། ཡམ་གཏུམ་པོའི་སྐུར་བསྒོམས་ལ། །ལན་གྲངས་གསུམ་མམ་ལྔ་རུ་བརྩམ། །འབྲས་བུ་ལོ་ཐོག་འཇོམས་པར་བྱེད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །ལོ་ཐོག་འཇོམས་པའི་ལེའུ་སྟེ་གོ་བཞི་པའོ།། །།དེ་ནས་ཡང་དབང་ཕྱུག་ཆེན་པོ་ཡིས་གསོལ་བ་བཏབ་བོ། །བསྲེགས་པའི་མེ་ཡིས་སྦྱོར་བ་དང་། །འཁོར་ལོ་ལས་ཐོར་བུ་བསྡེབས་པའི་སྦྱོར་བ་དང་། །རོ་ལངས་གསང་བའི་སྦྱོར་བ་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྦྱིན་སྲེག་གི་སྦྱོར་བ་འདི་བཤད་དོ། །སྔོན་དུ་བསྙེན་པའི་དྲོད་ཐོབ་ནས། ཁམས་གསུམ་ཞི་བར་བྱ་བའི་ཕྱིར། །ས་ཕྱོགས་སྣུམ་ལ་གཞོལ་བ་སྲ །སྟེགས་བུ་གྲུ་བཞི་འཐས་པ་ལ། །འོ་མ་སྨན་གྱི་ཆག་ཆག་གདབ། །དབུས་སུ་མེ་ཐབ་ཟླུམ་པོ་ལ། །སྟེང་འོག་མཛུབ་རེ་བརྐོས་ལ་རྩིག །དབུས་སུ་ལས་ཀྱི་རྡོ་རྗེ་བྲི། ཁ་ཁྱེར་དཀར་པོ་རྡོ་རྗེས་གཏམས། །ཕྱི་རོལ་པདྨ་འདབ་བརྒྱད་མཛེས། །སྒོ་དང་གྲུ་ཆད་རྡོ་རྗེ་མེ། །བུམ་པ་བཞི་དང་ལྡན་པར་བྲི། །འོ་མ་ཅན་གྱི་ཤིང་དག་ལ། །ལྡུམ་བུ་མཛུབ་རེ་བརྒྱ་རྩ་བརྒྱད། །ལོ་མ་མེ་ཏོག་ཤིང་ཐོག་འབྲས། །མངར་དང་སྣུམ་ལུབུར་མཆོད་པ་བཤམ། །ཧོམ་ཤིང་ཟླུམ་པོས་ཐབ་བཀང་ལ། །གཤིན་རྗེའི་སྦྱོར་བ་དང་ལྡན་པས། །པདྨའི་ལྟེ་བར་མེ་ལྷ་བསྐྱེད། །འདབ་བརྒྱད་མཆོད་པའི་ལྷ་མོ་བརྒྱད། །སྟེང་རུ་འཇམ་དཔལ་དེ་བཞིན་གཤེགས། །ཀུན་ཀྱང་སྐུ་མདོག་དཀར་ལ་འཇམ། །གཞོན་ཚུལ་ལྡན་པའི་ལྷར་བསམས་ལ། །བཀྲ་ཤིས་གཟུངས་མས་མེ་སྤར་བས། །ལྷ་དང་མེ་ལྷ་སྤྱན་དྲངས་བསྟིམ། །མཆོད་པ་ལྔ་དང་བསྲེག་རྫས་དབུལ། །གསང་སྔགས་སྦྱོར་བ་བཅུ་ཡིས་དབུལ། །བསྟོད་དང་འདོད་པའི་ལས་རྣམས་བསྒོ། །ལན་གྲངས་དུས་གསུམ་བཅུ་བདུན་དབུལ། །དེ་ནས་བཅོམ་ལྡན་འདས་ཀྱིས་དབུལ་བའི་གསང་སྔགས་འདི་བཏོན་ཏོ། །ཨོ་མསྡུ་ཕྲི་བ་ཙ་དེ་རོ་ཡ་མ་ཆེ་གེ་མོ་ཤཱསྟི་ཀུ་རུ་སྲུ་ཧྭ། ཨག་ནེ་ཏིབ་བྱ་གྲྭ་ཧྭ། ཛ་ལ་ར༷་ཆེ་གེ་མོ་ཤསྟི་ཀུ་རུ་གྲྭ་ཧྭ། བཀྲ་ཤིས་འཕེལ་ཞིང་ཞི་བའི་མཆོག །འདོད་པའི་འབྲས་བུ་གང་འདོད་བླང་། །མེ་ལྷ་རྟེན་པ་ཞི་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །སྦྱིན་སྲེག་ཞི་བའི་ལེའུ་སྟེ་གོ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྒྱས་པའི་སྦྱོར་བ་འདི་བཤད་དོ། །ཉམས་དགའ་དབེན་པའི་སྐྱེད་མོས་ཚལ། །མཛེས་པར་དབེན་པའི་ས་ཕྱོགས་སུ། །གསེར་རམ་རིན་ཆེན་སྣ་ལྔ་ལ། །དཀྱིལ་འཁོར་གྲུ་བཞི་ལྷམ་པར་བྱ། །དབུས་སུ་ཁྲུ་གང་ཆག་གང་དབངས། ཁུ་བཞི་ཁ་ཁྱེར་སོར་བཞི་སོར། །ནང་དུ་འཁོར་ལོ་རྩིགས་བཞི་ལ། །ལྟེ་བར་ཕོ་བྲང་གྲུ་བཞི་སེར། །ཕྱི་རིམ་འཁོར་ལོ་རྩིབས་བཅུ་ལ། ཁ་ཁྱེར་པདྨ་འདབ་བརྒྱད་མཛེས། །བསྐོར་བ་སྒོ་བཞི་པདྨ་བཞི། །རྡོ་རྗེ་དང་ནི་མེ་རིས་བསྐོར།༷།ཡ༷་ཤིང་ཁྲུ་གང་གྲུ་བཞི་སེར། །བརྒྱ་རྩ་བརྒྱད་དང་བདུད་རྩི་སྤང་། ཁེང་ཐོག་འབྲས་བུ་འབྲུ་ཡི་ཆན། །ལ་ཕུག་སྣུམ་་ཁུར་མར་དང་ཞོ། །མཆོད་པ་ལྔ་དང་བསང་གཏོར་བཤམ། །ཡ་མན་ཏ་ཀའི་སྦྱོར་བ་ཡིས། །ཧོ་ཤིང་དག་ལ་སྤེལ་པའི་སྔགས། །རིན་པོ་ཆེ་དང་མེ་ཏོག་དགྲམ། །ནོར་དང་རིག་རྒྱུད་དབང་ཐང་སྲོག །གང་འདོད་བྲིས་ལ་དབུས་སུ་གདགས། །ཕོ་བྲང་དབུས་སུ་ཏ་མའི་སྐུ། །རྩིབས་བཞི་གཤེད་བཞི་ཕྱོགས་སྐྱོང་ཕྱི། །སྒོ་མ་མཆོད་པའི་ལྒ་མོ་མཛེས། །ཀུན་ཀྱང་སེར་པོ་རིན་ཆེན་བརྒྱན། །འཁོར་ལོ་རིན་ཆེན་སྙེ་མ་ཕྱག །འགྱིང་བག་རྒྱས་པའི་སྙིང་པོ་བཟླས། །སྤྱན་དྲངས་མཆོད་མཐར་སྲེག་རྫས་དབུལ། །གསང་སྔགས་བཅུ་བཅུལྷ་དེ་ལ། །ཕུལ་ལ་གང་འདོད་རྒྱས་པར་བསྒོ། །བསྟོད་དང་ལས་རིམ་སྤྱི་དང་སྦྱར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིདཀྱི་སྐུ་གསུང་ཐུགས་ལས་སྔགས་འདི་བཏོན་ཏོ། །ཨོ་ཨ་ཀྲོ་ཏེ་ཀྭ་ཡ་བཱན་ཏ་ཧ་ན་མ་ཐ་བྷན་ཛ་ཧཱུཾ༷་ཡ་ར་ན་ཕཊ། སྤྲུསྟོ་ཀུ་རུ་གྲྭ་ཧྭ། ཨག་ན་ཏི་བྱ་ཛུ་ལ་སྤ་ར་ན་ཕཊ་ཙུསྟོ་ཀུ་རུ་ཕཊ། སྐུ་ཡིས་སྔགས་བཟླས་ཡན་ལག་རྒྱས། །ལུས་དང་ཡན་ལག་གང་འདོད་བརྩམ། །ཐལ་བ་མིང་བཅས་ག་བུར་ཙ། །རིན་ཆེན་འབྲས་བུ་སྙིང་པོ་བབ། །སྐྱེད་མོས་ཚལ་དང་ལྗོན་པར་གནན། །ཐམས་ཅད་རྒྱས་པའི་སྦྱོར་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས་ཐམས་ཅད་རྒྱས་པའི་ལེའུ་སྟེ་གོ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དབང་གི་སྦྱོར་བ་འདི་བཤད་དོ། །དཀྱིལ་འཁོར་མདའ་གང་གྲུ་བཞི་ལ། །རཀྟ་ཙན་དན་ཆག་ཆག་གདབ། །ཐབ་ཁུང་ཟླ་ཁམ་དམར་པོ་ལ། ཁ་ཁྱེར་མཐོ་གང་ལྕགས་ཀྱུས་བསྐོར། །ཕྱི་རིམ་འཁོར་ལོ་རྩིབས་བཅུ་ལ། །པདྨའི་ལྟེ་བར་རྡོ་རྗེ་བྲི། །མཚམས་སུ་པ་ཤ༷་ཀུ་རུ་བྲི། །གར་འདོད་དམིགས་པ་བར་དང་འོག ཧོམ་ཤིང་ཡམ་ཤིང་ཙན་དན་དང་། །སེང་ལྡེང་རྒྱ་སྐྱེགས་རཀྟས་བསྐུ། །རྒུན་འབྲུམ་མེ་ཏོག་གོ་ལ་མངར། །མར་ནག་པདྨ་རཀྟ་མཚལ། ཁྲ་སྣ་མཆོད་པའི་ཡོ་བྱད་བཤམ། །ཡ་མྱན་ཏ་ཀའི་སྦྱོར་བ་ཡིས་དབུས་སུ་གཤིན་རྗེའི་རྩིབས་ལ་བདུད། །གྲུ་ཆད་འགུགས་བྱེད་སྒོ་མ་སྒོམ། །སྤྱན་དྲང་མཆོད་ལ་མེ་སྦར་དབུལ། །གང་འདོད་དབང་བསྡུ་འཕྲིན་ལས་བཅོལ། །སྐུ་འཁོར་དམར་ལ་ལྕགས་ཀྱུས་དགུགས། །སྔགས་ཀྱི་འོད་ཟེར་འཕྲོ་ཞིང་འགུགས། །མེ་ལྷ་མདུན་བརྟག་མཆོད་ཅིང་བསྟབ། །གསང་སྔགས་བཅུ་ཡིས་བརྒྱ་རུ་དབུལ། །གང་འདོད་དབང་དུ་འདུ་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་གསང་སྔགས་ཀྱི་སྦྱོར་བ་འདི་བཏོན་ཏོ། །ཨོ་ཧྲི༷༷ ཉི་བི་ཀྲི་ཏ་ན་ན་བ་ཤ༷་ཀུ་རུ་ཧཱུཾ༷་ཛ་ཛ་ཁ་ཧི། ཧྲི་ཏི་ཨག་ནེ་ཏི་བྱ་ཛ་ལ་ར༷་པ་ཤ༷་ཀུ་རུ་ཛ་ཧོ་ཁ་ཧི། གང་དམིགས་ལུས་དང་ཡན་ལག་ཀུན། །རང་དབང་འདུས་ནས་གང་འདོད་སྒྲུབ། །ཟངས་དང་བསེ་ཡི་ག་འུ་མྲ །ཐལ་བ་མིང་ཡང་བཅུག་ལ་གནན། །གང་འདོད་འགུགས་པའི་སྦྱོར་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །ཐམས་ཅད་དབང་དུ་བྱ་བའི་ལེའུ་སྟེ་གོ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དྲག་པོའི་སྦྱོར་བ་འདི་བཤད་དོ། །དུར་ཁྲོད་གདུག་པའི་དབེན་གནས་སུ། །ཕུང་ཤུལ་གསུམ་གྱི་ས་བླངས་ལ། །སྟེགས་བུ་དུག་ཆུ་ཁྲག་གིས་བྲན། །དབུས་སུ་མེ་ཐབ་དྲག་པོ་ལ། ཁ་ཁྱེར་གསུམ་དང་ལྡན་པར་བརྩིག །རྒྱ་སོལ་དག་གིས་ནག་པོར་བྱུག ཁ་ཁྱེར་ཐོད་པ་མེ་རའི་རྩང་། །དབུས་སུ་བརྣག་པའི་ལིང་ཀ་ལ། །ཕྱི་རིམ་རྩིབས་བཞི་བཅུ་གཉིས་བྲི། །སྒོ་དང་གྲུ་ཆད་ཐོད་པས་བརྒྱན། །རྡོ་རྗེ་ར་བ་མེ་རིས་བསྐོར། །གཟུགས་ལ་ཧོམ་ཤིང་ཚེར་མ་ཅན། །ཟུར་གསུམ་ནག་པོ་དུག་ཅན་གཟུགས། །སྟེང་དུ་ཡ་མྱན་ཏ་ཀ་སྒོམ། །རྩིབས་ལ་གཤེད་བཞི་ཕྱོགས་སྐྱོང་བཅུ། །གཙོ་བོའི་བཀའ་བསྟོད་མེ་ལྷ་བདུད། །སྒོ་མ་འཁོར་སྐྱོང་རྫོགས་པར་བསྒོམ། །ཕྱི་ནང་མཆོད་སོགས་གཏོར་མ་ཕུད། ཁྲ་ཆེན་ཤ་སྣ་ཁྲག་སྣ་དུག །མར་ཁུ་ཏིལ་འབྲས་སོ་བ་ཤང་། །སྐྱེ་ཚེ་ཉུངས་ནག་དུག་ཤིང་དབུལ། །སྤྱན་དྲངས་ལ་སོགས་སྤྱི་དང་སྦྱར། །གསད་པའི་སྦྱོར་བ་སྟོང་དུ་བྱ། །གསོད་པའི་འཁོར་ལོ་སྟོང་དུ་བཅའ། །ཞིང་རས་རྒྱུ་ལ་རྨ་བས་བྱུག །ཐིག་བཞི་བཏབ་པས་རིམ་བཞིན་བསྐོར། །བརྒྱད་དང་བཅུ་གཉིས་བཅུ་དྲུག་དང་། །མཐའ་མ་ཉི་ཤུ་འཁྲུམ་མིག་བྱ། །དབུས་དང་ཕྱོགས་ཀྱི་རྩིབས་བཞི་ལ། །འཁྲུལ་སྔགས་དྲག་པོ་ལྔ་དང་ལྡན། །ཕྱི་རིམ་རྩིབས་ཆེན་བཅུ་གཉིས་ལ། །དྲག་སྔགས་བཅུ་གཉིས་མེ་དབལ་གཤེད། །ཡང་ལོགས་ཁང་པ་བཅུ་དྲུག་ཏུ། །བསྲེག་པ་མེ་ཡི་སྙིང་པོ་དགོད། །མཐའ་མ་རྩིབས་ཆེན་ཉི་ཤུ་ལ། །གཅོད་ཅིང་གནན་པའི་སྐྲུ་གྲི་དགོད། །འཁོར་ལོ་དུག་ཤིང་མེ་ལ་བདུག །མྱོས་པའི་ཁྲག་དང་དུག་ཆུས་བྲན། །རབས་ཆད་ཐོད་པ་ཁ་སྦྱོར་དུ། །གསད་པའི་འཁོར་ལོ་ཁ་སྦྱོར་གཞུག །བར་སྣང་སྲེག་པའི་རྟེན་དུ་བཅའ། །ཉིནམོམཚོན ཆའིའཁོརལོ་བསྐོར། །མཚན་མོ་དགུག་ཅིང་ཐུན་གསུམ་བསྲེག །འཁོར་ལོ་མེ་དང་སྡེབས་པ་ཡིས། །དྲག་པོ་མཆོག་གི་སྦྱོར་བ་འགྲུབ། །ཐོན་ནས་ཐོད་པ་གཉན་ལ་གཏད། །འཁོར་ལོ་མེ་ཐབ་བསྒྱེར་ཅིང་བརྩམ། །བརྣག་པ་སྟོབས་ཆེན་ལུས་སྲོག་དབྲལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་གསང་སྔགས་འདི་བཏོན་ཏོ། །ཡ་མ་མེ་ཏ་སྟེ། ར་ཙ་ས་ཏོ། རུ་ན་ཡོ་ནི། ར་ཡ་ཙ་ནི། ཧྲིརྟིཨ༷ཀུཤཛུལར༷་ཐུན་ཛ་ལ་རེ་ཨསྣེ་ཧྲི་ཛ། ཧྲིརྫི་བྲ་མ་མུར་ཙ་རཀྟ་ཙ་ར་ནཱ་ར་ཡ་རྦད། སྟ༷་བྷ་ཡ་ན༷། དང་པོ་དབུས་ནས་ཐོག་དྲངས་ལ། །རྣལ་མ་ཉི་མ་བཞི་རུ་བསྐོར། །སྤོགས་པ་བཅུ་བདུན་བཟློག་པ་བཞི། །གནད་ལ་བོར་ནས་དཀྲུགས་ལ་གསད། །ལས་རྣམས་ཀུན་གྱི་སྦྱོར་བའི་མཆོག །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །དྲག་པོ་ལྷོ་སྡེབས་ཀྱི་ལེའུ་སྟེ་གོ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ལོ་མཐུན་སྡེབས་ཀྱི་སྦྱོར་བ་འདི་བཤད་དོ། །དུར་ཁྲོད་གཉན་ར་གདུག་པ་མྲ །སྦྱོར་བ་དྲག་པོའི་ལས་ལ་འཇུག །དུར་ཁྲོད་གནས་ནས་རྒྱུ་བླངས་ལ། །སྦྱོར་བ་རྫས་ཀྱི་ཐང་ལ་བྱ། །འཁོར་ལོ་མུ་ཁྱུད་བཞི་རུ་བསྐོར། །ཐིག་བཞི་དབུས་ནས་རྒྱ་གྲམ་གདབ། །ཐིག་བཞི་བཏབ་པས་ལེ་ཚེ་བརྒྱད། །དབུས་ཀྱི་འཁྲུལ་མིག་གློང་བུ་ཡིན། །ཕྱི་རིམ་ཐིག་བཞི་གནན་ལ་གདབ། །བཅུ་གཉིས་གཤེད་ཀྱི་ཁང་པ་ཡིན། །ཡང་ལོགས་བཅུ་དྲུག་ཐིག་བརྒྱད་བསྣན། །གཅོད་པའི་མཚོན་ཆའི་ཁང་པ་ཡིན། །མཐའ་མ་སྟེམས་ཀྱི་སྦྱོར་བ་འདི་བཤད་དོ། །དུར་ཁྲོད་རྒྱུ་ལ་ཐང་བ་བྱ། །འཁོར་ལོ་རིམ་པ་གསུམ་དུ་བསྐོར། །དབུས་སུ་གསང་མཛོད་ཁང་པ་བརྒྱད། །ཡང་ལོགས་རྒྱ་གྲམ་རླུད་རིའི་སྔགས། །ཕྱི་རིམ་ཕྱོགས་ཀྱི་ཁང་པ་བཞི། །དེ་ལ་གནས་པའི་རིམ་པ་ནི། །དབུས་དང་ཕྱོགས་བཞིར་རྩ་བའི་འབྲུ། །གསང་མཛོད་མཚམས་བཞིར་མིང་དང་རུས། །རྒྱ་གྲམ་སྐྲུ་གྲིའི་ལོ་ཁམས་བར། ཁང་པ་བཞི་ལ་སྨྱོ་དང་འབོག །རེངས་དང་ལྐུགས་པའི་སྔགས་རྣམས་དགོད། །འཁོར་ལོ་ཡབ་ཡུམ་ལྟོ་བར་བྲི། །དུག་ཆུ་རྨེ་ཁྲག་སྨྱོ་འབོག་ཁྲག །བསྐུས་ལ་སྦྱང་ཁུའི་ཐོད་པར་གཞུག །གསང་སྔགས་ཉིན་མཚན་བརྒྱད་དུ་སྡེབ། །རྩ་བའི་སྔགས་ལ་བཞི་རུ་དཀྲུག །མཚན་མོ་བྱད་ཀྱི་སྐྲུ་གྲི་གདགས། །ཉིན་མོ་དབང་པོ་འཆལ་བའི་སྔགས། །མཐའ་རུ་གོང་གསུམ་གཡེང་སར་གནན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་སྔགས་འདི་བཏོན་ཏོ། །ཡ་མ་མེ་ཏ་སྒེ། ཡ་མེ་ཏ་སྒེ་མ། ཡ་ཏ་སྒེ་མ་མེ། ཡ་སྒེ་མ་མེ་ཏ། མ་མེ་ཏ་ཁྲེ་ཡ། མེ་ཏ་སྟེ་མ་ཡ། ཏ་སྟེ་མེ་མ་མ་ཡ། ཁྲེ་མ་མེ་ཏ་ཡ། ཡ་ཁྲེ་ཏ་མེ་མ། ཡ་ཏ་མེ་མ། ཡ་ཏ་མ་མེ་སྟེ། ཡ་མེ་སྟེ་ཏ་མ། ཡ་མ་སྟེ་མ། ཡ་ཏ་མེ། ཡ་མ་ཁྲེ་ཡ་མེ་ཏ། ཧྲི་སྟ་ཧ་ན། ཧྲི་ཏ་ན་ཕཊ། ཤ་ནི་རུ་པ་ཧཱུཾ༷་ཕཊ། ཡ་བག་ནི། མ་ཏ་ཙ་མ་ཙ་རག་མུར་ཙ་ཡ་ཨ་མུ་ཀ་ནི་ཤ་ཀ་རུ་ནི་རྦད་ཡ་པྲ་མ་མུར་ཙ་རཀྟ་ཙ་ར་ཡ་ཨ་མུ་ཀ་རྦད། པྲ་མ་མུར་ཙ་རཀྟ་ཙ་ར་ཡ་ཨ་མུ་ཀ་ཐུ༷་རིལ་རྦད། ཙ་མ་པྲ་ཡ་མུར་ཨ་མུ་ཀ་ཧྲི་ད་ཡ་ཧཱུཾ་ཕཊ། དེ་དག་སྦྱོར་བ་དམ་པ་སྟེ། །ཐབས་ཀྱི་རྒྱལ་པོ་འཕྲུལ་གྱི་བབ། །འཁོར་ལོ་བྱད་སྟེམས་གསང་བར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཁོར་ལོ་ཤོད་སྡེབས་ཀྱི་སྦྱོར་བ་འདི་བཤད་དོ། །ཞིང་རས་སམ་ནི་རྒྱ་ཤོག་ལ། །རྫས་དང་སྦྱོར་བས་ལེགས་བྱུག་ལ། །འཁོར་ལོ་རིམ་པ་གསུམ་དུ་བསྐོར། །དབུས་ནས་ཕྱོགས་བཞིར་ཐིག་བཟི་གདབ། །ཞབྲུལ་མིག་བརྒྱད་དང་བཅུ་དྲུག་བརྟག །ཕྱི་རིམ་ཉི་ཤུ་གཉིས་སུ་བྱ། །དེ་ལ་གནས་པའི་རིམ་པ་ནི། ཁ་ང་པ་ལྔ་རུ་དགོད་པ་ནི། །ཡ་མེ་ཏ་ཁྲེ་མ་རྣམས་དགོད། །དེ་ཡི་ཕྱི་རིམ་བཅུ་དྲུག་ལ། །སྔགས་ཀྱི་རྒྱལ་པོ་ཧྲི་སྒྱི་དང་། །དགྲ་བོ་བཱ་ར་ཡ་རྦད་དགོད། །ཕྱི་ཡི་ཉི་ཤུ་རྩ་གཉིས་ལ། །དཀར་ནག་ཤོད་ཀྱི་སྙིང་པོ་དགོད། ཁ་སྦྱོར་བཅས་ལ་དུ་བས་བདུག །རྨེ་ཐོད་ཁྲམ་ཐོད་ནང་དུ་གཞུག །ཐོད་པ་ལིང་ག་མིང་རུས་ཀུན། །རེ་ཐུམས་ལྒབར་ནག་དོང་དུ་གཞུག །དོང་ཀར་གླེ་ནག་ཞིང་ལྦགས་གདང་། །རྡེའུ་དཀར་ནག་རྒྱ་མཚོ་གཉིས། །དུག་ལྔ་བླུད་ལ་ལྤགས་ཁུད་སྐྲུང་། །བར་དུ་བརྣག་པའི་མིང་རུས་གཞུག །གཤིན་རྗེའི་སྦྱོར་བ་དང་ལྡན་པས། །ཞིང་ལྤགས་གོན་ལ་ཤ་ཆེན་མུར། །སྒྱུགས་གླུ་གླང་གིན་ཤོད་རྡ་བགྲང་། །འཁོར་ལོ་བརྒྱ་བར་ཤོད་སྔགས་བཅུ། །སྦྱོར་བ་གསུམ་དུ་ལྟོ་སྡེབས་ལ། །དཀར་པོས་ལྟ་དགུག་ནག་པོས་གསད། །ཡང་ན་ཉིན་མཚན་བརྣོལ་མར་བརྡེག །ཡ་ཚོགས་ཧྲི་སྟི་བརྒྱ་བརྒྱ་ཡིས། །དམིགས་པའི་བརྣག་པ་རྣོལ་མར་བཅད། །འཁོར་ལོ་ཐོད་པ་བདུག་ཅིང་བྲན། །མཚན་མོ་ཤོད་རྡེ་དཀར་ནག་འགྲེམ། །བཅུ་ཡིས་དཀར་པོ་བགྲང་ཅིང་བཀུག །ནག་པོ་བརྒྱ་པ་གཟུགས་ལ་བྲབ། །དབང་གཟུགས་འོ་དོད་ཆོ་ངེས་གདབ། །ཐོད་པ་ཤོད་ནག་གཉན་ལ་གཏད། །དཀར་པོ་ལུས་བསྲུང་སྟོབས་དང་སྦྱར། །སྔགས་ཀྱི་སྦྱོར་བ་ཚད་མས་གཟུང་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་སྔགས་འདི་བཏོན་ཏོ། །ཡ་མེ་ཏ་སྟེ་མ་དགྲ་བོ་བཱ་ར་ཡ་རྦད་ཡ། ཧྲི་ཉི་བི་ཀྲི་ཏ་ནན་ཧཱུཾ༷་ཕཊ། དགྲ་བོ་མྱ་ཏ་ཡ་རྦད་ཡ། ཡ་མ་ཁ་ལ་ད་རོས་ཧྲིལ་མྱགས་ཐུམ་རིལ་ཙིསྟ་ཧུར་ཡ༷་ཛ་ཛ།དགྲ་བོ་མྱ་ར་ཡ་རྦད། སྐབས་དང་སྦྱར་ན་མཆོག་ཏུ་བཤད། །རྒྱལ་མཚན་འཁོར་ལོའི་རྒྱུད་ལས། །འཁོར་ལོ་སྦྱོར་སྡེབས་གསང་བའི་ལེའུ་སྟེ་གོ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རོ་ལངས་ནག་མོ་ལས་མཁའ་འགྲོ་བརྩེགས་པའི་སྦྱོར་བ་འདི་བཤད་དོ། །དྲག་པོའི་ལས་ལ་སྟོབས་མེད་ན། །ཡང་དག་བདེ་བའི་གནས་མཆོག་ཏུ། །རྡོ་རྗེ་ཟེགས་མའི་ལས་མཆོག་བརྩམ། །ཕྱག་རྒྱ་ཆེན་པོའི་བརྟེན་ཐོབ་ནས། །ཉེ་བའི་བསྙེན་པ་ཚད་མས་བཟུང་། །ལས་ཀྱི་འཁོར་ལོ་སྟོང་ཕྲག་བསྐོར། །རོ་ལངས་ནག་མོའི་སྦྱོར་བ་བརྡེབ། །རོ་རས་རྨེ་བས་ལེགས་བྱུགས་ལ། །ཕན་ཚུན་ཐིག་དྲུག་ལེགས་བཏབ་ལ། །རུ་ཐིག་གཉིས་ཏེ་རེ་མིག་སྐྱོང་། །མུ་ཁྱུད་རིམ་པ་ལྔ་རུ་བསྐོར། །དབུས་སུ་དྲག་པོའི་འཁོར་ལོ་བརྒྱད། །གཅོད་པ་ཡུམ་གྱི་སྐྲུ་གྲིས་མཛེས། །ཕྱི་རིམ་རྡོ་རྗེ་རྒྱ་གྲམ་ལ། །ཡབ་ཀྱི་དྲག་སྔགས་འབྲུ་ལྔས་གང་། །མཚམས་བཞིར་གསད་པའི་སྐྲུ་གྲིས་མཛེས། །སྐུ་གསུང་ཐུགས་ཀྱི་བཅུ་དྲུགལ། །མཁའ་འགྲོ་གསོད་བྱེད་སྙིང་པོ་དགོད། །ཡང་ལོགས་སྐུ་ཡི་བཅུ་དྲུག་ལ། །མཁའ་འགྲོ་ག་་མའི་སྙིང་པོ་དགོད། །མཐའ་མ་འཀྲུལ་མིག་བཅུ་དྲུག་ལ། །གསོད་བྱེད་ནག་མོའི་སྙིང་པོ་དགོད། །འཁོར་ལོ་སྦྱོར་བའི་སྔགས་ཀྱིས་གང་། །འབར་ཞིང་བོད་འབར་ཁྲོ་ཞིང་སྡུད། །གཅོད་པའི་སྐམ་ཆགས་སྲེག་ཅིང་གནོན། །ཆགས་པ་བདེ་བྱེད་གྲོལ་བའི་ལམ། །སྔགས་རྣམས་རིན་ཆེན་འོད་འབར་གསལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་འཁོར་ལོ་དགོད་པའི་སྔགས་འདི་བཏོན་ཏོ། །ཡ་མ་མེ་ཏྭ་སྟེ། པྲ་མ་ཡ་རྦད། མུར་ཙ་ཡ་རྦད། རཀྟ་ཙ་ར་ཡ་རྦད། ནཱ་ར་ཡ་རྦད། སྙིང་རེ་ཤཱ་མ་དུ༷་ཙིསྟ་ཏ་ར་ག་ར་རྡུབས་རོ་ཙ་རྨུགས་མུགས་ཁ་རག་ཧྲི། ར༷་ཐུན་གཟེར་བཛྲ་སྙིང་ཁ་ལ་རག་ཤ་ཧྲི་ཤ་ཧི་སུ་དྲག་རག་ཤ་བ༷། དྲག་རག་ཤ་སྙིང་ར་རག་མ་རག་མོ་ཧི་དུན་རྨུགས་ཙིཏི་ཤ ཡ་མ་དེ་མ་སྨྱོ་རུ་ལུ་རྦད་ཡ།དེ་དག་སྔགས་ཀྱི་སྦྱོར་བ་སྟེ། །བཅུ་གཉིས་བརྒྱད་དང་ཡང་དག་ལྡན། །དང་པོ་འཕེན་པའི་རླུད་ནས་དྲང་། །གཤེད་ཀྱི་འབྲུ་བཞི་དཀྲུགས་ལ་བསྐོར། །རྡོ་རྗེ་ཕྱོགས་ནས་རིན་ཆེན་མཚམས། །ཡབ་ཡུམ་འབྲུ་དགུས་ལྟོ་དཀྲུག་ཡིན། །ཉི་མ་དང་པོ་ལས་ཀུན་བྱེད། །ཡ་མ་ཏ་སྟེ་མེ་སྙིང་རི་ཤན་དུ༷། །གཉིས་པ་རིན་ཆེན་ཕྱོགས་ནས་བརྩམས། ། །པདྨའི་མཚམས་སུ་འབྲུ་དགུས་སྦྱོར། །ཡ་ཏ་སྟེ་མ་མེ་ཙི་སྟ་རག་ཏ། །གསུམ་པ་པདྨའི་ཕྱོགས་འགྲོ་སྟེ། །ལས་ཀྱི་མཚམས་སུ་དེ་བཞིན་བསྐྱལ། །ཡ་སྟེ་མ་མེ་ཏ། རྡུབས་རོ་ཙ་རྨུགས། བཞི་པ་ལས་ཕྱོགས་རྡོ་རྗེའི་མཚམས། །འབྲུ་དགུ་རྫོགས་པའི་སྐྱོར་བ་ཡིན། །མཁའ་འགྲོ་འབར་བས་དབྱིངས་སྡུད་ཡིན། །རྩ་བའི་སྦྱོར་བ་མཆོག་ཏུ་བཤད། །དེ་བཞིན་མཚམས་བཞིའི་སྦྱོར་བ་ཡང་། །འཁྲུལ་མིག་བརྒྱད་བརྒྱད་བསྣོལ་མར་བསྡེབ། །རྡོ་རྗེ་ཕྱོགས་ནས་སྔར་བཞིན་རྩི། །ར༷་དྲག་རག་ཐུན་གཟེར་ཤ་སྙིང་བཛྲ།སྙིང་ཁ་རག་ལ་མ་རག་རག ཤ་མོ་མ་ཧྲི་ཤིཧ་ཧི་དུན་སུ། དྲག་མུགས་ཙིཀྟ་རསྒ་ཏ་ཤག་བ༷། མཚན་མོ་བརྡེག་པ་བ་རྣག་པའི་མཆོག །རྩ་བའི་སྦྱོར་བ་དང་པོར་བཤད། །གཞན་ཡང་ཐབས་ཀྱི་སྦྱོར་བ་ནི། །ཕྱོགས་ཀྱི་དང་པོ་གཉིས་པར་དྲིལ། །དང་པོར་ཡབ་ཀྱི་འབྲུ་གཉིས་བླང་། །མཚམས་སུ་འདོད་པའི་ཨ་མུ་ཀ །སྤུ་གྲི་སྤགས་པ་རིམ་བཞིན་སྦྱར། །ཕྱོགས་བཞི་སྦྱོར་བ་ཉི་མ་བཞི། །མཚན་མོ་མཚམས་ཀྱི་དེ་བཞིན་བསྡེབས། །ཡ་མ་སྙིང་ར༷་དྲག་རག་ཐུན་རོ། །ཡ་ཏ་ཙིཀྟ་སྙིང་ཀ་རག་ཏ། །ཡ་སྒེ་རྡུབས་ཤ་མོ་མ་ཧྲི་རོ། །ལ་མེ་མུག་ཙི་རག་ཁ། །འདོད་པའི་སྐྲུ་གྲིསྔམབཞིན། །མཚམས་བཞིའི་སྦྱོར་བ་འདི་ལྟ་སྟེ། །འཕེན་པའི་ཡ་ནས་འཁྲུལ་མིག་དྲུག །རྡོ་རྗེ་རིན་ཆེན་མཚམས་ནས་བརྡེབ། །ཡ་ཤན་གཟེར་མ་སྣིང་བཛྲ་རུམ། །ཡ་རག་ལ་མ་རག་རག་ཏ། ཡ་ཙ་ཤི་སྙི་དུན་སུ་རྨུགས། ཡ་རག་ཤ་ཏ་ཤག་བ༷་ཧྲིལ། མཚན་མོ་འཕེན་ཞིང་དབང་པོ་འཇོམས། །རིག་པ་སྟོབས་ཀྱི་སྦྱོར་བར་བཤད། །གཞན་ཡང་ཐད་ཚུགས་དྲག་པོའི་ལས། །ཕྱོགས་ངན་ཕྱོགས་དེ་ཕྱོགས་བཞིར་དྲིལ། །རྡོ་རྗེ་ཕྱོགས་ཀྱི་དང་པོ་ནས། །རལ་གྲིའི་ཕྱོགས་སུ་རྫོགས་པར་བརྡེབ། །དྲག་ར༷་སྙིང་མ་ཡ་སྟེ་རོ་ཧི་མ། །མོ་ཤ་རྔུབས་སྟེ་མ་མ་རོ་ཐུན་རག ཁ་སྙིང་ཙསྟི་ཡ་མེ་ཁ་རག་ཙི། །རྨུགས་དྲག་རྨུགས་མེ་ཡ་ཏ་ཁ་རག །ཉིན་བཞིར་སྐྲུ་གྲི་སྔ་མ་བཞིན། །མཚམས་བཞིའི་ཐད་ཚུགས་མཚན་མོ་བཞིར། །རྡོ་རྗེ་མཚམས་ནས་རྫོགས་པར་བསྡེབ། ཁྲ་གཟེར་ཤན་ཡ་རྨུགས་སུ་དུན། །ཧིཧ་ཤིཧ་རྩ་ཡ་དུམ་བཛྲ་སྙིང་། །མ་ལ་རག་ཡ་ཧྲིལ་བ་ཤག །ཏ་ཤག་རག་ཡ་རག་རག མཚམས་ཀྱི་འབྲུ་བདུན་སྦྱོར་བ་བཞིས། །མཚན་མོ་དྲིལ་ཞིང་བཀུག་ནས་འཇོམས། །མཁའ་འགྲོ་དྲག་མོ་བརྩེགས་པ་ཡི། །ལས་མཆོག་སྦྱོར་བ་རྒྱལ་པོར་བཤད། །དབུས་ནས་མགོ་གཅིག་གདོང་ལྕེ་ལྔ། །སྔགས་འཕྲོས་སྤལ་འགྲོས་ལྟ་བུ་ཡི། །ཕྱོགས་དང་མཚམས་སུ་ཉེ་བར་བརྩི། །རྡོ་རྗེ་ཕྱོགས་ནས་རིན་ཆེན་གྱིས། །ཕྱོགས་ལ་ཉི་མ་བཞི་ཡི་ལས། །འབྲུ་བདུན་སྦྱོར་བས་འཇོམས་པ་ཡིན། །ཡ་མ་སྙིང་རོ་ཐུན་ར༷་དྲག་རག །ཡ་མ་ཤན་དུམ་བཛྲ་གཟེར་ཤ་སྙིང་། །ཡ་ཏ་ཙིཏི་ཁ་སྙིང་ཁ་རག ཡ་ཏ་རག་ཏ་རག་ཡ་མ་རག འདོད་པའི་སྨུ་གྲི་སྔར་བཞིན་སྦྱར། །རྟེན་བཞི་དབང་པོ་ཉི་མས་འཇོམས། །དེ་བཞིན་མཚན་མོ་འཇོམས་པའི་ལས། །སྦལ་འགྲོས་བསྐོར་ཕྱོགས་རིམ་པར་བསྡེབ། །ཡ་སྟེ་རྔུབས་རོ་ཧྲི་ཤ་མོ་མ། ཡ་སྟེ་རྩ་རྨུགས་སུ་ཤིཧ་ཧ་དུན། ཡ་མེ་རྨུགས་ཁ་རག་རྨུགས་ཅི། ཡ་མ་རག་ཧྲིལ་བམ་ཤ་ཏ་ཤག ཕྱོགས་མཚམས་སྦྱོར་བ་བསྡེབས་པ་ཡི། །དྲག་པོའི་གནད་དགུ་འཇོམས་པར་བཤད། །དྲག་པོ་འབྲུ་གཅིག་འཕེན་པའི་སྟོབས། །གཤེད་བཞི་དྲིལ་ལ་ཡུམ་ལ་འཕྲོ། །ཡབ་ཀྱི་འབྲུ་ལྔ་བཅུ་གཉིས་བརྡེབ། །འཁྱིལ་བ་སྤྲུལ་གྱི་འགྲོས་སྟབས་ཀྱིས། །ཉི་མ་བཞི་བསྡེབས་རྒྱལ་བློན་འཇོམས། །ཡ་མ་མོ་ཀཁེ་ཏ། སྙིང་རོ་ཤན་དུམ་ཙསྟི་རྡུབས། རོ་རྩ་རྨུགས། ཡ་མེ་ཁྲེ་ཏ་མ་རྨུགས། ཁ་རག་ཧྲིལ་ར༷་ཐུན་གཟེར་བཛྲ་སྙིང་ཁ་ལ་རག ཡ་ཁྲེ་ཏ་མ་མེ། ཤ་ཧྲི་ཤཨ་སྲུ་རག་རག་ཤོམ་བ༷་དྲག་རག་ཤ་སྙིང་། ཡ་ཏ་མ་མོ་ཁྲེ་ཁ་རག་མ་རག་མོ་མ་ཧི་དུན་རྨུགས་ཙིཏི་ཤག ཐབས་རྣམས་དྲིལ་བའི་སྦྱོར་བ་ཡིས། །རྒྱལ་པོ་བློན་པོ་སྟོབས་ཅན་འཇོམས། །སྦྱར་བ་ཀུན་ལྡན་མཆོག་གི་མཆོག །ཐབས་གསང་བག་བཅས་སྦྱོར་བས་བྱ། །གཞན་དུ་གཉིས་ཀ་འཆང་བར་འགྱུར། །སྲིད་གསུམ་ལས་ཀྱི་ལྟོ་དཀྲུགས་ཡིན། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །མཁའ་འགྲོ་བརྩེགས་པའི་ལེའུ་སྟེ་བརྒྱ་ཐམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རོ་ལངས་ནག་མོ་ཙིསྟ་གསང་བའི་སྦྱོར་བ་འདི་དག་གོ །གཞན་ཡང་ཟེས་མའི་སྦྱོར་བ་ནི། །མཉམ་པའི་རྒྱལ་པོས་སྦོགས་པའི་ལས། །ཕྱོགས་མཚམས་ཀུན་ནས་སྲོག་བསྡུས་ལ། །མཁའ་འགྲོ་གསང་བའི་འཁྲུལ་འཁོར་བཅའ། །ཞིང་ལྤགས་རྒྱ་ཤོག་རག་ཏ་ཞུན། །མི་དབང་སྤུ་ར་སྲུ་ཏྲ་དོན། ཁོ་ནའི་ཙིསྟས་ལེགས་བྱུགས་ལ། །རིམ་པ་ལྔ་དང་ལྡན་པས་བསྐོར། །དབུས་སུ་ཐིག་བཞི་རྒྱ་གྲམ་གདབ། །གཅོད་པ་སྤུ་གྲིའི་འཁོར་ལོ་ཡིན། །གཉིས་པ་རྡོ་རྗེའི་རྒྱ་གྲམ་ལ། །ཕྱོགས་བཞིའི་རྭ་ལ་ཐིག་ལྔར་དྲང་། །འཁྲུལ་མིག་བཞི་བཞི་བཅུ་དྲུག་ལྡན། །གཤེད་བདག་ལས་ཀྱི་འཁོར་ལོ་ཡིན། །གསུམ་པ་འཁྲུལ་མིག་བཅུ་གཉིས་པ། །ཀུན་ཁྱབ་སྐུ་ཡི་འཁོར་ལོ་ཡིན། །བཞི་བ་དེ་བཞིན་བཅུ་གཉིས་ནི། །འོད་འབར་ཐུགས་ཀྱི་འཁོར་ལོ་ཡིན། །མཐའ་མ་ལྔ་ཡི་མུ་ཁྱུད་ནི། །གསལ་བ་གསུམ་གྱི་འཁོར་ལོ་ཡིན། །དེ་དག་གསོད་བྱེད་ནག་མོ་ཡི། །ཙིསྟ་གསང་བའི་འཁོར་ལོ་ཡིན། །དེ་ལ་གནས་པའི་རིམ་པ་ནི། །དབུས་ན་རྩ་བའི་ས་བོན་ཡ། །འཕེན་པ་དྲག་པོའི་འབྲུ་གཅིག་ཡིན། །ཕྱོགས་མཚམས་དྲག་པོའི་འཁྲུལ་མིག་ལ། །གཅོད་པ་སྤུ་གྲི་འབྲུ་བརྒྱད་དགོད། །ཕྱི་རིམ་རླུང་རི་རྒྱ་གྲམ་ལ། །མེ་དབལ་མིག་འབྲུ་བཅུ་དྲུག་དགོད། །རླུང་རི་མཚམས་ཀྱི་ཁང་པ་བཞིར། །ཡབ་ཀྱི་སྤུ་གྲི་སྡེ་བཞི་དགོད། །གསུམ་པ་བཅུ་གཉིས་ཁང་པ་མྲ །སྐུ་ཡི་སྙིང་པོ་རྫོགས་པར་དགོད། །བཞི་པ་ལྔ་པར་ཐུགས་དང་གསུང་། །བཅུ་གཉིས་གསལ་ཞིང་འཕྲོ་བ་ཡིས། །སྲོག་ལྡན་སྙིང་པོ་མཛེས་པར་དགོད། །སྔགས་ཀྱི་འོད་འབར་སྤུ་གྲིའི་ཁང་། །དེ་ཡིས་ལས་རྣམས་ཀུན་བྱེད་ཡིན། །མཆོག་ཏུ་གསང་བའི་སྦྱོར་བ་ནི། །ཡབ་ཡུམ་གཉིས་སུ་འདུ་བ་སྟེ། །རང་གནད་ཕྲམ་དང་ལྐུགས་པས་འཇོམས། །དཀྲུག་པའི་སྦྱོར་བ་གསུམ་དང་ལྡན། །ཕོ་ཡི་སྦྱོར་བ་མེ་དང་འདྲ། །མོ་ཡི་སྦྱོར་བ་ཆུ་ཡི་ཁམས། །ཕོ་མོ་གཉིས་འདུས་རླུད་གི་ཚུལ། །སྲིད་གསུམ་ལྟོ་བ་དཀྲུགས་པ་ཡིན། །དེ་ཡི་སྦྱོར་བ་རྒྱས་པ་ནི། །དྲིལ་དང་གཏོར་བསྡེབས་གནས་གསུམ་འཇོམས། ཁམས་གསུམ་ལས་ཀྱི་སྲོག་འཇོམས་ཡིན། །ཐད་ཚུགས་སྟག་གི་མཆོངས་པར་དྲིལ། །གསང་བ་རྡོ་རྗེ་ཀུན་པོ་ཡིན། །བསད་པའི་སྦྱོར་བ་དྲིལ་བའི་ལས། །ནག་མོ་ལྟོ་དཀྲུག་མཆོག་ཏུ་མངག །དང་པོར་སྦྲུལ་གྱི་སྔགས་བཞིན་སྤྲོ། །ཡབ་ཀྱི་འབྲུ་ལྔ་ཡུམ་གྱི་བརྒྱད། །སྐྲུ་གྲི་ལྟོ་སྡེབས་ཐབས་ཀྱིས་གཅོད། །ཉི་མ་དང་པོའི་སྦྱོར་བ་ཡིན། །གཉིས་པ་གནད་ཀྱི་སྦྱོར་བ་དང་། །གསུམ་པ་ཐབས་ཀྱི་སྦྱོར་བ་སྟེ། །བཞི་པ་རྫོགས་པའི་སྦྱོར་བ་རྣམས། །ཡབ་ཀྱི་འབྲུ་བཞི་སྔར་བཞིན་སྦྱོར། །ཡ་མ་མེ་ཏ་ཁྲེ། སྙིང་ཁ་རག་རག་མོ་དུན་ཏི་ཙི་ཨ་མུ་ཀ་པྲ་མ་ཡ་སྲོག་ལ་རྨུགས་ཐུམ། ཁམ་ཡེངས་ཤག་རྦད། ར་ཙ་ས་ཏོ་ཏ་ཧུར་ཐུམས་ཛ་དྲག་རག་ཤ་ཁ། རུ་མ་ཡོ་ནི་མུ་ཏྲ་རག་མོ་ཁ་ལ་ཧྲིང་ཤ ར་ཡ་ཙ་ནི་རག་མོ་སྙིང་ཙ་ཐང་ཐང་ཀ་མུ་ལེ་རྩ་ལ་ཐུམས། ཐུན་མོངས་སྟོབས་ཀྱི་སྦྱོར་བ་སྟེ། །དམངས་དང་རིགས་ངན་ཀུན་འཇོམས་ཡིན། །ཡུམ་གྱི་འབྲུ་དགུ་མཐའ་ནས་དྲིལ། །ཡབ་ཀྱི་འབྲུ་བཟི་ཡ་ལ་བསྡུ། །འདོད་པའི་སྐྲུ་གྲི་སྔར་བཞིན་སྦྱར། །རྡོ་རྗེ་ཕྱོགས་ནས་གསུམ་གི་སྔགས། །ཉི་མ་བཞི་དང་ལྡན་པ་ཡིན། །རག་མོ་སྙིང་རྩ་ཐང་ཐང་མུ་ལ་ནུ་མ་མ་ཡ། རྩ་ལ་ཐུམས་དྲག་རག་ཤ་དྲ་སྒེ་ར་ཙ་ས། རག་མོ་ཁ་ལ་སྲིང་ཤག་སྙིང་ཀ་རག་ཏོ་རུ་ན་ཡོ། རག་མོ་དུན་ཏིང་ཙིརྟི་ཧུར་ཐུམ་ཛ་ནི་ར་ཡ་ཛ། ཡུམ་གྱི་ཐབས་ཀྱི་ལྟོ་དཀྲུགས་པས། །རྗེ་དང་ཡུལ་སྲུངས་འཇོམས་པ་ཡིན། །གཞན་ཡང་ཡུམ་གྱི་འབྲུ་དགུ་ལ། །འདོད་པ་སྐྲུ་གྲི་ཐུན་བསྡེབས་པ། །ལས་ཀྱི་རྒྱལ་པོ་རབ་འཇོམས་ཡིན། །སྙིང་ཁ་རག་མོ་དུད་ཏིང་ཙིསྟ། ཧུར་ཐུམས་ཛ་དྲག་རག་ཤ་ཁ་མུ་ཏྲ། རག་མོ་ཁ་ལ་ཧྲིང་ཤག་རག་མོ་སྙིང་། ཙ་ཐང་ཐང་ཀ་མུ་ལེ་རྩ་ལ་ཐུ༷། རོ་ལངས་ནག་མོ་གཟིར་ཐགས་ཀྱིས། །བཙད་པོ་ཉན་ཐོས་འཇོམས་པ་ཡིན། །དེ་བཞིན་དབུས་ནས་ཕྱོགས་བཞི་མྲ །སྟག་གིས་མཆོངས་པ་དྲིས་འགུགས་པ། །གསང་བ་ཀུན་པོ་ཉི་མ་བཞི། །རིག་པ་སྟོབས་ཀྱིས་ཕེན་པར་སྦྱར། །ཡ་མ་རུ་ར་ཙ་རྩ་སྙིང་ཏི་ཧུ་ར་རག་དྲག་ཁ་ལ་རག་ཁ་རྩ་རྩ། ཡ་ར་ཡ་མེ་ན་ཛ་དུན་ཐུ༷་རག་ཁ་རག་ཐུམ་ཐང་། ཡ་རུ་མེ་ཙ་ར་དུན་ཛ་རག་ཏ་ཤ་ལ་རྩ་ཤག་སྙིང་རྩ། ཡ་ཡ་ཙ་ར་ཁ་ལ་མོ་ལ་ཁ་ལ། དེ་དག་སྟོབས་ཀྱི་འཁོར་ལོ་སྟེ། །སྔགས་པ་སྟོབས་ཅན་འཇོམས་པ་ཡི། །གཞན་ཡང་བསློག་སྔགས་དྲག་པོ་ཡི། །ལས་ཀྱི་རྒྱལ་པོ་སྤོགས་པ་ནི། །འབྲུ་དྲུག་འབྲུ་བཟི་ཡ་ཡིས་འཕེན། །འདོད་པའི་སྤུ་གྲིའི་མཚམས་སུ་སྦྱར། །ཡ་ཏ་མེ་སྙིང་དྲག་རག་ཐུམས་རག་ཤ་ཛ་ནི་མ། ཡ་ཛ་ཡ་ཐུམས་ཧྲིལ་རྩ་ལ་ཧུར་ར་ནི། ཡན་ཡོ་ཏ་ཁ་ལེ་མུ་རྩི་རོ་ཏོ།ཡ་ས་ཙ་དུན་ཏ་ཐང་ཐང་མུ་མོ་ཏོ་སྲ ལས་མ་གྲུབ་ན་སྤོགས་པ་དང་། །འཁོར་ལོ་ལྟོ་དཀྲུགས་གནད་ལ་དབབ། །སྦྱོར་ལྡན་བདེ་བའི་ལམ་ལ་འཔངས ཚངས་པ་འཇོག་པོའི་གནས་སུ་བརྡེག །གསང་ཆེན་ཐབས་ཀྱི་སྦྱོར་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། རོ་ལངས་ནག་མོ་ཙིཏི་གསང་བའི་ལེའུ་སྟེ་བརྒྱ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རོ་ལངས་ནག་མོ་གསང་བ་ཐུགས་ཀའི་སྦྱོར་བ་འདི་བཤད་དོ། །སྦྱོར་བ་དྲག་པོའི་ཐུས་ཀ་མྲ །ནག་མོའི་འཁོར་ལོ་ཐུན་བསྡེབས་བཅའ། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །དུར་ཁྲོད་རྒྱུ་ལ་ཐང་པས་བྱུག །རིམ་པ་གསུམ་དང་ལྡན་པར་བསྐོར། །དབུས་སུ་ཐིག་བཞི་རྒྱ་གྲམ་ལ། །དབུས་ཀྱི་ཕོ་བྲང་ཕེན་པའི་ཡ། །འཕྲུལ་མིག་བརྒྱད་པ་སྤུ་གྲིའི་མཚོན། །གཉིས་པར་ཕན་ཚུན་ཐིག་གསུམ་གསུམ། །རྒྱ་གྲམ་ཉིད་དུ་ལེགས་བཏབ་ལ། །རུ་ཐིག་གཉིས་བཏབ་བཅུ་དྲུག་མིག །ནག་མོ་གསོད་བྱེད་མཁའ་འགྲོའི་ཚོགས། །གསང་བའི་ཡིག་འབྲུ་བཅུ་དྲུགདགོད། །ཐ་མ་འཕྲུལ་མིག་དྲུག་ཏུ་གདབ། །སྐྱེད་པ་ཐུན་སྔགས་དྲག་པོ་དགོད། །དྲག་པོ་འཁོར་ལོ་ཐུན་བསྡེབས་པས། །རྔམ་ཚིག་གསང་བ་ཀུན་འཇོམས་ཡིན། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་གསང་སྔགས་འདི་བཏོན་ཏོ། །ཡ་དུན་ཤ༷་དུན་མན་ཙིསྟ་རག་ཏ་༥་ཐུན་ཟེར། སྙིང་ཙ་རོ་མྱགས་ཨུཏྣ་མ་ཙིསྟ་ཁ་ལ་རག་ཤ་ཐུན་སྨྱོ།མ་མ་དུམ་བུ་དུ༷་བུ་ཚལ་པ་ཚལ་པ་ཧ་ན་ཧ་ན་ཐུན་སྨྱོ། མ་མ་ཧར་ཡ༷་ལིང་རྦད་ཐུན་སྨྱོ། མ་མ་ཨ་བྲན་བྲག་ནི་མི་ཤ་ལིང་ཐུན་སྨྱོ། མ་མ་ཐུ༷་ཐུ༷་རུབ་རུབ་ཙིཉི་ཡ༷་ཤག་ཐུན་སྨྱོ། མ་མ་ཁ་ལ་རག་མོ་ཙལ་བྲེང་ཤག་ཐུན་སྨྱོ།སྦྱོར་བ་བརྒྱ་བརྒྱ་ཐུན་སྔགས་བཅུ། །ཉིན་མོ་གཏོར་ལ་མཚན་མོ་དྲིལ། །རྡོ་རྗེ་ཕྱོགས་ཀྱི་དང་པོ་ནས། །རིན་ཆེན་མཚམས་སུ་འབྲུ་བཞི་བརྡེབ། །མགོ་ལ་འབྲུ་གཅིག་དྲག་པོས་འཕེན། །མཚམས་སུ་འདོད་པའི་ཨ་མུ་ཀ །མཐའ་རུ་སྐྲུ་གྲི་འབྲུ་བརྒྱད་གཅོད། །ཉི་མ་དང་པོའི་སྦྱོར་བ་ཡིན། །སྐྲུ་གྲི་འདོད་པ་ཀུན་ལ་བརྡེབ། །གཉིས་པ་རིན་ཆེན་ཕྱོགས་ནས་དྲང་། །པདྨའི་མཚམས་སུ་ཉེ་བར་བསྐྱལ། །མགོ་དང་མཐའ་རྟེན་སྔ་མ་བཞིན། །ཡ་ཙིཀྟ་རཀྟ། གསུམ་པ་པདྨའི་ཕྱོགས་ནས་དྲང། །རལ་གྲིའི་ཕྱོགས་སུ་རྫོགས་པར་བརྡེབ། །ཡ་ར༷་ཐུན་ཟེར་སྙིང་། རྫོགས་པ་རལ་གྲིའི་ཕྱོགས་ཉིད་ནས། །རྡོ་རྗེའི་ཕྱོགས་སུ་རྫོགས་པར་བསྡེབ། །ཡ་ཟ་རོ་མྱགས་ཨུད། ཉི་མ་རེ་ལ་ཁྲི་ཚོ་རེས། །དྲག་པོ་གསང་བའི་འཁོར་ལོ་བསྐོར། །མཚམས་སུ་ཐུན་སྔགས་བཅུ་བཅུ་གཏོར། །མཚན་མ་ཐུན་དང་འཁོར་ལོའི་ལས། །བརྒྱ་བརྒྱ་དྲིལ་ལ་བསྣོལ་མར་བཅད། །ལས་མ་གྲུབ་ན་འཁོར་ལོ་སྤོགས། །ཐུན་དྲུག་དྲིལ་ལ་གཟུགས་ལ་བྲབ། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །མཐའ་ནས་བཟློག་ལ་འབྲུ་བཞི་སྡེབ། །མགོ་དང་མཐའ་རྟེན་སྔ་མ་བཞིན། །འདོད་པའི་འབྲུ་གསུམ་མཚམས་སུ་སྦྱར། །ཡ་ཨུད་མུག་རོ་ཙ། ཉི་མ་དང་པོས་རྟེན་འབྲེལ་འཇོམས། །ས་ཡི་སྙིང་པོ་ཆུ་ལ་ཐིམ། །ཡང་སྙིང་གཟེར་ཐུམ་རམ། གཉིས་པས་སྨན་གྱི་གཟུགས་ལ་གཅོད། །ཆུ་ཡི་སྙིང་པོ་མེ་ལ་བསྟིམ། །ཡ་ཏ་རཀྟ་ཙི། གསུམ་པས་དྲོད་ཀྱི་རྩ་གཟུགས་གཅོད། །མེ་ཡི་སྙིང་པོ་རླུང་ལ་བསྟིམ། །ཡ་མན་དུན་ཤན་དུ༷། བཞི་པ་བསྐྱོད་པའི་རྩ་གཟུགས་གཅོད། །རླུད་གི་སྙིང་པོ་ཐིག་ལེར་གཞུག །ཐིག་ལེ་སྐྱེ་མེད་བདེ་བའི་ཀློང་། །ཡང་དག་ཁྱབ་པའི་དབྱིངས་སུ་རྫོགས། །ཕྱ་རྒྱ་ཆེན་པོའི་བསྟན་པ་ཡིན། །བག་ཆགས་སྙིངས་མ་མཚོན་ཆས་གཏེམས། །ཐོད་པ་དང་བཅས་ཀླུ་ལ་གཏད། །རོ་ལངས་ན་མོའི་ཐུགས་ཁར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །རོ་ལངས་ནག་མོ་གསང་བ་ཐུས་ཁའི་ལེའུ་སྟེ་བརྒྱ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རོ་ལངས་ཀྱི་སྦྱོར་བ་འདི་བཤད་དོ། །ལས་ཀྱི་གཤིན་རྗེ་མ་ཁུགས་སམ། །ལས་མི་བྱེད་ཅིང་ལྡོག་པ་ན། །རོ་ལངས་དྲག་པོའི་སྦྱོར་བ་བཅས། །དངོས་གྲུབ་གང་འདོད་ཙརྨ་པ་ན། །བ༷་ཆེན་རྟེན་ལ་འདོད་པ་བླང་། །སྔོན་དུ་རྣལ་འབྱོར་བདེ་བ་ཡིས། །མཚན་མའི་བསྙེན་པ་རྫོགས་པ་ན། །དཔའ་རྟུལ་ལྡན་པའི་གྲོགས་དག་དང་། །སྙིང་པོ་གསང་བའི་གཟུངས་མ་ཡིས། །ལྷ་ཡི་སྦྱོར་བ་གསུམ་རྟེན་ལ། །དུར་ཁྲོད་གནས་ནས་བམ་ཆེན་བླང་། །ཁྲོ་འགྱིང་སྟབས་ཀྱིས་གར་བཟློག་ལ། །བསྲུང་བ་ཀུན་དང་བགེགས་རྣམས་བསྐྲད། །སྔགས་ཀྱི་ཆུ་ཡིས་ཁྲུས་བྱས་ལ། །མཎྜལ་བདུད་རྩིས་ཆག་ཆག་གདབ། །ཡི་བཏགས་ཕལ་ཆེན་དཀྱིལ་འཁོར་བྲི། །རྒྱན་དང་དམ་རྫས་གཏོར་མ་དགྲམ། །མཆོད་པའི་ཡོ་བྱད་ལྡན་པར་བཤམ། །ཕོ་བྲང་དབུས་སུ་བམ་བཞག་ལ བུམ་པས་བཀྲུས་ལ་སྔགས་ཀྱིས་སྦྱང་། །དེ་ནས་ལྷ་ཡི་བསྙེན་པ་བྱ། །བ༷་གྱི་ཕུང་པོ་འབྱུང་བ་ཁམས། །ཁྲག་འཐུང་དཀྱིལ་འཁོར་རྫོགས་པར་བསྐྱེད། །དེ་བཞིན་ཙིསྟའི་ཕོབྲང་དུ། །ཡབ་ཡུམ་འཁོར་བཅས་རྫོགས་པར་བསྒོམ། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་རྫོགས། །སྐུ་ཡི་བསྙེན་པའི་དངོས་གྲུབ་བླང་། །ཚོགས་དང་མཆོད་པ་ཁྲུས་དང་ལྡན། །དྲོད་རྟགས་ཐོན་ན་འདོད་པ་བླང་། །ལུས་བསྐྱོད་པ་ན་རྒྱལ་ས་ཐོག །ཡན་ལག་འགུལ་ན་ལས་ལ་སྦྱར། །སྒོ་རྣམས་གཡོན་གསང་སྔགས་འགྲུབ། །སྒྲ་འབྱིན་སྐད་དང་ཚོགས་དེ་བཞིན། །ལྷ་དང་འཕར་ན་ལས་རྣམས་འགྲུབ། །དུག་རླངས་འཕོ་ན་མ་མོ་འགྲུབ། །དྲི་བསྲུང་འོད་འབྱུང་ཤན་པ་འགྲུབ། །དྲི་བསུང་ལྡན་ན་འོག་མིན་བགྲོད། །ཕྱག་འཚལ་ཐལ་སྦྱོར་ཡ་མའི་འཁོར། །ཐུགས་ཁར་འོད་སྤྲོས་སངས་རྒྱས་སར། །ཁས་བུབ་ངུ་འབོད་མི་ཤིས་ལྟས། །བསྙེན་པ་ལྔབ་ཀྱིས་དྲག་པོས་གཟིར། །དེ་བྱུང་དཀྱིལ་འཁོར་ལྷོ་ཕྱོགས་སུ། ཁུ་གསུམ་རྩེགས་མའི་མེ་ཐབ་བཅའ། །དྲག་པོའི་ཡམ་ཤིང་གཙུབ་མེད་སྤོར། །ཙིཀྟ་བཏོན་ལ་ཤུགས་བྲ་བརྟག །ཐོད་པ་མཛེས་ལྡན་བུམ་པས་སྦྱང་། །དབང་པོ་ལྔ་དང་བཅས་པ་བཅའ། །བཀྲ་ཤིས་འདོད་པའི་དམ་རྫས་གནག ཁུན་ཆེན་མཁའ་ལྡིང་གླིང་བུ་རྐང་། །དཀྱིལ་འཁོར་རྫས་ཀྱི་རྒྱན་དམ་ཡིན། ཁྲ་ཁྲག་དངས་མ་གཏོར་མ་དབུལ། །ལྷག་མ་རྐང་དང་རྗེན་ཤུལ་ལ། །དྲག་པོའི་མཆོད་པ་རྒྱུན་དུ་བྱ། །ལན་གྲངས་བརྒྱའམ་ཉི་ཤུ་གཅིག །ཐ་ན་ལན་གསུམ་སྦྱིན་སྲེག་བྱ། །དཀྱིལ་འཁོར་གསུམགྱི་ལྷ་ལ་མཆོད། །མ་ལྷ་དང་བཅས་བདག་ལ་བསྡུ། །ལས་ཀྱི་གཤིན་རྗེ་གཟིར་ཞིང་བསྡིགས། །དབང་དུ་བསྡུས་ལ་ཕོ་ཉར་མངག །ལས་ཀྱི་རྒྱལ་པོའི་འཁོར་ལོ་བཅའ། །བམ་གྱི་གོས་སམ་ལྤགས་ཤུན་ལ། །གཅོད་པ་སྔགས་ཀྱི་འཁོར་ལོ་བཅའ། །མུ་ཁྱུད་ཕོ་བྲང་བཞི་རུ་བསྐོར། །དབུས་སུ་རྩིབས་བཞི་རྩ་བའི་སྔགས། །ཕྱི་རིམ་རླུང་གི་རྒྱ་གྲམ་ལ། །མེ་དབལ་མིང་གི་སྙིང་པོར་ལྡན། །ཕྱི་རིམ་འཁྲུལ་མིག་བཅུ་དྲུག་ལ། །ལྷོ་དཀྲུག་སྔགས་ཀྱི་སྐྲུ་གྲི་གནས། །འཕེན་པ་ཡ་ལ་གཅོད་པ་གཤེད། །སྡུད་པ་མ་ལ་ཤན་པ་གྱིང་། །སྲིད་པ་ལས་ཀྱི་ལྟོ་དཀྲུགས་ནས། །བརྣག་པ་ཀུན་གྱི་དྭངས་སྙིགས་འབྱེད། །མཚོན་ཆའི་བརྡེག་ཐབས་རྣམ་པ་གསུམ། །རྣལ་མ་བཟློག་དང་ལྟོ་དཀྲུགས་ཀྱིས། །མཚོན་ཆའི་རྒྱལ་པོ་ཡུལ་དབང་གཅོད། །དེ་དག་ཟད་མཐར་ཆགས་མེ་ཡི་རྩ་གཅད་ནས། །སྨིན་བྱེད་དྲོད་ཀྱི་དྭངས་མ་སྡུད། །ཏོ་ས་ཙ་ར། ཞེན་པ་རླུད་གི་རྩ་གཅད་ནས། །གཡེངས་དང་བསྐྱོད་པའི་དྭངས་མ་སྡུད། །ས་དང་མེ་དང་ཆུ་དང་རླུད་། །ནམ་མཁའ་དབྱིངས་ཀྱི་ཁོངས་སུ་འཇུག །རྟེན་འབྲེལ་སྐྱེ་མེད་དབྱིངས་སུ་དག བཟློག་སྔགས་དྲག་པོའ་སྦྱོར་བར་བཤད། །ལས་མི་བྱེད་དང་རྟགས་ལོག་ན། །ལས་ཀྱི་གཤིན་རྗེའི་གྲོང་ཁྱེར་དཀྲུག །གཤེད་པོ་ཡབ་ཡུམ་ལྟོ་བ་དཀྲུག །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །ཡ་མ་ར་ཡོ་ནི། ཁམས་དང་དབང་པོ་དཀྲུགས་ནས་བསྐུལ། །ཡ་མ་ཏོ་ས་ཙ། སྐྱེ་མེད་འབྱུང་བ་དཀྲུགས་ཤིང་བསྐུལ། །ཡ་ཏ་ཡོ་ཙ་སྲ ཕུང་པོ་རྣམ་ཤེས་དཀྲུགས་ཤིང་བསྐུལ། །ཡ་སྒེ་ནི་ར་ཡ། སྲོག་དབུགས་བཀྲག་མདངས་དཀྲུགས་ཤིང་བསྐུལ། །མཚམས་སུ་འདོད་པའི་ཨ་མུ་ཀ །སྨུ་གྲིའི་སྦྱོར་བས་སྔར་བཞིན་བསྡེབས། །སྲོག་ཟུངས་གཅད་ནས་དྭངས་སྙིགས་འབྲེལ། །ལས་ཀྱི་རྒྱལ་པོའི་བརྣག་པར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། རོ་ལངས་ནག་པོའི་ལེའུ་སྟེ་བརྒྱ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་ཀྱི་འཁོར་ལེའི་སྦྱོར་བ་འདི་བཤད་དོ། །ན་རིང་ཆེན་པོའི་ལྤགས་ཤུན་ལ། ཁྲལ་ནག་ཅང་ཤེས་ཀ་ལིང་དང་། །ཀུ་ཀུ་ཀ་ལིའི་རཀྟ་བྱུག །དབུས་ནས་མུ་ཁྱུད་གསུམ་དུ་བསྐོར། །དབུས་ནས་ཐིག་བཞི་རྒྱ་གྲམ་གདབ། །དབུས་ཀྱི་ཁ་རྒྱུད་ལེ་ཚེ་དགུ། །ཕྱི་དང་ཡང་ལོགས་ཐིག་བརྒྱད་གནན། །ཞབྲུལ་མིག་བཅུ་དྲུག་བཅུ་དྲུག་ལྡན། །འདི་ལ་གནས་པའི་རིམ་པ་ནི། །དབུས་ནས་འཕེལ་བའི་ས་བོན་ཡ། །དྲག་པོ་གནས་བརྒྱད་སྐྲུ་གྲི་དགོད། །གཉིས་པའི་འཕྲུལ་མིག་བཅུ་དྲུག་ལ། །ཞབྲུག་བྱེད་བདུད་མོའི་འབྲུ་རྣམས་དགོད། །ཡང་ལོགས་དེ་བཞིན་བཅུ་དྲུག་ལ། །འཐོམས་པ་བདུད་ཀྱི་འབྲུ་རྣམས་དགོད། །སྔགས་ཀྱིས་བསྐུལ་ཞིང་འཁོར་ལོས་གཅད། །སྣང་སྲིད་སྲོག་དང་ལས་ལ་དབང་། །ཕོ་མོ་ལྟོ་སྦྱོར་ལས་ཉིད་དཀྲུག །དེ་ཡིས་མ་ལུས་འཇོམས་པར་བྱེད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་སྔགས་འདི་བཏོན་ཏོ། །ཡ་དུ་བ༷་ཏེ་མ་ཧེད། རུ་ཐུ་ཁ་ལ་ཤག ད་རོད་ཤོ་ཀྱི་ཀྱི་བ༷་ཏི། དུ་མུན་།་དྲག་རག་ཤ་ཀ་ལི་རག་མོ་སྲོག་ཐིག་ཙསྟི་བ་རིལ་སྲོག་ལ་ཡ༷་ཤག་ཐུ༷་རོལ་རྩ་རྦད། ཕོ་མོ་ཉིན་མཚན་བསྣོལ་མར་བརྡེག །མཚམས་སུ་འདོད་པའི་ཨ་མུ་ཀ །སྐྲུ་གྲི་འབྲུ་བརྒྱད་མཐུན་པར་སྦྱར། །ཀུན་འཇོམས་བདུད་ཀྱི་འཁོར་ལོརབཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །བདུད་ཀྱི་འཁོར་ལོ་ཁ་སྦྱོར་གྱི་ལེའུ་སྟེ་བརྒྱ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བདུད་ཀྱི་ཐུན་བསྒྲུབ་འདི་བཤད་དོ། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །གཞན་ཡང་རིག་གསུམ་གདུག་པའི་སར། །སྟེགས་བུ་གྲུ་བཞི་ཁྲག་གིས་བྱུག །དབུས་སུ་དཔལ་གྱི་གཏོར་མ་ལ། །མཆོད་པ་དམ་རྫས་ལྡན་པར་བཞག །ནུབ་ཏུ་བདུད་ཀྱི་གཏོར་མ་ལ། ་༑་ན་ཅང་ཤེས་ཀུ་ཀུ་དང་། །མཁའ་ལྡིང་ཀ་ཡིས་རྒྱན་ལ་བཞག །བྱང་དུ་བདུད་མོ་སྲོག་གཅོད་ཀྱིས། །དུག་སྣ་ཁྲག་སྣའི་གཏོར་མ་གཞག །ལྷོ་ནུབ་འབྲུབ་ཁུང་མཐིང་ནག་ལ། །རྩང་དང་སྙིང་ནས་བརྒྱན་པ་སྲ །ལིང་ག་མིང་བྱང་གཡག་རུ་གཞག །མཐའ་མ་ཐུན་གྱི་རྫས་ཀྱིས་བསྐོར། །ལས་རིམ་སྦྱོར་བ་རྟགས་ཀྱིས་གཟུང་། །ཡ་མན་ཏ་ཀའི་བསྙེན་པ་བྱ། །ལས་ཀྱི་རྒྱལ་པོ་བདུད་སྒྲུབ་བཙལ། །གཤིན་རྗེའི་ཐུགས་ཁའི་ས་བོན་བསྐུལ། །བདུད་པོ་ཡབ་ཡུམ་འཁོར་དང་བཅས་སྔགས་ཀྱིས་བཀུག་ལ་དབང་དུ་བསྡུ། ཐོན་ནས་ཐུན་སྔགས་བཟླས་ཤིང་བྲབ། །མཐའ་རུ་ཟོར་གྱིས་བདུད་རྣམས་སྔགས། །བརྣག་པའི་ཁམས་ལ་བདུད་དུ་དབབ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་སྔགས་འདི་བཏོན་ཏོ། །རུ་ཐུམ་ཁ་ཡལ་དུན་ཏིང་སྲོག་ལ་ཤག་རྦད། མ་མ་ཙིསྟ་བྲེང་ཤག་ཧུར་ཐུ༷་སྲོག་ལ་ཐུ༷་རྦད། རག་ཤ་རྦད་ཙིསྟ་ཐུམས། བ་ཏི་ཁ་ལོང་ཡ༷། ཧྲི་ད་ཁས་ད་ནན་ཐུན་སྨྱོ། ཧེད་མ་ཧེད་ཧེད་སྨྱོ། དུ་མུ༷་རྦད། ཁ༷་ཏིག་ཧུར་ནན། ཧབ་ཏང་སྲོག་ཏིག་ནན། དུ་ཡ་ཙ་རག་མོ་སྲོག་ལ་ཐུན་རྦད་སྦྱོ། ཡབ་ཡུམ་ཁྲི་ཁྲི་འཁོར་ལ་བརྒྱ། བཅུ་བཅུ་རྟེན་ལ་རྫས་ཀྱིས་བྲབ། འཐོམ་ནག་ཁྲི་ཡི་ལམ་དུ་གཞུག རྭ་ཟོར་བརྣག་པའི་སྦྱོར་བ་འདི། ཕོ་མོ་བདུད་ཀྱི་གནད་དཀྲུག་ཡིན། རྒྱལ་མཚན་མེ་ལོང་གི་རྒྱུད་ལས། བདུད་ཀྱི་ཐུན་བསྒྲུབ་པའི་ལེའུ་སྟེ་བརྒྱ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་ཀྱི་རྩ་བའི་དཀྱིལ་འཁོར་གྱི་སྦྱོར་བ་འདི་བཤད་དོ། །ས་ཕྱོགས་གཉན་ལ་རྩུབ་པའི་སར། །བདུད་བཅད་ས་དང་གྲོག་མཁར་ལ། །དཀྱིལ་འཁོར་གྲུ་བཞི་མཉམ་པར་བརྟག །དབུས་སུ་གྲུ་གསུམ་ནག་པོར་བྱ། །ཟླ་ཁམ་ཐོད་པའི་ར་བས་བཏམས། །ཕྱི་རོལ་འཁོར་ལོ་རྩིབས་བཞི་ལ། །དེ་བཞིན་སྦྲུལ་གྱི་ར་བས་བསྐོར། །ཡང་ལོགས་འཁོར་ལོ་རྩིབས་བཅུ་ལ། །རྡོ་རྗེ་རྐྱང་པའི་ར་བས་བསྐོར། །གྲུ་ཆད་ཁྱམས་དང་སྒོ་བཞི་བྱ། །མཐའ་མ་རྡོ་རྗེའི་མེ་རིས་གཏམས། །དེ་ལ་དགོད་པའི་རིམ་པ་ནི། །དབུས་སུ་བདུད་ཀྱི་རྒྱལ་པོ་དང་། །བདུད་མོ་མི་ཟན་སྙིང་རྐུན་གཉིས། །དྲེགས་པའི་གདན་ལ་འཁྱུད་པར་བསྒོམ། །རྩིབས་བཞིར་བདུད་མོ་བླ་རྐུན་དང་། །ཚེ་ཕྲོག་གཟེར་འདེབས་དབུགས་སྡུད་བསྒོམས། །རྩིབས་བཅུར་བདུད་པོ་མི་ཟན་བཅུ། །རྔམ་ཚིག་དྲེགས་པའི་ཚུལ་དུ་དགོད། །གྲུ་ཆད་ཁྲག་མཚོ་ཐོད་པས་མཛེས། །སྒོ་བཞིར་ལྟས་ངན་ཤན་པ་བཞི། །གཅེར་བུ་སྡེར་ཆེན་སྲོག་གཅོད་བསྒོམ། །ཁྱམས་ལ་སྤྲུལཔ་བདུན་ཚེ་བདུན། །རང་རང་ལས་ངོ་ལེན་ཅིང་རྔམ། །དམིགས་པའི་རྒྱུད་ལ་གཅོད་ཅིང་རོལ། །དེ་ལྟར་དཀྱིལ་འཁོར་རྫོགས་པ་དང་། །སྤྱན་དྲངས་མཆོད་སོགས་བསྙེན་པ་བརྩམ། །དྲོད་རྟགས་ཐོན་ནས་ལས་ལ་བསྔགས། །བསྙེན་པའི་ཚད་མ་ཐོན་པར་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་བསྙེན་པའི་སྔགས་འདི་བཏོན་ཏོ། །ཨོ་རག་ཤ་འབས་ཏི་ཀ་རུ་ཐུམས་ཁ་ཡལ་དུ་མུན་མ་ཙིཏི་ཧྲིང་ཧྲིམ་ཛ། ཉིན་མཚན་གསུམ་སྟོང་དག་ལ་སྦྱངས། །གཙོ་ལ་བསྟོད་ཅིང་མཆོད་པ་འབུལ། །བདུད་ལ་མཆོད་བཏབ་རཀྟ་རླབ། །འདོད་པའི་ལས་ཀྱང་གསུམ་དུ་བྱར། ཁྲན་པ་ལས་ཀྱི་རྒྱལ་པོར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །བདུད་ཀྱི་རྩ་བའི་དཀྱིལ་འཁོར་གྱི་ལེའུ་སྟེ་བརྒྱ་དྲུག་པའོ།། །།རྒྱུད་བར་པ་རྫོགས་སོ།། །།དེ་ནས་དབང་ཕྱུག་ཆེན་པོ་ཡིས། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གཤིན་རྗེའི་སྦྲུལ་པ་མོན་ཕོ་མོའི་སྦྱོར་བ་ཕྱེ་སྟེ་བཤད་དུ་གསོལ་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་མོན་ཕོ་མོ་ལ་སོགས་པའི་སྨོད་སྔགས་ཕྱི་ནང་གསུམ་དུ་ཕྱེ་ནས་བཤད་དོ། །རི་གསུམ་རྩེ་དང་བྲག་ནག་སྐྲུངས། །འཇའ་ཚོན་སྤུངས་དང་ལྷོ་ཕྱོགས་སུ། ཁ་བསྟས་དབེན་པའི་དུར་ཁྲོད་དུ། །བདུད་ཆད་ས་དག་རྒྱ་གྲམ་རོ། །ཕུང་ས་གསུམ་ལ་མཎྜལ་བྱ། ཁྲུ་བཞི་ཁྲུ་གང་ཁྲག་གིས་བྱུག །ཚངས་པའི་ཐིག་བཞི་རྒྱ་གྲམ་གདབ། །ཕྲུར་ཐིག་ལ་སོགས་ཆ་ཆེན་བརྒྱད། །ཕྱོགས་བཞི་དག་ཏུ་ལགས་བཏབ་ལ། །ཕྱི་ནང་རིམ་པ་གཉིས་གཉིས་བསྐོར། །ཚོན་གསུམ་ཁ་དོག་སོ་སོར་ཕྱེ། །དབུས་སུ་གྲུ་གསུམ་ནག་པོ་ལས། །ཟླ་ཁམ་གསུམ་ལ་ཐོད་རློན་བསྐོར། །འཁོར་ལོ་རྩིབས་བདུན་ནག་པོ་ལ། །ཐེ་བ་དམར་པོ་བདུན་དུ་བྲི། དེ་ཡང་ཐོད་འཕྲེང་སྐམ་དང་ལྡན། །གྲུ་ཆད་ཁྲག་མཚོ་སྒོ་བཞི་ལྡན། །ནོར་བུ་རིན་ཆེན་ཐོད་པ་བཞི། །ཞིང་གི་ཀ་བ་ཚངས་པའི་གདུང་། །རུ་ཐལ་ཀ་གདན་ཆུ་སྲིན་དབྱིབས། །དུར་ཁྲོད་མཁའ་འགྲོ་འདོད་ཡིན་མཛེས། །ཞིང་ཆུང་འཕན་དང་ཉི་ཟླས་བརྒྱན། །དེ་ལ་གནས་པའི་རིམ་པ་ནི། །དབུས་སུ་ཞིང་བསྣོལ་ཆུ་གླང་གདན། །ཧཱུཾ༷་ལས་ཞལ་གསུམ་ཕྱག་དྲུག་པ། །གླང་ཆེན་ཞིང་ལྤགས་སྟག་ལྤགས་སྦྲུལ། །ཐོད་པ་མེ་རི་དུར་ཁྲོད་བརྒྱན། །ལྷ་ཀླུ་མ་མོ་མགོ་གཅད་ནས། །ཡ་མུརྙ་ཀའི་དབུ་གསུམ་བརྒྱན། །བེ་ཅོན་རལ་གྲི་དགྲ་སྟ་གཡས། །ཏྲི་ཤུལ་སྡིགས་མཛུབ་རྒྱུ་ཞགས་གཡོན། །སྐུ་མདོག་ནག་པོ་མེ་རིས་བརྒྱན། །ཞབས་བཞི་གདན་ལ་བརྐྱང་བསྐུམ་བཞུགས། །གཡོན་ན་བདུད་མོ་གཤིན་རྗེ་ཡུམ། །ཞིང་རྐྱང་མཛོ་མིའི་གདན་ལ་འཁྱུད། །སྦྲུལ་ནག་ཐུལ་བ་ཐོད་པ་ཞིང་། །རིན་པོ་ཆེ་ཡི་ཆུན་འཕྱང་བརྒྱན། །གཡས་པ་ཁྲ༷་ཤིང་གཙོ་ལ་འཁྱུད། །གཡོན་པ་ནན་ཀྱི་རྐྱལ་བ་རྡེབས། །གླི་སྙིང་ནང་ཁྲོལ་ཐ་ཞིང་བསྟབ། །གཡས་སུ་སྒེག་མོ་རལ་གཅིག་མ། །མཐིང་ནག་ཞལ་གཅིག་ཕྱག་གཉིས་རྔམ། །གཡས་་པ་སྐྲུ་གྲི་སྲོག་རྩ་གཅོད། །གཡོན་པ་ཙིསྟ་ཁྲ༷་བ༷་བསྣམས། །ཁྲག་གི་རལ་པ་མུ་ཏིག་རྒྱན། །སྤྱན་གསུམ་ཉི་ཟླ་འ་་ནག་འཁྱིལ། །བ༷་ཆེན་གདན་ལ་བརྐྱང་བསྐུམ་བཞུགས། །ཐུགས་མཆོག་ཡ་མ་རྭ་ཛའི་སྐུ། །སྔོ་ནག་གཏུམ་ཁྲོ་ཡན་ལག་རགས། །ཞལ་གཅིག་ཕྱག་གཉིས་མི་རོ་གསོལ། །གཡས་ན་བེ་ཅོན་དུག་སྡོང་གཡོན། །སྐུ་ལ་ཡབ་བདུད་གཡང་གཞི་འབྲུམ། །དབུ་ལ་བདུད་ཀྱི་ཐོད་པ་སྦྲུལ་སྦུལ། །དབུ་སྐྲ་ཡན་ལག་སྟན་ཆ་སྦྲུལ། །ཞལ་གདངས་མཆེ་བ་ཟླ་ཚེས་གཙིགས། །བདུད་དང་མུ་སྟེགས་འབྲུག་གི་གདན། །ཡེ་ཤེས་ཐུགས་ཀྱི་ས་བོན་ལས། །སྦྲུལ་པ་ཡ་དང་མ་སྤྲོས་པས། །མོན་པ་བདུན་དང་མོན་མོ་བདུན། །ཟླ་ཁམ་རྩིབས་དང་ཟེ་བར་དགོད། །སྒོ་བཞིར་མོན་པ་ནག་པོ་བཞི། །སྤྲུལ་དང་ཐོད་པ་ཞིང་ཆུང་བརྒྱན། ཁྲ་ཁྲག་ཟ་ཞིང་རྐན་སྒྲ་བརྡེབས། །ཞལ་ནས་གདུག་པའི་སྔགས་བཟློས་ཤིང་། །ཐམས་ཅད་བེ་ཅོན་རལ་གྲི་ཐོགས། །དམིགས་པའི་དགྲ་བོ་རྡུལ་དུ་རློགས། །ཡང་སྦྲུལ་འབུམ་ཕྲག་བླ་ལ་རྒྱུག