Ngb-pt-0818-vol-09-text: Difference between revisions
No edit summary |
m (Move page script moved page /home/ec2-user/Ngb/PT-800-899/ngb-pt-0818-text.docx.wiki to Ngb-pt-0818-vol-09-text) |
Latest revision as of 10:50, 20 March 2020
Front
Body
ལེའུ་སྟེ་བཅུ་བཞི་པའོ།། །།ཐུགས་རྗེ་འབྱུང་བའི་རྟོག་པ་དང་པོ་རྫོགས་སོ།། །། རྒྱ་གར་སྐད་དུ། སརྦ་སིདྷི་གུ་རྒྱ་ཡ་ཀྭ་རུ་ནོ་ད་ཡང་ཤི་ཛམ་བྷ་ལ་ནཱ་མ། བོད་སྐད་དུ། དཔལ་གནོད་འཛིན་གནས་ཀྱི་བསྒྲུབ་ཐབས་ཐུགས་རྗེ་འབྱུང་བའི་རྒྱུད་ཅེས་བྱ་བ། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །ཡེ་ཤེསགནོད་འཛིན་ཡབ་ཡུམ་གཉིས་རི་རབ་ཀྱི་བྱང་ཕྱོགས་རིན་པོ་ཆེའི་གཞལ་ཡས་ཁང་དགོས་འདོད་སྐྲུངས་པའི་གནས་ན་བཞུགས་སོ། །དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་མགོན་པོ་གནོད་འཛིན་གྱིས། །འཁོར་གྱི་གནོད་སྤྱིན་རྣམས་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གནོད་སྤྱིན་གྱི་སྒོ་ནས་བཀྲ་ཤིས་ཤིང་ཟས་ནོར་འཕེལ་བ་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ལ་འཇུག་པའི་ཆོས་སྟོན་པ་དང་།དོན་དམ་པའི་ལྟ་བ་ལ་སྙོམས་པར་ཞུགས་སོ། །དེའི་འཁོར་ས་ལ་གནས་པའི་གནོད་སྦྱིན་ཕོ་མོ་བཅུ་དྲུག་དང་། འཇིག་རྟེན་གྱི་ཡབ་ཡུམ་འཁོར་དང་བཅས་པ་རྣམས་འདུས་ཤིང་འཁོད་དོ། །མདོར་ན་གནོད་སྤྱིན་གྱི་རིགས་བྱེ་བ་ཁྲག་ཁྲིག་དུ་མ་འདུས་ནས་བཞུགས་སོ། །བཞུགས་པར་གྱུར་ཏོ། །དེ་ནས་གནོད་སྤྱིན་འཁོར་སྟོང་ཕྲག་དུ་མ་དང་བཅས་པ་དག་ཀྱང་། ཞལ་ནས་རང་རང་གི་སྔགས་ཟློས་ཤིང་རིན་པོ་ཆེ་དུ་མ་ཆར་དུ་འབེབས་པ། ཕྱག་ན་དགོས་འདོད་འབྱུང་བའི་ཕྱག་མཚན་སྣ་ཚོགས་བསྣམས་པ། ལོངས་སྤྱོད་ཡིད་བཞིན་དུ་འབྱུང་བ་དེ་དག་གིས། །རང་རྟགས་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ལོ། །དེ་ནས་འཁོར་རྣམས་གཙོ་ལ་ཤིན་ཏུ་ཆགས་ཤིང་གདུངས་པའི་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། ནོར་བུ་བཟང་པོ་ལ་སོགས་པའི། །གནོད་སྦྱིན་ཆེན་པོ་བརྒྱད་ལ་སོགས། །ཟླ་འོད་ཟེར་མ་ལ་སོགས་པའི། །གནོད་སྤྱིན་གཙོ་མོ་བརྒྱད་ལ་སོགས་པའི། །ཉིད་ཀྱི་འཁོར་དུ་རྟོགས་པ་ཡི། །གནོད་སྦྱིན་སྟོང་ཕྲག་ཐམས་ཅད་ཀུན། །གནོད་སྤྱིན་གཙོབོའི་བཀུའ་ཉན་ཅིང་། །ལས་ཀྱི་བྱ་བ་གང་འཚལ་བ། །གཙོ་བོས་བཀའ་སྩལ་བདག་ཉན་འཚལ། །གནོད་འཛིན་གཙོ་བོས་སྩལ་དུ་གསོལ། །ཞེས་ཞུས་སོ། །བཅོམ་ལྡན་འདས་འཕགས་པ་གནོད་འཛིན་དཔལ་གྱིས་བཀའ་སྩལ་པ། ཉོན་ཅིག་འདུས་པའི་འཁོར་ཚོགས་དཔལ། །ལས་ངན་བྱས་ན་དམྱལ་བར་ལྟུང་། །དམ་ཚིག་གཉན་ལ་གནས་པ་དང་། །བདེ་གཤེགས་བཀའ་ལུང་གཞུང་བཞིན་དུ། །བླ་མེད་བྱང་ཆུབ་སྒྲུབ་པ་དང་། །གཞན་དོན་དག་ལ་བརྩོན་པ་དང་། །སྡོམ་པ་གསུམ་ལ་གནས་པ་ཡི། །རྣལ་འབྱོར་དམ་པ་དེ་ཉིད་ལ། །བླ་མེད་བྱང་ཆུབ་ཐོབ་པ་དང་། །ནད་མེད་བར་ཆད་ཞི་བ་དང་། །ཚེ་རིངས་སྲིས་རྨེ་མི་རྣམས་བྱམས། །བཀྲ་ཤིས་ནོར་ཟས་འཕེལ་བ་དང་། །བདེ་བའི་བསམ་པ་རྫོགས་པར་མཛོད། །ཅེས་གསུངས་སོ། །དེ་ནས་འཁོར་རྣམས་ཀྱིས་སྐད་མཐུན་པར་འདི་སྐད་ཅེས་གསོལ་ཏོ། །ཆོས་མཛད་ཐམས་ཅད་བསྲུང་བ་དང་། །བླ་མེད་བྱང་ཆུབ་སྒྲུབ་པ་དང་། །བཀྲ་ཤིས་བར་ཆོད་མེད་པ་དང་། །བསམ་པ་ཡིད་བཞིན་འགྲུབ་པ་དང་། །གནོད་པ་ཐམས་ཅད་བཟློག་བགྱིད་དོ། །ཞེས་དམ་བཅས་སོ ཡང་བཅོམ་ལྡན་འདས་གནོད་འཛིན་གྱིས་བཀའ་སྩལ་པ། ཁྱེད་ཀྱིས་དེ་ལྟར་བྱས་གྱུར་ན། །སངས་རྒྱས་ཐམས་ཅད་མཉེས་པར་འགྱུར། །དེ་ཡང་ཅི་ཡི་ཕྱིར་ཞེ་ན། །ང་ཡི་བསྟན་པ་འདི་དག་ནི། །སངས་རྒྱས་ཀུན་གྱི་ཡུམ་ཡིན་ནོ། །ཞེས་གསུངས་སོ། །དེ་ནས་གཙོ་བོ་ལ། འཁོར་གནོད་སྦྱིན་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ཁེན་ཏུ་མཛེས་པའི་གནོད་སྤྱིན་ཚོགས། །ཉིད་ཀྱིས་སྐྱེ་བ་སྔོན་རོལ་དུ། །ལས་སུ་བྱ་བ་གང་ལ་སྤྱད། །གནོད་སྤྱིན་འཕགས་པས་བཀའ་སྩལ་ཅིག །ཅེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་གནོད་སྦྱིན་ཆེན་པོས་བཀའ་སྩལ་པ། །ཐུགས་རྗེ་འབྱུང་བའི་རྒྱུད་འདི་ནི། །གསང་སྔགས་བདག་པོ་དེ་ལ་དྲིས། །གནོད་སྤྱིན་ཆེན་པོ་ཁྱེད་རྣམས་ལ། །དེ་ཡིས་མཁྱེན་པས་ལེགས་པར་འཆད། །ཅེས་གསུངས་པ་དང་། དེ་ནས་འཁོར་གྱི་ནོར་བུ་བཟང་པོས་དྲི་བ་དྲི་བསམ་སྟེ་སྟན་ལས་ལངས་པ་དང་། །གསང་བའི་བདག་པོ་དེ་ཉིད་ཀྱིས། །འཁོར་གྱི་རྟོག་པ་ཐུགས་སུ་ཆུད་ནས། །ནོར་བུ་བཟང་པོ་ལ་གླང་པོའི་ལྟ་སྟངས་ཀྱིས་གཟིགས་ནས་འདི་སྐད་ཅེས་གསུངས་སོ། །ཉོན་ཅིག་འཁོར་གྱི་གནོད་སྤྱིན་ཀུན། །སྔོན་ཆད་ལྷ་ཡི་ཡུལ་ན་འདུག །ལས་སུ་ལྷ་ཡི་ལོངས་སྤྱོད་སྤྱད། །མིང་ནི་རིན་ཆེན་ནོར་བུར་གྲགས། །ཞེས་གསུངས་སོ། །འཁོར་གྱིས་གསང་བའི་བདག་པོ་ལ་གསོལ་པ། །ཀྱེ་ཀྱེ་གནོད་སྤྱིན་བཅོམ་ལྡན་འདས། །རིན་ཆེན་ནོར་བུ་བྱ་བ་སྲ །གནོད་སྤྱིན་ལུས་སུ་སྐྱེ་བ་དེ། །ལས་ཀྱི་རྣམ་སྨིན་ཅི་ལས་བྱུང་། །གསང་བའི་བདག་པོས་བཀའ་སྩོལ་ཅིག །ཅེས་ཞུས་པ་དང་། ཡང་གསུངས་བ། ཉོན་ཅིག་གནོད་སྤྱིན་ནོར་བུ་བཟང་། །སུམ་ཅུ་རྩ་གསུམ་ལྷ་ཡུལ་དུ། །ཡོངས་འདུ་ས་བརྟོལ་ཤིང་གཅིག་ལ། །ལྷ་དང་ལྷ་མིན་རྩོད་པ་བྱུང་། །ལྷ་རྣམས་འཕམ་པར་གྱུར་བ་ལས། །རིན་ཆེན་ནོར་བུ་ལྷ་ཡི་བུས། །སངས་རྒྱས་མར་མེ་མཛད་ཅེས་ལ། །མེ་ཏོག་མན་དྷ་ར་བ་གཏོར། །སྤྱན་སྔར་སྨོན་ལམ་འདི་བཏབ་པས། །བཅོམ་ལྡན་འདས་ཀྱིས་བདུད་རྣམས་དང་། །བདུད་ཀྱི་རིས་ཀྱི་ལྷ་རྣམས་དང་། །ལྷ་མ་ཡིན་ཐམས་ཅད་འདུལ་བ་དང་། །རིན་ཆེན་གཏེར་ལ་ལོངས་སྤྱོད་ནས། །དབུལ་པོའི་སྡུག་བསྔལ་སེལ་བ་དང་། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །དེ་སྐད་སྨོན་ལམ་བཏབ་པ་དང་། །སངས་རྒྱས་མར་མེ་མཛད་ཆེན་གྱིས། །དེ་ཡི་མགོ་ཐོག་ཕྱག་བཞག་ནས། །འདོད་པའི་ཁམས་ལ་དབང་མཛད་པའི། །མགོན་པོ་ཛམ་བྷ་ལ་ཞེས་པ། །དགོས་འདོད་དག་ལ་ལོངས་སྤྱོད་པའི། །གནོད་སྦྱིན་དུ་མའི་འཁོར་གྱིས་བསྐོར། །དབུལ་འཕོངས་ཀུན་ལ་ཐུགས་རྗེས་གཟིགས། །ལས་འཕྲོ་ཅན་ལ་དངོས་གྲུབ་སྟེར། །དེ་ལྷ་བུ་ཡི་གནོད་སྤྱིན་དུ། །སྐྱེ་བར་དེ་ནི་ཐེ་ཚོམ་མེད། །ཕྱག་ན་རྡོ་རྗེས་བྱིན་བརློབ་ཅིང་། །ཆོས་དང་མཐུན་པར་དབུལ་འཕོངསསེལ། །རིན་ཆེན་རྡོ་རྗེའི་བུ་རུ་སྐྱེ། །ལྷ་ཡི་དུག་ལྔ་ཞི་ནས་ཀྱང་། །ཤིན་ཏུ་མཛེས་པའི་ལས་རྣམས་སྤྱོད། །མར་མེ་མཛད་ཀྱི་སྤྱན་སྔ་སྲ །རྒྱལ་འཐེབ་ཤཱཀྱ་ཐུབ་པ་དང་། །སྨོན་ལམ་གཅིག་ཏུ་བཏབ་པའི་མཐུས། །ད་ལྟ་ཤཱཀ་ཐུབ་བསྟན་པ་ལ། །བསྒྲུབ་ན་དངོས