བསྙེན་པ་ལྷ་ཡི་དཀྱིལ་འཁོར་བཤད། །སྒྲུབ་པའི་དཀྱིལ་འཁོར་ཟླ་ཁམ་བདུན། །སྙིང་པོ་སྔགས་ལ་ཁྲག་འཐུང་བསྐྱེད། །མེ་རླུད་འཁོར་ལོས་འགུགས་ཤིང་འཆིང་། །བླ་དང་སྤྲུལ་བ་ཚེ་བཀྲག་འཆང་། །སྒྲུབ་པ་དྲོད་ཀྱི་དཀྱིལ་འཁོར་བཤད། །དྲག་པོའི་དཀྱིལ་འཁོར་གྲུ་གསུམ་བདུན། །ལིང་ག་ཕུར་པ་ཐུན་དང་སྔགས། །མཚོན་ཚ་ནད་དང་བུ་ཡུག་གློག །སྲོག་གཅོད་ནང་ཁྲོལ་གློ་སྙིང་ཟ། །གདུག་པའི་སྔགས་དང་མཚོན་ཆ་བརྡེག །སྐུ་མདོག་སྔོ་ནག་མེ་དང་འདྲ། ཁྲ་རུས་ཁྲག་ལ་གཏོད་ཅིང་ཟ། །འཕྲིན་ལས་གསད་པའི་དཀྱིལ་འཁོར་བཤད། །གཏོར་མ་གསུམ་དང་རཀྟ་གསུར། །ཞིང་རྒྱན་མཆོད་པ་སྙིང་སྣ་དགྲམ། བདུད་བཅད་ས་དང་རྡོ་ཕྱེ་ཁྲག །སྐྱིན་ཐང་ཤྭ་ཤུལ་ཚ་བ་དུག མོན་དང་རུས་སྦལ་ཐོད་པ་བཅའ། །མིང་རུས་ཁམས་བཅས་མ་ར་ནི། །བྱང་ནུབ་འབྲུབ་ཁུང་ནང་དུ་བརྣག །ཁྲག་གསུམ་ཕེ་གསུམ་འབྲུ་གསུམ་ཐུན། །ལྷོ་ནུབ་ལ་སོགས་དེ་བཞིན་བསྐོར། །ཁྲག་ཐུན་དཀྱིལ་འཁོར་རྫོགས་པར་བསྒོམ། །ཐུགས་ཁའི་ས་བོན་བསྐུལ་ཞིང་བཟླས། །དྲོད་གསུམ་བར་དུ་བཟླས་པ་ཡིས། །ཚད་མར་བརྟེན་པ་བྱས་ལ་བསྟེན། །ཐོན་ནས་དྲག་པོའི་སྦྱོར་བ་བརྩམ། །གཅོད་པ་སྔགས་ཀྱི་ལྒབྲུལ་འཁོར་བཅའ། །རོ་རས་ཞིང་ལྤགས་ཁྲུ་རེ་ལ། །རྫས་ཀྱི་ཐང་བ་ལེགས་བྱུགས་ལ། །ཉི་ཤུ་དྲུག་ལ་ལྡན་པས་བྲི། །དོན་ཁྲག་གསུམ་དང་དུག་ཆུ་ཡིས། །མུ་ཁྱུད་རིམ་པ་བཞི་རུ་བསྐོར། །ཐིག་བཞི་བཏབ་པའི་ལེའུ་ཚེ་དགུ། །དབུས་སུ་རྩ་བའི་ཞབྲུལ་མིག་ལྔ། །ཕྱི་རིམ་མཚོན་ཆའི་རྩིབས་ཆེན་བདུན། །ཡང་ལེགས་ཞབྲུལ་མིག་བཅུ་གཉིས་ལྡན། །མཐའ་མ་ཆུ་ཡི་ཁང་ཁྱུད་ཟླུམ། ཁ་སྦྱོར་བཅས་ལ་ཡི་གེ་དགོད། །འབྲུ་བཞི་དབུས་ཀྱི་ཁང་པ་མྲ །རྩ་བའི་ཡི་གེ་འབྲུ་ལྔ་དགོད། །ཕྱི་རིམ་འཁོར་ལོ་རྩིབས་བདུན་ལ། །དྲག་སྔགས་བདུན་པ་ཕོ་མོ་དང་། །དགོས་པ་གནས་མཐུན་ལྟོ་སྦྱར་དགོད། །ཡང་ལོགས་ཞབྲུལ་མིག་བཅུ་གཉིས་ལ། །མི་དབལ་སྔགས་འབྲུ་བཅུ་གཉིས་དགོད། །མཐའ་མའི་མུ་ཁྱུད་ཟླུམ་པོ་ལ། །གདུག་པའི་ཐུན་སྔགས་རྫོགས་པར་བསྐོར། །ཕོ་སྐོར་གཡས་ལ་མོ་སྐོར་གཡོན། །ངར་བཅས་དབུས་སུ་བར་སྣང་འདེགས། །ཞག་བདུན་ཉིན་མཚན་ཕོ་མོས་བརྡེག ཉི་མ་བཞི་ཡིས་ལས་གཉེར་གཏད། །སྒོ་བཞིའི་སྔགས་ཀྱིས་ཤེས་པ་དཔྲོག གདུག་པའི་དྲག་སྔགས་ལམ་དུ་གཞུག ཕྱི་ནང་གསང་བ་གསུམ་དུ་བཟླས། །ལས་ཀྱི་མཐའ་རུ་མནན་པ་བྱ། །དྲག་པོ་མཚོན་ཆའི་འཁོར་ལོ་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་ཕྱི་ནང་གསང་བའི་སྔགས་འདི་སྟོན་ཏོ། །ཨོ་ཐྲི་མཉུ་ཀྲོ་དྷ་ཡ་མྱན་ཏ་ཀ་ལ་མ་རྭ་ཛ་མ་མ་ཨེ་ཀ་ཛ་གི་ཛ་ཛ། ཡ་མྱན་ཏ་ཀ་མོན་ཏ་ནག་པོ་རག་ཤ་དགྲ་བོ་ནི་རྦད་ཡ། ཡ་མུན་ཏ་ཀ་མོན་ཏ་སྙིང་ལ་ལྟོ་རུ་དགྲ་བོ་ནི་བ༷་རིལ་རྦད་ཡ། ཡ་མྱན་ཏ་ཀ་མོན་ཏ་ཨུརུ་རག་ཤ་དགྲ་བོ་ནི་བ༷་རིལ་རྦད་ཡ། ཡ་མྱན་ཏ་ཀ་མོན་ཏ་དྲག་ཤིག་དགྲ་བོ་ནི་བ༷་རིལ་རྦད་ཡ། ཡ་མྱན་ཏ་ཀ་རག་ཤ་མོན་ཏ་ནག་པོ་དགྲ་བོ་ནི་ཐུ༷་རྨུགས་བླ་རྩལ་རྦད་ཡ། ཡ་མྱན་ཏ་ཀ་མོན་ཏ་ཀ་ནག་པོ་དགྲ་བོ་ན་སྲོག་རྩ་རྨུགས་ཏི་རྦད་ཡ། མོན་ཏ་རག་མོ་སྙིང་ལ་ཏོ་རུ་མ་མ་ཐུན་རྦད། མོན་ཏ་ཁྲག་ལ་རྨུགས་ཏི་རག་ཤ་ཐུན་རྦད། མོན་ཏ་རུ་ཐུམས། མ་ར་ཡ་ཟ་སྲོག་ནི་མ་མ་ཐུན་རྦད། མོན་ཏ་དུན་མུག་ཙིཏི་ལ་ཐུན་རྦད། མོན་ཏ་ར༷་ཐུན་མ་མ་རག་ཤ་ཐུ༷་རྦད། མོན་ཏ་ཐུ་མ་བླ་རྩ་ལ་རྦད། མོན་ཏ་ཡག་མོ་བ༷་རིལ་ཁ་ལོང་ཐུན་རྦད། ཡ་བཱན་ཏ་ཀ་ར་ག་ཤ་སྙིང་ལ་བ༷་རིལ་རྦད་ཡ། ཡ་མྱན་ཏ་ཀ་ཨརུ་རག་ཤིག་རྦད་ཡ། ཡ་མྱན་ཏ་ཀ་རག་ཤ་ཐུན་རྨུགས་རྦད་ཡ། ཡ་ནཱན་ཏ་ཀ་སྲོག་ལ་དུན་རྨུགས་རྦད་ཡ། ཡ་བཱན་ཏ་ཀ་སྙིང་ལ་ལིང་ཐུམ་རག་ཤ་ནི་རྦད་ཡ།ཡ་མྱརྙ་ཀ་མོརྙ་རུ་ཐུམས་རྦད་ཡ། ཡ་བཱན་ཏ་ཁ༷་ཐུམས་ནི་རྫ་རྦད་ཡ། མ་མ་མུགས་ཏི་སྲོག་ལ་རྦད། མ་མ་བླ་རྩ་ཁུག་སྲོག་ལ་རྦད། མ་མ་ཐུ༷་རིལ་སྲོག་ལ་རྦད། མ་མ་རྔུབས་ཙིསྟ་ལ་བོད། མ་མ་དུན་མུགས་སྲོག་ལ་རྦད།མ་མ་ཁྲག་ལ་ཐུམ་རིལ་སྲོག་ལ་རྦད། མ་མ་རག་ཤ་ནི་ཛ་སྲོག་ལ་རྦད། མོན་ཏ་སྙིང་ལ་དུན་བ༷་རིལ་རྦད། མོན་ཏ་སྲོག་རྩ་ལིང་ཡི་རྦད། མོན་ཏ་རྨུགས་ཏི་རྩ་ཐང་རྦད། མོན་ཏ་ཤིག་ཤིག་ཙིསྟ་རྦད། མོན་ཏ་ར་སྣ་བ༷་རིལ་སོགས་ལ་ཡ་རྦ། མོན་ཏ་ཁམས་ཤག་དུ་མུན་ཙ་ལ་རྦད། མུན་ཏ་ཧུར་ལོང་རོ་མྱགས་རྦད། མ་མ་རག་ཤ་མུགས་ཏི་སྲོག་ལ་རྦད། མ་མ་ཐུམ་རྨུགས་ཤ༷་དུ་ན་སྲོག་ལ་རྦད། མ་མ་ཙིསྟ་གཟེར་ཐུམ་སྲོག་ལ་རྦད མ་མ་དྲག་ཤིག་རོ་ཐུམ་སྲོག་ལ་རྦད། མ་མ་དུན་རྨུགས་ཁྱེར་སྨྱོ་སྲོག་ལ་རྦད། མ་མ་ཁ་རག་དུན་ཏིང་ཡ༷་ཡ༷་སྲོག་ལ་རྦད། མ་མ་ཙིསྟ་བྲེང་ཤག་ཚལ་པ་སྲོག་ལ་རྦད། གསང་སྔགས་ཕྱི་ཡི་སྨོད་པ་ཡིས། །བསྐུལ་ཞིང་དྲག་ཏུ་བཟླས་གྱུར་ན། །འོད་ཟེར་ནག་པོས་སྟོང་ཁམས་ཁྱབ། ཁྲ་ཟ་བདུད་དང་མོན་གྱི་ཚོགས། །བེ་ཅོན་རལ་གྲི་ཐོ་བ་ཐོགས། །རྦད་ན་བརྣག་པའི་རྟེན་ཡུལ་ལས། །བླ་དང་སྤྲུལ་པ་བཀུག་ཅིང་འཆང་། །ལུས་དང་ཡན་ལག་གཅོད་ཅིང་བྲ། །གསང་མཛོད་དྲག་པོའི་གནས་སུ་འཆང་། །ག་་པ་སྐུ་ཡི་ལྟོ་རུ་གཞུག །རི་ནག་གྱེན་པོའི་ཤིང་ལ་གཏད། །གསོད་པ་ཕྱི་ཡི་སྔགས་སུ་བཤད། །དེབཞིནདྲགཔོནངགི་སྔགས། །ཕོ་མོ་ཉིན་མཚན་བསྣོལ་མ་ཡིས། །བཟླས་པས་འོད་ཟེར་དམར་ནག་འཕྲོ། །ལས་ཀྱི་ཡ་མ་མོན་དང་བདུད། ཁྲན་པའི་ཚོགས་དང་ཕོ་ཉའི་ཚོགས། །སྣ་ཚོགས་ལུས་དང་མཚོན་ཆ་ཡིས། །གཟས་པའི་ཕུང་པོ་རྣམ་ཤེས་འགུགས། །ཚེ་སྲོག་འཆང་ཞིང་དངས་སྙིགས་འབྱེད། ཁྲ་ཟ་ཁྲག་འཐུང་རུས་ལ་གཏོད་ཅིང་རོལ། །དམིགས་པའི་གནས་སུ་འཆང་ཞིང་གསོད། །འབར་བ་གསུང་གི་ལྟོ་རུ་གཞུག །དུར་ཁྲོད་མོན་པའི་གླིང་དུ་གནན། །སྨོད་པ་ནང་གི་སྔགས་སུ་བཤད། །གསང་བ་ཐབས་དང་ཤེས་རབ་ལས། །གཉིས་མེད་རོལ་པའི་བྱིན་བརླབས་ལས། །འོད་ཟེར་གདུག་རྩུབ་འཕྲོས་པ་ལས། །བདུད་དང་མོན་པ་མོན་མོའི་ཚོགས། །སྤྲུལ་པ་ཡང་སྤྲུལ་མོན་པ་བཞི། །ཡ་མ་རག་མོ་རག་ཤའི་ཚོགས། །སྐུ་མདོག་ནག་པོ་འཚེར་བག་ཅན། །གདུགས་པས་དྲག་སྔགས་འབྲུག་ལྟར་ཟློས། །ཐོག་་་དང་སྐྲུ་གྲི་རལ་གྲི་སྦབ། །ཐོག་ཐོག་འུར་འུར་ཆེམ་ཆེམ་བརྡེག །དྭངས་མ་བཞི་དང་རྩ་གསུམ་གཅོད། །བཀྲག་དང་གཟི་མདངས་ཕྲལ་ཞིང་འཆང་། །གློ་སྙིང་ཟ་ཞིང་དོན་ཁྲག་འཐུང་། །ཡེ་ཤེས་འོད་དང་ལས་ཀྱི་མེས། །ལུས་དང་བག་ཆགས་ཁོང་ཁྲག་སྲེག །ལྷ་དང་བསྲུང་བ་བདུད་དུ་འབེབས། །མཚོན་ཆ་འབར་བའི་རྩིབས་ལ་བསྐྱོན། །མི་གཡོ་ཐུགས་ཀྱི་ལྷོ་རུ་འཆང་། །གདུག་པ་ཀླུ་དང་གཉན་ལ་གཏད། །ཁྱམས་ཀང་གནས་ལས་མི་འཆོར་ཏེ། །གདུག་པའི་སྔགས་རྣམས་གསང་བར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་དྲག་པོ་ཐུན་གྱི་སྔགས་འདི་བཏོན་ཏོ། །མ་མ་རྩ་ལ་མུ་ཤ་ཐུན་སྨྱོ། །མ་མ་ཤ་ཤ་ལིང་ལིང་སྲོག་ལ་ཐུན་སྨྱོ། །མ་མ་དུག་སྣི་བ༷་རིལ་སྲོག་ལ་ཐུན་སྨྱོ། །མ་མ་ཙིསྟ་དུ་རུ་མ་རུ་ལ་སྲོག་ལ་ཐུན་སྨྱོ། །མ་མ་ཁ་ལོ་དྲི་ཛ་སྲོག་ལ་ཐུན་སྨྱོ། །མ་མ་ཁྲག་ལ་ལུབ་ལིང་དྲི་ད་སྲོག་ལ་ཐུན་སྨྱོ། །མ་མ་རག་ས་མུག་ཁྱེར་དྲི་ཛ་སྲོག་ལ་ཐུན་སྨྱོ། །མ་མ་ཧ་ལ་ཧ་ལ་ཡེ་ཡ༷་ཙིསྟ་བྲེང་ཤུག་ཐུན་སྨྱོ། །མ་མ་ཤ་ཤ་ཤུ་ཤུ་རྩ་ཐང་རྩ་ཐང་བྲེང་ཤག་ཐུན་སྨྱོ། །མ་མ་ཏང་ཏང་ཀྲིང་ཀྲིང་ཁྲག་ལ་བྲེང་ཤག་ཐུན་སྨྱོ། །མ་མ་མུགས་མུགས་ཤ༷་ཤ༷་སྲོག་ནི་བྲེང་ཤག་ཐུན་སྨྱོ། །མ་མ་ཛ་ཛ་སྙིང་ཁྱེར་ཕྱུང་ཕྱུང་བྲེང་ཤག་ཐུན་སྨྱོ། །མ་མ་སྒག་་ག་ཐུང་ཐུང་བྲེང་ཤག་ཐུན་སྨྱོ། །མ་མ་གཟིར་ནན་དྲི་སྲོག་བྲེང་ཤག་ཐུན་སྨྱོ། །ཡང་སྤྲུལ་མོན་མོ་བཅུ་བཞི་ཡང་། །ལག་ན་དུག་ཐུན་ཁྲག་ཟོར་བརྡེག སྨོས་པའི་ཐུན་སྔགས་ནད་དལ་འབེབས། །མྱོས་ཤིང་དྲན་པ་བརླབས་ནས་གསོད། །དོང་དུ་བརྡེག་ཅིང་སྲོག་ལེན་བྱེད། །དུས་གསུམ་ཀུན་ཏུ་འཇོམས་པའི་སྔགས། །དུག་མདའ་ཐུན་གྱི་སྦྱོར་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །མོན་པ་ཐུགས་ཀྱི་བརྣག་པའི་ལེའུ་སྟེ་བརྒྱ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལས་ཀྱི་རྗེས་གཅོད་སྦྱིན་སྲེག་གི་སྦྱོར་བ་འདི་བཤད་དོ། །ལྷ་ཁང་དུར་ཁྲོད་སྐྱེད་མོས་ཚལ། །ཡིད་མཐུན་བདེ་བའི་གནས་དག་ཏུ། །སྟེགས་བུ་གྲུ་བཞི་མཐས་པ་ལ། །སྤོས་ཆུ་བདུད་རྩི་འོ་མ་དུག །ཆག་ཆག་བཏབ་ལ་དཀྱིལ་འཁོར་བྲི། །དབུས་སུ་འཕྲིན་ལས་གང་བསྒྲུབ་བཅའ། །ཐབ་ཁུང་གྲུ་བཞི་ཟླ་ཁམ་ཟླུམ། །ཧོམ་ཤིང་དབྱིབས་དང་གོང་མ་བཞིན། །བསྲེག་ཤིང་མར་དང་བུ་རམ་ཁྲག དབྱེ་བ་གསུམ་དང་སྤྱི་ཡི་རྫས། །གླ་བ་ཤིང་ཀུན་འོ་མ་སྦྲང་། །འབྲས་ཆེན་ཤིང་ཐོག་མེ་ཏོག་སྤོས། །མཆོད་རྫས་རྒྱན་དང་ལྡན་པར་དགྲམ། ཁ་ཁྱེར་རྡོ་རྗེ་མེ་རི་ཕྱི། །ཧོམ་ཤིང་གཙོ་བོ་ཡབ་ཡུམ་འཁོར། །གཙོ་བོའི་བཀའ་ནོད་མེ་ལྷ་སེར། །བསྙེན་པ་ས་ཡ་ལས་རིམས་རྫོགས། །དམར་སེར་དཀར་པའི་སྐུར་བསྒོམས་ལ། །དྲག་སྔགས་ཕྱི་ནང་གསང་བ་གསུམ། །སྨོད་སྔགས་བདུན་པ་གང་བསྒྲུབ་ལ། །རྦད་སྤོངས་ཤསྟི༷་ཚུ྅་པ་ཤང་སྦྱར། །སྔགས་མཚན་བཅུ་བཅུས་རྫས་རེ་དབུལ། །གང་བསྒྲུབ་གནས་སུ་ཐལ་འཇིམ་སྦ། །ཞི་རྒྱས་དབང་གི་སྦྱོར་བར་བཤད། །དོན་གཉིས་དྲེག་པོའི་སྦྱོར་བ་ལ། །གྲུ་གསུམ་ཁྲུ་གང་ཆག་གང་ལ། །ཁ་ཁྱེར་སོ་བཞི་དམར་དང་སེར། །དབུས་སུ་རྡོ་རྗེ་རྒྱ་གྲམ་བྲི། ཁ་ཁྱེར་རྩང་དང་ཐོད་པས་བསྐོར། །ཟླ་ཁམ་གསུམ་ལ་གཟུགས་དང་མིང་། །ཕྱི་རིམ་ཐོད་པའི་འཕྲེང་བས་ཟླུམ། །ཡང་ལོགས་འཁོར་ལོ་རྩིབས་བདུན་ནག ཁོར་ཡུག་ཐོད་པ་རྫས་དང་མེ། །རྒྱུ་རྟེན་དྲུག་དང་དྲི་མ་ལ། །དོན་གཉིས་གང་འདོད་ལིང་ག་མིང་། །རྒྱ་གྲམ་སྟེང་དུ་གན་རྐྱལ་གཞག །ཧོམ་ཤིང་ཟུར་གསུམ་སོར་བཅུ་གཉིས། །དུག་ཆུ་བསྐུས་ལ་སྙིང་ཁར་གཟུགས། །འཁོར་ལོ་དྲག་པོ་སྔགས་ཀྱིས་དགང་། །དེ་ཡི་ཕྱི་རིམ་འཁོར་ཡུག་ལ། །ཐོད་པ་བཅུ་རུ་སྲེག་རྫས་དགྲམ། །དུག་སྣ་བག་ཕྱེའི་རིལ་བུ་མིང་། །ལྷ་ཡི་གྲངས་ཚད་བཅུ་བྱས་དགྲམ། ཁྲ་ཆེན་རྟ་སྦྲུལ་ཉ་སྦྱང་ཤ །གྲི་བརྣོལ་ཡུག་ས་ནག་གསུམ་ཁྲག །ནིམ་པ་ཐར་ནུར་དུར་རྒོད་ཆུ། །འོ་མ་སྦྱང་དུག་བ་སྐྲུའི་ཆུ། །ཏིལ་ནག་ཉུངས་ཀར་སྲན་མ་ཙེ། །རྡོ་ཕྱེ་ལྕགས་ཕྱེ་ཟངས་ཀྱི་ཕྱེ། །ཆང་དང་མར་ནག་གྲུ་མོ་བརྒྱན། །ཁྱི་ཕག་སྤྱང་ཁུ་བྱ་ཚིལ་ཞུ། །ཐོད་པ་ཚལ་རེ་ཁོར་ཡུག་བཞག །རང་ཉིད་གཤིན་རྗེ་ནག་པོའི་སྐུ། །ཡེ་ཤེས་འཁོར་ལོ་བཅས་པ་བསྒོམ། །བསྲེག་ཤིང་ཡ་ལས་གཤིན་རྗེའི་སྐུ། །ཡབ་ཡུམ་ཡན་ལག་རྫོགས་པར་བསྐྱེད། །གཡས་སུ་བདུད་ནག་ཡབ་ཡུམ་བསྐྱེད། །གཡོན་དུ་མེ་ལྷ་དམར་སེར་བསྐྱེད། །རྩིབས་ལ་སྤྲུལ་པ་ཡང་སྤྲུལ་ཕྱིར། །བསྐྱེད་ལ་སྤྱན་དྲངས་མཆོད་བསྟོད་བྱ། །དྲག་པོ་སྔགས་ཀྱི་བཟླས་པ་འབུམ། །བསྙེན་པ་ཁྲི་དང་ལྡན་པར་བྱ། །མཐའ་རུ་ཞག་གསུམ་སྲེག་པའི་ལས། །ལན་དགུའི་སྦྱོར་བ་འདི་ལྟར་བྱ། །ཕོ་ཉས་བཀུག་ལ་གཟུགས་ལ་བསྟིམ། །ཕུར་པ་བཏབ་ལ་མཚོན་ཆས་ག་། ཁྲན་པ་བསྐུལ་ལ་དྲག་ཏུ་བཟླས། །བཅུ་བཅུའི་མཐའ་རུ་བསྲེག་རྫས་དབུལ། །བསྐུལ་ལས་གཟུགས་རྣམས་བསྟབ་བ་བྱ། །འོག་ཏུ་ཐོད་པའི་ལིང་ག་གཞུག །བར་དུ་ཧོམ་ཤིང་རྟེན་གཟུགས་བཅའ། །སྟེང་དུ་གཅོདཔའིའཁོར་ལོ་བཅའ། །ཁྲག་དང་དུག་ཆུས་ངར་བླུད་བྲན། །མཐའ་རུ་ཐོད་པ་འཁོར་ལོ་བཅའ། །ཞེ་སྡང་གདུག་པའི་ཀླུ་ལ་གཏད། །ཐལ་བ་སྲེག་རྫས་སྟེང་དུ་དགག །སྦྱོར་བ་ལས་ཀྱི་མཐའ་སྡུད་འདི། །དྲག་པོའི་དོན་གཉིས་རྫོགས་པར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །འཁོར་ལོ་ཧོམ་སྤྲེལ་གྱི་ལེའུ་སྟེ་བརྒྱ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་མོན་ཕོ་མོ་དགྲ་ལ་གཤེད་བསྐོར་བ་འདི་བཤད་དོ། །ཧཱུཾ༷ ཐུགས་མཆོག་ཡ་མ་རྭ་ཛ་ཁྱེའུ་ཆུང་སྔོ། །ཐུགས་ནི་ནམ་མཁའི་དཀྱིལ་ན་བཞུགས། །གོས་སུ་ནམ་མཁའི་ཁམས་ཀུན་གོན། །ཟས་སུ་དེ་ནི་ཀླུ་ཟ་ཞིང་། །སྐོམ་དུ་དམ་ཉམས་ཁྲག་ལ་འཐུང་། །ཐུགས་ལ་གསེར་གྱི་འཁོར་ལོ་བསྐོར། །མ་འཕངས་པར་ཡང་འཇིག་རྟེན་བཀྲག །ཕྱག་གཡས་གསེར་གྱི་བེ་ཅོན་གྱིས། །དམ་ཉམས་དགྲ་བོ་རྡུལ་དུ་རློག །ཕྱག་གཡོན་དུག་གི་སྡོང་པོ་ཐོགས། །དམ་ཉམས་དགྲ་བོའི་སྙིང་ཡང་འབྱིན། །ཆིབས་སུ་འབྲུག་མོ་རལ་ཆེན་ཆིབས། ཁ་ནས་གློག་དམར་ཁྱུགས་སེ་ཁྱུགས། །གཡུ་ཡི་མཆོད་རྟེན་ཁྲི་འཕང་དགུ། །ཁྱེའུ་ཆུང་སྔོན་པོ་དེ་ན་གནས། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །ཁྱེའུ་ཆུང་ཐུགས་ཀྱི་སྤྲུལ་པ་ལས། །བཀའ་ཉན་མོན་པ་ནག་པོ་བདུན། །མོན་པ་ནག་པོ་བྱི་ལ་ཤོན། །མགྱོགས་པ་རླུད་གིས་བསྐྱོད་དུ་མེད། །བྱི་ལ་ཤོན་ནས་དུར་ཁྲོད་རྒྱུ། །ཞལ་ནས་མེ་འབར་དགྲ་སྙིང་སྲེག །སྤྱན་ནས་ཁྲག་འཛག་ཟུ་ལུ་ལུ། །ཕྱག་གཡས་དུག་གི་བེ་ཅོན་ཐོགས། །གང་ལ་དམིགས་པ་བརྡུལ་དུ་རློག དྲི་ནི་མོན་དུག་ཆི་ལི་ལི། །སྐད་ནི་མི་གོ་ལྡབ་མ་ལྡིབ། །བརྡ་ནི་མི་འཕྲོད་ལྷོ་པལ་མོན། །དམ་ཚིག་ཉམས་པ་སྒྲོལ་ཞིང་སྤྱོན། །མོན་པ་ནག་པོ་སྟག་ལ་གཞོན། །རལ་གྲི་རྡེབས་ཤིང་ནགས་ལ་རྒྱུག དམ་ཉམས་དུག་གསུམ་གཏན་ནས་འཕེན། །ཞལ་ནས་མི་ཁྲག་རྟ་ཁྲག་འཛག །སྤྱན་ནས་ཁྲག་འཛག་ཟུ་ལུ་ལུ། །དྲི་ནི་མོན་དུག་ཆི་ལི་ལི། །སྐད་ནི་མི་གོ་ལྡབ་མ་ལྡིབ། །བརྡ་ནི་མི་འཕྲོད་ལྷོ་བལ་མོན། །དམ་ཚིག་ཉམས་པ་སྒྲོལ་ཞིང་སྤྱོན། །མོན་པ་ནག་པོ་འབྲུག་ལ་ཤོན། །གློག་དམར་ཐོགས་ནས་དགྲ་ལ་འཕེན། །ཕྱག་གཡས་ཡེ་ཤེས་རལ་གྲི་ཡིས། །དམ་ཉམས་སྲོག་རྩ་གཏན་ནས་ལེན། །ཞལ་ནས་མེ་འབར་དུག་གསུམ་སྲེག །སྤྱན་ནས་ཁྲོ་ཆུའི་མཆི་མ་འཛག །དམ་ཚིག་ཉམས་པ་སྒྲོལ་ལ་སྤྱོན། །མོན་པ་ནག་པོ་སྤྲུལ་ལ་ཤོན། །དུག་སྡོང་ཐོགས་ནས་སྨན་ལ་གདོ། །ཕྱག་གཡས་བེ་ཅོན་ནག་པོ་ཐོགས། །དམ་ཉམས་དགྲ་བོ་ཐལ་བར་རློག །ཞལ་ནས་ཁྲག་འཛག་དགྲ་སྙིང་རྔུབས། །མིག་ནི་བསེ་འོད་ལམས་སེ་ལམས། །དམ་ཚིག་ཉམས་པ་སྒྲོལ་ལས་ཤོག །མོན་པ་ནག་པོ་ཆུ་ལ་ཤོན། །ཕྱག་གཡས་དུག་གི་བེ་ཅོན་ཐོགས། །ཕྱག་གཡོན་ཆུ་སྲིན་ཞགས་པ་འཕེན། །དགྲ་བོ་དུག་གསུམ་གཏན་ནས་ལེན། །དམ་ཚིག་ཉམས་པ་བསྒྲོལ་ལས་ཤོག །མོན་པ་ནག་པོ་རླུད་ལ་ཤོན། །ཕྱག་གཡས་བེ་ཅོན་ནག་པོ་ཐོགས། །ཕྱག་གཡོན་ལྕགས་མདའ་དགྲ་ལ་འཕེན། །དམ་ཉམས་དགྲ་བོ་སྲོག་རྩ་གཅོད། །ཞལ་ནས་མི་ཁྲག་རྟ་ཁྲག་འཛག །སྤྱན་ནི་ཉི་མའི་འོད་བས་འཚེར། །དམ་ཚིག་ཉམས་པ་སྒྲོལ་ལས་ཤོག །མོན་པ་ནག་པོ་ཁྱུང་ལ་ཞོན། །ཕྱག་གཡས་ཡེ་ཤེས་རལ་གྲི་ཡིས། །དམ་ཉམས་དགྲ་བོའི་མགོ་ལུས་གཤོག །གཡོན་པ་ཞགས་པ་དགྲ་ལ་འཕེན། །ཞལ་ནས་མེ་འབར་རྒྱ་མཚོ་སྐེམས། །སྤྱན་ནས་ཁྲག་འཛག་ཟུ་ལུ་ལུ། །དུས་ཀྱི་སྙིགས་མ་བྱུང་བ་ལ། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ། །མོན་མོ་ནག་མོ་ཤེལ་མིག་མ། །གསེར་གྱི་རྣ་ཆ་ཁྲག་ལ་ལ། །མཐིང་གི་རལ་པ་ཤ་ར་ར། །ཁྲག་གི་ཟར་བུ་ཕྲུ་ལུ་ལུ། །དུག་གི་ཁ་རླངས་ཕྱུ་རུ་མྲ །ཕྱག་ན་དུག་གི་ཕུར་བུ་འདྲིལ། །ཞལ་ནས་ཁྲག་གི་སྒྱུགས་པ་འཐོར། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག །མོན་མོ་ནག་མོ་སྙིང་འབྱིན་མ། །གནས་ནི་སྲིད་པ་གསུམ་ན་གནས། །དགོངས་པ་པར་སྣང་ཁམས་ན་མཛད། །ཕོ་ཉ་རྒྱ་མཚོའི་གཏིང་ནས་འགྱེད། །སྐུ་ལ་ཞིང་ལྤགས་ཐོད་པས་བརྒྱན། །དབུ་ལ་ཐོད་སྦྲུལ་གྱི་གདེངས་ཀ་གསོལ། །གཡས་ན་རྡོ་རྗེ་ཁྲོ་བོ་རྣམས། །གཡོན་པ་ནད་ཀྱི་རྐྱལ་བ་ཐོགས། །བསྟན་པ་སྲུང་བར་ཞལ་འཆེས་མ། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག མོན་མོ་ནག་མོ་གསེར་མིག་མ། །སྦྲུལ་ནག་རལ་བ་ཤིགས་སེ་ཤིགས། །ཕྱག་ན་གསེར་གྱི་ཕུར་བུ་འདྲིལ། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག །མོན་མོ་ནག་མོ་གཡུ་མིག་མ། །གསེར་གྱི་ལན་ཕྲན་ཤ་ར་ར། །གསེ་ཡི་རྣ་ཆ་ཁྲ་ལ་ལ། །གཡོན་ན་བསེ་ཡི་ཕུར་པ་འདྲིལ། །ཟལ་ནས་ཁྲག་གི་སྐྱུགས་པ་འཐོར། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག །མོན་མོ་ནག་མོ་མཆོང་མིག་མ། །ཁྲག་གི་རལ་པ་ཤ་ར་ར། །བྱི་རུའི་རྣ་ཆ་ཁྲ་ལ་ལ། །ཕྱག་ན་བྱི་རུའི་ཕུར་པ་འདྲིལ། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག །མོན་མོ་ནག་མོ་ཟངས་མིག་མ། །ཁྲག་གི་རལ་བ་ཤ་ར་ར། །ཟངས་ཀྱི་རྣ་ཆ་ཁྲ་ལ་ལ། །ཕྱག་ན་ཟངས་ཀྱི་ཕུར་པ་འདྲིལ། །ཞལ་ནས་ནད་ཀྱི་རླངས་པར་འཕྲོ། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག །མོན་མོ་ནག་མོ་འུག་མིག་མ། །མཐིང་གི་རལ་པ་ཤ་ར་ར། །མཐིང་གི་ཅོད་པན་པུ་རུ་མྲ །ཞག་གི་རྦ་རླབས་ཆི་ལི་ལི། །ཁྲག་མདའ་ཁྲག་ཕུར་དགྲ་ལ་འདེབས། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག ཁྱེའུ་ཆུང་ཐུགས་ཀྱི་སྤྲུལ་པ་ནི། །བླ་རྐུན་ཁྱོ་མོ་ནག་མོ་བདུན། །ཁྱི་མོ་ནག་མོ་གསེར་མིག་མ། །བར་སྣང་རྒྱུ་ཞིང་དགྲ་སྙིང་འབྱིན། །དགྲ་བོ་བླ་དང་ཁྲོལ་ལས་ཤོག །ཁྱི་མོ་ནག་མོ་གཡུ་མིག་མ། །བར་སྣང་རྒྱུ་ཞིང་ལྷ་རྣམས་བསྐུལ། །དགྲ་བོ་བླ་དང་ཕྲོལ་ལས་ཤོག ཁྱི་མོ་ནག་མོ་མཆོང་མིག་མ། །ས་གཞི་རྒྱུ་ཞིང་ཀླུ་རྣམས་བསྐུལ། །དགྲ་བོ་བླ་དང་ཕྲོལ་ལས་ཤོག །ཁྱི་མོ་ནག་མོ་ཟང་མིག་མ། །དུར་ཁྲོད་རྒྱུ་ཞིང་དགྲ་སྲོག་གཅོད། །དགྲ་བོ་བླ་དང་ཕྲོལ་ལས་ཤོག །ཁྱི་མོ་ནག་མོ་མཁར་མིག་མ། །ཆུ་གཞུང་ཞོན་ནས་ཆུ་སྲིན་བསྐུལ། །དགྲ་བོ་བླ་དང་ཕྲོལ་ལས་ཤོག ཁྱི་མོ་ནག་མོ་དུང་མིག་མ། །དམ་ཚིག་སྲུང་ཞིང་རྫུ་འཕྲུལ་འགྱེད། །རྒྱལ་བའི་བཀའ་དམ་བླ་མ་རྐུ། །དགྲ་བོ་བླ་དང་ཕྲོལ་ལ་ཤོག །ཁྱི་མོ་ནག་མོ་ལྕགས་མིག་མ། །བང་ནི་བར་སྣང་གློག་བས་མགྱོགས། །ཡིད་ནི་ཆུ་བོའི་གཞུང་བས་རིང་། །འཛམ་བུའི་གླིང་ལ་མངའ་མཛད་མ། །དགྲ་བོ་བླ་དང་ཕྲོལ་ལ་ཤོག །ཁྱེའུ་ཆུང་ཐུགས་ཀྱི་ཡང་སྤྲུལ་ནི། །དགྲ་བོའི་སྲག་གཅོད་མོན་པ་བཞི། །ཉི་མ་ཤར་གྱི་མོན་པ་ནི། །དུང་གི་མོན་པ་གཏུམ་འབག་ཅན། །གནོད་སྦྱིན་སྙིང་ཕྲོག་སྤྲུལ་པར་འགྱེད། །སྐུ་ནི་ཞེ་སྡང་གཏུམ་ཁྲོ་ཆེ། །ཁྲག་དང་ཞག་གི་ཐིག་ལེ་ཅན། །ཞེ་སྡང་སྒྲུལ་གྱིས་དབུ་ཞབས་བརྒྱན། །སྤྱན་གསུམ་བཟློག་པས་མེ་སྟག་འཕྲོ། །མཆེ་བ་གཙིགས་པས་དྲི་ཟ་འདར། །ཕྱག་ན་རལགྲི་ལྕགས་ཀྱུ་བསྣམས། །སྙིང་ལས་དྲོངས་ལས་སྲོག་ལ་ཆོད། ཁྲ་ཁྲག་གསོལ་ཞིང་རྐན་སྒྲ་རྡེབས། །ཧ་ཧ་ཧི་ཧི་རྒོད་བག་ཅན། །རྔམ་སྒྲ་ཕྱོགས་བཅུར་འུ་རུ་སྲ །ཁྱོད་ནི་སྲོག་ལེན་ཤར་གྱི་བདུད། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག ཉི་མ་ལྷོ་ཡི་མོན་པ་ནི། །གསེར་གྱི་མོན་པ་ག་་བག་ཅན། །གྲུལ་བུམ་སྲོག་གཅོད་སྤྲུལ་པ་འགྱེད། །སྐུ་ནི་སེར་ནག་འབར་བ་ལ། །ཁྲག་དང་ཞག་གི་ཐིག་ལེས་བརྒྱན། །ཐོད་རློན་སྦྲུལ་གྱིས་དབུ་ལ་བརྒྱན། །ཞལ་ཆེན་བགྲང་བས་མེ་སྟག་འཕྲོ། །ཕྱག་ན་རལ་གྲི་ལྕགས་ཀྱུ་ཤོག །དེ་ནས་བཅོམ་ལྡན་འདས་ཀྱིས་ཐུན་གྱི་མོན་མོ་སྲོག་དམར་ལེན་མ་བསྐུལ་བ་འདི་བཤད་དོ། །ཁྱེའུ་ཆུང་སྔོན་པོའི་ཐུགས་ཀྱི་ཡང་སྤྲུལ་ནི། ཁྲར་གྱི་མོན་མོ་དྲེ་སླག་ཅན། །ཟངས་ཕྱེ་ལྕགས་ཕྱེ་རུ་སྦལ་ཁྲག །རུ་སྦལ་ཐོད་པར་སྦྱར་བྱས་ནས། །དོང་དུ་བཅུག་ཅིང་ག་རུ་བུད། །མཛེ་གཡན་གཏོང་བའི་མཐུ་མོ་ཆེ། །སྡང་བའི་དགྲ་བོ་དམ་ཉམས་ལ། །མཛེ་གཡན་གཏོང་བའི་དུས་ལ་བབ། །ཁྲག་མདའ་དུག་ཐུན་སྙིང་ཟོར་རྒྱབ། །བླ་དང་ཚེ་སྲོག་ཕྲོལ་ལས་ཤོག ལྷོ་ཡི་མོན་མོ་དོམ་སླག་ཅན། །བོང་ང་སྐྱེ་ཚེ་དོམ་གྱི་ཐོད་པར་སྦྱར་བྱས་ནས། །དོང་དུ་བརྡེག་ཅིང་ཁ་རུ་བུས། །དམུ་ཆུ་གཏོང་བའི་མཐུ་མོ་ཆེ། །སྡང་བའི་དགྲ་བོ་དམ།་ཉམས་ལ། །ཁྲ་མདའ་དུག་ཐུན་སྙིང་ཟོར་རྒྱོབ། །དམུ་ཆུ་ཐོང་ཞིག་དགྲ་ལ་སྨྱོ། །ནུབ་ཀྱི་མོན་མོ་གླང་སླག་ཅན། །མཚལ་ཆེན་རྐྱ་སྐྱེགས་བ་གླང་ཁྲག བ་གླང་ཐོད་པར་སྦྱར་བྱས་ནས། །དོང་དུ་བརྡེག་ཅིང་ཁ་རུ་བུད། །མཁྲིས་ནད་གཏོང་བའི་མཐུ་མོ་ཆེ། །སྡང་བའི་དགྲ་བོ་དམ་ཉམས་ལ། །ཁྲག་མདའ་དུག་ཐུན་སྙིང་ཟོར་རྒྱོབ། །མཁྲིས་ནད་ཐོང་ལ་ཚེ་སྲོག་བསྡུས། །བྱང་གི་མོན་མོ་སྦྱང་སླག་གཅན། །རིམས་དང་མཁྲིས་པ་སྦྱང་དུག་ཁྲག །སྦྱང་མོའི་ཐོད་པར་སྦྱར་བྱས་ནས། །དོང་དུ་བརྡེག་ཅིང་ཁ་རུ་བུད། །རླུད་ནད་གཏོང་བའི་མཐུ་མོ་ཆེ། །སྡང་བའི་དགྲ་བོ་དམ་ཉམས་ལ། །ཁྲག་མདའ་དུག་ཐུན་སྙིང་ཟེར་རྒྱོབ། །རླུད་ནད་ཐོང་ལ་ཚེ་སྲོག་བསྡུས། ཁྲར་ལྷོའི་མོན་མོ་སྟག་སླག་ཅན། །བཅོས་དང་བསེ་ཞོ་སྟག་མོའི་ཁྲག །སྟག་གི་ཐོད་པར་སྦྱར་བྱས་ནས། །དོང་དུ་བརྡེག་ཅིང་ཁ་རུ་བུད། ཁུ་གཟེར་གཏོང་བའི་མཐུ་མོ་ཆེ། །སྡང་བའི་དགྲ་བོ་དམ་ཉམས་ལ། །ཁྲག་མདའ་དུག་ཐུན་སྙིང་ཟེར་རྒྱོབ། །རྒྱུ་གཟེར་ཐོང་ལ་བླ་ཚེ་ཁུག །ལྷོ་ནུབ་མོན་མོ་སྤྲེ་སླག་ཅན། །ཐལ་ནུར་དུག་ཆུ་སྤྲེ་འུའི་ཁྲག །སྤྲེ་འུའི་ཐོད་པར་སྦྱར་བྱས་ནས། །དོང་དུ་བརྡེག་ཅིང་ཁ་རུ་བུད། །བལ་ནད་གཏོང་བའི་མཐུ་མོ་ཆེ། །སྡང་བའི་དགྲ་བོ་དམ་ཉམས་ལ། །ཁྲག་མདའ་དུག་ཐུན་སྙིང་ཟོར་རྒྱོབ། །བལ་ནད་ཐོང་ལ་བླ་ཚེ་ཁུག །ནུབ་བྱང་མོན་མོ་གཡག་སླག་ཅན། །འོལ་མོ་སྐྱེར་བུ་འབྲོང་བུའི་ཁྲག །འབྲོང་བུའི་ཐོད་པར་སྦྱར་བྱས་ནས། །དོང་དུ་བརྡེག་ཅིང་ཁ་རུ་བུད། །འཕོལ་འབྲས་གཏོང་བའི་མཐུ་མོ་ཆེ། །སྡང་བའི་དགྲ་བོ་དམ་ཉམས་ལ། །ཁྲག་མདའ་དུག་ཐུན་སྙིང་ཟོར་རྒྱོབ། །འཕོལ་འབྲས་ཐོང་ལ་ཚེ་སྲོག་བསྡུས། །བྱང་ཤར་མོན་མོ་དྲེད་སླག་ཅན། །གོ་རོ་ཐལ་ཆེན་ཁྱི་ཁྲག་དུག །སྤྲེ་འུའི་ཐོད་པར་སྦྱར་བྱས་ནས། །དོང་དུ་བརྡེག་ཅིང་ཁ་རུ་བུད། །སྐྲངས་ནད་གཏོང་བའི་མཐུ་མོ་ཆེ། །སྡང་བའི་དགྲ་བོ་དམ་ཉམས་ལ། །ཁྲག་མདའ་དུག་ཐུན་སྙིང་ཟོར་རྒྱོབ། །སྐྲངས་ནད་ཐོང་ལ་ཚེ་སྲོག་ཕྲོལ། །སྟེང་གི་མོན་མོ་འབྲུག་སླག་ཅན། །སེར་རྒྱ་ཐལ་ཆེན་སེང་གེའི་ཁྲག །སེང་གེའི་ཐོད་པར་སྦྱར་བྱས་ནས། །དོང་དུ་བརྡེག་ཅིང་ཁ་རུ་བུད། །གནམ་ལྕགས་འབེབས་ཤིང་ཆད་པ་གཅོད། །སྡང་བའི་དགྲ་བོ་དམ་ཉམས་ལ། །ཁྲག་མདའ་དུག་ཐུན་སྙིང་ཟོར་རྒྱོབ། །ཐོག་ཟེར་ཐོག་ལ་ཚེ་སྲོག་ཕྲོལ། །གངས་ཀྱི་མོན་མོ་སེ་སླག་ཅན། །དུག་རྒོད་མོན་ཁྲག་བ་གླང་མཆིན། །མོན་པའི་ཐོད་པར་སྦྱར་བྱས་ནས། །དོང་དུ་བརྡེག་ཅིང་ཁ་རུ་བུད། །སྡང་བའི་དམ་ཉམས་དགྲ་བོ་ལ། །ཁྲག་མདའ་དུག་ཐུན་སྙིང་ཟོར་རྒྱོབ། །དགྲ་བོའི་རླུ་་རྟ་རྨང་དུ་ཕོབ། །ཆུ་ཡི་མོན་མོ་སྲིན་སླག་ཅན། །རྒྱ་རུས་ཉ་མཁྲིས་དུག་ཁྲག་ཆ། །ཆུ་སྲིད་ཐོད་པར་སྦྱར་བྱས་ནས། །དོང་དུ་བཅུག་ཅིང་ཁ་རུ་བུད། །འབྲུམ་ནག་གཏོང་བའི་མཐུ་མོ་ཆེ། །སྡང་བའི་དགྲ་བོ་དམ་ཉམས་ལ། །ཁྲག་མདའ་དུག་ཐུན་སྙིང་ཟོར་རྒྱོབ། །འབྲུམ་ནག་ཐོང་ལ་ཚེ་སྲོག་ཕྲོལ། །དུར་ཁྲོད་མོན་མོ་ཞིང་སླག་ཅན། །རྭ་དུག་དུག་རྒོད་མི་ཡི་ཁྲག ཉམས་པའི་ཐོད་པར་སྦྱར་བྱས་ནས། དོང་དུ་བརྡེག་ཅིང་ཁ་རུ་བུད། །སྨྱོ་འབོག་གཏོང་བའི་མཐུ་མོ་ཆེ། །སྡང་བའི་དགྲ་བོ་དམ་ཉམས་ལ། །ཁྲག་མདའ་དུག་ཐུན་སྙིང་ཟོར་རྒྱོབ། །སྨྱོ་འབོག་ཐོང་ལ་རྣམ་ཤེས་ཕྲོལ། །བྲག་གི་མོན་མོ་འུག་སླག་ཅན། །དོ་བ་དབྱིག་དུག་འུག་པའི་ཁྲག །དྲི་བོའི་ཐོད་པར་སྦྱར་བྱས་ནས། །དོང་དུ་བརྡེག་ཅིང་ཁ་རུ་བུད། །ཕོ་ལྷོག་གཏོང་བའི་མཐུ་མོ་ཆེ། །སྡང་བའི་དགྲ་བོ་དམ་ཉམས་ལ། །ཀྲག་མདའ་དུག་ཐུན་སྙིང་ཟོར་རྒྱོབ། །ཕོ་ལྷོག་ཐོང་ལ་ཚེ་སྲོག་ཕྲོལ། །གསང་བའི་མོན་མོ་སྦྲུལ་སླག་ཅན། །དུག་སྣ་བལ་ཉུངས་སྐྲུལ་ནག་ཁྲག །ལ་མོའི་ཐོད་པར་སྦྱར་བྱས་ནས། །དོང་དུ་བརྡེག་ཅིང་ཁ་རུ་བུད། །མཛེ་ནག་གཏོང་བའི་མཐུ་མོ་ཆེ། །སྡང་བའི་དམ་ཉམས་དགྲ་བོ་ལ། །ཁྲག་མདའ་དུག་ཐུན་སྙིང་ཟོར་རྒྱོབ། །མཛེ་ནད་ཐོང་ལ་ཚེ་སྲོག་ཕྲོག །གབ་པའི་མོན་མོ་ཕག་སླག་ཅན། ཉུངས་ནག་བྱ་བ་ཕག་ཁྲག་དུག །ཕག་པའི་ཐོད་པ་སྦྱར་བྱས་ནས། །དོང་དུ་བརྡེག་ཅིང་ཁ་རུ་བུད། །མཁྲིས་ནད་གཏོང་བའི་མཐུ་མོ་ཆེ། །སྡང་བའི་དམ་ཉམས་དགྲ་བོ་ལ། །ཁྲག་མདའ་དུག་ཐུན་སྙིང་ཟོར་རྒྱོབ། །མཁྲིས་ནད་ཐོང་ལ་རྣམ་ཤེས་ཕྲོལ། །ལ་ལ་ཁྲག་གི་བུ་ཡུག་རློག །ལ་ལ་རྐང་མགྱོགས་བླ་དང་འབྲོལ། །ལ་ལ་སྐྱ་རིང་རླུད་ལ་ཞོན། །ལ་ལ་ཐབས་ཀྱིས་སླུ་འབྲིད་གསོད། །ལ་ལ་གླིང་འདེབས་ཁྱོ་མོ་འགྱེད། །ལ་ལ་བླ་ཀུན་ཁྱུང་ཆེན་འགྱེད། །ལ་ལ་སྲོག་གཅོད་སྦྲུལ་ནག་འགྱེད། །ལ་ལ་ཚེ་སྡུད་རུས་སྦལ་འགྱེད། །ལ་ལ་སྲོག་གཅོད་བདུད་དང་སྡོང་། །ལ་ལ་གོང་གསུམ་བཙན་དང་འགྲིམ། །ལ་ལ་ཁོང་ནས་ཙིཀྟ་འབྱིན། །ལ་ལ་སྲོག་གཅད་ཤན་པ་འགྱེད། །ཀུན་ཀྱང་སྲོག་རྩ་དམར་ལེ་ནས། །བླ་དང་ཚེ་སྲོག་ཕྲལ་ནས་འཆང་། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །སྤྲུལ་པའི་ཚོགས་ལ་གཤེད་བསྐོར་བའི་ལེའུ་སྟེ་བརྒྱ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དྲག་སྔགས་བདུན་པའི་རྩ་བའི་སྲོག་དམར་ལེན་གྱི་ངན་སྔགས་འདི་བཤད་དོ། །དེ་ཡི་རིམ་པ་འདི་ལྷ་སྟེ། །རྟགས་འགོར་ལས་རྣམས་མི་བྱེད་ན། །སྲོག་གཅོད་རྒྱལ་པོ་གསང་བ་ཡི། །གསང་བ་སྔགས་ཀྱི་རྣོ་དབལ་མཚོན། །དམར་ལེན་སྲོག་གི་སྤུ་གྲི་འདི། །ལྔ་བཅུ་གཅིག་གིས་ལས་མཆོག་བསྡུས། ཁྲན་པ་གཙོ་བྱས་སྙིང་པོ་འདྲིས། །གསད་པའི་སྔགས་སུ་ཡང་དག་སྔགས། །སྦྱོར་བའི་རྒྱལ་པོ་དམར་ལེན་བརྩམ། །དུར་ཁྲོད་གཉན་རའི་དབེན་གནས་སུ། །ཕུང་ས་གསུམ་ལ་མཎྜལ་བྱ། །དབུས་སུ་བརྣག་པའི་འབྲུབ་གནས་བརྣག ཁུ་གསུམ་རྩང་བཅས་ཕུར་པ་ཁྲག །ཐོད་པ་བླ་བྱད་ཁྲག་སྣ་དུག །མཐིང་ནག་དར་དགབ་དམ་རྫས་སྙིང་། །བླ་ཁྲག་གཏོར་མ་ཤ་ཆེན་གསུར། ་༑་ན་ཀ་ལི་བརྣག་པའི་རྟེན། །སྙིང་ཁ་ལྟེ་བ་གསང་བ་མགོ །སྐྱེ་དང་ཁ་རུ་བྱང་ནག་དམར། །ཁྱིམ་རེ་གྲོ་ག་རི་ཤོ་རས། །བྲིས་ལ་ཛོན་སྐུད་དང་བཅས་གདགས། །འབྲུབ་ཁུང་རྩ་རུ་འགྱིང་ཕུང་གདགས། །འཇིགས་བྱེད་ཡ་མའི་སྐུར་བསྒོམས་ལ། །སྨོད་པ་སྔགས་ཀྱི་གསང་ཐུན་དབབ། །ཞག་བདུན་དུག་དང་ཉུངས་ཀར་བརྡེག །དེ་ནས་ཤོ་ན་བརྣག་པར་བརྟག རྒྱུ་དེ་འགྱེལ་ལས་ཡན་ལག་བཞི། །ཚོན་སྐུད་བཏགས་ལ་ཕུང་བཞི་བརྒྱང་། །དགོངས་འཛབ་དྲོད་དགུག་རྒྱུ་ལ་བསྟིམ། །ཉིན་ཞག་མཚན་ཕྲུགས་རྔམ་ཚིག་བཟླས། །རྩང་ཕུར་གྲོད་དང་རྩ་ལ་བརྡེག །རང་ཉིད་བདུད་ཀྱི་ཤན་པར་སྒོམ། །མཚོན་ཆརྒྱཡིསངར་བླུད་ན། །ཕྱོགས་བཞིར་བཏབ་ལ་དྲག་ཏུ་བསྐུལ། །སྦྲམ་པོར་བརྣག་པའི་ཕྱོགས་སུ་འཕང་། །ལན་གསུམ་སྒྲིམས་ལ་ཤུག་པྲ་བརྟག །བྲ་ངན་དྲག་མོའི་སྔགས་ཀྱིས་བཟློག །ཙིསྟ་བཏོན་ལ་ཕྱོགས་བཞིར་བསྟབས། །ཐོད་པར་བཅུག་ལ་གསངས་ཐུན་དབབ། །རྒྱུ་ཡི་ཤ་ཁྲག་དྭངས་མས་བསྐང་། །ཚོགས་དང་གཏོར་མས་གཞན་ཚོགས་མཆོད། །དམར་ཆེན་སྔགས་ཀྱི་རྒྱལ་པོ་བཟླས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་དམར་ལེན་སྔགས་ཀྱི་རྒྱལ་པོ་འདི་བཏོན་ཏོ། །ག་བཱ་ནཱ་ལིང་སྲོག་ལ་ཧུར་ཐུམ་རྦད། །ཙིསྟ་རོ་མྱགས་སྲོག་ལ་ལིང་ནི་ཤག་རྦད། །རོ་ལིང་ཁམ་ཙ་ན་བཤག་རྦད། །ཙ་པ་ཀུ་ལིང་ནི་ཤག་རྦད། །རུ་ཙ་ཐུམ་ཛ་ནི་སྲོག་ལ་ཤག་རྦད། རུ་ཐུ༷་ཡ༷་ཤིག་ནི་ཤག་རྦད། ཁ༷་ཁ༷་ཧུར་ཤ༷་བ༷་ནི་ཤག་རྦད། བདུད་གསུམ་བཟླས་ལ་བདུན་གཅིག་བརྡེག །ཞག་གསུམ་རོལ་ལ་གཅིག་གིས་འཕང་། །མགོ་དང་བཅས་པ་མནན་པ་བྱ། །བྱང་ཁྲམ་དང་བཅས་གཟིར་ཞིང་བྲབ། །རྒྱུ་ལུ་རྫིང་དང་མཛོད་ཕུགས་ལམ། །གང་རུང་ཙིསྟ་བཅུག་ལ་བཅའ། །མགོ་དང་བཅས་པ་ཤུན་གྱིས་རིལ། །རྒྱང་ལམ་དབུས་ཡུལ་བརྟེན་ལ་གནན། །དམར་ལེན་བརྒྱ་གསུམ་གཅིག་དང་སྦྱར། །ཁྲི་ཡི་ཐུན་དབབ་བརྒྱ་ཡིས་འཕང་། །མགོ་དང་ལྟོ་སྦྱོར་རྒྱུན་དུ་གཏོང་། །སྦྱོར་བའི་རྒྱལ་པོ་གབ་པར་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་ཀྱི་སྲོག་དབྲོག་པ་དང་གཟིར་བ་འདི་བཤད་དོ། །སྲོག་གཅོད་ཕོ་མོས་གང་སྒྲུབ་ཀྱང་། །མ་ལུས་ལྟ་ལོག་ལྡོག་དང་འཁྲུ། །ཉམ་ཆུང་བརླབས་ཤིང་རྨུགས་ཐིབས་འཆལ། །རོ་མེད་འདོད་བྲལ་དྲོད་དང་ལྕི། །རྟགས་མེད་ཆོ་འཕྲུལ་མང་ན་བརྩམ། །དུར་ཁྲོད་དབེན་པའི་བདེ་གནས་སུ། ཁྲུ་གསུམ་སྤགས་མ་ཁ་ཁྱེར་གསུམ། །ཕྱི་ནང་ཆག་གང་དབུས་མཐོ་གང་། །དམར་སེར་དཀར་བ་རྩང་ཕུར་མེ། །མཐིང་ནག་དབུས་སུ་མོན་དང་བདུད། ཁུ།་ཆད་གཏོར་མ་དམ་རྫས་ཁྲག །དྲག་པོའམ་ཡ་མའི་བཟླས་པ་འབུམ། །དྲག་སྔགས་གང་སྒྲུབ་ཁྲི་ཡིས་དགུག །འཁོར་བཅས་པོས་ལ་སྟོང་གིས་གཟིར། །སྟོབས་ཀྱི་སྔགས་དང་ཕུར་པས་བསྡིགས། །བཙན་ཐབས་དྲག་པོའི་གཟིར་བར་བཤད། །ཡང་ན་གང་སྒྲུབ་གཟུགས་བྱས་ལ། །སྙིང་ཁར་གྲུ་གསུམ་སྙིང་པོ་སྔགས། །བྲིས་ལ་དོང་དུ་གན་རྐྱལ་བསྙལ། །ལྷ་སྒྲུབ་བྱས་ལ་རང་སྲོག་དབྲོག ཁུ།་གསུམ་གཟུགས་ལ་ཕབ་ལ་བསྟིམ། །རྔམ་པའི་ང་རོས་དབང་དུ་བསྡུ། སྔགས་རྒོད་ཁྲི་བཟླས་ཕུར་པ་གདབ། རང་གཟིར་ཁྲི་བཟླས་གཟི་མདངས་དབྲལ། བདུད་ལ་སོགས་པ་དར་ཞིང་འཕྱག ཁ་རུ་རཀྟ་མནའ་ཆུ་བླུད། གཟུགས་དེ་སྔགས་པའི་ཞབས་འོག་གཞུག །ཀུན་གྱི་ཚེ་སྲོག་བདག་པོ་བསྐུལ། །བདུན་ནམ་ཉི་ཤུ་རྩ་གཅིག་བར། །ཕྱག་འཚལ་ལས་བྱེད་དངོས་གྲུབ་སྟེར། །དྲོད་ཐོབ་གསོས་ལ་བདུད་རྩི་བསྐྱེད། །སྙིང་ཁའི་སྔགས་གདོན་གནན་པ་གཞུག །གང་སྒྲུབ་དྲག་སྔགས་བཟླས་ཤིང་བསྐུལ། །ལིང་ག་རྒྱུ་ལ་ཕུར་པས་བརྡེག །ཐུན་ཟོར་མཐའ་རུ་གཟུགས་དེ་གནན། །དགུ་འམ་བཅུ་གཅིག་གནན་པ་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་སྲོག་འཕྲོག་པ་དང་གཟིར་པ་སྤུ་གྲིའི་མཐའ་སྒྱུར་གྱི་སྔགས་རྣམས་བཏོན་ཏོ། །ཡ་མ་རོ་ག་མུ་ཤ་རྩ་མྱགས་མོན་ཏ་ཕུར་ཏིར། ཙིསྟ་རྨུགས་གཟེར། ཐུམ་སྲོག་བྲེང་བྲེང་། ཙིསྟ་དུན་དུན་ཧྲི་ཤག་ཧུར་ཐུམས་ཤག་ཤག་ཛ་ཛ། རོ་ཤ་ཡ་མུ་ཀ་མ་ཕུ་ཏིར་རུ་ཙིསྟ་ཤ་ལ་གཟིར་སྲོག་ལ་ཧུར་ཐུམས་རོ་མྱགས་གཟིར་ནན། ཤག་རྦད་རི་ཤག་ཧུར་རྦད། ཤག་ཐུན་སྨྱོ། ཤག་ནན་ཤག་ར༷་ཤཱན་ཏི་ཀུ་རུ་གྲྭ་ཧྭ། ཤག་ར༷་ཚུརྨྱེ་ཀུ་རུ་ཕཊ། ཤག་ར༷་བ་ཤང་ཀུ་རུ་ཧྲི་ཛ། ཤག་ཧྲི་ཝ་ང་གཟིར་རྦད་ནན། གསད་སྲོག་ཐུན་ཟེར་གནན་པ་དྲག ཞི་རྒྱས་དབང་སྟེ་མི་ཡི་སྔགས། ཐུན་ཟེར་ལས་གཟིར་བཞི་གཉིས་རྫོགས། དྲག་སྔགས་བདུན་པའི་མཐའ་བརྒྱད་བཤད། རྒྱལ་མཚན་མེ་ལོང་གི་རྒྱུད་ལས། དམར་ལེན་སྔགས་ཀྱི་ལེའུ་སྟེ་བརྒྱ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གདུག་པའི་འཁྲུལ་འཁོར་འདི་བཤད་དོ། །གདུག་པ་གནས་པའི་དབེན་གནས་སུ། །ཀླུ་ཆེན་བརྒྱད་ལ་གཏོར་མ་བསྔོ། །ལས་གཉེར་གཏད་ལ་མཚམས་དང་སྦྱར། །རོ་རས་དབག་ཆེན་ཁྲུ་གང་ལ། །གདུག་པའི་ཁྲག་དང་དུག་ཆུས་བསྐུ། །མི་ཁྱུད་ཟུམ་པོ་ལྔ་རུ་བསྐོར། །དབུས་སུ་དྲག་པོའི་གསང་མཛོད་བཞི། །སྦྲུལ་ནག་ཕོ་མོ་ར་བས་བསྐོར། །གཉིས་པ་འཁྲུལ་མིག་དྲག་པོ་བརྒྱད། །གསུམ་པར་བཅུ་དྲུག་དྲག་པོ་གནས། །བཞི་པར་མཚོན་ཆ་རྩིབས་བཅུ་གཉིས། །མཐའ་མ་སྣ་ཚོགས་གདུགས་པའི་གཟུགས། །ཁ་སྦྱར་ཚད་མཉམ་ལེགས་བཅས་ལས། །སྔགས་རྣམས་དགོད་པའི་རིམ་པ་ནི། །གྲུ་གསུམ་བཞི་ལ་མིང་ཡང་གཟུགས། །འཁྲུལ་འཁོར་བརྒྱད་ལ་དྲག་པོའི་སྔགས། །ནང་ས་པ་ར་ནཱ་ག་པུ་ཏ་དགོད། །དྲག་པོའི་འཁྲུལ་མིག་བཅུ་དྲུག་ལ། །ནཱ་ག་དྲི་ཏ་ཡ་ཧྲེ་ད་ཡ་ཕུ་ཏི་མྱགས་མྱོགས་ཁ༷་ཐུན་ར་ལི་དགོད། མཚོན་ཆའི་རྩེ་མོ་བཅུ་གཉིས་ལ། །དགྲ་བོའི་སྲོག་ལ་ཐུན་མྱགས། །རྩ་གཅོད་ཙིསྟ་ཤག་ཡ་མ་ཤིག་རྦད། །ནཱ་ག་ས་སྐྲུར་རྩ་ནན། །སྦྱོར་བ་གཉིས་ཀྱི་སྐྲུ་གྲི་དགོད། །སྦྲུལ་དང་རུས་སྦལ་ཕག་དང་སྟག །བྱ་དང་ཁྱི་སྤྱང་མགོ་བརྙན་ལ། །ལྟ་འཕྱེ་རུས་ཀྱི་རྭ་བར་བྱ། ཁ་སྦྱོར་དུག་དང་ཉ་ཡི་མཁྲིས། །གདུག་པ་སྣ་ཚོགས་ཁྲག་གིས་བྱུག ཁསྦྱོར་དྲིལ་ལ་རུས་སྦལ་ལྟོར། །གནན་པའི་སྦྱོར་བ་ཐོད་ཆེན་བཅའ། །སྔགས་དང་ཉིན་མཚན་ཕྱེ་ལ་བརྡེག བརྒྱད་དང་བཅུ་དྲུག་སྐབས་ཀྱིས་བླང་། །འདོད་པའི་རྩ་སྲོག་སྐྲུ་གྲིས་གཅོད། །ཕྱག་རྒྱ་ཆེན་པོའི་བརྟེན་པ་བསྐྱེད། །འབྲུ་བརྒྱད་དྲིལ་ལ་བཅུ་དྲུག་གཏོར། །ཉིན་མཚན་ཡ་མའི་ལས་བཞིར་སྦྱར། །སྒྲོལ་གྱིང་འཁྲུལ་འཁོར་སྟེང་དུ་བཅའ། །ནཱ་གའི་འཁྲུལ་འཁོར་འོག་ཏུ་བཅའ། །སྤྲུལ་པ་ཁ་སྦྱོར་རྣོ་དཔལམཚོན། །རངརང་ཕྲལ་དང་གཉིས་དྲིལ་བཅའ། །མེ་ཏོག་དྲེལ་ལསསྨྱོ་མཛེ་ཕྲལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་གསང་སྔགས་ཀྱི་སྦྱོར་བ་འདི་བཏོན་ཏོ། །ནང་ས་པ་ར་ན་ནཱ་ག་སུ་ཏ་དགྲ་བོ་སྲོག་ལ་ཐུམ་མྱགས། རྩ་ཆོད་ཙིསྟ་ཤག་ཡ༷་ཤག་ཤིག་རྦད། ནཱ་བ་ཀྲི་ཏ་ཡ་ཧྲི་ད་ཡ་ཕུ་ཏི་མྱགས་མྱོགས་ཁམ་ཐུན་ར་ལི། བརྒྱད་དམ་བཅུ་གཉིས་འཁོར་ལོ་བསྐོར། །རྫོགས་ནས་སྔགས་དྲིལ་གནན་པ་གདགས། །མཚམས་སུ་འདོད་པའི་ཨ་མུ་ཀ། །ཐོད་པ་འཁྲུལ་འཁོར་སྦྱོར་བ་དྲིལ། །ས་སྲོས་གདུག་པ་ཉིད་ལ་གཏད། །ཀླུ་ཆེན་བརྒྱད་ཀྱི་ཕོ་བྲང་གདབ། །ཀླུ་ལ་ལས་བཅོལ་རྒྱ་ཡིས་གནན། །གདུག་པ་ཀླུ་ཡི་སྦྱོར་བར་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་སྒྲོལ་གྱིང་སྲོག་གཅོད་རྒྱལ་པོའི་དྲག་སྔགས་ཀྱི་འཁྲུལ་འཁོར་འདི་བཤད་དོ། །ཤིན་ཏུ་དབེན་པའི་བདེ་གནས་སུ། །སྟེགས་བུ་ཁྲག་དང་དུག་གིས་བྱུག །སྙིང་ན་དྲུག་དང་བཤོས་བུ་རྫས། །བ་ལིང་ཏ་དང་བྱུ་ཛ་བཤམ། ་༑ག་བུ་རྨེ་བ་དང་བཅས་པ། །མུ་ཁྱུད་གསུམ་བསྐོར་ཐིག་བཞི་གདབ། །དབུས་སུ་གྲུ་གསུམ་བརྣག་པ་བྲི། །ཕྱི་རིམ་འཁྲུལ་མིག་བཅུ་དྲུག་དྲག་པོའི་སྔགས། །མཐའ་མའི་འཕྲུལ་མིག་ཉི་ཤུ་རྩ་བརྒྱད་ལ། །དྲག་པོའི་སྐྲུ་གྲོ་རྫོགས་པར་གནས། །དྲག་སྔགས་འཁོར་ལོ་ལུགས་དང་ལུགས་མིན་གཉིས། །བཅས་ལ་དུག་ཆུ་རྟེན་དུ་བྱུག རྒྱལ་པོ་བདུད་མོའི་ལྟོ་བར་བཅའ། ཁ་སྦྱོར་གྲི་ཐོད་སྤྱང་ཐོད་གཞུག །བྱང་ཤར་གྲུ་གསུམ་དོང་དུ་གཞུག །དེ་བཞིན་བརྣག་པའི་ལིང་ག་གཞུག །སྔགས་པ་ཡ་མའི་སྐུར་བསྒོམས་ལ། །གྱིང་རྣམས་རྦད་ཅིང་དྲག་སྔགས་བརྡེག །བཅུ་བཅུ་ཐུན་དབབ་འབྲུབ་ཁུང་བྲབ། །དྲག་སྔགས་རྣལ་མ་བཟློག་དང་དཀྲུག །སྤྲུལ་པ་རྦད་ལ་ཤེས་པ་དགུག །འཁྲུལ་འཁོར་སྔགས་བཟླས་སྒྲོལ་གྱིང་བསྐུལ། །ཕྱག་རྒྱས་དབང་སྡུད་མཚོན་ཆས་བརྡེག །དངོས་དང་བསྲུང་པ་གཉེན་བྱུང་རབ། །འདབ་ཆགས་དུད་འགྲོ་བསད་ན་འབྲིང་། །རྨི་ལམ་སྤྱོད་ཡུལ་འགྱུར་ན་མཐའ། །མངོན་ཁུགས་ཤེས་པ་འབར་དང་ཚིག །མེ་ཆུ་འཁྲུག་ལྷུད་འགྱུར་ལྡེག་འཕར། །སྐྱེ་ཤིང་ནགས་ཚལ་བཅད་ན་མཆོག །དྲོད་ཐོབ་གནན་པའི་སྦྱོར་བ་བྱ། །སྲོག་བདག་སྒྲོལ་གྱིང་ཤན་པ་བསྐོ། །དྲག་སྔགས་སྨོད་པ་གསུམ་དུ་བརྡེག །རྣལ་མ་ཕྱི་ཡི་གཟུགས་ཕུང་ཡུལ་ལ་བརྡེག །མྱོང་ཤིང་རླབས་ནས་ལུས་སྲོག་ཡན་ལག་འཇིག །ཡབ་ཡུམ་འཁོར་བཅས་ཤ་ཁྲག་དྲོད་ལས་རོལ། །འཁོར་ལོའི་ཐོད་པ་རྒྱ་གྲམ་གོང་གསུམ་གནན། །དྲག་སྔགས་རྩ་བ་གོ་བཟློག་སྐྲུ་གྲི་རྣལ། །ནང་དང་ཐུན་གྱིས་ལུས་བྲལ་མགོ་དང་ཙིསྟ་གཤོག་བུ་ག་དགུ་ནས་ཁྲག་འཛག་ཐུང་གིན་མྱོས། བསྒྲལ་ནས་ཤ་རུས་གཟུགས་ཕུང་དུར་ཁྲོད་འཆད་པར་གནན། གསང་བར་ཐབས་དང་ཤེས་རབ་སྦྱོར་བ་ལས། །སྲོག་བདག་རང་གཟིར་གསད་པ་མཆོག་གི་ལས། །དྲག་སྔགས་དཀྲུགས་ལ་རྐང་པ་གཉིས་སུ་བརྡེག སྒྲོལ་གྱིང་རྣམས་ཀྱིས་རྩ་གཅད་ཙིསྟ་འདོན། སྲོག་དང་དབང་པོ་དྭངས་མ་སྟོན་ནས་ཀྱང་། ཁྲེས་པ་བསྡུས་ལ་གདུག་པའི་གཉན་ལ་གཏད། །སྲོག་བདག་ཤན་པ་དྲག་པོའི་སྦྱོར་བར་བཤད།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་དྲག་སྔགས་འདི་བཏོན་ཏོ། །ཨ་ཤུ་རྩ་བ་གྲི་ན་པ་ལ་དྲི་ལིང་དུནདུ་ཁྲི་ཤག་རུ་དྲི། དགྲ་བོའི་སྲོག་ལ་ལི་ཛ་ཁ༷་མྱོགས་རུ་ཤག་རྩ་རྦད་ཐུམ་ལིང་ཁྱེར་སྨྱོ། དྲི་ཁུག་སྲོག་ཧུར་ལོང་རྦད་ཁམ་མུགས་ཡེངས་ཙིསྟ་ཤག་རྦད དྲི་རུ་ཤག་ཁྲམ་དུན་དུན་ལིང་དྲི་ལ་པ་ན་གྲི་ན་པ་ཙ་ཤུ་ཨ། ཨ་ཤུ་གྲི་ན་དྲི་ལི་དུན་དུན་དགྲ་བོའི་སྲོག་ནི་ཛ་ལི་ལི་ཐུན་མུགས་ཁྱེར་སྨྱོ། ཁྲམ་ཤག་པ་ཙ་པ་ལ་འདུ་ཏྲི་དགྲ་བོའི་སྲོག་ཁེ་མྱོགས་ཙིསྟ་ཤག་ནི། ཁུག་རུ་ཁ༷་རྩ་རྦད་སྲོག་ཧུར་ལོངས་ཡེངས་རྦད། ཀླུ་དང་རྒྱལ་པོ་ལྟོ་སྦྱར་ན། མཛེ་རིགས་རྨེ་ལྐུགས་ཡམས་སུ་འབེབས། རྒྱལ་མཚན་མེ་ལོང་གི་རྒྱུད་ལས། དྲག་སྔགས་ལྟོ་སྦྱོར་གྱི་ལེའུ་སྟེ་བརྒྱ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གསང་སྔགས་ཐམས་ཅད་འབྱུང་བའི་སྦྱོར་བ་འདི་པྱེ་སྟེ་རྒྱས་པར་བཤད་དོ། ཕཊ་ར༷་ཧེ་ར༷་ཛ་ལ་ར༷་ཁ༷་རག་ཤ་ར༷། ཨེ་ཡ༷་ར༷་རྭ་ལ༷་སུ༷་ཀེང་བྱུ༷། ཨོ་ཨུ༷༷་ཧཱུཾ༷། ཡ་མ་ཧཱུཾ༷། ཨོ་ཨ་ཀྲོ་ཏེ་ཀ་ཡ་མྱན་ཏ་ཀ་ཧཱུཾ༷་ཕཊ། ཨོ་ཨ༷༷ཧཱུཾ༷། ཨོ་པེ་ཏ་ལི་རག་ཤ་ཡག་ཤ་ཧཱུཾ༷། དྲིག་དྲིག་སེར་སེར་ཁུ་ལུ་མུ་ལུ་ཧཱུཾ༷་ཕཊ། ཨོ་ཨུ༷༷༷ཧཱུཾ༷། ཀྭ་ཡ་ལྷུ་ཀ་བཛྲ་ཙིཏི་ཧཱུཾ༷། བུད་དྷ་ཀུ་ལན། བཛྲ་ཀུ་ལན། ་་ཀུ་ལན།པདྨ་ཀུ་ལམ། ཀརྨ་ཀུ་ལན། ཧཱུཾ༷་ཧ་ཧ་ཧེ་ཧེ་ཧོ། ཧཱུཾ༷་པ་ས་མ་ཡ་ཧོ། ས་མ་ཡ་སྟ༷། ར་ཧ་ཧོ་ཧ༷། ར་ག་ཡ་མི། ཡ་མ་ར་ནཱ་ཡ། ཡ་མེ་ཏོ་ཡ། ར་ཡ་ཙ་ནི་ཡ་སྒེ་ཙ་ཡ། ཧྲི་གུ་རུ་ཛ་ལ་ནི་ཧཱུཾ༷་ཕཊ། ཡ་མ་རག་ཤ་ཡ་ཧཱུཾ༷་ཕཊ། ཨེ་ཧྲི་སྟི་ཡ་ཧཱུཾ༷་ཕཊ། དེ་པ་ཧྲི་ཤ་ཡ་ཧཱུཾ༷་ཕཊ། ད་ར་ཡ་མ་ཧཱུཾ༷་ཕཊ། ཨུརུ་རག་ཤ་ཡ་ཧཱུཾ༷་ཕཊ། ཧྲི་ཀ་ཏ་ཡ་ཧཱུཾ༷་ཕཊ། ཨ་མི་པརྩི་ཡ་ཧཱུཾ༷་ཕཊ། ཧྲི་སྟི་སྟ་མ་ཡ་ཧཱུཾ༷་ཕཊ། ཧྲི་པ་མ་མ་ཧྭ་ཡ་ཧཱུཾ༷་ཕཊ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་སྤྱན་དྲང་བ་དང་། མཆོད་པ་དང་། བསྙེན་པའི་གསང་སྔགས་རྣམས་ཕྱེ་སྟེ་སྟོན་ཏོ། ཧྲི་སྟིས་ས་མ་ཡ་ཧཱུཾ༷་ཛ་ཛ། ཨོ་ཕྲི་མཉུ་ཨ་ཀྲོ་ཏེ་ཀ་ཡ་བཱརྙ་ཀ་ཡ་མ་ར་ཙ་མ་མ་ཨེ་ཀ་ཛ་ཞི་དེ་བྲི་ཀྲོ་དྷི་ཤྭ་ར་ཡ་ག་ཤ་ཛ་ཛ། ས་མ་ཡ་སྟུ༷། རུ་ལུ་རུ་ལུ་ཧཱུཾ༷་སྨྱོ་ཧཱུཾ༷་ཛ་ཛ། ཨ་ཏི་པུ་ཧོ། པྲ་ཏི་པུ་ཧོ། ས་མ་ཡ་སྟུ༷། ཨེ་ཀ་ཛ་ཞི་ཡ་མན་ཏ་ཀ་སྟི་ས་ར་སྟི་ས་ར་གྲྭ་ཧྭ། ཨེ་ཀ་ཛ་ཞི་ཡ་མརྙ་ཀ་རསྒ་ས་མ་ཡ་གྲྭ་ཧྭ། ཨེ་ཀ་ཛ་ཞི་དྷ་བ་པྲིད་ཡ་ཡ་སྲུ་ཧྭ། ཏི་བྱ་སྲེག་མ་ལ་ད་རེ་ཡེ་པུཛི་གྲྭ་ཧྭ། ཏི་བྱ་ཤ་ཏ་ཤད་དད་དི་པེ་གྲྭ་ཧྭ ་རག་ཙི་ཏི་ཤ་དད་གྲ་ཧ་གརྙེ་སྲུ་ཧྭ། སརྦ་ཨ་མི་བྱ་བ་ད་རི་ཡེ་གྲྭ་ཧྭ། སརྦ་པརྩི་ཨ་མྲི་ཏ་པྲ་ཏི་ཛ་ཁུ་ཧི། མུ་དྲ་ཙྭ་ན་པུ་ཛ་ས་མ་ཡི་གྲྭ་ཧྭ། མ་ས་རཀྟ་ཙིཀྟ་སན་ཙ་པ་རི་ཡེ་སྲུ་ཧྭ། སྣུ་ཧ་རཀྟ། གུ་རྒྱ་བོ་དྷི་ཙིསྟ་བྱུ་ཛ་གྲྭ་ཧྭ། མ་ཧྭ་བ་ལིཏ་ཁུ་ཧི། ཤི་མཉུ་ཡ་མྱརྙ་ཀ་ཧྲི་སྟི་ཀ་ལ་རུ་བ་ཀྭ་ཡ་ཨ་ལ་ལ་ཧོ། ཤ་ར་ལ༷་ག་ཙ་མེ། ཨེ་ས་ཧཱུཾ༷། པེ་ས་ཧཱུཾ༷། ཤི་སརྦ་རྭ་པ་ཀྭ་ཡ་ཧཱུཾ༷། ཤི་སརྦ་པ་ཏི་ཨ་ར་ལི་ཧཱུཾ༷། ཤི་སརྦ་དུ་བ་དུ་ཧཱུཾ༷། ཤི་སརྦ་བྷ་ལིང་ཏ་ཧཱུཾ༷། ཤི་སརྦ་པི་ཏེ། ཡ་ན་ཧཱུཾ༷། ཨོ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ༷་ཛ་ཛ། ཨོ་ཨ་ཀྲོ་ཏེ་ཀ་ཡ་མྱན་ཏ་ཀ་ཀྭ་ལ་རྭ་པ་ནི། ཤ་ཀུ་རུ་ནི་ནི་ནི་ཤ་ཀུ་རུ་ནི། ཧཱུཾ༷་ཛ་ཛ། ཡི་ཧྲི་སྒྱི་བི་ཀྲི་ཏ་ན་ན་ཧཱུཾ༷་ཛ་ཛ་པེ་ཏ་ལི་རག་ཤ །ཨོ་ཡ་མ་མེ་ཏ་སྒེ་ར་ཙ་ས་ཏོ་རུ་ན་ཡོ་ནི་ར་ཡ་ཙ་ནི་ཧཱུཾ༷་ཛ་ཛ། ཨོ་ཡ་མེ་ཏ་སྒེ་ཧཱུཾ༷་ཛ་ཛ། ཨོ་ཡ་མ་རག་མོ་མ་མ་རག་མོ་སྙིང་ཁ་རག་དུ༷་ཤ༷་སྙིང་རོ་ཐུ༷་ར༷་ཡ་མ་སྨྱོ་ཧཱུཾ༷་ཛ་ཛ། ཨོ་མ་མ་ཨེ་ཀ་ཛ་གི་སྒག་རག་ཤ་ལི་རག་ཤ་མརྙ་ཛ་ཛ། རག་མོ་ཏ་ཀུ༷་མ་མ་དུན་དུ་ཤ༷་དེ་མ་སྨྱོ་ཛ། ཁ་རག་ཧྲིང་གྲི་དེ་མ་སྨྱོ་ཛ་ཛ། ཨོ་ཡ་དུ་དྲི་མུན་སེན་དུན་ཧེ་ཙ་ཧཱུཾ༷་ཛ་ཛ། ཀྭ་ཡ་བཛྲ་ལྷུ་ཀ་ཙིཏི་ས་མ་ཡ་ཧཱུཾ༷་ཛ་ཛ། ཡ་མ་སྙིང་ཤ་ཤ་ཛ་ཛ་དུན་སྨྱོ། ཡ་མ་སྙིང་རུ་བ་ཤ། ཡ་མ་ཨུ་ཀཁོ་ཡ་ཧཱུཾ༷་ཛ་ཛ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་སྔགས་དུ་མ་ཕྱེ་སྟེ་བཏོན་ཏོ། ཡ་མ་རྭ་ཛ་ས་ཏོ་མེ་མ་ར་ཙ་ས་ཏོ་མེ་ཡ་ཡ་མ། ར་ཙ་ས་ཏོ་མེ་ཙ་ས་ཏོ་མེ་ཡ་མ་ར། ས་ཏོ་མེ་ཡ་མ་རྭ་ཙ། ཏོ་མེ་ཡ་མ་རྭ་ཙ་ས། མེ་ཡ་མ་རྭ་ཙ་ས་ཏོ། ཡ་མེ་ཏོ་རུ་ན་ཡོ་ཏ། མེ་ཏོ་རུ་ན་ན་ཡོ་ཏ་ཡ། ཏོ་རུ་ན་ཡོ་ཏ་ཡ་མེ། རུ་ན་ཡོ་ཏ་ཡ་མ་མེ་ཏོ། ན་ཡོ་ཡ་ཡ་མེ་ཏོ་སྲ ས་ནཱ་ག་སྙིང་གཟིར་རྩ་ལ་རྦད། ས་ནག་སྙིང་གཟེར་ཨུ་ནན་རྦད། ས་ནཱ་ག་སྙིང་གཟེར་ཨེ་ནན་རྦད། ས་ནཱ་ག་སྙིང་གཟེར་སྲོག་ལ་དུན་དུན་ཤག་རྦད། ས་ནཱ་ག་སྙིང་གཟེར་ཙིསྟ་རུ་ཐུམས་རྦད། རིགས་བཞི་རྒྱུད་ལ་ཞན་པ་དང་། །བ་སོ་ཁ་འཁོར་གདུག་པ་ཀུན། །བསྐམ་ཆགས་དབང་གིས་དུག་ཞུས་པ། །དྲག་པོ་སྔགས་ཀྱི་དུག་འབྱིན་འཇོམས། །གདུག་པ་ཐམས་ཅད་འཇོམས་པ་ཡིས། །ཡང་གསང་འཁྲུལ་གྱི་འཁོར་ལོར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གདུག་པ་འདུལ་བའི་ཕྱིར་སྙིང་གཟེར་དགུའི་སྦྱོར་བ་འདི་བཤད་དོ། །སྙིང་པོ་འཕྲུལ་གྱི་མན་ངག་བཅུད། །གསང་ཆེན་རྩ་བ་དྲིལ་པའི་ལས། །དྲག་པོ་མངོན་ཕྱུར་སྦྱོར་བའི་མཆོག སྙིང་གཟེར་གདུག་པས་ཐམས་ཅད་འཇོམས། ཁེ་ཕྲད་སྔགས་ཀྱི་འཁོར་ལོ་ཡིས། །བདག་སྐྱོབ་གཞན་བསྲུངས་གདུག་པ་འཇོམས། །མ་མོ་བདུད་མོ་རྒྱལ་པོ་བཙན། །ཀླུ་གཉན་ས་བདག་ཐེ་རང་ཏྲི། །མ་ལུས་འཇོམས་བྱེད་དགོད་ཀྱི་སྔགས། །སྟི་ལའི་ཁེང་འདུལ་ཁོང་དྲེགས་ཅན། །འབར་བ་ནག་པོ་ཨེ་མའི་ཀློང་། །ཡང་གསང་མཆོག་གི་སྦྱོར་བར་བཤད། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །དུར་ཁྲོད་ཞིང་རས་རོ་རས་ལ། །མུ་ཁྱུད་དང་ལྡན་རུས་སྦལ་ལྟོར། །དུག་ཁྲག་སྣག་ཚར་སྦྱར་ལ་བྲི། །དབུས་སུ་གྲུ་གསུམ་ཟླ་ཁམ་གསུམ། །ཕྱི་རོལ་འཁྲུལ་མིག་ཐོད་པར་བཞི། །དེ་འོག་ལྕགས་མཁར་བར་རིམ་བརྒྱད། །ཡང་ལོགས་གནས་པའི་རྩ་སྦུབས་དགུ། །ཕྱི་རིམ་རྩིབས་ཆེན་བཅུ་དྲུག་འོབས། །སྲིད་པ་རུས་སྦལ་ལྟོ་བ་སྲ །དྲག་པོ་སྔགས་ཀྱི་འཁྲུལ་འཁོར་བཅའ། །དེ་ལ་དགོད་པའི་གནས་པ་ནི། །དབུས་ན་གདུག་པའི་སྙིང་པོ་མིང་། །ཟླ་ཁམ་མ་མོ་རྒྱལ་པོ་བཙན། །ཐེ་བྲང་གཤིན་ངོག་སྙིང་པོ་མིང་། །ཞབྲུལ་མིག་བཞི་ལ་གནས་པ་ནི། །འདྲེན་པ་སྟོབས་ཀྱིས་འབྲུ་བཞུ་དགོད། །ཕྱི་རིམ་ལྕགས་མཁར་བརྒྱད་པོ་ལ། །དྲེགས་པ་སྟོབས་ཀྱི་འབྲུ་བརྒྱད་དགོད། །ཡང་ལོགས་རྩ་སྐྲུབས་དགུ་པོ་ལ། །སྙིང་པོ་གསུམ་མཐར་སྦུ་གྲི་དགུ། །འབྲུ་རྣམས་རྫོགས་པའི་ཚུལ་དུ་དགོད། །ཕྱི་རིམ་མཚོན་ཆ་བཅུ་དྲུག་ལ། །ཤི་ཕྲད་ཀུན་འཇོམས་སྙིང་པོ་དགོད། །གཉིས་བཅས་དུག་ཁྲག་ཚ་བ་བསྐུ། ཁ་སྦྱར་སྔོ་དམར་མཐིང་ནག་གྲིལ། །ཞབྲུལ་མིག་མཚོན་ཆ་མེ་དབལ་སྔགས། ཟློས་ཤིང་འབྱིན་པས་ཤུགས་ཀྱི་མཆོག །གཅོད་ཅིང་འབིགས་པས་སྤུ་གྲིའི་མཚོན། །སྲེག་ཅིང་གཡེང་བས་མེ་ཆུ་རླུང་། །སྡུད་ཅིང་འཆང་བས་སྐྱོ་བའི་མཁར། །གཟིར་ཞིང་གནོན་པས་ཐོག་སེར་ས། །རྩ་བར་བཅས་པའི་མཚོན་ལོ་མ། །བདག་སྐྱོབ་གཞན་བསྲུངས་གོ་ཆའི་མཆོག །ལས་དང་སྦྱོར་བ་གཅོད་པའི་མཚོན། །འབར་བ་ནག་པོ་ཞེ་སྡང་མཆོག །སྔགས་ཀྱི་རྒྱལ་པོ་དུག་ངར་བཅས། །འབར་བ་དུག་གི་དུ་མ་བུར་སྡུད། །བདུད་ནག་རག་ཤ་ཡ་མའི་ཀློང་། །དེ་ཡི་ཕོ་བྲང་ཐོད་པའི་གནས། །ངུར་མའི་ཕྱི་རུ་རུས་སྦལ་གཟུགས། །མཆོད་རྟེན་རིནཆེནམཚོནཆའིསྐྲུ། །ཚངས་པའི་བུ་ག་རྒྱ་གྲམ་ཨེ། །ཞབྲུལ་འཁོར་དང་བཅས་རེ་བས་གྲིལ། །ཧོམ་ཁུང་དང་བཅས་སྟོང་སྟོང་བཟླས། །གསལ་བ་ཁྱད་པར་སྟོབས་ཀྱི་ལྷ། །རྫས་དང་ལྟ་སྦྱོར་བ་སྡེབ། །བདུན་པ་མཆོག་དང་ཡིན་པ་བརྟག ཉ་སྟོང་སྦྱོར་བ་དྲག་པོ་བརྩམ། །ཐུན་མོང་བསྲུང་བའི་སྦྱོར་བ་བརྒྱད། །མངོན་ཞུགས་སྦྱོར་བ་དྲག་པོ་ཉིད། །དྲག་པོ་ཐོག་ཆེན་སྙིང་གཟེར་མཆོག །གསེར་གྱི་དགུ་ཐོག་གནམ་ལྕགས་སྦ། །རི་རྒྱལ་ལྕ་བ་ཆེན་སྐྲུ་གྲིའི་མེ། །ཡང་གསང་མཆོག་གི་སྦྱོར་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་སྙིང་གཟེར་དགུའི་སྐྲུ་གྲི་བཏོན་ཏོ། །ས་ནཱ་ག་མ་ཏྲག་སྙིང་གཟེར་རྦད། ས་ནཱ་ག་དུ་མེ་སྙིང་གཟེར་རྦད། ས་ནཱ་ག་ཙ་ཏྲི་སྙིང་གཟེར་རྦད། ས་ནཱ་ག་སྒ་ཏྲི་སྙིང་གཟེར་ཐུམ་ཙིཏི་བྲེང་ཤག་རྦད། སྙིང་གཟེར་སྐྲུར་ནན་རྦད། དྲགཟེར་རྦད། ས་ནཱ་ག་དུག་ཕྱུང་སྙིང་གཟེར་བོད། ས་ནཱ་ག་ཁམ་ཤག་སྙིག་གཟེར་རྦད། ས་ནཱ་ག་སྣིང་གཟེར་སྲོག་ཏིག་རྦས། ས་ནཱ་ག་སྙིང་གཟེར་ཐུ༷་རིལ་རྦད། ས་ནཱ་ག་སྙིང་གཟེར་སྦུར་ནན་རྦད། སརྦ་ཨུ་ནན་ཁམ་ཤག་ག་པོ་མེད་དབལ་གཅོད་པའི་མཚོན། གདུག་པའི་ཙིསྟ་ཡོ་ཏ་ཡ་མེ་ཏོ་རུ་ན་ཏ་ཡ་མེ་ཏོ་རུ་ན་ཡོ། ཡ་ཏ་ཡོ་ནི་ར་ཡ་སྒེ། ཏ་ཡོ་ནི་ར་ཡ་སྒེ་ཡ། ཡོ་ནི་ར་ཡ་སྒེ་ཡ་ཏ། ནི་ར་ཡལྒེ་ཡ་ཏ་ཡོ། ར་ཡ་སྒེ་ཡ་ཏ་ཡོ་ནི། ཡ་སྒེ་ཡ་ཏ་ཡོ་ན་རེ། སྒེ་ཡ་ཏ་ཡོ་ནི་ར་ཡ། ཡསྒེ་ཡ་ཙ་ནི། ར་མ་ཡ། ཡ་ཙ་ནི་ར་མ་ཡ་སྒེ། ཙ་ནི་ར་མ་ལ་སྒེ་ཡ། ནི་ར་མ་ཡ་སྒེ་ཡ་ཙ། ར་མ་ཡ་སྒེ་ཡ་ཙ་ནི། མ་ཡ་སྒེ་ཡ་ཙ་ན་ར། ཡ་མ་མེ་ཏ་སྒེ་རྭ་ཙ་ས་ཏོ་རུ་ན་ར་ཡ་ཙ་ནི། ཡ་མ་མེ་ཏ་སྒེ། ཡ་མེ་ཏ་སྒེ་མ། ཡ་ཏ་སྒེ་མ་མེ། ཡ་སྒེ་མ་མེ་ཏ། ཡ་མོ་མེ་ཏ་སྒེ་ར་ཙ་ས་ཏོ་རུ་ན་ཡོ་ནི་ར་ཡ་ཙ་ནི། ཡ་མེ་ཏ་སྒེ་མ་ཏོ་རུ་ན་ཡོ་ནི་ར་ཡ་ཙ་ན་རི་ཡ་ཙ་ནི་ར་ས། ཡ་ཏ་ཁྱེ་མ་མེ་ཡོ་ནི་ར་ཡ་ཙ་ནི་ར་ཙ་ས་ཏོ་རུ་ན། ཡ་སྒེ་མ་མེ་ཏ་ཡ་ཙ་ནི་ར་ཙ་ས་ཏོ་རུ་ན་ཡོ་ནི་ར། ཡ་མ་ཏ་སྒེ་མེ། ཏོ་ཡ་ཡོ་ཏ་ནི་ཙ་ས་རུ་ན་ནི་ར་ཙ། ཡ་མེ་སྒེ་མ་ཏ། ར་ཡོ་ཡ་ཏོ། ཙ་རུ་ནི་ས་ཙ་ན་ནི་མ། ཡ་ཏ་མ་མེ་སྒེ་ཏོ་ཡ་ར་ཡོ་ནི་ས་ར་སྲ ཙ་ན་ནི་ལ། ཡ་སྒེ་མེ་ཏ་མ་ཡོ་ར་ཏོ་ཡ་ས་ར་ཙ་ན་རུ་ན་ཙ་ཡ། ར་ཙ་ས་ཏོ་མེ་ཡ། ཏོ་རུ་ན་ཡོ་ཏ་ཡ། ཡོ་ནི་ར་ཡ་སྒེ་ཡ། ཡ་ཙ་ནི་མ་ཡ། ཙ་ས་ཏོ་མེ་ཡ། རུ་ན་ཡོ་ཏ་ཡ། ནི་ར་ཡ་སྒེ་ཡ། ཙ་ནི་ར་མ་ཡ། ར་མ་ཡ། ཏོ་མེ་ཡ། ཡོ་ཏ་ཡ། ཡ་ལྒེ་ཡ། ཡ་མ་ཡ་ར ཙ་མ་ལ་ཙ ཡ་མ་ར་ཡ མ་ཡ་ར་མ། ཡ་ར་ནི་ཛ་སྒེ་ཡ་ར་ནི་ཙ་ཡོ་ན་རུ་མེ་ཏོ་ས་ཙ་ཡ། རུ་ཏྲ་ཕྲོ༷་དུང་ཕྲོ༷་ཤུད་ཏི་ཕྲོ༷་དཀར་ཕྲོ༷་ཡ་མ་ཕྲོ༷་ཡ། མ་ཧུར་ཤར་ཤར་ཕོབ། ཡ་མ་མེ་ཏ་སྒེ་ཙ་ནི་ལ། ཡ་ཙེ་ཏི་ཧི་ཧཱུཾ༷་ཀ ཡ་མ་མེ་ཏ་སྒེ མ་ར་ཙ་ཡ། ཡ་ཏ་སྒེ་མ་མེ་རུ་ན་ཡ། ཡ་སྒེ་མ་མེ་ཏ་ནི་ར་ཡ། ཡ་སྒེ་ཡ་ཙ་ནི་ར་ཙ་ས་ཏོ་མེ་ཡ། ཡ་མེ་ཏོ་ར་ན་ཡོ་ན་ར་ཡ་སྒེ་ཡ། ཡ་མ་ར་ཙ་ས་ཏོ་རུ་ན་ཡོ་ནི་ཡ། ཡ་ཏ་ཡོ་ནི་ར་ཡ་ཙ་ནི་ར་མ་ཡ། དེ་ནས་བཅོམ་ལྡན་འདས་ཀྱིས་གཤེད་བཞིའི་སྦྱོར་བའི་སྔགས་འདི་བཏོན་ཏོ། ཡ་མ་མེ་ཏ་སྒེ་སྲོག་ལ་ཡ་དུན་སྨྱོ། ཡ་མ་མེ་ཏ་སྒེ། ཡ་མེ་ཏ་སྒེ་མ། ཡ་ཏ་སྒེ་མ་མེ། ཡ་སྒེ་མ་མེ་ཏ། ཡ་མ་སྒེ་ཏ་མེ། ཡ་སྒེ་ཏ་མེ་མ། ཡ་ཏ་སྒེ་མ་མེ། ཡ་མེ་མ་སྒེ་ཏ། མ་མེ་ཏ་སྒེ་མ། མེ་ཏ་སྒེ་མ་ཡ། ཏ་སྒེ་མ་མེ་ཡ། སྒེ་མ་མེ་ཏ་ཡ། སྒེ་ཏ་མེ་མ་ཡ། ཏ་མེ་མ་སྒེ་ཡ། མེ་ཏ་སྒེ་མ་ཡ། མ་སྒེ་ཏ་མེ་ཡ། ཡ་མ་མེ་ལ། ཡ་མེ་ཏ་ཡ། ཡ་ཏ་སྒེ་ལ། ཡ་སྒེ་མ་ཡ། ཡ་མ་ཏ། མེ་ཡ་སྒེ། ཏ་ཡ་མ། སྒེ་མ་མེ། ཡ་ཏ་སྒེ་མེ་མ། ཡ་ཏ་མ་མེ་སྒེ། ཡ་མེ་སྒེ་མ་ཏ། ཡ་སྒེ་མེ་མ་ཏ། ཡ་སྒེ་མ་མེ་ཏ། ཡ་ཏ་མེ་མ་སྒེ། ཡ་མེ་མ་སྒེ་ཏ། ཡ་མ་སྒེ་ཏ་མེ། ཡ་མ་མེ་ལ། མེ་ཡ་ཏ་ཡ། ཏ་ཡ་སྒེ་ཡ། སྒེ་མ་ཡ། མ་མེ་ཏ་སྒེ་ཡ། མེ་ཏ་སྒེ་མ་ཡ། ཏ་སྒེ་མ་མེ་ཡ། སྒེ་མ་མེ་ཏ་ཡ། ཡ་མ་ཏ་ཡ།མེ་ཡ་སྒེ་ཡ། ཏ་ཡ་མ་ཡ། སྒེ་ཡ་མེ་ཡ། ཡ་མ་མེ་ཡ་མ། ཡ་མེ་ཏ་སྒ་ཡ་མ། ཡ་ཏ་སྒེ་ཡ་ཏ། ཡ་སྒེ་མ་ཡ་སྒེ། ཡ་སྒེ་མེ་མ་ཏ། ཡ་མ་ས་མ་ཡ། ཧཱུཾ༷་གཟིར་ནན། ཡ་མ་ཕཊ། ཡ་མེ་ཕཊ། ཡ་ཏ་ཕཊ། ཡ་སྒེ་ཕཊ། སྒེ་༷ཡ་ཧཱུཾ༷་ཛ།མ་ཡ་ཧཱུཾ༷་ཛ། ཏ་ཡ་ཧཱུཾ༷་ཛ། མེ་ཡ་ཧཱུཾ༷་ཛ། ཡ་ཙ་ཡ་རྦད་ཡ་མ་ཡ་རྦད། ཡ་ར་ཡ་རྦད། ཡ་ན་ཡ་རྦད། ཡ་ནི་ཡ་ཨ་མུ་ཀ༷་ཡ་རྦད་ཡ། ཡ་མ་ས་ན་ག་ཙ་རྦད། སྦུར་ནན། ཨེ་དུན་ཡ་མ་ནཱ་ག་སྙིང་གཟེར། ན་ག་དུན་ཏི༷་ཕྲོ། ཤར་ཤར་དྲག་ཏུ་ཕོབ། དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་པོའི་སྔགས་ཀྱི་རྩ་བ་འདི་ཉིད་སྐུ་གསུང་ཐུགས་ལས་འཐོན་ཏོ། ཨེ་ཀ་ཡ་མ་ཧེ་ཀ་གྲི་མ་ཧེ་ཀ༷་ཙ་དུར་ཧེ་ཐར་ཀ་སྙིང་བི་སྨ་བུ་ཏ་ཛ་ར༷་ཛ་ཁ༷་ཀྟ་དྷ་རང་ར་ག་ས༷་པྲ་མ་ཁྲག་སམ་སྟེ་ཏ་ཀུས་སྨ་ཏལ་ཡམ་ཧྲི་སང་ཐི་བ་དུན། རག་ཤ་ཐུམ། སག་རུ་ཙ་ཀྲིང་ཧབ་ཏང་རྨུགས་དྲི་ལི་ནཱ་ག་རྦད། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་སྔགས་ཀྱི་སྐྲུ་གྲོ་་འདི་བཏོན་ཏོ། ཧྲི་ཏི་པྲ་མ་ཡ། ཧྲི་ཏི་མུར་ཙ་ཡ། ཧྲི་ཏི་རག་ཏ་ཙ་ར་ཡ། ཧྲི་སྟི་མ་ར་ཡ། ཨ་མུ་ཀ༷། ནི་ཤ་ཀུ་རུ་ནི་རྦད་ཡ། ཀ་པ་ཡེ་སྟམ་བྷ་ཡ་ནན། ཡ་མ་དེ་མ་སྨྱོ་རུ་ལུ་རྦད་ཡ། ཧྲི་སྟི་ཡ་དུ་ནི། བཛྲ་ཏེ་ཛ་སྲོག་ལ་ཐུན་རྦད། ཧྲི་སྟི་ཀྲི་ཏ་སྟུ་ཏ་སྲོག་ལ་ཐུན་རྦད། ཧྲི་སྟི་ཀ་ལ་བཛྲ་ད་ན་གཟེར་ཐུན་རྦད། ཧྲིད་སྟི་རད་ན་གསྙེ་སྲོག་ལ་འདི་ཐུན་རྦད། ཧྲི་སྟི་པད་མ་ཏ་ཀྲི་ཏ་ཏྲི་མྱགས་ཐུམ་རྦད། ཧྲི་སྟི་ཀརྨ་རག་ཤ་སྲོག་ལ་ཐུན་རྦད། ཧྲི་སྟི་ར་ག་བཛྲ་དུན་རི་ཙིསྟ་རྦད།ཧྲེ་སྟི་ཡ་མ་སྲོག་ལིང་ཐུ༷་རྩ་བྲེང་ཐུན་རྦད། ཧྲི་སྟི་གྲི་ན་བཛྲཙ་ཀྲ་ར་སྲོག་ཡ༷་ཐུན་རྦད། ཧྲི་སྟི་ཏེ་ཙ་བཛྲ་ཨུ་ནན་ཧྲི་མུ་ར་ཡ་ཐུམས་རྦད། དེ་ནས་བཅོམ་ལྡན་འདས་ཀྱིས་དྲེགས་པ་ཐམས་ཅད་ལས་ལ་རྦད་པའི་སྔགས་འདི་བཏོན་ཏོ། ཐྲི་མསྐྲུ་ཡ་མྱན་ཏ་ཀ་ཀ་ལི༷་སྨྱོ། བེ་ཏ་ལི་རག་མོ་སྙིང་ལ་དུན་ཏི་སྨྱོ། མ་མ་ཨེ་ཀ་ཛ་ཏི་རག་ཤ་སྲོག་ལ་དུན་ཏང་སྨྱོ། ཨེ་ཀ་ཧེ་དུན་དུན་ཡ་མ་ཙ་སྲོག་སྙིང་ལ་དུན་ཏི་སྨྱོ། ཡ་མ་ར་ཟ་ཧྲི་ཀྲི་ཏ་སོག་ལ་དུན་ཏི་སྨྱོ།ཡརུ་རག་ཤ་མོན་ཏ་རུ་ཐུམས་ཙིརྟི་དུན་ཏི་སྨྱོ། ཡ་མ་ཧྲི་སྟི་ཀྲི་ཏ་མོན་ཏ་ཡ་ག་ཤ་རག་མོ་སྲོག་ལ་དུན་ཏི་སྨྱོ། ཡ་མ་དྷི་ན་ཡ་མོན་ཏ་སྙིང་ཀ་རག་མ་རྩལ་དུན་ཏི་སྨྱོ། ཡ་མ་རག་ཤ་ཧྲི་ཕྲི་བ༷་མོན་ཏ་རག་མོ་སྙིང་རྩ་ཡ་མ་དུན་ཏི་སྨྱོ། ཡ་མ་ཀྲི་ཏ་ཡ་བ༷་མོན་ཏ་ཁྲག་ལ་མུ་ཤ་མ་དུན་ཏི་སྨྱོ། ཡ་རུ་ཐུམ་ཙིསྟ་མུན་ཡག་མོ་རག་མོ་སྲོག་ལ་དུན་ཏི་སྨྱོ། ཡ་མ་ཧྲི་ཀྲིན་ཏ། རག་ཤམ་ཧི་བྲག་ལ་མུ་ཤ་དུན་ཏི་སྨྱོ། ཡ་མ་ར་ལི་ཀྲོ་དྷ་མུན་མ་མ་ཧེད་ཧེད་དགྲ་བོའི་སྲོག་ལ་དུན་ཏི་སྨྱོ། ཡ་མ་ར་དུན་ཛ་བ༷་ཀ་ལི་མུན་རག་མོ་ཁ་ལོ་རྩ་ལ་དུནཏ༷་སྨྱོ། ཡ་མ་ཀརྨ་ཤ་ཧྲུ༷རྩ་ཐུན་མུན་མ་མ་རྩ་ལ་ཐང་ཐང་དིན་ཏི་སྤྱོ། ཡ་མ་ཁ་ལ་ཧྲི་མྱགས་མུན་རག་མོ་རུ་ཏ་རྩལ་དུན་ཏི་སྨྱོ། ཡ་མ་རུ་བ་ཐང་ཐང་མུན་མ་མ་ཧ་བ་ཤ༷་སྲོག་ལ་དུན་ཏི་སྨྱོ། ཡམ་ཤ་བ༷་ཧྲི་སྟི་མུན་རག་མི་སྙིང་རྩ་དུན་ཏི་སྨྱོ། ཡ་མ་སྟིས་མ་རྩ་མྱོགས་མུན་རག་མོ་ཙིཀྟ་བྲེང་བྲེང་དུན་ཏི་སྨྱོ། ཡ་མ་ཁྲག་ལ་རྨུགས་ཙིཀྟ་མུན་རག་མོ་རག་མོ་ཨ་པ་ད་ར་སྲོག་ལ་དུན་ཏི་སྨྱོ། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་མཆོག་གི་ཐུན་སྔགས་འདི་བཏོན་ཏོ། །ཡ་མྱན་ཏ་ཀ་ཧྲི་ཏི་ཀ་ལ་རྭ་པ་ཡ་མ་ར་ཙ་ཧྲི་ཧྲིང་ཐུ༷་རིལ་རྩ་རྦད། སྲོག་ལིང་ཐུན་སྨྱོ། བཛྲ་ཀྲོ་དྷ་ཡ་མན་ཏ་ཀྲིད་ཧྲི་སྟི་ཀྭ་ཡ་དུ་པ་ཡ་ཤ༷་སྲོག་ནན་ཁྱེར་སྨྱོ། རྩ་ཆོད་མྱགས་མྱོགས་སྲོག་ལ་དུན་རྦད། ཡ་མ་ར་ཙ་མོན་ཏནགམོ་ཨ་པ་ཡེ། ཀ་པ་ཡེ་དུ་རུ་ཡེ་བྱ་ཙ་ཡེ་མུ་ཀ་ཡེ་སྲོག་ལ་དུན་མུགས་རྩལ་མྱོགས་རྦད། ཧྲི་སྟི་ཡ་མནཏ་ཀ་ཙིསྟ་བྲེངཤམ་ཀྭ་ཡ་ལ་རྭ་པ་ཨ་ནེ་ཨ་ནེ་ཨུ་ནེ་ཨུ་ནེ། དུ་ནེ་དུ་ནེ་ཡ་ནེ་མ་ཤ་སྲོག་ལ་ཐུ༷་རིལ་རྦད། ཧྲི་ཧུར་སྟི་ཡ༷་སྟི་ཀྲ༷་ཡ་ནན་ཀླད་པ་ལ་ཧ་རེ་ཧ་རེ་མུ་ཕུབ་ཡམ་ཤིག་བྱ་ཙ་ཡེ་དུརུ་ཡེ་མུཤ་སྲོག་ཤགཤག་ཐུན་རྦད། ཡ་མ་ར་ཙ་ཤ༷་ཏོ་ན་རིན་བ༷་རུ་ཏོ་ཡོ་མེ་ཁ་ས་སྒེ་པ་ཙ་ཁས་སྲོག་ལ་ལིང་ཐུ༷་ཙ་ལ་ཐུ༷་རྦད། རག་མོ་རུ་ཐུ༷་ཀརག་ཐྲི་དེ་མ་སྦྱོ། ཡ༷་ཡ༷་ཐུ༷་ཐུ༷་ཙིསྟ་ཐུ༷་མྱགས་རྩ་རྦད། རག་མོ་རྩ་རྩ་ར༷་ཐུན་སྙིང་རོ་ཤ༷་དུ༷་མྱགས་ཙིསྟ་ཕྲིག་ཕྲིག་སྲོག་ལ་ཐུན་རྦད། དུན་ཤ༷་སྙིང་ཀ་རག་མ་རུ་ལུ་རུ་ལུ་རིག་མོ་ཏེ་ཙ་ཁྲག་ལ་མུ་ཤ་མ་སྲོག་ཐུན་རྦད། བཛྲ་སྙིང་ཁ་ལ་ཡེད་ཡེད་བྲ་མ་ཁྲག་ཏིང་ཏིང་ཧུར་ཧུར་ལོང་བམ་ཐུན་མྱོགས་རྩ་ནན་རྦད། ད་མུན་ཧ་སྦྱ༷་དུ་སྟི་རག་ཤ་ཡ་ཙ་ཐུ༷་ཐུ༷་ར་དྲི་རུ་ཤག་གྱིང་ཀ་ར་ཤུ་ལ་མན་བ༷་ཏི་མང་དུ་རུ་དགྲ་བོ་རོ་མྱགས་ཐུན་སྨྱོ། འུར་བ་ཙིསྟ་བ༷་ཟི་ལོ་ཀི་ནན་དྲི་ལིང་དྲི་ལིང་ཀུ་དྲི་ཀུ་དྲི་དྲིར་དྲི་ཙ་མུན་ཏྲི་སྲོག་ཐུག་ཐུག་ཡ་རྦད། སྙིང་ཁྲག་རྩ་ནན་ར་ཡ་མ་ནི་ཐུ༷་ཐུ༷་སྨྱོ། དེ་ལྟར་གསང་སྔགས་སྦྱོར་བ་ཡང་། །དོན་གཉིད་སྦྱོར་བ་བརྣག་པའི་ལས། །འཁོར་ལོ་ཐུན་སྔགས་བསྲེགས་པའི་སྔགས ། །རྩ་བ་བསྙེན་བསྒྲུབ་སྔོན་འགྲོའི་མཆོག །གཟིར་བ་ལ་སོགས་བདག་གཞན་སྲུན། །ཐུན་མོངས་སྔགས་ནི་དུ་མར་བཤད། །བཅུ་དྲུག་རྩ་བ་གཅིག་གིས་བསྡུས། །དྲག་པོ་ཀུན་འབྱུང་མཆོག་གི་སྔགས། །བདེ་བ་བགྲོད་ཅིང་སྨྲིན་པར་བྱེད། །དོན་གཉིས་མངོན་དུ་འགྲུབ་པའི་སྔགས། །དྲུག་ཅུ་གཉིས་ལས་ཀུན་འབྱུང་ཡིན། །འདི་ན་བགྲོད་ཅིང་སྨིན་པའི་སྔགས། །ཐུན་མོང་གསང་སྔགས་དྲུག་ཏུ་བསྡེབ། །མཚོན་ཆའི་རྒྱལ་པོ་འཁོར་ལོ་དང་། །གཤིན་རྗེ་གཤེད་དང་གཡས་སུ་བསྡེབ། །བདུད་ཀྱི་ཁྲམ་དེ་དེ་བཞུན་བསྡེབ། །མ་མོ་ཁྲག་སྒྱུག་ཐུན་དང་བསྡེབ། །རིམས་ནད་སྦྱོར་བ་བརྒྱད་དང་བསྡེབ། །དལ་དང་སྨྱོ་འབོག་ཧོམ་དང་བསྡེབ། །ལོ་ཏོག་འཇོམས་པ་ཟོར་དུ་བསྡེབ། །བསྣོལ་ཐོག་བུ་ཡུག་ཡ་མར་བསྡེབ། །རྨི་གྲི་ཡ་མ་བདུད་དང་བསྡེབ། །ཆུ་ཀླུང་ཧུར་ཐུམས་གཡེང་བའི་ལས། །སྔགས་རྒོད་ཡ་མ་ལྟོ་སྦྱོར་བསྡེབ། །སྨྱོ་འབོག་གཟེར་ཐབས་ར་ཙར་བསྡེབ། །མཛེ་ཡམས་ཕོལ་འབྲས་གང་འདོད་ལ། །ནཱ་ག་གདུག་པ་དྲག་པོ་ཡི། །འཁོར་དང་ཡབ་ཡུམ་གསུམ་དུ་བསྡེབ། །ཁྱད་པར་གསུམ་དུ་སྔགས་པས་བསྡེབ། །མཚོན་ཆའི་རྒྱལ་པོ་གསུམ་དུ་བསྡེབ། །བརྣལ་མ་བཟློག་དང་ལྟོ་དཀྲུགས་ཡིན། །འཕེན་སྡུད་དབྱེ་གཅོད་མནན་པ་ལྔ། །དྲག་པོའི་ལས་ཏེ་སྦྱོར་བའི་མཆོག ཀུན་འབྱུང་སྔགས་ཀྱི་རྒྱལ་པོར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། གསང་སྔགས་འབྱུང་བའི་ལེའུ་སྟེ་བརྒྱ་བཅུ་གཉིས་པའོ།། །།དེ་ནས་ཡང་སའི་ལྷ་མོ་བརྟན་མས། བཅོམ་ལྡན་འདས་ལ་གསོལ་བ་བཏབ་བོ། །ཀྱེ་ཧོ་བཅོམ་ལྡན་འགྲོ་བའི་མགོན། །ཁྲོ་བོ་འབྱུང་བའི་གླེང་གཞི་དང་། །དྲག་པོ་སྔགས་ཀྱི་དུག་མདའ་ལ། །སྨོད་པས་བསད་གསོ་དབབ་པ་དང་། །དྲག་སྔགས་ལས་ཀྱི་རྣམ་གྲངས་དང་། །སྨོད་པ་སྨིན་པ་འབྲས་བུ་དག །ཐབས་ཀྱི་རིམ་པས་རྒྱས་པ་དང་། ཁུགས་ཀྱི་འགྲོ་བའི་ཐབས་དང་རིམ། །གཤིན་རྗེ་གཤེད་ཀྱིས་ལས་གྲངས་ཚད། །མཚོན་ཆའི་རྒྱལ་པོའི་དབྱེ་བ་དང་། །སྔགས་དང་ནི་མ་བཤད་དུ་གསོལ། །ཞེས་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྒྱུ་མ་ལྟ་བུའི་ཡོན་ཏན་མངོན་དུ་བཤད་དོ། །འཕྲུལ་གྱིང་སྙིང་པོའི་གསང་རྒྱུད་འདིར། །གཤིན་རྗེ་གྲངས་དང་ལས་དབང་ཚད། །ངོ་བོ་ཡོན་ཏན་གནས་དག་རྒྱན། །འཁོར་ལོ་ལ་སོགས་འདིར་བཤད་དོ། །གཤིན་རྗེའི་དོན་ལྔ་དེ་བཞིན་ལྔ། །རང་བཞིན་ཡེ་ཤེས་སྒྲུབ་བྱེད་སྤྲུལ། །ལྷུན་གྲུབ་ལས་ཀྱི་ཡ་མར་བཤད། །རང་བཞིན་གཤིན་རྗེའི་ངོ་བོར་སེམས། །ལྷུན་གྲུབ་གཤིན་རྗེ་འབྱུང་བ་ལྔ། །སྤྲུལ་པའི་གཤིན་རྗེ་ཏིང་འཛིན་སྔགས། །སྒྲུབ་བྱེད་གཤིན་རྗེ་ལྷོ་ཕྱོགས་གནས། །རིག་པའི་རྒྱལ་པོ་གཤིན་རྗེ་ཡི། །དེ་དོན་རྒྱས་པ་འདི་ལྟ་སྟེ། །རང་བཞིན་ཆོས་སྐུ་སྤྲོས་དང་བྲལ། །སྣང་སྲིད་ཆོས་རྣམས་འབྱུང་བའི་གཞི། །མ་བྱུང་མ་སྐྱེས་སྐྱེ་མེད་ལས། །ནམ་མཁའི་དཔེ་ལྟར་སྣ་ཚོགས་སྣང་། །བྱང་ཆུབ་སེམས་ཏེ་ངོ་བོའི་གཤིས། །མི་འགྱུར་རང་བཞིན་སྤྲོས་མེད་ལས། །ཆོ་འཕྲུལ་གཟུགས་བརྙན་ལྟ་བུའི་སྐུ། །ཉོན་མོངས་སྣང་བྱེད་ཡེ་ཤེས་སྐུ། །བརྐམ་ཆགས་ལྔ་ཡི་འདིན་པ་འཇོམས། །རང་སྣང་ལེན་སྤོང་མེད་པའི་རྗེ། །སྡུག་བསྔལ་འབྱུང་བྱེད་རིག་པའི་ངང་། །རྣམ་རྟོག་ཞེན་ཆགས་གཉིས་མེད་སྒྲལ། །དུག་ལྔའི་ནད་དང་བརྩོལ་བའི་སྨན། །ཐུགས་རྗེ་བྱང་ཆུབ་དབྱིངས་སུ་བསྒྲལ། །ལས་ཅན་ལྡན་པའི་གཤེད་དུ་བཤད། །དག་དང་མ་དག་ཐམས་ཅད་ཀྱི། །གཞི་རྟེན་རྩ་བ་བྱང་ཆུབ་སེམས། །རངབཞིནཆོསསྐུའིགཤིནརྗེརབཤད། །འབྱུང་བ་ལྔ་དང་སྣ་ཚོགས་ཆོས། །ཆེན་པོ་ལྔ་ཡི་ངང་ལས་རྫོགས། །ལྷུནམཉམགཤིནདངལྡན་པར་བཤད། །ཆེན་པོ་ལྔ་ལས་གྲུབ་པ་ན། །ཡུལ་ལས་སྐུར་གསལ་མཉམ་པར་གནས། ཁ་དོག་དབྱིབས་ལས་གསལ་བའི་སྐུ། །གཟུང་འཛིན་ལས་འཇོམས་དག་པའི་རྗེ། །ཁྲོ་བོ་སྟོབས་ཀྱི་ངོ་བོ་ཡིས། །ངར་འཛིན་འཁོར་བའི་ཞེན་པར་གཅོད། །དྭངས་མ་འབྲས་བུ་ཕྱག་རྒྱའི་སྐུ། །གཤིན་རྗེའི་རྒྱལ་པོ་རྭ་ཛ་ཡས། །འཛིན་པ་ས་ཡི་ཞེན་པ་འཇོམས། །དྭངས་མ་འབྲས་བུ་ཕྱག་རྒྱའི་སྐུ། །དྲོད་ཀྱི་དྭངས་མ་མྱོས་བྱེད་ཀྱིས། །སྲེག་བྱེད་ཚ་བའི་ཞེན་པ་འཇོམས། །སྡུད་པར་བྱེད་པའི་ཕྱག་རྒྱ་ལས། །འཕགས་པའི་རྒྱལ་པོ་ཆགས་པའི་སྐུ། །དྭངས་མ་ཆུ་ཡི་ཞེན་པ་འཇོམས། །བསྐྱོད་པའི་གཡེང་བའི་དྭངས་མ་ལས། །རལ་ཚར་དགུ་ཡི་ཕྱག་རྒྱ་ཡིན། །བསྐྱོད་པ་རླུང་གི་ཞེན་པ་འཇོམས། །འབྲས་བུ་དྭངས་མ་ལྔ་རྟོགས་པས། །ཞེན་པ་འཇོམས་པས་གཤེད་དུ་བཤད། །དྭངས་མ་ལྔ་ཡི་ལུས་ཉིད་ལས། །ཕྱི་ནང་གཟུང་འཛིན་ཆོས་དང་སེམས། །སྤོང་ལེན་མེད་པའི་རྫོགས་པ་ཡི། །ལྷུན་གྱིས་གྲུབ་པའི་གཤིན་རྗེར་བཤད། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །སྟོབས་ཆེན་འཛིན་པ་འགྱུར་བའི་སྐུ། །ཞི་བས་འགྲོ་འདུལ་ཐབས་བསམ་ཡས། །མི་ཤིག་ཐུགས་ཀྱི་ཕོ་བྲང་ནས། །ལས་དང་འབྲས་་་ ང་བ་བཞི། །ངོ་བོ་འགྱུར་བ་མེད་པར་བཤད། ཁུགས་ཀྱི་ཕྱག་རྒྱ་གར་བསྒྱུར་བས། །དབུ་གསུམ་རྔམ་པའི་ཞལ་གདངས་ནས། ཁམས་གསུམ་བག་ཆགས་ཟིལ་གྱིས་གནོན། །ཕ་རོལ་གཟའ།གཤིན་རྗེའམ་མ་མོ་ཕོ་ཉ་ཡིས། །སྲོག་དབུགས་འབྲེལ་ཅིང་དབང་པོ་འཕོ། །སྙིགས་མ་གསུམ་སྡུད་དབང་པོ་འཇོམས། །གཤེད་བདག་ཆེན་པོའི་ལས་སུ་བཤད། །རྣམ་ལྔ་དྲོད་ཀྱི་བྱིན་བསྐྱེད་ལ། །འབྲུ་གཉིས་བཏགས་ལ་བརྡས་བསྐུལ་བསྟིམ། །རྟོག་པ་གནས་འགྱུར་བསྐྱེད་པའི་གཞི། །སྙིང་པོ་གཉིས་བསྐུལ་ཐུགས་མཚན་བསྐྱེད། །གང་དམིགས་ཕྱག་རྒྱ་ཆེན་པོར་གསལ། །རང་ལུས་ཕུང་པོ་སྐྱེ་མཆེད་ཀྱི། །གནས་ལྔ་བྱིན་ལྡན་འཁོར་གྱི་རྗེ། །རྩ་བའི་བདུད་བཞི་གནས་སུ་འཇོམས། །ལོག་པར་བརྟགས་པ་གོ་བཟློག་བཤེད། །སྤྲུལ་པ་གསུམ་གྱི་གཤིན་རྗེར་བཤད། །སྒྲུབ་བྱེད་གཤིན་རྗེ་ཁམས་གསུམ་བདག །སྲིད་པ་གསུམ་གྱིས་གཞི་རྟེན་འཆང་། །ཉོན་མོངས་བག་ཆགས་སོག་ཅིང་སྨིན། །མ་ལ་ཡ་ཡི་ཞིང་ཁམས་ན། །ལྟོ་འཕྱེ་མགྲིན་པ་ཡངས་ལ་གནག །ལུས་དང་ཡན་ལག་ཚིགས་མིག་ཟླུམ། །ལྟོ་ན་སྐྱེ་ཤི་ན་དང་འཕོ། །ཀུན་གྱི་སྲོག་ལ་དབང་སྒྱུར་རྗེ། །དྭངས་མས་བསྐྱེད་ལ་སྙིང་པོས་དགུག །བསྙེན་བསྒྲུབ་མཐའ་རུ་སྲོག་བསྐུལ་ན། །གང་དམིགས་ཡུལ་དང་དབང་པོ་འཇོམས། །ལས་དབང་སྒྲུབ་བྱེད་གཤིན་རྗེར་བཤད། །དོན་གྲུབ་གཤིནརྗེབཞིརུ་བཤད། །ཐུན་འབེབས་སྟོབསཆེནགཤིནརྗེདང། །འཁོར་ལོས་གཅོདབྱེདགཤིནརྗེདང། །མཐའ་སྡུདསྦྱོརབའིགཤིནརྗེདང། །དྲེགས་པསྟོབསཀྱིགཤིནརྗེའོ། །ཐུན་དྲུག་སྦྱོར་བའི་ལས་བྱེད་པ། ཁྲ་ཟ་ལས་ཀྱི་གཤིན་རྗེ་རྣམས། །ཁྱད་པར་ལྔ་ཡི་ཐུན་འབེབས་པ། །སྤྲུལ་པ་འཇོམས་པའི་གཤིན་རྗེར་བཤད། །ཐུགས་ཀྱི་འཁོར་ལོས་གཅོད་པ་ནི། །རང་རྒྱུད་གནས་པའི་གཤིན་རྗེ་བཤད། །ལུས་ཀྱི་འཁོར་ལོས་གཅོད་པ་ནི། །རང་ལས་ཟད་པའི་དབང་བཙན་ནས། །ལྷ་ཅིག་སྐྱེས་པའི་གཤིན་རྗེར་བཤད། །ཕྱག་མཚན་འཁོར་ལོས་གཅོད་པ་ནི། །སྔོན་བྱས་རང་གི་གནས་སྨིན་ལ། ཁུ་རྐྱེན་སྟོབས་ཀྱི་བདག་པོ་སྟེ། །དམན་པ་འཁྲུལ་པའི་གཤིན་རྗེར་བཤད། །རྫས་ཀྱི་འཁོར་ལོས་གཅོད་པ་ནི། །ཡི་དྭགས་རྒྱལ་པོའི་སྟོབས་ཅན་ལ། །སྲོག་སྙིང་པོས་ལ་རྫས་ལ་བརྟེན། །གཏོར་མ་དམ་རྫས་རཀྟས་བསྐུལ། །སྲོག་སྡུད་ལས་ཀྱི་གཤིན་རྗེར་བཤད། །མཚན་མ་སྦྱོར་བས་གཅོད་པ་ནི། །དམིགས་པའི་རྒྱུ་ལ་སྔགས་ཀྱི་རྐྱེན། ཁུ་རྐྱེན་འབྲེལ་བ་གྲུབ་པ་ནི། །མཐའ་སྡུད་གསང་བའི་རྡོ་རྗེར་བཤད། །དབང་སྡུད་སྔགས་ཀྱི་གཅོད་པ་ནི། །འབྱུང་བ་བཞི་ཡི་རྔམ་འོག་ན། །སྔོན་དུ་འགྲོ་བའི་སྦྱོར་བ་ཡིས། །སྟོབས་ཀྱི་བདག་པོས་བསྙེན་བསྒྲུབ་ལ། །ཀ་བཅིངས་བཀའ་བཟློག་གཤིག་གཟིར་ལ། །མཐའ་རུ་དབྱེ་བ་དྲུག་ཅུ་མནན། །དེ་ཡིས་ལས་ཀྱི་མཐའ་སྡུད་པ། །ཚེ་སྲོགསྡུདཔའིགཤིནརྗེརབཤད། །བཅུ་གསུམ་རྒྱན་གྱི་ཡིག་འབྲུ་ལ། །མཐའ་རུ་ཞི་རྒྱས་བསྲེག་ལྡན་པ། །བདག་གཞན་ལྟས་ལོགས་གོ་ཆ་བརྒྱན། །རང་ནམསསྟོབསཀྱིགཤིནརྗེརབཤད། །སྔགས་རྒོད་གབ་པས་གཅོད་པ་ནི། །སྣང་སྲིད་སྲོག་དབུགས་དབང་པོ་འཆང་། །ལས་ལ་སྦྱོར་བ་མྱུར་བརྩམས་ན། །ལུས་ཅན་དམིགས་པ་གང་བྱས་ནུས། །བདག་སྲུན་གཞན་གཤིགས་ལས་དབང་གཅོད། །མཐའ་རུ་གདུག་པ་གཉན་བསྲེག་གནན། །ཀུན་གྱི་སྟོབས་དང་རང་དབང་སྡུད། །འབྱུང་བ་ལྔ་ཡི་བདག་པོ་སྟེ། །ལྷུན་གྱིས་གྲུབ་པའི་གཤིན་རྗེར་བཤད། །རྣོ་དབལ་སྔགས་ཀྱི་གཅོད་པ་ནི། །ལས་ཀྱི་ཤན་པ་ཕོ་མོ་ཀུན། །སྲོག་སྙིང་དྲིལ་ནས་མཚོན་ཆར་བསྡེབ། །བཙན་ཐབས་གཟིར་ཞིང་དོན་གཉིས་འགྲུབ། །མགོ་དགུར་སྟོབས་ཀྱིས་ལུས་སྲོག་འབྲེལ། །འཆི་བདག་རྒྱལ་པོ་གླིང་ཁམས་འཁོར། །སྲོག་གཅོད་ལས་ཀྱི་གཤིན་རྗེར་བཤད། །སྨོད་བ་དྲག་པོས་གཅོད་པ་ནི། །གདུག་པའི་སྔགས་ལ་རྣོ་དཔལ་མཚོན། །ཀུན་གྱི་སྙིང་པོ་ཚེ་སྲོག་བདག །ཁྱམས་ཁང་གསང་མཛོད་ལྟོ་བ་སྲ །ཀུན་གྱི་བཀྲག་མདངས་སྡུད་ཅིང་འཆང་། །ཁྱད་པར་སྦྱོར་བ་གཤིག་ཅིང་གཅོད། །གདུག་པ་གཟིང་ཞིང་དུག་གསུམ་སྲེག །ཐུན་མོང་ཁྱད་པར་གཉིས་ཀྱིས་གསོད། །མཐའ་རུ་ཕག་མོ་ཁོག་ཡན་གནན། །ཕྱག་རྒྱ་ཆེན་པོ་ཟིལ་གནོན་གྱིས། །རང་བྱུང་སྟོབས་ཆེན་གཤིན་རྗེར་བཤད། །དོནགྱིགཤིནརྗེགསུམ་དུ་བཤད། །སྐྱེ་འགགམེདཔའིགཤིནརྗེདང། །མཚན་དཔེལྡནཔའིགཤིནརྗེདང། །སྣ་ཚོགས་འགྱུརཔའིགཤིནརྗེའོ། །མ་བཅོས་མཉམ་ཉིད་དག་པ་ལ། །འཕྲ་བའི་བག་ཆགས་འབྱུང་བ་ཡང་། །ཐིག་ལེ་བདེ་བའི་ངང་དུ་རྫོགས། །སྣ་ཚོགས་སྣང་ལ་ངོས་གཟུང་མེད། །ཆོས་ཀྱི་སྐུ་ཡི་གཤིན་རྗེར་བཤད། །འཇམ་དཔལ་ཁྲོ་བོ་གཞལ་མེད་དཔག་ལས་འདས། །ནང་གི་རྩ་ལམ་དག་པས་འགྲོ་དོན་མཐའ་རུ་སྤྱོད། །མཚན་དང་དཔེ་བྱད་ཡོན་ཏན་དཔག་ཏུ་མེད། །ཕྱི་ཡི་རྒྱན་རྣམས་དུར་ཁྲོད་གདུག་པའི་ཆས། །ཕྱག་མཚན་ལ་སོགས་ནུས་པས་འགྲོ་བའི་རྨོངས་པ་སེལ། །ལོངས་སྤྱོད་རྫོགས་སྐུའི་གཤིན་རྗེ་བཤད། །སྒྲུལ་པ་གསུམ་དུ་གཤེད་བཞི་ཕྱོགས་སྐྱོང་བཅུ། །འགྲོ་བ་འདུལ་ཕྱིར་ཁྲོ་བོ་ཤ་ཟའི་ལུས། །ཆོ་འཕྲུལ་མངོན་ཕྱུང་འཇིགས་པའི་ཆ་ལུགས་སྟོན། །སྤྲུལ་པ་སྐུ་ཡི་གཤིན་རྗེ་གཤེད་དུ་བཤད། །གཤིན་རྗེ་གཤེད་ཀྱི་རྩ་བ་གཉིས་སུ་བཤད། །འཁོར་བ་སྒྱུ་མ་ལྟ་བུའི་གཤིན་རྗེ་དང་། །ཡེ་ཤེས་སྒྱུ་མ་ལྟ་བུའི་གཤིན་རྗེའོ། །དམིགས་པའི་ལུས་ལ་བསྟན་པའི་བྱིན་བསྐྱེད་པ། །ཉི་མའི་སྙིང་པོ་དག་ལས་འོད་འབྱུང་ལྟར། །བསྟན་པའི་ཕྱག་རྒྱ་གསལ་བའི་ཐུགས་ཁ་ནས། །དམིགས་པའི་ལུས་ལ་ཡེ་ཤེས་རྒྱུན་གྱི་དབང་བསྐུར་ནས། །དམིགས་པ་མེད་པའི་སྐུ་རུ་གསལ། །ནམ་མཁའ་རིན་ཆེན་རྒྱ་མཚོ་ལྟར། །དག་པའི་ངང་ལས་མཚན་མ་འབྱུང་བ་ནི། །སྤྲིན་དང་ཁུ་རླངས་རླབས་དང་འཁྱགསཔབཞིན། །ཡེཤེསསྣང་མེད་བརྗོད་ལས་འདས་པ་ལ། །སྣ་ཚོགས་འཁོར་བའི་ཆོས་རྣམས་འབྱུང་འདྲ་ཡང་། ཁུ་རྐྱེན་འདས་ན་གཉེན་པོས་བཅོས་མི་དགོས། །འཛིན་པ་མ་གྲོལ་གཟིང་བའི་ཡུལ་ལ་ཞེན། །ཡུལ་སེམས་གཉིས་འཛིན་བག་ཆགས་སྟུག་པའི་གཞི། །ལས་ཀྱི་འབྲས་བུ་འཁོར་བའི་གཤིན་རྗེར་བཤད། །ལུང་གི་རྒྱལ་པོ་འཁྲུལ་གྱི་བཤད་པ་འདིར། །འཁོར་བ་སྒྱུ་མ་རྟགས་ན་སྣང་མེད་དབུ་མར་གསལ། །གཟུང་དང་འཛིན་པ་ཡེ་ཤེས་ག་་མར་གྲོལ། །ཆགས་སྡང་ལས་དང་སྤྱད་པས་བགྲོད་པ་མེད་པར་ཕྱིན། །རང་ལུས་བརྟན་པ་རྙེད་པས་ཡེ་ཤེས་ཡིན་པ་སྐྱེས། །གཉིས་མེད་ཡེ་ཤེས་རོལ་པར་གསལ། །ཡེ་ཤེས་སྒྱུ་མ་ལྟ་བུའི་གཤིན་རྗེར་བཤད། །དོན་དམ་གཤིན་རྗེ་རྩ་བ་གཅིག་ཏུ་བཤད། །མི་འགྱུར་རིག་པ་བྱང་ཆུབ་སྙིང་པོའི་བཀའ། །རང་སེམས་རྩལ་དང་ལྡབ་པས་ཡེ་ནས་གཤིན། །ཏིང་འཛིན་དྲོད་ལྡན་ཡུས་སེམས་ཀུན་གྱི་རྗེ། །གཟུང་འཛིན་ཆོས་སྐུར་བསྒྲལ་བས་ངང་གིས་འཇོམས་པའི་གཤེད། །ཀུན་འབྱུང་རིག་པའི་ཡེ་ཤེས་བསམ་ཡས་ཀྱང་། །ཐིག་ལེ་ཆེན་པོ་གཅིག་གི་ངང་དུ་རྫོགས། །རྩ་བ་བྱང་ཆུབ་སེམ་ཀྱི་གཤིན་རྗེར་བཤད། །འཇོམས་བྱེད་རྩ་བ་བགྲོད་པའི་རྒྱུད་ལས་གནས། །སྙིང་ཁ་ལ་བརྟེན་འབྲུ་གཉིས་སྡུད་དང་སོག རང་གི་ཤེས་པ་འཕོ་བ་དོན་གྱིས་གཤིན། །རྐྱེན་གྱི་སྔགས་ཀྱིས་འབྱུང་བའི་ཁམས་དཀྲུགས་ནས། ཁྲེས་པའི་སྒྲིབ་བྱེད་ལས་དབང་དྲག་པོའི་རྗེ། །དྭངས་མ་བཞི་ཡི་རྩ་བ་ནམ་མཁའི་ཁོངས་སུ་བསྡུས། །བག་ཆགས་རྟེན་པའི་རྩ་བཅད་འབྲུ་གཅིག་སྙིགས་མ་བསྲེགས། །ལུས་སེམས་འབྲེལ་བ་རང་རྒྱུད་འཕོ་བའི་གཤེད། །།བརྣག་པ་རང་ལ་གནས་པའི་གཤིན་རྗེར་བཤད། །ཡ་མ་ལག་ན་རྡོ་རྗེ་ཡིས། །གཤིན་རྗེའི་རྣམ་གྲངས་དབྱེ་བར་བཤད། །གཤིན་རྗེ་ཕྱི་ནང་གསང་བ་གསུམ། །འབྱུང་བ་བཞི་ཡི་རྔམ་འོག་ནས། །ལས་ཀྱི་གཤིན་རྗེ་ཚེ་སྲོག་སྡུད། །ཐོད་མཁར་གནས་ཀྱི་གཤེད་པོ་བཞིས། །འདུ་བ་བཞི་ཡི་ལས་དབང་སྡུད། །བཅུ་གཉིས་འོབས་སྲུན་ཕྱོགས་སྐྱོང་གིས། །ཡུལ་གྱི་དམིགས་པ་དབང་དུ་སྡུད། །ལྕགས་མཁར་བཅུ་དྲུག་ཤ་ཟའི་འཁོར། །ཕུང་པོ་རྟེན་དང་བཅས་ནས་འགུགས། །སྔགས་ཀྱི་དབང་དུ་མིང་ལ་འབེབས། །ཕྱི་ཡི་གཤིན་རྗེའི་ལས་སུ་བཤད། །གླིང་བར་མུན་ཁང་ཁྱམས་ནས་ནི། །ཡི་དྭགས་རྒྱལ་པོ་འཆི་བདག་གནས། །སྲོག་བསྐུལ་རྦད་ན་དབང་པོ་འཕྲོག ཟ་བྱེད་བདུད་པོ་ཁྲམ་ཐོགས་བཅས། །དམིགས་པའི་གཟས་པ་ཁྲམ་ལ་འདེབས། །བདུད་མོ་བཅུས་ནི་མྱོས་པར་བྱེད། །འཁོར་གྱི་བདུད་དང་ཤ་ཟ་རྣམས། །རང་རང་ལག་ཆས་གསོད་པར་བྱེད། །ཟ་བྱེད་གཤིན་རྗེའི་ལས་སུ་བཤད། །དུར་ཁྲོད་དབུས་ཀྱི་ཕོ་བྲང་ནས། །ཐོད་རུས་གཏམས་པའི་གཞལ་ཡས་ཀང་། །མཐིང་ནག་མེ་འོད་གདན་སྟེངས་ན། །གསོད་བྱེད་ཡ་མའི་ལྟོ་འཆངས་ཀྱིས། །རྟེན་འབྲེལ་སྲིད་པའི་བླ་ཚེ་འཆང་། །མྱོས་བྱེད་སྲིན་པོ་དྲེགས་པ་བཅུས། །ཕུང་པོ་ལྔ་ནང་འབྱུང་བ་ཡི། །རྟེན་གྱི་བླ་དང་སྤྲུལ་པས་འགུགས། །སྲིན་མོ་རླུད་གི་ཤུགས་ཅན་བཅུས། །ལན་ལག་ལྔ་ཡིས་ཆགས་པར་འབྲེལ། །འཁོར་གྱི་ཀི་ཀང་ཕོ་མོ་ཡིས། །བདུན་རྒྱུད་རྩ་བ་གཅོད་ཅིང་འཇོམས། །གསོད་བྱེད་གཤིན་རྗེའི་ལས་སུ་བཤད། ཁུ་གསུམ་ཨེ་ཡི་ཕོ་བྲང་ནས། །སྐྱེ་རྒྱུན་གཅོད་པའི་ཤིན་རྗེ་ཡིས། །སྐྱེ་བ་དབང་གི་རྩ་སྒོ་གཅོད། །དུད་འགྲོ་མཚོ་ཡི་དྲེགས་པ་དགུགས། །དབང་པོ་དགུ་ཡི་སྒོ་ཡང་འགེགས། །མཚོན་འཁྲུགས་རྒྱལ་པོ་བརྒྱད་པོ་ཡིས། ཤེས་པ་བརྒྱད་ཀྱི་རྩ་སྒོ་འགེགས། །འཁྲུགས་པར་བྱེད་པའི་མ་མོ་བཞིས། །ལྷ་བཞི་འབྱེད་ཅིང་རྟེན་ལ་སྡུད། །ཐར་བྱེད་མོན་དང་གཤིན་རྗེའི་འཁོར། །མྱོས་བྱེད་འཕོ་བའི་ལས་སུ་བཤད། །མ་ལ་ཡ་ཡི་འཇིག་རྟེན་ལ། །དབང་བྱེད་ཁྲོ་བོ་གཤིན་རྗེ་ཡིས། །སྲིད་གསུམ་ཤེས་རྒྱུད་ལྟོ་བར་འཆང་། །ཡ་མའི་འཁོར་དང་མ་མོ་ཡིས། །མངགས་ན་ཐོགས་པ་མེད་པར་འགུགས། །གཤིན་རྗེ་དྲུག་ཁྲི་དྲུག་སྟོང་དང་། །མ་མོ་ཁྲི་ཕྲག་དྲུག་ཅུ་ཡིས། །ཀླུ་དང་གནོད་སྦྱིན་ཕོ་མོ་འཁོལ། །དམ་རྫས་སྲོག་དབུགས་རྒྱུ་ལ་བརྟེན། །ཚུལ་གསུམ་ཡ་མ་ལུས་ལ་རྦད། །རྗེ་བྲན་གྲོགས་ལྟར་ཤེས་པར་བྱ། །ལྟ་སྤྱོད་ཉམས་ལྡན་གྲོགས་ཀྱི་ཚུལ། །དམ་རྫས་རྒྱུ་དང་དྲོད་ལ་བརྟེན། །རྟེན་གསུམ་པ་ཡི་ཡུལ་ལ་དམིགས། །གང་འདོད་རང་ལུས་རྗེ་ལྟར་ཞུགས། །མི་ཡོངས་སྟོབས་ལྡན་བརྟུལ་ཞུགས་དྲག །བྱིན་རླབས་དབང་ལྡན་རྣལ་འབྱོར་བ། །གདེང་གསུམ་མཆོག་གི་སྦྱོར་བས་འཇོམས། །བྲན་གཡོག་འཁོར་སྐྱོང་ལས་ཀུན་བྱེད། །དེ་མིན་བརྩམས་ནས་གཞན་དབང་སྡུད། །ཕྱི་ཡི་གཤིན་རྗེའི་ལས་སུ་བཤད། །ནང་གི་གཤིན་རྗེ་སི་རའི་མཚན། །འཁོར་ལོ་ཆོས་སྐུའི་དབུས་ཉིད་ན། །སྦྱོར་བ་གསུམ་གྱི་རྒྱལ་པོ་གནས། །རྣམ་པ་ཡི་གེའི་གཟུགས་བརྙན་ལ། །བྱིན་བརླབ་རང་བཞིན་ཕྱག་རྒྱའི་གཟུགས། །དབུས་ན་གཤིན་རྗེ་ཉིད་ཀྱི་སྐུ། །ཡ་ཡི་ས་བོན་འཕེན་པའི་འབྲུ། །སྤྲོ་བསྡུ་ཡན་ལག་ལྔ་དང་ལྡན། །སྙིང་པོ་ཐིག་ལེའི་ལྟོ་བ་སྲ །དྲི་མ་ལ་བརྟེན་དབང་པོ་འཆང་། །ཐོད་མཁར་གླིང་བཞི་འབྲུ་བཞི་ཡིས། །ཡན་ལག་སྩོར་བ་བཅུ་གཉིས་ཀྱིས། །རྒྱུ་བཞི་དཀྲུགས་ནས་ནད་བཞི་སློང་། །ལིང་ག་དག་ལ་ཤེས་པ་འཕོ། །བླ་ཆེན་བཞི་དང་བཅས་པ་གཟུགས། །གཤེད་པོ་བཞི་ཡི་ལྟོ་བར་འཆང་། །ཕྱི་ཡི་བཅུ་གཉིས་སྤུ་གྲི་མཁར། །རྟེན་པའི་རྭ་ཛ་ལ་སོགས་པ། །ཕྱོགས་བ་་བདག་པོ་མགོན་པོ་བཅུ། །འགུགས་བྱེད་ཕོ་ཉ་གསོད་པའི་གྱིང་། །བླ་ཡི་སྒྲུལ་པ་བཅུ་གཉིས་འགུགས། །མི་གཡོ་གསུང་གི་ལྷོ་བར་འཆང་། །བཅུ་དྲུག་ལྕགས་མཁར་ཡེ་ཤེས་ཀྱི། །གསུང་ཐུགས་སྐུ་ཡི་སྙིང་པ་ཡིས། །ལས་ཀྱི་ཡ་མ་མིག་ཡོ་བརྟེན། །ཉི་ཤུ་སྐྲུ་གྲིའི་མཚོན་ཆ་ཡིས། །བླ་གནས་ལིང་གའི་རྟེན་གཤིག་ནས། །བླ་རྟགས་སྤྲུལ་པ་ཡང་སྤྲུལ་འཇོམས། །དམར་ནག་གདུག་པའི་འབྲུ་རྣམས་ལས། །མཁའ་འགྲོ་བརྩེགས་པའི་དཀྱིལ་འཁོར་རྫོགས། །མི་འགྱུར་སྤོགས་པའི་ལས་རྣམས་བྱེད། །དྲེགས་པའི་འབྲུ་རྣམསདེབཞིནགནས། །བྱིན་བརླབས་དབང་བསྐུར་གདུགས་བྲན་ན། །འཁོར་ལོའི་སྦྱོར་བ་བརྒྱད་བརྒྱ་བྱེད། །ནང་གི་གཤིན་རྗེའི་ལས་སུ་བཤད། །གསང་བ་གནས་པའི་གཤིན་རྗེ་ནི། །ཞིང་བཅུ་ཀུན་སྒྲོལ་ཤེས་རྒྱུད་ལ། །ཙིསྟ་དབུས་ཀྱི་རྩ་སྦུབས་ནས། །གདུག་པའི་ཡི་གེ་དམར་ནག་ཡ། །གཡས་གཡོན་རྩ་ལ་ར་དང་མ། །འདབ་མ་བཞི་ལ་སྙིང་པོ་བཞི། །རྩ་བྲན་འབྲུ་བརྒྱད་མདུད་པ་བཞི། །རྩ་གོ་སྤོར་བྱེད་ཁྲག་དང་རླུད་། །འབྲེལ་ཆེན་བཞི་ལ་རྫོགས་པ་མྲ །གཅོད་པའི་འབྲུ་དགུ་བཞི་རུ་བསྣོལ། །ར་ཙ་ས་ཏོ་འབྲུ་བརྒྱད་ཀྱིས། ཁྲེས་པ་བརྒྱད་ཀྱི་རྩ་གཅད་ནས། །འབྱུ་བཞིས་རྩ་ཡི་སྒོ་ཡང་གཅོད། །མ་ལ་བརྒྱད་དམ་དྲུག་བསྡུས་ནས། །མ་དེ་ཆགས་པའི་ཡ་ལ་ཐིམ། །ཁྲག་དང་དྲི་ཡི་རྣམ་པ་ཡིས། །ལུས་དང་རྩ་སྦུབས་ཁམས་གསུམ་གང་། །དབུས་དང་གཡོན་གྱི་འབྲུ་གཉིས་ལས། །མེ་རླུ་་འཁྲུངས་པས་རྒྱུ་བཞི་བསླད། །འབྲུ་དགུས་རྩད་བཅད་གཅིག་གིས་བསྲེགས། །དྭངས་མ་རླུད་གི་ས་བོན་ལས། །བསྡུས་ན་གཤིན་རྗེའི་སྐུ་རུ་བསྐྱེད། །ཕྱག་རྒྱ་ཆེན་པོ་བསྟན་པ་སྦྱིན། །སྙིགས་མ་ཕུང་པོའི་རྗེན་ཤུལ་རྣམས། །མཆོད་པར་བྱིན་བརླབས་ངེས་པར་བསྔོ། །ལས་དབང་རང་གིས་ལུས་སེམས་འབྲེལ། །ལས་ཀྱི་རྒྱལ་པོས་གསད་པའི་མཆོག །གསདཔ གཤིན རྗེའིལས་སུ་བཤད། །ཕྱིནངགཤིན རྗེའིགཙོ་འཁོར་གྱིས། །ཡན་ལག་སྦྱོར་བ་དུ་མ་བྱེད། །གསངབའིགཤིནརྗེསྨྱོའབོད་དང་། །རེངས་དང་ལྐུགས་པས་རྨོངས་པར་བྱེད། །ལས་ནི་རྩ་བ་ཡན་ལག་འབྱིན། །སྦྱོར་བ་ཀུན་གྱི་བདག་པོ་ཡིན། །གསང་བར་སྦྱར་ནས་ལས་ཀུན་ཉེ། །གཤིན་རྗེའི་དམ་པར་འདི་གཟུང་བྱ། །བདེ་བ་རང་ཉམས་ཕྱག་རྒྱར་བསྟན། །གཤིན་རྗེ་གཤེད་ཀྱི་་ཐས་སུ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །གཤིན་རྗེ་གཤེད་ཀྱི་ལས་དང་རྣམ་གྲངས་བསྟན་པའི་ལེའུ་སྟེ་བརྒྱ་བཅུ་གསུམ་པའོ།། །།དེ་ནས་ཡང་སའི་ལྷ་མོས་བཅོམ་ལྡན་འདས་ལ། །ལས་ཀྱི་གཤིན་རྗེ་བཀོལ་བ་དང་། །རྒྱལ་པོ་མ་མོ་བཀོལ་བ་དང་། །སྲོག་བདག་ཕོ་མོ་བཀོལ་བ་དང་། །དེ་དག་གཟིང་ཞིང་ཤི་ས་དང་། །སྲོག་དབྲོག་རུ་ཁུགས་ཇི་ལྟར་བགྱི། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཞེས་གསོལ་བ་བཏབ་པས། །བཅོམ་ལྡན་འདས་ཀྱིས་དྲེགས་པ་ཕོ་མོ་ཐམས་ཅད་བཀོལ་བའི་སྦྱོར་བ་འདི་རྒྱས་པར་བཤད་དཔ། །ལས་ཀྱི་ཡ་མས་གསད་པ་ཡི། །འཕྲུལ་གྱི་འཁོར་ལོ་འདི་ལྟ་སྟེ། །གསང་བར་བྱ་བའི་གཤེད་སྐོར་ནི། །བྲི་དང་དགོད་པའི་ཐབས་བཤད་པ། །འཇམ་དཔལ་ཐུགས་ཀྱི་སྙིང་ཁུ་ལས། །གྲུ་གསུམ་དབྱིབས་ལས་ཐིག་རྐང་ལྔ་། །ལྟེ་བ་ཕྱོགས་མེད་གསང་མཛོད་གསུམ། །དབུས་སུ་ཡ་བཞག་རྡོ་རྗ་བཞི། །སྐུ་གསུང་ཐུགས་དང་འཕྲིན་ལས་རྫོགས། །རྩེ་མོ་གཅོད་པའི་མཚོན་ཆ་བཞི། །མཚོན་ཆ་དེ་ཡི་རྩེ་མོ་ལ། །ཡ་མེ་ཏ་སྒེ་ཡིག་འབྲུ་བཞི། །དེར་བཞག་གཤེད་བཞིའི་གནས་སུ་འདོད། །གསང་མཛོད་གསུམ་ལ་བསྒྲུབ་བྱ་ཡི། །སྙིང་པོ་མིང་དང་རུས་ཀམས་གནས། །གསང་མཛོད་མུན་ཁང་གནན་པ་ཡི། །མ་ར་ཡ་སོགས་སྤུ་གྲིའི་གནས། །མཚོན་ཆའི་གསེབ་ཏུ་མིང་དང་རུས། །གནམ་ལྕགས་འོབས་ཆེན་བཅུ་གཉིས་ཡིན། །མེ་རླུ་་སྐྲུ་གྲི་རལ་གྲིའི་མཁར། །དེ་ཡིས་གཅོད་ཅིང་གནོན་པར་བྱེད། །མཚོན་ཆའི་རྒྱལ་པོ་གཉིས་བཅས་ལ། །དུག་ཁྲག་མྱོས་པ་རྫས་ཀྱི་ངར། །བྱིན་དབབ་ལྷ་བསྐྱེད་ཏིང་ངེ་འཛིན་ངར། །ལས་སྔགས་མཐུ་དྲིལ་སྔགས་ཀྱི་སྔར། །བླུད་ཅིང་དུག་ཤིང་མེ་ལ་བདུག །འཁོར་ལོ་འོད་འབར་སྔགས་ཀྱི་གནས། །བསྒྲུབ་བྱ་མ་ལྕགས་འབར། །དེར་བཞག་བླ་སེམས་ཆགས་པའི་གནས། །ཡ་མ་ར་ཙ་ཚར་དགུ་གཉིས། །གཏད་པའི་ལས་སུ་གཅིག་པས་ན། །དེས་ན་གསང་མཛོད་གཅིག་ཏུ་འདོད། ཁང་ཁྱུད་གསུམ་ལ་བསྲུང་བ་འོབས། །གནམ་ལྕགས་ཐོད་མཁར་བཅུ་བ་སྲ །ཐུགས་ཀྱི་སྙིང་པོ་སྤྱི་རྒྱུག་དགོད། །རྟག་ཏུ་བཟླས་ཤིང་བསྐུལ་མི་བགོས། ཁང་ཁྱུད་བཞི་པ་མཚོན་ཆའི་མཁར། །རྡོ་རྗེ་རྒྱ་གྲམ་བཅུ་གཉིས་ལ། །ལྟེ་བར་གཅོད་ཅིང་གནོབཀུག་ལ་ལྟོ་བར་གཞུག ཡང་ན་གནས་པ་སེམས་ཀྱི་ལྟ། །བསྲུང་བའི་ལྷ་ཕྲལ་རང་ལ་འཕོ། །ལྷ་དེ་དག་གི་གོ་ཆར་གྱུར། །བདག་ཟློས་གོ་ཆའི་ལྷ་ཡང་ཟློས། །གསང་བ་གཤེད་ཀྱི་ཡི་གེ་བསྐུལ། །རྒྱུད་བཞི་གནད་ཀྱིས་འབྱུང་བཞི་བསླང་། ཁུ་བཞི་དཀྲུགས་པས་རྩ་བཞི་གཅོད། །ས་ཆུ་མེ་རླུད་མཁའ་ལ་བསྡུ། །ཧཱུཾ༷་དང་བཅས་པས་མཁའ་ལ་འཕང་། །དྲི་དང་སྙིགས་མའི་འཁོར་ལོ་བཅས། །ལས་ཀྱི་ཡ་མ་ལྷོ་བར་འཕོ། །ཐོད་པར་བསྡུས་ལ་གནན་པ་བྱ། །བླ་རྟགས་མཚན་མར་གཟུགས་བྱུང་ན། །དུག་གསུམ་ལ་སོགས་སྐབས་ཀྱིས་བརྡེག། །ཕྱི་ནང་གསང་བ་དགུ་རུ་སྦྱར། །སྟེང་དུ་རྡོ་རྗེ་རྒྱ་གྲམ་དང་། །གཤེད་ཀྱི་ཡི་གེ་བཅུ་རུ་བྲི། །གཉིས་གཉིས་བར་དུ་བསྒྲུབ་བྱ་གཞུག །འཁོར་ལོ་ལ་སོགས་ཐོད་པར་དྲེལ། །ཀླུ་གནས་སྡིག་པའི་ལུས་ལ་གཏད། །དྲིལ་གཏོར་ཉིན་མཚན་སྐབས་ཀྱིས་སྦྱར། །ཉི་ཤར་བྱ་རྒོད་ཁྲ་སྦུ་གྲི། །དགུ་ཐོག་རི་རྒྱལ་ས་གཞི་སྦྱར། །དྲུག་འབུམ་སུམ་འབུམ་གཅིག་འབུམ་དང་། །སྟོང་ཚོ་གཅིག་དང་བརྒྱ་རུ་སྦྱར།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་སྔགས་ཀྱི་འཕྲེང་བ་འདི་ཕྱེ་སྟེ་སྟོན་ཏོ། །ཨོ་ཡ་མ་མེ་ཏ་སྒེ་ཧཱུཾ༷་ཛ་ཛ། །ཨོ་ཀྭ་ཡ་བཛྲ་ལྷུ་ཀ་ཙིསྟ་ཛ་ཛ། ཡ་མ་མེ་ཏ་སྒེ་དགྲ་བོའི་སྙིང་ལ་ཡ་སྦྱོ།དྲི་ཨུ་ཀཁོ་ཡ་ཧཱུཾ༷་ཛ་ཛ། ཡ་མ་མེ་ཏ་སྒེ་ཀ་བ་ཡེ་ཆེ་གེ་པྲ་མ་ཡ་རྦད་ཡ། མ་མེ་ཏ་སྒེ་ཡ་ཀ་བ་ཡེ། ཆེ་གེ་མོ་ར་ཙ་ཡ་རྦད་ཡ། ཡ་ཏ་སྒེ་མ་མེ་ཀ་པ་ཡེ་ཆེ་གེ་མོ་རཀྟ་ཙིརྟི་ཡ་རྦད་ཡ། ཡ་སྒེ་མ་མེ་ཏ་ཀ་པ་ཡེ་ཆེ་གེ་མོ་ནཱ་ར་ཡ་རྦད། ཧྲི་སྟི་པྲ་མ་མུར་ཛ་ར་ག་ཙ་ར་མ་ར་ཡ་ནི་ཤ་ཀུ་རུ་ནི་ཀུ་རུ་ནི་རྦད་ཡ། ས་མ་ཡ་ཧཱུཾ༷་གཟིར་ནན། སྟམ་བྷ་ཡ་ནན། དེ་ལྟར་སྔགས་ཀྱི་སྦྱོར་བ་ཡང་། །བཅུ་གཉིས་གཅིག་ཏུ་སྦྱོར་བ་དབྱེ། །གསད་པ་གཤེད་ཀྱི་འཁོར་ལོར་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་གཤེད་ཀྱི་སྦྱོར་བས་ལོ་ཏོག་གཤོམ་པ་འདི་བཤད་དོ། །དུར་ཁྲོད་དབེན་པའི་གནན་ར་སྲ །མཎྜལ་མདའ་གང་ཁྲག་གིས་བྱུག ཚོན་སྣ་གསུམ་གྱི་དཀྱིལ་འཁོར་བྲི། །དབུས་སུ་གྲུ་གསུམ་ཟླ་ཁམ་དམར། །ཐོད་འཕྲེང་མཐིང་ནག་ཕོ་བྲང་བརྟག ཕྱི་རིམ་རྩིབས་བཞི་སྦྲུལ་གྱིས་བསྐོར། ཁུ་ཆད་སྒོ་བཞི་གླིང་དང་མཐུན། །རྒྱན་རྣམས་མཛེས་བྱས་ཕུར་པ་དགོད། །སྨུག་ཆེན་སྨུག་ཆུང་དུང་ཆེན་དབུས། །ཞིང་ཆེན་ཞིང་ཆུང་རྒྱུ་ཞགས་ཏེ། ཁྲ་ཆེན་ཀེང་རུས་གསུར་དང་ཁྲག །གཏོར་མ་ལ་སོགས་དམ་རྫས་དགྲམ། །བདག་ཉིད་གཤིན་རྗེའི་སྐུར་བསྒོམས་ལ། །གཞལ་ཡས་གདན་དང་ལྷ་རྣམས་བརྟག སྤྱན་དྲངས་ལ་སོགས་མཆོད་བསྟོད་མཐར། །ཐུགས་ཀྱི་སྙིང་པོས་ཕྱོགས་བཅུར་སྤྲོ། །སྙིང་དང་ཧཱུཾ་ལ་ནུས་པ་བསྡུ། །ཞིང་ཁམས་ཁྲོ་ཆུང་ཐོག་སེར་གྱིས། །གང་བར་བསམས་ལ་ས་ལ་གདོན། །ཡེ་ཤེས་ལྷ་བསྙེན་ལས་དབང་བསྡུ། །དྲེགས་པ་བཅུད་ཅིང་ཆུ་དྲིལ་བསྟིམ། །འཕྲོ་འདུ་ཉི་མའི་ཟེར་ལྟ་བུས། །ཕྱི་ནང་གསང་བའི་དྲོད་རྟགས་འབྱུང་། །དུར་ཁྲོད་གནས་ནས་དཔའ་བོ་ཡིས། །གོས་སུ་བཅས་པའི་རྒྱུ་བླངས་ལ། །སྨེ་བ་ལྔ་དང་ནི་རང་སུས། །ཐབ་བ་བྱས་ལ་ཁ་དོག་བྱུག །མཆོགཕྲནསྐྲདངལྡན་པའི་པིར། །ཁྲག་དང་རྒྱ་སྐྱེགས་དུག་ཆུ་ཡིས། །བབྲུལ་འཁོར་རིམ་པ་ལྔ་རུ་བསྐོར། །དབུས་སུ་ཟླ་ཁམ་རྒྱ་གྲམ་བཞི། །རླུད་རི་རྒྱ་གྲམ་སྡུད་ཅིང་འཕུལ། །ཕྱི་རིམ་ལྕགས་མཁར་བཅུ་གཉིས་ལྡན། །སྐྱིན་དང་ལས་ཀྱི་སྡུད་ཅིང་དྲིལ། །མུ་ཁྱུད་གསུམ་པའི་ལྕགས་མཁར་ནི། །བ་མིག་བཅུ་དྲུག་དྲག་པོའི་སྟོབས། །དབང་དྲག་སྟོབས་ཀྱིས་འབྲས་བུ་འཇོམས། །ཡང་ལོག་མུ་ཁྱུད་ཁོར་ཡུག་ལ། །གདུག་པའི་གཟུགས་བརྙན་གཟིར་བ་བརྟེན། །ཐོགས་པ་མེད་པར་འཇོམས་པའི་མཆོག །དེ་ལ་དགོད་པའི་རིམ་པ་ནི། །དབུས་སུ་ཡང་བཞག་སྡུད་ཅིང་འཕེན། །རྒྱ་གྲམ་བཞི་ཡི་རྩེ་མོ་ལ། །མ་མེ་ཏ་སྒེ་སྙིང་པོ་མཆོག ཀུན་གྱི་རྩ་བ་ཡོན་ཏན་འཕེལ། །རླུད་རི་རྒྱ་གྲམ་རྩེ་མོ་ལས། ཁྲར་གྱི་ལུགས་མཁར་མིག་གསུམ་དུ། །མ་ལས་སྙིང་པོ་གསུམ་འཕྲོས་པས། །ཡ་དང་མ་དང་ཕྲོམ་དང་གསུམ། ཁྲར་དུ་མེ་ཏོག་འབྲས་བུ་འཇོམས། །རླུད་རི་རྒྱ་གྲམ་རྩེ་མོ་ལ། །ཆུ་རི་ལྷོ་ཡི་ཁང་བ་སྲ །མེ་ལས་ཡི་གེ་གསུམ་འཕྲོས་པས། །རུ་དང་ཏ་དང་ཕྲོམ་དང་གསུམ། །བང་མིག་གསུམ་པའི་འོད་ཟེར་གྱིས། །ལྷོ་རུ་མེ་ཏོག་འབྲས་བུ་འཇོམས། །རླུད་རི་རྒྱ་གྲམ་རྩེ་མོ་ལ། །ཆུ་རི་ནུབ་ཀྱི་ཁང་པ་སྲ །ཏ་ལས་ཡི་གེ་གསུམ་འཕྲོས་པས། །དུད་དང་དཀར་དང་ཕྲོམ་དང་གསུམ། །ལྕགས་མཁར་གསུམ་གྱི་འོད་འཕྲོས་པས། །ནུབ་ཀྱི་མེ་ཏོག་འབྲསབུའཇོམས། །རླུད་གི་རྒྱ་གྲམ་བྱང་ཕྱོགས་ནས། །ཆུ་རི་བྱང་གི་ཁང་པ་སྲ །སྒེ་ལས་ཡི་གེ་གསུམ་འཕྲོས་པས། ཁུ་དང་ཏི་དང་ཕྲོམ་དང་གསུམ། །ལྕགས་མཁར་གསུམ་པའི་འོད་འཕྲོས་པས། །བྱང་གི་ལོ་ཏོག་འབྲས་བུ་འཇོམས། །གཤེད་བཞིའི་མཐུ་དྲིལ་དབང་དུ་སྡུད། །སྒོ་བཞིའི་མཇུག་ལ་འབྲུ་གསུམ་བཏགས། །དྲིལ་གཏོར་ཁྲི་ཚོ་དྲུག་ཏུ་བཟླས། །རྣལ་མས་འབྱོར་བས་ཁྲག་ལ་བསྟིམ། །ཕྱི་རིམ་ཁང་རྒྱུད་གསུམ་པ་ཡི། ཁྲར་གྱི་ཁང་མིག་བཞི་པ་སྲ །དབབ་སྔགས་འབྲུ་བཞིས་དྲག་འཕྲོས་པས། །ཡང་དག་མ་དང་ཕྲོམ་དང་ཤར། །དེ་བཞིན་ལྷོ་རུ་བཞི་འཕྲོས་པས། །རག་དང་དུད་དང་ཤར་དང་ཕྲོམ། །དེ་བཞིན་ནུབ་ཏུ་བཞི་འཕྲོས་པས། །ཁྲག་དང་ལ་དང་མུ་དང་ཤ །དེ་བཞིན་བྱང་དུ་བཞི་འཕྲོས་པས། །མ་དང་ཧྲིལ་དང་ཛ་དང་སྨྱོ། །འཕེན་པའི་སྔགས་ཀྱི་འཕྲེང་བ་ཡིས། །ཆུ་རྒོད་གང་དམིགས་གནས་སུ་འབེབས། །སྟེ་ནས་གོ་བཟློག་ཡ་ལ་དྲིལ། །མཚམས་སུ་གང་དམིགས་ཡུལ་གྱི་མིང་། །མཐའ་རུ་བཅུ་དྲུག་གབ་པའི་འབྲུ། །རྟག་ཏུ་དྲིལ་པའི་གསང་སྔགས་བཟླས། །མི་འགྱུར་བརྟན་པའི་ལས་སུ་བཤད། །ཡང་ལོགས་མུ་ཁྱུད་བཞི་པ་ལ། །གཟིར་པ་དྲག་པོའི་ཡིག་འབྲུ་གནས། །གཟིར་བ་ཀུན་གྱི་མཐའ་རུ་སྦྱར། །མཚོན་ཆ་འཁྲུལ་འཁོར་ཁ་སྦྱར་ལ། །ཐོད་པ་སྦྱོར་བ་ཀུན་གཤོམས་བྲི། །འཁོར་ལོ་ཐོད་པ་དབུས་སུ་བཞག །ཐུན་རྫས་སྔགས་བཅས་ཁྲག་ལ་བསྟིམ། །རྫས་ཀྱི་འཁྲུལ་འཁོར་བར་སྣང་བརྡེག །ལས་ཀྱི་མཐའ་རུ་དབབ་པ་བརྩམ། །དུསཚོདངེས པརག་་གཟུང་དབབ། །མ་ཕེབས་སྦྱོར་བའི་སྟོབས་ཞན་ན། །ལྕགས་ཕུར་ཡ་མན་ཏ་ཀར་བསྒོམ། །སྔགས་རྣམས་བཀོད་ལ་རྟེན་ལ་གཟིར། །སྦྱོར་བའི་རྒྱལ་པོ་གཟིར་པའི་མཆོག །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་སྔགས་ཀྱི་རྒྱལ་པོ་འདི་ཕྱེ་སྟེ་བརྟན་ཏོ། །ཨོ་ཡ་མ་མེ་ཏ་སྒེ་ས་མ་ཡ་ཛ་ཧྲེ་ཏ་ཡ༷་མ་ཕྲོ༷་ཕྲོ༷་ཧྲིལ་ཛ་ཛ། ཡ་མ༷ ་མེ་ཏ་ཀྟ་ཡ་མ་ཕྲོ༷། རུ་ཏྲ་ཕྲོ༷། དུད་དཀར་ཁྲོ༷། ཤུ་ཏི་ཁྲོ། མ་མེ་ཏ་ཀྟ་ཡ། ཡ་མ་ཕྲོ༷། མེ་ཏ་ཀྟ་མ་ལྭ། རུ་ཏྲ་ཕྲོ༷། ཏ་ཀྟ་མ་མེ་ཡ། དུད་དཀར་ཕྲོ༷། སྟེ་ཏ་མ་མེ་ཡ། ཤུ་ཏི་ཕྲོ༷། སྟེ་ཏ་མ་མེ་ཡཡ་མ་ཕྲོ་ཤ་ར། རག་དུད་ཤར་ཕྲོ། ཁྲག་ལ་མུ་ཤ་མི་ཧྲིལ་ཤར་སྨྱོ། ཡ་ཀྟ་ཏ་མེ་མ་ནཱ་ག་ཙིསྟ་ཐུ༷། གཟིར་ཤར་ཤར་ཧྲིལ་ནཱ་ག་དུ་སྟ་ཧྲིལ་ཕོབ། སྔགས་ཀྱི་སྦྱོར་བ་ལོ་ཏོག་འཇོམས། འབྲས་བུ་འཇོམས་པའི་འཁོར་ལོརབཤད། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གནོད་སྤྱིན་ཐམས་ཅད་ཀྱི་རྒྱལ་པོ་ལི་བྱིན་ཧར་གྱི་སྦྱོར་བ་འདུ་རྒྱས་པར་བཤད་དོ། རི་སོགས་དབེན་པའི་གནས་མཆོག་ཏུ། མཎྜལ་ཁྲག་གི་བྱི་དོར་བྱ། མདོས་དང་གཏོར་མ་ལུག་ལ་བརྟེན། མདའ་དང་ཟ་འོག་རིན་ཆེན་འབྲུ། གསང་བཤོས་ལུག་སྙིང་ཤིང་ཐོག་འཆང་། ལིང་ག་ཐོད་པ་མིང་རུས་ཐུན། དར་དང་རིན་ཆེན་ལུག་ལ་གདགས། །བོད་རྦད་གསད་པ་སྐབས་དང་སྦྱར། །མཎྜལ་དབུས་སུ་གཏོར་མ་བཤོས། །མཐའ་མ་བཤོས་བུ་བརྒྱད་ཀྱིས་བསྐོར། །ཡ་མའི་སྐུར་བསྒོམས་སྔགས་སྤྲོས་དགུག །སྒྲོལ་གྱིང་བརྒྱད་དང་བཅས་པར་དམིགས། །བཀའ་བསྒོ་དམ་འབོགས་ལས་གཉེར་གཏད། །འོད་འདྲིལ་གཟུགས་སྟོན་ཕྱག་བྱེད་བལྟ། །གཏོར་མ་དང་བཅས་བཤོས་བུ་བཏང་། །གཏོར་ཆུང་ལུག་དང་ཙ་རས་བརྒྱན། །སྲོད་དང་ཐོ་རངས་རྒྱུན་དུ་བཏང་། །ལིང་ག་ཐོད་པ་དོང་དུ་གཞུག །རྦད་སྔགས་བརྒྱ་བརྒྱ་གསད་སྔགས་ཁྲི། །ཐུན་བརྡེག་བཀུག་ལ་ཐོད་པར་བྲལ། །རྫས་ཀྱི་ག་འུར་གསད་ཐར་བཅའ། །ཡུལ་ལ་རྦད་ཅིང་བླ་ཀུན་མངག །མཐའ་རུ་ཟོར་དལ་འཕངས་པས་འཇོམས། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་སྔགས་རྣམས་པྱེ་སྟེ་སྟོན་ཏོ། །ཨོ་རྭ་ཙ་སྲོག་ལ་ཧིང་རག་མོ་སྙིང་རྩ་རྦད། སྲོག་ལ་ཛ་ཏི་དུན་དུན་བཛྲ་ས་ཏྲི་ཤུ་ལ་གྲི་པ་ཙ་པ་ལ་ཨ་ཤུ་མེ་ཧཱུཾ༷་ཛ་ཛ། སྲོག་ལ་མེ་ཏྲི་ཤུ་ལ་པ་ཏ་རྭ་ཙ་ཆ་ཙ་མེ་རག་ཤ་དགྲ་ལ་སྨྱོ། ར་ཙ་སྲོག་ལ་མྱོགས། རག་མོ་སྙིང་རྩ་ནི་ལ་རྦད། ཨ་ཤུ་རྩ་རི་སྙིང་ཁྲག་རྔུབས། རུ་མུན་རོ་ལ་ཡི་ཡི་རྦད། ཏྲི་ལི་རྦད་ཙིསྟ་རྦད། ཡག་ཤ་གྲི་ཐུ༷་རི་ལ་རྦད་རོ་མྱགས་རྩ་ལ་ཐུམ་ལིང་ཏྲི་ཏ་མ་རྭ་ཡ་རྦད།དྲེལ་གཏོར་སྔགས་ཀྱི་སྦྱོར་བར་གཉིས། རྣོ་དབལ་ཀ་སྦྱོར་སྲོག་གི་སྤུ་གྲི་ལྟ་བུ་སྦྱོར་བ་འདི། ལི་བ་ནི་ལས་ལ་མངག་པར་བཤད། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བདུད་མོ་དམ་མ་ལ་སྒྲོལ་གྱིང་བཞི་དང་སྲིན་མོར་བཅས་པའི་སྦྱོར་བ་འདི་རྒྱས་པར་བཤད་དོ། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །དུར་ཁྲོད་ལ་སོགས་དབེན་གནས་སུ། །མཎྜལ་གྲུ་བཞི་ཁྲག་གིས་བྱུག །ཆོས་ཀྱི་ཕོ་བྲང་ཟླུམ་པོ་ལ། །འཁོར་ལོ་རྩིབས་བཞིས་རབ་ཏུ་མཛེས། །ཕྱི་ནང་སྐམ་རློན་ཐོད་པས་བསྐོར། །སྒོ་བཞི་གྲུ་ཆང་རྒྱན་དང་ལྡན། །རྒྱལ་ཆེན་ས་ཡི་ཕོ་བྲང་དུ། །མཐུན་པའི་རྫས་ནི་རབ་ཏུ་གྲགས། །སྐྲུ་ར་མ་ཏི་རཀྟ་སྙིང་། །ལི་ལི་སྐྲུ་ཏྲ་མ་ས་སྙིང་། །ཀུ་ཀུ་རཀྟ་སུ་པན་དག ལྕང་ལོ་མཐིང་ནག་ལྡན་པར་དགྲམ། །གླིང་བུ་ཀེང་རུས་མཐའ་མར་དགྲམ། །ཕོ་བྲང་ཞིང་བཅུ་རྒྱལ་མཚན་བཞི། །དེ་དག་བཀྲམ་ལ་བསྙེན་པ་བྱ། །དབུས་སུ་ལྷ་མོའི་རྟེན་བཞག་ལ། །དུག་མཚོའི་ནང་ནས་འགྱིང་བག་ཅན། །བེ་དྲོད་ཤོན་ནས་གཙོ་ལ་ལྟ། །རྩིབས་བཞི་བུར་བ་སྲིན་མོ་བཞིས། །སྒོ་བཞིར་ཕྱི་ཡི་སྒྲོལ་གྱིང་བཞི། །མདའ་བཞི་དར་གྱིས་བརྒྱན་ལ་གཟུག །གཤིན་རྗེའི་རྒྱལ་པོའི་སྐུར་བསྒོམས་ལ། །སྙིང་པོས་བསྐུལ་བས་དབུས་ཉིད་དུ། །ལྷ་མོའི་ཐུགས་ཀར་སྲུརུ་ལ། །མ་དང་བཅས་པའི་སྲོག་སྙིང་བསམ། །བར་མ་ཆད་པ་སྲོག་ནས་དྲངས། །སྲིན་མོ་བཞི་དང་སྒྲོལ་གྱིང་བཞི། །ཕོ་བྲང་འཁོར་དུ་འབུམ་སྡེ་ལྷགས། །དངོས་གྲུབ་རྣམ་གསུམ་འབེབས་ཤིང་སྟོན། །དེས་ནི་མཚན་མ་རྣམ་གསུམ་འབྱུང་། །རབ་དང་འབྲིང་དང་མཐའ་མར་འབྱུང་། །ནག་མོ་ཁྲོ་གཉེར་རལ་གཅིག་མ། །བཞིན་མི་སྡུག་པ་སྦ་ཐབས་བྱེད། །དཀྱིལ་འཁོར་དབུས་སུ་མེ་འབར་དང་། །རླུད་ཚུལ་མཐོང་དང་སེར་བ་འབྱུང་། །དེས་ནི་ཅི་འདོད་ལས་རྣམས་འགྲུབ། །མཚན་མ་དེ་དག་མཐོང་ནས་ཀྱང་། །དཀྱིལ་འཁོར་རྫས་ཀྱི་མཆོད་པ་པ་བྱ། །འདོད་པ་དག་ནི་འབྱུང་གྱུར་ན། །དྲག་པོ་ལས་ཀྱི་སྦྱོར་བ་བརྩམ། །དབུས་སུ་གྲུ་གསུམ་སྦག་མར་རྩིག ཁུ།་ཆད་བཞི་དང་ལྡན་པར་བྱ། །རྩ་དང་རྒྱ་སོལ་དེ་བཞིན་ལྡན། །གྲུ་གསུམ་སྦག་མའི་ནང་ལོགས་སུ། །མ་ར་ནི་ཡ་ལིང་ག་བརྣག འབའ་ཧུ་ཉུངས་ཀར་ཐོད་ཚལ་ཤར། །ལྷུམ་ཤིང་ཐལ་བ་ཉུངས་ནག་ལྷོ། །དུག་དང་རྨེ་ཁྲག་ལན་ཚྭ་བྱང་། །ཚ་ཚ་གནམ་ལྡིང་གུང་ལ་བརྡེག །དེ་ནས་བདག་ཉིད་ལུས་བསྒྱུར་ཏེ། །ཧ་ནག་པོ་མི་བསྲུན་མ། །མིག་གསུམ་གདོང་དང་ཁྲག་གིས་བསྐུ། །ཏྲི་ཤཱལ་བན་དམར་ཕྱག་ན་བསྣམས། །མཆེ་བ་གཙིགས་ཤིང་སྲོག་སྙིང་འདྲེན། །རྫས་ལ་བསྔགས་ལ་གཟུགས་ལ་བསྡེག སྲིན་མོ་བཞི་དང་སྒྲོལ་གིང་བཞི། །དམིགས་པའི་རྩ་དང་སྲོག་བཅད་ནས། ཁྲ་ལ་སྟོད་ཅིང་ཁྲག་ལ་འཐུང་། །དྲག་ཏུ་བསྐུལ་གྱིན་དགྲ་ལ་རྦད། །སྤོགས་ན་འཁོར་ལོའི་གནན་པ་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་གསང་སྔགས་འདི་བཏོན་ཏོ། །བཛྲ་ཀརྨ་ར་ག་ཤ་དུ་ཏྲི་ཧྲི་ཧྲི་ཛ་ཛ། དགྲ་བོའི་སྲོག་ལ་ལིང་ལིང་ཐུམ་ཐུམ་སྨྱོ། ཧ་ལ་ཧ་ལ་ཡམ་ཡམ་ཁམས་སུམ་མུགས། སྙིང་བ༷། ཁ༷་ཧ་ར༷་བ༷། རུ་ཏྲ། ་ག་ཐུམས། ར་ཏྲི་ཁ༷། དགྲ་བོའི་སྲོག་མྱ་ར་ཡ་རྦད། དགྲ་བོའི་སྲོག་ལ་ཐུན་མུགས་རྦད་སྨྱོ། སྟམ་བྷ་ཡ་ནན། སྒག་ཤིག་ཧལ་ཡམ། དགྲ་བོ་ཙིསྟ་གཟེར་ཐུན་རྦད། རག་མོ་ཀ་ལོ་བ༷་རིལ་དགྲ་བོ་ཙིརྟི་གཟེར་ཐུན་རྦད། རག་མོ་རག་ཤ་བྲེང་ཤག་དགྲ་བོ་ཙིསྟ་གཟེར་ཐུན་རྦད། རག་མོ་སྒག་ཤ་ཐུམས་དགྲ་བོ་ཙིསྟ་གཟེར་ཐུན་རྦད། རག་མོ་རྩ་ཐང་སྲོག་ལ་བྲེང་། དགྲ་བོ་ཙིསྟ་གཟེར་ཐུན་རྦད། ཐིབས་ཀམ་ཤག་དུན་དགྲ་བོ་ཙིསྟ་གཟེར་ཐུན་རྦད། ཧྲི་བ་ཙ་ཤུལ་ཡ༷་དགྲ་བོ་ཙིསྟ་གཟེར་ཐུན་རྦད། དུ་ཏྲི་བཛྲ་བ༷་རིལ་དགྲ་བོ་ཙིརྟི་གཟེར་ཐུན་རྦད། ར་ཏྲི་ཁ༷་ཙིསྟ་ཤག དགྲ་བོ་ཙིསྟ་གཟེར་ཐུན་རྦད། རྩིབས་བརྒྱད་འཁོར་ལོ་སྔགས་དང་ལྡན། །སྟེང་ལ་གཟེར་སྔགས་འོག་ལ་དྲིལ། ཁ་སྦྱར་བར་དུ་བརྣག་པ་གཞུག །ཐོད་པ་དང་བཅས་གནན་པ་བྱ། །ལས་རྣམས་ཀུན་གྱི་མཆོག་ཏུ་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྒྲོལ་གྱིང་དམར་པོ་ལས་ལ་བསྔགས་པའི་སྦྱོར་བ་འདི་བཤད་དོ། །ལྷ་འདྲེ་ཆེ་ལ་དབེན་པའི་སར། །ཁྱི་དམར་ར་དམར་བྱ་དམར་སྙིང་། །སྐེ་ཚེ་ཉུངས་ཀར་ཉུངས་ནག་དང་། །ཟངས་ལྕགས་རྡོ་ཡི་ཕྱེ་མ་ཐུན། །དྲི་མ་དྲུག་གི་ལིང་ག་དང་། །ཕུར་པ་བཤོས་བུ་མདའ་དམར་དར། །བཤམས་ལ་སྔགས་སྤྲོ་སྒྲོལ་གྱིང་དགུག །དམར་པོ་བསྲེ་ཁྲབ་བསྲེ་རྨོག་གོན། །ཙིསྟ་ཟངས་གྱི་ལག་ན་ཐོགས། །བཀའ་གནོད་ཕྱག་བྱེད་དགྲ་ལ་རྦད། །འབྲུབ་ཁུང་བཀུག་ལས་ཐུན་གྱིས་བྲབ། །བསད་ལ་ཐོད་པ་ལིང་ག་གནན། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་སྔགས་འདི་ཕྱེ་སྟེ་བཏོན་ཏོ། །ཨོ་གིང་ཀྭ་ར་ཨག་ཤ་གྲི་བ་གྱིང་མོ་སྙིང་ཁ་རགཧྲོ་ཏྲ་ཏྲོ་ཏ་ནི། པ་ཏྲ་པ་ཏྲ། ཤུ་ལ་ཤུ་ལ། འདའ་ཤ་གྲི་བ་མ་རྭ་ཡ་ཧཱུཾ༷་ཛ། ཏྲི་ཏི་ཏྲི་ཏི། དོར་དོར་ཤ༷་ཤ༷་རྩ་ལ་ཡ༷ སང་སང་ཏྲི་ད་དུམ་སྨྱོ་ཡ། ཏྲི་ཏྲི་ལིང་རྦད། ར་ཏྲི་རྦད། ཏྲི་དུ་རྦད། ཡུ་ཏྲི་ཡུ་ཏྲི་རྦད། དུན་ཏྲི་ཤག་ཏྲི་དགྲ་བོའི་སྲོག་ལ་ཡ༷་རྦད། ཟླ་གཅིག་བདུད་དང་དགུ་རུ་སྦྱར། །སྲོག་བདག་སྤུ་གྲིའི་སྦྱོར་བར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་མ་མོ་ཐམས་ཅད་གཟིར་ཟིང་སྲོག་དབྲོག་པའི་སྦྱོར་བ་འདི་བཤད་དོ། །དངོས་གྲུབ་འདོད་པ་ལས་བརྩམས་དང་། །འབྲས་བུ་མེད་དང་ཆོ་འཕྲུལ་མང་། །སྙིང་མི་དགའ་ཞིང་འཁོར་དུ་སྐྱོན་བྱུང་ན། །ལས་ཀྱི་མཐའ་འམ་བར་བར་སྦྱོར་བ་བརྩམ། །དེ་ཡང་གསུམ་དེ་མ་མོ་ཉམས་པ་ན། །རང་བཞིན་བཙན་ཐབས་དྲག་པོ་གཟིར་དང་གསུམ། །དང་པོ་ཕྱག་རྒྱ་ཆེན་པོ་ཡ་མའི་སྐུ། །ནག་པོ་འཇིགས་ཚུལ་དུར་ཁྲོད་ཆས་དང་ལྡན། །ལྕགས་ཀྱུ་ཕུར་པ་ཐོགས་པའི་སྤྲུལ་པ་ཡིས། །མ་མོ་བཀུག་ལ་སྙིང་ཁ་མགྲིན་པ་སྲ །གཟུང་ཞིང་གཟིར་ལ་བསྙེན་པ་སྟོང་དང་བཅས། །གཉིས་པ་མ་མོ་གཟུགས་བྱས་ལ། །སྙིང་ཁར་སྙིང་པོ་མཐའ་མ་སྔགས་ཀྱིས་བསྐོར། །སྟོང་བཟླས་གཤིན་རྗེའི་ཕུར་པས་གཟིར་ཞིང་བསྡིགས། །མ་མོའི་མདངས་ཕྲོགས་བཀའ་ནན་འདར་ཞིང་ཕྱག །བསྒྲོ་བ་ལས་ཀྱི་གཉེར་གཏད་བཅོལ། །དྲག་པོ་ལས་ཀྱི་མཐའ་རུ་གཟིར་བ་ནི། །དུར་ཁྲོད་ཤིན་ཏུ་དབེན་པའི་བདེ་གནས་སུ། །དཀྱིལ་འཁོར་གྲུ་གསུམ་སུམ་བརྩེགས་མེ་རི་ཅན། །བར་ཁྱམས་ཟླུམ་པི་གྲུ་ཆད་བཅས། །ནེ་ལེའི་རྒྱན་དང་དམ་རྫས་གཏོར་མ་བཤམ། །མཐིང་གུར་ལེ་བརྒན་དམར་པོའི་ཡོལ། །གྲུ་གསུམ་དབུས་སུ་ལྕགས་ཕུར་ཡ་མར་བསྐྱེད། །སྐུ་ཡི་སྔགས་བྲི་རྩེ་མོར་ཛ་ཕཊ་ནན། །བྱང་ཤར་རྩེ་མོར་མ་མོ་དུར་ཁྲོད་བྲི། །སྙིང་ཁར་མ་དང་རང་གི་བསྙེན་པས་བསྐོར། །དེ་ཡི་མཐའ་མར་སྐུ་ཡི་བཅུ་བདུན་པས། །རྩེ་མོ་གཉིས་ལ་བརྣག་པའི་གཟུགས་དང་ཐུན། །སྔོན་དུ་བཀུག་ལ་གཟུགས་དང་མ་ལ་བསྟིམ། །གཉིས་པས་གཟིར་ཞིང་ལྕགས་ཕུར་ཡ་མས་བསྡིགས། །གསུམ་པས་བཀྲག་མདངས་འཕྲོ་བའི་དབང་དུ་བསྡུ། །བཞི་པས་གསོལ་ལ་དམ་ཚིག་མནའ་ཆུ་བླུད། །གཏོར་མ་རག་ཏ་བདུད་རྩི་བཏབ་ཅིང་མཆོད། །སྲོག་དབྲོག་དབྱིག་བསྐྱེད་ཐུན་བརྡེག་ལིང་ག་གཏུབ། །ཟོར་དལ་མཐའ་རུ་སྦྱིན་སྲེག་མནན་པ་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་འཕྲེ༷ང་བ་འདི་བཏོན་ཏོ། །ཡ་མ་ཨེ་ཀྲམ་ཀ་པ་ཡེ་དུ་རུ་ཡེ་ར་ག་ཤ་རག་མོ་མ་སྲོག་ལ་ཛ་ཛ། གཟིར་ནན་ཐུ་མ་རིལ། ཡ་མ་རག་ཤ་དུ་རུ་ཡེ་བྱ་ཚ་ཡེ་ཨ་པ་ཡེ་ཀ་པ་ཡེ་བྲི་ད་ཡེ་མ་མ་སྲོག་ལ་དུན་དུན་ཛ་གཟིང་ནན། ཤི་ཨ་ཀྲོ་ཡ་མ་ཡ་མ་མ་སྲོག་ལ་བྲེང་བྲེང་། ཛ་མ་མོ་སྲོག་ལ་ཏྲིག་ནན་རྦད། ཡ་མ་ས་མ་ཡ་ཏྲག་རག་ཤ་ཁ་ར༷་དུན་ན་པུ་ཙ་ཁ་ཁའི། མ་མ་རག་མོ་སྲོག་ལ་རྨུགས་ཏེ་ཁ་ར༷་ཤ་རུ་ཐུམས་ཙིསྟ་བྲེང་བྲེང་ཤག་ཤག་ཛ། མ་མོ་ལས་ཀྱི་མཐར་སྡུད་འདི། །སྦྱོར་བ་མཆོག་གི་རྒྱལ་པོ་ནི། །སྦྱོར་བ་གཞན་ཚོགས་རྒྱས་པ་ཀུན། །རང་རང་བསྒྲུབ་པའི་ལས་གཞུང་བཙན། །ལས་ཀྱི་མཆོང་ཆེན་དྲག་པོ་འདི། །ནག་པོ་སྟོབས་ཀྱི་སྦྱོར་བ་ཡིན། །མ་མོ་མི་ལྡོག་གསང་བ་ཡི། །སྦྱོར་བ་བཞི་དང་ལྡན་པར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གཤིན་རྗེའི་འཁོར་གནོད་སྦྱིན་དྲེགས་པ་ཅན་ཐམས་ཅད་གཟིར་ཞིང་སྲོག་རང་དབང་མེད་པར་དབྲོག་པའི་སྦྱོར་བ་འདི་བཤད་དོ། །ཁྲོ་བོའི་དཀའ་ཐུབ་ལྡན་པ་ཡིས། །རྩུབ་འགྱུར་བདེ་བའི་རྒྱུད་གནས་སུ། །མཎྜལ་མདའ་གང་ཁྲག་གིས་བྱུག །དབུས་སུ་གྲུ་གསུམ་སུམ་བརྩེགས་ལ། ཁ་ཁྱེར་དང་པོ་རྩང་གིས་བསྐོར། །བར་མ་འགྱིང་ཕུར་གསུམ་དང་ལྡན། །ཐ་མ་ཟོར་ཐུན་རྫས་ཀྱིས་བསྐོར། །དཔལ་གཏོར་ལྷོ་རུ་ཐུན་རྫས་བྱ། །ས་མར་མཁར་སྒོངས་པུང་ཤུལ་ས། །ས་སྦྱིན་བསྲེས་ལ་གང་བྱེད་གཟུགས། །མཛུབ་གང་དབང་པོ་དོད་པ་ཡི། །སྙིང་ཁར་གྲུ་གསུམ་སོར་གཅོག་འབྲུ། །གྲོ་ག་འམ་ནི་ཤོག་བུ་ལ། །གང་བསྒྲུབ་སྙིང་པོ་འབྲུ་རེ་བྲི། །མཐའ་མ་བསྙེན་པའི་སྔགས་ཀྱིས་བསྐོར། །དྲིལ་ལ་སྙིང་ཁའི་དོང་དུ་གཞུག །སྟེང་དུ་བཤོས་བུ་མཐོ་གང་བཞག །དམ་རྫས་ལ་སོགས་དཀོར་ཆས་བསྐོར། །གསུར་དང་རཀྟ་མཆོད་པ་བཤམ། །བདག་ཉིད་གཤིན་རྗེའི་སྐུར་བསྒོམས་ལ། །ལྷ་ཡི་བསྙེན་པ་ཁྲི་འབུམ་བྱ། །གང་བསྒྲུབ་སྲོག་དྲང་སྙིང་ཀར་བསྟིམ། །དབང་དུ་བསྡུས་ལ་ཕྱག་རྒྱས་གནན། །གཟུགས་ལ་ཕབ་ལ་དྲག་ཏུ་གཟིར། །འགྱིང་འཕུར་ཁྲོ་བོའི་སྐུར་བསྒོམས་ལ། །དྲིལ་ཞིང་བསྡིགས་ལ་སྙིང་ཀར་བརྡེག །མདངས་དང་ཕྲལ་ལ་འདར་བར་བསམ། །སྔགས་པའི་འོག་ནས་བཀའ་ནོད་ཅིང་། །ཅི་བགྱི་ལས་ཀྱི་དམིགས་སྟོན་སྨྲ། །རང་དབང་མེད་པར་སྲོག་ཕྲོགས་ལ། །ཁྲོ་བོའི་ཐུགས་ཀར་བཀྲག་མདངས་བསྡུ། །དེ་ནས་སྙིང་ཁའི་སྔགས་བཏོན་ལ། །བདུད་རྩི་བཏིགས་ལ་བསྙེན་པ་གསོ། །སྙིང་ཁར་གནག་པའི་མིང་ཡང་གཞུག །གཟུགས་དེ་བསླང་ལ་དགྲ་ལ་བསྟན། །ཉིན་མཚན་རྦད་དང་གསད་པའི་ལས། །ཞག་གྲངས་དགུ་ཡིས་རྫོགས་པར་བྱ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་སྔགས་འདི་ཕྱ་སྟེ་བཏོན་ཏོ། །ཡ་མ་ས་མ་ཡ་རུ་ཙ་ད་ན་དི་ཐུམས་ཏྲི་ཤ་པི་ར་སྲོག་ལ་དུན་དུན་ཧཱུཾ༷་ཛ་ཛ། ཡ་མ་ཀ་ལི་ཨ་པ་ཡེ་ཨ་ནེ་ཨུ་ནེ་ཐུམ་ལིང་ཨ་མུ་ཀ་སྲོག་གཟིར་ཏྲིག་ནན་རུ་ཐུ༷། ཨོ་ཨ་ཀྲོ་དྷི་ཏི་ས་མ་ཡ་ཡ་མ་ཡེ་ཨ་མུ་ཀ་དུ་གྲམ་སརྦ་ཙིསྟ་བྲེང་ཤག་སྲོག་ལ་དུན་དུན་ཐུམ་རིལ་ཛ་ཛ། གང་སྒྲུབ་ལས་ཀྱི་དམིགས་དང་སྦྱར། །དྲེགས་པ་གཟིར་པའི་སྦྱོར་བར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །རྣོ་དབལ་ཁ་སྦྱོར་གསང་བ་དོན་གྱི་ལེའུ་སྟེ་བརྒྱ་བཅུ་བཞི་པའོ།། །།ཡང་བཅོམ་ལྡན་འདས་ལ་སའི་ལྷ་མོས་ཞུས་པ། ཡེ་ཤེས་ལྷ་དང་ལས་བྱེད་ཀུན། །སྙིང་པོ་སྲོག་བསྡུས་དམོད་པ་ལ། །དྲག་པོའི་སྦྱོར་བས་གསད་པ་དང་། །གསོ་བའི་ལས་དང་སྙིང་གཟེར་གྱིས། །ཀླུ་གཉན་ས་བདག་ཇི་ལྟར་གཟིར། །དྲག་པོ་མངོན་བྱུང་རྒྱས་པར་མཛོད། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་པོ་དམོད་པ་རྒྱས་པར་བཤད་དོ། །ཉམས་དགའ་དབེན་པའི་ས་ཕྱོགས་སུ། །དཔའ་བརྟུལ་སྔགས་ཀྱི་དམོད་པ་བོར། །ཤོག་བུ་གྲུ་བཞི་མཐོ་གང་ལ། །ཐིག་སྐོར་བཞི་དང་ལྡན་པར་བསྐོར། །གྲུ་གསུམ་བླ་སེམས་མིང་དང་རུས། །ཕྱི་རིམ་འཁོར་ལོ་རྩིབས་བཅུ་གཉིས། །རྩ་བའི་སྙིང་པོ་མེ་རླུད་སྐྱིན་དང་གནས། །དེ་ཡི་ཕྱི་རིམ་མུ་ཁྱུད་ཟླུམ་པོ་ལ། །སྒྲུབ་པ་གཞན་གྱིས་རྦད་དག་གསད་པའི་སྔགས། །ཡང་ལོགས་འཁྲུལ་མིག་ལྕགས་འཁོར་བཅུ་གཉིས་ལ། །རལ་གྲི་རྡོ་རྗེ་རྒྱ་གྲམ་བསྣོལ་མར་གནས། །རལ་གྲི་གསོད་པའི་སྐྲུ་གྲི་རྒྱ་གྲམ་གནོན་པས་མཛེས། །དེ་ཉིད་རུ་སྦལ་ཁྲ་བོའི་ལྷོ་བར་བྲི། ཁ་སྦྱོར་བཅས་ལ་དུག་དང་ཁྲག་གིས་བྱུག མཚོན་ཆའི་མཚམས་དང་ཟླ་ཁམ་གྲུ་གསུམ་ལ། །བརྣག་པའི་མིང་རུས་བཱ་ར་ཡ་རྦད་བྲི། །སྔོན་དམར་དང་བཅས་ཐོད་པའི་ནང་དུ་གཞུག །ཕོ་ཐོད་ནང་དུ་མ་ར་ཡ་རྦད་བྲི། །ཐོད་པའི་འོག་མར་བརྣག་པའི་མིང་རུས་བྲི། །རྩང་བཅས་གྲུ་གསུམ་ཁ་ཁྱེར་སུམ་བརྩེགས་གཞུག །ཚེ་བདག་བསྒོམས་ལ་ཡེ་ཤེས་འཁོར་ལོ་བཅའ། །ཞག་གསུམ་དྲག་སྔགས་དམོད་པ་རྔམ་ཚིག་ལྡན་པར་བཟླས། །བར་བར་དྲག་ཏུ་བསྐུལ་ཞིང་བརྣག་པའི་རྒྱུད་ལ་རྦད། །དེ་ནས་ཉིན་གཅིག་ཐོད་པ་གཟིར་ཞིང་བཅའ། །འཁོར་ལོ་རུ་སྦལ་ཕག་མོའི་ཐོད་པར་བཅའ། །དར་དང་རེ་བ་སྐུད་པས་ཐོད་པ་བསྡམ། །ཀླུ་གཟིར་གདུག་པའི་གཉན་ལ་ཐོད་ཁར་གདབ། །དམར་ཐག་ཆོད་ནས་ནམ་པྱེད་ཚུན་ཆད་དུ། །ཚེས་གཅིག་བདག་དང་བཅུ་རུ་དུས་སུ་གནན། །ས་ཆུ་འབྱུང་བ་བཞི་ཡི་ལྟོ་གཤགས་ལ། །ཁྲུ་དོ་བརྐོས་ལ་ཐོད་པར་དེ་བཞིན་གནན། །སྟེང་དུ་འ་་བ་བཞི་དང་རི་རབ་ཕོ་བྲང་བསྐྱེད། །སྔགས་བཟླས་དཔང་གཟུགས་ཕྱག་རྒྱའི་བརྗིད་ཀྱིས་མནན། །ཟླ་བརྒྱད་ལོམ་ནས་རུ་ཏྲ་བརླག་པ་བཞིན། །ཉ་སྟོང་དག་ན་དམོད་པས་དྲག་ཏུ་གསད། །དྲག་སྔགས་དམོད་པ་རྩ་བའི་སྦྱོར་བ་འདི། །ཞི་ཁྲོ་གཤིན་རྗེ་ཕུར་པ་མ་མོ་དང་། །བདུད་དང་མུ་སྟེགས་རྒྱལ་པོ་ཐེ་རང་བཙན། །གནོད་སྤྱིན་སྲིན་པོ་ལྷ་མི་དུད་འགྲོ་སྲི། །ཀླུ་གཉན་ས་བདག་དཀོར་སྐྲུངས་གྲུམ་བུམ་གྱི། །ལས་དང་སྲོག་གི་སྙིང་པོ་བཅུད་དུ་བསྡུས་ནས་དྲེལ། ཁྲེས་རབ་རྩལ་དང་བཏུལ་ཞུགས་ལྡན་པས་སྦྱད། །བློ་ཆུང་རྟོག་པས་རང་འཚིང་མནར་མེད་མྱོང་། །ལྷ་སྲིན་ཀུན་གྱིས་མཐུ་དྲིལ་དྲག་པོར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལོ་ཏོག་གཞོམ་པའི་སྦྱོར་བ་འདི་རྒྱས་པར་བཤད་དོ། །དུར་ཁྲོད་རས་སམ་ཤོག་བུ་གྲུ་བཞི་ལ། །དབུས་སུ་རུ་སྦལ་ཁོང་སྟོང་དབྱིབས་དང་ཟླུམ་པོར་བྲི། །ཡན་ལག་ལྔ་དང་མཇུག་མ་ལྟོ་བ་ནས། །གཅོད་པ་དྲག་པོའི་འཁོར་ལོ་རྩིབས་བཅུ་གཉིས། །བྱུང་བར་བྲིས་ལ་རྩ་བའི་དྲག་སྔགས་དགོད། །དེ་ཡི་ཕྱི་རིམ་འཁྲུལ་མིག་བཅུ་གཉིས་ལ། །སྲོག་བཞི་གནད་ཀྱི་འབྲུ་དང་ཆུ་དྲིལ་དབབ་པར་དགོད། །སྦལ་པའི་ལྟོ་བའི་དབུས་སུ་ཡུལ་གྱི་མིང་དང་སེར་བ་༄༅ ཕོབ་ཅེས་བྲི། །བྱང་ཁོག་སྟོད་དུ་གཟའ་ཡི་གཟིར་སྔགས་བྲི། །མཇུག་མར་ཡུལ་ལྷ་དེ་བཞིན་གཟིར་སྔགས་བྲི། །ལྟོ་བ་གཡས་སུ་མ་མོའི་གཟིར་སྔགས་བྲི། །ལྟོ་བ་གཡོན་དུ་ས་བདག་ཀླུ་གཉན་གྱི། །རང་གནད་གཟིར་ལ་དབབ་པའི་དྲག་སྔགས་བྲི། །མཚོན་ཆ་དུག་དང་ཁྲག་གི་ངར་བླུད་ལ། །སྦལ་པ་ཕོ་མོའི་སྦྱོར་བ་ཐོད་པའི་ནང་དུ་གཞུག །དགུན་ཟླ་གསུམ་གྱི་ཉ་སྟོང་ཉིན་ཞག་ཕྲུགས་རེ་བཟླས། །དཔྱིད་ཟླ་གསུམ་ལ་ཞག་གསུམ་ཆུ་དྲིལ་བཟླས། །དབྱར་ཟླ་གསུམ་ལ་རྟེན་བཞི་ལེགས་བཅས་ལ། །ཐོད་པ་དུང་ཕུར་ཁྲག་དང་དུག་ཆུ་བླུགས། །ཉ་དང་སྟོང་ལ་ཉིན་ཞག་ལྔ་རུ་བཟླས། །ཐ་ཆུངས་སྟོང་ལ་རྟ་མ་རྟེན་ལ་གཞུག།རྩེ་སྐད་དབུས་དང་ཁ་འདྲེན་ཚུལ། །ཟོར་ཐབ་དུ་བ་དྲག་པོས་གཟིར། །ཚིག་གསུམ་བྲུན་གསུམ་སྦྱོར་བའི་རྫས། །དྲག་སྔགས་ལུས་ལ་སྲོག་བཞིས་གཟིར། །གཟའ་དང་མ་མོ་ལྷ་བཙན་དང་། །ས་བདག་ཀླུ་གཉན་གཟིར་ལ་དབབ། །དྲག་པོ་ཐོག་སེར་འཁོར་ལོར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྦྱོར་བ་དྲག་པོས་གསད་པའི་འཁྲུལ་འཁོར་འདི་བཤད་དོ། །ཡང་དག་གསང་བའི་སྦྱོར་བ་ནི། །སེམས་ཉིད་དབེན་པའི་བདེ་གནས་སམ། །དུར་ཁྲོད་གཉན་ར་གདུག་པ་སྲ །དུར་ཁྲོད་དར་རམ་ཞིང་རས་ལ། །མུ་ཁྱུད་བདུན་དང་ལྡན་པས་བསྐོར། །དབུས་སུ་གྲུབ་གསུམ་དྲག་པོ་ལ། །གཟས་པ་ཕོ་མོའི་མིང་རུས་བྲི། །ཟླ་ཁམ་གསུམ་ལ་སྲུང་བའི་ལྷ། །མཚོན་ཆ་འཁོར་ལོ་རྩིབས་བཞི་ལ། །འདྲེན་པ་སྟོབས་ཀྱི་འབྲུ་བཞི་དགོད། །ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ། །ཁྲོ་བོའི་སྟོབས་ཀྱི་འབྲུ་གཅིག་དང་། །ཚེ་སྲོག་སྡུད་པའི་སྙིང་པོ་གཅིག ཁོང་ཁྲག་འབྲེལ་བའི་འབྲུ་ལྔ་ལ། །རླུད་གི་སྙིང་པོ་ལྡན་པར་དགོས། །ཕྱི་རིམ་མུ་ཁྱུད་བཞི་པ་ལ། །རིགས་བཞི་སྦྲུལ་གྱིས་ཆུན་འཁོར་བྱ། །གསེབ་ཏུ་གནན་པའི་སྐྲུ་གྲི་དགོད། །ལྔ་པ་ཐོད་པའི་འཕྲེང་བ་ལ། །འཕེན་པ་ཐུན་གྱི་སྐྲུ་གྲི་དགོད། །དྲུག་པ་སྲེག་པའི་མེ་རི་ལ། །གསོད་ཅིང་གཅོད་པའི་སྤུ་གྲི་དགོད། །དེ་དགཚེ་གྲོག་འཆང་བ་ཡི། །རུ་སྦལ་ལྟོན་གནད་པའོ། །སྲོད་གསུམ་ལྟོ་བར་འཆང་ཅིང་གསད། །ཚེ་སྲོགས་བདག་པོའི་ལྟོ་བ་ན། །མི་འགྱུར་གནས་པ་སྔོན་དུ་བཅའ། །ཐོད་པ་རྒྱ་གྲམ་མེ་རིའི་འོག །སྦྱོར་བ་གཞན་ཚོགས་སྔ་མ་བཞིན། །དྲེགས་པ་སྟོབས་ཀྱི་སྦྱོར་བར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གནས་པའི་འཁོར་ལོ་འདི་རྒྱས་པར་བཤད་དོ། །བསམ་གཏན་སེམས་ཀྱི་འཁོར་ལོ་འདི། །ཚེ་བདག་ཐུགས་ཀར་གསོད་བྱེད་གནས། །དེ་ཐུགས་རྡོ་རྗེ་འཆང་ཆེན་པོ། །དྲེགས་པ་དེ་ཐུགས་སྲིད་པའི་མཛོད། །རུ་སྦལ་མི་ཟན་རྩ་བཞི་ལ། །སྦུབས་ན་ཁོང་ཁྲག་འབྲེལ་པའི་འབྲུ། །ནང་གི་མདུད་པ་འདྲེན་པའི་སྟོབས། །ཕྱི་ཡི་མདུད་པསྤྲུགྲིམཚོན། །རྩབྲནབརྒྱད་ལ་བསྲུང་བའི་མཆོག སྟེང་སྒོར་སྙིང་ལ་འོག་སྒོར་དུན། །ཆོས་ཉིད་ཁྲག་ཅེས་ཡོན་ཏན་ར། །ཡེ་ཤེས་ན་སྟེ་རང་རྒྱུད་རྩ། །ཆོས་ཉིད་རྩ་མདུན་ཨེ་གནས་ཡིན། །དེ་བཞིན་ཡོན་ཏན་བཀའ་འབྲུ། །ཡེ་ཤེས་ཡ་ལས་རང་རྒྱུད་མ། །བཞི་བརྒྱ་རྩ་མདུད་བཞི་པོ་ལ། །གསད་པ་མཆོག་གི་སྐྲུ་གྲི་གནས། །ཕྱི་ཡི་རྩི་བྲན་བརྒྱད་པོ་ལ། །གཟིར་གཤིག་བྱད་གྲོལ་ཞེན་པ་བཟློག དུག་དབྱུང་གསང་ལམ་དྲག་པོར་གཟིར། །སྙིང་གཟེར་དག་དང་སྐྲུ་གྲི་བརྒྱད། །ནང་གི་མཚམས་བཞི་སྲོག་བཞི་གཟིར། །ལོ་ཐོག་འཇོམས་པའི་སྤུ་གྲི་གནས། །གསང་མཛོད་དབུས་ན་ཀུན་གྱིས་སྲོག །སྙིང་པོ་འབྲུ་རེ་བཀྲག་མདངས་འཆང་། །སྲོག་ཤིང་དམར་ནག་ཡ་ཡི་སྟོབས། །མེ་ཆུ་རླུད་གིས་འགུགས་ཤིང་འབྱེད། །འདུ་བའི་ནད་སྨིན་སྲེག་ཅིང་གཅོད། །རྣལ་མས་གསད་པའི་འཁོར་ལོ་ནི། །ཐ་ཆུང་བཞི་ཡི་མར་ངོ་ལ། །ཉམས་དགའ་དུར་ཁྲོད་དབེན་གནས་སུ། །དུར་ཁྲོད་རྫས་སམ་ཤོག་བུ་ལ། །སྨེ་བ་དང་ལྡན་འཁྲུལ་འཁོར་བྲེ། །མུ་ཁྱུད་བཞི་བསྐོར་གྲུ་གསུམ་དབུས། །ཕྱི་རིམ་རྩིབས་བཞི་སྲོག་ལས་བསྡུས། །རྔམ་པའི་འབྲུ་དང་བདུད་ཀྱི་འབྲུ། །འབྲུ་བཞི་བཀོད་པ་མཚོན་ཆའི་མཁར། །དེ་ཡི་ཕྱི་རིམ་རྩིབས་བརྒྱད་ལ། །མིང་གི་སྙིང་པོ་འབྲུ་གཉིས་དང་། །ཁོང་ཁྲག་འབྲེལ་བའི་འབྲུ་དྲུག་དགོད། །ཕྱི་རིམ་འཁྲུལ་མིག་བཅུ་བཞི་ལ། །མིང་བཅས་སྐྲུ་གྲིས་གསོད་ཅིང་གནོན། །གཞན་གཟིར་གསང་བའི་འབྲུ་བཅུ་བཞི། །དགོད་པ་གནས་མཐུན་ལྟོ་སྦྱོར་དགོད། །ཕྱིར་རིམ་རིགས་བཞི་སྦྲུལ་གྱིས་བསྐོར། །དེ་བཞིན་རུ་སྦལ་ལྷོ་རུ་བྲི། །རྒྱུ་རྟེན་རྫས་དང་སྦྱར་ལ་བསྐུ། །སྦྱོར་བ་གཞན་ཚོགས་སྔ་མ་བཞིན། །རྣལ་མས་གསད་པའི་སྤྱོར་བར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལྟོ་དཀྲུགས་སྤོགས་པའི་སྦྱོར་བ་འདི་བཤད་དོ། །དཔའ་བོ་རྣེལ་གྲིའི་གོས་དག་ལ། །རིམ་པ་བཞི་དང་ལྡན་པར་བསྐོར། །དབུས་སུ་གྲུ་གསུམ་བརྣག་པའི་གཟུགས། །འཁྲུམ་མིག་བཞི་ལ་ཨེ་དང་དུན། །ཧེ་དང་ཀ་ཏེ་འབྲུ་བཞི་དགོད། །ཡང་ལོགས་འཁྲུལ་མིག་བརྒྱད་པོ་ལ། །ཁྲག་སྙིང་རྩ་མ་ཡ་ད་ར། །མཚོན་ཆའི་རྩེ་མོ་བཅུ་གཉིས་ལ། །གཅོད་ཅིང་གནོན་པ་དེ་བཞིན་དགོད། །སྦྲུལ་བཞི་དེ་བཞིན་རུ་སྦལ་ལྟོར། །ཉིན་མོ་གཡས་ནས་དྲག་སྔགས་བཟློག །ནུབ་མོ་དེ་བཞིན་གཡོན་ནས་བཟློག བར་ཁྱམས་གླིང་བར་མིང་རུས་གཟུགས། །བརྣག་པ་ཀུན་འཇོམ་དྲག་པོའི་ལས། །ལྟོ་དཀྲུགས་སྦོབས་པའི་འཁོར་ལོར་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁྲུལ་འཁོར་དེ་དག་གི་ཐོད་པ་བཅའ་བ་འདི་བཤད་དོ། །ཐབས་དང་ཤེས་རབ་ཐོད་པ་ལ། །སྟེང་དུ་རྡོ་རྗེ་རྒྱ་གྲམ་དང་། །རི་རབ་རུ་སྦལ་མེ་རི་བྲི། །སྙིང་པོ་འབྲུ་བདུན་ནན་གྱིས་བསྐོར། །ཐབས་ཀྱི་ཐོད་པ་སྟོབས་དཔག་མེད། །འོག་མ་གྲུ་གསུམ་བཞི་དང་སྐྲུལ། །རིགས་བཞིའི་ཚུལ་དུ་སྐེ་བསྣོལ་བསྡམ། ཁ་ཁྱེར་གདུག་པ་ཆེན་པོས་བཅིངས། །ལིང་ཀ་མིང་རུས་ཁམས་དང་རིས། །ཕ་མེས་ལ་སོགས་ལོ་སླུངས་བྲི། །སྙིང་པོ་ར༷་ཡ༷་ལ༷་གྱིས་བསྐོར། །དུག་ཆུ་ཚ་བ་མྱོས་པའི་ཁྲག །བསྐུས་ལ་འཁྲུལ་འཁོར་བར་དུ་གཞུག ཚས་ཆས་སྦྱོར་བ་སྔ་མ་བཞིན། །དྲག་པོ་ལས་ཀྱི་གསད་པ་ཡིས། །སྦྱོར་བ་ཀུན་ལ་སྤྱོར་བར་འོས། །གནན་པ་ཐོད་པའི་འཁོར་ལོརབཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུཀུས༷་ལས་རྩ་བ་དྲག་པོའི་སྔགས་འདི་བཏོན་ཏོ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། །དགྲ་བོའི་སྲོག་ལ་མྱོགས་མྱ་ར་རྦད། །དགྲ་བོའི་སྲོག་སྟམ་པ་ཡ་ནན། །དགྲ་བོའི་སྲོག་ལ་དུན་སྨྱོ། །མ་ཧྭ་དེ་བ་ས་ནཱ་ག་ཕྲོ་ཕྲོ་ཤར་ཤར་ཧྲིལ་དྲག་ཏུ་ཕོབ། །མ་མ་ཁ་ལ་རག་ཤ་རག་མོ་ཤར་གཟིར་ནན་ཕོབ་ཡ། །ར་ཧུ་ལ་བི་བི་ཤར་ཤར་ནན་གཟིར་ཕོབ་ཡ། །ས་ནཱ་ག་ར་ཧུར་ཐུམས་གཟིར་ཤར་ཤར་ཕོབ་ཡ། །དེ་བ་ཡུ་ནན་གཟིར་ཤར་ཤར་ཕོབ་ཡ། །ཨེ་དུན་ཧེ་ཀ་མ་ཡ་ཁྲག་སྙིང་ཙ་མྱ་ར་ཡུ་ར་ཡ། །འདི་དག་བསད་པ་དྲག་པོ་སྟེ། །ཉེ་བར་གྱུར་པའི་སྦྱོར་བ་ཡིན། །དྲག་པོ་ལས་སྟོབས་དགོད་ཀྱི་སྔགས། །སྦྱོར་བ་ཀུན་གྱི་རྩ་བར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསོ་ཞིང་བསྲུང་པའི་སྦྱོར་བ་འདི་བཤད་དོ། །གབ་ང།་སྔོན་བྱུང་སྦྱོར་བའི་རྒྱལ་པོ་ལས། །ཁྱད་པར་བྱས་པ་གཤིག་ཅིང་སྦྱོར་བ་གཤོམ་པ་དང་། །ལས་དང་ནུས་པའི་སྟོབས་རྣམས་གཟིར་བ་ནི། །དྲག་པོ་མཚོན་ཆའི་འཁྲུལ་འཁོར་བཅས་པས་འགྲུབ། །མུ་ཁྱུད་གསུམ་བ་རུ་སྦལ་ལྟོ་བར་བཅའ། ཁྲུ་གསུམ་དབུས་སུ་གང་དམིགས་མོང་རྣམས་བྲི། །ཕྱི་རིམ་དྲག་པོ་ལུབྲུལ་མིག་བཅུ་པ་ལ། །ཨེ་ནས་གྲངས་ལ་ཡ་ཡི་བར་དུ་དགོད། །དེ་ཡི་ཕྱི་རིམ་མཚོན་ཆའི་རྩེ་མོ་བཅུ། །གཤིག་པ་དྲག་པོ་སྐྲུ་གྲིའི་འབྲུ་བཅུ་དགོད། །དུག་དང་ཚ་བ་ཁྲག་གིས་ཞབྲུལ་འཁོར་བསྐུ། །མིང་དང་སྙིང་པོ་བྲིས་ལ་ཐོད་པར་གཞུག མདུན་ནས་ལྔ་རུ་སྔགས་བཟླས་མཐའ་རུ་གནན། །དྲག་པོ་བྱས་པ་གཤིག་པའི་འཁོར་ལོར་བཤད། །ཟུག་པ་དབྱུང་བའི་འུབྲུལ་འཁོར་ནི། ཁུ་དང་སྦྱོར་བ་གཅིག་ཏུ་བྱ། །མུ་ཁྱུད་གསུམ་སྐོར་དབུས་གྲུ་གསུམ། །ལྕགས་མཁར་དྲུག་གཉིས་གཅིག་གི་མཐའ། །རྩ་བའི་དྲག་སྔགས་ཐམས་ཅད་ལྡན། །སྐྲུ་གྲི་སྦྱོར་བ་སོ་སོར་བསྡེབ། །ཕྱི་རིམ་བཅུ་གསུམ་སྤུ་གྲི་དགོད། །ངར་བཅས་སྦྱོར་བ་ཐོད་པར་བཅའ། །ཐུན་བརྡེག་ཀུན་འབྱིན་ཐུན་དང་བསྡེབ། །ཟུག་པ་འབྱིན་པའི་འཁོར་ལོར་བཤད། །ཞེན་པ་བཟློག་པའི་འཁོར་ལོ་ཡང་། །མུ་ཁྱུད་གསུམ་པ་ཕོ་བྲང་དྲག་པོའི་གནས། །དེ་ཡི་ཕྱི་རིམ་ཞབྲུལ་མིག་དྲུག་གཉིས་པ། །རྩ་བའི་སྔགས་ཏེ་ཡིག་འབྲུ་བཅུ་གཉིས་དགོད། །རྩིབས་བཅུ་དམོད་པ་སྐྲུ་གྲི་སྨྱོ་ཞེས་བཟློག །ངར་བཅས་སྦྱོར་ལ་ཐོད་པ་འཐུན་འཕང་བཟློག དྲེགས་པ་སྟོབས་ཀྱི་ཞབྲུལ་འཁོར་གྱིས། །ཞེན་ཆགས་སྦྱོར་བ་མངོན་ཞུགས་གཅོད། །རྣོ་ཉུར་སྐྲུ་གྲི་འབྲུ་བཅུ་ཡིས། ཁུད་གཅིག་ཤེས་པ་གཉིས་སུ་འབྱེད། །ཁྱུ་མཆོག་དང་བཅས་གཟེར་ཐེབས་ན། །སྟོབས་ཅན་ཀུན་ཀྱང་མྱོས་ཤིང་གཟིར། །ཞེན་པ་བཟློག་པའི་འཁོར་ལོརབཤད། །དུག་མདའ་གཡུང་བའི་འཁོར་ལོ་ནི། །ཐོད་པའི་རྒྱུ་ལ་སྟེང་འོག་དབྱེ། །མུ་ཁྱུད་བཞི་སྐོར་གསང་མཛོད་གཟུགས། །སྦྲུལ་དང་མེ་རི་དང་ལྡན་འགོཁྲག་དང་དམིགས་པའི་མིང་གིས་དགང་། །གླིང་བཞི་སྟེང་མར་དེ་བཞིན་བཞི། །ཕོ་བྲང་ཟླུམ་ལ་འབྲུ་དྲུག་ལྡན། །བཞི་དང་བརྒྱད་ལ་རྩ་བའི་སྔགས། །རྩིབས་བཅུ་སྐྲུ་གྲི་གཉིས་སྦྱར་ལ། །རྡོ་ལྕགས་ཟངས་ཕུར་ཐོད་ཁུང་དབབ། །ཁྲག་བཏོན་ཐོད་པ་ཟོར་ཕང་གནན། །དུག་མདའ་གསང་བའི་འཁོ་ལོར་བཤད། །གྲུ་གསུམ་སུམ་སྦྲག་འདོམ་ཚད་ལྡན། །རྩང་དང་མེ་རི་གཟུགས་བཅས་ཡ༷་ར༷་མིང་། །རྩིབས་བཅུ་ཟླ་ཁམ་ཐོད་པར་མེ་རིར་བཅས། ཁ་སྦྱོར་འཁོར་ལོརམུ་ཁྱུད་གསུམ་གྱི་དབུས། །ལས་ཀྱི་རྡོ་རྗེ་བཅུ་གཉིས་འཁྲུལ་མིག་ཕྱི། །མཚོན་ཆ་བཅུ་གཉིས་སྐྲུ་གྲི་དྲག་པོས་བསྐོར། །མེ་རླབ་རྒྱ་གྲམ་བཅུ་གཉིས་རྩ་བའི་སྔགས། །སྔགས་སམ་གདོན་གྱིས་བུད་དུ་བཅུག་པ་ལ། །དྲག་པོ་རྣལ་མ་བཙན་ཐབས་གསུམ་གྱིས་དགྲོལ། །འབྲུབ་ཁུང་ས་ཡི་འཁོར་ལོས་དྲག་པོ་སྲེག་ཅིང་མྱོས། །བར་སྣང་སྔགས་ཀྱིས་འཁོར་ལོས་གདུག་པའི་ཞེན་ཆགས་དགྲོལ། །གསང་བ་ཐུགས་ཀྱི་འཁོར་ལོས་མ་ལུས་ལས་རྣམས་འགྲུབ། །དྲག་པོ་བྱད་འགྲོལ་གསང་བའི་འཁོར་ལོ་བཤད། །མུ་ཁྱུད་བཞི་ལྡན་འཁྲུལ་འཁོར་ཕོ་བྲང་ཟླུམ། །ཕྱི་རིམ་རྩིབས་བཞི་རྩིབས་བརྒྱད་རྩ་བའི་སྔགས། །བཅུ་གཉིས་སྐྲུ་གྲི་མཐའ་མ་གསང་ལམ་འགེགས། །རྩིབས་མཆན་མིང་བྲི་སྟོབས་ཅན་གསུམ་དང་སྦྱར། །ལམ་སྲང་ཐེམ་འོག་གསུམ་དུ་སྦྱོར་བས་གནན། །དྲག་པོ་གསང་ལམ་དགག་པའི་འཁོར་ལོར་བཤད། །དྲག་པོ་སྲུང་བའི་མཐའ་སྡུད་དུ། །ཐམས་ཅད་གཟིར་ཞིང་སྡུད་པ་ཡི། །དྲག་པོ་འཀྲུལ་གྱི་འཁོར་ལོ་བཅའ། །དུར་ཁྲོད་རྒྱུ་དང་འཁོར་ལོའི་རྐྱེན། །མར་གྱི་ཕེལ་བ་བྲི་དགོད་བྱ། །རང་ཡང་དྲག་པོའི་སྐུ་རུ་གསལ། །གཞན་ཚོགས་དབང་བསྡུ་དེ་བཞིན་གསལ། །འཁྲུལ་འཁོར་བང་མིག་ཉི་ཤུ་བརྒྱད། །གསང་མཛོད་མུན་ཁང་དབུས་དང་ལྔ། །མུ་ཁྱུད་ཁོར་ཡུག་བཞི་དང་བཅས། །དབུས་སུ་གྲུ་གསུམ་དྲག་པོའི་གནས། །ཕྱི་རིམ་ལྕགས་མཁར་འབར་བའི་གཞོ། །ཡང་ལོགས་གནམ་ལྕགས་ཁང་ཁྱུད་བརྒྱད། །མཐའ་མ་ལྕག་མཁར་བཅུ་དྲུག་བཅའ། །སྲིད་གསུམ་འཆང་བའི་ལྟོ་ན་གནས། །ལྕགས་མཁར་རླུད་དྲི་ཆུན་འཁོར་བཅས། །གསང་མཛོད་མུན་ཁང་མེ་དང་རླུད་། །མཚོན་ཆས་སྐྲུ་གྲི་ཐོག་གཟེར་ཅན། །སྐྱིན་དང་ལས་ཀྱི་མྱོས་ཤིང་སྡུད། །དེ་ལ་གནས་པའི་འབྲུ་རྣམས་ནི། །བཞི་ནི་དབུས་ཀྱི་ལྕགས་མཁར་ལ། །འདྲེན་པ་སྟོབས་ཀྱིས་འབྲུ་བཞི་གནས། །ཕྱི་རིམ་མཚོན་གླིང་ལྕགས་མཁར་བརྒྱད། །རྒྱས་དང་བསྡུས་དང་སྙིང་ཁྲག་འབྱིན། །ཡིག་འབྲུ་བརྒྱད་དེ་བཞི་དང་སྦྱར། །རྩ་བའི་དྲག་སྔགས་ཀུན་གྱི་མགོ། །ལྕགས་མཁར་བཅུ་དྲུག་དྲེགས་པའི་གནས། །མཚོན་ཆའི་རྒྱལ་པོ་སྐྲུ་གྲི་དགོད། །ཐམས་ཅད་སྲེག་ཅིང་སྟོབས་ཀྱིས་གནོན། །དྲག་ཏུ་གཟིར་དང་གདུག་རྩུབ་འབྱིན། །སྲོག་དབུགས་སྡུད་ཅིང་དྲག་པོར་གནོན། །རང་དམ་སྲོག་ནས་གང་དམིགས་འདྲེན། །ནུས་པ་འབྲེལ་ཞིང་སྦྱོར་བ་གཅོད། །དེར་བཞག་སྟོབས་ཆེན་སྐྲུ་གྲིའི་གནས། །མཚོན་ཆ་ནུས་པ་སྟོབས་དཔག་མེད། །གསང་མཛོད་ལྔ་པ་དམིགས་པའི་མིང་། །བསྡུས་ལ་ཁ་སྦྱར་བཞི་ཡིས་གདེག །དབེན་གནས་གསུམ་དུ་གཟིར་ཞིང་བསྐུར། །འཁོར་ལོ་སྟེགས་བཞི་དྲིལ་ཞིང་སྤ། །སྦྱོར་བ་རྩོམ་ན་བཅས་ལ་གཟིར། །དྲག་པོ་ཐམས་ཅད་གཟིར་ལ་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་རྩ་བ་དང་སྤུ་གྲིའི་སྔགས་འདི་ཕྱེ་སྟེ་བཏོན་ཏོ། །ཨེ་ཀ་ཡ་མ་ཀ་དུན་ཛ་རི་རག་ཤ་རུ་ཐུམ། སརྦ་ཤ་ཏྲུ༷་སྟམ་པ་ཡ་ནན་རྟིད་རྦད། མན་ཏ་གུརྒྱ་སརྦ་དུ་མ་ནན། དྲིད་ཕྱུང་ཡ་མ་ཏ་ར་ཙ་ས་ནཱ་གྭ་ཏྲི་སརྦ་དུ་ཡ༷་སྨྱོ་ཕྱུང་། སརྦ་ཤ་ཧྲུན་ཨེ་ནན་ཡ༷་ཏྲིད་སྨྱོ་སྨྱོ། མན་ཏྲ་དུམ་མ་ཧྭ་རག་དུ་ར༷་ཐུ༷་ལིང་རྦད། སརྦ་དུ་ར༷་ཏྲི་ཡ་དྲིད་ཕྱུང་སྲོག་ལ་གཟིར། ནན་ཕྱུང་། སབོ་དུ་ར༷་ཡུ་ནན་གཟེར་ཕྱུང་སྦུར་ནན་སྲོག་ལ་མྱོགས་རྦད། དེ་ནས་བཅོམ་ལྡན་འདས་ཀྱི་ཀླུ་གཉན་ས་བདག་གསུམ་གཟིར་ཞིང་གཞོམ་པའི་སྦྱོར་བ་འདི་རྒྱས་པར་བཤད་དོ། །ལྟོ་དཀྲུགས་གཟིར་བ་འདི་ལྟ་སྟེ། ་༑ག་བུ་གྲུ་བཞི་ཆ་གཉིས་ལ། །མུ་ཁྱུད་གསུམ་ལྡན་གྲུ་གསུམ་དབུས། །རྩིབས་ཆེན་བཅུ་གཉིས་རྩ་བའི་སྔགས། །ཕྱི་རིམ་བཅུ་བདུན་ལྷོ་དཀྲུགས་གཟིར། །རུ་སྦལ་ལྷོ་སྦྱར་དུག་མྱོས་ཁྲག ཞག་བདུན་སྔགས་བཟླས་རྟེན་ལ་བསྟིམ། །ལྷ་སྒོམ་རྩང་བཅས་ཐོད་པ་གསལ། །ལྟོ་དཀྲུགས་གཟིར་བའི་འཁོར་ལོ་བཤད། །ཀླུ་གཉན་ས་བདག་གདུག་པ་ཡིས། །མཛེ་རིམ་དྲག་པོའི་ཡམས་དར་ན། །སྙིང་གཟེར་བདུན་གྱི་འཁོར་ལོ་བཅའ། །སྦྱོར་བ་སྣ་ཚོགས་རྫས་ཀྱིས་བྱུག སྲིད་པ་རུ་སྦལ་ལྟོ་བར་བྲི། །དྲག་པོའི་གནས་སུ་སྙིང་པོ་བསྡུ། །མཐིང་ནག་དར་དང་ཐོད་པར་བཅའ། །བསྒོམ་བསྐུལ་དོང་གཞུག་རྩང་བཅས་སྔགས། །དམོད་པ་ཐུན་དབབ་ཧོམ་ཤིང་བསྲེག །ཟོར་ཐུན་མཐའ་ཏུ་གནན་གཟིར་བྱ། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །འཁྲུལ་འཁོར་མུ་ཁྱུད་རིམ་པ་གསུམ། །དབུས་སུ་གྲུ་གསུམ་སྙིང་པོ་མིང་། །འཁྲུལ་མིག་བཅུ་གཉིས་རྩ་བའི་སྔགས། །ཕྱི་རིམ་རྩ་སྦུབས་དྲག་པོ་བདུན། །སྙིང་གཟེར་བདུན་པ་མཚན་རེ་གནས། །རུ་སྦལ་ལྟོ་རུ་ཁ་སྦྱོར་བཅའ། །རང་གི་ཕྱག་རྒྱ་བྲིས་སྐུ་དགྲམ། །རང་ཡང་ཕྱག་རྒྱ་གསལ་བར་སྒོམ། །གནས་པའི་འཁོར་ལོ་རྩ་སྦུབས་ན། །དྭངས་མ་བཅུ་གཉིས་སྙིང་གཟེར་བདུན། །ཕྱི་ནང་རྩ་ཡི་སྦུབས་ན་གནས། །སྙིང་གཟེར་དབུས་ན་སྙིང་པོ་གསུམ། །དེ་ཡིས་ཀླུ་གཉན་ས་བདག་འཇོམས། །སྙིང་གཟེར་བདུན་པའི་འཁོར་ལོ་བཤད། །སྦྱོར་བ་བདུག་པ་བསྲེག་པའི་ལས། །སྤོགས་པ་མེད་པར་འཇོམས་པ་འདི་ལྟ་སྟེ། །དབེན་གནས་ཆེན་པོའི་གཉན་ར་སྲ །གར་གནོད་ས་ལ་མཎྜལ་བྱ། །དབུས་སུ་གྲུ་གསུམ་མཐིང་ནག་ལ། ཁ་ཁྱེར་གསུམ་དང་ལྡན་པ་བརྩིགས། །ཕྱི་ནང་ཆག་གང་དབུས་མཛུབ་གང་། །རྩིབས་ལ་ཁ་ཁྱེར་སོར་བཞི་བྱ། །མུ་ཁྱུད་ནང་དུ་ཟླ་ཁམ་གསུམ། །ཕྱི་རིམ་འཁོར་ལོ་རྩིབས་བཅུ་གཉིས། །ཡང་ལོགས་རྩིབས་ཆེན་ཉི་ཤུ་གཉིས། །བཞི་པ་མུ་ཁྱུད་ཟླུམ་པོ་ལ། །བན་དྷ་སྐམ་པོ་བཅུ་གཅིག་དགོད། །ལྔ་པ་མེ་རིའི་འཕྲེང་བས་བསྐོར། །དེ་ལ་དགོད་པའི་རིམ་པ་ནི། །དབུས་སུ་གྲུ་གསུམ་མཐིང་ནག་ལ། །ས་ཆུར་སྦྱར་བའི་སྦལ་པ་བཞག །སྙིང་ཁར་ཧོམ་ཤིང་ཁྲུ་གང་གཟུགས། ཁ་ཁྱེར་གསུམ་དང་ཟླ་ཁམ་ལ། །ཀླུ་གཉན་ས་བདག་གཟུགས་བརྙན་གཞག །རྩིབས་ལ་རྩ་བའི་དྲག་སྔགས་དགོད། །ཕྱི་རིམ་མཚོན་ཆའི་རྩེ་མོ་ལ། །སྲེག་ཅིང་གཅོད་པའི་སྤུ་གྲི་དགོད། །མུ་ཁྱུད་བཞི་པའི་བན་དྷ་སྲ །སྦལ་བ་སྦྲུལ་དང་ཉ་སོགས་ཤ །གཉིས་པ་ཤ་ཆེན་ཚ་བ་གསུམ། །བཞི་བ་དུག་གི་རི་ལུ་བརྒྱ། །ལྔ་པ་བྱ་ཕ་ཀ་ཆིལ་བུ་བྲུན། །དྲུག་པར་མི་རྟ་ཁྱི་ཡི་ཚིལ། །བདུན་པར་མར་ཁུ་དུག་ཆུ་བརྒྱད། །དགུ་པར་ཁྲག་སྣ་ཆང་སྡོ་བཅུ། །བཅུ་གཅིག་དུག་རྫས་སྣ་ཚོགས་བཞག་དུར་ཁྲོད་རས་སམ་ཞིང་རས་ལ། །གོང་བཞིན་བྲིས་ལ་རྫས་ཀྱིས་བསྐུ། །བདུན་ནམ་དགུ་རུ་སྟེང་ནས་དག་བ། །དམོད་པ་བཟླས་ཤིང་བསྐོར་བ་བྱ། །དྲག་ཏུ་བསྐུལ་གྱིན་མེ་སྤར་ལ། །གཟུགསལམཚོནབརྡེགབསྟབས་ལ་སྲེག །གདུག་པའི་ཤ་སོགསརིམབཞིནབསྲེག ཉིནམཚན་ཐུན་དྲུག་སྦྱིན་སྲེག་བྱ། །གདུག་པ་རྗེས་གཅོད་ཀྱི་འཁོར་ལོར་བཤད། །དེ་ནས་ཡང་བསྲུང་བ་ཐམས་ཅད་བསྟན་པར་བྱ་བའི་སྦྱོར་བ་འདི་བཤད་དོ། །དྲག་པོ་གདུག་པ་བསྲུང་བ་ལ། །མི་ལྡོག་པ་ཡི་འཁོར་ལོ་བཅའ། །རྒྱ་ཤོག་གྲུ་བཞི་ཆ་གཉིས་ལ། །དབུས་ན་མུ་ཁྱུད་དྲུག་ཏུ་བསྐོར། །དབུས་སུ་གྲུ་གསུམ་ཐོད་པས་བསྐོར། །གཉིས་པར་འཁྲུལ་མིག་བཅུ་གཉིས་ལ། །ཐོད་པའི་འཕྲེང་བ་གོང་མ་བཞིན། །གསུམ་པར་འཁྲུལ་མིག་ཉི་ཤུ་ལ། །དེ་བཞིན་ཐོད་པའི་འཕྲེང་བ་བྱ། །བཞི་པ་རྩིབས་ཆེན་སུམ་ཅུ་གཉིས། །ཡང་ལོགས་ཕྱི་རིམ་ཐོད་འཕྲེང་མེ། །ཡི་གེ་དགོད་པ་འདི་ལྟ་སྟེ། །དབུས་སུ་གང་དམིགས་གཟུགས་དང་མིང་། །གཉིས་པར་རྩ་བའི་དྲག་སྔགས་དགོད། །གསུམ་པ་ཁྱད་པར་དྲག་པོ་ཡི། །གཟིར་འཇོམས་སྲོག་དབྲོག་ཉོས་ཤིང་གནོན། །བཞི་པའི་རྩིབས་ཆེན་བཅུ་གཉིས་ལ། ཁེ་ཕྲད་གུ་ཐལ་དྲག་པོའི་འབྲུ། །ཡང་གསང་མཆོག་གི་དྲག་སྔགས་དགོད། །རུ་སྦལ་ལྟོ་བར་རྫོགས་པར་བཅའ། །འཁྲུལ་འཁོར་རྒྱལ་པོའི་གཟུགས་བརྙན་ལ། །བདུད་རྩིའི་འོ་མ་ཁྲག་གིས་བྱུག ཁ་སྦྱོར་ཚོན་སྐུད་ཐོད་སྒོང་གཞུག ལྟོ་སྦྱོར་ཁྲི་ཡིས་ངར་བླུད་ལ། །སྔགས་པའི་སྟེང་འོག་བར་སྣང་བཅའ། །དེ་ཡིས་ཐམས་ཅད་བསྲུང་བ་ཡིན། ཁེ་ཕྲད་སྟོབས་ཀྱི་འཁོར་ལོ་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་གདུག་པ་གཟིར་བའི་སྔགས་འདི་བཏོན་ཏོ། །ས་ནཱ་ག་ཙ་ཏྲི་དུ་མེ་སྲོག་ལ་བྲེང་བྲེང་ཙ་ལ་དུན་དུན་སྦུར་ནན་ཁམ་ཤག་རྦད། ས་ནཱ་ག་ཙིཏི་རོ་མྱགས་རྦད། སྲོག་ལ་མུག་ཏི་རྦད། དུག་ཕྱུང་ཁྲམ་ཤིག་རྦད། ཙི་ཏྲ་མ་དབུགས་ལ་ཐང་གཟེར་རྦད། སྲོག་ལ་ཐུན་རྦད་སྨྱོ། ས་ནཱ་ག་དུ་ར༷། ས་ནཱ་ག་ཨུ་ནན་གཟེར་ཕུང་སྲོག་ལ་དུན་ར༷་ཙིཏྣ་བྲེང་ཤག་ཐུན་རྦད་ཨེ་ར༷། ས་ནཱ་ག་སྙིང་གཟིར་དུ་ར༷་ཨི་ནན་དྲིད་ཕྱུང་ས་ནཱ་ག་ཙིསྟ་ཐུ༷་རིལ་རྦད། ས་ནཱ་ག་སྙིང་གཟེར་སྦུར་ནན་རྦད། ས་ནཱ་ག་སྙིང་གཟེར་སྦུར་ནན་རྦད། ས་ནཱ་ག་སྙིང་གཟེར་དྲིད་ཕྱུང་རྦད། ས་ནཱ་ག་སྙིང་གཟེར་སྲོག་ལ་མྱོགས་རྦད། ས་ནཱ་ག་སྙིང་གཟེར་དུ་ར༷་རྦད། ས་ནཱ་ག་སྙིང་གཟེར་ཡ༷་བཟློག་རྦད། ས་ནཱ་ག་སྙིང་གཟེར་ཙིརྟི་ལ་རྦད། ས་ནཱ་ག་སྙིང་གཟེར་སརྦ་ཨུ་ནན་གཟེར་ཕྱུང་རྦད། དེ་ནས་ཡང་སའི་ལྷ་མོས་བཅོམ་ལྡན་འདས་ལ་ལས་ཀྱི་ཚེ་བདག་ཤན་པའི་སྦྱོར་བ་ཐམས་ཅད་རྒྱས་པར་མཛོད་ཅེས་ཞུས་པས། བཅོམ་ལྡན་འདས་ཀྱིས་རྒྱས་པར་བཤད་དོ། །དེའི་ལས་ཀྱི་རིམ་པ་འདི་ལྟ་སྟེ། །དུར་ཁྲོད་དབེན་ལ་ཤིན་ཏུ་གདུག་པའི་སར། །དུར་ཁྲོད་ས་ལ་མཎྜལ་ཁྲག་གིས་བྱུག །དབུས་སུ་གྲུ་གསུམ་རྒྱས་སོལ་དུག་ཆུ་བསྐུ། །ཕྱི་རིམ་ཟླ་ཁམ་མྱོས་པའི་ཁྲག་གིས་བསྐུ། །སྦྲུལ་དང་ཐོད་པ་མེ་རི་ལྡན་པར་བསྐོར། །མཐའ་མ་ཁྲག་དང་དུག་གིས་དམར་ནག་དག་ཏུ་བྱ། །གདུག་པའི་ཤིང་ལ་རྩང་མར་བྱས་ལ་བསྐོར། །ཞིང་ལྤགས་ཀེང་རུསབྲིས་སྐུ་དུང་ཆེན་དགྲམ། །དཔའ་བོ་རྟ་ནག་ཁྱི་ནག་ཤེལ་ནག་སྙིང་། །བམ་ཆེན་དབང་པོ་བན་དྷ་དུང་ཆེན་དགབ། །བདུད་རྩི་དང་བཅས་དབུས་སུ་མཐིང་ནག་སྟེ། །དཔལ་བཤོས་ནག་པོ་སྙིང་གི་ཤ་ཁྲག་དང་། །མེ་ཏོག་ནག་པོ་ལ་སོགས་བྱང་དང་ལྷོ་རུ་དགྲམ། །དུར་ཁྲོད་རས་སམ་ཞིང་རས་གྲུ་བཞི་ལ། །དུར་ཁྲོད་གནས་ནས་བམ་གྱི་རྒྱུ་བླངས་ལ། །སྨེ་བ་ལྔ་དང་ཚ་བས་ཐང་པ་བྱ། །ནི་རས་སུ་ཡིས་བརྒྱ་དང་སྐྱ་བཅད་ལ། །དབུས་ནས་ཐིག་སྐོར་ཟླུམ་པོ་བཞི་རུ་བསྐོར། །དབུས་སུ་གྲུ་གསུམ་ཟླ་ཁམ་བཞི་དང་ལྡན། །དེ་ཡི་ཕྱི་རིམ་འཁྲུལ་མིག་ལྕགས་མཁར་བཞི། །མཚམས་བཞི་གནམ་ལྕགས་རྡོ་རྗེའི་ཀ་བ་ཅན། །མཐའ་མ་ཐོད་རློན་བརྒྱད་གཉིས་ར་བས་བསྐོར། །དེ་ཡི་ཕྱི་རིམ་ལྕགས་མཁར་བཅུ་དྲུག་ལ། །མཚམས་སུ་རིན་ཆེན་ཀ་བ་དེ་བཞིན་སི་རའི་མཚམས། །དེ་ཡི་ཕྱི་རིམ་སྦྲུལ་དྲུག་ཆུན་བོས་བསྐོར། །སྲིད་པ་རུ་སྦལ་ཁྲ་བོའི་ལྟོ་ན་གནས་པ་བྲི། །དེ་ལ་དགོད་ཅིང་གནས་པའི་རིམ་པ་ནི། །དབུས་སུ་བརྣག་པའི་མིང་རུས་ལིང་ག་དགོད། །ཟླ་ཁམ་དགྲ་ཡི་ཕ་མེས་དུར་དུ་སོང་བའི་མིང་དང་རུས། །བརྣག་བ་བྱ་བའི་སྣག་ཚ་ཁྲག་གིས་བྲི། །གཅིག་ལ་ཕས་ཀྱི་སྲུངས་མ་གྲུབ་པ་བྲི། །ཟླ་ཁམ་གཅིག་ལ་བསྲུང་བའི་ལྷ་རྣམས་བྲི། །ཕྱི་རིམ་འཁྲུལ་མིག་བཞི་པོ་ལ། །དྲག་པོ་གསད་པའི་སྤུ་གྲི་མིང་བཅས་མཚན་བཞིར་དགོད། །དེ་ཡི་ཕྱི་རིམ་འཁྲུལ་མིག་བཅུ་དྲུག་ལ། །དྲག་པོ་སྲོག་སྡུད་ལས་ཀྱི་རྒྱལ་པོ་གཉིས། །ཁྲོ་བོ་རྔམ་པའི་དགྲ་དང་བདུད་ཀྱི་སྙིང་པོ་གཉིས། །གཤིན་རྗེ་ཉིད་དང་མ་མོའི་སྙིང་པོ་གཉིས། །ཆགས་བྱེད་མ་དང་སྲིན་པོའི་སྙིང་པོ་གཉིས། ཁྲན་པ་བཙན་དང་དམུ་ཡི་སྙིང་པོ་གཉིས། ་ན་པ་ལས་མཁན་སྒྲོལ་བྱེད་སྙིང་པོ་གཉིས། །དྲེགས་པ་ཅན་དང་མཁའ་ལྡིང་སྙིང་པོ་གཉིས། །སྲོག་བདག་ཕོ་མོས་གསོད་པའི་སྙིང་པོ་གཉིས། །རང་རང་ལྕགས་མཁར་འབར་བའི་གནས་རེ་ནས། །དྲག་ཏུ་བསྐུལ་གྱིན་ཤན་པ་དགྲ་ལ་རྦ། །འཁོར་ལོ་མཚོན་ཆེན་དྲག་སྔགས་མེ་དཔལ་དུག །འཁྲུལ་འཁོར་མེ་རླུ་་སྤུ་གྲི་མེ་རླུད་སྐྲུ་གྲི་ཐོག་ཆེན་འདིས། །ལུས་བཤིག་རྩ་བཅད་ཁྲག་དང་བག་ཆགས་སྐྱེམས། །ནད་བསླང་འབྱུང་བ་བསྡུས་ནས་ཐིམ། ཁེས་བ་རྟེན་དང་དབང་པོ་ཡུལ་ལས་འབྱེད། །རྟེན་གཅིག་ལུས་ལ་ཤེས་པ་ཀུན་བསྡུས་བསྟིམ། ཁ་སྦྱོར་འཁྲུལ་འཁོར་ཐོད་པའི་ག་བུར་གཞུག །ཉིན་མཚན་དྲིལ་གཏོར་མིང་བཅས་སྐྲུ་གྲིར་སྦྱར། །ཐོད་པའི་གསེར་ཏུ་ཐུན་གྱི་སྐྲུ་གྲི་དགོད། །རི་རྒྱལ་ཁ་ནས་རྦབ་ཆེན་འདྲིལ་བ་འམ། །གསེར་གྱི་དགུ་ཐོག་རྒྱབ་བཟོར་ཐུན་མཐར། །སྦྲུལ་གྱི་གསེར་ཏུ་གནན་པའི་སྐྲུ་གྲི་དགོད། །གསེར་གྱི་ས་གཞི་རི་རབ་བརྟན་ལྟར་བཟླས། །གྲུ་གསུམ་ནང་དུ་བརྣག་པའི་རྟེན་རྣམས་གཞུག །མཐིང་ནག་ཁ་གཅད་གསད་པའི་སྦྱོར་བ་བརྩམ། །དུར་ཁྲོད་གཞལ་ཡས་རིན་ཆེན་གྲུ་བཞི་ལ། །སྒོ་བཞི་གླང་ཆེན་འབྲུག་དང་སེང་གེ་སྟག ཆུ་སྲིན་གནམ་ལྕགས་ཁྲོ་ཆུང་ཐོག་ཆེན་གཟེར། །ལྷ་ཀླུ་ཚངས་པ་ཉི་ཟླ་རུས་པ་ཁྲག ཞིང་རུས་ཐོད་པ་བླ་རི་འཕན་འཕྲན་བཅས། །སྦྲུལ་དང་ཐོད་པ་མེ་རི་བརྟེན་ལྟར་གནས། །དབུས་ན་གནམ་ལྕགས་གྲུ་གསུམ་སྐྲུ་གྲིའི་གནས། །ཕྱི་རིམ་དུག་མཚོ་ཐོད་མཁར་གླིང་བཞིའི་དབྱིབས། །ཡང་ལོགས་འོབ་ཆེན་བཅུ་གཉིས་མཚོན་ཆའི་མཁར། །མཐའ་མ་ལྕགས་མཁར་བཅུ་དྲུག་ཕོ་ཉའི་གནས། །དབུས་ན་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་། །ལྟོ་འཕྱེ་བཞི་གླིང་མ་ཧེ་ཕྱོགས་སྐྱོང་བརྒྱད། །ཉི་ཟླ་བརྩེགས་པ་གཙོ་བོའི་གདན་དུ་རྫོགས། །མདུན་གྱི་ཟླ་ཁམ་ས་བདག་ཀླུ་གཉན་དང་། །དྲེགས་པ་ཕོ་མོས་མ་ཧེ་ཉི་ཟླའི་གདན། །ཐོད་ཁར་དྲེགས་པ་ཕོ་མོ་མ་ཧེ་ཉི་ཟླའི་བརྩེགས། །འོབས་དང་ལྕགས་མཁར་ཞིང་བསྣོལ་མ་ཧེ་ཉི་ཟླའི་གདན། །སྒོ་བཞིར་ཞིང་བསྣོམ་སྟག་དང་སེང་གེ་དོམ། །དབུས་སུ་གཙོ་བོ་ཟིལ་གནོན་སྟོབས་ཀྱི་ལྷ། །དབུ་གསུམ་ཕྱག་དྲུག་མཐིང་ནག་ཞབས་བཞིར་བགྲད། །གླང་ཆེན་ཞིང་སྟག་ཐོད་སྦྲུལ་དུར་ཁྲོད་བརྒྱན། །རིགས་བཞི་སྦྲུལ་རིགས་ཁྲག་འཐུང་བྱ་ཁྱུང་སྟག །སེང་གེ་གདུག་པ་ཁྲོ་ཆུང་བདུད་མོ་གཡོན། །གསོད་བྱེད་དྲེགས་པ་རུ་སྦལ་སྲོག་དབུགས་འཆང་། །ཟླ་ཁམ་མདུན་ན་ཚེ་བདག་མགོ་དགུ་པ། །སྐུ་མདོག་སྔོ་ནག་གཏུམ་ཁྲོ་རྔམ་ལ་བརྗིད། །དབུ་དགུ་ཕྱག་ཀྱང་བཅོ་བརྒྱད་ཞབས་བརྒྱད་བརྐྱང་བསྐུམ་ཚུལ། །དབུ་གསུམ་སྟེང་རྔམ་མཁའ་ལྡིང་བྱ་ཡི་དབུ། །ཁྱུང་ཆེན་རྨ་བྱ་དུར་བྱ་ཀླུ་གཉན་གློ་སྙིང་ཟ། །དབུ་གསུམ་བར་པ་གཡས་དཀར་གཡོན་དམར་མཐིང་། །གདུག་པའི་སྦྲུལ་དང་མི་རོ་རྟ་རོ་སྦྲུལ། །སྤྱན་དགུ་ཁྲག་འཛག་དབུ་སྐྲ་ཨག་ཙོམ་སེར། །ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་རྔམ་པའི་དབུ། །ཞལ་གསུམ་འོག་མ་ཤ་ཟ་དུད་འགྲོའི་དབུ། །སྟག་དང་སེང་གེ་མ་ཧེ་དབུས་ན་འགྱིང་། །སྙིང་དང་རྒྱུ་མ་ཞིང་ཆུང་ཟ་ཡིན་རྔམ། །སྤྱན་རྩ་བསྒྲིགས་ནས་མཆེ་བ་གཙིགས་ཤིང་ཟ། །དབུ་དང་སྙན་ཆ་མགུར་དང་ལྷུ་ཚིགས་ལ། །རིགས་བཞི་སྦྲུལ་དང་སྐམ་རློན་ཐོད་པས་བརྒྱན། །ཕྱག་དགུ་གཡས་ན་མཚོན་ཆ་འབར་བ་ཡི། །འཁོར་ལོ་རལ་གྲི་རྡོ་རྗེ་ཁ་ཊ༷་མདུད། །མངའ་ཆེན་ཞིང་དབྱུག་རྒྱ་གྲམ་ཕུར་བུ་བསྣམས། །གཡོན་པ་བེ་ཅོན་གཏུན་ཤིང་རྒྱུ་ཞགས་སྦྲུལ། །ཐོད་པ་སྡིགས་མཛུབ་དགྲ་སྟ་གཞུ། །སྐུ་སྟོད་གླང་ཆེན་དུར་ཁྲོད་ཆས། །སྐུ་སྨད་སྟག་ལྤགས་རཏྣའི་ཆུ་རྒྱུན་འབབ། །གཡོན་ན་བདུད་མོ་ཁྲག་གི་རལ་པ་ཅན། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། །ཞིང་ལྤགས་ཐོད་པ་རེ་ལྡེ་སྦྲུལ་གྱིས་བརྒྱན། །ཏྲི་ཤུལ་བན་དྷ་ཡབ་ལ་འཁྱུད་ཅིང་སྟོབས། །ཐུགས་ཀར་གསོད་བྱེད་འཁོར་ལོ་ཙིསྟ་བསྣམས། །དབུ་ལ་བྱ་ཁྱུང་གནམ་ལྕགས་ཉི་ཟླའི་སྤྱན། །བྱ་དང་གཅན་གཟན་ཤ་ཟ་འུག་པའི་ཚོགས། །ཐོད་མཁར་སྲོག་གཤེད་ཕྱི་རིམ་ཕྱོགས་སྐྱོང་བདུན། །ལྕགས་མཁར་ནང་ན་དྲུག་ཁྲི་དྲུག་སྟོང་འཁོར། །སྒོ་བཞིར་ཚེ་སྲོག་བླ་ལ་རྐུ། །དབུགས་ལེན་མ་དང་མདངས་འཕྲོག་བཞི་ཡིས་བརྒྱན། །གོང་ནས་འདུས་ཤིང་རྫོགས་པའི་ཚུལ་དུ་གནས། །ཉི་ཤུ་བདུན་ནས་གནམ་སྟོང་དུ། །ཞག་བཞིའི་བར་དུ་གསང་སྔགས་བཟླས། །ཉིན་བཞི་གཏོར་ལ་མཚན་བཞི་དྲིལ། །བར་བར་བསྐུལ་ཞིང་ཡུལ་ལྷ་རྦད། །གཤིན་རྗེ་བོད་ཀྱིན་སྒྱུགས་གླུ་བླང་། །ཕོ་ཐོད་མོ་ཐོད་རྒྱ་གྲམ་དང་། །རུ་སྦལ་གྲུ་གསུམ་མེ་རི་བྲི། །སྟེང་འོག་དྲག་སྔགས་མིང་རུས་སྦྲུལ། །རྫས་སོགས་སྦྱོར་བ་ཀླུ་དང་སྦྱར། །བསྣལ་མ་གསད་པའི་སྦྱོར་བར་བཤད། །ལས་ཀྱི་ཚེ་བདག་མགོ་དགུ་ཡི། །མཆོག་གི་སྦྱོར་བ་འདི་ལྟ་སྟེ། །དུར་ཁྲོད་རས་སམ་ཤོག་བུ་ལ། །སྨེ་བ་ལྔ་ཡི་ཐང་བ་བྱ། །རུ་སྔལ་ལྟོ་བར་ཐིག་སྐོར་བཞི། །དབུས་དང་གྲུ་གསུམ་ལྕགས་མཁར་བཅས། །ཡང་ལོགས་རྩིབས་ཆེན་བཅུ་དྲུག་བཅའ། །ཕྱི་རིམ་སྦྲུལ་བཞིས་ར་བས་བསྐོར། །དེ་ལ་གནས་པའི་རིམ་པ་ནི། །དབུས་སུ་དྲི་དང་མིང་རུས་རྦད། །གཉིས་པའི་འཁྲུལ་མིག་བཅུ་དྲུག་ལ། །སྙིང་པོ་སྲོག་བསྡུས་ལས་བསྡུས་གཉིས། །བདུད་དང་ཁྲོ་བོའི་ཆགས་བྱེད་གསུམ། །སྲིན་པོ་དྲེགས་པ་མ་མོ་གཤིན། །བཙན་དང་མཁའ་ལྡིང་སྲོག་བདག་དམུ། །སྒྲོལ་བྱེད་རྒྱལ་པོ་གིང་གི་འབྲུ། །འཁྲུལ་མིག་རེ་ལ་གནས་པར་དགོད ཕྱི་རིམ་རྩིབས་ཆེན་བཅུ་དྲུག་ལ། །གསོད་ཅིང་གནོན་དང་ཐུན་ཟོར་གྱི། །དྲག་པོ་སྤུ་གྲི་གསུམ་དུ་གནས། །རུ་སྦལ་ཡན་ལག་ལྟོ་བ་ལ། །ལིང་ག་སྒྲུབ་བྱ་བཅུ་གསུམ་གནས། །འཁོརལོམཚོནཆམེདདཔལ་སྔགས། །གཅོད་ཅིང་གནོན་པའི་འཁོར་ལོ་ཡིན། །སྦྱོར་བ་གཞན་ཚོགས་སྔ་མ་བཞིན། །ལྟོ་དཀྲུགས་གབ་པའི་འཁོར་ལོ་བཤད། །ལོ་ཐོག་གཤོམ་པ་འདི་ལྟ་སྟེ། །དུར་ཁྲོད་རས་སམ་ཤོག་བུ་གྲུ་བཞི་ལ། །ཐིག་གསུམ་བསྐོར་ལ་དབུས་སུ་ཡུལ་གྱི་མིང་། །ཟླ་ཁམ་སྦྱོར་བ་གཤོམ་པའི་འབྲུ། །ལྕགས་མཁར་བཅུ་དྲུག་ཨེས་དྲངས་རྩ་བའི་སྔགས། །རྩིབས་ཆེན་ཉི་ཤུ་ཆུ་དྲུལ་ཟོར་དང་གཟིར། །རུ་སྦལ་ལྟོ་བར་ཚ་བ་དུག་ཆུ་ཁྲག ཁ་སྦྱར་ཐོད་པ་ཞབས་མ་ཐུན་གྱིས་བསྐུལ། །དམ་རྫས་སྟེགས་བུ་དར་དང་གཡང་གཞི་དག་བ། །བསྒོམ་བསྐུལ་སྔགས་ལ་ཐོད་པ་རྟ་མར་གཞུག ཁྲག་ལ་ཉུངས་ཀར་ཟོར་ལ་ཁྲི་བཞིས་བསྟིམ། །རྟེན་གསུམ་དམིགས་ལ་ཕུར་པས་ཀླུ་ལ་གཟིར། །སྦྱོར་པ་སྔགས་ཀྱིས་སྐྲུ་གྲི་བཞི་རུ་བསྡེབ། །དྲེགས་པ་ཀུན་གྱི་མཐུ་དྲིལ་དབབ་བར་བཤད། །དེ་ནས་ལས་ཀྱི་ཚེ་བདག་གིས། །བསྲུང་ཞིང་གཟིར་བ་འདི་ལྟ་སྟེ། །ཐམས་ཅད་དྲིལ་བའི་སྦྱོར་བ་ནི། །འཁྲུལ་འཁོར་རིམ་པ་གསུམ་དུ་བསྐོར། །སྲིད་པ་རུ་སྦལ་ལྟོ་བར་བྲི། །དབུས་སུ་གྲུ་གསུམ་དྲག་པོའི་གནས། །གང་གནོད་དམིགས་པའི་ཡུལ་རྣམས་བྲི། །ཕྱི་རིམ་ཞབྲུལ་མིག་བཅུ་གཉིས་ལ། །རྩ་བའི་སྔགས་ཏེ་འབྲུ་བཅུ་གཉིས། །འབྲུ་བཞི་འཕོས་ལ་ཤི་ས་དགོད། །ཡང་ལོགས་རྩིབས་ཆེན་བཅུ་བཞི་ལ། །སྐྲུ་གྲི་དྲག་པོ་འབྲུ་རྣམས་དགོད། །ལས་ནི་སྣ་ཚོགསརྩབགཅིག ཟླཁམལོ་ཐོག་བསྲུང་བའི་འབྲུ། །བཅུ་བཞི་བཀོད་ལ་སྐབས་དང་སྦྱོར། །ཁྲག་དང་ཚ་བ་དུག་ཆུ་བསྐུ། །ཐོད་པར་བཅུག་ལ་སྦྱོར་བ་བརྩམ། །ཞག་བདུན་སྔགས་བཟླས་དྲག་ཏུ་བསྐུལ། །བསྲུང་བ་ཐམས་ཅད་དྲིལ་པ་ཡི། །སྦྱོར་བ་རྒྱལ་པོ་མཆོག་ཏུ་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་ལས་སྔགས་སྦྱོར་བ་འདི་ཕྱེ་སྟེ་བཏོན་ཏོ། །ཨེ་ཀ་ཧེ་དུན་ཡ་མ་རག་ཤ༷ ་མུ༷ ན་ཏྲི་ཤ༷་མ་ཀྲིང་ཤུ་སྙིང་དགྲ་བོའི་སྲོག་ལ་ནི་༷ཤ་༷ཏྲུ༷་མུ་ར་ཡ་རྦད། །སྲོག་སྟམ་པ་ཡ་ནན། །སྲོག་ལ་ཐུན་མྱོགས་སྨྱོ། །ཨེ་ཀ་དུན་ཧེ་རག་ཤ་ཡ་ར༷་ཛ་ཤུ་ཀྲིང་སྙིང་མུན་ཏྲི་ཙ། །དགྲ་བོའི་སྲོག་ལ་མྱོགས་མྱ་ར་ཡ་རྦད། །ཕྲོ་ཕྲོ་ཤར་ཤར་ཧྲིལ་སྨྱོ། །ནཱ་ག་མའི་སྙིང་གཟིར་ཕྲོ་ཕྲོ་ཤར་ཤར་ཕོབ། །ཨེ་ཀ་ཧེ་དུན་ཡ་མ་རག་ཤ་ཛ། །མུ༷་ཏྲི་ཤ༷་ར༷་ཀྲིང་ཤུ་སྙིང་། །སརྦ་དུ་ར༷་ཨུ་ནན་གཟེར་ཕྱུང་སྦུར་ནན། །སྲོག་ལ་མྱོགས་རྦད། །སེར་བ་ཤ་ཏྲུ༷་སྟམ་པ་ཡ་ནཱ་ཤ་ཡ་ཧཱུཾ༷་ཕཊ། །དེ་དག་སྦྱོར་བའི་རྒྱལ་པོ་སྟེ། །ཐུགས་དམ་བསྙེན་པ་རྒྱུ་ལ་བརྣག རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །དམོད་པ་ངན་སྔགས་ཀྱི་ལེའུ་སྟེ་བརྒྱ་བཅོ་ལྔ་པའོ།། །།དེ་ནས་ཡང་སའི་ལྷ་མོས། །བཅོམ་ལྡན་འདས་ལ། །ཡང་དག་གསང་བའི་གསང་རྒྱུད་འདིར། །གསར་བ་མཆོག་དང་གཟིར་བ་དང་། །ཀླུ་ནད་དཀར་རུ་བཅད་པ་དང་། །སྦོད་གཏོང་དམདདཀྲུགསགཤིགཔདང། །རང་གཤེད་རང་ལ་བསྐོར་བ་ཡི། །སྦྱོར་བ་རྒྱས་པར་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་དྲག་པོ་སྔོན་ཕྱུང་གི རྩ་བའི་སྦྱོར་བ་མཆོག་གི་ལས། །ཡང་གསང་འཁྲུལ་གྱི་སྙིང་པོ་བཅུད། །གཅིག་རུ་དྲིལ་བ་རྒོད་ཀྱི་སྔགས། །གསང་ཆེན་གསད་པའི་སྦྱོར་བ་དྲིལ། །དེ་ཡི་རིམ་པ་འདི་ལྟ་སྟེ། །དུར་ཁྲོད་བདེ་བའི་གནས་བཙལ་ལ། །དཔའ་བརྟུལ་སྔགས་ཀྱི་འཁྲུལ་འཁོར་བཅའ། །དུར་ཁྲོད་རས་སམ་ཤོག་བུ་ལ། །ཆ་གཉིས་བྱས་ལ་བསྐོར་བ་ནི། །ཐིག་སྐོར་རིམ་པ་བདུན་དང་ལྡན། །དབུས་སུ་གྲུ་གསུམ་དྲག་པོའི་གནས། །ཕྱི་རུ་འཕྲུལ་མིག་བཞི་དང་ལྡན། །ཡང་ལོག་འཁྲུལ་མིག་ལྕགས་མཁར་བརྒྱད། །བཞི་པར་མཚོན་ཆ་རྩིབས་བཅུ་གཉིས། །ལྔ་པར་ཐོད་པའི་འཕྲེང་བས་བརྒྱན། །དྲུག་པ་གདུག་པ་སྦྲུལ་གྱིས་བརྒྱན། །བདུན་པ་མེ་རི་ར༷་དང་ལྡན། །གཅོད་བྱེད་ཙིསྟའི་འཁྲུལ་འཁོར་ཡིན། །།དེ་ལ་དགོད་ཅིང་གནས་པ་ནི། །དབུས་སུ་བརྣག་པའི་མིང་ཡང་བྲི། །ཟླ་ཁམ་གསུམ་ལ་བསྲུང་བའི་ལྷ། །འཁྲུལ་མིག་བཞི་ལ་དགོད་པ་ནི། །འདྲེན་པ་སྟོབས་ཀྱི་འབྲུ་བཞི་དགོད། །དེ་བཞིན་འཁྲུལ་མིག་བརྒྱད་པོ་ལ། །ཁོང་ཁྲག་འབྲེལ་བའི་འབྲུ་ལྔ་དང་། །སྲོག་སྡུད་འབྱེད་པའི་འབྲུ་གསུམ་དགོད། །མཚོན་ཆའི་རྩིབས་ཆེན་བཅུ་གཉིས་ལ། །གཅོད་ཅིང་གནོན་པའི་སྐྲུ་གྲི་དགོད། །ཐོད་པའི་གསེབ་ཏུ་ཕོ་གདོན་བྲི། །སྦྲུལ་གྱི་གསེབ་ཏུ་མོ་གདོན་དང་། །གདུག་པའི་ས་བདག་ཀླུ་གཉན་བྲི། །རུ་སྦལ་ཁ་བོའི་ལྟོ་བར་བྲི། །དུག་ཆུ་ཁྲག་དང་ཚ་བ་བསྐུ། །ཁ་སྦྱོར་སྔོན་དམར་དར་གྱིས་གྲིལ། །ཐོད་པར་བཅུག་ལ་གྲུ་གསུམ་བཞག གསལ་གསུམ་བསྒོམས་ལ་ཞག་གསུམ་བཟླས། །སྦྱོར་བ་ཐོན་ནས་མནན་སྔགས་བཟློས། །འཁོར་ལོ་སྦལ་པའི་ལྟོ་བར་གཞུག དེ་ཡང་ཕག་མོའི་ལྷོ་བར་བཅའ། །ཐོད་པ་རུ་སྦལ་རྒྱ་གྲམ་བྲི། །འཁྲུལ་མིག་བཅུ་ལ་ཚས་ཀྱིས་གྲིལ། །གདུག་པའི་ཀླུ་ལ་གཟིར་ལ་གཏད། །ཁྲུ་དོ་བརྐོས་ལ་ཐོད་པ་གཞུག ས་བཅག་དབང་ཆེན་ཕོ་བྲང་བསྐྱེད། །དབང་གཟུགས་འོ་དོད་ཆ་ངེས་གདབ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་དྲག་པོའི་སྔགས་འདི་བཏོན་ཏོ། །ཨེ་ཀ་ཡ་མ་སྙིང་ཁྲག་ར་མ་ཙ་ཐུམ་རིལ་ཤག །དགྲ་བོའི་མྱོགས་མྱ་ར་ཡ་བོད། །དྲག་པོ་སྦྱོར་བ་མེད་བལ་མཚོན། །ཡང་གསང་མཆོག་གི་འཁོར་ལོ་བཤད། །དྲག་པོ་མངོན་ཕྱུང་སྦྱོར་བའི་རྒྱལ་པོ་ལས། །ཡང་གསང་མཆོག་གི་ཞབྲུལ་འཁོར་འདི་བཤད་དོ། །སྔགས་དང་འཁོར་ལོ་མན་ངག་བསྡེབས་པའི་ལས། །གཅིག་ཏུ་དྲེལ་ཏེ་བཅའ་བ་འདི་ལྟ་སྟེ། །ཉམས་དགའ་དུར་ཁྲོད་བདེ་བའི་ས་ཕྱོགས་སུ། །དུར་ཁྲོད་རས་སམ་ཤོག་བུ་གྲུ་བཞི་ལ། །སྨེ་བ་ལྔ་དང་ཐལ་བ་མདོག་བཏོན་ལ། །དབུས་ནས་དྲངས་ནས་ཐོག་སྐོར་ལྔ་རུ་བསྐོར། །ཕྱོགས་བཞི་ཚངས་པའི་ཐིག་གཉིས་རྒྱ་གྲམ་གདབ། །དབུས་སུ་གྲུ་གསུམ་འཁྲུལ་མིག་བཞི་དང་ནི། །མཙམས་བཞི་དྲག་པོའི་གསང་མཛོད་བཞི་དང་ལྡན། །དེ་ཡི་ཕྱི་རིམ་འཁྲུལ་མིག་བཞི་གནིས་ལ། །ལྕགས་མཁར་བར་ཁྱམས་གཤེས་ཀྱི་ཁང་པ་ཡིན། །དེ་ཡི་ཕྱི་རིམ་མུ་ཁྱུད་དབང་སྡུད་དྲག་པོ་ལ། །སྟོབས་དང་ལྡན་པའི་སྦྱོར་བ་འཇོམས་པའི་གནས། །ཡང་ལོགས་མུ་ཁྱུད་བཞི་པོ་ལུམ་པོ་ཐུན་མོང་རྟེན་པ་ལ། །ཁྱམས་ཁང་ཆེན་པོ་སྒྲུབ་པའི་སྙིང་པོ་རྫོགས། །མཐའ་མའི་འཁྲུལ་མིག་དྲག་པོ་བཅུ་གཉིས་པ། །མཚོན་ཆའི་རྒྱལ་པོ་མེ་རླུ་་སྐྱིན་ཐང་གནས། །མྱོས་པ་སྟོབས་འབྲེལ་རྣོ་དབལ་ཁ་སྦྱོར་ཡིན། །དེ་དག་དགོད་ཅིང་གནས་པའི་རིམ་པ་ནི། །དབུས་དང་མཚམས་ཀྱི་གསང་མཛོད་གྲུ་གསུམ་ལྔར། །བླ་སེམས་འཆགས་པའི་སྙིང་པོ་མིང་རུས་བྲི། །ལྕགས་མཁར་བཞི་དང་ཕྱི་རིམ་བརྒྱད་པོ་ལ། །རྩ་བའི་དྲག་སྔགས་མེ་རླུད་དྲག་སྔགས་དགོད། །དེ་ཡི་ཕྱི་རིམ་འཁྲུལ་མིག་ཉི་ཤུ་བཞིར། །ཐམས་ཅད་གཟིར་དང་གཤིག་པའི་སྐྲུ་གྲི་དགོས། །དེ་ཡི་རིམ་པ་སུམ་ཅུ་རྩ་གཉིས་ལ། །གང་བསྒྲུབ་བསྙེན་པ་རྦད་དང་གསད་པའི་སྔགས། །ཕྱི་ནང་མགོ་བསྟན་སྐབས་དང་སྦྱར་ལ་དགོད། །མཐའ་མེའི་འཁྲུལ་མིག་ཉི་ཤུ་ལ། །དགུག་དང་ཐུན་བརྡེགས་གསད་དང་གནོན་པ་ཡི། །དྲག་པོ་སྦྱར་བའི་སྐྲུ་གྲི་དགོད། །དྲག་སྔགས་མེ་དབལ་འཁོར་ལོ་མཚོན། །འཁོར་ལོ་མཚོན་ཆེན་མེ་དཔལ་གྱིས། །ཞིང་བཅུ་མ་ལུས་གཏན་ནས་སྲེག འཁྲུལ་མིག་དགུ་བཅུ་ལས་མཐར་གསུམ། །དྲག་པོ་ཁྱམས་ཁང་མཆོག་གི་གནས། །དེ་ཡིས་ཐམས་ཅད་འཇོམས་ཤིང་འཕོ། །འཁོར་ལོའི་ལྟོ་བསྡེབ་མེ་དང་རླུད་། །སྐྲུ་གྲི་མཚོན་ཆེན་གཅོད་དང་འབིགས། །བསྲུང་དང་སྐྱོབ་པ་ཀུན་བྱེད་པའོ། །ངར་སྟོབས་ལྡན་པའི་འཁོར་ལོ་ལ། །དུག་དང་ཁྲག་བསྐུ་ཁ་སྐྱོར་བྱ། །གང་སྒྲུབ་ལས་སྔགས་དྲག་པོ་གནས། །ལྟོ་བསྡེབ་དྲག་པོའི་འཁོར་ལོ་བཤད། །སྟོབས་ཆེན་ལྷ་རྣམས་ཙིསྟ་ལ། །སྙིང་པོ་འབྲུ་རེ་སྒྲ་རུ་གནས། །དེ་ལ་རྩ་བའི་དྲག་སྔགས་དང་། །གང་སྒྲུབ་དབང་ཅན་ཕོ་མོ་ཡི། །སྒྲུབ་སྔགས་དྲག་པོའི་ཕྱི་རོལ་ཏུ། །འོད་ཀྱི་ཚུལ་དུ་གསལ་བར་བསྒོམ། །བསྙེན་པ་ནང་དུ་མགོ་བསྟན་དང་། །དྲག་པོ་གསང་སྔགས་སྐབས་དང་སྦྱར། །མན་ངག་ཐུགས་ཀྱི་བསྡེབས་སུ་བཤད། །ཞལ་གྱི་དམོད་པ་བཟླས་པའི་ཚུལ། །ཨེ་ནས་དྲངས་ལ་སྐྲུ་གྲི་སྤང་། །གང་བསྒྲུབ་བསྙེན་པ་སྦྱར་ལ་དགུག །སྤྱན་དྲངས་ལ་སོགས་གཞུང་དང་སྦྱར། །རྦད་པ་སྟོང་སྟོང་གོང་བཞིན་བསྡེབ། །དེ་བཞིན་གསས་དང་གནན་པ་ལ། །སྐབས་དང་སྦྱར་བས་ལས་ཀུན་བྱེད། །འདོད་པའི་མིང་བཅས་དབུས་སུ་བསྡེབ། །རྣོ་དབལ་སྐྲུ་གྲི་ཁ་སྦྱོར་ཡིན། །དམོད་པ་སྔགས་ཀྱི་སྡེབས་སུ་བཤད།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསད་པ་ཐམས་ཅད་ཀྱི་སྦྱོར་བ་རྩ་བ་གཅིག་ཏུ་དྲིལ་བ་འདི་བཤད་དོ། །དྲག་པོ་ཉེ་བའི་སྦྱོར་བ་འདི། །དུར་ཁྲོད་གཉན་རའི་དབེན་གནས་སུ། །འབྲེལ་བ་གསུམ་དང་ལྡན་པ ཡི། །གྲོགས་དང་དཔའ་བརྟུལ་གནོད་པ་བཅའ། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །གསང་བའི་གསང་རྒྱུད་འཕྲུལ་གྱི་བཅུད། །ཡང་གསང་མཚོན་ཆ་གསད་པའི་མཆོག ཉེ་བར་གཅིག་ཏུ་དྲིལ་བསྡེབས་པའི། །ལས་ཀྱི་འཁྲུལ་འཁོར་ཆེན་པོ་ནི། །ཞེངས་རས་ལ་སོགས་རྒྱུ་བཞི་ལ། །ཐིག་སྐོར་གསུམ་ལྡན་དེ་བཞིན་བཞིར། །བར་ཁྱམས་སྦྲུལ་བཅས་རྫོགས་བྱས་ལ། །དབུས་ལ་སོགས་པའི་ཕྱོགས་བཞི་དང་། །དེ་བཞིན་ཕྱོགས་མཚམས་བརྒྱད་དུ་བརྟགས། །སྲིད་པའི་ཁྱམས་ཁང་ལྟོ་བ་ན། །རྒྱ་གྲམ་རླུད་དྲི་སྦག་མར་གནས། །དང་པོར་ཚངས་པའི་ཐིག་གཉིས་དང་། །ཟུར་བཞི་དེ་བཞིན་ཆ་སྙམས་ལ། །དབུས་སུ་གྲུ་གསུམ་ཟླ་ཁམ་གསུམ། །ཕྱི་རིམ་ཕྱོགས་བཞིར་རྡོ་རྗེ་ཡི། །རྭ་བཞི་རྒྱ་གྲམ་ནག་པོ་ལ། །དབུས་ཀྱི་སྙིང་པོ་ཕྱོགས་བཞི་མྲ །འཁྲུལ་མིག་མཁར་ནག་རྣམ་གསུམ་གནས། །རྒྱ་གྲམ་མཚམས་བཞི་ཁྲག་གི་མཚོ། །ཡང་ལོགས་མུ་ཁྱུད་ཟླུམ་པོ་ཆུ། །སྐོམ་ཞིང་གཡེང་བས་སྡུད་ཅིང་སྨིན། །ལྟེ་སྦྱོར་གབ་པའི་འཁོར་ལོ་ཡིན། །ཡང་ལོགས་དབུས་མཚམས་གླིང་བརྒྱད་དུ། །རླུད་རི་རྡོ་རྗེ་རྩེ་མོ་རེ། །ཁ་དོག་འཕྲིན་ལས་ལྗང་ཁུ་ལ། །སྙིང་པོ་འཕྲུལ་མིག་གཉིས་གཉིས་ལྡན། །ལས་རྣམས་རྫོགས་པ་སྤུ་གྲིའི་གནས། །རླུད་རི་གཤེད་ཀྱི་འཁོར་ལོ་ཡིན། །ལྟོ་བསྡེབས་མ་ཡིན་མུ་ཁྱུད་སྤང་། །ཟུར་བརྒྱད་མུ་ཏིག་ཆུན་འཁོར་བཅས། །གསོད་བྱེད་དྲག་པོ་རྔམ་པ་ཡི། །གབ་པའི་ཐུགས་ཀྱི་འཁོར་ལོ་ཡིན། །བྱང་ཁྲམ་སྙིང་པོ་སྐྲུ་གྲིའི་སྔགས། །འབྲུལ་གྱི་རྩ་བ་དྲིལ་བ་ནི། ཁུ་གསུམ་མིང་རུས་ཟླ་ཁམ་ལྟ། །བསྲུང་བ་ཀུན་ལྡན་རྫོགས་པར་བྲི། །རྒྱ་གྲམ་བཞི་ཡི་འཁྲུལ་མིག་ལ། །རྩ་བའི་སྙིང་པོ་དྲག་སྔགས་དགོད། ཁོར་ཡུག་རྦད་དང་གསད་པའི་སྔགས། །གང་བསྒྲུབ་ལོ་སྦྱར་གནས་མཐུན་དགོད། །ཕྱི་རིམ་རྡོ་རྗེ་རྩེ་བརྒྱད་ལ། །མིང་གི་འབྲུ་གསུམ་དང་པོར་བྲི། །གསོད་ཅིང་གནོན་དང་འཕེན་པ་ཡི། །སྐྲུ་གྲི་ས་གསུམ་རྫོགས་པར་དགོད། །མཚོ་གླིང་བར་ཁྱམས་རྭ་དབུས་ལ། །སྡང་དང་གནོད་པ་དེ་བཞིན་བྲི། །མིང་གི་འབྲུ་གཉིས་སྲོག་དང་སྦྱར། །གང་འདོད་མཚམས་སུ་དེ་བཞིན་སྦྱར། །འབུར་ནག་གདུག་པའི་ཧ་ལའི་མཚོནི། །སྟི་ལི་ཁོང་འདུས་ཁོང་དྲེག་ཅན། །ཡ་མ་ཀ་ལིའི་ཀརྨ་ཙ། །ཀྱོ་པ་ཀ༷་པ་གུར་པ་ཤ །ཡ༷་ར༷་ཨེ་དབུས་ཙ་མ་ཏི།མ་ར་ཡ་ཡི་སྦྱོར་བའི་མཆོག །ལྟོ་སྦྱོར་བཅས་ལ་ཐོད་པར་གཞུག །སྤྱིན་སྲེག་བརྣག་པའི་འོག་ཏུ་གཞུག །ཞག་གསུམ་སྔགས་བསྐུལ་སྦྱོར་བ་དྲིལ། །རུ་སྦལ་ཕག་མོས་འཁྲུལ་འཁོར་བཅའ། །ཐོད་པ་རྒྱ་གྲམ་རུ་སྦལ་ལྷོར། །སྦྱོར་བ་ཀུན་ལྡན་ཀླུ་ལ་གཏད། །ཚུལ་གསུམ་སྦྱོར་བ་གོང་མ་བཞིན། །སྔགས་གྱི་རྩ་བ་དྲིལ་ལ་བརྡེག །ཞག་གསུམ་ཉིན་གཅིག་ཞག་གཉིས། །གསད་དང་གནན་པ་ཟོར་གྱི་དུས། །རིག་པ་བདེ་བ་ཡང་མའི་ཀློང་། །འཁྲུལ་འཁོར་དམ་པ་འདི་གཟུར་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་རྩ་བ་དང་སྤུ་གྲིའི་སྔགས་འདི་བཏོན་ཏོ། །ཨེ་དུན་ཧེ་ཀ་སྙིང་ཁྲག་ཡ་མ་ཙ་མ་ར་ཡ། དགྲ་བོའི་སྲོག་མ་ར་ཡ་མྱོགས་རྦད། །སྦྱོར་བ་གཉིས་པོ་སྔ་མ་བཞིན། །ཡང་གསང་འཕྲུལ་གྱི་བབ་བསྡུས་པ། །གསད་པ་ལ་སོགས་སྦྱོར་བའི་མཆོག །འཕྲིན་ལས་ཐུགས་ཀའི་འཁོར་ལོར་བཤད།། ། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སེང་གེའི་ཁོག་གཤིག་གི་སྦྱོར་བ་འདི་བཤད་དོ། །བྱིན་ཅན་བདེ་བའི་གསང་གནས་སུ། །གསང་བ་མཆོག་གི་སྦྱོར་བ་བརྩམ། །སྟི་ལའི་ཁོང་འདུས་ཁོང་དྲེག་ཅན། །ཧ་ལ་ནག་པོ་ཙ་མ་རི། །བེ་ཏ་ཏ་ཡིས་འཇིག་རྟེན་ནས། །ཡ་མ་རག་ཤའི་བདེ་ཀློང་དུ། །སྒྱུ་མའི་ཕུང་པོ་གནས་སྦྱངས་ལ། །རིན་པོ་ཆེ་ཡི་རྒྱལ་ས་སྲ །ཐུགས་ཀྱི་བདེ་བ་གཉིས་མེད་འཕང་། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །འདུལ་ཁྲིམས་ཉམས་པའི་གོས་བླངས་ལ། །རྡོ་ལྕགས་ཟངས་ཕྱེ་དུག་ཆུ་བསྐུ། །ཆ་གཉིས་བྱས་ལ་ཐིག་གདབ་བརྩམ། །ཟིལ་གནན་ཕྱག་རྒྱ་དབང་གཟུགས་སམ། །དྲག་སྔགས་དམོད་པ་སྟོང་དང་སྦྱར། །ཐ་ཆུང་བཞི་ཡི་མར་ངོ་ལ། །ཉི་ཤུ་དྲུག་ནས་འཁྲུལ་འཁོར་བཅའ། །དབུས་མས་ཐོག་བསྐོར་བཞི་རུ་བསྐོར། །དབུས་ཀྱི་གྲུ་གསུམ་བརྡ་གནས་སུ། །སྐུ་ཡི་གཟུགས་བརྙན་མིང་བྲིས་ལ། །ཟླ་ཁམ་གསུམ་ལ་བསྲུང་བའི་ལྷ། །ཕྱི་རིམ་བཅུ་གཉིས་རྩ་བའི་སྔགས། །ཡང་ལོགས་ཁོར་ཡུག་རྦོད་རྦད་གསད། །བྲི་དང་ཕྱི་ནང་གོངམབཞིན། །མཐའམའི་འཁྲུལ་མིག་བཅུ་དྲུག་ལ། །གསོད་ཅིང་གནོན་པའི་སྐྲུ་གྲི་དགོད། །སྲིད་པ་རུ་སྦལ་ལྟོ་ན་གནས། །དུག་དང་ཁྲག་གིས་ངར་བླུད་ལ། །རྗེའམ་ཡུལ་སྲུངས་ཀྱི་ཐོད་པར་གཞུག །རྩང་བཅས་དོང་དུ་མཐིང་ནག་དགབ། །དམིགས་མེད་ངང་ལས་ཡེ་ཤེས་ཀྱི། །རོལ་པ་ཕྱག་རྒྱ་ཆེན་པོར་འཕྲོ། །དྲག་ཏུ་བསྐུལ་ཞིང་ཤུགས་ཀྱིས་དྲང་། ཁ་ཁྱབ་རྡོ་རྗེའི་སྦྱོར་བས་བསྡེབ། །དམོད་པའི་ལུས་ལ་སྤུ་གྲི་བསྡེབ། །མིང་རུས་མིང་བྱང་ཁམས་ལ་བཅད། །རྒྱ་མདུད་བརྩེགས་པའི་ལྟོ་རུ་མནན། །ཡང་ན་དཀྱིལ་འཁོར་ཆེན་པོ་ཡི། །འོག་ཏུ་བཀའ་ཡི་བྱིན་བསྡུས་ལ། །རིན་པོ་ཆེ་ཡི་ལྟོ་རུ་གནན། །བཤགས་དང་དགེ་བ་རྒྱུན་མི་གཅད། །འབྱུང་བ་ལྔ་ཡི་མདངས་བསྡུས་ལ། །རིན་པོ་ཆེ་ཡི་རྒྱལ་སར་བརྟན། ཁུ་ཡི་སྙིགས་མ་སྲོག་བསྡུས་ལ། །དབུས་ཀྱི་འབུབ་གནས་གཟུགས་ལ་བསྟིམ། །ས་དང་ཆུ་དང་མེ་དང་རླུ་་། །ནམ་མཁའ་དབྱིངས་ཀྱི་ཁོངས་སུ་གཞུག །དམིགས་པ་དག་པའི་ཚད་མ་གདོན། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་སྔགས་ཀྱི་སྐྲུ་གྲི་འདི་བཏོན་ཏོ། །གུ་རུ་ནི་སྲོག་ལ་མྱོགས་ཐུམ་རིལ་མ་ར་ཡ་རྦད། །སྟམ་པ་ཡ་ནན། །བགྲོད་པ་མེད་པའི་ཕྱག་རྒྱར་བརྟན། །སེང་གེ་ཁོག་པ་གཤིག་གི་འཁོར་ལོར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་རྨེ་འཐབ་ཀྱི་སྦྱོར་བ་འདི་བཤད་དོ། །ཡིད་མཐུན་བདེ་བའི་གནས་རྣམས་སུ། །དུར་ཁྲོད་གནས་ནས་དཔའ་བ་ཡི། །ཞིང་སོགས་རས་དང་རྒྱུ་བླངས་ལ། །སྦྱོར་བ་གསུམ་དང་ལྡན་པར་བྱ། །དེལསགཅོདཔའིའཁོར་ལོ་བྲི། །དབུས་ཐིག་སྐོར་ལ་ལྔ་རུ་བསྐོར། །དབུས་སུ་གྲུ་གསུམ་ཟླ་ཁམ་བཞི། །ཕྱི་རིམ་འཁྲུལ་མིག་ལྕགས་མཁར་བཞི། །མཚམས་སུ་ཞིང་གི་ཀ་བ་ཅན། །ཡང་ལོགས་འཁྲུལ་མིག་ལྕགས་མཁར་བརྒྱད། །མཚམས་ལ་དེ་བཞིན་ཀ་བ་སྦྲུལ། །བཞི་པ་འཁོར་ཡུག་བསྲུང་བའི་གནས། །མཐའ་དམིགས་འཁྲུལ་མིག་ཉི་ཤུ་ལ། །གསོད་ཅིང་གནོན་པའི་སྐྲུ་གྲི་གནས། །དབུས་དང་ཟླ་ཁམས་བསྒྲུབ་བྱའི་གནས། །བཅུ་གཉིས་རྩ་བར་དྲག་སྔགས་གནས། །འཁོར་ཡུག་ནང་དུ་བསྙེན་པའི་སྔགས། །བར་དུ་རྦད་སྔགས་གསད་སྔགས་མཐའ། །ཕྱི་རུ་མགོ་བསྟན་བརྒྱ་བརྒྱས་བསྐུལ། །བསྙེན་པ་ཁྲི་ཡིས་བོས་ལ་གཟིར། །སྔགས་ནི་མེ་དབལ་འཁོར་ལོ་མཚོན། །འཁོར་ལོ་མེ་དབལ་མཚོན་ཆེན་གྱིས། །ཞིང་བཅུ་སྡིག་ཅན་སྲེག་ཅིང་འཇོམས། །འཁྲུལ་མིག་རྩ་བ་ཉི་ཤུ་གཉིས། །གཙང་མཛོད་མུན་ཁང་གནམ་ལྕགས་འབར། །རུ་སྦལ་ལྟོ་ན་མཚོན་ཆ་མེ། །འོད་ཀྱི་གོང་བུས་དམེ་འཁྲུག་བྱེད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་དྲག་པོའི་སྐྲུ་གྲི་འདི་བཏོན་ཏོ། །དྲི་སྲོག་ལ་དུན་རྨུགས་ས་མ་ཡ་མྱོགས་མ་རྭ་ཡ་རྦད། །དྲི་སྲོག་གཟིར་སྟམ་པ་ཡ་ནན། །སྔགས་ཀྱི་འོད་དང་འབར་བའི་དབལ། །གདུག་པས་རང་གཤེད་རང་ལ་འབེབས། །མཚོན་ཆ་ངར་བླུད་མེ་ལ་བདུག ཁྲི་བཞིའི་སྦྱོར་བ་དྲིལ་ལ་ཕང་། །ཐོན་ནས་རྩང་བཅས་ཐོད་པ་གནན། །ཟིལ་གནོན་ཕྱག་རྒྱས་གཟིར་ཅིང་དབབ། །འཁོར་ལོ་གནན་ལ་སྔ་མ་བཞིན། །རྩ་བ་གཅིག་ལས་ཡན་ལག་འབྱུང་། །དམ་ཚིག་མནའ་ཆུ་ཟེར་གསུམ་མཐའ། །དྲག་པོའི་སྐྱོར་བ་ཡང་ཡང་བརྩམ། །དམེ་ཐབ་དྲག་པོའི་འཁོར་ལོ་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྟག་མོ་ཁ་འཐབ་ཀྱི་སྦྱོར་བ་འདི་བཤད་དོ། ་༑ག་བུ་གྲུ་བཞི་མཛུབ་གང་ལ། །རྨེ་བ་ལྔ་ཡི་ཐང་པ་བྱ། །ནིར་སུ་ཡི་ཐལ་བ་ཡིས། །མཐའ་མ་རྒྱ་དང་སྐྱ་བཅད་ལ། །ཐིག་སྐོར་ཟླུམ་པོ་བཞི་རུ་བསྐོར། །དབུས་སུ་གྲུ་གསུམ་མིང་དང་རུས། །ཟླ་ཁམ་སྲུང་བའི་ལྷ་དང་གདོན། །འཁྲུལ་མིག་བཅུ་གཉིས་རྩ་བའི་སྔགས། །མུ་ཁྱུད་སྟོང་པ་བོད་རྦད་གསད། །རྩིབས་ཆེན་བཅུ་བཞི་སྤུ་གྲི་གནས། །མྱོས་པའི་སྟོབས་དང་དབྲལ་བ་ཡི། །དྲག་པོ་སྟོབས་ཀྱི་འཁྲུལ་འཁོར་ཡིན། །ནག་པོའི་གའུ་མུན་པའི་གླིང་། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་དྲག་པོའི་སྤུ་གྲི་འདི་བཏོན་ཏོ། །དགྲ་བོ་མུ་ར་ཡ་རྦད། །མཚོན་ཆའི་རྒྱལ་པོ་འཁོར་ལོ་ཅན། །གཅོད་པས་སྐམ་པ་སྐྲུ་གྲིའི་ཚུལ། །གཟིར་བ་སྟོབས་ལྡན་བསམ་དཔག་དཀའ། །མ་ལུས་ཀུན་འཇོམས་སྦྱོར་བའི་མཆོག ཁ་འཐབ་དྲག་པོའི་འཁོར་ལོ་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སེང་གེ་མཆེ་སྦྱོར་གྱི་སྦྱོར་བ་འདི་བཤད་དོ། །རྒྱ་ཤོག་ཆ་གཉིས་གྲུ་བཞི་ལ། །སྨྲེ་བ་ལྔ་དང་ཚ་བ་བསྐུ། །མུ་ཁྱུད་བཞི་ལྡན་རུ་སྦལ་ལྟོར། །དྲག་པོ་གནས་སུ་བརྣག་པའི་མིང་། །ཞབྲུལ་མིག་བཅུ་གཉིས་རྩ་བའི་སྔགས། །ཡང་ལོགས་བཅུ་དྲུག་སྐྲུ་གྲིའི་གཅོད། །ཕྱི་ཡི་མུ་ཁྱུད་སྒྲུབ་པའི་སྔགས། །བོད་རྦད་གསད་པ་ཉིས་སྟོང་བརྒྱ། །མུ་ཟའི་ཁྲམ་ཐོད་སྲན་མོའི་སྒྲོམ། །སྦྱོར་བ་སྔར་བཞིན་གནན་བ་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་སེང་གེ་མཆེ་སྦྱོར་གྱི་སྨུ་གྲི་འདི་བཏོན་ཏོ། །དགྲ་བོའི་སྲོག་ལ་མྱོགས་མྱ་ར་ཡ་རྦད། །ལྟོ་གཤག་དབང་ཆེན་ཕོ་བྲང་བསམ། །སེང་གེ་མཆེ་སྦྱོར་གྱི་འཁོར་ལོརབཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གཞན་གྱི་ཕོ་ཉ་རྐང་མགྱོགས་སླར་བཟློག་པའི་སྦྱོར་བ་འདི་བཤད་དོ། །གཉན་ར་གདུག་པའི་བདེ་གནས་སུ། །རིགས་མིན་གཞན་གྱིས་སྦྱོར་བ་འཇོམས། །གཟིར་བཟློག་དྲག་པོས་གཞན་དབང་བསྐུར། །མུ་སྟེགས་ཅན་གྱི་ལུས་སྲོག་དབྲལ། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །དྲེད་མོ་རལ་པ་བསྙིགས་པ་ཡིས། །ཞབས་མས་འཁོར་ལོའི་རྒྱུ་བྱས་ལ། །ས་དཀར་ཅུང་ཟི་རུས་པ་ཡིས ཁ་དོག་ཕྱུང་ལ་འཁོར་ལོ་བྲི། །ལྔ་རུ་བསྐོར་ལ་དབུས་གྲུ་གསུམ། །བརྣག་པའི་གཟུགས་བྲིས་སྤྱི་ཚུགས་གཞག །ཟླ་ཁམ་མིང་རུས་དེ་བ་བྲི། །མུ་ཁྱུད་སྐྲུལ་གྱི་ར་བས་བསྐོར། །ཞ་ལ་མིག་བཅུ་གཉིས་རྩ་བའི་་སྔགས། །ཕྱི་རིམ་རྡོ་རྗེ་རྒྱ་གྲམ་ལ། །སྲོག་ལ་དུག་རྨུགས་སྨྱོ། །སྲོག་ལ་ཁམ་ཤག་སྨྱོ། །སྲོག་ལ་བྲེང་ཤག་སྨྱོ། །སྲོག་ལ་ཡམ་ཤག་སྨྱོ། །རང་སྔགས་མིང་བཅས་བསྐོར་ལ་བྲི། །ཕྱི་རིམ་རྩིབས་ཆེན་བཅུ་དྲུག་ལ། །གསོད་་ཅིང་གནོན་པའི་སྐྲུ་གྲི་དགོད། །སྦྱོར་བ་ཐམས་ཅད་སྔ་མ་བཞིན། །དག་གིག་གླན་གླེན་ཐོད་པ་སྲ །སྦྱོར་བ་དྲིལ་ལ་བདག་དབང་བསྡུ། །སྔགས་པའི་འོག་ཏུ་གནན་པ་བྱ། །ཕོ་ཉ་བཟློག་པའི་འཁོར་ལོར་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་པོ་ནང་འཐབ་ཀྱི་སྦྱོར་བ་འདི་བཤད་དོ། །རང་སེམས་དབེན་པའི་གནས་མཆོག་ཏུ། །དམ་ཚིག་སྲོག་གི་མཚམས་བཅད་ལ། །ཞིང་རས་པགས་ཤུན་ཁྲུ་གང་ལ། སྦྱོར་བའི་རྒྱལ་པོ་གསུམ་སྦྱར་ལ། །མདོག་དང་ལྡན་པར་རྒྱ་བཅད་ལ། །ཞིང་གི་སྲད་བུས་ཐིག་གདབ་བརྩམ། །ཐིག་བསྐོར་ལྔ་ལྡན་དབུས་དྲག་པོ། །ཕྱི་རིམ་ཕྱོགས་བཞིར་ཐིག་རྐང་གསུམ། །ཐིག་མདུད་རྒྱ་གྲམ་འཁྲུལ་མིག་བཞི། །ཕྱོགས་བཞི་འཁྲུལ་མིག་བཅུ་དྲུག་གཅོད། །མཚམས་བཞིར་གསང་མཛོད་དྲག་པོའི་གནས། །ཡང་ལོགས་ཉི་ཤུ་རྩ་བའི་མཁར། །ཕྱི་རིམ་འཁྲུལ་མིག་བཞི་བཅུ་གཉིས། །ལྕགས་མཁར་འཁྲུལ་མིག་བརྒྱ་བཅུ་དྲུག །གསང་མཛོད་མཚམས་བཞིར་དབུས་དང་ལྔ་། །སྲིད་པའི་རུ་སྦལ་ལྟོ་ན་གནས། །དབུས་དང་མཚམས་བཞིར་བསྒྲུབ་བྱའི་མིང་། །དྲི་མ་དང་ལྡན་ཚེ་སྲོག་སྡུད། །ཕྱོགས་བཞིར་འཁྲུལ་མིག་བཅུ་དྲུག་ལ། །ཐུན་དང་གསོད་པའི་སྤུ་གྲི་གནས། །ཡང་ལོགས་འཁྲུལ་མིག་བཅུ་དྲུག་ལ། །གབ་པའི་འབྲུ་བཅུ་གཅོད་དང་བཅས། །དེབཞིནབརྒྱནགྱིབཅུ་གསུམ་ལ། །གཅོད་ཅིང་གནན་པའི་སྤུ་གྲི་ལྡན། །ལྔ་པ་མཐའ་ཡི་བཅུ་བཞི་ལ། །ཐུན་བཞི་སྔགས་ཀྱི་སྦྱོར་བ་གནས། །གང་བྱེད་སྐབས་དང་སྦྱར་ལ་བཟླས། །དུག་ཆུ་མྱོས་པ་བསྐུལ་ལ་བདུག ཁ་སྦྱར་རྒྱུས་ཆེན་སྔོ་དམར་དམ། །སྔགས་པ་ར་ཙའི་ཐོད་པ་མྲ །རུ་སྦལ་རྒྱ་གྲམ་མིང་རུས་སྔགས། །རྩང་བཅས་ལྷ་སྒོམ་དགོད་པ་བཟླས། །ཐོན་ནས་ཟིལ་གནོན་ཡེ་ཤེས་བསམ། །འཁོར་ལོ་སྦལ་པ་ཕག་མོར་གཞུག །སྦྱོར་བ་དྲིལ་ལ་ཐིག་ལེ་ལ། །རུ་བཞི་རྡོ་རྗེ་རྒྱ་གྲམ་གྱི། །ཚུལ་དང་སྦྱར་ལ་གནན་པ་བྱ། །དྲག་སྔགས་ནང་འཐབ་ཀྱི་འཁོར་ལོ་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་རང་གཤེད་རང་ལ་དབབ་པའི་སྦྱོར་བ་དེ་དག་གཅིག་ཏུ་དྲིལ་པའི་འཁྲུལ་འཁོར་འདི་བཤད་དོ། །ཡང་དག་འཁོར་ལོ་དམ་པ་འདི། ་༑ག་བུ་རྒྱུ་ལ་སྨེ་བ་ལྔས། །ཐང་པ་བྱས་ལ་ཁ་དོག་དབྱུང་། །ཚངས་པའི་ཐིག་གཉིས་རྒྱ་གྲམ་གདབ། །རུ་ཐིག་གཉིས་ཏེ་རེ་མིག་སྐྱོང་། །ཐིག་སྐོར་མུ་ཁྱུད་ལྔ་དང་ལྡན། །དབུས་སུ་གྲུ་གསུམ་ལེ་ཚེ་བརྒྱད། །ཕྱོགས་བཞིར་འཁྲུལ་མིག་གསུམ་གསུམ་དྲང་། །མཚམས་ཀྱི་གསང་མཛོད་མུན་ཁང་བཞི། །གསུམ་པར་ལས་ཀྱི་རྡོ་རྗེ་ལ། །རྒྱ་གྲམ་སྦྱོར་བ་བཞི་དང་ལྡན། །བཞི་པ་མཚོན་ཆ་བདུན་གཉིས་རྩིབས། །ལྔ་རིགས་བཞི་ར་བས་བསྐོར། །འཁོར་ལོའི་དམ་པ་འདི་གཟུང་བྱ། །དེ་ལ་དགོད་པའི་འབྲུ་རྣམས་ནི། །དབུས་སུ་གུ་རུའི་ཕྱག་རྒྱ་སྐུ། །བརྗིད་པའི་ཚུལ་གྱིས་སྐྱིལ་ཀྲུང་བཞག གཞན་ལ་གཅེར་བུ་སྤྱི་ཚུགས་རིད། །ཟླ་ཁམ་མིང་རུངས་གསང་མཛོད་བཞི། །བསྒྲུབ་བྱ་འཆང་བ་སྐྲུ་གྲིའི་མཁར། །ཕྱོགས་བཞིའི་ལུབྲུལ་མིག་བཅུ་གཉིས་ལ། །འོག་ཕྱོགས་མེ་རླུད་ནམ་མཁའི་འབྲུ། །མཇུག་མར་བྱ་ཁྱུང་བདུད་མོ་དྲེགས། །གཡས་སུ་བདུད་དང་གཤིན་རྗེ་ཁྱུང་། །ལས་ཀྱི་རྒྱལ་པོ་མ་མོ་སྲིན། །འབྲུ་གསུམ་སྦྱོར་བ་བཅུ་གཉིས་འབྲུ། །གཡས་གཡོན་རྣལ་མ་དེ་བཞིན་བཟློག རྒྱ་གྲམ་བཞི་ཡི་སྙིང་པོ་ལ། །འོག་ཕྱོགས་སྲོག་ཕྲོག་ཐམས་ཅད་འགུགས། །མཇུག་མར་ལྷ་དང་ལུས་སྲེག་འབྱེད། །གཡས་སུ་གཟན་ལ་དབབ་པའི་འབྲུ། །གཡོན་གྱི་ར་ལ་གཟིར་བའི་སྔགས། །བོད་བོད་གསང་དང་བསྲུང་བའི་སྔགས། །སྒྲུབ་དང་ཐུན་མོང་གོ་རིམས་སྦྱར། །རྩིབས་ལ་ཐམས་ཅད་གསད་པ་ཡི། །ཡང་གསང་སྤུ་གྲི་བཅུ་གཉིས་མཆོག །ཐམས་ཅད་སྦྲུལ་གྱིས་བསྐོར་བའི་ཚུལ། །སྦྱོར་བ་གཞན་མ་སྔ་མ་བཞིན། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་ཡང་གསང་མཆོག་གི་སྤུ་གྲི་འདི་བཏོན་ཏོ། །ཡ་མ་ཏ་ར་དུན་དུན་སརྦ་ཙིཀྟ་བྲེང་ཤག་ཀ་དུན་རསྒ་ཨེ་ཡ་སྲོག་ལ་དུན་དུན་ཛ་ཛ། སརྦ་ཙིསྟ་རུ་ཐུ༷་སྦུར་ནན། གཟེར་ཐུན་ཏྲིག་ནན། ཁ་ནན། ཨེ་ཀ་ཛ་རི་ཡ་མ་ཙིསྟ་བྲེང་ཤག བྲ་བི་ཤ་ཡ་ཕཊ། ཡ་མ་ཙིསྟ།དགྲ་བོའི་སྲོག་ལ་དུན་རྨུགས་ཐུན་སྨྱོ་ཡ༷་ར༷་སྨྱོ། དགྲ་བོའི་སྲོག་ལ་དུན་རྨུགས་ཙིསྟ་བྲེང་ཤག་བཱ་ར་ཡ་རྦད། ལུ་མ་འཁྱིལ་པར་རྐང་འདོམ་རེར། །ཕྱོགས་བཞིར་ཐོད་པ་ཁྱུང་མཆོག་དབུས། །རུ་བཞི་རྡོ་རྗེ་རྒྱ་གྲམ་གྱི། །གནན་པ་མི་ཤིགས་བརྟན་པའི་མཆོག །སྦྱོར་བའི་རྒྱལ་པོ་དྲིལ་བར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལས་དང་ནུས་པ་ཐམས་ཅད་བཤིག་པའི་སྦྱོར་བ་འདི་བཤད་དོ། །བརྣག་པ་སྟོགས་ཀྱིས་ལས་གཤིག་པ། །དྲེགས་པ་སྟོབས་ཀྱི་ལྷ་རྣམས་ཀྱི། །འཁྲུལ་འཁོར་དྲག་པོའི་མེ་རླུད་སྟོབས། །སྙིང་པོ་མེ་དཔལ་སྟོབས་ཀྱིས་འཇོམས། །དམོད་པའི་མཚོན་ཆ་འདི་ལྟ་སྟེ། །དུར་ཁྲོད་ཞིང་རས་ཤོག་བུ་ལ། །མུ་ཁྱུད་རིམ་པ་བཞི་དང་ལྡན། །རླུང་རི་ལས་ཀྱི་འཁྲུལ་འཁོར་ལ། །དབུས་སུ་གྲུ་གསུམ་ཟླ་ཁམ་གསུམ། །ཕྱི་རིམ་ལྕགས་མཁར་བང་མིག་བཞི། །དེ་ཡི་ཕྱི་རིམ་ཞབྲུལ་མིག་བརྒྱད། །ཞིང་གི་ཀ་བས་མཙམས་བརྒྱད་འདེགས། །ཡང་ལོགས་མཚོན་ཆའི་རྩིབས་བཅུ་གཉིས། །ལས་ཀྱི་མེ་རི་འབར་བའི་ཚུལ། །མཚོན་ཆའི་ཁང་པ་དེ་དག་ལ། །གནས་ཤིང་དགོད་པ་འདི་ལྟ་སྟེ། །དབུས་ན་བརྣག་པའི་སྙིང་པོ་མིང་། །ཟླ་ཁམ་དེ་བཞིན་རྫོགས་པར་བྲི། །ལྕགས་མཁར་བཞི་ཡི་ཁང་པ་མྲ །སྲོག་དང་ལས་བདུད་བྱ་ཁྱུང་རྡུད། །འབྲུ་བཞི་སྦྱོར་བ་ཀུན་གྱི་མཆོག ཁང་ཁྱུང་ལྕགས་མཁར་བརྒྱད་པོ་ལ། །གཤིན་རྗེ་མ་མོའི་སྙིང་པོ་གཉིས། །མཁའ་ལྡིང་དྲེ་ས་བཙན་མམོ། །རུསྦལགཤིནརྗེའིསྙིང་པོ་རྫོགས། །ལྕགས་མཁར་བང་མིག་རེ་ལ་དགོད། །མཚོན་ཆའི་ཁང་པ་བཅུ་གཉིས་ལ། །དུག་ལྔའིསྦྱོརབགཤིགཔཡི། །དྲག་པོ་སྐྲུགྲིའིམཚོནཆདགོད། །མེ་ལྷ་སྙིང་པོ་སྤོར་བ་དགོད། །འཁྲུལ་འཁོར་མཚོན་ཆ་མེ་དབལ་སྔགས། །སྦྱོར་བའི་རྒྱལ་པོ་ཀུན་འཇོམས་འདི། །མེ་རླུང་ལས་ཀྱི་མཚོན་ཆས་གཅོད། །རྫས་རྣམས་ཀུན་ལ་ཁ་སྦྱར་དྲིལ། །དུར་མར་བཅུག་ལ་རེ་བས་གྲིལ། །རྩང་བཅས་གྲུ་གསུམ་བསྐྱེད་པའི་བསྟན། །ཞིང་ལྤགས་སྟེང་ནས་ཧོམ་ཤིང་གཟུག ལྷ་བསྒོམ་སྔགས་བཟླས་ཐུན་བྲབ་བསྲེག དུ་བའི་རྫས་ལ་བདུག་ཅིང་བྲབ། །དྲག་ཏུ་བསྐུལ་ཅིང་ཡུལ་ལ་རྦད། །བདུན་ནམ་ལྔ་རུ་ཉ་སྟོང་བརྩམ། །སྦྱོར་བ་ཐོན་ན་འཁྲུལ་འཁོར་དྲིལ། །ཚེས་གཅིག་དག་དང་བཅུ་དྲུག་ལ། །སྤོབས་པ་མེད་པའི་གནན་པ་བྱ། །ཞི་ཁྲོ་ཕུར་པ་གཤིན་རྗེ་རྣམས། །འཁོར་ལོ་རུ་སྦལ་ཐོད་ཆེན་གཞུག དཀྱིལ་འཁོར་ཆེན་པོའི་འོག་ཏུ་གནན། །མཁའ་ལྡིང་དྲེགས་པ་ཀླུ་རྒྱལ་རྣམས། །འཁྲུལ་འཁོར་ཚེ་བདག་ལྟོ་བར་གཞུག འབྲོང་ཆེན་ཐོད་པར་རོ་ཁུགས་གནན། །མ་མོ་བདུད་མོ་སྲིན་མོ་རྣམས། །ཞབྲུལ་འཁོར་ཉན་ཐོས་ཐོད་པར་གཞུག བཀའ་རྟེན་བྱིན་ཅན་འོག་ཏུ་གནན། །བདུད་དང་མུ་སྟེགས་མགོན་པོ་རྣམས། །འཁྲུལ་འཁོར་གཡག་རུ་གཡས་པར་གཞུག །རོ་ཁང་སྒོ་སྲུངས་འོག་ཏུ་གནན། །རྒྱལ་པོ་དགེ་བསྙེན་དཀོར་སྲུངས་རྣམས། །སྦྱང་ཀུ་དར་མའི་ཐོད་བར་གཞུག ཀྱི་ཚང་ལམ་ཀའི་འོག་ཏུ་གནན། །བཙན་དང་སྲོག་བདག་དྲི་བོ་རྣམས། ཁྲ་རུ་སྦྱང་ཐོད་གོང་གསུམ་གནན། །ཀླུ་བདུད་མ་བདུད་ཕུག་བདག་རྣམས། །བོན་པོའི་ཐོད་པར་ལྷ་ཁང་གནན། །ཐེ་རང་ཆགས་འགོང་ཤིང་ངོག་རྣམས། །གླང་རུར་བཅུག་ལ་ལམ་མདིར་གནན། །ས་བདག་ཀླུ་གཉན་མཛེ་འདྲེ་རྣམས། །འཁོར་ལོ་ཕག་མོའི་ཐོད་པར་གཞུག ཕག་ཐོད་བཀའ་རྟེན་འོག་ཏུ་གནན། །བོན་པོ་རིགས་གཉིས་འཛིན་པ་རྣམས། །ཁྱི་ཐོད་བཅུག་ལ་ཀྱི་ཚང་གནན། །སྲི་གཅན་ཆུ་ཐོད་ཐེམ་འོག་གནན། །རིགས་འཛིན་སྦྱོར་བ་བདག་དབང་བསྡུ། །ས་གཞིའི་སྦྱོར་བ་གནན་པའོ། །བར་སྣང་མིང་བཅས་མཆོད་རྟེན་གནན། །ནམ་མཁའི་བསམ་གཏན་མཆོག་གི་ལས། །འཁྲུལ་འཁོར་མེ་རླུད་སྐྱིན་དང་མཚན། །དྲག་པོ་གཤིག་པའི་ལས་མཐར་སྦྱར། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་དྲག་པོ་གཤིག་པའི་སྐྲུ་གྲི་འདི་བཏོན་ཏོ། །སརྦ་རྩ་སྦུར་སྲོག་ནན། །སྙིང་གཟེར་བྲེང་ཤག་ཡ༷་རྦད། །ལས་ཀྱི་རྒྱལ་པོ་ཀུན་འཇོམས་འདི། །འཁྲུག་བྱེད་ཙིསྟའི་ལས་ཡིན་པས། །དྲག་པོ་གཤིག་པའི་སྦྱོར་བར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྙིང་གཟེར་ཉི་ཤུ་རྩ་གཅིག་པའི་སྦྱོར་བ་འདི་བཤད་དོ། །དྲག་པོ་ཉེ་བར་སྦྱོར་བ་སྲ །གབ་པ་ཐུགས་ཀྱི་འཁྲུལ་འཁོར་བཅའ། །རྟེན་པ་ཤོག་བུ་གྲུབ་བཞི་ལ། །ཆ་གཉིས་དུར་ཁྲོད་སྨེ་བས་བྱུག རུ་སྦལ་ལྟོ་བར་ཐིག་སྐོར་བཞི། །བསྐོར་ལ་དབུས་སུ་གྲུ་གསུམ་ལ། །ཟླ་ཁམ་སྦྲུལ་གྱི་ར་བས་གཏམས། །དེ་ཡི་ཕྱི་རིམ་འཁྲུལ་མིག་བཞི། །ཐོད་ཁར་རྡོ་རྗེ་ཀ་བ་མེ། །ཕྱི་རིམ་འཁྲུལ་མིག་ལྕགས་མཁར་བརྒྱད། །ཡངལོགས་རྩ་སྦུབས་ཉི་ཤུ་གཅིག གདུག་པ་སྲེག་བྱེད་ཡེ་ཤེས་མེ། །འོད་ཀྱི་གོང་བུར་གནས་པ་འཕྲོ། །དེ་ལ་གནས་པའི་རིམ་པ་ནི། །གྲུ་གསུམ་དབུས་ན་སྙིང་པོ་གསུམ། །གང་གནོད་མིང་དང་བཅས་ལ་དགོད། །ཟླ་ཁམ་གསུམ་ལ་གང་གནོད་མིང་། །ལྕགས་མཁར་བརྒྱད་དང་ཐོད་མཁར་བཞི། །རྩ་བའི་ཡིག་འབྲུ་བཅུ་གཉིས་དགོད། །རྩ་སྦུབས་ཉི་ཤུ་རྩ་གཅིག་ལ། །སྙིང་གཟེར་ཉི་ཤུ་རྩ་གཅིག་དགོད། །དྲག་སྔགས་༣བྲུལ་འཁོར་མེ་དབལ་མཚོན། །འཁོར་ལོ་མཚོན་ཆེན་མེ་དབལ་སྔགས། །དྲག་པོ་སྔགས་དགོད་གདུག་པའི་མཚོན། །ཐོག་ཆེན་དྲིལ་འཕྲེང་དྲག་པོའི་སྟོབས། །ནམ་མཁའི་རིན་ཆེན་རྒྱ་མཚོ་ས། །མཚོན་ཆ་ཁ་སྦྱར་དུག་ཆུ་ངར། །སྔོ་དམར་དང་བཅས་ཕག་མོའི་ལྟོར། །དུག་ཁྲག་བསྐུས་ལ་ཐོད་པར་གཞུག མི་རྐང་སྒྱེད་དབུ་ལྕགས་ཁྲིས་འདེགས། །གསལ་གསུམ་དང་ལྡན་གསུམ་སྟོང་བསྐུལ། །ཉ་སྟོང་མེ་ར་གྱི་ངོ་ལ་སྦྱར། །ཐ་ཆུངས་བཞི་ལ་རབ་ཏུ་བརྟག ཞག་གསུམ་ཤིན་ཏུ་གནོད་པར་བཅའ། །དེ་ཉིད་དོང་གཞུག་ཐོད་པར་གནན། །མི་ལྡོག་གྱད་དང་དྲེགས་པ་བསྒོམ། །ཐོད་མཁར་སྟེང་དུ་གདུག་པའི་རྩང་། །ཉི་ཤུ་གཅིག་པུས་མཆོག་ཕུར་བསྟན། །གང་གནོད་གཟུགས་བླང་སྙིང་ཁར་བརྡེག ཁུན་དུ་དྲག་སྔགས་བརྒྱ་བརྒྱས་བསྲུང་། །ཡག་ཤ་སྟི་ལའི་སྦྱོར་ཚུལ་ཅན། །སྙིང་པོ་ངང་དང་ཤུགས་ཀྱིས་དྲང་། །དུག་སྔ་བརྐམ་ཆགསརྩ་བ་གཅོད། །ཧ་ལ་ནག་པོའི་ཞེན་ཆགས་འབྲེལ། །གདུག་པ་གཞན་ལྟ་སྨོས་ཅི་དགོས། །སྔགས་ཀྱི་རྒྱལ་པོ་ཀུན་འཇོམས་འདི། །དྲག་ལ་དྲིལ་ཞིང་སྒྲ་སྤངས་ལ། །དགྲ་ནི་གཏུམ་ཞིང་ལྕི་བར་བཤད། །དྲག་པོ་གཏུམ་ཆེན་དྲེགས་པའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་གདུག་པ་ཐམས་ཅད་གཞོམ་པའི་ཕྱིར་སྙིང་གཟེར་ཉི་ཤུ་རྩ་གཅིག་གི་སྐྲུ་གྲི་འདི་བཏོན་ཏོ། །ས་ནཱ་ག་སྙིང་གཟེར་ཛ། ས་ནཱ་ག་སྙིང་གཟེར་དུག་ཕྱུང་།ས་ནཱ་ག་སྙིང་གཟེར་དུག་ཙིསྟ་རྦད། ས་ནཱ་ག་སྙིང་གཟེར་ཐུན་རྦད། ས་ནཱ་ག་སྙིང་གཟེར་དུན་རྦད། ས་ནཱ་ག་སྙིང་གཟེར་ཡ༷་རྦད། ས་ནཱ་ག་སྙིང་གཟེར་རི་ཐུན་རྦད། ས་ནཱ་ག་སྙིང་གཟེར་སྲོག་ལ་བོད། ས་ནཱ་ག་སྙིང་གཟེར་མྱོགས་རྦད། ས་ནཱ་ག་སྙིང་ཐུམ་རིལ་རྦད། ས་ནཱ་ག་སྙིང་གཟེར་དུ་ར་རྦད། ས་ནཱ་ག་སྙིང་གཟེར་ནན་འདྲིར་རྦད། ས་ནཱ་ག་སྙིང་གཟེར་བྲེང་བཤག་རྦད། ས་ནཱ་ག་སྙིང་གཟེར་ཁས་རྦད། ས་ནཱ་ག་སྙིང་གཟེར་ཐིབས་རྦད། ས་ནཱ་ག་སྙིང་གཟེར་སྦུར་ནན་རྦད། འམ་སི་ར་ལ། རང་གཅོད་སྦྱར་བའི་རྒྱལ་པོ་སྟེ། །སྙིང་གཟེར་དགུ་ཡི་འཁོར་ལོར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཛ་ལ་དྲག་པོ་བསྲུང་བའི་རྒྱལ་པོ་འདི་བཤད་དོ། །ཀླུ་གཉན་ས་བདག་ཞུགས་པ་ཡི། །ཡ་ང་བ་ཡི་ནད་དར་ན། །དམོད་པ་དྲག་པོའི་སྙིང་པོ་བཅའ། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །རྒྱ་ཤོག་རྒྱུ་ལ་ལྟོ་སྦྱར་བྲི། །དབུས་ནས་ཐིག་སྐོར་བཞི་རུ་བསྐོར། །དབུས་སུ་དྲག་པོ་འབུབ་གནས་བཞི། །མ་མོ་རྒྱལ་པོ་མཛེ་ཏྲི་ཅན། །རྩེ་ཡི་འབུབ་གནས་གསུམ་ལ་བྲི། །ས་དང་ནཱ་ག་དབུས་སུ་བྲི། །ཟླ་ཁམ་གང་གནོད་མིང་རྣམས་བྲི། །ཕྱོགས་བཞི་རྩ་བའི་འཕྲུལ་མིག་ནི། །ལྕགས་མཁར་གསུམ་གསུམ་རྒྱ་གྲམ་ལ། །རྩ་བའི་དྲག་པོའི་ལུས་དང་ལྡན། །མཚམས་ཀྱི་གསང་མཛོད་མུན་ཁང་བཞིར། །གདུག་པ་གསུམ་གྱི་གཟུགས་བྲིས་ལ། །ལུས་སྲོག་འཕྲོག་པའི་འབྲུ་དགུ་བྲི། །མུ་ཁྱུད་གསུམ་པར་གདུག་པའི་གཟུགས། །མཐའ་མ་ཕྱི་ཡི་མུ་ཁྱུད་ལ། །འཁྲུལ་མིག་རྩ་སྦུབས་བཅུ་གཅིག་གནས། །དམིགས་པས་བཀུག་ཅིང་མཚམས་སུ་གཟིར། ཤེ་ཁྲག་དྲག་སྔགས་བཅུ་གཅིག་གནས། །རུ་སྦལ་རྩ་བའི་འཁོར་ལོ་ནི། །ཡོན་ཏན་འབྲེལ་སྒྲིབ་སྣ་ཚོགས་འབྱུང་། །དུག་དང་ཚ་བ་རྫས་བསྲེས་ལ། ཁ་སྦྱོར་བདུག་ཅིང་ཐོད་པ་བཅའ། །དཀྱིལ་འཁོར་དབུས་སུ་རྩང་བཅས་གཞུག །ཕྱག་རྒྱ་ཟིལ་གནོན་སྐུར་བསམས་ལ། །དམོད་པ་ཉིན་མཚན་བརྒྱ་བརྒྱ་བཟླས། །འཁོར་ལོ་ཐོད་པ་གདུག་ཅིང་བྲབ། །ཆ་ལུགས་བཟློག་པ་བསྣོལ་ཁྲག་བརྡེག ཁོ་ཕྲད་བཅུ་གཅིག་སྲོག་ལུས་ཀྱི། །དུག་གསུམ་གནད་དང་ཞེན་ཆགས་འབྲེལ། །གདུག་རྩུབ་ཞེན་ཆགས་གཟིར་ཅིང་གཅོད། །ཡིད་ཀྱི་དབང་པོ་འཁྲུལ་བའི་ཡུལ། །རྐ་མ་ཆགས་རྒྱུན་གྱིས་སྲོག་ཕྲོགས་ལ། །གསང་མཛོད་མུ་ཁྱུད་གཟུགས་ལ་སྡུད། །མེ་རླུད་སྟོབས་ཀྱིས་ཁྲུག་ཅིང་སྡུད། །རྐྱེན་མིན་སྦྱོར་བའི་སྟོབས་དཔག་གིས། །སྲིད་པའི་ཁྱམས་ཁང་ལྷོ་རུ་འཆང་། །མངག་གནད་མདའ་ཡི་སྦྱོར་བ་ཡིན། །མགོ་གཅིག་གདོང་ལྕེ་གཉིས་པའི་ཚུལ། །རྒྱུད་གཅིག་དངས་སྙིགས་སྔགས་ཀྱིས་འབྱེད། །ཡང་གསང་མཆོག་གི་སྙིང་པོ་བཅུད། །དྲག་པོ་མེ་དབལ་སྟོབས་དཔག་མེད། །སྦྱོར་བ་ཕག་ཐོད་སྟེང་དང་འོག རྡོ་རྗེ་རྒྱལ་པོའི་བཟླས་པ་བྱ། །དེ་ནས་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ལས་ཡང་གསང་མཆོག་གི་སྔགས་འདི་བཏོན་ཏོ། །ས་ནཱ་ག་སྲོག་བྲེང་དེང་དུན་དུན་ཐུ༷་རིལ་ནཱ་ག་ཛ། །ས་ནཱ་ག་སྲོག་ལ་བྲེང་བྲེང་ཛ་ཛ་ཐུ༷་རིལ་ཤག ས་ནཱ་ག་ཕྲོག་ལ་དུན་དུན་ཐུ༷་རིལ་ཤག ས་ནཱ་ག་ཙིསྟ་ཐུ༷་རིལ་ཤག ས་ནཱ་ག་རྩ་ལི་རྦད་ཐུ༷་རིལ་ཤག ས་ནཱ་ག་དུ༷་ལིང་ཀས་ཐུ༷་རིལ་ཤག ས་ནཱ་ག་སྲོག་ལ་ཧུར་ཐུམ་རིལ་ཤག ས་ནཱ་ག་ཙིསྟ་ལ་ཐུ༷་རིལ་ཤག ས་ནཱ་ག་སྙིང་གཟེར་རྦུར་ནན་ཐུ༷་རིལ་ཤག དུ་མེ་མ་མ་སྲོག་གཟིར་ཐུ༷་རིལ་ཤག ཙ་ཏི་ཐུལ་གཟེར་ནན་ཐུ༷་རིལ་ཤག རོ་ནི་ཏྲེ་ཡ༷་ཤིག་ནན་གཟིར་ཐུ༷་རིལ་ཤག དྲག་སྔགས་མེ་དབལ་འཁོར་ལོ་མཚོན། །འཁོར་ལོ་མེ་དཔལ་མཚོན་ཆེན་གྱིས། །སྦྱོར་བ་གཅོད་ཅིང་གདུག་རྩུབ་བསྲེག བདག་སྐྱོབ་གཞན་བསྲུང་བསྟན་པའི་ལུས། །ཡ་མ་ཀ་ལའི་དྲེགས་པ་ཡི། །ཧ་མོ་གནོན་པོའི་བེ་ག་ཏ། །འདི་མིན་སྦྱོར་བས་རང་འཆིང་ཡིན། །དྲག་པོ་སྙིང་གཟེརབཅུགཅིགགི །ཡང་གསང་ཐུགས་ཀྱི་འཁོར་ལོ་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་སྦྱིན་སྲེག་དྲག་པོ་སའི་འཁོར་ལོས་གསད་པའི་སྦྱོར་བ་འདི་བཤད་དོ། །གསང་ཆེན་སྔགས་ཀྱི་རྩ་བ་སྲ །འཁོར་ལོ་སྤྱིན་སྲེག་ལྷོ་བསྡེབས་ནས། །གསོད་དང་འབིགས་ལ་སོགས་པའི་ལས། །བསྲུང་དང་སྐྱོབ་པ་ཀུན་བྱེད་ཡིན། །ཐབས་རྣམས་ལྡན་དང་མི་ལྡན་ལས། །བྱ་བ་ཀུན་འགྲུབ་བརླག་པར་འགྱུར། །འདི་དག་བདེ་དང་སྨིན་པའི་ལས། །གསང་ཆེན་ཞབྲུལ་གྱི་འཁོར་ལོ་འདི། །འབྱེད་ཅིང་བསྙད་པའི་རིམ་པ་ནི། །གཉན་ར་གདུག་པའི་བདེ་གནས་སུ། །དང་པོ་ཤེས་ལྡན་སྨིན་བྱེད་པའི། །འཁྲུལ་འཁོར་རིམ་པ་འདི་ལྟ་སྟེ། ཁུ་ལ་རྫས་ཀྱི་ཐང་བ་བྱ། །བར་སྣང་འཁོར་ལོ་ལས་ཀུན་བྱེད། །ཐིག་སྐོར་གསུམ་ལྡན་རུ་སྦལ་ལྟོར། །དབུས་སུ་གྲུ་གསུམ་མུ་ཁྱུད་སེར། །ཟླ་ཁམ་དམར་པོ་གྲུ་གསུམ་གནག ཕྱི་རིམ་རྡོ་རྗེ་རྒྱ་གྲམ་ལ། །སྙིང་པོ་འཁྲུལ་མིག་གསུམ་ལྡན་གནས། །རྩ་བའི་དྲག་སྔགས་ཀུན་གྱི་ལུས། །ཡ་ལོགས་རྡོ་རྗེའི་རྭ་བརྒྱད་ལ། །དེ་བཞིན་འཁྲུལ་མིག་གཉིས་གཉིས་ལྡན། །གསོད་ཅིང་གནོན་པའི་སྐྲུ་གྲི་གནས། །མཚམས་དང་ཟླ་ཁམ་དབུས་རྣམས་སུ། །དོན་གཉིས་བསྡུས་ལ་མིང་སོགས་བྲིས། །རྫས་དང་ཁ་སྦྱར་ནམ་མཁའ་བཞག ལས་ཀྱི་རྒྱལ་པོའི་ཞབྲུལ་འཁོར་ཡིན། །ཕུང་ས་ལ་སོགས་སྟེགས་བུ་ལ། །ཁྲག་དང་དུག་གི་བྱི་དོར་བྱ། །བམ་གྱི་སྲད་དབུས་ལྔ་རུ་བསྐོར། །དྲག་པོ་ཟླ་ཁམ་སུམ་བརྩེགས་དབུས། །དམར་དང་དཀར་དང་ནག་པོ་ལ། །རྩང་དང་ཐོད་པ་དེ་བཞིན་མེ། །མཐིང་ནག་ལིང་ག་ཧོམ་སི་ཤིང་དབུས། །ཕྱི་རིམ་རྒྱ་གྲམ་ཕུར་པ་མིང། །ཡང་ལོགས་རྩིབས་ལ་རྩ་བའི་སྔགས། །ཕྱི་རིམ་ཐོད་འཕྲེང་མེ་རི་མཐའ། །དམར་དང་ལྗང་དང་ནག་པོ་རིམས། །དེ་དག་རུ་སྦལ་ལྟོ་བར་བྲི། །དུག་གི་ཁྲག་གི་རྨེ་བ་ཅན། ཁྲ་སྣ་ཚིལ་སྣ་མར་ཁུ་འཆང་། ་་ས་ཀར་ཉུངས་ནག་ཏིལ་ཤངས་སྐྱེ། །ལྕགས་རྡོ་ཟངས་དང་ལིང་ག་མིང་། །ཐུན་བྲབ་བསྐུལ་ལ་བསྟབ་ཅིང་བསྲེག དྲག་སྔགས་བཅུ་ཡིས་མཚོན་བརྡེག་བརྟན། །རྒྱ་གྲམ་རྭ་ཡི་འདབ་བརྒྱད་དུ། །བསྲེག་པའི་སྤུ་གྲི་གཟུགས་རྣམས་དགོད། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་དྲག་པོ་ལྷོ་སྦྱར་གྱི་སྔགས་འདི་བཏོན་ཏོ། །དྲི་ཏི་རྦད། །དགྲ་བོའི་སྲོག་ལ་དུན་རྨུགས་ཛ། །ཙིསྟ་ཧུར་ཐུམས་ཛ་ལ་རམ། །དགྲ་བོའི་སྲོག་ལ་བྲེང་ཤག་རྦད། །འཁོར་ལོ་ཐོད་པ་ལིང་ཀ་གནན། །སྙིང་པོ་འཕྲུལ་གྱི་རྩ་བར་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲེགས་པ་ཆེན་པོ་རྣམས་ལས་སྣ་ཚོགས་ལ་བསྐུལ་བ་འདི་བཏོན་ཏོ། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དྲག་པོ་ཨེ་ཡི་གཞལ་ཡས་ནས། །ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདན། །ཕྱོགས་སྐྱོང་མ་ཧེས་བརྫིས་པའི་ཁྲི། །ཐབས་དང་ཤེས་རབ་ཉི་ཟླའི་གདན་སྟེངས་ན། །དུག་ལྔ་རྐམ་ཆགས་འཇོམས་པའི་ལྷ། །སྲོག་སྡུད་ཚེ་བདག་ནག་པོ་ནི། །ག་་ཆེན་དུས་མཐའ་བསྐལ་པའི་མེ་ལྟར་འབར། །སྐུ་མདོག་ནག་པོ་དུག་ཆེན་བསྤྱིལ་བ་འདྲ། །སྐུ་ཡང་ཆེ་ལ་རྔམ་ཆེན་དྲེགས་པའི་སྐུ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །གཡས་དཀར་ཀླུ་བརྒྱད་ཞལ་དུ་གསོལ། །གཡོན་དམར་གཉན་ཁྲི་ཀླུ་འབུམ་གསོལ། །དབུས་ཀྱི་མཐིང་ནག་རྔམ་པ་ཡིས། །སྐུ་དགྲར་འོངས་པའི་ལས་ངན་དང་། །ས་བདག་སྡེ་བརྒྱད་ལྷ་སྲིན་གྱི། །དབང་པོ་ལྔ་དང་ཙིསྟི་གསོལ། །ཕྱག་དྲུག་མཚོན་ཆ་འབར་བ་ཡིས། །ཞེ་སྡང་ཀླུ་གཉན་ས་བདག་དང་། །དགྲ་བགེགས་མགོ་ལུས་ཙལ་བར་གཤོག །སྐུ་ལ་དུར་ཁྲོད་རྒྱན་ཆ་དང་། །ཀླུ་ཆེན་བརྒྱད་ཀྱི་མགོ་བཅད་ནས། །དོ་ཤལ་སྙིང་གི་འཕྲེང་བས་བརྒྱན། །དབུ་ལ་བདུད་དང་སྲིན་པོ་དང་། །བཙན་དང་མུ་སྟེགས་རྒྱལ་པོ་ཡི། །མགོ་བཅད་ཐོད་པའི་འཕྲེང་བས་བརྒྱན། །རྒྱལ་རིགས་གཉན་གྱི་གྲོང་ཁྱེར་བརྒྱན། །རྗེ་རིགས་མགུར་ཆུ་ཚངས་སྐུད་བརྒྱན། །བྲམ་ཟེ་རིགས་ཀྱི་ཕྱག་གདུང་བྱ། །དམངས་རིགས་ཞབས་གདུབ་ལྷུ་ཚིགས་བརྒྱན། །རིགས་ན་གདོལ་པ་ཞབས་འོག་བཏིང་། །བ་སུ་རིགས་དྲུག་ཟས་སུ་ཟ། །མཆེ་བ་རྒྱུ་རིང་རྩང་ཕུར་གཏམས། །སྤྱན་ནས་དུག་གི་ཚ་ཚ་འཕྲོ། །དབུ་སྐྲ་སྨ་ར་བ་སྐྲུ་ལས། །གདུག་རྩུབ་དམར་ནག་མེ་ཆེན་འབར། །དམ་ཉམས་དགྲ་བོ་སྡིག་ཅན་དང་། །གདུག་པའི་ཀླུ་གཉན་ས་བདག་བསྲེག །གང་ལ་བྱ་བ་ཁྱོད་ཤེས་ཀྱིས། །དམིགས་པ་གང་ཡིན་མངོན་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམ། །ལུས་སྲོག་དབང་པོ་རྟེན་དང་ཕྲོལ། །གཡོན་གྱི་ཕྱོགས་ནས་ཡུམ་ཅིག་ལ། །བདུད་མོ་གསོད་བྱེད་རྒྱལ་མོ་ནི། །སྐུ་མདོག་མཐིང་ནག་བརྗིད་པ་ལ། །དབུ་ལ་སྦྲུལ་ནག་རལ་པས་གཏིབས། །རལ་པའི་ཟ་རུ་རེ་རེ་ལས། །གསེར་དང་མུ་ཏིག་རྒྱན་འཕྱང་མ། །གདོལ་བའི་ཀླུ་དང་ཐོད་པ་ཡིས། །དབུ་དང་ཕྱག་གདུབ་ལྷུ་ཚིགས་བརྒྱན། །ཞལ་ནས་མི་རོ་རྟ་རོ་འབྲུལ། །སྤྱན་ནས་ཁྲག་འཛག་ཟུ་ལུ་ལུ། ཁྲངས་ནས་རླུད་ནག་ཚུབ་མ་འཁྱིལ། །གཡས་པས་དགྲ་བོའི་སྙིང་ཕྱུང་རྦད། །གཡོན་བས་རྦ་གློང་སྙིང་ཁྲག་སྟོབ། །དྲག་ཏུ་བསྐུལ་ཞིང་རྦད་པའི་ཚེ། །མ་མོ་ཀི་ཀང་དགྲ་ལ་འབེབས། །མོ་གདོན་འབུམ་སྡེ་གཟིར་ཞིང་འཇོམས། །གང་ལ་བྱ་བ་ཁྱོད་ཤེས་ཀྱིས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཚེ་བདག་ཐུགས་ཀྱི་དཀྱིལ་འཁོར་ནས། །ཐུགས་ཀྱི་སྦྲུལ་པ་མངོན་ཕྱུང་བ། །གསོད་བྱེད་ཡ་མ་རྭ་ཙ་ནི། །སྐུ་མདོག་སྨུག་ནག་འཇིགས་ཚུལ་ཅན། །རྔམ་ཞིང་དྲེགས་པས་དགྲ་བགེགས་འདུལ། །རྣ་བའི་གྲོང་ཁྱེར་སྦྲུལ་གྱིས་བརྒྱན། །ཚངས་པའི་མགོ་ཅན་དོ་ཤལ་བྱས། །བདུད་དང་མུ་སྟེགས་རྒྱལཔོཡི། །ཙིསྟའིའཕྲེང་བས་རྒྱན་དུ་སྤྲས། །གཡས་པ་འཁོར་ལོ་རྩིབས་བཅུ་བསྣམས། །ཉམས་པ་ཀུན་གྱི་མགོ་ལུས་གཤོག །གཡོན་པས་ཙིཏི་བཏོན་ནས་བསྣམས། །ངམ་ཞིང་དྲེགས་པའི་ཆ་བྱད་ཀྱིས། །སྡེ་བརྒྱད་ཀུན་གྱི་སྦྱོར་བ་འཇོམས། །བསྐུལ་ཞིང་དྲག་ཏུ་རྦད་ཙམ་ན། །བདུད་དང་རྒྱལ་པོ་དོན་སྙིང་འབྱིན། །བཙན་དང་ས་བདག་དབང་པོ་འཇོམས། །དུག་ལྔ་འདུལ་བར་བསྐུལ་ཙམ་ན། །ས་བདག་ཀླུ་གཉན་གཟིར་ཞིང་སྲེག གང་ལ་བྱ་བ་ཁྱོད་ཤེས་ཀྱིས། །དམིགས་པ་གང་ཡིན་མངོན་དུ་སྒྲོལ། །ཡ་མ་ཐུགས་ཀྱི་དཀྱིལ་འཁོར་ནས། །ཐུགས་ཀྱི་སྤྲུལ་པ་སྔོན་ཕྱུང་བ། །དྲེགས་པ་ཆེན་པོ་རྔམ་པའི་སྐུ། །སྐུ་མདོག་ལྗང་ནག་བརྗིད་པ་ནི། །འཕྲིན་ལས་སྣ་ཚོགས་མཛད་པའི་རྟགས། །ཞལ་གཅིག་རྔམ་ཞིང་འཚིམས་པ་ནི། །དྲེགས་པ་ཅན་དང་གནོད་སྦྱིན་ཀུན། །སྲོག་དང་ཕྲལ་ནས་གསོལ་བའི་རྟགས། །ཚམས་དང་མཆེ་བ་གཙིགས་པ་ནི། །ཀླུ་བརྒྱད་ཟས་སུ་ཟ་བའི་རྟགས། །ཞལ་གཅིག་སྐན་སྒྲ་འདེབས་པ་ནི། །གཉན་དང་ས་བདག་ཀླུ་བདུད་ཀུན། །དབང་པོ་བསྡུས་ནས་གསོལ་བའི་རྟགས། །ཚེམས་དང་མཆེ་བའི་བར་བར་ནས། །གདུག་པའི་སྦྲུལ་དང་མི་རོ་འབྲུལ། །སྙན་ཆ་མགུར་ཆུ་གདུབ་སོར་ཀུན། །སྐྲུལ་དང་རིན་པོ་ཆེ་ཡིས་བརྒྱན། ཁྲངས་ཀྱི་རླུ་་སྒྲས་ཀླུ་སྲིན་འཐོར། །དབུ་ལ་རིན་ཆེན་འབར་བས་བརྒྱན། །གཡས་པ་གསེར་གྱི་རྡོ་རྗེ་རྩེ་དགུ་བསྣམས་པ་ནི། །སྡང་དགྲ་གནོད་བགེགས་མགོ་ལུས་གཤོག་པའི་རྟགས། །གཡོནཔསཙིསྟའིའཕྲེངབབསྣམས་པ་ནི། །དབང་ཆེན་དྲེགས་པ་བྲན་དུ་འཁོལ་བའི་རྟགས། །ཞབས་གཉིས་བསྣོལ་ནས་འགྱིང་སྟབས་བཞུགས་པ་ནི། །ཀླུ་གཉན་འབུམ་སྡེ་གདན་དུ་བཏིང་བའི་རྟགས། །ཞལ་གདངས་མཆེ་བར་རབ་ཏུ་གཙིགས་པ་ནི། །དུག་གསུམ་སྐྱེ་ཤི་རྩད་ནས་གཅོད་པའི་རྟགས། །སྤྱན་རྩ་དམར་ལ་སྡང་མིག་བགྲད་པ་ནི། །འདོད་ཆགས་ཆེན་པོས་གདུག་པ་འཛིན་པའི་རྟགས། །གང་ལ་བྱ་བ་དྲེགས་པ་ཁྱོད་ཤེས་ཀྱིས། །དམིགས་པ་གང་ཡིན་མངོན་དུ་སྒྲོལ་ལས་ཤོག །དྲེགས་པ་ཆེན་པོའི་ཐུགས་ཀྱི་དཀྱིལ་འཁོར་ནས། །ཐུགས་ཀྱི་སྤྲུལ་པ་མངོན་ཕྱུང་བ། །རུ་སྦལ་རྔམ་པའི་མི་ཟན་ནི། །ཆགས་སྡང་ལྔ་ཡི་རྩ་བ་གཅོད། །འབྱུང་བ་ལྔ་ཡི་འབྲས་བུ་སྐྱེམས། །ལུས་སྲོག་གཉིས་ཀྱི་རྩ་མདངས་འབྲེལ། །སྐྱེ་བ་མེད་པའི་ཁམས་ལ་སྡུད། །དྭངས་མ་བཀྲག་གི་སྙིང་པོ་འཆང་། །ཐུགས་ཀྱི་གསང་མཛད་འབར་བ་སྲ །བཀྲགས་མདངས་བཅུད་ཀྱི་སྙིང་པོ་ཆོངས། །དཀོན་མཆོག་དབུ་འཕངས་དམོད་པ་དང་། །རྒྱལ་བའི་བཀའ་དམ་གཅོད་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས། །སྐུ་དགྲར་འོས་པ་མ་ལུས་ཀྱང་། །གཤེད་ཀྱི་གསང་མཛོད་འབར་བར་ཆུག །རྟག་ཏུ་འབྱམས་པའི་གནས་སུ་འཆོངས། །རྩ་བཞི་སྔགས་ཀྱི་སྟོབས་ཀྱིས་གཟིར། །དམོད་པ་དྲག་པོའི་མཚོན་ཆས་གཅོད། །ཡན་ལག་ལྔ་དང་གསང་བ་ལས། །མཆོད་རྟེན་དྲུག་གིས་དགྲ་བགེགས་གནོན། །དགྲ་བགེགས་ལས་ངན་གདུག་པ་རྣམས། །སྤུ་གྲིའི་གནས་ནས་ཤོ་ར་རེ། །ཚེ་བདག་ནག་པོའི་སྤྱི་གཙུག་ནས། །གསེར་གྱི་བྱ་ཁྱུང་ག་རུ་ཌ། །བྱ་ཁྱུང་རྒྱལཔོདམཚིགཅན། །བྱཁྱུང་རྒྱལ་པོ་མཐུ་པོ་ཆེ། །འཁོར་ལོ་འབར་བའི་གཤོག་རྩ་ཡིས། །ཀླུ་གཉན་ས་བདག་མགོ་ལུས་གཤོགས། །རལ་གྲི་འབར་བའི་གཤོག་པ་ཡིས། །གདུག་པ་གསུམ་གྱི་སྤྱོར་བ་གཅོད། །སྐྲུ་གྲི་འབར་བའི་ཐེད་གཤོག་གིས། །དགྲ་བོ་ཉམས་པའི་སྲོག་དབུགས་ཕྲོལ། །ཡེ་ཤེས་འབར་བའི་གཤོག་ཟེར་གྱིས། །ཉོན་མོངས་དུག་གསུམ་རྩད་ནས་སྲེག །སྐྲུ་བྲན་སྐྲུ་གྲི་དཔལ་ཆེན་གྱིས། །ཉམས་པ་ཀུན་གྱི་སྲོག་རྩ་གཅོད། །སྤྱན་གཉིས་ཉི་ཟླར་སྤྱིལ་པ་ཡིས། །ཞེ་སྡང་ཀླུ་མཚོ་གཏིང་ནས་སྐེམས། །གནམ་ལྕགས་འབར་བའི་སྡེར་མོ་ཡིས། །ཀླུ་གཉན་ས་བདག་དྲངས་ཀྱིན་གསོལ། །གནམ་ལྕགས་འབར་བའི་རྡོ་རྗེ་མཆུས། །ས་བདག་ཀླུ་བདུད་ཀླུ་སྲིན་གསོལ། །ཁྱུང་གི་གཤོག་པ་བརྡབས་པ་ཡིས། །གདུག་པའི་གནས་ཁང་རྨང་ནས་གཤིག ཁྱུང་ཆེན་རྔམ་པའི་ང་རོ་ཡིས། །ཀླུ་གཉན་ས་བདག་ཟིལ་གྱིས་གནོན། །གང་ལ་བྱ་བ་ཁྱོད་ཤེས་ཀྱིས། །དམིགས་པ་གང་ཡིན་མངོན་དུ་སྒྲོལ། །ཡང་སྤྲུལ་དུག་གི་ཁྱུང་ཆེན་གྱི། །མཚོན་ཆ་འབར་བའི་གཤོག་པ་ཡིས། །གདུག་པའི་རྐམ་ཆགས་གཅོད་ཅིང་ཟ། །གདུག་པ་འདུལ་བའི་ལས་ངོ་ལོང་། །སྟག་དང་སེང་གེ་རྔམ་པ་ཡིས། །ཉམས་པའི་ཤ་ཁྲག་དྲོད་ལས་རོལ། །ཞེ་སྡང་དུག་སྦྲུལ་ནག་པོ་ཡིས། ཁ་ནས་མེ་འབར་དུག་ལྔ་སྲེག དགྲ་བོ་མཁར་གྱིརྨངནསགཤིག དུགསྦྲུལ་ནག་པོ་ལུས་སྲོག་འབྲེལ། །དྲེགས་པ་ཅན་རྣམས་དགྲ་ལ་སྨྱོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དྲེགས་པ་ཆེན་པོའི་འཁོར་སྲོག་གཤེད་ཀྱི་མོན་པ་བཞི་ལས་སྣ་ཚོགས་ལས་བསྐུལ་བ་འདི་གསུངས་སོ། །ཡབ་ཅིག་ཚེ་བདག་ནག་པོ་ཐུགས་ཀྱི་སྦྲུལ་པ་ནི། །ཤར་གྱི་ཕྱོགས་ནས་བླ་རྐུ་བ། །དུག་གི་མོན་པ་རྡོ་རྗེ་རིགས་ཀྱི་གཙོ། །སྐུ་སྟོད་ཞིང་གི་གཡང་གཞི་ཐོད་པ་འབུམ་གྱིས་བརྒྱན། །སྐུ་སྨད་སྟགས་གི་ཤམ་བུ་མུ་ཏིག་ཆུན་གྱིས་བརྒྱན། །སྦྲུལ་ནག་གདུག་པ་སྐུ་ཡི་རྒྱན་དུ་བྱས། །སྙིང་དང་ཐོད་པའི་འཕྲེང་བས་དོ་ཤལ་དྲེགས་པས་བརྒྱན། །ཞལ་ནས་དུག་གི་རླངས་པ་ནད་ཐུན་སྤྲིན་ལྟར་གཏིབས། ཁྲངས་ནས་དུག་གི་ཚུབ་མས་སྟོང་ཁམས་ཕྱགས་མས་འདེབས། །སྙན་ནས་རྔམ་པའི་འབྲུག་སྒྲས་ཞིང་བཅུ་ཟིལ་གྱིས་གནོན། །ཕྱག་གཡོན་ལྕགས་ཀྱུ་ཞགས་པ་འཁྲིགས་པ་ཡིས། །གང་ལ་དམིགས་པའི་དགྲ་བགེགས་བླ་ཡང་འགུགས། །ཕྱག་གཡས་ཤེལ་གྱི་རྡོ་རྗེས་མགོ་ལུས་གཤོག མོན་པ་ཆེན་པོ་དྲག་ཏུ་བསྐུལ་ཙམ་ན། །ཆིབས་སུ་སེང་གེ་ཆིབས་ནས་དགྲ་བགེགས་ཚེ་སྲོག་སྡུད། །གཡས་ན་གཤོག་པ་ཅན་གྱི་ཕོ་ཉ་སྲོག་ལ་ལྡིང་ཞིང་འདེབས། །གཡོན་ནས་གཅན་གཟན་གདུག་པའི་ཕོ་ཉ་རྔམ་ཞིང་རོལ། །སྟོད་ནས་མེ་འབར་བླ་མཚོ་གཏིང་ནས་སྐེམས། །སྨད་ནས་ཁྲག་འཛག་དལ་གྱི་བུ་ཡུག་གློག དུག་གི་མོན་པ་སྡང་བའི་དགྲ་ལ་སྨྱོ། །མོན་པ་ནག་པོ་སྐུ་ཡི་གཡོན་ཕྱོགས་ན། །དུག་གི་མོན་པ་བླ་རྐུན་རྔམ་པའི་གདོང་། །སྐུ་ལ་དར་ནག་བེར་ཆེན་སྦྲུལ་གྱིས་བརྒྱན་པ་གསོལ། །དབུ་ལ་དུག་སྦྲུལ་ཅོད་པན་ཁྲག་གི་ཟ་རུ་ཅན། །ཞལ་ནས་གདུག་པའིསྦྲུལ་དང་མི་རོ་རྟ་རོ་འབྲུལ། །སྤྱན་ནས་དུག་དང་ཁྲག་གི་རྦ་གློང་ཆི་ལི་ལི། །གཡས་པས་སྙིང་འབྱིན་ཡབ་ཀྱི་སྐུ་ལ་འཁྱུད། །གཡོན་པ་དུག་ཟོར་དུག་མདའ་དགྲ་ལ་འཕེན། །ཡབ་ཡུམ་གཉིས་སུ་མེད་པའི་སྤྲུལ་པ་ནི། །དུག་གི་མོན་པ་གཅེར་བུ་འབུམ། །དུག་མདའ་ལྕགས་གཟེར་དགྲ་བགེགས་སྙིང་ལ་ཐོབ། །སྤྱི་གཙུག་དུག་གི་བྱ་ཁྱུང་ག་རུ་ཌ། །རྡོ་རྗེ་གཤོག་པས་དུག་གི་མེ་ལྕེ་འབར། །རྡོ་རྗེ་མཆུ་དང་སྡེར་མོས་ཀླུ་གཉན་དྲངས་ཤིང་ཟ། །ཀླུ་ནད་མཛེ་ཤུ་དཀར་རུ་གཅོགས་ཤིང་སྐྱེམས། །རྡོ་རྗེ་རིགས་ཀྱི་སྤྲུལ་པ་སྡང་བའི་དགྲ་ལ་སྨྱོ། །ལྷོ་ཡི་ཕྱོགས་ནས་དགྲ་བོའི་བླ་འགུགས་པ། །ལྕགས་ཀྱི་མོན་པ་ནག་པོ་རྔམ་པའི་གདོང་། །སྐུ་སྟོད་ལྕགས་ཀྱི་ཞུན་ཁྲབ་ཐོད་པས་བརྒྱན་པ་གསོལ། །སྐུ་སྨད་སྟག་ཤམ་གཡུ་ཡི་དྲིལ་བུས་བརྒྱན་པ་གསོལ། །དབུ་རལ་ནག་པོ་ནམ་མཁའི་སྤྲིན་ལྟར་གཏིབས། །ཁ་ནས་མེ་འབར་ཁྲག་གི་རྒྱ་མཚོ་སྐེམས། །མཆེ་བ་དགུ་རིས་དགྲ་བོ་ནང་རིལ་འབྲབ། །སྤྱན་རྩ་དམར་ལ་སྡང་མིག་དགྲ་ལ་གཟིགས། །གཡོན་པ་རླུད་གི་འཁོར་ལོས་དགྲ་བོ་ལུས་སྲོག་འབྱེད། །གཡས་པས་མེ་ཡི་འཁོར་ལོས་དགྲ་བགེགས་རྩ་རྒྱུད་སྲེག །མོན་པོ་ནག་པོ་དྲག་ཏུ་བསྐུལ་ཙམ་ན། །སྟགས་ལ་ཤོན་ནས་དགྲ་ཡུལ་ཕྱགས་མས་འདེབས། །མེ་ཡི་བསྐལ་པ་སྟོང་ཞིང་དགྲ་བོའི་བླ་མཚོ་སྐེམས། །ཞལ་དུ་སྦྲུལ་དང་མི་རོ་ཟ་ཞིང་རྔམ། །མོན་པ་ནག་པོ་སྐུ་ཡི་གཡོན་ཕྱོགས་ནས། །མོན་པ་ནག་པོ་གཡུ་ཡི་རལ་པ་ཅན། །དགྲ་བོ་བླ་སྐུ་ཡིད་ལ་ཇག་འགྱེད་མ། །སྦྱན་ནས་ཁྲག་འཛག་ཟལ་ནས་མི་རོ་འབྲུལ། །སྐུ་ལ་མཐིང་ནག་སྦྲུལ་གྱིས་བརྒྱན་པ་གསོལ། །གཡས་པས་སྙིང་འབྱིན་མོན་པ་གཙོ་ལ་འཁྱུད། །གཡོན་པས་དུག་ཟོར་ནག་པོ་སྡང་བའི་དགྲ་ལ་འཕེན། །ཡབ་ཡུམ་གཉིས་སུ་མེད་པའི་སྤྲུལ་པ་ནི། །ལྕགས་ཀྱི་མོན་པ་ནག་པོ་གསུམ། །རི་ཀླུང་རྒྱུག་ཅིང་ཚེ་བཀྲག་སྡུད། །ལག་ན་ལྕགས་མདའ་གཟེར་ཆེན་དགྲ་ཡི་སྙིང་ལ་འདེབས། །རྔམ་པའི་ང་རོ་སྟོང་གསུམ་ཟིལ་གྱིས་གནོན། །གཅེར་བུ་འབུམ་གྱིས་དགྲ་བོ་སྒྲོལ་ལས་ཤོག །མོན་པ་ནག་པོ་དབུ་ཡི་སྤྱི་གཙུག་ན། །བྱ་ཁྱུང་རྒྱལ་པོ་མཚོན་ཆའི་གཤོག་པ་ཅན། །རིན་ཆེན་ཅོད་པན་མེ་ཡི་བསྐལ་པ་གཏོང་། །ཞེ་སྡང་ཀླུ་མཚོ་གཏིང་ནས་སྐེམས་ཤིང་འཐུང་། །མཆུ་དང་སྡེར་མོ་རིན་ཆེན་འབར་བ་ཡིས། །ཀླུ་གཉན་ས་བདག་འཛིན་ཅིང་ཞལ་དུ་གསོལ། །ཁྱུང་གི་གཤོག་པ་བརྡབས་ནས་འོད་ཟེར་སྤྲོས་པ་ཡིས། །ཀླུ་ནད་མཛེ་ཤུ་དཀར་རུས་གཅོད་ཅིང་སྐྱེམས། །རིན་ཆེན་རིགས་ཀྱི་སྤྲུལ་པ་སྡང་བའི་དགྲ་ལ་སྨྱོ། །ནུབ་ཀྱི་ཕྱོགས་ནས་སྡང་བའི་དགྲ་འགུགས་པ། །བསེ་ཡི་མོན་པ་གཏུམ་ཆེན་དྲེགས་པ་ཅན། །སྐུ་སྟོད་བསེ་ཁྲབ་ཐོད་པས་བརྒྱན་པ་གསོལ། །སྐུ་སྨད་སྟག་ལྤགས་ཤམ་བུ་པདྨ་འབུམ་གྱིས་བརྒྱན། །དབུ་སྐྲ་ཁམ་ནག་ཁྲག་གི་གཟར་བུ་ཅན། །ཞལ་ནས་ཁྲག་གི་སྒྱུགས་པས་དགྲ་བོ་ཁྲག་ཏུ་སྒྱུག །སྤྱན་ནས་མེ་འབར་དགྲ་བོའི་དུག་གསུམ་སྲེག སྙན་ནས་སྟོང་གསུམ་འབྲུ་སྒྲས་ཟིལ་གྱིས་གནོན། །ཀླུ་བརྒྱའི་མགོ་བཅད་ཐོད་པས་དོ་ཤལ་བྱས། །ཕྱག་གཡོན་སྦྲུལ་ཞགས་ནག་པོས་དགྲ་བོའི་ཡིད་ནས་འགུགས། །ཕྱག་གཡས་རལ་གྲིས་དགྲ་བོའི་སྲོག་རྩ་གཅོད། །བསེ་ཡི་མོན་པ་དྲག་ཏུ་བསྐུལ་ཙམ་ན། །བན་གླང་དམར་པོ་ཞོན་ནས་སྟོང་གསུམ་ཕྱགས་མས་འདེབས། །ཁྲག་གི་རྒྱ་མཚོ་རློབས་ཅིང་ཁྲག་ནད་ཆར་ལྟར་འབེབས། །ཀླུ་དང་ས་བདག་འབུམ་སྡེ་ཟས་སུ་ཟ། །རྔམ་པའི་ང་རོས་སྟོང་གསུམ་ཟིལ་གྱིས་གནན། །སྤྲུལ་པ་ཆེན་པོ་རྔམ་ཞིང་དགྲ་བོ་འདུལ། །མོན་པ་ཆེན་པོ་སྐུ་ཡི་གཡོན་ཕྱོགས་ན། །མོན་མོ་ཚེ་ཕྲོག་ཁྲག་གི་རལ་པ་ཅན། །སྐུ་ལ་རྨ་བྱའི་འཇོལ་བེར་གསོལ། །པདྨ་འབུམ་དང་སྦྲུལ་གྱིས་བརྒྱན། །སྤྱན་ནས་ཁྲག་འཛག་ཞལ་ནས་མི་རོ་འབྲུལ། །གཡས་པ་སྟིང་འབྱིན་མོན་པས་ཡབ་ལ་འཁྱུད། །གཡོན་པས་ཁྲག་མདའ་གཟེར་ཆེན་དགྲ་ལ་འདེབས། །ཡབ་ཡུམ་གཉིས་སུ་མེད་པའི་སྤྲུལ་པ་ནི། །བསེ་ཡི་མོན་པ་གཟེར་བུ་འབུམ། །ཁྲག་གི་སྒྱུགས་པ་དགྲ་ལ་སྤྲོས། །རལ་བ་བསེ་འོད་མེ་ལྟར་འབར། །མེ་ཡི་བསྐལ་བ་དགྲ་ལ་སྟོང་། །ཁྱེད་ཀྱི་ལག་པ་གཡས་གཡོན་ནས། །ཟངས་མདའ་གཟེར་ཆེན་དགྲ་ལ་འདེབས། །རྔམ་པའི་ང་རོས་སྟོང་གཟུགས་ཟིལ་གྱིས་གནོན། །གཅེར་བུ་འབུམ་གྱིས་དགྲ་བགེགས་སྒྲོལ་ལས་ཤོག །མོན་པ་ཆེན་པོ་དབུ་ཡི་སྤྱི་གཙུག་ནས། །བསེ་ཡི་བྱ་ཁྱུང་རལ་གྲིའི་གཤོག་པ་ཅན། །ཟངས་སྡེར་ཟངས་མཆུས་ཀླུ་གཉན་ས་བདག་ཟ། །པདྨ་སྟོང་གི་སྐྲུ་བྲན་མེ་ལྟར་འབར། །སྤྱན་ནས་ཁྲག་འཛག་ཀླུ་གཉན་ས་བདག་མྱོས། །པདྨ་རིགས་ཀྱི་སྤྲུལ་པ་དགྲ་ལ་སྨྱོ། །བྱང་གི་ཕྱོགས་ནས་དགྲ་བོའི་བླ་འགུགས་པ། །མོན་པ་རྔམ་ཆེན་སྲིད་པའི་སྲོག་གཤེད་ནི། །སེར་ནག་མི་བསྲུན་དུག་གི་ཁ་རླངས་འཕྲོ། །རལ་པ་སྦྲུལ་ནག་ཁྲག་གི་ཟར་བུ་ཅན། །སྤྱན་ནས་ཁྲག་འཛག་ན་བུན་ཆར་ལྟར་འབབ། །སྐུ་སྟོད་ཞིང་སྔགས་རྒྱ་གྲམ་སྟོང་གིས་བརྒྱན། །སྐུ་སྨད་སྟག་ཤམ་ཐོད་པའི་ཆ་ག་ཅན། །བྱ་དང་གཅན་གཟན་གདུག་པའི་ཚོགས་ཀྱིས་བསྐོར། །ཕྱག་གཡོན་ཞིང་གི་ཞགས་པས་དགྲ་བོ་གནས་ནས་འདྲེན། །གཡས་པ་རྡོ་རྗེ་རྒྱ་གྲམ་དགྲ་བགེགས་མགོ་ལུས་གཤོག མོན་པ་ཆེན་པོ་དྲག་ཏུ་བསྐུལ་ཙམ་ན། །དྲེད་ལ་ཞོན་ནས་དགྲ་བགེགས་ཕྱགས་མས་འདེབས། །ཁ་ནས་མེ་འབར་དགྲ་ཡི་དུག་གསུམ་བསྲེག རྔམ་པའི་ང་རོས་དགྲ་བགེགས་ཟིལ་གྱིས་གནོན། །མོན་པ་ཆེན་པོ་སྐུ་ཡི་གཡོན་ཕྱོགས་ནས། །མོན་མོ་ཆེན་མོ་བླ་རྐུན་སྙིང་ལ་གཟེར་འདེབས་མ། །སྦྲུལ་ནག་རལ་པ་ཁྲག་གི་ཟེར་བུ་ཅན། །སྐུ་ལ་ལྗང་ནག་བེར་ཆེན་ཐོད་པས་བརྒྱན་པ་གསོལ། །ཞལ་ནས་གདུག་པའི་སྦྲུལ་དང་མི་རོ་རྟ་རོ་འབྲུལ། །སྤྱན་ནས་ཁྲག་འཛག་དུག་གི་ཆུ་བོ་འབབ། །སྙན་དང་ཕྱག་ཞབས་སྦྲུལ་ནག་འབུན་གྱིས་བརྒྱན། །གཡས་པས་སྙིང་འབྱིན་མོན་པ་ཡབ་ལ་འཁྱུད། །གཡོན་པས་འབྲོང་ཆེན་རྭ་ཟོར་དམ་ཉམས་དགྲ་ལ་འཕེན། །ཡབ་ཡུམ་གཉིས་སུ་མེད་པའི་སྤྲུལ་པ་ནི། །མོན་པ་དགྲ་བོ་བླ་དང་ཕྲོལ་ལས་ཤོག མོན་པ་སེར་ནག་གཅེར་བུ་འབུམ། །ལྕགས་མདའ་གཟེར་ཆེན་དགྲ་ལ་འཕེན། །རྐང་པ་རྒྱུག་ཅིང་ལག་པ་རྗེ། །ཚེ་སྲོག་དབང་པོ་བཀུག་ཅིང་གསོད། །བླ་དང་སྤྲུལ་པ་ཕྲལ་ཞིང་འཆང་། །དགྲ་བོ་བླ་དང་ཕྲོལ་ལས་ཤོག །མོན་པ་སེར་ནག་དབུ་ཡི་སྤྱི་གཙུག་ནས། །གསེར་གྱི་རྒྱལ་པོ་བྱ་ཁྱུང་ག་རུ་ཌ། །རྡོ་རྗེ་རྒྱ་གྲམ་གཤོག་པ་འོད་ཟེར་འཕྲོ། །རྒྱ་གྲམ་མཆུ་དང་སྡེར་མོ་ལྕགས་ཀྱུ་ཡིས། །ཀླུ་གཉན་ས་བདག་དྲངས་ཤིང་ཟས་སུ་ཟ། ། གཤོག་པ་རྒྱ་གྲམ་ལས་ཀྱི་རླུད་ཆེན་གྱིས། །ཀླུ་གཉན་ས་བདག་ཀླུ་བདུད་ཕྱགས་མས་འདེབས། །སྤྱན་གཉིས་ཉི་ཟླས་སྡང་ཞིང་བཟློག་པ་ཡིས། །ཀླུ་ནད་མཛེ་ཤུ་དཀར་རུ་གཅོགས་ཤིང་སྐྱེམས། །ཁུང་གི་རྔམ་སྒྲ་སྒྲོམ་སྐྲོམ་དྲག་ཏུ་བསྒྲགས་པ་ཡིས། །ཀླུ་གཉན་ས་བདག་ཟིལ་གྱིས་གནོན་ཅིང་གཟིར། །ལས་ཀྱི་སྐྲུལ་པ་ཆེན་པོ་སྡང་པའི་དགྲ་ལ་སྨྱོ། །ཀུན་འདུས་རིག་པའི་ཕོ་བྲང་ནས། །སྟོབས་ཆེན་དྲེགས་པ་འཁོར་སྐྱོང་རྣམས། །སྣ་ཚོགས་ལས་མཐར་སྦྱར་བ་དང་། །གཤེད་ཀྱི་ལས་གཉེར་བསྐོར་བར་བཤད། །དེ་ནས་ས་ཡི་ལྷ་མོས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། །དྲག་པོ་སྔགས་དགོད་དམོད་པའི་རྒྱལ་པོ་ཡིས། །ཁྱད་པར་སྲུང་ཞིང་བསམ་གཏན་ཆེན་པོ་དང་། །གསད་པ་མཆོག་གི་སྦྱོར་བ་ཇི་ལྟར་བགྱི། །ཞེས་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པ་བཤད་པའོ། །བདུད་ཀྱི་གསད་དང་དབབ་དང་བདག་བསྲུང་དང་། །བཅུ་དང་སྲོག་དཔྲོག་བཤད་དུ་གསོལ། །ཞེས་ཞུས་པས། བཅོམ་ལྡན་འདས་ཀྱི་དྲག་སྔགས་བདུན་དུ་དྲིལ་ཏེ་བཤད་དོ། །སྲོག་གཅོད་བདུད་ཀྱི་སྦྱོར་བ་ནི། །དུར་ཁྲོད་གནན་རའི་དབེན་གནསསུ། །དཔའ་བརྟུལ་སྔགས་ཀྱི་དམོད་པ་བཅའ། །མཎྜལ་བྱི་དོར་དུག་ཆུ་ཁྲག གྲུ་གསུམ་དུར་ཁྲོད་རྒྱ་སོལ་བྱུག ཁ་ཁྱེར་དམར་པོ་རྩང་དང་སྙིང་། །རྒྱུ་རྟེན་ཁྲག་བཅས་མིང་དང་གཟུགས། །རོག་པོའི་རྒྱུ་ལ་རྟེན་དུ་བྱ། །བྱང་ཁྲམ་གཡས་གཡོན་སྲོག་བྲག་ཁ། །དབང་པོ་ལྔ་དང་སྐྱེ་རུ་གདགས། །ཚོན་སྐུད་དག་བཅས་དབུས་སུ་གཞུགམཁའ་ལྡིང་གསུམ་དང་རྒྱུ་ཡི་སྙིང་། །།བན་དྷ་བདུད་རྩི་སྟེང་དུ་རྫས། །གྲི་ལྕགས་སེང་ལྡེང་ཕུར་པ་རྩང་། །ཡན་ལག་རྣམ་ཤེས་དྲོད་ལ་དགབ། ་་ས་ཀར་དུག་སྣ་ཁྲག་ཐུན་བརྡེག །ནག་པོ་ཀ་ལི་བྷ་ལ༷་བཤོས། །གཤིནརྗེནགཔོའི་ཆ་ལུགས་སྒོམ། །བཀའ་སྡོད་ཕོ་ཉ་མདུན་ན་རྔམ། །ཉི་ཤུ་རྩ་གཅིག་དྲག་སྔགས་བཟླས། །བྷ་ལིང་མཆོད་མཐར་སྦྱོར་བ་ཙམ། །ཉིན་མཚན་ཕོ་མོས་ཕྱེ་ལ་བརྡེག ། །རྟེན་ལ་ཐུན་དབབ་དྲག་ཏུ་བསྐུལ། །མཐའ་རུ་དུས་ཚོད་དྲག་སྔགས་བརྡེག ཐུན་བྲབ་མཚོན་བརྡེག་བརྣག་པ་བསྒྲལ། །ལིང་ག་ཐོད་པ་རྒྱ་གྲམ་གནན། །ཕོ་ཉས་བཀུག་ལ་རྟེན་ལ་བསྟིམ། ཁུ་དེ་བརྣག་པའི་ཁམས་སུ་བྱ། །ཚ་ཚ་དགུ་ལྡིང་ཐོག་སེར་དབབ། །ཐུགས་དམ་རྒྱུ་ཡིས་བསྟབས་པ་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་དྲག་སྔགས་བདུན་པ་འདི་ཕོ་མོ་ཕྱེ་སྟེ་བཏོན་ཏོ། །ག་རོ་ནི་ཤ་ན་ཤ་རྦད། །ཙ་རོ་བ་ཤོ་ན་ཤག་རྦད། །མུ་ག་ག་དུ་ན་ཤག་རྦད། །ཛུ་ལ་ཕོ་ཏྲ་ན་ཤག་རྦད། །འདུན་འབུར་ཏིར་ན་ཤག་རྦད། །རག་ཏི་ཕུག་ན་ཤག་རྦད། །ཝ་ཀ་ཤ་ལིང་ན་ཤག་རྦད། །མ་ནཱ་ཙིསྟ་ལ་ཐུམ་རྦད། །མ་མུ་རྩ་ཐང་ཐུ༷་ལིང་རྦད། །མ་མ་སྲོག་ལ་གཟེར་ཐུང་རྦད། །མ་མུ་ཛ་ལ་ཤག་ཐུ༷་རྦད། །མ་མྱ་སྲོག་ལ་ཧུར་རྦད། །མ་མ་རྩ་སྲོག་ཟེར་ཐུམས་རྦད། །མ་མ་ཙིཏི་གཟེར་ཐུམ་རྦད། །དྲག་སྔགས་དམོག་པའི་ཐུན་ཕབ་ན། །དྲེགས་པ་ཀུན་ཀྱང་མྱོས་ཤིང་བརྒྱལ། །བརྣག་པ་ཀུན་འཇོམས་ཡུལ་དང་སྤྲད། །བསྟན་པའི་རྒྱུད་ལ་མཚོན་ཆ་འཕོ། །ཐོད་པ་ལ་སོགས་མིང་དང་སྦྱར། ཁུ་ཡི་སྦྱོར་བ་བདུན་པར་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་སྔགས་བདུན་པའི་སྦྱོར་བ་འཁྲུལ་འཁོར་འདི་རྒྱས་པར་བཤད་དོ། །བརྣག་པ་བདུད་ཀྱི་འཁྲུལ་འཁོར་ནི། །དུར་ཁྲོད་རས་སམ་ཞིང་རས་ལ། །རྫས་ཀྱི་སྦྱོར་བས་ཐང་བ་བྱ། །ཕྱོགས་མཚམས་མཉམ་ལ་ཐིག་བདུན་གདབ། །དེ་བཞིན་དབུས་ནས་བདུན་དུ་བསྐོར། །འཁྲུལ་འཁོར་རྩེ་མོར་རྡོ་རྗེའི་འགྲམ། །རྩ་བ་ཆུ་ལ་རལ་གྲིའི་གདུང་། །ལྟེ་བ་གྲུ་གསུམ་དྲག་པོའི་གནས། །ཞབྲུལ་འཁོར་ལྕགས་མཁར་ལྔ་བཅུ་ལ། །དབུས་ནས་མིང་རུས་གནག་པའི་མདའ། །འཁྲུལ་མིག་ཕོ་མོ་དྲག་པོའི་སྔགས། །འབྲུ་བདུན་མཐའ་ནས་དབུས་སུ་དྲིལ། །སྲོག་གཅོད་ཕོ་མོ་ལྟོ་བར་བཅའ། །དུག་དང་ཚ་བའི་རྫས་བྱུགས་ལ། ཁ་སྦྱར་ཐོད་པའི་ག་བུར་བཅའ། །ཞབྲུལ་འཁོར་མཚོན་ཆ་དྲག་སྔགས་མེ། །ཕོ་ཉ་བསྐུལ་ཞིང་དབུས་སུ་བརྣག ཉིན་དང་མཚན་མོ་ཕྱེ་ལ་བསྐོར། །མར་གྱི་ངོ་ལ་ཉི་ཤུ་གཅིག དྲག་སྔགས་སྦྱོར་བ་གསུམ་དུ་བརྡེབ། །ཁྲག་དང་དུ་ཆུས་ངར་བླུད་ལ། །བླ་དང་སྦྲུལ་པ་བཀུག་ཅིང་བསྟིམ། །ཐོད་པ་བཀའ་ཡི་རྟེན་ལ་གཏད། །དྲག་སྔགས་སྦྱོར་བ་གོང་བཞིན་བསྡབ། །འཕོ་བ་མེད་པའི་ལས་འདི་ཡང་། །སྲོག་གཅོད་ཕོ་ཉ་འཁོར་སྐྱོང་གིང་། །མཚོན་ཆ་བདུད་ཀྱི་འཁོར་ལོར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསང་བ་ཡ་སྟིག་གི་སྦྱོར་བ་འདི་བཤད་དོ། །མཐིང་ནག་དབུས་སུ་མོན་ཐོད་བརྣག རོག་གསུམ་ཙིསྟ་རྩེ་མོ་གཤག བརྣག་པའི་མིང་བྱང་ཤིང་ལ་བྲི། །ཞིང་རས་དྲག་སྒགས་དུག གིསབྲུ། །ཙིསྟའིཕྱིནངལྡན་པརབྱ། །ཐོད་པར་བཅུག་ལ་མཐིང་ནག་དགབ། །ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་ཁྲག །དུག་གི་ངར་བླུད་ཐོད པ ཐུན། །གཤིན རྗེའིསྟོབས་ཀྱིས་ལྷ་བསྒོམས་ལ། །གཤིན་རྗེ་བདུད་དང་མོན་པ་རྦད། །བླ་ཀུན་དྲོད་དང་སྦྱོར་ལ་མངག བཅུ་དྲུག་དབུས་གཟུགས་སྟོང་ལ་གདོན། །ཁྲི་ཚོ་བདུན་དང་དྲག་སྔགས་གསོ། །དེ་དག་ཚེས་ཀྱི་དཀར་པོ་ལ། །བ་ལིང་དང་བཅས་རཀྟ་གསུར། །བརྣག་པའི་གཟུགས་ལ་དྲག་སྔགས་མཚོན། །བླ་ཁུགས་ཉམས་སུ་ལོན་ན་བརྡེག ཐུན་གྱི་མཚོན་ཆ་རྒྱ་ཡིས་དབབ། །དྲིལ་གཏོར་་རྟགས་དང་ནམས་ཀྱིས་བླང་། །དུར་ཁྲོད་རྒྱུ་བའི་ཤ་ཟ་ཀུན། །དམོད་པའི་ལས་ལ་རྔམ་ཞིང་གཏོད། །སྣང་སྣང་སྦྱར་ན་དམྱལ་ཁམས་འགྲོ། །དམོད་པའི་ཡང་ཏིག་དུག་གིས་མཚོན། །ཆ་ཡིས་སྦྱོར་ན་ལས་རྣམས་རྫོགས། །གཤེད་བདག་ཀ་ལི་དམོད་པ་སྨིན། །འབྲས་བུ་རང་ཉམས་དྲོད་ལ་རྟག །ཡ་དང་མ་ཡི་མ་ར་བརྣག །དུག་ཁྲག་འོ་མ་སྔོ་སྣ་མིང་། །སྦྱོར་བ་གླང་པོ་ཐབས་ཀྱི་རྫས། །ལྕགས་ཕུར་སྔགས་བཀོད་དུག་གི་ངར། །དྲག་པོ་གཟིར་ལ་དབབ་པའི་རྫས། །དུར་ཁྲོད་རྫས་ལྡན་རྒྱ་ཤོག་ལ། །ཐོག་སྐོར་མུ་ཁྱུད་ཟླུམ་པོ་ལྔ། །དབུས་ནས་བརྩམས་ཏེ་རིམ་པར་བསྐོར། །དབུས་སུ་ཆ་བསྙམས་ཐིག་གཉིས་གདབ། །ཟུར་ཐིག་བཏབ་པས་འཁྲུལ་མིག་བཞི། །ཕྱི་རིམ་འཁྲུལ་མིག་བརྒྱད་དུ་དབབ། །ཡང་ལོགས་བཅུ་གཉིས་རྩིབས་དང་ལྡན། །དེ་བཞིན་ཐ་མར་བཅུ་དྲུག་རྩིབས། །དེ་ལ་གནས་ཤོང་དགོད་པ་ནི། །དབུས་སུ་ཡུལ་དུ་སེར་བགྲུན་ལྷ། །སྦྱོར་བ་གཞོམ་ཕྱིར་མིང་རྣམས་བྲི། །འཁྲུལ་མིག་བཞི་ལ་དགོད་པ་ནི། །ག་ཤ་རོ་ནི་འབྱུང་བ་བཞི། །དེ་ཡི་ཕྱི་རིམ་བརྒྱད་པོ་ལ། །ཙ་ར་དུ་མུན་རག་ལིང་དང་། །མ་དང་ཤ་ཀོ་རྩ་བའི་སྔགས། །ཡང་ལོག༷ས་རྩིབས་ཆེན་བཅུ་གཉིས་ལ། །ཕྲོ༷་ཕྲོ༷་ཤར་ཤར་ད་ལིང་ཧྲིལ་ཧྲིལ་ཛ་ཡ། །ཆུ་དྲིལ་ཁྲག་ལ་བསྟིམ་པ་དགོད། །ཕྱི་རིམ་རྩིབས་ཆེན་བཅུ་དྲུག་ལ། །གཟིར་ཞིང་དབབ་པའི་གསང་སྔགས་ཏེ། །ཕྲོ་ཤར་ཧྲིལ་སྨྱོ། །ཡ༷་ཕྲོ་ཤ་ར༷་དྲག་ཕོབ། །ནཱ་ག་སྙིང་གཟེར་ཧྲིལ་ཤར། །ཁ་སྦྱར་ཐོད་པ་གསུམ་བཅས་ལ། །ཐ་ཆུངས་དགུན་དཔྱིད་རྩ་བ་འབུམ། །ཆུ་དྲིལ་ཐ་ཆུངས་ཁྲི་བདུན་སྦྱར། །ཉ་དང་སྟོང་ལ་རྟ་མ་གཞུག ལྷ་རྟེན་ཀླུ་རྟེན་རྒྱ་གྲམ་དུ། །སྟོན་ལ་གསུམ་ལ་དབབ་པ་བྲི། །ཆུ་དྲིལ་སྟོང་གི་སྤྱི་རྒྱུག་བྱ། །བདུད་དང་སྤྲུལ་པ་ཡུལ་ལྷ་རྦད། །དང་པོར་ཟོར་དལ་གཉིས་པ་ཐབ། །གསུམ་པ་གཟིར་ལ་ལས་མཐའ་དབབ། །ལོ་ཐོག་འཇོམས་པའི་སྦྱོར་བ་འདི། །ནག་པོ་བདུད་ཀྱི་འཁོར་ལོ་བཤད། །རྒྱལ་མཚན་མེ་ལོང་རྒྱུད་ལས། །ཡང་གསང་མཆོག་གི་ལེའུ་སྟེ་བརྒྱ་བཅུ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དབང་གི་གླེང་གཞི་འདི་བཤད་དོ། །འཇམ་དཔལ་ཐུགས་ཀྱི་དཀྱིལ་འཁོར་དུ། །དང་པོ་སློབ་མ་གཞུག་པ་ཡི། །རིམ་པ་ལྔ་དང་ལྡན་པར་བྱ། །བཀྲ་ཤིས་ཉམས་དགའི་བདེ་གནས་སུ། །ཕྱི་ནང་གསང་བའི་མཚམས་བཅད་ནས། །ས་ཕྱོགས་སྣུམས་ལ་བཤོལ་བ་སྲ །གྲངས་ཀྱི་ཚ་དམ་ཐོབ་ཐོབ་ཏུ། །གཟོ་ལ་བྱེ་བ་འཁོར་ལ་འབུམ སྐུ་གསུང་ཐུགས་ཀྱི་བསྙེན་པ་བྱ། །ཁྲོ་བོའི་དཀའ་ཐུབ་ལྡན་བྱས་ལ། །གཏོར་མ་དང་བཅས་མཆོད་བསྟོད་བྱ། །རྣལ་འབྱོར་ནམས་པ་ཚོགས་ཀྱིས་བསྐང་། །སློབ་མ་ཚིག་དང་ཚོགས་ཀྱིས་བཤགས། །བཀྲ་ཤིས་དྲི་ལྡན་ས་སྣ་ལ། །དཀྱིལ་འཁོར་གྲུ་བཞི་མཛེས་པར་བྱ། །རྒྱན་དང་ལྡན་པའི་ལྷ་རྣམས་དགོས། །བུམ་པ་དུང་ཆེན་གླིང་བཞི་སྲ །བདུད་རྩི་ལྔ་ཡི་ཆུས་བཀང་ལ། །མཐིང་ནག་མ་ཉམས་མགུལ་པ་དཀྲི། །དབུགས་མ་ཆད་པའི་སྐྲ་ཡིས་བརྒྱན། །ཉི་མའི་གདན་ལ་མ་སྟོན་ལ། །གཙོ་བོ་ཡབ་ཡུམ་ཕྱག་རྒྱར་བསྐྱེད། །ལྷག་པའི་བཟླས་པ་འབུམ་དུ་བྱ། །རིན་ཆེན་བུམ་པ་ལྷ་ཡི་གྲངས། །མཉམས་མཛེས་པས་བརྒྱན་ལ་བཞག །ལྕང་ལོ་མཛེས་པའི་བུམ་པ་སྲ །བདུད་རྩི་ཞུན་མ་སྣུམ་གྱིས་དགང་། །ཧཱུཾ༷་རྒྱས་གདབ་ལ་དར་གྱིས་བཅད། །བཅུ་བདུན་མཐའ་རུ་སིདྷི་དང་། །མཚམས་སུ་བརྒྱ་བརྒྱ་སྤ་ར་ནས། །སྤེལ་ཞིང་བྱིན་རླབས་བརྟན་པར་བྱ། །རིག་པའི་ཐུགས་ཀྱི་སྙིང་པོ་འབུམ། །བུམ་པའི་བྱ་བ་རྫོགས་པ་དང་། །དབུ་རྒྱན་ལ་སོགས་བྱིན་ལྡན་བྱ། །ཆུ་སྲིན་སྟག་དང་སེང་གེ་དོམ། །བྱ་རྒོད་ཁྱུང་ཁྲ་འུག་པ་བསྣོལ། །དྲེགས་པའི་ཁྲོ་ཆུ་འབུམ་དང་བཅས། །དེ་ནས་དབང་གི་སྟེགས་བུ་ཙམ། །ལྷོཕྱོགསགཤིནརྗེའིའཇུག་གོལྭ །གྲུ་བཞི་ཁྲུ་གང་དབུས་སུ་ཟླུམ། །འཁོར་ལོ་རྩིབས་བརྒྱད་སེར་དང་ལྡན། །ས་གཞི་དམར་པོ་འདབ་བརྒྱད་དཀར། །མེ་ཏོག་མཐིང་ནག་ཆུ་ཡིས་བཀྲུ། །མཚམས་གཅད་བརྡ་ཕྱག་གསོལ་བ་གདབ། །སྤྲོ་བ་བསྐྱེད་དེ་སློབ་མ་གཞུག ལུང་བསྟན་དམ་ཚིག་སྡོམ་པ་དབོག བྱ་བ་སྔོན་འགྲོ་ཀུན་རྫོགས་ནས། །ཧཱུཾ༷་གིས་གཤོན་རྗེའི་སྲས་སུ་བསྐྱེས། །དབང་སྟེགས་འཁོར་ལོ་གདན་ལ་བཞག །སྙིང་ཁ་ཉི་ཟླའི་རྡོ་རྗེ་གཞུག ལུས་ལ་བསྲུང་བའི་ཕྱག་རྒྱ་དགོད། །དེ་ནས་བུམ་པའི་བྱ་བ་བརྩམ། །ཁྱད་པར་བུམ་པས་བདག་དབང་བླང་། །རིགས་ཀྱིས་དེ་བཞིན་སློབ་མ་ལ། །ཡེ་ཤེས་ཆུ་ཡིས་ཁྲུས་ནས་དབྱུང་། །དག་པའི་འབྲས་བུ་ཕྱག་རྒྱའི་སྐུ། །རིན་ཆེན་འབྲུ་ལྔ་ཉི་ཟླའི་གདན། །འབྲས་བུ་གཤེད་བཞི་གཙོ་བོའི་སྐུ། །སྤྲོ་བ་བསྐྱེད་ལ་བསྟན་པ་སྦྱིན། །སྦྲུལ་དང་ཐོད་འཕྲེང་གདེངས་ཀར་ལྡན། །ཐབས་དང་ཤེས་རབ་ཕྱག་རྒྱ་སྦྱིན། །སྦྱོར་བ་དུ་མའི་བཅས་གཞི་བསྟན། ཁམས་གསུམ་བདག་པོར་དབང་བསྐུར་ལ། །དབུགས་དབྱུང་གཟེངས་བསྟོད་ལུང་བསྟན་བྱ། །མེ་ཏོག་བླངས་ལ་གསང་མཚན་བསྒྲགས། །ཕྱག་རྒྱ་བཀྲོལ་ལ་མནའ་ཆུ་བླུད། །དམ་ཚིག་བསྒྲགས་ལ་གཏགས་པ་བྱ། །སངས་རྒྱས་ཐུགས་ཀྱི་བཅུད་བསྡུས་ལ། །ཁྲོ་བོ་བརྟུལ་ཞུགས་རྡོ་རྗེ་སྦྱིན། །ཐུན་མོང་བཅས་པའི་ལས་སྐལ་བསྒོ། །ཐུན་མོང་བསྒྲུབ་པའི་བཅའ་བཞི་བསྟན། །གསང་བ་བསྒྲགས་ན་སྙིང་མགོ་འགས། །ཚོགས་དང་སྦྱོར་བའི་ལོངས་སྤྱོད་དགྱེ། །དཀྱིལ་འཁོར་ལྷ་བཅས་ལུས་ལ་བསྟིམ། །ནུས་པ་ཐུན་མོང་དབང་དུ་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་དུར་ཁྲོད་རྒྱན་གྱི་དབང་གི་དོན་བཤད་དོ། །དུར་ཁྲོད་གསུག་པའི་ས་ཕྱོགས་སུ། །ཁྲོ་བོ་རྟགས་ཀྱི་བསྙེན་པ་བརྩམ། །དུར་ཁྲོད་གདུག་པའི་ས་རྣམས་ལ། །ཡི་དྭགས་ཆེན་པོ་བསྣོལ་བ་ཡི། །མཐིང་ནག་ཟླ་ཁམ་དཀྱིལ་འཁོར་བྲི། །གཏོར་མ་གསུམ་དང་རཀྟ་བཤམ། །ཞིང་ཆེན་རྒྱན་དང་ཀེང་རུས་འཕན། །དུང་རྔ་གླིང་བུ་ལྷུ་གདུམ་གསུར། །རྒྱན་དང་མཆོད་པའི་རྟེན་བཤམས་ལ། །དབུས་སུ་རུ་ཏྲ་ཕོ་མོའི་གདན། །ཟླ་ཁམ་སྲིན་པོ་མགོ་བསྣོལ་གདན། །རྩིབས་ལ་མུ་སྟེགས་ཞིང་རྐྱེན་བརྩེགས། །སྒོ་དང་གྲུ་ཆད་ཡི་དྭགས་རོ། །མགོ་དང་ལྷུག་ག་་ཕྱི་ཁྱམས་རྐང་། །དབུས་སུ་མ་ཧེ་བརྒྱད་གླིང་གདན། །ཐབས་དང་ཤེས་རབ་པདྨས་མཛེས། །གཞན་དུ་ཉི་མའི་གདན་དང་ལྡན། །དབུས་སུ་ཁྲོ་བོ་གཤིན་རྗེའི་སྐུ། །དབུ་གསུམ་མཛེས་པའི་ཕྱག་དྲུག་ཅན། །རལ་པ་ཆེ་བ་སྤྱན་རྩ་དམར། །ཡུམ་དང་གཉིས་སུ་མེད་པར་རྟག །ཡབ་ཡུམ་གཉིས་ཀྱི་བྱིན་བརླབས་ལས། །འཕྲོ་དུ་ཕྲོ་ཆུང་ཉི་མའི་ཟེར། །ཐུགས་ཀར་འོད་ཀྱི་གོང་བུ་གཞུག །གསང་ལམ་བྷ་གའི་གནས་སུ་འཁྱིལ། །གདན་ལ་ཕྱག་རྒྱ་གསལ་བའི་སྐུ། །གཤེད་བཞི་ཕྱོགས་སྐྱོང་སྒོ་གྲུངས་འཁོར། །རང་རང་སྨིན་ནས་མཚན་མར་གསལ། །རྒྱན་དང་ཕྱག་མཚན་སྐུ་མདོག་དམར། །ཀུན་ཀྱང་འོད་ཀྱི་གོང་བུ་སྤྲོ། །དབང་སྟེགས་གྲུ་གསུམ་མཐིང་ནག་ལ །མ་ཧེ་བསྣོལ་བའི་གཟུགས་བྲིས་ལ། །སློབ་མ་བདུད་རྩིའི་ཁྲུས་མས་གདོན། །འཇུག་པའི་༄༅ རིམ་པ་རྫོགས་པ་དང་། །དངོས་གྲུབ་བསྐུལ་བས་ལས་ལ་འཇུག །རྫས་རྣམས་ཧཱུཾ༷་བཅས་བྱིན་གྱིས་བརླབས། །དམ་བཅས་དམ་ཚིག་ལྟ་བ་སྲོག །ཕྱག་རྒྱ་སྦྱོར་བ་ནུས་པ་བསྐྱེད། །རང་སེམས་བརྟན་པས་སངས་རྒྱས་སྐུ། །དབང་བསྐུར་བྱིན་རླབས་རྫས་ལས་འབྱུང་། །སློབ་མ་ཞལ་དྲུག་བཅུ་གཉིས་ཕྱག །ཡུམ་དང་བཅས་པའི་སྐུར་བསྒོམས་ལ། །དབང་གི་གནས་སུ་སྟན་དུ་བཞག །ཨ་དང་བྲུ་གྱི་ས་བོན་ལས། །དབུལ་ཐོད་པའི་གཞལ་ཡས་ཁང་། །གདན་དང་བཅས་པ་ལྔ་བསྐྱེད་ལ། །གནམ་སྒོ་དབུས་སུ་ཉི་མའི་གདན། །སྟེང་དུ་ཁྲག་འཐུང་ལྔ་ཡི་སྐུ། །དབུ་ལ་དེ་བཞིན་ཁྲོ་བོས་བརྒྱན། །ལྕེ་ལ་ཉི་མའི་གདན་སྟེངས་སུ། །པདྨ་ཁྲག་འཐུང་ཧེ་རུ་ཀ །ཐུགས་ཀར་ཉི་མའི་གདན་སྟེངས་སུ། །འཇམ་དཔལ་རྣོན་པོ་མཚོན་གང་བ། །ཡ་མན་ཏ་ཀ་སྐུ་ལ་ཐིམ། །སྐུ་གསུང་ཐུགས་ཀྱི་དབང་དུ་སྤྱད། །དུག་ལྔ་ཡེ་ཤེས་ལྔ་ཡི་དབང་། །བེ་ཅོན་རྟགས་ཀྱི་ཕྱག་རྒྱ་སྦྱིན། །སྐུ་གསུང་ཐུགས་གསུམ་བསྲུང་བའི་དབང་། ཁ་ཊ༷་ཀ་ཡི་རྩེ་གསུམ་སྒྱིན། །ཉོན་མོངས་ཡེ་ཤེས་རང་གནས་དབང་། ཁྲེས་རབ་ཆེན་པོའི་རལ་གྲི་སྦྱིན། །ཐུགས་རྗེའི་དབྱིངས་སུ་སྒྲོལ་བའིདབང་། །སྤྱིན་པ་ཆེན་པོའི་ཕྱག་རྒྱའོ། །འཁོར་པ་དབྱིངས་སུ་གཅོད་པའི་དབང་། །དགྲ་སྟའི་ཕྱག་མཚན་འདེབས་པའི་ཚུལ། །ཉོན་མོངས་རིག་པ་འཛིན་པའི་དབང་། །ལྕགས་ཀྱུས་མཚན་པའི་ཕྱག་མཚན་ནོ། །འཁོར་བ་ཆོས་སྐུར་འཁོར་ལོས་གྲོལ་བའི་དབང་། །བ་དན་འཁོར་བ་ཡེ་ཤེས་ལྷུག་པར་གསལ་བའི་དབང་། །ཞགས་པས་འཁོར་བ་དབྱིངས་སུ་འདྲེན་པའི་དབང་། །སྟི་རའི་དབྱུག་པས་དུག་ལྔ་གནས་སུ་འཇོམས་པའི་དབང་། །སྡོགས་མཛུབ་གདུག་པ་ཕོ་མོ་ཟིལ་གྱིས་གནོན་པའི་དབང་། །མདའ་གཞུས་འཁོར་བ་མདའ་ཡིས་སྒྲོལ་བའི་དབང་། །མདུང་གི་འཁོར་བའི་ཡེ་ཤེས་ག་་མར་འབིགས་པའི་དབང་། །ཕྱག་མཚན་བཅུ་གཉིས་སྒྲོལ་བའི་དབང་དུ་བཤད། །དུར་ཁྲོད་ཆས་ཀྱིས་འཁོར་བ་ཆོས་ཉིད་དུ། །སྐྱེ་ཤི་མེད་པའི་དོན་གྱིས་ཁྱབ་པའི་དབང་དུ་བཤད། །སྐམ་རློན་ཚར་བུའི་ཐོད་པ་ཡིས། །སྐུ་གསུང་དོན་དང་ལྡན་པའི་དབང་དུ་བཤད། །རིགས་བཞི་སྦྲུལ་གྱི་རྒྱན་ཆ་ཡིས། །ཐོགས་པ་མེད་པར་གཉེན་པོ་སློབ་པའི་དབང་དུ་བཤད། །གཡང་གཞིས་བདུད་དང་མུ་སྟེགས་འདུལ་པའི་དབང་དུ་བཤད། །གཏི་མུག་སེལ་བའི་ཀོ་རློན་དང་། །ཕྲག་དོག་སྟག་གི་ཤམ་བུ་དག རྡོ་རྗེ་གཤོག་པས་ཐབས་དང་ཤེས་རབ་རྟོགས། །མེ་འོད་འབར་བས་དུག་གསུམ་གཏན་ནས་བསྲེགས། །ཁྲོ་བོ་དུར་ཁྲོད་རྒྱན་གྱི་དབང་དུ་བཤད། །ཞིང་གི་ཁོག་པས་ཕྱི་ནང་གསང་བ་ཡི། །དུར་ཁྲོད་གཞལ་ཡས་མཚོན་པའོ་དབང་དུ་བཤད། །རོ་དང་སྲེགས་པ་དབང་ཅན་འདུལ་པའི་རྟགས། །མ་ཧེས་ཆོས་ཉིད་གཡོ་བ་མེད་པའི་རྟགས། །ཉི་ཟླ་ཐབས་དང་ཤེས་རབ་ཐིག་ལེར་ཤར་བའི་རྟགས། །ཐབས་འོག་གདན་གྱི་ཡོན་ཏན་དབང་དུ་བཤད། །བདག་པོས་ཕྱག་རྒྱ་བསྟན་པའི་དབང་། ཁམས་གསུམ་སྒྲོལ་བས་དབང་ཅན་བྲན་དུ་འཁོར། །ནན་བཤད་སྒོམ་པའི་དབང་བསྐུར་བས། །རེ་དོགས་གཉིས་ཀྱིས་མཐའ་བསལ་ནས། །འདས་དང་མ་འདས་ཀུན་གྱི་རྗེ། །ཐུན་མོང་མཆོག་གི་དངོས་གྲུབ་བསྟན། །ཐོགས་པ་མེད་པའི་དབང་དུ་བཤད། །འཕྲིན་ལས་རྣམ་པའི་དབང་བསྐུར་བས། །རྩ་བ་བཞི་དང་ལས་ཕྲག་བརྒྱད། །ཡན་ལག་ཉིས་བརྒྱ་སྟོང་བཅུ་དྲུག སྦྱོར་བ་གསུམ་དང་ལས་མཆོག་གསུམ། །ལས་རྣམས་ཐོགས་པ་མེད་པར་བཤད། །དམ་རྫས་བཞི་ཡིས་དབང་བསྐུར་བས། །དྲེགས་པ་ཕོ་མོས་མཚན་འདྲེས་ནས། །བསད་པའི་ལས་མ་མྱུར་བར་བཤད། །ཐབས་དང་ཤེས་རབ་དབང་བསྐུར་བས། །།ཡབ་ཡུམ་གཉིས་སུ་མེད་པ་ཡི། །སྣང་སྟོང་གཉིས་མེད་ཡེ་ཤེས་སྐུ། །གང་འདོད་དངོས་གྲུབ་མྱུར་བར་བཤད། །བྱང་ཆུབ་སེམས་ཀྱིས་དབང་བསྐུར་བས། །འཁོར་བ་ཆོས་སྐུར་རོ་མཉམ་ནས། །ཡེ་ཤེས་འཁོར་ལོ་བརྟན་པར་བཤད། །སྟ་སྦྱོད་འབྲེལ་བའི་དབང་བསྐུར་བས། །རིག་པ་རང་ལ་ཤར་བར་བཤད། །ལུས་སེམས་གཉིས་ལ་དབང་བསྐུར་བས། །ལསཀྱིགཤིནརྗེཕོམོདང་། །ཕོ་ཉ་བྲན་གཡོག་འཁོར་དང་བཅས་པ་རྣམས། །ལས་ལ་ཉེ་བའི་དབང་དུ་བཤད། །དམ་ཚིག་མནའ་ཡི་སྙིང་པོ་སྤྱིན། །ཐུན་མོང་ཕྱི་ཡི་སྦྱོར་བ་བསྟན། །གཅོད་པའི་རྫས་ཀྱི་འཁོར་ལོ་བཅའ། །ཐུན་དྲག་མཐའ་རུ་སྦྱིན་སྲེག་གནན། །ཕྱི་དང་ནང་གི་སྒྲུབ་པ་བརྩམ། །དུར་ཁྲོད་རྒྱན་གྱི་དབང་དུ་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ནང་གི་དབང་གི་སྦྱོར་བ་འདི་བཤད་དོ། ཁེན་ཏུ་དབེན་པའི་དུར་ཁྲོད་དུ། །འདུ་འཛི་དབེན་པའི་ས་རྟགས་ལ། །ཏིང་འཛིན་བསྟན་པའི་ལྷ་མོ་དང་། །རིག་པའི་རྒྱལ་པོ་གཉིས་སྦྱར་ལ། །གཉིས་སུ་མེད་པའི་སྦྱོར་བ་ཡིས། །ལུས་དང་ཡན་ལག་བསངས་ལ་དགྲམ། །གསུམ་པས་སློབ་མས་ཁྲུས་ནས་གདོན། །བུམ་པ་གསུམ་དང་ལོངས་སྤྱོད་དགྲམ། །ཐབས་དང་ཤེས་རབ་རྫས་སུ་བསྟན། །ཡོལ་བས་གཅད་ལ་སློབ་མས་དྲང་། །དང་པོར་རྫས་ཀྱི་བུམ་པ་ནི། །བཀྲ་ཤིས་མཚན་ལྡན་བུམ་པ་སྲ །བདུད་རྩི་ཆུ་དང་ཉི་ཟླས་དགང་། །ཐུགས་ཀྱི་སྙིང་པོས་བྱིན་གྱིས་བརླབས། །བདུད་རྩི་ཆུ་དང་བུམ་པས་བཀྲ། །མགོ་ལ་གཤེད་བཞིའི་བདག་པོ་བསྒོམ། །བཀྲ་ཤིས་རྫས་ཀྱི་བུམ་པར་བཤད། །ཐབས་ཀྱི་བུམ་པ་བདེ་ཆེན་སྐུ། །འཁོར་ལོ་དྲུག་གི་རིམ་རྒྱུད་ལ། །བྱང་ཆུབ་བདུད་རྩི་ལམ་དུ་དྲངས། །ཐུགས་ཁར་ལྷ་ཡི་འཁོར་ལོ་རྟགས། །བདེ་ཆེན་གནས་ནས་མཆོད་རྒྱུན་དབབ། །ལུས་དང་ལྷ་ཡི་དཀྱིལ་འཁོར་ལ། །སློབ་མ་ཕྱི་ཡི་འཇུག་པ་བརྩམ། །སེམས་ཀྱི་དཀྱིལ་འཁོར་ཁ་ཕྱེ་ལ། །འཁོར་ལོ་རིམ་གྱིས་གསོ་ཞིང་རྒྱུད། །རྡོ་རྗེ་གསང་བའི་ལམ་དུ་དྲང་། །ཨོ་གྱིས་བདེ་བའི་ལམ་དུ་བསྤྱིལ། །རྡོ་རྗེ་སློབ་མའི་ལུས་ཉིད་ལ། །བདུད་རྩི་བསངས་ལ་དབང་བསྐུར་བྱ། །ལྕེ་ཡི་པདྨ་འདབ་བརྒྱད་བསམ། །གེ་སར་འདྲེན་པའི་ཛ་བསམས་ལ། །བུང་བ་མེ་ཏོག་ཚུལ་དུའོ། །ནང་གི་རང་རྒྱུད་འཁོར་ལོར་བསྟན། །ཡེ་ཤེས་བསྙེན་པའི་འཁོར་ལོ་བརྟག །བདེ་ཆེན་ནང་གི་བུམ་པར་བཤད། །ཕྱག་རྒྱ་མ་ཡི་གསར་བ་ལ། །དཀྱིལ་འཁོར་བཞི་དང་ལྡན་པར་བརྟག །གཟུངས་མ་གཙང་མའི་ཆུས་བཀྲུས་ལ། །མེ་ཏོག་བཀྲམ་པའི་མཎྜལ་དུ། །སྤྲོ་བ་བསྐྱེད་ལ་གསང་མཚན་བསྒྲགས། །བྷ་གའི་དབུས་སུ་འདབ་བརྒྱད་བསྐྱེད། །ཕོ་བྲང་ལྟེ་བར་གཙོ་བོ་དགོད། །འདབ་བརྒྱད་མཛེས་པའི་ལྷ་མོར་བརྟག །རྡོ་རྗེ་པདྨ་མཉམ་སྦྱོར་ལ། །འཁོར་ལོ་མི་རྒྱུད་རྩ་ལམ་དྲང་། །བདག་དང་ལྷ་རུ་མཉམ་སྦྱར་ལ། །མི་དམིགས་བདེ་བའི་རོ་མཉམ་བསྤྱིལ། །ཐབས་དང་ཤེས་རབ་བདེ་བ་ཡིས། །ཡབ་ཡུམ་མཉེས་པའི་མཆོད་རྒྱུན་འཁྱིལ། །བདེ་བ་ཆེན་པོའི་འོད་དུ་གནས། །ཐབས་ཀྱི་སྲིན་ལག་སྤུ་གུ་ནས། །སློབ་མའི་རྩེ་ལ་སེམས་འཇོག་པ། །ནང་གི་བུམ་དབང་རྫོགས་པ་ཡིས། །གཟུངས་མ་ལྷ་དང་སློབ་མ་ལ། །ཚོགས་དང་བཅས་པའི་འབྱོར་བ་འབུལ། །འཁོར་ལོ་སེམས་ཀྱི་རྒྱལ་པོ་བརྟེན། ཁེས་རབ་བུམ་པའི་དབང་དུ་བཤད། །བུམ་པ་གསུམ་གྱི་བརྡ་བརྟན་པས། །མཆོག་གི་སྦྱོར་བ་གསུམ་དང་ལྡན། །རྒྱན་མཚན་མེ་ལོང་གི་རྒྱུད་ལས། །ཐུན་མོང་གི་དབང་བའི་ལེའུ་སྟེ་བརྒྱ་བཅུ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསང་བའི་དབང་འདི་བཤད་དོ། །དགོན་པ་ཆེན་པོའི་དབེན་གནས་སུ། །འདོད་པའི་ལོངས་སྤྱོད་ཀུན་བཤམས་ནས། །སློབ་མ་དབང་གཞན་རྫོགས་པ་ལ ཐབས་མཆོག་བདེ་བ་ཆེན་པོ་ཡིས། །ཡུམ་གྱི་པཟློ་བདེ་ཕབ་ལ། ཁྲེས་རབ་གསང་མཆོག་དམ་པ་ཡིས། །ཡེ་ཤེས་བསྐྱེད་པའི་དབང་བསྐུར་བྱ། །གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །དེ་ལ་འཇུག་པའི་ལས་ཙམ་བྱ། །རིག་མ་སྦྱང་དང་སེམས་བསྐྱེད་ཙམ། །ཕྱག་རྒྱ་མ་ཡི་བརྡ་བསྟན་པ། །ལོ་གྲངས་བཅུ་གཉིས་ཉི་ཤུའི་བར། །ལྷན་ཅིག་སྐྱེས་དང་གྲོགས་མོ་དང་། །སྨན་མོ་བུ་མོས་བྱ་བ་མིན། །སེམས་སྦྱང་དག་ལ་སྔགས་ངོ་ཤེས། །གསང་ཐུབ་བཀྲ་ཤིས་དལ་འབྱོར་ལྡན། །ཨུཏུལ་ལྗོན་ཤིང་ཁ་དོག་དབྱིབས། །བདེ་ཆེན་ཕྱག་རྒྱ་མ་ཡི་མཆོག །ལྷ་ཡི་ལུང་བསྟན་ཞིང་སྐྱེད་མ། །སྔགས་ཀྱི་བྱིན་བརླབས་བྱས་པ་ནི། །གཤིན་རྗེ་སྲས་ཀྱི་གཟུངས་མར་བསྟན། །ལྷ་དང་དཀྱིལ་འཁོར་རྫོགས་པར་བསྐྱེད། །དང་པོར་བདེ་ཆེན་རྫོགས་པ་ཡི། །ཚུལ་དུ་དབང་གི་སྦྱོར་བ་བྱ། །སྦས་པའི་འཁོར་ལོ་གཉིས་བརྟགས་ལ། །རྩ་བའི་འདབ་མ་བརྒྱད་གཉིས་ལ། །ཐབས་ལ་ཀྭ་ལི་འབྲུ་བཞིས་བཀང་། ཁྲེས་རབ་ཨུ་ལི་འབྲུ་གཉིས་བསྣོལ། །དབུས་ཀྱི་གསང་ལམ་ཆེན་པོ་ན། །འབྲུ་གསུམ་ས་བོན་སྐུ་གསུང་ཐུགས། །གཡས་ན་ཆགས་པའི་འབྲུ་གཉིས་རྒྱུ། །གཡོན་ན་བསྐྱོད་པའི་འབྲུ་གཉིས་རྐྱེན། །རྩ་གསུམ་རྩེ་ལ་གཅིག་ཏུ་གནས། །ཐབས་ཀྱི་རང་རྒྱུད་འཁོར་ལོ་ལ། །སྐུ་གསུང་ཐུགས་ཀྱི་དྲག་སྔགས་སོ། །དེ་སེམས་མཆོག་གི་དཀྱིལ་འཁོར་རོ། །མེ་ཏོག་ལྡན་པའི་མཎྜལ་དུ། །རྒྱན་དང་གོས་བསྐོན་དྲིས་བྱུགས་ལ། །ཚོགས་དང་སྣ་ཚོགས་མཆོད་པ་བྱ། །རང་རང་མོས་པའི་ལྷ་རུ་བསྐྱེད། །རྐྱེན་གྱི་སྦྱོར་བས་རྡོ་རྗེ་གསོར། །དབེན་པའི་གནས་སུ་ཡོལ་བས་གཅད། །གསོལ་བ་བཏབ་ལ་པདྨས་བརྟག །བྷ་ག་བརྩེགས་པའི་གཞལ་ཡས་སུ། །རྡོ་རྗེ་སློབ་མ་གཞུག་པར་བྱ། །སེམས་ཀྱི་ལྷ་ངོ་བསྟན་པ་དང་། །མནའ་ཡི་སྙིང་པོ་གསང་མཚན་སྦྱིན། །དབང་བསྐུར་དམ་པ་མཆོག་ལ་སྦྱར། །ཆགས་པའི་གླུ་དང་དགའ་བའི་གར། །ཆགས་པའི་མཚན་ཉིད་འཕྲེང་པའི་དབང་། །ཆུ་བྱུང་མཚན་མ་བཀྲུས་ཆུའི་དབང་། །བག་བཙུམས་སྐྲ་བཟུང་དབུ་རྒྱན་དབང་། །པདྨར་རྡོ་བཅུག་རྡོ་རྗེའི་དབང་། །དེ་ཉིད་བསྐྱོད་པ་དྲིལ་བུའི་དབང་། །དམ་ཚིག་དབུགས་ཕྱུང་མིང་གི་དབང་། །བལྟས་པ་རྡོ་རྗེའི་བརྟུལ་ཞུགས་དབང་། །སྔགས་སྒྲ་དྲིལ་བུ་བརྟུལ་ཞུགས་དབང་། །གཉིས་མེད་འཁྱུད་པ་ཕྱག་རྒྱར་བཤད། ཁ་སྤྲད་དབུགས་དབྱུང་དམ་པའོ། །མཉམ་པར་གནས་པ་ལུང་བསྟན་ཡིན། །པདྨ་བག་འཛུམས་ཕྱིར་མི་ལྡོག །རྒྱལ་ཆེན་བུ་དང་བཅས་པ་གཉིས། །དུས་མཉམ་ཡོལ་བསབརདུགཅོད། །དབང་གི་སྦྱོར་བ་ཐོན་པ་དང་། །ཞིང་རྐྱང་ཉི་མའི་ཁྲི་སྟེངས་སུ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ལྷ་དང་གཟུངས་མ་ཚོགས་ཀྱིས་མཆོད། །སྙིང་པོ་འབྱིན་ལ་ལྷ་ངོ་བསྟན། །རང་ཉིད་ལྷག་པའི་བསྟོད་པ་བྱ། །གསང་བའི་འཁོར་ལོ་ཐོབ་པ་ཡིན། །གསང་བའི་དབང་གི་རིམ་པར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །གསང་བའི་དབང་གི་ལེའུ་སྟེ་བརྒྱ་བཅོ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་མཉམ་པ་ཉིད་ཀྱི་དབང་འདི་བཤད་དོ། །ཐམས་ཅད་ཆོས་སྐུ་བདེ་བའི་དབང་། །ཆོས་ཉིད་མ་བཅོས་རང་བཞིན་གནས། །སྣ་ཚོགས་སྒྱུ་མ་ལྷུན་གྱིས་གྲུབ། །གཉིས་སུ་མེད་པའི་དོན་བསྟན་པས། །སྣ་ཚོགས་ཆོས་རྣམས་སྣང་མེད་སྟོང་། །མཉམ་པ་ཉིད་ཀྱི་ངོ་བོ་ནི། །ཆོས་སེམས་གཉིས་མེད་ཡེ་ཤེས་སྐུ། །ཆོས་དང་སེམས་ནི་ཡེ་ནས་གཉིས་སུ་མེད། །ཕུང་པོ་མི་གནས་མྱ་ངན་འདས་པའི་སྐུ། །དོན་གྱི་མན་ངག་ངེས་པའི་ལུང་འདིར་བཤད། །སྐུ་དང་ཕྱག་རྒྱ་ཡིག་འབྲུ་སྔགས་ཚིག་ལ། །ཞེན་པས་རྟག་པར་འཛིན་པ་ལ། །ཆོས་ཉིད་རིག་པ་མ་སྐྱེས་པ་རུ་བཤད། །འབྲས་བུ་དོན་ལ་མི་གནས་འཆད་པར་ལྟ་བ་ལ། །དཀྱིལ་འཁོར་གྲངས་དང་སྒུ་མདོག་ཕྱག་མཚན་དང་། །རྒྱན་ཆ་སྣང་ལ་རང་བཞིན་མེད་པར་བཤད། །མི་གནས་སྐུ་ཡི་ཕྱག་རྒྱ་གསལ་བར་བཤད། །མི་གཡོ་གསུང་གི་ཆོས་ཉིད་གསལ་བར་བཤད། །ཐུགས་ཀྱིརངབཞིནསྣཚོགསངོས་གཟུང་མེད། །མཉམ་པའི་དབང་ཐོབ་རང་སེམས་དོན་རྟོགས་ཡིན། །སངས་རྒྱས་ལྷུན་གྲུབ་མཉམ་པའི་རྒྱལ་པོར་བཤད། །དུག་གསུམ་མི་སྤང་རང་བཞིན་སྤྱད་དུ་མེད། །སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་པའི་དབང་། །གཏི་མུག་མི་གནས་ཆོས་ཀྱི་སྐུ། །ཞེ་སྡང་ལོངས་སྤྱོད་རྫོགས་པའི་སྐུ། །འདོད་ཆགས་ལེན་མེད་སྤྲུལ་པའི་སྐུ། །ཕྲག་དོག་འགྱུར་མེད་རྡོ་རྗེ་སྐུ། །ང་རྒྱལ་མངོན་པར་བྱང་ཆུབ་སྐུ། །དུག་ལྔ་སྐུ་ལྔ་ལྷུན་གྱིས་གྲུབ་པར་བཤད། །ཙིསྟ་གསང་བའི་གཞལ་ཡས་ནས། །ཟླ་ཁམ་མཐིང་ནག་གནམ་སྒོ་གཅིག་པའི་དབང་། །ལེ་བརྒན་ལྗང་ཁུ་མཚོན་གང་འོད་དུ་འཁྱིལ། །ཧཱུཾ༷་དང་ཡ་མ་ཉི་ཟླ་བརྩེགས་པ་ལ། །སྔགས་ཀྱི་འོད་ཟེར་མེ་ལྕེ་ཉི་ཟེར་འཕྲོ། །སྣང་སྲིད་ཀུན་བསྲེགས་འོད་ཀྱི་གོང་བུར་ཐིམ། །བཀྲག་དང་གཟི་མདངས་ཡེ་ཤེས་ལྔ་ཡི་སྐུ། །སྣང་མེད་དབུ་མའི་བདེ་བ་ཆེན་པོ་ཡི། །མཚན་དང་དཔེ་བྱད་ཐམས་ཅད་རྒྱན་དུ་རྫོགས། །སངས་རྒྱས་ཀུན་པས་བགྲེས་པར་མངོན་སངས་རྒྱས། །གཤིན་རྗེའི་རང་བཞིན་མི་གནས་ཆོས་ཀྱི་སྐུ། །མཉམ་པ་ཆེན་པོ་བདེ་བའི་དབང་དུ་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བམ་ཆེན་གསང་བ་བརྟུལ་ཞུགས་རབ་འབྱམ་གྱི་དབང་འདི་བཤད་དོ། །སེམས་ཉིད་དབེན་པའི་བདེ་གནས་སུ། །རང་སེམས་མཉམ་པའི་རྒྱལ་པོ་བསྟན། །ཐུགས་ཀྱི་སྤྲུལ་པ་ཕྱོགས་བཅུ་སྤྲོས། །དུར་ཁྲོད་གནས་ནས་བམ་ཆེན་བླང་། །ཞག་གསུམ་སྔོན་འགྲོ་ཁྲུས་དང་སྦྱར། །ཙིསྟ་འོད་ཀྱི་ཕོ་བྲང་དུ། །གཙོ་བོ་དང་བཅས་ལྷ་རུ་བརྟག །ཕུང་པོ་ཁམས་དང་སྐྱེད་མཆེད་རྣམས། ཁྲ་ཟ་འཁོར་སོགས་རྫོགས་པར་གནས། །བསྒྲུབ་པའི་གཞུ་བཙན་ཚོགས་དང་སྦྱར། །ཉིན་གསུམ་མཚན་གསུམ་འབྱོར་བ་དབུལ། །རཀྟ་བདུད་རྩི་མཆོད་རྒྱུན་བཤམ། །བམ་ཆེན་དྲེགས་པའི་སྟོབས་ཀྱིས་བསྒྲལ། ཁྲ་ཁྲག་ལོངས་སྤྱོད་མཆོད་པའི་རྫས། །སློབ་མ་སྟོབས་ཀྱི་ལྷར་བསྐྱེད་ལ། །ཙིསྟ་གསང་བའི་ལྷ་ངོ་བསྟན། །རྨེ་བ་ལྔ་ཡི་བརྟུལ་ཞུགས་བསྐུར། །དྲག་པོ་ཉེ་བའི་སྔགས་དང་སྤྲད། །ཡང་ན་གསང་བའི་གཟུངས་མ་ལ། །བྱ་བ་སྔོན་འགྲོ་གོང་མ་བཞིན། །ཚོགས་དང་མཆོད་པ་རྒྱུན་མི་གཅད། །བྷ་ག་གསང་བའི་ཕོ་བྲང་དུ། །གཙོ་བོ་དང་བཅས་ལྷ་རྣམས་བརྟག རྩ་ལམ་རྒྱུ་ལ་བདེ་བ་དབབ། །ཕྱག་རྒྱ་འཇུག་པའི་ལྷ་ངོ་བསྟན། །མེ་ཏོག་དཀར་དམར་སེམས་འདྲེས་ནས། །མཐིང་ནག་ཡོལ་བས་མཚམས་བཅད་ནས། །སློབ་མ་བརྟུལ་ཞུགས་ནོད་པར་སྒོ། །དཔེ་གསུམ་ཚུལ་གྱིས་བརྟུལ་ཞུགས་སྤྱིན། །དྲག་སྔགས་དམོད་པའི་བརྟུལ་ཞུགས་བསླབ། །གཞན་དུ་ཉམས་པས་གསང་མུ་བསྒྲགས། །སྙིང་ངམ་སེམས་ལ་འོད་བསྡུས་ལ། །དྲེགས་པ་ཀུན་གྱི་མཐུ་དྲིལ་ནས། །དབང་རྣམས་ཀུན་གྱི་དོན་འདིར་རྫོགས། །དེ་ལ་དྲག་པོའི་སྦྱོར་བ་བསྟན། །དྲག་སྔགས་བསྟན་པའི་དྲོད་ཉམས་བརྟགས། །བམ་ཆེན་གསང་བའི་དབང་དུ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །དབང་གི་རྩ་བ་བསྟན་པའི་ལེའུ་སྟེ་བརྒྱ་བཅུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གཤིན་རྗེ་གཤེད་ཀྱི་ཚད་ལ་སོགས་པ་ལྔ་བཤད་དོ། །གཤིན་རྗེའི་ཚད་ནི་དོན་དམ་ཀུན་རྫོབ་གཉིས། །དོན་དམ་འགྱུར་མེད་དུས་གསུམ་སངས་རྒྱས་སྐུ། །དཔག་ཏུ་མེད་པའི་མཚན་དང་དཔེ་བྱད་ལྡན། །ཀུན་རྫོབ་དྲག་པོའི་ཡི་དྭགས་རྫུ་འཕྲུལ་ཅན། །མི་དགེ་བཅུ་ཡིས་ཡི་དྭགས་ལུས་སུ་སྨིན། །གཏི་མུག་མུན་པའི་ནང་ནས་ཁོང་ཁྲོ་དྲེགས་པས་ལྡང་། །གནས་ལུགས་གཉིས་ཀྱི་འཁོར་འདས་ཚད་དུ་བྱ། །ངོ་བོ་ལས་ཀྱི་སྐབས་དང་ངོ་བོ་ཉིད་ཀྱི་སྐུ། །ལས་ཀྱི་སྐུ་གསུང་ཐུགས་ཀྱི་སྤྱོད་པའོ། །སྐུ་ནི་སྒྱུ་མའི་ཕྱག་རྒྱ་ཅིར་ཡང་སྣང་། །གསུང་ནི་ཁྲོ་བོ་རྔམ་སྒྲ་ལྔ་དང་ལྡན། །ཐུགས་ནི་སྣ་ཚོགས་འཕྲུལ་གྱི་མཚོན་ཆ་བཞིན། །ལས་ཀྱི་སྐབས་ཀྱིས་ཕྱེ་བའི་ངོ་བོར་བཤད། །ངོ་བོ་ཉིད་ཀྱི་ཆོས་སྐུ་སྐྱེ་བ་མེད། །སྐྱེ་བའི་ཆོ་འཕྲུལ་སྣང་ལ་རང་བཞིན་མེད། །ཡོན་ཏན་ཡེ་ཤེས་མཚན་དང་དཔེ་བྱད་ལྡན། །སྙིང་པོ་འགྱུར་བ་མེད་པའི་ངང་ལས་འཆད། །དཔེར་ན་རིན་པོ་ཆེ་ཡི་ཕྱག་རྒྱ་ལྟ་བུར་བཤད། །གནས་ནི་ཕྱི་ནང་གསང་བའི་དུར་ཁྲོད་ནས། །ལྷོ་ཕྱོགས་ཕྱི་ཡི་དུར་ཁྲོད་མ་ལ་ཡ སྐྱེ་མེད་བྱང་ཆུབ་སེམས་ཀྱི་དུར་ཁྲོད་ནས། །གསང་བའི་བྷ་ག་ཡངས་པའི་ཕོ་བྲང་དུར་ཁྲོད་གནས། །དོན་དམ་ཆོས་ཀྱི་ཕོ་བྲང་ལ། །འཀྱུར་བ་མེད་པའི་ཡེ་ཤེས་གནས་པར་བཤད། །ཕྱི་ནང་གསང་བ་གསུམ་གྱི་རྒྱན་སྟན་པ། །ཕྱི་ཡི་ཁྲོ་བོ་དྲེགས་པའི་རྒྱན། །དུར་ཁྲོད་ཆས་དགུ་ཡོན་་་དགུ་དང་ལྡན། །འཇམ་དཔལ་སྐུ་ལ་མགོ་དང་དཔེ་བྱད་བརྒྱུན། །བྱང་ཆུབ་སེམས་ལ་རྣམ་ཤེས་དུ་མས་བརྒྱན། །བྷ་གའི་ཕོ་བྲང་པདྨའི་ཐིག་ལེས་བརྒྱན། །ཆོས་ཉིད་མི་འགྱུར་དོན་གྱི་་ཕྱག་རྒྱ་ལ། །ཡེ་ཤེས་རང་འབྱུང་གསལ་བའི་ཕྱག་རྒྱས་བརྒྱན། །རིགས་འཛིན་ཕྱག་རྒྱ་བགྲོད་པ་དབང་གིས་བརྒྱན། །གཤིན་རྗེ་གྲོང་ཁྱེར་རྒྱན་དང་ལྡན་པར་བཤད། །རྒྱལམཚན་མེ་ལོང་གི་རྒྱུད་ལས། །གཤིན་རྗེའི་མགོ་ཉིད་བསྟན་པའི་ལེའུ་སྟེ་བརྒྱ་ཉི་ཤུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཁོར་ལོའི་དབྱེ་བ་འདི་བཤད་དོ། །འཁོར་ལོ་རྣམ་པ་གཉིས་ཡིན་ཏེ། །རང་རྒྱུད་གནས་པའི་འཁོར་ལོ་དང་། །ལས་རྣམས་འགྲུབ་པའི་འཁོར་ལེའོ། །རང་རྒྱུད་གནས་པའི་འཁོར་ལོ་གཉིས། །ཐབས་དང་ཤེས་རབ་འཁོར་ལོའོ། །ངོ་བོ་ཐབས་ཀྱི་འཁོར་ལོ་གཉིས། །ག་་མར་གནས་པའི་འཁོར་ལོ་དང་། །དྲེགས་པ་གནས་པའི་འཁོར་ལེའོ། །ག་་མར་གནས་པའི་ཆོས་སྐུ་ལ། །ལོག་པར་གོ་པའི་དོན་མེད་འཁྲུལ། །བག་ཆགས་སྟུག་པོའི་ལས་ཟད་འཁོར། །ལུང་གི་རྒྱལ་པོ་གདིན་རྣམས་དང་། །སྣ་ཚོགས་སྣང་བ་ཆོས་སྐུའི་ངང་། ཁུགས་སྣང་ལོངས་སྤྱོད་སྤྲུལ་མཐའ་ཡས ངོ་བོ་ཐབས་ཀྱིས་འཁོར་ལོར་བཤད། །དྲེགས་པ་འཁོར་ལོ་རྣམ་པ་གཉིས། །སྣ་ཚོགས་སྲིད་པའི་འཁོར་ལོ་དང་། །ལྷུན་གྲུབ་གནས་པའི་འཁོར་ལེའོ། །ངོ་བོ་མཉམ་ཉིད་ཀུན་འདུས་ལ། ཁུ་རྐྱེན་བྱ་བཙལ་མཐའ་ལས་འདས། །བདེ་ཆེན་ལྷུན་གྱིས་གྲུབ་པ་ལལ། །རྒྱུ་རྐྱེན་དུ་མར་བཟུང་བས་འཁྲུལ། །སྣང་སྟོང་གཉིས་མེད་ཡེ་ཤེས་ལ། །གཉིས་སུ་འཛིན་པའི་བློ་ཡིས་འཁྲུལ། །དོན་དམ་ཀུན་རྫོབ་གཉིས་མེད་ལ། །བཟང་ངན་འཛིན་རྟོག་ཞེན་པས་འཁྲུལ། །སྣ་ཚོགས་སྒྱུ་མ་ལྷུན་གྲུབ་ལ། །ཡང་དག་ཤེས་པར་འཛིན་པས་འཁྲུལ། །ཐབས་རྣམས་ཡེ་ཤེས་རོལ་པ་ལས། །གཉེན་པོ་གཞན་རྟེན་སྤོང་ལེན་འཁྲུལ། །སྲིད་པའི་འཁོར་ལོ་དབྱེ་བར་བཤད། །ལྷུན་གྲུབ་གནས་པའི་ཞབྲུལ་འཁོར་ནི། །དྲག་པོ་སྔགས་ཀྱི་རྟེན་གྱི་གནས། །སྲིད་པའི་རུ་སྦལ་ལྟོ་ན་གནས། །རྩ་བཞི་དྭངས་མའི་ཡེ་ཤེས་ལ། །ང་བདག་རྟེན་འབྲེལ་འབྱུང་བས་འཁྲུལ། །རྒྱུ་བཞི་རྐྱེན་དུ་ལྡང་བ་ལ། །སྦྱོར་པའི་རྩོལ་བ་རང་འཆིང་འཁྲུལ། །རྩ་སྦུབས་ལས་ཀྱིས་གཅོད་པ་ལ། །སྔོན་འགྲོའི་སྦྱོར་བས་རྩོམ་པས་ཞབྲུལ། །འབྱུང་བ་ཆོས་སྐུར་ཐིམ་པ་ལ། །ཐུན་ཟོར་མཚོན་བརྡེག་རྩོལ་བས་འཁྲུལ། །རྩ་བྲན་ཡོན་་་ལྷུན་གྲུབ་ལ། །སྐྱོར་བ་གཞན་དབང་རྟེན་པ་འཁྲུལ། །ཚེ་སྲོག་དྲིལ་བསྡུ་སྔོན་བྱས་ལ། །ཕོ་ཉ་འགུགས་འདྲེན་བྱེད་པས་འཁྱལ། །སྐུ་གསུམ་སྣང་བ་ཡེ་ཤེས་ལ། །གཞན་ལ་བརྟེན་པ་ཁམས་གསུམ་འཁོར། །ལྷུན་གྲུབ་འཁྲུལ་འཁོར་གྱི་དབྱེ་བར་བཤད། ་ས་རབ་རང་རྒྱུད་འཁོར་ལོ་ཡང་། །གནས་པ་རང་ལས་འཆར་བ་དྲུགབདེ་ཆེན་ལོངས་སྤྱོད་ཆོས་དང་སྤྲུལ། །རྗེས་སུ་འཇུག་དང་གསང་བ་དྲུག བདེ་བ་ཆེན་པོ་བཅུ་གསུམ་གཉིས། །དབུས་ན་སྙིང་པོ་ཧ༷་གཉིས་ལྡན། །འདབ་མ་ཀ་ལིའི་འབྲུ་ཡིས་དགང་། །སྤྱི་བོ་ཚངས་པའི་མགོ་ལ་གནས། །ལོངས་སྦྱོད་བརྒྱད་གཉིས་ལྟེ་རྩིབས་དབུས། །ཨུ་ལི་བཅུ་དྲུག་ཀྭ་བཱ་ཙི། །སྦུབས་ན་ཤེས་རབ་འབྲུ་ཡིས་དགང་། །མགྲིན་པ་བསྐྱོད་པའི་ལམ་ལ་གནས། །ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད། །བརྒྱད་དབུས་དྭངས་མ་བཞི་དང་འབྲེལ། །དབུས་ནས་ས་བོན་ནམ་མཁའ་ཧཱུཾ༷། །ཡོན་ཏན་དྲག་སྔགས་དུ་མས་དགོད། །ཙིསྟ་རིན་པོ་ཆེ་ལ་རྟེན། །སྤྲུལ་པ་རྒྱ་མདུད་འཁོར་ལོ་ནི། །བཅུ་དྲུག་བཞི་ཡི་དབུས་ན་ཨོ། །ནུས་པ་རྒྱུ་ཡི་ཡིག་འབྲུས་དགང་། །རིན་པོ་ཆེ་ཡི་རྫིང་ལ་བརྟེན། །རྡོ་རྗེ་གསང་བའི་འཁོར་ལོ་ནི། །བཅུ་བཞི་འདབ་མའི་དབུས་ན་ར༷། །བོད་པ་གསུམ་གྱི་ཡིག་འབྲུས་དགང་། །རྡོ་རྗེ་གསང་བའི་མཚམས་ལ་བརྟེན། །རྗེས་སུ་འཇུག་པའི་འཁོར་ལོ་ནི། །དྲུག་གིས་བགྲོད་པའི་སྙི་རྭ་ཏི། །ར་མ་ཡ་ཡི་འབྲུ་ཡིས་དགང་། །ཐིག་ལེ་རྟེན་ལ་སྲོག་ཤིང་ཚུལ། །སྟེང་སྒོ་འོག་སྒོའི་སྦྱོར་བ་ཡིས། །འཕེལ་འགྲིབ་སྲོག་སྦྱོང་ཐབས་དང་ལྡན། ཁེས་རབ་སྦྱོར་བའི་འཁོར་ལོ་ཡང་། །རྐྱེན་དང་ལྡན་པས་འབྲས་བུ་སྐྱེད། །རང་གནས་བསམ་གཏན་རྟེན་འབྲེལ་ནི། །རང་རྒྱུད་གནས་པའི་འཁོར་ལོ་བཤད། །ལས་ཀྱི་འཁྲུལ་འཁོར་གསུམ་དུ་བཤད། །རྣལ་མ་དྲག་པོ་ན་གའོ། །རྣལ་མའི་འཁོར་ལོ་གསུམ་དུ་་ད། །་ན་རྗེ་ཡབ་ཀྱི་འཁོར་ལོ་དང་། །རོ་ལངས་མ་ཡི་འཁོར་ལོ་དང་། །གསང་བ་་ད་ཀྱི་འཁོར་ལེའོ། །་ན་རྗེ་ཡབ་ཀྱི་འཁོར་ལོ་ལ། །དབུས་ན་རྩ་ཡི་ཝལ་མིག་ལྔ། །གསང་མཛོད་་ད་ཀྱི་མུན་ཁང་བཞི། །་་གཉིས་ཝལ་མིག་མེ་དབལ་་ད། །ཡང་ལོགས་་་དྲུག་ཁ་ཏོ་སྟོབས། །ཕྱི་རིམ་ཉི་ཤུ་གཅོད་དང་གནོན། །ལྟོ་སྦྱོར་དྲིལ་ག་་གཉིས་སུ་བྱ། །རྩ་བ་གཅིག་ལ་ཡལ་ག་སྟོང་། །རྣོ་དབལ་མཚོན་ཆའི་རྒྱལ་པོ་ནི། །སྟོབས་དང་ཡབ་ཀྱི་འཁོར་ལོར་་ད། །རོ་ལངས་འཁོར་ལོ་གཉིས་སུ་་ད། །ཐུན་མོང་དང་ནི་ཁྱང་པར་རོ། །ཐུན་མོང་འཁོར་ལོ་བཞི་རུ་་ད། །མཁའ་འགྲོ་བརྩེགས་པའི་འཁོར་ལོ་དང་། །སྐྱིན་ཐང་ཝུལ་གྱི་འཁོར་ལོ་དང་། །གདོང་མོ་སྙིང་གི་འཁོར་ལོ་དང་། །ནག་མོ་ཐུགས་ཀྱི་འཁོར་ལོར་་ད། །ཁྱད་པར་མཁའ་འགྲོ་བརྩེགས་པ་ལ། །ཙིསྟ་གསང་བའི་འཁོར་ལེའོ། །དེ་དག་རོ་ལངས་ནག་མོ་ཡི། །མི་ལུར་སྤོགས་པའི་འཁོར་ལོར་་ད། །་ད་བཞིའི་འཁོར་ལོ་གཉིས་སུ་་ད། །ནུས་པ་བསྡུས་པའི་འཁོར་ལོ་དང་། །རང་རང་གནད་ཀྱི་འཁོར་ལོའོ། །ནུས་པ་་ད་ཀྱི་འཁོར་ལོ་བཞི། །སྲོག་་ད་གསང་བའི་འཁོར་ལོ་དང་། །ལོ་ཐོག་གཞོམ་པའི་འཁོར་ལོ་དང་། །སྡེ་བརྒྱད་་ག་པའི་འཁོར་ལོ་དང་། །ཝ་་ག་ཡ་ཡི་འཁོར་ལོ་རྣམས། །ལས་ཀྱི་རྒྱལ་་༄།།བརྙན་ཕྱང་ཡང་འཁོར་ལོར་་ད།།དེ་ལས་བཟློག་པའི་འཁོར་ལོ་གསུམ་དུ་་ད།།བསྙེན་པ་ཡ་་ཤེས་རང་གནས་འཁོར་ལོ་དང་།།གསོད་བྱེད་གདུག་པ་དགྲ་ཡང་འཁོར་ལོ་དང་།།གནན་པ་གདུག་པ་ཐོད་པའི་འཁོར་་འོ།།བསྙེན་པའི་འཁོར་ལོ་གནས་པ་གཉངས་སུ་་ད་པ་དང་།།བསམ་ག་་ཕྱག་རྒྱ་ལུས་ཀྱང་འཁོར་ལོ་དང་།།བསམ་ག་་ཙིསྟ་གསང་བའི་འཁོར་འོའོ།།།གདུག་པ་དགྲ་ཡང་འཁོར་ལོ་གསུམ་དུ་་ད།།གནད་དགུ་འཇོམས་པའི་ཡང་གེའི་འཁོར་ལོ་དང་།།དྲག་་པས་གཅོད་པ་སྔགས་ཀྱང་འཁོར་ལོ་དང་།།གནས་བཞིར་གེཅོད་པ་མཞོ་ཆ་འཁོར་འོའོ།།གནན་པ་ཐོད་པའི་འཁོར་ལོ་གསུམ་དུ་་ད།།སྙིང་་པ་བཅུད་ལ་བསྡུས་པའི་འཁོར་ལོ་དང་།།དྲེགས་པ་སྟོབས་ཀྱངས་གནན་པའི་འཁོར་ལོ་དང་།།ཐོད་པ་ལོག་ཐེན་སྦྱོར་བའི་འཁོར་འོའོ།།མན་ངག་གསང་བ་ཐུགས་ཀྱི་་ཁོར་ལོ་་ད།།གོཅོད་པ་སྔགས་ཀྱང་འཁོར་ལོ་གཉངས་སུ་་ད།།ཐུན་མོང་དང་ནི་ཁྱད་པར་འཁོར་་འོ།།ཐུན་མོང་སྦྱོར་བའི་འཁོར་ལོ་གཉིས་སུ་ཝད།།དབང་སྡུད་ག་་ཁྲམ་ཐོད་པའི་འཁོར་ལོ་དང་།།ཐུན་མོང་བསྲུང་བའི་གཟུགས་བརྙན་འཁོར་་འོ།།དྲག་སྔགས་དབང་སྡུད་སྦྱོར་བའི་འཁོར་ལོ་ད།།ཁྱད་པར་འཁོར་ལོརྣམ་པ་གཉིས་སུ་་ད།།ཚེ་བདག་གབ་བའི་འཁོར་ལོདང་།།སྦྱོར་བ་དྲིལ་བའི་འཁོར་་འོ།།སྦྱོར་བ་དྲིལ་བའི་འཁོར་ལོ་ནི། །མུ་ཁྱུད་དྲུག་དང་ལྡན་པ་ལ། །ཐུགས་ཁར་རུ་སྦལ་ར༷་ཡ༷་ཨེ། །རྩ་བ་བཞི་ཡི་སྦུབས་ན་གཤེད་པོ་བཞི། །རྩ་བྲན་བརྒྱད་ལ་ཀླུ་ཆེན་བརྒྱད། །ཡང་ལོགས་རྩ་འདབ་ཉི་ཤུ་བཞི། །སྲེག་ཅིང་འཇོམས་པའི་སྦྱོར་བ་དྲུག་དང་ལྡན། །ལྔ་པ་རྩ་ཡི་འདབ་མ་བཅུ་གཉིས་དྲུག ཐུགས་ཀྱི་འབྲུ་གཉིས་སྒྲུབ་པའི་བདུན་དང་བཅུ། །སྔགས་ཀྱིས་བསྐྱོན་ཏེ་དུག་ལྔའི་འབྲུ་དང་ལྡན། །དྲུག་པ་འདུས་པའི་འདབ་མ་བཅུ་གཉིས་ལ། །སྙིང་གཟེར་ལྔ་དང་གསད་པའི་འབྲུ་བདུན་པ། །སྦྱོར་བ་བྱེད་ན་བཅུ་དྲུག་མཐའ་རུ་རྫོགས། །རུ་སྦལ་སྙིང་ཁ་ལྟེ་བ་གསང་བ་སྲ །མེ་རླུད་སྐྱིན་འདང་འབྲུག་གཉིས་ཨེ་དང་ལྡན། །གཤེད་པོ་བཞི་ཡི་ལྟོ་བ་ན། །དྭངས་མ་བཞི་ཡི་འཁོར་ལོ་གནས། །ས་ཁམས་གསང་བའི་འཁོར་ལོ་ལ། །འཕྲུལ་མིག་བདུན་ཅུ་རྩ་དགུ་པ། །གསོད་ཅིང་གནོན་པའི་སྔགས་ཀྱིས་དགང་། །རླུད་ཁམས་བཤིག་པའི་འཁོར་ལོ་ནི། །འཕྲུལ་མིག་བརྒྱ་དང་ཉི་ཤུ་གཉིས། །གཞན་གཤིག་སྟོབས་ཀྱིས་འབྲུ་ཡིས་དགང་། །མེ་ཁམས་བསྲེགས་དང་སྙིང་གཟེར་ཀླུ། །འཁྲུལ་མིག་དྲུག་ཅུ་རྩ་ལྔ་པ། །འབྲུ་རྣམས་སྦྱོར་བ་གསུམ་གྱིས་དགང་། །ཆུ་ཁམས་འབྲས་བུ་འཇོམས་པ་ནི། །འཁྲུལ་མིག་བཞི་བཅུ་རྩ་ལྔ་ལ། །འབྲས་བུ་རྩི་ཐོག་འཇོམས་པ་ཡི། །དྲག་པོ་སྔགས་ཀྱི་འབྲུ་ཡིས་གང་། །ཐུན་མོང་བསྙེན་པ་ལ་བསྟན་ནས། །ལས་ཀྱི་མཐའ་རུ་སྦྱོར་བནི། །ལསཀྱིགཤིནརྗེའིལྟོན་གནས། །དབང་སྡུ་སྔགས་ཀྱི་འཁོར་ལོར་བཤད། །ཚེ་བདག་གབ་པའི་འཁོར་ལོ་གསུམ་དུ་བཤད། །ཁྱད་པར་གནས་པ་ལུས་ཀྱི་འཁོར་ལོ་དང་། །སྦྱོར་བ་སྣ་ཚོགས་གབ་པའི་འཁོར་ལོ་དང་། །རྩ་བ་དྲག་པོ་ཁྱད་པར་འཁོར་ལོ་བཤད། །ལུས་ཀྱི་འཁོར་ལོ་མུ་ཁྱུད་བདུན་པ་ལ། །ཐུགས་ཀ་དག་ན་དྲག་པོ་སྟོབས་ཆེན་གཉིས། །སྟོབས་ཅན་ཐུགས་ཀར་སྲིད་པའི་རུ་སྦལ་གནས། །རྩ་བཞི་དྭངས་མར་ཀྲི་ཀ་ཏ་བཞིར་བསྣོལ། །ལྟེ་བཞི་རྒྱས་པའི་འཁྲུལ་མིག་ཆེན་པོ་ལ། །རྒྱན་གྱི་ཡིག་འབྲུ་བཅུ་གསུམ་སྟོབས་ཆེན་ཕྱི་ནས་འཆར། །བདག་སྐྱོབས་ལྟས་བཟློག་སྦྱོར་བ་གཉིས་དང་ལྡན། །འཁྲུལ་མིག་དབང་དྲག་གཅོད་པའི་འབྲུ་བརྒྱད་བརྟེན། །གཤེད་བཞིའི་ལྷོ་ན་གནོན་སྲེག་གཤིགས་དང་འཇོམས། །གཞན་གྱི་སྦྱོར་བ་བཞི་དང་བཅུ་པར་ལྡན། །རང་རྒྱུད་ཚེ་བདག་ལྟོ་ན་གནས་པ་སྟེ། །ཁྱད་པར་སྲིད་པའི་འཁོར་ལོ་དག་ཏུ་བཤད། །གབ་པའི་འཁོར་ལོ་ཕན་གནོད་གཉིས་སུ་བཤད། །བསད་པའི་འཁོར་ལོ་གཅོད་དང་གནོན་པ་གཉིས། །གསད་པའི་འཁོར་ལོ་མུ་ཁྱུད་གསུམ་དང་ལྡན། །རྩིབས་བདུན་སྐྲུ་གྲིའི་རྩིབས་དགུ་རྩ་བའི་སྔགས། །གནན་པའི་འཁོར་ལོ་སྟེང་ལ་མུ་ཁྱུད་བཞི། །དབུས་ན་རྒྱ་གྲམ་ཕྱི་རིམ་སྦྲུལ་བཞི་བསྣོལ། །གསུམ་པར་ཐོད་པ་བཞི་པར་མེ་རི་སྔགས། །འོག་མ་གྲུ་གསུམ་བཞི་ལ་སྐྲུལ་བརྒྱད་བསྣོལ་བས་བསྡམས། །དེབཞིནརིགསབཞིའི་སྦྲུལ་དང་མེ་རི་ར༷། །གསད་པ་དྲག་པོ་གབ་པའི་འཁོར་ལོར་བཤད། །སྦྱོར་བའི་འཁོར་ལོ་གབ་པ་བཞི་རུ་བཤད། །གདུག་པ་འཇོམས་པའི་འཁོར་ལོ་དགང་། །ཡབ་ཡུམ་གསང་བ་མཁའ་ལ་གནས། །འབྲུ་བརྒྱད་ལུས་ལ་སྐྲུ་གྲི་གདགས། །སྙིང་གཟེར་གདུག་པའི་འཁོར་ལོར་བསད། །གཤིག་པ་དུག་ལྔའི་འཁོར་ལོ་ནི། །མེ་མོ་གསང་བ་རྩ་ལ་གནས། །འཁྲུལ་མིག་རྩ་བ་རྩིབས་ལ་མཚོན། །སྩོར་བ་གཤིག་པའི་འཁོར་ལོ་ས། །ཝང་བ་ལྔ་ཡི་ལོ་ཏོག་འཇོམས། །ཕྱི་ཡི་ཤུ་ལོ་ཀ་ལ་གནས། །རྟ་མ་དབབ་པའི་འཁོར་ལོ་གཉིས། །ལོ་ཏོག་གཤོམ་པའི་འཁོར་ལོར་བཤད། །ཚོགས་བརྒྱད་འགྱུར་བའི་འཁོར་ལོ་ནི། །གསང་ལམ་བགྲོད་པའི་རྩ་ལ་གནས། །ལྟས་ངན་་་ཡི་འཁོར་ལོ་བཤད། །ཁྱད་པར་རྩ་བའི་འཁོར་ལོ་གསུམ་དུ་བཤད། །།དྲག་པོ་སྔོན་ཕྱུང་གསོད་པའི་འཁོར་ལོ་དང་སྲོག་བཞི་དྲིལ་བ་སེར་བའི་འཁོར་ལོ་དང་། །སྦྱོར་བ་སྣ་ཚོགས་སྲུང་པའི་འཁོར་ལེའོ། །དྲག་པོས་གསད་པའི་འཁོར་ལོ་གཉིས་སུ་བཤད། །ཕོ་མོས་ལྟོ་སྦྱར་བདུད་ཀྱི་འཁོར་ལོ་དང་། །དྲག་པོ་སྔགས་དགོད་སྟོབས་ཀྱི་འཁོར་ལེའོ། །དྲག་པོ་སྟོབས་ཀྱི་འཁོར་ལོ་ཐུན་མོང་ཁྱད་པར་གཉིས། །ཐུན་མོང་གསད་པའི་འཁོར་ལོ་གཉིས་སུ་བཤད། །ཡེ་ཤེས་འཁོར་ལོ་ལས་ཀྱི་འཁོར་ལོ་གཉིས། །ཡེ་ཤེས་འཁོར་ལོ་སྦྱོར་བ་གསུམ་དུ་བཤད། །མུ་ཁྱུད་གསུམ་པའི་དབུས་ན་ཆགས་པའི་རུ་སྦལ་མོ། །གྲུ་བཞི་རྒྱས་པ་དེ་བཞིན་ཟླ་ཁམ་དབང་། །རྩིབས་དང་འཁྲུལ་མིག་དྲག་པོ་ཉི་ཤུ་བཞི། །སྲིད་པའི་རུ་སྦལ་ལྷོ་ན་མཚོན་ཆ་གནས། །ཡན་ལག་ལྔ་དང་ལྷོ་གཉིས་མཇུག་མ་ནས། །ཞེ་སྡང་གདུག་པའི་སྐྲུལ་བརྒྱད་སྟོབས་ཀྱིས་འབྱུང་། །རྩ་བ་དྲག་པོ་གསད་པའི་འཁོར་ལོ་བཤད། །མུ་ཁྱུད་དྲུག་པའི་དབུས་ན་དྲག་པོ་བླ་སེམས་འཆང་། །འཁྲུལ་མིག་བཞི་དང་བརྒྱད་ལས་རྩ་བའི་སྔགས། །རྩིབས་ཆེན་བཅུ་བཞི་སྐྲུ་གྲི་གསུམ་གྱིས་གང་། །ཐོད་འཕྲེང་གདུག་པའི་རྭ་བ་རུ་སྦལ་སྟོ་ན་གནས། །ཡང་གསང་གསད་པ་མཆོག་གི་འཁོར་ལོ་བཤད། །མུ་ཁྱུད་ལྔ་པའི་དབུས་ན་གྲུ་གསུམ་མིང་། །རིམ་པ་གཉིས་ལ་བཅུ་གཉིས་རྩ་བའི་སྔགས། །རྩིབས་ཆེན་ཉི་ཤུ་གཉིས་ལ་སྤུ་གྲི་ལྔ། །གདུག་པའི་རྭ་བ་རུ་སྦལ་ལྷོ་ལ་རྫོགས། །དྲག་པོ་ཉེ་བར་གསད་པའི་འཁོར་ལོར་བཤད། །མུ་ཁྱུད་ལྔ་ལྡན་གྲུ་གསུམ་རྩིབས་བཞི་བརྒྱད། །སྦྲུལ་དང་ཐོད་རློན་འཕྲེང་བ་མེ་རི་རུ་སྦལ་ལྟོར། །རྒྱལ་བློན་སྟོབས་བཅད་བསད་པའི་འཁོར་ལོ་བཤད། །མུ་ཁྱུད་བཞི་པ་གྲུ་གསུམ་རྩིབས་བཅུ་གཉིས། །འཁོར་ཡུག་ལྷོ་སྡེབས་འཁྲུལ་མིག་རྒྱ་གྲམ་མཚོན། །རྩ་བ་སྤུ་གྲིའི་ལྷོ་ན་གནས། །རྩ་བ་སྦྱོར་བའི་གསད་པའི་འཁོར་ལོར་བཤད། །མུ་ཁྱུད་ལྔ་པ་དྲག་པོའི་འཁྲུལ་མིག་བཞི། །ཕྱི་རིམ་རྩ་བཞི་རྩ་འདབ་བཞི་དང་ལྡན། །འཁྲུལ་མིག་བརྒྱ་དང་སྦྲུལ་བཞི་རུ་སྦལ་ལྟོར། །རྣལ་མ་བསད་པ་བསམ་གཏན་འཁོར་ལོར་བཤད། །མུ་ཁྱུད་ལྔ་པ་གྲུ་གསུམ་རྩིབས་བཞི་བརྒྱད། །ལུབྲུལ་མིག་བཅུ་བཞི་སྤྲུལ་བཞི་བསྣོལ་མར་བསྡམས། །སྲིད་པའི་ལྟོ་བར་དཀྲུག་པའི་འཁོར་ལོ་བཤད། །ལས་ཀྱི་འཁོར་ལོ་མུ་ཁྱུད་བཞི་དང་ལྡན། ཁུ་གསུམ་ཟླ་ཁམ་འཁྲུལ་མིག་སྐྲུ་གྲི་བཞི། །བཅུ་དྲུག་ལྕགས་ཁར་རྩ་བའི་སྔགས་ཏེ་སྦྲུལ། །རུ་སྤལ་ལྟོ་ན་རྣལ་མའི་འཁོར་ལོར་བཤད། །མུ་ཁྱུད་གསུམ་པ་གྲུ་གསུམ་ཟླ་ཁམ་གསུམ། །་བྲུལ་མིག་བཅུ་དྲུག་དེ་བཞིན་རྩིབས་བཅུ་དྲུགརུ་སྦལ་ཡན་ལག་བསྒྲུབ་བྱ་བཅུ་གསུམ་རོ། །ལྟོ་དཀྲུག་གསད་པ་དྲག་པོའི་འཁོར་ལོར་བཤད། །ཁྱད་པར་གསད་པའི་འཁོར་ལོ་བཅུ་རུ་བཤད། །མུ་ཁྱུད་བཞི་པ་རུ་སྦལ་ལྟོ་ན་གནས། ཁྲུ་གསུམ་སྐུ་ཡི་གཟུགས་བརྙན་ཟླ་ཁམ་སྲུང་པའི་ལྷ། །ལུབྲུལ་མིག་བཅུ་གཉིས་རྩ་སྔགས་འཁོར་ཡུག་སྒྲུབ་པའི་སྔགས། །་བྲུལ་མིག་བཅུ་དྲུག་གུ་རུ་སྐྲུ་གྲིས་འཇོམས། །སེང་གེ་ཁོག་པ་གཤིག་པའི་འཁོར་ལོར་བཤད། །འཁྲུལ་མིག་ལྔ་ལ་ཐོད་པ་སྦྲུལ་གྱི་མཚམས། །ལྕགས་མཁར་བཞི་དང་གྲུ་གསུམ་་བྲུལ་མིག་བརྒྱད། །འཁོར་ཡུག་དེ་བཞིན་འཁྲུལ་མིག་ཉི་ཤུ་བ། །རྡོ་རྗེ་རྨེ་འཐབ་གསད་པའི་འཁོར་ལོར་བཤད། །མུ་ཁྱུད་ལྔ་པ་ཕྱོགས་བཞིར་ལྕགས་མཁར་བཞི་བཞི་ལྡན། །གསང་མཛོད་བཞི་དང་དབུས་ན་སྙིང་པོ་མིང་། །ཞབྲུལ་མིག་ཉི་ཤུ་ཕྱི་དང་ཡང་ལོགས་བཞི་བཅུར་གནས། །དྲག་སྔགས་སྦྱོར་བ་ལྔ་ཡིས་མཛེས་པར་གང་། །དྲག་སྔགས་གནམ་ལྕགས་འཁོར་ལོར་བཤད། །མུ་ཁྱུ་གསུ་པ་གྲུ་གསུམ་ཟླ་ཁམ་བརྒྱད། །འཁྲུལ་མིག་བཅུ་གཉིས་མུ་ཁྱུད་རྩིབས་བཅུ་དྲུག སེང་གེ་མཆེ་སྦྱར་སྟོབས་ཀྱི་འཁོར་ལོར་བཤད། །མུ་ཁྱུད་བཞི་པ་འཁྲུལ་མིག་བཅུ་གཉིས་ལྡན། །ཕྱི་རིམ་ཁོར་ཡུག་དེ་བཞིན་རྩིབས་བཅུ་དྲུག སྟག་མོ་ཀ་ཐབ་གསད་པའི་འཁོར་ལོར་བཤད། །མུ་ཁྱུད་ལྔ་པ་གྲུ་གསུམ་ལིང་ག་མིང་། །ཟླ་ཁམ་ཕྱི་ནང་སྦྲུལ་གཉིས་རྭ་བས་བསྐོར། །འཁོར་མིག་བཅུ་གཉིས་རྒྱ་གྲམ་རྩིབས་བཅུ་དྲུག ཕོ་ཉ་བཟློག་པ་གསང་བའི་འཁོར་ལོ་བཤད། །མུ་ཁྱུད་གསུམ་པ་གྲུ་གསུམ་ཟླ་ཁམ་དབུས། །རྒྱ་གྲམ་སྙིང་པོས་འཁྲུལ་མིག་གསུམ་གསུམ་ལྡན། །རྡོ་རྗེའི་རྭ་བརྒྱད་འཁྲུལ་མིག་གཉིས་གཉིས་ལྡན། །རུ་སྦལ་ལྟོ་རུ་ཁ་སྦྱོར་མིང་རུས་བསྡུ། །དྲིལ་ལས་གསད་པ་དབབ་པའི་འཁོར་ལོར་བཤད། །མུ་ཁྱུད་བཞི་པ་གྲུ་གསུམ་གསང་མཛོད་བཞི། །ཕྱོགས་བཞི་ལྕགས་མཁར་བཞི་ལ་འཁྲུལ་མིག་གསུམ་གསུམ་ལྡན། །དེ་ཡི་ཕྱི་རིམ་རྡོ་རྗེ་རྒྱ་གྲམ་མཛེས། །རྩིབས་ཆེན་བཅུ་བཞི་སྤྲུལ་གདུག་རྭ་བས་བསྡམས། །ཐམས་ཅད་དྲིལ་ཏེ་གསད་པའི་འཁོར་ལོར་བསད། །མུ་ཁྱུད་ལྔ་པ་ཚངས་ཐིག་བཞི་དང་ལྡན། །འཁྲུལ་མིག་བཞི་བརྒྱད་དྲག་པོ་གསང་མཛོད་ལྔ་། །ཕྱི་རིམ་ལྕགས་མཁར་ཉི་ཤུ་བཞི་རུ་གནས། །ཡང་ལོགས་ཁོར་ཡུག་ལྟོ་སྦྱར་སྒྲུབ་པའི་སྔགས། །མཐའ་མ་འཁྲུལ་མིག་ཉི་ཤུ་སྐྲུ་གྲིའི་གནས། །ལྟོ་སྦྱར་གབ་པ་ཐུགས་ཀྱི་འཁོར་ལོར་བཤད། །མུ་ཁྱུད་ལྔ་པ་ས་ཡི་འཁོར་ལོར་བཅའ། །དབུས་སུ་གྲུ་གསུམ་ཁ་ཁྱེར་གསུམ་དང་ལྡན། །ཟླ་ཁམ་ཕྱི་ནང་རྡོ་རྗེ་རྒྱ་གྲམ་མཛེས། །དེ་ཡི་ཕྱི་རིམ་རྩིབས་ཆེན་བཅུ་གཉིས་གནས། །ཐོད་པའི་འཕྲེང་བ་མེ་རིས་རུ་སྦལ་ལྷོ་བར་བཅའ། །དྲག་པོས་གསད་པ་མཆོག་གི་མཐའ་སྡུད་ཡིན། །དྲག་པོ་སྔོན་ཕྱུང་སྦྱོར་བའི་རྒྱལ་པོ་ལས། །སྤྱིན་སྲེག་གདུག་པས་གསད་པའི་འཁོར་ལོར་བཤད། །ལྟོ་སྦྱར་བདུད་ཀྱི་འཁོར་ལོ་གཉིས་སུ་བཤད། །གསད་པ་མཆོག་དང་ལོ་ཐོག་གཞམ་པའོ། །མུ་་ད་བརྒྱད་ལྡན་རལ་གྲི་རྡོ་རྗེའི་ཆུ། །མཚམས་ཀྱི་ཀ་བས་བཅད་པ་འཁྲུལ་མིག་བཞི་བཅུ་དགུ། །སྲོག་གཅོད་ཕོ་མོས་བདུད་ཀྱི་འཁོར་ལོར་བཤད། །མུ་ཁྱུད་ལྔ་པ་ཚངས་ཐིག་གཉིས། །ཟུར་ཐིག་གཉིས་ལྡན་འཕྲུལ་མིག་བཞི། །ཐིག་བཞི་མནན་པས་ཕྱི་ལོག་བརྒྱད། །ཡང་ལོགས་བཅུ་གཉིས་རྩིབས་དང་ལྡན། །དེ་བཞིན་མཐའ་མར་བཅུ་དྲུག་རྩིབས། །བབ་ཀྱི་སྦྱོར་བ་དྲག་པོ་ཡིས། །ལོ་ཏོག་འཇོམས་པའི་འཁོར་ལོར་བཤད། །དྲག་པོ་བསྲུང་བའི་འཁོར་ལོ་གཉིས་སུ་བཤད། །གདུག་པ་བསྲུང་དང་སྦྱོར་བ་བསྲུང་བའོ། །སྦྱོར་བ་ཀུན་བསྲུང་འཁོར་ལོ་བདུན་དུ་བཤད། །བྱས་པ་བཤིག་དང་ཞེན་པ་བཟློག །ཟུག་པ་དབྱུང་དང་གསང་ལམ་འགག །ཐམས་ཅད་གཟིར་དང་དུག་མདའ་དབྱུང་། །བྱད་དགྲོལ་གསང་བའི་འཁོར་ལོའོ། །མུ་ཁྱུད་བཞི་པ་དབུས་གྲུ་གསུམ། །འཁྲུལ་མིག་བཞི་བརྒྱད་རྩིབས་བཅུ་གཉིས། །རྡོ་རྗེ་ཀ་བཞི་ཞིང་རྐྱང་བརྒྱད། །རུ་སྦལ་ལྷོ་ན་རྫོགས་པར་གནས། །བྱས་པ་གཤིག་པའི་འཁོར་ལོར་བཤད། །མུ་ཁྱུད་གསུམ་དབུས་གྲུ་གསུམ་བཞི། །རྩིབས་བཅུ་ཁོར་ཡུག་སྨྱོ་ཡིས་གང་། །ཞེན་པ་བཟློག་པའི་འཁོར་ལོར་བཤད། །མུ་་ད་གསུམ་པ་རུ་སྦལ་ལྟོར། །གྲུ་གསུམ་གནམ་ལྕགས་རྩིབས་བཅུ་གཉིས། །ཕྱི་རིམ་རྩིབས་ཆེན་བཅུ་གསུམ་པ། །ཟུག་པ་དབྱུང་བའི་འཁོར་ལོར་བཤད། །མུ་ཁྱུད་བཞི་དབུས་ཞི་བའི་གནས། །རྩིབས་བཞི་རྩིབས་བརྒྱད་རྩ་བའི་ལུས། །རྩིབས་ཆེན་བཅུ་གཉིས་སྐྲུ་གྲི་མཚོན། །གསང་ལམ་དགག་པའི་འཁོར་ལོར་བཤད། །མུ་ཁྱུད་བཞི་དབུས་དབང་དྲག་གནམ། །ལྕགས་མཁར་བརྒྱད་དང་བཅུ་དྲུག་འོབས། །མཐའ་མ་བཅུ་དྲུག་སྤུ་གྲིའི་གནས། །ཐམས་ཅད་གཟིར་བའི་འཁོར་ལོར་བཤད། །མུ་ཁྱུད་བཞི་ལྡན་དབུས་ཟླུམ་དྲག །རྩིབས་བཞི་རྩིབས་བརྒྱད་རྩིབས་བཅུ་གཉིས། །སྙིང་པོ་སྔགས་བཅས་སྟེང་དུ་བཅའ། །ཁོར་ཡུག་དྲག་སྔགས་སྦྲུལ་ཆུད་མེ། །འོག་མར་བཅས་ལ་ཁ་སྦྱར་དཀྲུག དུག་མདའ་དབྱུང་བའི་འཁོར་ལོར་བཤད། །མུ་ཁྱུད་གསུམ་པ་ས་ལ་བྲི། ཁྲུ་གསུམ་ཁ་ཁྱེར་གསུམ་དང་ལྡན། །ཟླ་ཁམ་ཕྱི་ནང་ཐོད་པས་བསྐོར། །རྩིབས་ཆན་བཅུ་གཉིས་མེ་རི་འབར། །ས་ཡི་འཁོར་ལོ་བརྣག་པའི་རྟེན། །དེབཞིནགྲུགསུམརྒྱགྲམ་ཡ༷། །འཁྲུལ་མིག་བཅུ་གཉིས་རྩིབས་བཅུ་དྲུག མཐའ་མ་གྲུ་གསུམ་མེ་རི་ར༷། །བར་སྣང་འཁོར་ལོ་སྟོབས་དཔག་མེད། །བྱད་དགྲམ་གསང་བའི་འཁོར་ལོར་བཤད། །མུ་ཁྱུད་གསུམ་ལྡན་གྲུ་གསུམ་དབུས། །འཁྲུལ་མིག་བཅུ་གཉིས་རྩིབས་བཅུ་དྲུག །ལས་ཀྱི་ཚེ་བདག་མགོ་དགུ་པའི། །བཙན་ཐབས་གཟིར་བའི་འཁོར་ལོར་བཤད། །གདུག་པ་བསྲུང་བའི་འཁོར་ལོ་ཡང་། །གསང་བའི་རྒྱུད་འདིར་བདུན་དུ་བཤད། །མུ་ཁྱུད་གསུམ་པ་གྲུ་གསུམ་དབུས། །རྩིབས་ཆེན་བཅུ་གཉིས་བཅུ་བཞི་ཕྱི། །གདུག་པ་ལྟོ་དཀྲུག་འཁོར་ལོར་བཤད། །མུ་ཁྱུད་གསུམ་པ་རུ་སྦལ་ལྟོར། །ཞབྲུལ་མིག་བཅུ་གཉིས་རྩ་སྦུབས་བདུན། །གྲུ་གསུམ་བརྒྱད་ལྡན་ཟླ་ཁམ་གསུམ། །སྙིང་གཟེར་བདུན་པའི་འཁོར་ལོར་བཤད། །མུ་ཁྱུད་དྲུག་པ་རུ་སྦལ་ལྷོར། །དབུས་སུ་གྲུ་གསུམ་ཟླ་ཁམ་སྦྲུལ། །ཐོད་མཁར་བཞི་ལ་རྡོ་རྗེ་མཚམས། །རྒྱ་གྲམ་བརྒྱད་དང་ར་བས་སྒྲུལ། །རྩ་སྦུབས་ཉི་ཤུ་རྩ་གཅིག་མེ། །སྙིང་གཟེར་ཉི་ཤུའི་འཁོར་ལོར་བཤད། །མུ་ཁྱུད་ལྔ་པ་དབུས་གྲུ་གསུམ། །འཁྲུལ་མིག་བཞི་བརྒྱད་རྩ་བའི་སྔགས། །རྩ་སྦུབས་རྒྱུ་ལ་སྙིང་པོར་མཚོནི། །རྩིབས་སུ་བཅུ་དྲུག་ཤི་ཕྲད་སྔགས། །སྙིང་གཟེར་དགུ་པའི་འཁོར་ལོ་བཤད། །མུ་ཁྱུད་བཞི་དབུས་གྲུ་གསུམ་བཞི། །ཕྱོགས་བཞིར་འཕྲུལ་མིག་གསུམ་གསུམ་གནས། །གསང་མཛོད་བཞི་ལ་གདུག་པའི་གཟུགས། །མུ་ཁྱུད་ཀླུ་གཉན་ས་བདག་གཟུགས། །རྩ་སྐྲུབསབཅུགཅིགསྦྱོརབའི་སྔགས། །སྙིང་གཟེར་ཤི་ཕྲང་འཁོར་ལོར་བསད། །མུ་ཁྱུད་ལྔ་པའི་དབུས་གྲུ་གསུམ། །འཁྲུལ་མིག་བཅུ་གཉིས་རྩིབས་ཉི་ཤུ། །ཐོད་པ་དང་ནི་མེ་རི་ལྡན། །སྦྱིན་སྲེག་ས་ཡི་འཁོར་ལོར་བཤད། །མུ་ཁྱུད་དེ་བཞིན་དབུས་གྲུ་གསུམ།ཁ་ཁྱེར་གསུམ་ལ་གདུག་པའི་གདུག ཟླ་ཁམ་གཟུགས་བརྙན་རྩིབས་བཅི་གཉིས། །ཕྱི་རིམ་ཉི་ཤུ་བཞི་ཡི་རྩིབས། །ཡང་ལོགས་ཁོར་ཡུག་ཐོད་པར་རྫས། །མཐའ་མ་མེ་རི་སྲེག་པའི་འོད། །དྲག་པོ་མཐའ་སྡུད་འཁོར་ལོར་བཤད། །ལོ་ཐོག་གཞོམ་པའི་འཁོར་ལོ་ནི། །མུ་ཁྱུད་གསུམ་པ་རུས་སྦལ་དབུས། །རུ་སྦལ་ཡན་ལག་མཇུག་མ་དང་། །ལྟོ་གཉིས་དག་ནས་འབྱུང་བ་ཡི། །མཚོན་ཆའི་འཁོར་ལོ་རྩིབས་བཅུ་གཉིས། །ཕྱི་རིམ་འཁྲུལ་མིག་བཅུ་གཉིས་ལ། །གྲོག་བཞི་གནད་ཀྱི་སྙིང་པོ་འདུ། །སྲོག་བཞི་གཟིར་བའི་འཁོར་ལོར་བཤད། །དེ་དག་དྲག་པོའི་སྔགས་དགོད་ཀྱིས། །འཁོར་ལོ་རྒྱལ་པོ་དབྱེ་བར་བཤད། །སྡེ་བརྒྱད་གནད་ཀྱི་འཁོར་ལོ་ཡང་། །དབྱེ་བ་རྣམ་པ་གསུམ་དུ་བཤད། །མུ་ཁྱུད་གསུམ་པ་ཚངས་ཐིག་བཞི། །འཁྲུལ་མིག་སུམ་ཅུ་རྩ་གསུམ་པ། །གསད་པ་དྲག་པོའི་འཁོར་ལོར་བཤད། །མུ་ཁྱུད་དེ་བཞིན་འཁྲུལ་མིག་སྔགས། །བཞི་བརྒྱད་བཅུ་གཉིས་བཅུ་དྲུག་ལ། །ལོ་ཏོག་གཞོམ་པའི་འཁོར་ལོར་བཤད། །མུ་ཁྱུད་དེ་བཞིན་ཚངས་ཐིག་བཞི། །ལེའུ་ཚེ་དགུ་ལ་རྩ་བའི་སྔགས། །ཕྱི་དང་ཡང་ལོགས་ཟུར་བཞི་ཐིག བསྙམས་པས་ལེའུ་ཚེ་ཉི་ཤུ་བཞི། །བར་དུ་སྙིང་པོ་འབྲུ་རེ་ལ། །གང་དམིགས་མིང་དང་སྐྲུ་གྲིས་བསྐོར། །མཐའ་མ་སྐྲུ་གྲི་འཕེན་པའི་བབྲུ། །སྡེ་བརྒྱད་ཆམ་ལ་དབབ་པ་ཡི། །དྲག་པོ་གནད་ཀྱི་འཁོར་ལོར་བཤད། །གདུག་པའི་འཁོར་ལོ་བཞི་རུ་བཤད། །སྡིག་པ་ལུསཀྱི་འཁོར་ལོ་དང་། །ས་བདག་སྲོག་གི་འཁོར་ལོ་དང་། །ཀླུ་བདུད་སྐྲུལ་གྱི་འཁོར་ལོ་དང་། །མཛེ་ནད་ལས་ཀྱི་འཁོར་ལོའོ། །ལུས་དང་ཡན་ལག་རྭ་གཉིས་ལ། །སྦྱོར་བ་ཐུན་མོང་གནན་པ་ནི། །སྡིག་པའི་ལུས་ཀྱི་འཁོར་ལོར་བཤད། །མུ་ཁྱུད་གཉིས་དབུས་གྲུ་གསུམ་མིང་། །རྩིབས་བཞིའི་རྩིབས་བརྒྱད་དྲག་པོའི་འབྲུ། །ས་བདག་སྲོག་གི་འཁོར་ལོ་བཤད། །མུ་ཁྱུད་གསུམ་ལ་ཚངས་ཐིག་བཞི། །འཁྲུལ་མིག་བཞི་ལ་གྲུ་གསུམ་སྦྲུལ། །གསང་མཛོད་བཞི་ལ་རུ་སྦལ་བཞི། །ཕྱི་རིམ་འཁྲུལ་མིག་བཅུ་གཉིས་ལ། །ལས་ཀྱི་རྡོ་རྗེའི་དབུས་ན་སྐྲུལ། །མཐའ་མའི་འཁྲུལ་མིག་བཅུ་དྲུག་ལ། །སྐྲུལ་གྱི་ར་བ་གྲུ་གསུམ་སྔགས། །འཁྲུལ་མིག་སུམ་ཅུ་རྩ་བདུན་པ། །ཀླུ་བདུད་སྦྲུལ་ནའཁོར་ལོར་བཤད། །མུ་ཁྱུད་བཞི་ལ་སྦྲུལ་གྱིས་བསྐོར། །ཚངས་ཐིག་བཞི་དང་ཟུར་ཐིག་བཞི། །འཁྲུལ་མིག་སུམ་ཅུ་རྩ་གཉིས་ལ། །དྲག་པོའི་མཐའ་མ་གདུག་པའི་གཟུགས། །མཐའ་མ་གསང་སྔགས་དབུས་སྙིང་པོ། །མཛེ་ནད་ལས་ཀྱི་འཁོར་ལོར་བཤད། །ལས་ནི་གསོད་དང་བསྲུང་ཞིང་འཇོམས། །གནན་པ་ལ་སོགས་རྩ་བ་བཞི། །ཡན་ལག་སྟོང་དང་དྲུག་ཅུར་བཤད། །གྲངས་དང་དབྱེ་བ་བརྒྱ་དང་བཅུ། །ཡན་ལག་འཁོར་ལོ་རྣམས་གྲངས་སྟོང་། །ལས་ཀྱིས་སྐབས་ཀྱི་དུ་མར་འགྱུར། །ཐུན་མོང་བསྲུང་བའི་འཁོར་ལོ་གསུམ། །མ་རྟོགས་རྟོགས་པར་དཀའ་བའི་འཁོར་ལོ་གཅིག །འཁོར་ལོ་རྩ་བ་ཉིས་བརྒྱ་རྫོགས་པར་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །འཁོར་ལོ་གཏན་ལ་དབབ་པའི་ལེའུ་སྟེ་བརྒྱ་ཉི་ཤུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་དབྱེ་བ་འདི་བཤད་དོ། །ཡུལ་དང་ཤེས་པ་སྤྲོ་བ་གསུམ། །ངོ་བོ་ཉིད་ཀྱིས་གནས་འགྱུར་བས། །གསང་བ་སྔགས་ཀྱི་སྦྱོར་བ་ལ། །རིག་པ་གསུམ་དུ་ཤེས་པར་བྱ། །གསང་སྔགས་རིག་སྔགས་གཟུངས་སྔགས་སོ། །ཡུལ་ནི་དམིགས་པ་དང་པོ་སྟེ། །ཁྲོ་བོ་ཁྲོ་མོ་དྲེགས་པའོ། ཁྲེས་པ་སྲོག་གི་སྙིང་པོ་ལ། །སྤྲོ་བ་རིག་པའི་རྩལ་སྦྱོང་བ། །ངོ་བོ་ཀུན་གྱི་རྩ་བ་ནི། །སྐྱེ་བ་མེད་པའི་སེམས་ཉིད་དོ། །གནས་པ་བདག་གཞན་ཐམས་ཅད་ལ། །འགྱུར་བ་ཡོན་ཏན་འཕེལ་འགྲིབ་བྱེད། །གསང་བ་བགྲོད་པ་མེ་པ་ལ། །སྔགས་ཀྱི་སྦྱོར་བ་བསྟན་པ་ནི། །དབང་ལྔའི་བགྲོད་པ་ཐོབ་པ་ལ། །རིག་པ་སྔོན་དང་ཕྱིས་འབྱུང་བ། །སྡེབས་ཀྱི་སྦྱོར་བ་ཤེས་པའོ། །གསང་བ་སྲོག་གི་སྙིང་པོ་ལ། །སྔགས་ནི་སྦྱོར་བའི་རྐྱེན་རྣམས་སོ། །སྲོག་གི་སྙིང་པོ་གསུམ་དུ་བཤད། །རངབཞིན གསངབའིསྲོག་གི་སྙིང་པོ་དང་། །དགུག་པ་རང་དབང་མེད་པར་སྲོག་གི་སྙིང་པོ་དང་། །ནུས་པ་སྤྲོ་བ་སྲོག་གི་སྙིང་པོའོ། །བདེ་གཤེགས་འདུས་པ་སྤྲུལ་པའི་སྲས། །ཁྲོ་བོ་རྒྱལ་པོ་གཤིན་རྗེ་དང་། །མ་མོ་ཤ་ཟ་མཁའ་འགྲོ་བདུད། །སྲིན་པོ་ཀེམ་ཀམ་གནོད་སྦྱིན་ཀླུ། །རྒྱལ་པོ་དཀོར་སྲུངས་སྲོག་བདག་གཟའ། །ཀུན་གྱི་ཐུགས་དང་སེམས་ཀྱི་བཅུད། །དྭངས་མ་སྙིང་པོ་འབྲུ་གསུམ་པོ། །སྐྱེ་བ་མེད་པའི་ཆོས་ཉིད་ལ། །ཆོ་འཕྲུལ་སྲོག་གི་སྙིང་པོ་འབྱུང་། །སྲོག་གི་དྭངས་མ་འཛིན་པ་ཡིན། །འབྱུང་བ་སྣང་མེད་རང་བཞིན་སྟོང་། །འབྲུ་གཅིག་སྙིང་པོ་ཨ་ཞེས་བཤད། །སྙིང་པོ་བོད་པའི་དང་པོ་ནི། །སྐྱེ་བའི་ཆོ་འཕྲུལ་བསྟན་པ་སྟེ། །ཡ་དང་མ་ལས་བྱུང་བའོ། །ཡོད་དང་མེད་པའི་མཐའ་གཉིས་དང་། །རང་བཞིན་སྣང་སྟོང་དབྱེར་མེད་པས། །ངོ་བོ་འགྱུར་བ་མེད་པའི་དོན། །རང་བཞིན་སྲོག་གི་སྙིང་པོར་བཤད། །དགུག་པ་ལྷ་དང་བསྒྲུབ་བྱ་སྟེ། །ལྷ་དང་དགུག་པ་གསུམ་དུ་བཤད། །བདག་ལུས་དམིགས་པའི་ཙིསྟ་ནས། །རིན་པོ་ཆེ་ཡི་སྒོ་པྱེ་ལ། །དངས་མའི་ཧཱུཾ༷་ལས་ཛ་འཕྲོས་པས། །ཡབ་ཡུམ་བཅས་པའི་ཐུགས་ཀ་སྲ །རང་རང་སྐུ་གསུང་ཐུགས་ཀྱི་སྔགས་བསྐུལ་ཞིང་བཟླས་པས་སླར་འདུས་ནས། །བདག་གི་ལུས་ནི་འོད་ཀྱི་ཚུལ། །གོང་བུ་འདུས་པའི་གཙི་མདངས་ཀྱིས། །བྱིན་བརླབས་སྤྲུལ་པའི་བདག་པོར་བསྟན། །སྔོན་དུ་འགྲོ་བའི་བསྙེན་པར་བཤད། །ཡ་ཡིས་ས་བོན་སྤྲོས་པ་ལས། །དྲེགས་པ་ཕོ་མོའི་སྙིང་ཁ་ནས། །ཉི་ཟླའི་གདན་ལ་འབྱུང་བ་ཡི། །ཡ་མའི་སྙིང་པོ་རང་སྔགས་བསྐུལ། །བཟླས་པས་ལུས་དང་ཤེས་རབ་བཅས། །གནས་དང་ཕྲལ་ནས་མངོན་དུ་བཀུག ཕྱག་འཚལ་སྙིང་པོ་ལག་ཆ་སྟོན། །དམིགས་པའི་ལས་རྣམས་མཐའ་རུ་བསྒྲུབ། །ལས་ལ་སྦྱར་བའི་བསྙེན་པར་བཤད། །ཕྱག་རྒྱ་བསྟན་པའི་ཐུགས་ཀ་ནས། །ཡ་དང་མ་ལས་རྒྱུ་བླངས་ལ། །སྔོན་དུ་འགྲོ་བའི་ལུས་ཉིད་ལས། །དགུག་པ་གསུམ་གྱི་ཡན་ལག་བཏགས། །སྙིང་ཁྲག་འདུས་ནས་དབང་དུ་འགྱུར། །རང་དབང་བསྡུ་བའི་བསྙེན་པར་བཤད། །བསྒྲུབ་བྱ་དགུག་པའི་སྙིང་པོ་གཉིས། །ཕོ་ཉ་བསྐུལ་གྱིས་ལས་སྔགས་ལ། །འབྲུ་བདུན་ཨ་མོ་ཀ་དང་སྦྱར། །བཟླས་པས་དམིགས་པའི་སྙིང་ཁ་ནས། །ལྕགས་ཀྱུ་ཞགས་པས་འཁྲིགས་པ་ཡི། །དབང་པོ་རྟེན་དང་བཅས་ནས་དགུག །ཡང་ན་ལྷ་དང་ཕྲལ་ནས་འགུགས། །ཡང་ན་གནས་རྟེན་ཡུལ་མཁར་མགུགས། །མངག་པ་སྲོག་འགུགས་སྦྱོར་བར་བཤད། །ཁྲོ་བོ་ཐུགས་ཀྱི་སྙིང་པོ་ལ། །བཅུ་བཞིའི་མཚམས་སུ་ཨ་མུ་ཀ །སྦྱར་ན་དྲག་ཏུ་སྟོང་བཟླས་པས། །དམིགས་པའི་ལྷ་དང་ལུས་ཕྱེ་ནས། །དཀར་ནག་ཙིཏིའི་གནམ་སྒོ་ནས། །འོད་ཟེར་ཆུ་ལ་ཆུ་ཐིམ་ལྟར། །དྭངས་སྙིགས་ཧཱུཾ༷་དང་ནི་དྲི་བསྡུས་ནས། །བྲེ་ལ་ལྕགས་ནི་འདུས་པའི་ཚུལ། །ཙིཀྟའིསྦུབསནས་འབྲུ་གཉིས་བཏོན། །མཚོནཆའིགནསསུ་དབྱེ་དགུག་གསོད། །སྙིང་པོ་དགུག་པའི་སྦྱོར་བར་བཤད། །དེ་ལྟར་འོད་དང་འོད་བཞིའི་ཚུལ། །དགུག་པ་སྲོག་གི་སྙིང་པོར་བཤད། །བདག་དང་ལྷ་ཡི་འཕྲོ་འདུ་ཡིས། །དམན་པའི་རྒྱུ་དང་ཤེས་པ་ལས། །ནུས་པ་སྤྲོ་བའི་སྙིང་པོ་སྟེ། །གསང་བ་སྲོག་གི་སྙིང་པོར་བཤད། །གཟུངས་སྔགས་དོན་ནི་བཞི་རུ་བཤད། །སྲོག་དང་དབང་པོ་རྟོག་པ་དང་། ཁྲེས་པ་གཟུང་བའི་སྔགས་རྣམས་སོ། །སྲོག་ལ་དྭངས་མ་གཞུག་པ་དང་། །སྙིགས་མ་གཟུང་བའི་སྔགས་སུ་བཤད། །འབྱུང་བའི་དྭངས་མ་ཀུན་བསྡུས་ནས། །ཐིག་ལེ་འཛིན་པའི་འབྲུ་གཅིག་ནི། །དངས་མ་གཟུང་བའི་སྔགས་སུ་བཤད། །རྩ་ལམ་ཁྲག་དང་བཅས་པ་ཡི། །རྩ་སྒོ་སྦུབས་ནས་འབྲུ་བཏོན་ནས། །འགྲོ་བའི་སྙིང་པོ་དྲོག་བསྡུས་ཏེ། །ཐོད་པའི་བབ་ལ་སྦྱོར་བ་ནི། །སྙིགས་མ་གཟུང་བའི་སྔགས་སུ་བཤད། །དུག་གསུམ་བྱ་སྦྲུལ་ཁྱི་ཕག་ལ། །བླ་རྟགས་སྤྲུལ་པའི་ཁམས་བཏགས་ནས། །འབྲུ་བཞི་སྦྱོར་བས་འཛིན་ཅིང་འཇོམས། །རྟོག་པ་གཟུང་བའི་སྔགས་སུ་བཤད། །ཚོགས་དྲུག་དབང་པོ་འབྲུ་དྲུག་གིས། །སྒོ་འགགས་ཤེས་པ་མི་གཏོང་འཛིན། །དབང་པོ་གཟུང་བའི་སྔགས་སུ་བཤད། ཁྲེས་པ་དྲུག་གམ་བརྒྱད་བསྡུས་ནས། །འབྲུ་གཅིག་དོན་དང་ནམ་མཁར་དབྱེ། །དྭངས་མ་ཐིག་ལེར་འཛིན་པས་ན། ཁྲེས་པ་གཟུང་བའི་སྔགས་སུ་བཤད། །གནད་དགུའི་སྦྱོར་བ་མ་ཤོར་བས། །དོན་ཅིག་ཚུལ་གྱིས་གཟུངས་སྔགས་བཤད། །རིག་སྔགས་དམོད་པའམ་མཚོན་ཆ་སྟེ། །ལས་ཀྱི་སྐབས་ཀྱི་དུ་མར་སྦྱར། །སྔོན་དུ་འགྲོ་བའི་དུས་དང་ཚད། །ལོ་ཡི་སྐོར་ཕྱེད་དག་ཏུ་བྱ། །ལྷ་ཡི་ལུང་བསྟན་སྐུ་མཐོང་ངམ། །རང་ལུས་ཡན་ལག་སྒྲ་བྱུང་ན། །དམ་རྫས་ཚོགས་དང་གཏོར་མ་དགང་། །སྐུ་གསུང་ཐུགས་ཀྱི་སྙིང་པོ་སྟེ། །གང་རུང་གཅིག་ཏུ་ངག་བློ་སྦྱངས། །དམ་ཚིག་གསུམ་དང་མི་འབྲེལ་བས། །ལྡན་པའི་རྣལ་འབྱོར་རྫོགས་པར་བཤད། །ལས་ལ་སྦྱོར་བའི་དུས་དང་ཚད། །ལོ་ཕྱེད་ལུས་ཀྱི་དབེན་གཅད་ལ། །ཞིང་ཆེན་རོ་རས་སྟག་ལྤགས་བགོམྱོས་བྱེད་རཀྟ་བདུད་རྩི་བཏུང་། ཁྲ་ཆེན་དང་མ་དབང་པོ་བཟའ། །དུང་རྔ་གླིང་བུ་རྫ་རྔ་རྔུབ། །བམ་ཆེན་གསུར་ཆེན་རྨེ་བས་མཆོད། །བཏོན་མི་བྱ་ཞིང་ལས་མི་གཟུར། །ཕྱག་མི་བཙལ་ཞིང་ལུང་མི་བསྟན། །གཟུངས་མ་རྟེན་གྱིན་གཞན་མི་སྦྱར། ཁ་ཟས་ཡུལ་དང་བདུད་རྩིར་སྦྱར། །མེ་དང་རླུང་གི་འཁོར་ལོ་བསྐྱོད། །ཁྲོ་བོ་དཀའ་ཐུབ་རྫོགས་པར་བསྲུང་། །དབེན་གནས་ཆེན་པོ་གསུམ་དུ་བྱ། །བྲིས་སྐུ་དུར་ཁྲོད་གདུག་པའི་གནས། །མཆོག་གསུམ་ཚང་བའི་བདེ་གནས་སུ། །ཁྲོ་གཏུམ་རྔམ་ཚིག་བདེ་གནས་སུ། །ཁྲོ་ག་་རྔམ་ཚིག་རང་ལུས་སྦྱར། །འགྱུར་ལྡེག་མེ་འབར་འཆད་དང་ཁོལ། །དུ་བ་འཕར་བ་རྫས་དང་སྦྱར། །འོད་སྒྲ་གཡོ་འགུལ་གནས་དང་སྦྱར། །མ་རྫོགས་ལས་རྩོམ་དོན་མེད་ཡལ། །ལས་ལ་ཚུད་པའིསྦྱོརབསྟེ། །གཤིནརྗེའིདཀའ་ཐུབ་རྫོགས་པར་བཤད། །ཟླ་ཕྱེད་དུས་ཀྱི་བསྙེན་པ་ནི། །སྲོག་བདུད་ཡ་མ་དབང་དུ་བསྡུ། །སྒྱུགས་གླུའི་འོ་དོད་ཆོ་ངེས་གདབ། །རཀྟ་བརླབ་ཅིང་་བུར་བ་བུད། །དབང་པོ་བསྡུས་ཤིང་གཟུགས་ལ་དབབ། །ནུས་པ་དབང་དུ་འདུས་པར་བཤད། །གསད་པའི་སྔགས་ནི་གང་རུང་སྦྱར། །གནན་པ་དགུ་བསྐོར་སྤྱི་བརྡེག་སྦྱར། །སྐབས་སྐབས་ཐུན་དྲུག་གཤེན་འདེབས་བྱ། །རྣལ་མས་གསད་པའི་སྔགས་སུ་བཤད། །སྤོགས་པའི་སྔགས་རྣམས་རུ་ཟློག་ལ། །རྒྱ་ལོག་སྒྱུར་ན་འགུགས་ཤིང་གཅོད། །ལུས་གཅིག་ཡན་ལག་དུ་མས་འགྲུབ། །སྔགས་ཀྱི་ཡོན་ཏན་བརྒྱ་དང་གསུམ། །དྲག་སྔགས་རྩ་བ་ཡན་ལག་གཉིས། །སྔགས་ཀྱི་རྩ་བ་རྣམ་པ་གསུམ་དུ་བཤད། །དབང་སྡུད་དྲུག་ཅུ་རྩ་གཅིག་དང་། །གབ་པའི་ཡིག་འབྲུ་རྩ་བ་བཅུ། །དྲག་པོ་བཅུ་གཉིས་ཀུན་གྱི་སྔོན་འགྲོ་བའོ། །དབང་སྡུད་སུམ་ཅུ་རྩ་གཅིག་པ། །སྤྱི་གཤིག་སྦྱོར་བའི་རྒྱལ་པོ་ཡིན། །ཡན་ལག་དབང་པོ་ལྔ་རུ་ཕྱེ་བ་ནི། །ཐུན་མོང་གསད་པའི་དྲག་སྔགས་ཡིན། །དྲིལ་དང་དབབ་པའི་ཡན་ལག་དྲག་པོ་ནི། །འབྲས་བུ་ལོ་ཏོག་འཇོམས་པའི་སྔགས། །བཅུ་བདུན་ལུས་ལ་སྐྲུ་གྲི་བཅུ་བཏགས་པ། །ཐུན་མོང་བྱས་པ་བཤིག་པ་ཡིན། །རྐང་པ་སུམ་ཅུ་རྩ་གཉིས་ལ། །གནོད་བྱེད་ཕོ་མོའི་སྙིང་པོ་སྟེ། །མིང་དང་མཚམས་སུ་སྦྱོར་བ་ནི། །དབང་སྡུད་གབ་པའི་གཅད་བྱ་ཡིན། །ལུས་མེད་ཡན་ལག་དབྱེ་བར་བཤད། །སྙིང་པོ་འབྲུ་རེ་མིང་དང་སྦྱར། །དྲག་པོ་མཐར་ཐུག་གཅད་བྱ་ཡིན། །སྦྱོར་བ་ཀུན་གྱི་མཚམས་སུ་སྟེ། །དབང་བགྲོད་སྔགས་པའི་ཡུལ་དུ་བཤད། །གསད་དང་གཟིར་བའི་སྦྱོར་བ་གཉིས། །གདུག་པས་གཟིར་བའི་དྲག་སྔགས་ཡིན། །གདུག་པ་ཡི་གེ་སུམ་ཅུ་པ། །གནན་པ་རྡོ་རྗེ་ལྕགས་ཀྱིས་སྔགས། །དབང་སྡུད་སྔགས་ཀྱི་དབྱེ་བར་བཤད། །བཅུ་གསུམ་སྔགས་ཀྱི་སྦྱོར་བ་ཡིས། །ལུས་ཀྱི་གོ་དང་ལས་དབང་སྲུན། །ལྟས་ལོག་སྲུན་པའི་དབྱེ་བ་གཉིས། །སྤྱི་རྒྱུད་ལུས་ལ་འབྱུང་བ་ཡི། །བཅུ་གསུམ་དྲག་པོའི་སྔགས་སུ་བཤད། །འབྲུ་དགུས་ཡ་མ་གཟིར་བར་བཤད། །བཅུ་པ་དེ་བཞིན་མ་མོ་གཟིར། །འབྲུ་བརྒྱད་གདུག་པ་གསུམ་པོ་གཟིར། །བཅུ་གཅིག་དྲེགས་པ་ཕོ་མོ་གཟིར། །གཟིར་བཞིའི་ཡིན་ལག་སྔགས་སུ་བཤད། །འབྲུ་ལྔས་དམིགས་པས་གནོན་པའི་སྔགས། །ཉི་ཤུ་གཅིག་པ་དྲག་པོའི་སྔགས། །བཅུ་བདུན་སྐབས་སྦྱོར་སྲེག་པའི་སྔགས། །དྲག་པོ་སྦྱོར་བའི་སྐྲུ་གྲི་བཞི། །ཙིསྟ་གསད་པའི་འབྲུ་བཅུ་ཡིས། །ལོ་ཐོག་འཇོམས་པ་དྲག་པོའི་སྔགས། །འབྲུ་བརྒྱད་ལུས་ལ་གར་གཤིག་གདགས། །གདུག་པ་སྙིང་གཟེར་དྲག་པོའི་ལས། །གཤེད་བཞི་དངས་མའི་རིག་སྔགས་ཏེ། །གབ་པའི་སྔགས་ཀྱི་དབྱེ་བར་བཤད། །སྐྲུ་གྲི་བཅུ་གཉིས་ལུས་ལ་སྦྱར། །དྲག་པོའི་སྦྱོར་བ་གཤིག་པ་ཡིན། །རྩ་བའི་ཡིག་འབྲུ་བཅུ་གཉིས་ལ། །སྐྲུ་གྲིའི་སྦྱོར་བ་ཉི་ཤུར་དབྱེ། །སྐབས་ཀྱི་མཐའ་འགྱུར་མིང་དང་བཅས། །གསད་པ་དྲག་པོ་དགོད་ཀྱི་སྔགས། །བཅུ་གཉིས་ལུས་ལ་སྲོག་བཞི་གཟིར། །ལོ་ཐོག་འཇོམས་པ་དྲག་པོའི་སྔགས། །སྐྲུ་གྲི་བཅུ་དྲུག་ཐམས་ཅད་གཟིར་བའི་སྔགས། །སྤུ་གྲི་བཅུ་བཞི་དུག་མདའ་འབྱིན། །བཅུ་པས་སྔགས་ཀྱི་གསད་ལམ་འགོགས། །སྤུ་གྲི་བཅོ་ལྔས་ཞེན་པ་བཟློག ཡིག་འབྲུ་ཉི་ཤུ་བྱད་འགྲོལ་སྔགས། །བཅུ་གཅིག་སྨྱོ་བཏགས་ཟུག་པ་འབྱིན། །ཉི་ཤུ་གཅིག་གིས་སྔགས་བདག་གཟིར། །བཅུ་བཞིས་བཙན་ཐབས་གཟིར་བའི་སྔགས། །ཡིག་འབྲུ་བཅུ་དགུས་ནང་སྟོབས་གཤིག །སྦྱོར་བ་སྣ་ཚོགས་སྐྲུ་གྲིར་བཤད། །གདུག་ཕ་གཟིར་བའི་དྲག་སྔགས་དགུ །ཡིག་འབྲུ་བཅུ་དགུས་གདུག་པ་གསུམ། །ལྟོ་དཀྲུག་དྲག་པོས་གཟིར་བ་ཡིན། །ཡིག་འབྲུ་བཞི་བཅུ་རྩ་གཉིས་པ། །གདུག་པའི་སྙིང་གཟེར་བདུན་པའོ། །ཡིག་འབྲུ་བདུན་ཅུ་རྩ་ལྔ་པ། །གདུག་པའི་སྙིང་གཟེར་དགུ་པའོ། །ཡིག་འབྲུ་བཅུ་དྲུག་ཤི་ཕྲད་ཡིན། །བརྒྱ་དང་དྲུག་ཅུ་རྩ་བཞིའི་འབྲུ། །སྙིང་གཟེར་ཉི་ཤུ་རྩ་གཅིག་བསྔགས། །ཁྱད་པར་ཡིག་འབྲུ་བཅུ་གཉིས་པས། །ཀླུ་གཉན་ས་བདག་གདུག་པ་རྣམས། །རང་དབང་མེད་པར་སྲོག་དབྲོག་པའོ། །བརྒྱ་དང་ཡིག་འབྲུ་བཞི་པ་ཡིས། །གདུག་པའི་ཀླུ་གཉན་ས་བདག་གི །སྙིང་གཟེར་བཅུ་གཅིག་ཤི་ཕྲད་ཀྱི། །ཡང་གསང་མཆོག་གི་དྲག་སྔགས་ཡིན། །ཡིག་འབྲུ་ཉི་ཤུ་རྩ་བཞི་ཡིས། །ཐུན་མོང་གདུག་པ་བསྲེག་པའི་སྔགས། །དེབཞིནཉིཤུབཞིཔཡིས། །ལས་ཀྱི་མཐའ་སྡུད་ཁྱད་པར་གྱི། །དྲག་པོའི་སྦྱོར་བས་སྲེག་པའི་སྔགས། །དེ་དག་དྲག་པོ་མངོན་ཕྱུང་གིལུས་དང་ཡན་ལག་དྲག་པོའི་སྔགས། །རྩ་བ་གཅིག་ལས་འབྱུང་བར་བཤད། །བདུད་ཀྱི་དྲག་པོ་བཞི་རུ་བཤད། །སྲོག་དང་སེར་བས་ལྟས་ངན་དང་། །དྲག་པོས་སྲུང་བའི་གསང་སྔགས་སོ། །ཡིག་འབྲུ་བཞི་བཅུ་རྩ་དགུ་པ། །ཕོ་ཡི་དྲག་སྔགས་བདུན་པ་ཡིན། །མ་ལས་དྲངས་པའི་དྲག་སྔགས་བདུན། །བཞི་བཅུ་རྩ་དགུ་མོ་ཡི་སྔགས། །དྲག་སྔགས་བདུན་ལ་འབྲུ་བཞི་བཏགས། །ཡིག་འབྲུ་བདུན་ཅུ་རྩ་བདུན་པ། །གསང་བ་ཡང་སྟིག་དྲག་སྔགས་ཡིན། །དེ་བཞིན་བདུན་ཅུ་རྩ་བདུན་འབྲུས། །དུས་ཚོད་བདུན་ལ་བརྡེག་པ་ནི། །མཚན་མོ་གཅིག་ལ་རྫོགས་པ་ཡིན། །དེ་དག་གསད་པའི་སྔགས་སུ་བཤད། །ཡིག་འབྲུ་ཉི་ཤུ་རྩ་གཉིས་ཀྱིས། །བདུད་དང་བདུད་མོ་ཕོ་ཉ་བདུན། །རང་དབང་མེད་པར་སྲོག་དབྲོག་ཡིན། །ཡིག་འབྲུ་ཉི་ཤུས་ལུས་དབང་སྲུན། །དེ་བཞིན་ཉི་ཤུས་གབ་ཅིང་གཟིར། །བཅུ་བཞི་འབྲུ་ཡིས་ལྟས་ངན་འབེབས། །སྦྱོར་བ་སྣ་ཚོགས་སྔགས་སུ་བཤད། །ཡིག་འབྲུ་བཅུ་གཉིས་རྩ་བའི་སྔགས། །བཅུ་གཅིག་འབྲུ་བཏགས་ཆུ་དྲིལ་ཡིན། །འབྲུ་བཞི་གང་འདོད་ཟོར་གྱི་སྔགས། །དེ་བཞིན་འབྲུ་དྲུག་ཐབས་ཀྱི་སྔགས། །འབྲུ་དྲུག་གདུག་པ་གཟིར་ནས་འབེབས། །དེ་དག་དྲག་སྔགས་གདུག་པ་ཡིས། །ལོ་ཐོག་གཞོམ་པའི་སྔགས་སུ་བཤད། །རང་གནད་འཇོམས་པའི་རིག་སྔགས་ལ། །བསྙེན་པ་གསད་པ་གནན་པ་ཟོར། །སྔགས་ཀྱི་ཡན་ལག་བཞི་བཞི་ཡང་། །བཞི་བཅུ་རྩ་བརྒྱད་དག་ཏུ་བཤད། །གཞན་ཡང་རོ་ལངས་དམར་ནག་གི །བོད་རྦད་གསང་བ་སྔགས་གསུམ་དང་། །རང་སྲོག་དབྲོག་དང་གཟིར་བར་བཤད། །མེ་ཆུ་ཐབས་ཀྱི་སྦྱོར་བ་གཉིས། །བྱིན་གྱིས་བརླབ་དང་འཕང་བའི་སྔགས། །སྤོགས་པའི་རྟེན་དང་གསུམ་དུ་བཤད། །བསྲུང་བ་བཅུ་གཉིས་འབྲུ་དག་དང་། །གཉིས་དོན་སྦྱར་བ་འགྲུབ་པར་བཤད། །སྲོག་སྔགས་སུམ་ཅུ་རྩ་བརྒྱད་འབྲུས། །གཤིན་རྗེ་སྟོབས་ཀྱི་རྒྱལ་པོ་ཡིས། ཁ་ཆིངས་སྦྱོར་བ་བཟློག་པར་བཤད། །ཐུན་མོང་སྦྱོར་བ་བརྒྱ་དང་བཅུ། །བྱིན་གྱིས་བརླབས་དང་རྩ་བའི་སྔགས། །དབྱེ་བ་གཉིས་ཀྱིས་འགྲུབ་པར་བཤད། །གསང་བའི་སྦྱོར་བ་ཉིས་བརྒྱ་ལ། །གསད་དང་གསོ་བའི་ཉིས་རྫོགས་ཏེ། །གསད་པ་མཐུ་གཞུག་རྩ་བའི་སྔགས། །དེའང་གཉིས་སུ་བསྲུང་བ་གཉིས། །སྔགས་དང་རྫས་ལ་བསླབ་པའོ། །གསང་བ་སྐྱོར་བ་སྔགས་སུ་བཤད། །མཁའ་འགྲོ་སྤྱི་ཡི་བསྙེན་པ་དང་། །ཉེ་བའི་བསྙེན་པ་གཉིས་སུ་བཤད། །གསད་པའི་རིག་སྔགས་ཉི་ཤུ་གཅིག དེ་དག་རྩ་བའི་དབྱེ་བར་བཤད། །ཡན་ལག་སྦྱོར་བའི་རིག་པ་ལྔ། །འབྲུ་གཅིག་ཕྲལ་དང་མཐུན་པར་བསྡེག དབང་པོ་བཅུ་དྲུག་ཚེ་ནས་བསྟིམ། །ཕོ་མོས་དཀྲུག་པའི་སྔགས་སུ་བཤད། །རྒྱལ་བློན་ལ་སོགས་གདུག་པ་རྫོགས། །འབྲུ་གཉིས་སྦྱོར་བ་ལས་བཅུ་དྲུག ཚེ་གནས་བསྟིམ་པའི་སྔགས་སུ་བཤད། །དབྱེ་དགུག་ལ་སོགས་བཅུ་གཉིས་ལ། །འབྲུ་བརྒྱད་སྐྲུ་གྲི་གདོད་པའི་མིང་། །ཡན་ལག་དབྱེ་བའི་སྔགས་སུ་བཤད། །བསྙེན་པ་བསྒྲུབ་པ་འཕང་བ་གསུམ། །སྐྱིན་འདང་ཐིག་གི་སྔགས་སུ་བཤད། །བསྙེན་དང་ཚུ་དྲིལ་དབབ་དང་རྟ། །གཟའ་གདོང་སེར་བའི་སྔགས་སུ་བཤད། །བོད་རྦད་གསད་དང་གནན་པ་སྔགས། །ནག་མོ་ཐུན་གྱི་སྔགས་སུ་བཤད། །བསྙེན་པ་ཆུ་དྲིལ་འཕང་དང་གསུམ། །འཁོར་ལོ་དཀྲུག་དང་རྟེན་ལ་གཟིར། །གཤེད་བཞི་སེར་བའི་སྔགས་སུ་བཤད། །འབྲུ་གཅིག་ཡ་ལ་འགྲོས་གཉིས་མིང་། །སྤུ་གྲི་དང་བཅས་སྦྱོར་བ་བརྒྱད། །འབྲུ་གཅིག་གསད་པའི་སྔགས་སུ་བཤད། །བོད་རྦད་གསད་པའི་ཟོར་གནན་པ། ཁེ་ས་གཟིར་དང་དབྱེ་བ་ལྔ། །ལྷ་མོ་སྲིན་མོའི་སྔགས་སུ་བཤད། །བསྙེན་པ་འབྲུ་བཅུ་གཅིག་དང་ལྡན། །འབྲུ་དགུ་བརྟགས་པ་རྦད་པའི་སྔགས། །ཉི་ཤུ་མིང་བཅས་འབྲུ་བཞི་གཅོད། །མིང་བཅས་འབྲུ་བརྒྱད་ཟོར་དུ་འཕང་། །འབྲུ་བཞིས་གནན་པ་མཐའ་རུ་སྦྱོར། །སྙིང་ཟེར་དགུ་ཡི་འཁོར་ལོ་བཅའ། །ལྷ་མོ་དམེ་མ་སྲིང་མོ་བཞི། །སྒྲོལ་གྱིང་བཞི་དང་ལྟོ་སྡེབས་པ། །རྣོ་དབལ་ཁ་སྦྱོར་སྔགས་སུ་བཤད། །ཡིག་འབྲུ་སུམ་ཅུ་གཉིས་ཀྱིས་བོད། །བཅོ་བརྒྱད་འབྲུ་ཡིས་ཡུལ་ལ་རྦད། །ལྔ་བཅུ་རྩ་གཉིས་གསད་པའི་འབྲུ། །ཡིག་འབྲུ་བཅུ་བཞིས་རང་སྲོག་འཕྲོག དེ་དག་ལི་བྱིན་ཡུལ་དང་བཅས། །སྒྲོལ་གྱིང་བརྒྱད་དང་རྣོ་དབལ་སྦྱར། །ལི་བྱིན་ཧར་གྱི་སྔགས་སུ་བཤད། །སུམ་ཅུ་རྩ་ལྔས་བསྙེན་པ་བོད། །ཉི་ཤུས་གང་དམིགས་ཡུལ་ལ་སྤྲད། །ཉི་ཤུ་རྩ་ལྔ་ཡིག་འབྲུས་གསོད། །ཡིག་འབྲུ་བཅུ་བདུན་སྲོག་འཕྲོག་ཡིན། །དེ་དག་སྒྲོལ་གྱིང་དམར་པོ་ཡི། །སྔགས་ཀྱི་དབྱེ་བ་བཞི་རུ་བཤད། །ཉི་ཤུ་བཞི་ཡི་ཡིག་འབྲུ་ཡིས། །མ་མོ་རང་བཞིན་གཟིར་བའི་སྔགས། །ཉི་ཤུ་བརྒྱད་ཀྱིས་བཙན་ཐབས་གཟིར། །ཡིག་འབྲུ་ཉི་ཤུས་དྲག་པོ་གཟིར། །ཡིག་འབྲུ་བཅོ་ལྔས་དམ་ཚིག་བསྟན། །ཉི་ཤུའི་ཡིག་འབྲུ་མ་མོ་རྣམས། །རང་དབང་མེད་པར་སྲོག་འཕྲོག་ཡིན། །རང་གནས་དབབ་པའི་སྔགས་སུ་བཤད། །ཡིག་འབྲུ་ཉི་ཤུ་རྩ་གཉིས་ཀྱིས། །གནོད་སྦྱིན་དབང་དུ་བསྡུ་བ་ཡིན། །དེ་བཞིན་ཉི་ཤུ་གཉིས་པའི་འབྲུས། །གཟིར་ཞིང་ཤི་ས་བསྟན་པ་ཡིན། །ཡིག་འབྲུ་སུམ་ཅུས་གནོད་སྦྱིན་ཀུན། །རང་དབང་མེད་པར་སྲོག་འཕྲོག་ཡིན། །དེ་དག་དྲེགས་པའི་ཕོ་གདོན་རྣམས། །རང་གནད་སྔགས་ཀྱི་དབྱེ་བར་བཤད། ཁུ་ནི་ཐབས་ཏེ་ཀ་ལ་སོགས། །སུམ་ཅུ་གཉིས་ལས་འབྱུང་བར་བཤད། །རྐྱེན་ནི་ཤེས་རབ་ཨ་ལ་སོགས། །ཡན་ལག་རྒྱན་དུ་འདྲེན་པར་བཤད། ཁུ་རྐྱེན་གཉིས་ལས་སྨོན་པས་སྔགས། །འདུས་བྱས་བསྐྱེད་པའི་ཡི་གེ་ལ། །དམ་རྫས་གཏོར་མའི་འཕྲོ་འདུས་དགུག བརྟན་དང་མཐུ་བཅུག་བྱིན་གྱིས་བརླབས། །དབང་བསྐུར་མཐུ་རྟས་གསོད་ཅིང་འཇོམས། །བསྙེན་པས་ཁ་གཡོགས་རྒྱུན་མི་གཅད། །རྒྱུན་དང་བྲན་ན་ལས་མི་འགྲུབ། །གྲོད་པ་གཡང་༄༅ སའི་མཐར་ལྷུང་བས། །བདེ་བའི་རྒྱལ་པོས་མངོན་མི་མཐོང་། །ངོ་བོ་ཡི་གེའི་གཟུགས་བརྙན་ཡིན། །ལས་ནི་རྐྱེན་དབང་གཞན་ལ་རྟེན། །སྦྱོར་བ་གསུམ་གྱི་རྒྱུ་རྐྱེན་གཙོ། །ཡན་ལག་ཉམས་ན་གཡང་ས་དགོད། །སྒྲུབ་པ་རྐྱེན་གྱི་སྔགས་སུ་བཤད། །དྲག་པོ་མཆོག་གི་སྔགས་དགོད་ནི། །རྒྱུ་དང་རྐྱེན་ལ་རག་མ་ལུས། །བསྙེན་གྲུབ་བྱེད་རྩོལ་མཐར་མི་ལྷུང་། །རེ་དོགས་རྟག་ཆད་མཐའ་ལས་འདས། །རྫས་དང་གཏོར་མ་གཞུད་མི་བཙན། །འཕྲོ་འདུ་སྦྱོར་བའི་རྐྱེན་ལས་འདས། །ཁྱད་པར་གཞན་ལ་རྟེན་མོ་འཆའ། །ངོ་བོ་ཆོས་སྐུའི་རང་བཞིན་ལྷ། །རྣམ་པ་སྔགས་ཡིག་རྣོ་དཔལ་མཚོན། །ལས་ནི་སྣ་ཚོགས་སྦྱོར་བ་མེ། །ནུས་པ་དུག་སྦལ་ཀྱིན་དང་ཆུ། །འགུགས་པ་རླུད་ལ་རྟེན་པ་ས། །འབྱེད་པ་ལུས་ལ་འཆང་བ་སྲོག །འཕེན་པ་དབུགས་ལ་བཤིག་པ་སྟོབས། །།སྲུན་པ་ལྷ་ལ་གཅོད་པ་སྔགས། །ངོ་བོ་ཆོས་ཉིད་ལོངས་སྤྱོད་ལྷ། །སྤྲུལ་པའི་སྦྱོར་བ་བསམ་ཕྲག་ཡས། །འབྱུང་བ་རང་ལས་ནུས་པ་གཤེད། །གསོ་བ་རང་ལུས་བསྲུང་བ་འཁོར། །འབྲས་བུ་མི་གནས་ཆོས་ཀྱི་སྐུ། །དྲག་སྔགས་ཡེ་ཤེས་རིག་པའི་རྩལ། །རིག་པའི་ངང་ལས་རང་བཞིན་འཆར། །རོལ་པ་གསུམ་གྱི་རྩལ་དང་ལྡན། །སྔགས་དགོད་དྲག་པོའི་རང་བཞིན་བཤད། །གསང་སྔགས་གཟུགས་སྔགས་རིག་སྔགས་གསུམ། །རྒྱུ་རྐྱེན་བྲལ་བཅས་གཉིས་སུ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །སྔགས་ཐམས་ཅད་གཏན་ལ་དབབ་པའི་ལེའུ་སྟེ་བརྒྱ་ཉི་ཤུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་བོ་ཆེན་པོ་ལ་བསྟོད་པ་འདི་བཤད་དོ། །བཅོམ་ལྡན་དཔལ་ཆེན་ཁྲོ་རྒྱལ་གཤིན་རྗེ་གཤེད། །བཞུགས་ནི་མེ་དཔུང་འབར་བའི་ཀློང་ན་བཞུགས། །གཤིན་རྗེ་གདན་དུ་འདིངས་ཤིང་མ་ཧེ་གདན་དུ་འདིངས། །སྐུ་ལ་མེ་དཔུང་འབར་བའི་རྒྱན་གསོལ་ཞིང་། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །དྲག་ཤུལ་རྔམ་པའི་སྟོབས་ཀྱིས་གཤིན་རྗེ་དབང་དུ་སྡུད། །ཁྲོ་ག་་གདུག་པའི་སྟོབས་ཀྱིས་མ་མོ་དབང་དུ་སྡུད། །དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་བརྗེས། །མེ་ཡི་བསྐལ་པ་གཏོང་ཞིང་འཇིག་རྟེན་ཡོངས་ཀྱང་སྐྲག །ཡ་བདུད་ཁོལ་པོར་འཁོལ་ཞིང་མ་བདུད་གཅེར་བུར་འདོན། །སྟོང་གསུམ་ཟས་སུ་ཟ་ཞིང་ཕྱོགས་བཅུར་སྤྲུལ་པ་འགྱེད། །དགྲ་བགེགས་སྙིང་ཁྲག་འཐུང་ཞིང་མི་ཤ་ཟས་སུ་ཟ། །དུང་ཆེན་རཀྟས་བཀང་བའི་མཆོད་པ་འདི་བཞེས་ལ། །གཤིན་རྗེ་དབང་དུ་བསྡུས་ལ་དགྲ་བགེགས་བསྒྲལ་དུ་གསོལ། །འཇམ་དཔལ་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །ཁྲོ་བོ་ལ་བསྟོད་པའི་ལེའུ་སྟེ་བརྒྱ་ཉི་ཤུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྣང་སྲིད་ཐམས་ཅད་ཚེ་སྲོག་གི་བདག་པོ་ལས་སྣ་ཚོགས་ལ་བསྐུལ་བ་འདི་སྐད་བཤད་དོ། །ཧཱུཾ༷།བསྐལ་པ་བརྒྱད་ཁྲི་བཞི་སྟོང་འཁོར་བའི་གཞལ་ཡས་ནས། །འཇམ་དཔལ་ནག་པོ་སྐུ་ཡི་སྤྲུལ་པ་ཡི། །སྲོག་བདུད་འཇམ་དཔལ་ཚེ་བདག་ནག་པོ་སྟེ། །སྒོ་མེད་ལྕགས་མཁར་བཅུ་དྲུག་འབར་བའི་ནང་ཤེད་ནས། །མུན་ཁང་འོབ་ཆེན་བཅུ་གཉིས་ནང་ཤེད་ནས། །ཐོད་མཁར་འབར་བ་བཞང་་ཡི་དབུས་ཕྱོགས་ནས། །གནམ་ལྕགས་སྤུ་གྲི་འབར་བའི་དབུས་ཕྱོགས་ནས། །ས་བདག་ཀླུ་གཉན་བསྣོལ་བའི་གདན་སྟེངས་ནས། །དྲེགས་པ་ཕོ་མོ་མ་ཧེས་བརྫིས་པ་ནས། །ཐབས་དང་ཤེས་རབ་རྟགས་ཀྱི་གདན་སྟེངས་ནས། །སྐུ་ཡང་རྔམ་ཆེན་དྲེགས་པའི་ཆ་ལུགས་ནི། །ནག་པོ་དུག་ཆེན་འགྱིལ་བ་དྲེགས་པའི་སྐུ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །གཡས་ན་ཉི་ཟླའི་འོད་ཟེར་འཕྲོ། །གཡོན་ན་ཁྲག་གི་རྒྱ་མཚོ་འཁྲུག །དབུས་ན་མུན་ནག་དུག་མཚོ་བསྐྱིལ། །ཕྱག་གཡས་དང་པོ་འཁོར་ལོ་ཡིས། །དམ་ཉམས་མགོ་ལུས་ཚལ་པར་གཤོག གཡས་ཀྱི་བར་པ་རལ་གྲི་ཡིས། །ཉམས་པའི་སྲོག་རྩ་རྩད་ནས་གཅོད། །ཐ་མ་གནམ་ལྕགས་རྡོ་རྗེ་ཡིས། །སྤྱི་བོའི་གཙུག་ནས་བརྒྱབ་ནས་ཀྱང་། །རྐང་པའི་མཐིལ་དུ་ཐལ་བར་ཐོན། །ཕྱག་གཡོན་དང་པོ་བེ་ཅོན་གྱིས། །ཉམས་པའི་ཞེ་སྡང་གོ་ཡང་གནོན། །བར་དུ་ག་་ཤིང་དབང་པོ་འཇོམས མཐའ་མ་སྡིགས་མཛུབ་འབར་བ་ཡིས། །ཉམས་པའི་དུག་གསུམ་རྩད་ནས་སྲེག །སྐུ་སྟོད་གླང་ཆེན་ཀོ་རློན་གྱིས། །ས་དགུ་རྔམ་པ་ཟིལ་གྱིས་གནོན། །སྐུ་སྨད་སྟག་གི་ཤམ་བུ་ཡིས། ཁྲ་ཟ་མངག་པ་དབང་དུ་སྡུད། །ཞིང་གི་གཡང་གཞི་ཐོད་སྦྲུལ་གྱིས། །འཇིག་རྟེན་དྲེགས་པ་ཆེ་བ་ཙན་འདུལ། །ཚེ་བདག་ནག་པོ་མཐུ་བོ་ཆེ། །སྲོག་གཤེད་བཞི་པོ་ལས་ལ་བསྐུལ། །བདུད་མོ་གསོད་བྱེད་མཐུ་བོ་ཆེ། །མ་མོ་ཀི་ཀང་དགྲ་ལ་ཕོབ། །ཐུགས་ཀྱི་སྤྲུལ་པ་དྲེགས་པ་ཅན། །གདུག་པ་ཟ་བྱེད་བཀའ་ཡི་བདག རྡོ་རྗེ་བཀའ་ཉན་ལས་ལ་བསྐུལ། །ཚེ་བདག་ནག་པོ་སྤྱི་གཙུག་ནས། །གསེར་གྱི་བྱ་ཁྱུང་ག་རུ་ཊ། །བྱ་ཁྱུང་རྒྱལ་པོ་དམ་ཚིག་ཅན། །བྱ་ཁྱུང་རྒྱལ་པོ་མཐུ་བོ་ཆེ། །འཁོར་ལོ་འབར་བའི་གཤོག་རྩལ། །རལ་གྲི་འབར་བའི་གཤོག་བ་ཅན། །ཆུ་གྲི་འབར་བའི་ཐེ་ཤོག་ལ། །ཡེ་ཤེས་འབར་བའི་གཤོག་ཟེར་ཅན། །སྐྲུ་ཡི་ཉག་མ་རེ་རེ་ལས། །མཚོན་ཆེན་སྤུ་གྲིའི་དཔལ་འབར་བས། །ཉམས་པའི་སྲོག་རྩ་གཏན་ནས་ལེན། །གནམ་ལྕགས་འབར་བའི་སྡེར་མོ་ཡིས། །ཀླུ་བདུད་ཀླུ་སྲིན་གནས་ནས་འདྲེན། །གནམ་ལྕགས་རྡོ་རྗེ་མཆུ་ཡིས་མ་ལུས་འཇོམས། །གང་ལ་བྱ་བ་ཁྱེད་ཤེས་ཀྱིས། །དགྲ་བོ་ལས་ངན་སྡིག་ཅན་འདི། །འཁོར་ལོ་འབར་བའི་རྩིབས་ལ་སྐྱོན། །གདུག་པ་གཉན་སྲེག་ནང་དུ་ཆུག གཤེད་ཀྱི་གསང་མཛོད་བཞི་རུ་ཆུག །རྟག་ཏུ་འ་ས་བའི་གནས་སུ་ཁྲིད། །རྒྱ་མཚོ་ཆེན་པོའི་གཏིང་དུ་སྤོས། །འབྱུང་བ་གཏན་བཞི་རྔམས་ཀྱིས་ནོན། །ཚེ་བདག་ནག་པོ་དུན་ཏིང་ཀ །དགྲ་བོའི་སྙིང་ལ་ཡ་ཡ་སྨྱོ་སྨྱོ། །དྲེགས་པ་ལས་ལ་བསྐུལ་བར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལས་ཀྱི་ཚེ་བདག་ལ་གཤེད་བསྐུལ་པ་འདི་སྐད་བཤད་དོ། །ཧཱུཾ༷། ལས་ཀྱི་སྤྲུལ་པ་ཚེ་བདག་ཆེན་པོ་ནི། །འབྱུང་བ་བརྟན་གཞི་རྔམས་ཀྱི་འོག་ཤེད་ནས། །དུག་མཚོ་ལྦ་ཚ་ཏིང་ཁོལ་འགྱུར། །ཞེ་སྡང་དུག་མཚོའི་ནང་ཤེད་ན། །དུར་ཁྲོད་གདུག་པའི་གཞལ་ཡས་ནས། ཁྲ་ཟ་རྔམས་པས་བརྒྱན་པའི་ཕོ་བྲང་ནས། །སྒོ་མེད་ལྕགས་མཁར་བཅུ་དྲུག་དབུས་ཕྱོགས་ནས། །འོབས་ཆེན་བཅུ་གཉིས་འབར་བའི་དཀྱིལ་འཁོར་ན། །ཐོད་མཁར་འབར་བ་བཞི་ཡི་དབུས་ཕྱོགས་ན། །ཕོ་བྲང་གནམ་ལྕགས་སྐྲུ་གྲིས་གཏམས་པ་ན། །ཀླུ་གཉན་ས་བདག་ལྟོ་འཕྱེ་བསྣོལ་བའི་གདན་སྟེངས་ན། །དྲེགས་པ་ཕོ་མོ་མ་ཧེས་བརྫིས་པ་ན། །ཐབས་དང་ཤེས་རབ་ཉི་ཟླའི་གདན་སྟེངས་ན། །ལྕགས་ཀྱི་མོན་པ་ཚེ་བདག་མགོ་དགུ་པ། །སྐུ་མདོག་སྔོ་ནག་རོ་ཡི་དུད་པ་འདྲ། །སྐུ་ལ་གླང་ཆེན་དུར་ཁྲོད་ཆས་ཀྱིས་བརྒྱན། །སྟག་གི་ཤམ་ཐབས་ཐོད་པའི་དོ་ཤལ་ཅན། །སྙན་དང་མགུར་ཆུ་ཕྱག་ཞབས་སྦྲུལ་གྱིས་བརྒྱན། །ཞལ་གསུམ་མཁའ་ལྡིང་བྱ་ཡི་མགོས། །གདུག་པ་གསུམ་དང་དགྲ་བོའི་གློ་སྙིང་ཟ། །ཞལ་གསུམ་ག་་རྔམ་ཁྲོ་བོའི་མགོས། །གདུག་པའི་སྦྲུལ་དང་མོ་རོ་རྟ་རོ་འབྲུལ། །གསུམ་ནི་ཤ་ཟ་རྔམ་པའི་མགོས། །ཉམས་པའི་ཤ་ཁྲག་ནང་ཁྲོལ་ཟ། །གཡས་ཀྱི་ཕྱག་དགུས་བསྣམས་པ་ནི། །དང་པོ་འཁོར་ལོས་མགོ་ལུས་གཤོག གཉིས་པ་རལ་གྲིས་སྲོག་རྩ་གཅོད། །གསུམ་པ་རྡོ་རྗེས་དབང་པོ་འཇོམས། །བཞི་པ་ཁ་ཊ༷་རྩེ་གསུམ་གྱིས། །དགྲ་བོ་དུག་གསུམ་རྩད་ནས་གཅོད། །ལྔ་པ་མདུང་ཐུང་སྙིང་ཁྲག་འབྱིན། །དྲུག་པ་མདའ་ཆེན་སྙིང་གཟེར་འདེབས། །བདུན་པ་ཞིང་ཆེན་དབྱུག་ཐོ་འཕྱར། །བརྒྱད་པ་རྡོ་རྗེ་རྒྱ་གྲམ་གྱིས། །འཕྲིན་ལས་སྣ་ཚོགས་མཛས་པའི་རྟགས། །དགུ་པ་གནམ་ལྕགས་ཕུར་པ་ཡིས། །དགྲ་བོའི་སྲོག་དང་རྩ་ལ་འདེབས། །ཕྱག་གཡོན་དང་པོ་བེ་ཅོན་གྱིས། །དགྲ་བོ་ཞེ་སྡང་མགོ་ཡང་གནོན། །གཉིས་པ་ག་་ཤིང་དབང་པོ་འཇོམས། །གསུམ་པ་རྒྱུ་ཞགས་དགྲ་བོ་འགུགས། །བཞི་པ་སྦྲུལ་ཞགས་བྱད་དུ་ཆུག །ལྔ་པ་སྡིགས་མཛུབ་དུག་གསུམ་སྲེག །དྲུག་པ་ཏྲི་ཤུལ་རྩེ་གསུམ་གྱིས། །ལུས་ངག་ཡིད་ཀྱི་རྩ་སྲོག་ཆོད། །བདུན་པ་དགྲ་སྟས་མགོ་ལུས་གཤོག བརྒྱད་པ་གཞུ་ཡིས་གདུག་པ་འདུལ། །དགུ་པས་ཙིསྟ་འབྱིན་ཅིང་ཟ། །ཞབས་གཉིས་གྱད་ཀྱི་དོར་སྟབས་བདུད་དང་མུ་སྟེགས་གནོན། །ཞབས་གཉིས་གྱད་ཀྱི་དོར་ཐབས་ཀླུ་གཉན་ས་བདག་གནོན། །ཞབས་གཉིས་གྱད་ཀྱི་དོར་ཐབས་མ་ཧེ་ཉི་ཟླ་གནོན། །ཞབས་གཉིས་བརྐྱང་བསྐུམ་ཐབས་དང་ཤེས་རབ་ཚུལ། །དབུ་སྐྲ་བ་སྐྲུ་དུག་གི་རླངས་པ་འཕྲོ། །སྲོག་བདག་ནག་པོ་སྡང་བའི་དགྲ་ལ་སྨྱོ། །གང་ལ་བྱ་བ་དྲེགས་པ་ཁྱེད་ཤེས་ཀྱིས། །དམ་ཉམས་གང་ཡིན་ལུས་སྲོག་མྱུར་དུ་ཕྲོལ། །གཡོན་ན་བདུད་མོ་ཁྲག་གི་རལ་པ་ཅན། །ཡ་མཚན་བུད་མེད་རྔམ་པའི་གདོང་། །ཉིད་ཀྱི་སྐུ་མདོག་མཐིང་ནག་ལ། །རལ་པ་ཁྲག་གི་ཟུ་རུ་ཅན། །སྦྱན་ནས་ཁྲག་འཛག་ཟུ་ལུ་ལུ། །ཞལ་ནས་མི་རོ་རྟ་རོ་འབྲུལ། །སྐུ་སྟོད་ཞིང་གི་གཡང་གཞི་ལ། །ཉི་མ་འབུམ་གྱི་རྒྱན་གྱིས་བརྒྱན། །སྐུ་སྨད་སྟག་དང་རེ་ལྡེས་ཀླུབས། །ཐོད་པ་མ་མོའི་དོ་ཤལ་ལ། །སྦྲུལ་ནག་འབུམ་གྱི་རྒྱན་གྱིས་བརྒྱན། །ཕྱག་གཡས་ཏྲི་ཤུལ་རྩེ་གསུམ་གྱིས། །དགྲ་བོ་དམ་ཉམས་སྲོག་རྩ་ཆོད། །གཡོན་པ་བན་དྷ་ཁྲག་གིས་བཀང་། །དགྲ་བོའི་ཁོང་དུ་དུག་མདའ་སྐྱོལ། །གང་ལ་བྱ་བ་ཁྱོད་ཤེས་ཀྱིས། །མ་མོ་ཀི་ཀང་དགྲ་ལ་ཕོབ། །འཆི་བདག་ཆེན་པོའི་ཐུགས་ཀ་ནས། །ཐུགས་ཀའི་སྤྲུལ་པ་གསོད་པའི་གཤེད། །ཡ་མ་རྭ་ཙ་འཇིགས་ཚུལ་ཅན། །སྨུག་ནག་བདུད་འདུལ་རྔམ་པའི་གདོང་། །ཞལ་གཅིག་ཕྱག་གཉིས་སྲོག་རྩ་གཅོད། །གཡས་པ་རྡོ་རྗེ་གྲི་གུག་གིས། །དགྲ་བོའི་མགོ་ལུས་ཤ་ལྤགས་གཤོག ཙིཏི་ཕྱུང་ཞིང་ཞལ་དུ་གསོལ། །གཡོན་པ་ལྕགས་ཀྱུ་ཞགས་པ་ཡིས། །དབང་པོ་ལུས་སྲོག་དྲངས་ཤིང་འཆང་། །བླ་དང་སྤྲུལ་པ་དཀྲུག་ཅིང་གསོལ། །ཞལ་གདངས་མཆེ་བ་གཙིགས་ཤིང་བགྲད། །ཙིསྟ་ནང་ཁྲོལ་དྲངས་ཤིང་ཟ། །བ་སྐྲུ་སྨ་ར་ཨག་ཚོམ་ལས། །འོད་ཟེར་སྤྲུལ་པ་ཕྱོགས་བཅུར་འཕྲོ། །ཚེ་གནས་དབང་པོ་བཀུག་ཅིང་འཆང་། །གསོད་བྱེད་ཆེན་མོ་དྲེགས་པ་ཅན། །གང་ལ་བྱ་བ་ཁྱེད་ཤེས་ཀྱིས། །དགྲ་བོའི་ཁོང་ནས་ཙིསྟ་ཕྱུང་། །ཡ་མ་རྭ་ཙ་དགྲ་ལ་སྨྱོ། །ཚེ་བདག་ནག་པོའི་སྤྱི་གཙུག་ན། །བྱ་ཁྱུང་རྒྱལ་པོ་ག་རུ་ཊ། །གསེར་གྱི་ལུས་ལ་གནས་ལྕགས་འབར་བའི་མཆུ། །སྤྱན་གཉིས་ཉི་ཟླར་བསྤྱིལ་བ་ཡིས། །དགྲ་བོའི་བླ་མཚོ་གཏིང་ནས་སྐེམས། །འཁོར་ལོ་འབར་བའི་གཤོག་རྩ་ཡིས། །དགྲ་བོའི་མགོ་ལུས་ཚལ་པར་གཤོག །རལ་གྲི་འབར་བའི་གཤོག་པ་ཡིས། །དགྲ་བོ་ཉམས་པའི་སྲོག་རྩ་གཅད། །ཐེ་གཤོག་སྐྲུ་གྲི་མེ་ལྟར་འབར། །ཀླུ་གཉན་ས་བདག་རྩད་ནས་སྐེམས། །གཡས་ཀྱི་སྡེར་མོས་ཀླུ་ཆེན་བརྒྱད་ཀྱང་གནོན། །གཡོན་པས་ཀླུ་བརྒྱད་ས་བདག་གནོན། །གནམ་ལྕགས་སྡེར་མོས་སྲོག་གི་དབང་པོ་འདྲེན། །སྐུ་ནི་གཏུམ་རྔམ་བརྗིད་པའི་ཆ་བྱད་ཀྱིས། །ས་བདག་ཀླུ་གཉན་ལྟོ་འཕྱེ་ཟིལ་གྱིས་གནོན། །ཁྱུང་གི་གཤོག་བརྡབས་གདུག་པའི་གནས་ཁང་གཤིག །གང་ལ་བྱ་བ་མཁའ་ལྡིང་ཁྱེད་ཤེས་ཀྱིས། །བྱ་ཁྱུང་རྒྱལ་པོས་བརྣག་པའི་ལུས་སྲོག་ཕྲོལ། །ཚེ་བདག་ནག་པོ་དུན་ཏིང་ཀ །དགྲ་བོའི་སྲོག་ལ་ཡ་ཡ་སྨྱོ་སྦྱོ། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །སྤྲུལ་པ་ཆེན་པོ་ལས་སྣ་ཚོགས་ལས་བསྐུལ་བའི་ལེའུ་སྟེ་བརྒྱ་ཉི་ཤུ་རྩ་བཞི་པའོ།། ། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གཤེད་བཞི་ལ་བསྐུལ་བ་འདི་བཤད་དོ། །ཡབ་ཡུམ་ཐུགས་ཀྱི་སྤྲུལ་པ་ནི། །གཤེད་པོ་མོན་པ་ནག་པོ་བཞི། ཁྲར་གྱི་ཕྱོགས་ནས་སྐུ་བསྐྱོད་པ། །གཤེད་པོ་ཡ་མ་རྭ་ཙ་ནི། །སྐུ་མདོག་སྨུག་ནག་༄༅ འབར་བ་ལ། །གཅེར་བུ་རལ་པ་གྱེན་དུ་བརྗེས། །གཡས་པས་མ་ཏང་རོ་ཡི་དབྱུག་ཐོ་བསྣམས། །གཡོན་པའི་ཕྱག་ན་འཁོར་ལོ་བསྐོར། །ཡུམ་ཆེན་ནག་མོ་རེ་མ་ཏི། །སྨུག་ནག་དགྲ་འདུལ་མཐུ་མོ་ཆེ། །གཡས་པ་ཐབས་ཀྱིས་ཡབ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་ཅིག་འཇམ་དཔལ་བཀའ་བྱུང་གིས། །དུང་ཆེན་རཀྟས་བཀང་བའི་མཆོད་པ་འདི་བཞེས་ལ། །ཀླད་པ་གཤོགས་ལ་ཀླད་ཁྲག་འཐུང་། །ལྷོ་ཡི་ཕྱོགས་ནས་སྐུ་བསྐྱོད་པ། །གཤེད་པོ་མྱོས་བྱེད་འབར་བ་ནི། །སྐུ་མདོག་སེར་ནག་འབར་བ་ལ། །གཅེར་བུ་རལ་པ་གྱེན་དུ་བརྗེས། །ཐོད་པ་སྐམ་པོ་དབུ་རྒྱན་ལ། །ཐོད་རློན་མང་པོ་སེ་རལ་ཁ། །རིགས་བཞིའི་སྦྲུལ་གྱི་རྒྱན་ཆ་ཅན། །གཡས་པ་མ་ཏྲང་རོ་ཡི་དབྱུག་ཐོ་བསྣམས། །གཡོན་པའི་ཕྱག་གི་འཁོར་ལོ་བསྐོར། །མྱོས་བྱེད་ཐུགས་ཀྱིས་དགྱེས་བསྐུལ་མ། །སྦལ་མགོ་ཁྲག་མིག་སེར་ནག་འབར། །གཡས་པ་ཐབས་ཀྱིས་ཡབ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་ཅིག་འཇམ་དཔལ་བཀའ་བྱུང་གིས། །དུང་ཆེན་རཀྟས་བཀང་བའི་མཆོད་པ་འདི་བཞེས་ལ། །ཙིསྟ་གཤོགས་ལ་སྙིང་ཁྲག་འཐུང་། །ནུབ་ཀྱི་ཕྱོགས་ནས་སྐུ་བསྐྱོད་པ། །གཤེད་པོ་ཨརུ་དམར་པོ་ནི། །སྐུ་མདོག་དམར་ནག་གཅེར་བུ་ལ། །ཐོད་པ་མང་པོའི་རྒྱན་ཆ་ཅན། །གཡསཔགཤིནརྗེམཏང་རོ་ཡི་དབྱུག་ཐོ་བསྣམས། །གཡོན་པའི་ཕྱག་ན་འཁོར་ལོ་བསྐོར། །ཡུམ་ཆེན་སྲིན་མོ་མགོ་འཆང་མ། །དམར་ནག་སྦྲུལ་གྱི་ཆུན་འཁོར་ཅན། །གཡས་པ་ཐབས་ཀྱིས་ཡབ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་ཅིག་འཇམ་དཔལ་བཀའ་བྱུང་གིས། །དུང་ཆེན་རཀྟས་བཀང་བའི་མཆོད་པ་འདི་བཞེས་ལ། །མགྲིན་པ་ཆོད་ལ་དོན་ཁྲག་འཐུང་། །བྱང་གི་ཕྱོགས་ནས་སྐུ་བསྐྱོད་པ། །གཤེད་པོ་རལ་པ་ཚར་དགུ་ནི། །སྐུ་མདོག་ལྗང་ནག་འབར་བ་ལ། །གཅེར་བུ་རལ་པ་གྱེན་དུ་བརྗོད། །ཐོད་པ་སྐམ་པོའི་དབུ་རྒྱན་ལ། །ཐོད་པ་རློན་པའི་དོ་ཤལ་ཅན། །གཡས་པ་མ་ཏྲང་རོ་ཡི་དབྱུག་ཐོ་བསྣམས། །གཡོན་པའི་ཕྱག་ན་འཁོར་ལོ་འཁོར། །གཡོན་ན་ཡག་ཤ་ནག་མོ་ནི། །ལྗང་ནག་སྒྲུལ་གྱི་ཅོད་པན་ཅན། །གཡས་པ་ཐབས་ཀྱིས་ཡབ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་ཅིག་འཇམ་དཔལ་བཀའ་བྱུང་གིས། །དུང་ཆེན་རཀྟས་བཀང་བའི་མཆོད་པ་འདི་བཞེས་ལ། །དམ་ཉམས་སྲོག་རྩ་རྩད་ནས་ཆོད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱོགས་སྐྱོང་བཅུའི་གཤེད་བསྐོར་བ་འདི་བཤད་དོ། ཁྲར་གྱི་ཕྱོགས་ནས་འགུགས་བྱེད་པ། །གཤིན་རྗེའི་རྒྱལ་པོ་དམར་པོ་ནི། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །སྐུ་ལ་མེ་དཔུང་འབར་བའི་རྒྱན་གསོལ་ཅིང་། །ཆིབས་སུ་མགྱོགས་བྱེད་ཤ་བ་ཆིབས། །མཆོང་གི་རལ་པ་སིལ་ལི་ལི། །སྤྱན་མིག་དམར་པོ་གློག་ལྟར་འགྱུ། །ཕྱག་ན་མཆོང་གི་ཟངས་གྲིབ་བསྣམས། །གཡོན་པ་བདུད་ཀྱི་ཞགས་པ་ཐོགས། །སྟོང་གསུམ་སྲོག་ལ་དབང་སྒྱུར་བ། །ཁྱོད་ཀྱི་མིང་དང་མཚན་གསོལ་བ། ཁྲར་གྱི་བཙན་འགོང་དམར་པོས་བྱ། །རྒྱ་ལྔ་དེ་ནི་བན་དྷ་དྲུག ཞིང་ཆེན་ཤ་དང་ཁྲག་ལ་ཟ། །ཁྱོད་ཀྱི་འཕྲིན་ལས་དུས་ལ་བབ། །རཀྟ་དམར་གྱི་མཆོད་པ་འདི་བཞེས་ལ། །སྡང་བའི་དགྲ་ལ་ཁྲག་ནད་ཐོང་། ཁྲར་ལྷོའི་མཚམས་ནས་འགུགས་བྱེད་པ། །གཤིན་རྗེའི་རྒྱལ་པོ་དམིགས་པ་ནི། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །སྐུ་ལ་མེ་དཔུང་འབར་བའི་རྒྱན་གསོལ་ཅིང་། །ཆིབས་སུ་སྡིག་བྱེད་དྲེད་མོ་ཆིབས། །ཕྱག་ན་ཐོད་འཕྲེང་རློན་པ་བསྣམས། །འཁོར་ནི་མེ་ལྷ་འབུམ་གྱིས་བསྐོར། །ཕོ་ལོག་གཏོང་བའི་མཐུ་བོ་ཆེ། །དྲང་སྲོང་བསྒྲལ་བའི་ཤ་ལ་ཟ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །དུང་ཆེན་རཀྟས་བཀང་བའི་མཆོད་པ་འདི་བཞེས་ལ། །སྡང་བའི་དགྲ་ལ་ཁོ་ལོག་ཐོང་། །ལྷོ་ཡི་ཕྱོགས་ནས་འགུགས་བྱེད་པ། །གཤིན་རྗེའི་རྒྱལ་པོ་མིག་དམར་ནི། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །སྐུ་ལ་མེ་དཔུང་འབར་བའི་རྒྱན་གསོལ་ཅིང་། །ཆིབས་སུ་སྨྱོ་བྱེད་ཤ་བ་ཆིབས། །འཁོར་དུ་ཕུང་སྲི་འབུམ་གྱིས་བསྐོར། །ས་བདག་སྟོང་ལ་དབང་བསྒྱུར་ཞིང་། །ཕྱག་ན་ཁྲམ་བྱང་དཀར་ནག་འཁྲོལ། །མི་དུར་གཤེད་ཀྱི་རལ་པ་ཅན། །ས་བདག་ཤ་དང་ཁྲག་ལ་ཟ། ཁྲ་ཁྲག་གཏོར་མ་འདི་བཞེས་ལ། །སྡང་བའི་དགྲ་ལ་སྨྱོ་འབོག་ཐོང་། །ལྷོ་ནུབ་མཚམས་ནས་འགུགས་བྱེད་པ། །གཤིན་རྗེའི་རྒྱལ་པོ་ལྕོགས་པ་མགོ་དགུ་ནི། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །སྐུ་ལ་མེ་དཔུང་འབར་བའི་རྒྱན་གསོལ་ཅིང་། །ཆིབས་སུ་ལྐུགས་པ་ལུག་ལ་ཆིབས། །ཕྱག་ན་རྡོ་རྗེ་བེ་ཅོན་བསྣམས། །འབྲུམ་ནག་གཏོང་བའི་མཐུ་བོ་ཆེ། །འཁོར་དུ་བདུད་ནག་འབུམ་གྱིས་བསྐོར། །ཟས་སུ་བདུད་ཀྱི་ཤ་ལ་ཟ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །།སྡང་བའི་དགྲ་ལ་འབྲུམ་ནག་ཐོང་། །ནུབ་ཀྱི་ཕྱོགས་ནས་འགུགས་བྱེད་པ། །གཤིན་རྗེའི་རྒྱལ་པོ་ཨ་བ་གླང་མགོ་ཅན། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །སྐུ་ལ་མེ་དཔུང་འབར་བའི་རྒྱན་གསོལ་ཅིང་། །ཕྱག་ན་གཅོད་བྱེད་རལ་གྲི་བསྣམས། །བཞུགས་ནི་རོལ་མཚོའི་ནང་ན་བཞུགས། །ཆིབས་སུ་སེམས་ཅན་པིར་ལ་ཆིབས། །ལུས་ནི་སྦྲུལ་ནག་ཆེན་པོ་ལ། །བྱོལ་སོང་གླང་གི་མགོ་བོ་ཅན། །ཀླུ་རྣམས་ཀུན་ལ་དབང་བསྒྱུར་ཞིང་། །ཟས་སུ་ཀླུ་ཡི་ཤ་ལ་ཟ། །འཁོར་དུ་ཀླུ་བདུད་སྟོང་གིས་བསྐོར། །མཛེ་དང་ལྷོག་པའི་སྣ་འདྲེན་མ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། ཁྲ་ཁྲག་གཏོར་མ་འདི་བཞེས་ལ། །སྡང་བའི་དགྲ་ལ་མཛེ་དང་ལྷོག་པ་ཐོང་། །ནུབ་བྱང་མཚམས་ནས་འགུགསབྱེདཔ། །གཤིནརྗེའིརྒྱལ་པོ་ཡ་བ་ཏི། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །སྐུ་ལ་མེ་དཔུང་འབར་བའི་རྒྱན་གསོལ་ཅིང་། །ཆིབས་སུ་མགྱོགས་བྱེད་རྟ་ལ་ཆིབས། །ཡབ་བདུད་སྟོང་ལ་དབང་སྒྱུར་ཞིང་། །ནག་པོ་སྤྱི་ཆིབས་བདུད་ཀྱི་བུ། །ཕྱག་ན་བདུད་ཀྱི་ཁྲམ་བྱང་ཐོགས། །འཁོར་ནི་ཡབ་བདུད་སྟོང་གིས་བསྐོར། །ཟས་སུ་མི་ཤ་རློན་དུ་ཟ། །གཟེར་ནད་གཏོང་བའི་མཐུ་བོ་ཆེ། ་་ཁྲག་གཏོར་མ་འདི་བཞེས་ལ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །སྡང་བའི་དགྲ་ལ་གཟེར་ནད་ཐོང་། །བྱང་གི་ཕྱོགས་ནས་འགུགས་བྱེད་པ། །གཤིན་རྗེའི་རྒྱལ་པོ་གཏེལ་པ་ནི། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །སྐུ་ལ་མེ་དཔུང་འབར་བའི་རྒྱན་གསོལ་ཅིང་། །ཆིབས་སུ་ཕུང་དྲི་རྔ་མོ་ཆིབས། །ཕྱག་ན་ནད་ཀྱི་རྐྱལ་པ་ཐོགས། །ནད་དོ་ཅོག་གི་བདུད་གཅིག་པོ། །མི་དུར་གཤེད་ཀྱི་རལ་པ་ཅན། །དམུ་བདུད་སྟོང་ལ་དབང་སྒྱུར་ཅིང་། །ཕུང་སྲི་འབུམ་སྡེ་ཕོ་ཉར་འགྱེད། །སྨྱོ་འབོག་གཏོང་བའི་མཐུ་བོ་ཆེ། །འཁོར་དུ་མ་བདུད་འབུམ་གྱིས་བསྐོར། །ཟས་སུ་ཕུང་སྲིའི་ཤ་ལ་ཟ། ཁྲ་ཁྲག་གཏོར་མ་འདི་བཞེས་ལ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །སྡང་བའི་དགྲ་ལ་སྨྱོ་འབོག་ཐོང་། །བྱང་ཤར་མཚམས་ནས་འགུགས་བྱེད་པ། །གཤིན་རྗེའི་རྒྱལ་པོ་ཆ་སངས་ནི། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །སྐུ་ལ་མེ་དཔུང་འབར་བའི་རྒྱན་གསོལ་ཅིང་། །སྐུ་མདོག་དཀར་པོ་རལ་པ་ཅན། །སྟོང་གསུམ་སྲིད་པ་ཟས་སུ་ཟ། །སྟོང་གསུམ་སྲིད་པ་སྐོམ་དུ་འཐུང་། །ན་བཟའ་དཀར་པོ་ནམ་མཁའི་སྤྲིན་ལྟར་གཏིབས། །སྤྱན་མིག་དམར་པོ་ནམ་མཁའི་གློག་ལྟར་འགྱུ། །འཁོར་དུ་ཡ་བདུད་འབུམ་གྱིས་བསྐོར། །ཕྱག་ན་གློག་གི་ཞགས་པ་ཐོགས། །གླང་ནད་གཏོང་བའི་མཐུ་བོ་ཆེ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། ཁྲ་ཁྲག་གཏོར་མ་འདི་བཞེས་ལ། །སྡང་བའི་དགྲ་ལ་གླང་ནད་ཐོང་། །འོག་གི་ཕྱོགས་ནས་འགུགས་བྱེད་པ། །གཤིན་རྗེའི་རྒྱལ་པོ་སྟག་མགོ་ནག་པོ་ནི། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །སྐུ་ལ་མེ་དཔུང་འབར་བའི་རྒྱན་གསོལ་ཅིང་། །སྦྲུལ་མགོ་བརྩེགས་པའི་ཐོད་གདེང་ཅན། །ཆིབས་སུ་བ་གླང་དམར་པོ་ཆིབས། །ཕྱག་ན་ཞིང་གི་ཞགས་པ་ཐོགས། །སྟོང་གསུམ་ཀླུ་ལ་དབང་སྒྱུར་ཞིང་། །ཟས་སུ་ཀླུ་སྲིན་ཤ་ལ་ཟ། །མཛེ་དང་ལྷོག་པའི་སྣ་འདྲེན་པ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། ཁྲ་ཁྲག་གཏོར་མ་འདི་བཞེས་ལ། །སྡང་བའི་དགྲ་ལ་མཛེ་དང་ལྷོག་པ་ཐོང་། །སྟེང་གི་ཕྱོགས་ནས་འགུགས་བྱེད་པ། །གཤིན་རྗེའི་རྒྱལ་པོ་ནག་འཇོམས་ནི། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །སྐུ་ལ་བསྐལ་པ་མེ་ལྟར་འབར་བའི་རྒྱན་གསོལ་ཅིང་། །ཆིབས་སུ་འབྲུག་མོ་རལ་ཅན་ཆིབས། །དབུ་སྐྲ་ཁམ་ནག་སྤྲིན་ལྟར་གཏིབས། །ཕྱག་ན་བེ་ཅོན་དབྱུག་ཐོ་བསྣམས། །ཟས་སུ་གཟའ་ཡི་ཤ་ལ་ཟ། །འཁོར་དུ་ལྷ་བདུད་འབུམ་གྱིས་བསྐོར། །བལ་ནད་གཏོང་བའི་མཐུ་བོ་ཆེ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། ཁྲ་ཁྲག་གཏོར་མ་འདི་བཞེས་ལ། །སྡང་བའི་དགྲ་ལ་བལ་ནད་ཐོང་། །དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་པོ་བཅུ་ལ་བསྐུལ་བ་འདི་བཤད་དོ། །འཇིགས་བྱེད་སྤྲུལ་པའི་ཕོ་ཉ་ནི། །སྟེང་གི་ཕྱོགས་ནས་འགུགས་བྱེད་པ། །བདུད་ཀྱི་རྒྱལ་པོ་མི་བཟད་བྲང་དཀར་རྗེ། །ཕྱག་ན་བདུད་ཀྱི་རྟ་ནག་འབྱམ་པ་ཐོགས། །འཕྱར་ཞིང་དགྲ་བོའི་མགོ་ལ་བརྡེག དམ་ལས་འདས་པའི་བརྣག་པ་ལ། །དུས་ལ་བབ་བོ་ཁྲམ་ལ་ཐོབ། ཁྲར་གྱི་ཕྱོགས་ནས་འགུགས་བྱེད་པ། །བདུད་ཀྱི་རྒྱལ་པོ་མ་ཧེ་ཁྲོ་བདག་རྗེ། །ཕྱག་ན་བདུད་ཀྱི་རལ་གྲི་འབྱམ་པ་ཐོགས། །དམ་ལས་འདས་པའི་བརྣག་པ་ལ། །དུས་ལ་བབ་བོ་ཁྲམ་ལ་ཐོབ། ཁྲར་ལྷོ་མཚམས་ནས་འགུགས་བྱེད་པ། །བདུད་ཀྱི་རྒྱལ་པོ་ཐོ་ཡོ་ཐོ་ནག་རྗེ། །ཕྱག་ན་བདུད་ཀྱི་སྐྲུ་གྲི་རྣོན་པོ་ཐོགས། །དམ་ལས་འདས་པའི་བརྣག་པ་ལ། །དུས་ལ་བབ་བོ་ཁྲམ་ལ་ཐོབ། །ལྷོ་ཡི་ཕྱོགས་ནས་འགུགས་བྱེད་པ། །བདུད་ཀྱི་རྒྱལ་པོ་རྔམ་ཆེན་ཐོག་བདག་རྗེ། །ཕྱག་ན་དུང་ཆེན་དམར་གྱིས་བཀང་བ་ཐོགས། །དམ་ལས་འདས་པའི་བརྣག་པ་ལ། །དུས་ལ་བབ་བོ་ཁྲམ་ལ་ཐོབ། །ལྷོ་ནུབ་མཚམས་ནས་འགུགས་བྱེད་པ། །བདུད་ཀྱི་རྒྱལ་པོ་དམུ་བདུད་རལ་པ་རྗེ། །ཕྱག་ན་བདུད་ཀྱི་ཁྲམ་བྱང་ཐོད་པས་བརྒྱན་པ་ཐོགས། །དམ་ལས་འདས་པའི་བརྣག་པ་ལ། །དུས་ལ་བབ་བོ་ཁྲམ་ལ་ཐོབ། །ནུབ་ཀྱི་ཕྱོགས་ནས་འགུགས་བྱེད་པ། །བདུད་ཀྱི་རྒྱལ་པོ་རག་ཤ་མི་དུར་རྗེ། །ཕྱག་ན་བདུད་ཀྱི་སོག་ལེ་འབྱམ་པ་ཐོགས། །དམ་ལས་འདས་པའི་བརྣག་པ་ལ། །དུས་ལ་བབ་བོ་ཁྲམ་ལ་ཐོབ། །ནུབ་བྱང་མཚམས་ནས་འགུགས་བྱེད་པ། །བདུད་ཀྱི་རྒྱལ་པོ་སྟོང་རི་མགོ་ནག་རྗེ། །ཕྱག་ན་བདུད་ཀྱི་གྲི་གུག་ཐོད་པ་ཐོགས། །དམ་ལས་འདས་པའི་བརྣག་པ་ལ། །དུས་ལ་བབ་བོ་ཁྲམ་ལ་ཐོབ། །བྱང་གི་ཕྱོགས་ནས་འགུགས་བྱེད་པ། །བདུད་ཀྱི་རྒྱལ་པོ་ནག་པོ་གསོད་སྦྱོང་སྟེ། །ཕྱག་ན་བདུད་ཀྱི་ཤན་པ་གྲི་རིངས་ཐོགས། །དམ་ལས་འདས་པའི་བརྣག་པ་ལ། །དུས་ལ་བབ་བོ་ཁྲམ་ལ་ཐོབ། །བྱང་ཤར་མཚམས་ནས་འགུགས་བྱེད་པ། །བདུད༷་ཀྱི་རྒྱལ་པོ་རྔམ་པ་འགྲོ་བདག་རྗེ། །ཕྱག་ན་བདུད་ཀྱི་དྲི་ཤུལ་རྩེ་གསུམ་ཐོགས། །དམ་ལས་འདས་པའི་བརྣག་པ་ལ། །དུས་ལ་བབ་བོ་ཁྲམ་ལ་ཐོབ། །འོག་གི་ཕྱོགས་ནས་འགུགས་བྱེད་པ། །བདུད་ཀྱི་རྒྱལ་པོ་ས་ཏོ་ནག་པོ་རྗེ། །ཕྱག་ན་གཏི་མུག་ཕག་གི་མགོ་བོ་ཐོགས། །དམ་ལས་འདས་པའི་བརྣག་པ་ལ། །དུས་ལ་བབ་བོ་ཁྲམ་ལ་ཐོབ། །འཕྲིན་ལས་ཀུན་གྱི་སྦྱོར་བ་ལ། །བསྟོད་བསྐུལ་བྱས་ན་དོན་གཉིས་འགྲུབ། །རྩོལ་པས་སྨིན་པའི་ལས་སུ་བཤད། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །འཁོར་གྱི་གཤིན་རྗེ་ལ་གཤེད་བསྒོ་བའི་ལེའུ་སྟེ་བརྒྱ་ཉི་ཤུ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་ཕོ་མོ་ལས་བསྔགས་པ་འདི་བཤད་དོ། །ཕྱོགས་ཕྱོགས་ཙམ་གཅིག་ཡ་གི་ན། །སུམ་ཅུ་རྩ་གསུམ་གནམ་གྱི་ཡ་སྟེངས་ན། །བདུད་ཡུལ་ནག་པོ་མཐོང་ཁྱབ་ན། །བདུད་མཁར་ནག་པོ་ལྕགས་མཁར་སྒོ་དགུ་ན། །བདུད་ཡེ་མེད་འཁྲུལ་གྱི་རྒྱལ་པོ་བཞུགས། །སྐུ་ལ་བདུད་གོས་འོད་ནག་འཁྱིལ་བ་གསོལ། །ཕྱག་ན་བདུད་ཀྱི་ཞགས་པ་ནག་པོ་བསྣམས། །འཛམ་བུ་གླིང་གི་འགྲོ་བ་མི་ལ་འདེབས། །གཡས་ན་བདུད་ཀྱི་རྩིས་བྱང་ཆེན་མོ་བསྣམས། །འཛམ་བུ་གླིང་གི་མི་རྣམས་ཁྲམ་ལ་འདེབས། །ཆིབས་སུ་བདུད་རྟ་ངར་ཆེན་འབྲུག་ལ་ཆིབས། །ཆིབས་ཁ་དགྲ་བོའི་ཡུལ་དུ་བསྐྱོད་ལ་གཤེགས། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག བདུད་པོ་མི་ཟད་སྙིང་རྐུན་མ། །སྐུ་ནི་མཐིང་ནག་འཇིགས་ཚུལ་ཅན། །སྐུ་ལ་དར་ནག་ན་བཟའ་ཞིང་དང་སྦྲུལ་གྱིས་བརྒྱན་པ་གསོལ། །དབུ་རལ་ནག་པོ་ཁྲག་དང་ཐོད་པས་བརྒྱན། །གཡས་པའི་ཕྱག་ན་རལ་གྲི་སྡིག་ཅན་བསྣམས། །དགྲ་བོ་ཕུང་བྱེད་སྲོག་རྩ་ཆོད་ལས་ཤོག གཡོན་ན་བན་དྷ་ལྕང་ལོ་ཁྲག་གིས་བཀང་བ་བསྣམས། །དགྲ་བོའི་ཡུལ་དུ་ཁྲག་མདའ་ཁྲག་ཟོར་འཕོངས། །ཆིབས་སུ་དྲེ་རྟ་རྐང་གསུམ་ཐོད་པས་བརྒྱན་པ་ཆིབས། །ཆིབས་ཁ་དམ་ཉམས་དགྲ་ལ་བསྐྱོད་ལས་གཤེགས། །སྔགས་ཀྱི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག །བདུད་ཀྱི་བློན་པོ་དྲང་ཁར་རྔམ་པ་རྗེ། །བདུད་རྟ་ནག་པོ་སྲོག་མེད་རྟ་རུ་ཞོན། །སྐུ་ལ་གསེར་གྱི་སླག་པ་གསོལ། །ཕྱག་ན་གསེར་གྱི་འགྱིང་དཀར་བསྣམས། །གཡོན་ན་བདུད་ཀྱི་རྩིས་བྱང་བསྣམས། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག བདུད་ཀྱི་བློན་པོ་ཐོ་ཡོ་མཐོ་མཚམས་རྗེ། །ཆིབས་སུ་བདུད་རྟ་ནག་པོ་རྟིང་དཀར་ཆིབས། །སྐུ་ལ་དར་ནག་ཐོད་པས་བརྒྱན་པ་གསོལ། །གཡས་པས་བདུད་ཀྱི་རལ་གྲི་ཁ་མངས་བསྣམས། །གཡོན་ན་བདུད་ཀྱི་ཞགས་པ་ནག་པོ་བསྣམས། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག །བདུད་ཀྱི་བློན་པོ་སྙ་ལེ་ངག་བཙན་རྗེ། །ཆིབས་སུ་བདུད་རྟ་འབྲོང་ཆེན་འགྱིང་བ་ཆིབས། །སྐུ་ལ་མུན་བའི་ན་བཟའ་འཇའ་ཡིས་བརྒྱན་པ་གསོལ། །ཕྱག་གཡས་བདུད་ཀྱི་གཟེ་མ་ཁ་མངས་བསྣམས། །གཡོན་པ་ཞིང་གི་ཞགས་པ་དགྲ་ལ་འདེབས། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག །བདུད་ཀྱི་བློན་པོ་གསོད་སྦྱོང་རྗེ། །ཆིབས་སུ་བདུད་ཀྱི་དུར་བྱ་ནག་པོ་ཆིབས། །སྐུ་ལ་ཞིང་ཆེན་སློག་པ་གསོལ། །ཕྱག་གཡས་ཞིང་གི་དབྱུག་པ་བསྣམས། །གཡོན་པ་གློག་གི་ཞགས་པ་དགྲལ་འདེབས། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག །བདུད་ཀྱི་བློན་པོ་མི་དུར་སོ་དར་རྗེ། །སྐུ་ལ་ནམ་མཁའ་འོད་ནག་འཁྱིལ་བ་གསོལ། །ཆིབས་སུ་ལྕགས་ཀྱི་སྡིག་པ་ཁ་དགུ་ཆིབས། །ཕྱག་གཡས་སྤྲུལ་པའི་བདུད་བྱ་སྟག་གཟིག་རྔམ་པ་བསྣམས། །གཡོན་པ་ཡིད་དང་རླུད་གི་ཞགས་པ་དགྲ་ལ་འདེབས། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག །བདུད་ཀྱི་བློན་པོ་ཁ་ཡལ་འཐོམ་པོ་རྗེ། །སྐུ་ལ་ལྕགས་ཀྱི་ཞུན་ཁྲབ་གསོལ། །ཆིབས་སུ་ལྕགས་ཀྱི་ཕག་པར་ཆིབས། །ཕྱག་གཡས་ལྕགས་མདའ་གཟེར་ཆེན་བསྣམས། །གཡོན་པ་བདུད་གཞུ་འོད་མ་བསྣམས། །དགྲ་བོའི་སྙིང་ལ་ལྕགས་གཟེར་འདེབས། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག །བདུད་ཀྱི་བློན་པོ་རྔམ་པ་ཀླུ་འདུལ་རྗེ། །སྐུ་ལ་ཆུ་སྲིན་སློག་པ་སྦྲུལ་གྱིས་བརྒྱན་པ་གསོལ། །ཆིབས་སུ་ཆུ་གླང་སྔོན་པོར་ཆིབས། །ཕྱག་གཡས་ལྕགས་ཀྱི་འཁོར་ལོ་བསྣམས། །གཡོན་པ་ཙིསྟའི་འཕྲེང་བ་བསྣམས། ཁོང་ནས་ཙིཀྟ་ཐོན་ལས་ཤོག །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག །བདུད་མོ་བློན་ཟན་ཁ་ཆེ་མ། །སྐུ་ལ་མཐིང་ནག་གོ་ཟུ་ལུ། །ཐོད་ཆེན་སྦྲུལ་གྱིས་བརྒྱན་པ་གསོལ། །ཆིབས་སུ་ཆུ་བོའི་གཞུད་ལ་ཆི་ས། །གཡས་པས་སྙིང་འབྱིན་གཡོན་པས་སྟོབ། །བདུད་མཚོ་མེར་བ་གཏིང་ནས་འཁྲུག ཡིད་ལ་ཇག་འགྱེད་བློ་སྙིང་བརྐུ། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག །བདུད་མོ་ཁ་འབར་རལ་གཅིག་མ། །སྐུ་ལ་རེ་ལྡེ་གནམ་ཕྱེད་གསོལ། །ཆིབས་སུ་ཅང་ཤེས་བོང་བུ་ཆིབས། །གཡས་པས་སྙིང་འབྱིན་གཡོན་པས་སྟོབ། ཁ་ནས་དུག་གི་སྐྱུགས་པ་འཐོར། །དུག་མཚོ་ཁོལ་མ་གཏིང་ནས་རློབ། །བླ་ལ་ཇག་འཁྱེ་སྙིང་ལ་བརྐུས། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག །རྡོ་རྗེ་མཆེ་གཙིགས་ལྷ་གདོན་འདུལ། །སྐུ་ལ་རེ་ནག་རུས་པས་བརྒྱན་པ་གསོལ། །ཆིབས་སུ་ལྕགས་ཀྱི་སྡིག་པ་ཆིབས། །གཡས་པས་སྙིང་འབྱིན་གཡོན་པས་སྟོབ། །སྤྱན་ནས་ཁྲག་འཛག་མཆི་མར་འཛག །ཁྲག་མཚོའི་འཁྱིལ་བའི་གཏིང་ནས་རློབ། །།དབུགས་ལ་ཇག་ཁྱེ་སྙིང་ལ་བརྐུས། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག །ག་་མོ་ཁྲག་འཐུང་དྲི་ཟ་འདུལ། །སྐུ་ལ་ཞིང་གི་གཡང་གཞི་གསོལ། །ཆིབས་སུ་རྟོལ་མོ་རུ་རིངས་ཆིབས། །གཡས་པས་སྙིང་འབྱིན་གཡོན་པས་སྟོབ། །ཞལ་ནས་ཁྲག་གི་ཟ་རུ་འཛག བདུད་མཚོ་སྨུག་ནག་གཏིང་ནས་རློབ། །ཁྲག་ལ་ཇག་བྱེད་སྙིང་ལ་བརྐུས། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག །བདུད་མོ་མི་ཟད་ཁྲག་སྐམས་མ། །སྐུ་ལ་ཆུ་སྲིན་སླག་པ་སྦྲུལ་གྱི་བརྒྱན་པ་གསོལ། །ཆིབས་སུ་རུ་སྦལ་ཁྲ་བོ་ཆིབས། །གཡས་པས་སྙིང་འབྱིན་གཡོན་པས་སྟོབ། །སྤྱན་ནས་ཁྲག་འཛག་ཞལ་ནས་མི་རོ་འབྲུལ། །ཀླུ་མཚོ་སྨུག་ནག་གཏིང་ནས་རློབ། ཁྲ་ཟ་ཇག་ཁྱེ་སྙིང་ལ་བརྐུས། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག །བདུད་མོ་རག་ཤ་སྲིན་མོ་འདུལ། །སྐུ་ལ་དོམ་ནག་གཡང་གཞི་གསོལ། །ཆིབས་སུ་སོ་བྱ་རོག་པོ་ཆིབས། །གཡས་པས་སྙིང་འབྱིན་གཡོན་པས་སྟོབ། །མཆི་མ་ཁྲག་དང་དུག་ཏུ་འཛག །སྲིན་མཚོ་མེར་བ་གཏིང་ནས་རློབ། །རུས་ལ་ཇག་ཁྱེ་སྙིང་ལ་རྐུས། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག །བདུད་མོ་ཕུང་བྱེད་ས་བདག་འདུལ། །སྐུ་ལ་དར་ནག་གཟའ་སྐར་བརྒྱན་པ་གསོལ། ཁ་ནས་མེ་འབར་རྒྱ་མཚོ་སྐེམས། །ཆིབས་སུ་ཀྱེ་ལེ་གདོང་དྲུག་ཆིབས། ཁ་གདེངས་སོ་འདར་ལག་པ་བརྫེ། །གཡས་ནས་སྙིང་འབྱིན་གཡོན་ནས་སྟོབ། །རིམ་གྱི་རྒྱ་མཚོ་གཏིང་ནས་རློབ། །རྩ་ལ་ཇག་ཁྱེ་སྙིང་ལ་བརྐུས། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག །དེ་ནས་བཅོམ་ལྡན་འདས་ཀྱིས་མོན་ཕོ་མོ་ལས་ལ་བསྐུལ་བ་འདི་བཤད་དོ། །མོན་པ་ནག་པོ་དྲེད་ལ་ཤོན། །ཕྱག་ན་དུང་གི་བེ་ཅོན་བསྣམས། །ཉམས་པ་ཀུན་གྱི་གཟུགས་ཕུང་བཤིག གཡོན་པས་དམ་ཉམས་ཙིསྟ་འབྱིན། །སྐུ་ལ་དར་ནག་བེར་ཆེན་གསོལ། ཁ་རླངས་ན་བུན་སྤྲིན་དུ་གཏིབས། །སོ་འདར་ལྗགས་འདྲིལ་ཙིསྟ་གསོལ། །དམ་ཉམས་དགྲ་བོ་སྡིག་ཅན་གྱི། །རྣམ་ཤེས་བཀྲག་མདངས་དྲོད་དང་འབྲེལ། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག །མོན་པ་ནག་པོ་འབྲུག་ལ་ཞོན། །སྐུ་ལ་ནམ་མཁའི་འོད་ནག་གཟའ་ཡིས་བརྒྱན་པ་གསོལ། །དབུ་ཡི་རལ་པ་ནམ་མཁའི་སྤྲིན་ལྟར་གཏིབས། །སྙན་ནས་འབྲུག་སྒྲ་སྟོང་གསུམ་ཟིལ་གྱིས་གནོན། །ཕྱག་ནས་ཐོག་དང་སྐར་མདའ་དགྲ་ལ་འཕེན། །སྤྱན་ནས་དུག་གི་སེར་བ་དྲག་ཏུ་འབེབས། །དམ་ཉམས་དགྲ་བོ་སྡིག་ཅན་གྱི། །རྣམ་ཤེས་བཀྲག་མདངས་དྲོད་དང་འབྲེལ། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་བར་ཤོག །མོན་པ་ནག་པོ་ཁྱུང་ལ་ཞོན། །སྐུ་ལ་གཡང་གཞིའི་བེར་ཆེན་གསོལ། །དབུ་སྐྲ་སྟོང་གསུམ་མུན་ནག་གཏིབས། །ཕྱག་ནས་ཉི་མའི་འོད་ཟེར་སྡང་བའི་དགྲ་ལ་འགྱེད། །བར་སྣང་རྒྱུ་ཞིང་དམ་ཉམས་ཡིད་ལ་འཛིན། །དམ་ཉམས་དགྲ་བོ་སྡིག་ཅན་གྱི། །རྣམ་ཤེས་བཀྲག་མདངས་དྲོད་དང་འབྲེལ། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག །མོན་པ་ནག་པོ་གློག་ལ་ཞོན། །སྐུ་ལ་འོད་ཀྱི་ན་བཟའ་གསོལ། །དབུ་སྐྲ་སྦྲུལ་ནག་མུན་ལྟར་གཏིབས། །ཞལ་ནས་མི་རོ་རྟ་རོ་འབྲུལ། །ཕྱག་ན་རལ་གྲི་དགྲ་ལ་འདེབས། །གཡོན་པ་ཙིསྟ་འབྱིང་ཅིང་གསོལ། །དམ་ཉམས་དགྲ་བོ་སྡིག་ཅན་གྱི། །རྣམ་ཤེས་བཀྲག་མདངས་དྲོད་དང་འབྲེལ། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་བར་ཤོག །མོན་པ་ནག་པོ་སྟག་ལ་ཤོན། །སྐུ་ལ་དར་ནག་བེར་ཆེན་གསོལ། །དབུ་སྐྲ་དུག་གི་སྤྲིན་དུ་གཏིབས། །དུག་གི་ཁ་རླངས་བུན་དེ་བུན། །ཕྱག་ན་རྡོ་རྗེ་རྒྱ་གྲམ་བསྣམས། །དམ་ཉམས་དགྲ་བོའི་མགོ་ལུས་གཤོག །གཡོན་པས་ཉམས་པའི་ཙིསྟ་འབྱིན། ཁྲ་ཟ་ཁྲག་འཐུང་རྩ་ལ་འཇིབ། །དམ་ཉམས་དགྲ་བོ་སྡིག་ཅན་གྱི། །རྣམ་ཤེས་བཀྲག་མདངས་དྲོད་དང་འབྲེལ། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་བར་ཤོག །མོན་པ་ནག་པོ་ཆུ་སྲིན་ཤོན། །སྐུ་ལ་ཆུ་སྲིན་སླག་པ་གསོལ། །དབུ་རལ་རྒྱ་མཚོ་མུན་ལྟར་གཏིབས། །སྦལ་པ་སྟོང་གི་རྒྱན་གྱིས་བརྒྱན། །ཕྱག་ན་མེ་འབར་རྒྱ་མཚོ་སྐྱེམས། །དགྲ་བོ་དུག་གསུམ་རྩད་ནས་སྲེག །རྒྱ་མཚོའི་གཏིང་ནས་སེར་བ་འབེབས། །དམ་ཉམས་དགྲ་བོ་སྡིག་ཅན་གྱི། །རྣམ་ཤེས་བཀྲག་མདངས་དྲོད་དང་འབྲེལ། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག །མོན་པ་ནག་པོ་སྦྲུལ་ལ་ཞོན། །སྐུ་ལ་ཞིང་གི་གཡང་གཞི་གསོལ། །དབུ་ལ་ཁྲག་གི་ཟར་བུ་འབབ། །སྤྱན་ནས་ཁྲག་གི་མཆི་མ་འཛག །ཕྱག་ན་ཞིང་གི་དབྱུག་ཐོ་བསྣམས། །གཡོན་པ་དགྲ་བོའི་ཙིསྟ་གསོལ། །དགྲ་བོའི་ཁོང་ནས་ཙིསྟ་འབྱིན། །དམ་ཉམས་དགྲ་བོ་སྡིག་ཅན་གྱི། །རྣམཤེས་བཀྲག་མདངས་དྲོད་དང་འབྲེལ། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག །མོན་པ་ནག་པོ་དོམ་ལ་ཤོན། །གཅེར་བུ་མི་ཐོད་ཕྱག་ན་བསྣམས། །སྤྲུལ་པ་གཅེར་བུ་འབུམ་སྡེ་འགྱེད། །དམ་ཉམས་དགྲ་བོ་སྡིག་ཅན་གྱི། །ཀླད་པ་གཤོག་ལ་ཀླད་ཁྲག་སྤྱོས། ཁོང་ནས་སྙིང་ཕྱུང་སྙིང་ཁྲག་འཐུང་། །གཟུགས་ཕུང་གཤིག་ལ་བཀྲག་མདངས་འཕྲོལ། །སྔགས་པའི་སྐུ་དགྲ་མྱུར་དུ་སྒྲོལ་ལས་ཤོག །མོན་པ་ནག་པོ་ཁྲོ་གཉེར་ཅན། །དར་ནག་བེར་ཆེན་སྐུ་ལ་གསོལ། །ཐོད་པ་འབུམ་གྱི་ཆ་ག་ཅན། །སྦྲུལ་ནག་སྟོང་གི་རྒྱན་ཆ་ཀླུབས། །རལ་པ་དུག་གི་ཕུར་པས་བརྒྱན། །གཡོན་ན་བན་དྷ་ཁྲག་གིས་བཀང་། །གཡས་པས་ཐུན་རློབ་ཆི་ལི་ལི། །ཁྲག་མདའ་བུ་ཡུག་དགྲ་ལ་འབེབས། །ཐུན་གྱི་མོན་མོ་ལག་རིངས་མ། །དམ་ཉམས་དགྲ་ལ་སྙིང་ཐུན་སྦྱོ། །མོན་མོ་ནག་མོ་བླ་རྐུན་མ། །ལག་ན་ཤ་ཟའི་ཙིསྟ་བསྣམས། །ཞབས་གཉིས་བགྲད་ན་ལག་པ་བརྫེ། །གསང་བའི་སྙིང་གཟེར་དགྲ་ལ་སྨྱོ། །མོན་མོ་ནག་མོ་ཚེ་འཕྲོག་མ། །ལག་ན་རྨེ་ཁྲག་རིམས་ནད་འཕེན། །རིམས་ནད་དགྲ་ལ་མེ་ལྟར་སྤྲོས། །གསང་བའི་སྙིང་གཟེར་དགྲ་ལ་སྨྱོ། །མོན་མོ་ནག་མོ་སྙིང་རྐུན་མ། །བགཥ་དུག་ཟེར་དགྲ་ལ་འཕེན། །དལ་གྱི་བུ་ཡུག་ཆར་ལྟར་འབེབས། །དགྲ་བོ་མྱོས་ཤིང་རླམས་སུ་འཛུད། །གསང་བའི་དུག་ཟོར་དགྲ་ལ་སྨྱོ། །མོན་མོ་ནག་མོ་དགུག་སྡུད་མ། །ལག་ན་འབྲོང་ཆེན་རྭ་ཟོར་བསྣམས། །སྨྱོ་འབོག་ལྷོག་རྒལ་དགྲ་ལ་འབེབས། །དབང་པོ་འཆལ་དང་གཟེར་དུ་ཆུག །རྭ་ཟོར་བརྣག་པའི་དགྲ་ལ་སྨྱོ། །མོན་མོ་ནག་མོ་ཐུན་འབེབས་མ། །ལག་ན་ཕུར་ཟོར་དུག་ཐུན་བསྣམས། །མཛེ་ཤུ་ལྷོག་པ་ཡམས་སུ་འབེབས། །ཀླུ་གཉན་ས་བདག་ཕོ་ཉར་འགྱེད། །དུག་ཟོར་ཕུར་མདའ་དགྲ་ལ་འཕེན། །གསང་བའི་དུག་ཟོར་དགྲ་ལ་སྨྱོ། །མོན་མོ་ནག་མོ་གཟེར་འདེབས་མ། །ལག་ན་ལྕགས་མདའ་སྙིང་གཟེར་བསྣམས། །བསྣོལ་ཐོག་རྨེ་གྲི་དགྲ་ལ་འབེབས། །ཤན་པ་སྲོག་གཅོད་ཕོ་ཉར་འགྱེད། །རྨེ་གྲི་ཤན་དམར་དགྲ་ལ་ཐོང་། །གསང་བའི་སྙིང་ཟོར་དགྲ་ལ་སྨྱོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཕོ་བྲང་ཆེན་པོ་ལ་བཤགས་པ་འདི་བཤད་དོ། །འཕགས་པའི་རྒྱལ་པོ་ཁྲོ་རྒྱལ་གཤིན་རྗེ་གཤེད། །ཆོས་སྐུ་བྱང་ཆུབ་སེམས་དཔས་མ་གཡོས་པའི། །ཡབ་ཡུམ་སྲས་དང་འཁོར་བཅས་དགོངས་སུ་གསོལ། །བདག་ཅག་དཀྱིལ་འཁོར་འདི་ལ་མངོན་དུ་ཞུགས་པ་རྣམས། །ནོངས་པ་མཆིས་ནས་འགྱོད་པས་དམ་དུ་བཅས། །ཐུགས་རྗེ་ཆེ་དགོངས་འགྱོད་པས་མཐུ་དང་དངོས་གྲུབ་གསོལ། །ཡ་མན་ཏ་ཀ་ཁྲོ་བོའི་ཚོགས་ཀྱི་གཙོ། །སྦྱོར་སྒྲོལ་ཡུམ་མཆོག་གསང་བའི་མ་ཚོགས་བདག །གཉིས་མེད་ཨེ་ཡི་གདན་ལས་དགོངས་སུ་གསོལ། །ཀུན་ཏུ་བཟང་པོ་མཆོད་པ་ཆེ་བའི་དོན་མ་རྟོགས། །ཕྱག་རྒྱ་ཡེ་ཤེས་མཆོད་པའི་རྒྱུད་མ་གྲོལ། །ཕྱི་ཡི་མཆོད་པ་ཡུལ་ལ་རྟག་པར་བཟུང་ ཡབ་ཡུམ་ཁྱེད་ཀྱི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཁྲོ་ཆེན་སྤྲུལ་པས་སྐུ་གསུང་ཐུགས་ཀྱི་རྒྱ། །དྲེགས་པ་ཡབ་ཡུམ་དངོས་གྲུབ་རྟགས་ཀྱི་ལྷ། །ལུས་ངག་ཡིད་ཀྱི་རྟོག་སྦྱོང་དགོངས་སུ་གསོལ། །རང་འབྱུང་བདུད་རྩི་རྒྱུ་རྐྱེན་རྩོལ་བས་ཉམས། །སྟ་ན་སྒྲོལ་མཆོག་མཆོད་པའི་བྱིན་ཆུངས་ཤིང་། །འགའ་ན་སྦྱོར་མཆོག་མཆོད་པའི་གནས་མ་སྟོབ། །སྤྲུལ་པ་ཕོ་མོའི་ཐུགས་དང་ཅི་འགལ་བ། །སྐུ་གསུང་ཐུགས་ཀྱི་འདའ་དཀའོ། །ཡ་མ་རྭ་ཛ་གཤེད་པོ་ཚོགས་ཀྱི་གཙོ། །ལྷ་མོ་ནག་མོ་བདུད་མོ་ཚོགས་ཀྱི་གཙོ། །སྒྲོལ་གིང་ཤན་པ་ཕོ་མོ་དགོངས་སུ་གསོལ། ཁྲ་ཁྲག་དམར་གྱི་མཆོད་པ་བྱིན་ཆུངས་པས། །ཕྱི་དང་ནང་གི་བསྐང་བ་བརྟེན་མ་འབྱོངས། །ཕྱི་ནང་གསང་བའི་མཆོད་པ་གནས་མ་སྟོབ། །གཤེད་ཕོ་གཤེད་མོའི་ཐུགས་དང་ཅི་འགལ་བ། །དྭངས་མའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པའོ། །གཤེད་པོ་ནག་འཇོམས་ཕོ་ཉའི་ཚོགས་ཀྱི་གཙོ། །བདུད་པོ་མ་ཟིན་རྔམ་པའི་ཚོགས་རྣམས་དང་། །ཐར་བྱེད་ཆེན་པོ་དགུ་རྣམས་དགོངས་སུ་གསོལ། །མཆོད་རྫས་རྒྱན་རྫས་ཕྱི་སྒྱུ་མ་ལྷུན་གྱིས་གྲུབ་པའོ། །དངོས་པོ་བདུན་དང་བསྙེན་བསྒྲུབ་ཡན་ལག་བཅས། །སྦྱོར་བ་དུ་མ་དྲག་པོ་གསུམ་དང་གཅིག །དབང་དང་བྱིན་རླབས་དངོས་གྲུབ་དོན་མ་རྟོགས། །རིག་པའི་རྒྱལ་པོ་རིག་པ་གསུམ་དང་འབྲེལ། །ལུང་གི་རྒྱལ་པོ་སྦྱོར་བའི་ཡན་ལག་གཏམས། །ཚིག་ལུང་མ་འདྲེས་བརྡ་ཡི་སྒོ་མ་ཕྱེ། །མཚན་མ་སྐྱེ་མེད་དབྱིངས་ལས་ཤར་བའོ། །རྒྱལ་མཚན་མེ་ལོང་གི་རྒྱུད་ལས། །བདུད་ཕོ་མོ་ལས་ལ་མངག་པ་དང་མཚན་མ་དབྱིངས་སུ་བཤགས་པའི་ལེའུ་སྟེ་བརྒྱ་ཉི་ཤུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ཐམས་ཅད་ལ་གདམས་པའི་དོན་འདི་བཤད་དོ། །ཨེ་མའོ་ཆོས་སྐུ་བྱང་ཆུབ་སེམས ཨེ་མའོ་ཞི་བའི་རང་བཞིན་གནས། །ཨེ་མའོ་འགྲོ་བ་འདུལ་བའི་ཕྱིར། །ཨེ་མའི་ཁྲོ་བོ་རྔམ་པའི་སྐུ། །མྱ་ངན་འདས་པའི་དབྱིངས་ཉིད་ལས། །འཁོར་ལོ་དག་པའི་རྒྱུན་དུ་སྤྲུལ། །ཡེ་ཤེས་རིག་པའི་ཕྱག་རྒྱར་གསལ། །མཚན་དང་དཔེ་བྱད་ངང་གིས་རྫོགས། །ཆགས་སྡང་ལྔ་ཉིད་སྦྱོར་བའི་ལམ། །ཡོན་ཏན་སྣ་ཚོགས་འབྱུང་བའི་གཞི། །མཚོན་ཆའི་རྒྱལ་པོ་གདུག་པའི་དབལ། །གཅོད་དང་སླར་ལྡོག་ལྷོ་བར་འ་། །ཨེ་མ་སྦྱོར་བ་དུ་ཡི་གཞི། །རངབཞིན གཉིསཀའིདམིགས་པ་འདུ། །ངེས་པའི་དོན་མེད་སྐྱོན་དེ་དག །ཡོན་ཏན་དུ་མ་ལྷུན་གྱིས་གྲུབ། །དངོས་མེད་དངོས་པོ་དག་ལས་འདས། །བརྗོད་མེད་བརྗོད་དང་བྲལ་བའང་མིན། །འཇིག་ཚེ༡ན་འཁོར་བའི་ཁམས་མ་ཡིན། །མྱ་ངན་འདས་པ་དངོས་དང་བྲལ། །ས་ཁམས་འབྱུང་བའི་ས་ལས་དབང་། །མི་ཤིགས་རྡོ་རྗེའི་སྦྱོར་བའོ། །རྟག་ཆད་ཁ་དོག་ཕྱག་མཚན་ཞལ། །སྣང་སྟོང་གཉིས་མེད་པའི་བདེ་བའི་སྐུ། །སངས་རྒྱས་ཆེ་བའི་ཡོན་ཏན་ལྡན། །བདུན་དང་ལྔ་སོགས་ཐམས་ཅད་ཀྱིས། །སྦྱོར་བ་དུ་མའི་མཚོན་ཆ་འདི། །བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས། །ཕྱུང་ནས་རྡོ་རྗེའི་གསང་ལམ་བརྒྱུད། །ལོངས་སྤྱོད་འཁོར་གྱི་སངས་རྒྱས་དང་། །སྤྲུལ་པ་འཁོར་གྱི་རྫུ་འཕྲུལ་དང་། །དངས་མ་ལྷུན་གྲུབ་གནས་པའི་འཁོར། །ལྷ་མི་དྲེགས་འཁོར་རྫུ་འཕྲུལ་ཅན། །བྱང་སེམས་བཀའ་དང་ལུང་བོར་མིན། །སློབ་དཔོན་ཡུལ་ལ་བརྙས་མི་བརྗོད། །སངས་རྒྱས་བཀའ་དང་མཆོད་པའི་རྒྱུན། །འདའ་བར་མ་ཡིན་རྟག་ཏུ་གནས། །གནས་མཆོག་གཟུངས་མ་སེམས་མི་སྤང་། །བདག་གཞན་བྱང་ཆུབ་སེམས་མི་གསད། །ཡོངས་སུ་མ་སྦྱང་ཚད་མ་སྦྱོར། །ཚོགས་ལམ་དོན་གྱི་ལམ་གཏོར་ལ། །གསང་བའི་བརྡ་དང་དབང་མི་སྨྲ། །ཕུང་པོ་དངོས་མེད་ཆོས་མི་བརྙས། །དད་ལྡན་མི་ལྡོག་ཕྱག་རྒྱ་བརྟག བཀའ་ལ་ཚད་མ་སྒྲས་མི་གཞལ། །དམ་རྫས་གཟུངས་མ་དྲེགས་པ་བསྟེན། །རྣལ་འབྱོར་མི་བརྟག་གསང་སྔགས་བཟླས། །བླ་མ་དམ་ཚིག་དམ་རྫས་ལུང་། །ཅུང་ཟད་འདས་ན་དེ་ཡིས་ནི། །དཀྱིལ་འཁོར་ཚོགས་ཀྱི་བསྐང་གསོ་བྱ། །དད་པའི་སྒོ་གསུམ་སྡོམ་ལ་གནས། །སེམས་ཀྱི་རྟེན་པ་སྐྱེ་མེད་བརྟགས། །གཤིན་རྗེ་གཤེད་ཀྱི་དཀའ་ཐུབ་བསྲུངས། །བརྟུལ་ཞུགས་རིག་པའི་རྫས་ལ་སྤྱད། །སེམས་ཀྱི་འཁོར་ལོ་རྟག་ཏུ་བལྟ། །གདུག་པའི་སྙིང་པོ་དབང་དུ་བསྡུ། །ལས་ཀྱི་རྣམ་གྲངས་དུ་མ་བརྩམ། །གཤིན་རྗེའི་ཕྱག་རྒྱ་དོན་དང་སྤྱར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆེ་བའི་དོན་དུ་བཤད་དོ། །ཨེ་མའོ་གསང་བའི་གསང་བཅུད་འདི། །འཁོར་ལོ་རྒྱལ་པོ་མཚོན་ཆེན་འདི། །རྒྱུད་རྒྱལ་མེ་ལོང་རྒྱལ་མཚན་འདི། །ལས་ཀྱི་རྒྱལ་པོ་མཚོན་ཆ་ཡིན། །ཁྱུང་ཆེན་ནམ་མཁའ་དབང་སྡུད་ཡིན། །སེང་གེ་རྩལ་བསྒོམས་སེམས་ཅན་ཟིལ་གྱིས་གནོན། །དྲེགས་པའི་རྒྱལ་པོས་བདེ་བའི་གནས་ལ་བགྲོད། །ལྷུན་པོ་ནམ་མཁའ་རིན་ཆེན་རྒྱ་མཚོ་མེ། །གསང་རྒྱུད་བཤད་པ་འཕྲུལ་གྱི་བཀའ། ཁྲེས་རབ་དབང་གི་རྩལ་མི་ལྡན། །འཁོར་གྱི་རིགས་དང་རིགས་མིན་ཀུན། །ང་ཡི་སྙིང་པོ་བཅུད་བསྡུས་པའི། །སྣ་ཚོགས་འཕྲུལ་གྱི་སྦྱོར་བ་འདི། ཁྲེས་རབ་དབང་གི་རྩལ་དང་སྦྱོང་། །སངས་རྒྱས་བཀའ་ཡི་བྱིན་བརླབས་ནས། །གསང་བའི་བདག་པོས་རབ་ཏུ་བཤད། །ཕྱག་རྒྱ་ཆེན་པོའི་བདེ་བ་བསྟན། །བྱིན་གྱིས་བརླབས་དང་ལྡན་པ་ཡིས། །ལོག་པའི་སེམས་འཆང་འདུལ་བྱེད་བཀའ། །གསང་ལམ་སྦྱོར་བའི་དག་པ་འདི། །སངས་རྒྱས་སྟོབས་དཔག་མེད་པའོ། །མངོན་པར་རྫོགས་པར་སངསརྒྱསདང། །གཤིན རྗེགཤེད་པོའི་དགེ་འདུན་རྣམས། །ལྷ་དང་ལྷ་མིན་གསང་བའི་བདག མ་མོ་མྱོས་བྱེད་ཁྲག་འཐུང་འབུམ། །མཁའ་འགྲོས་སྨྱོ་བྱེད་བྱད་སྟེམས་སམ། །བདུད་དང་སྲིན་པོ་ཤ་ཟའི་ཚོགས། །སྲིན་མོ་ལས་བྱེད་གནོད་སྦྱིན་ཀླུ། །མུ་སྟེགས་ཀེ་ཀ་བྱད་སྟེམས་གཉན། །ཉི་ཟླ་དབང་ཕྱུག་དཀོར་སྲུངས་གཟའ། །རྒྱལ་པོ་སྔགས་པ་གིང་སྲོག་བདག སྟོབས་ཆེན་འཇིག་རྟེན་དྲེགས་པའི་ཚོགས། །མུ་སྟེགས་ལོག་པའི་ནུས་པ་འཇོམས། །ཀུན་ཀྱང་གཤིན་རྗེ་གཤེད་པོའི་འཁོར། །རབ་ཏུ་མི་བསྲུན་འཇིག་རྟེན་དྲེགས། །བདེ་བའི་འཁོར་དུ་འདུས་པ་རྣམས། །བདེ་བའི་སྙིང་པོ་ལམ་ཅན་འདི། །ཁྲོ་བོ་རྒྱལ་པོ་དྲེགས་པ་འཁོར། །ཁྲོ་བོ་གཤིན་རྗེ་གཤེད་པོ་ནི། །སངས་རྒྱས་སྐུ་གསུང་ཐུགས་ཀྱི་བཅུད། །བསྡུས་ནས་རྡོ་རྗེ་ལམ་ལས་ཕྱུང་། །གསང་བའི་ཕོ་བྲང་གནས་སུ་བསྤྱིལ། །སྙིང་མེད་ཐུགས་ཀྱི་སྙིང་པོ་ལས། །འཁོར་གྱི་ཁྲོ་ཚོགས་ཕོ་མོ་རྣམས། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །ང་ཡི་འཕྲུལ་གྱི་གསང་རྒྱུད་འདི། །མ་འོངས་དམ་ཅན་སྒྲུབ་བྱེད་ན། །ང་ཡང་དམ་ལས་མི་ཡོལ་སྲུང་། །འཁོར་གྱི་དྲེགས་པ་ཕོ་མོ་དང་། །དབང་ཆེན་སངས་རྒྱས་ཆོས་སྲུངས་རྣམས། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །སྐལ་ལྡན་བསྒྲུབ་པའི་བཅུད་ལེན་དང་། །རྒྱུད་ཀྱི་སྙིང་པོ་འཛིནཔལ། །དེཚེགཤིནརྗེགཤེད་པོ་ཡིས། །དམ་ཚིག་འབྱུང་དང་ཐུགས་བརྩེ་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་འཁོར་ཐམས་ཅད་རྗེས་སུ་ཡི་རངས་ཏེ་མངོན་པར་བསྟོད་དོ། །འཁྲུལ་འཁོར་རྒྱལ་མཚན་གྱི་མེ་ལོང་གི་རྒྱུད་ལས། །ཡོངས་སུ་བཏད་པའི་ལེའུ་སྟེ་བརྒྱ་དང་ཉི་ཤུ་བདུན་པའོ།། །།བཤད་པའི་རྒྱུད་ཆེན་པོ་གཤིན་རྗེ་ཐམས་ཅད་འབྱུང་བ་འཁྲུལ་འཁོར་རྒྱལ་མཚན་སྦྱོར་བ་དུ་མའི་བཅས་གཞི་རྫོགས་པའོ།། །།སྔགས་དང་མཚོན་ཆ་བཀའི་བདག་པོ་གསུམ་གྱི་རྒྱས་གདབ་པའོ། །རྒྱ་རྒྱ་རྒྱ། རྒྱ་གར་སྐད་དུ། ཨུརུ་མཉུ་ཤི་ཡ་མ་རྭ་ཛ་ཡསྒེ །གུ་ཡ་ཏནྟྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་ཁྲོ་བོ་གཤིན་རྗེ་གཤེད་རྒྱལ་པོ་གསང་བའི་རྒྱུད། འཇམ་དཔལ་གཤིན་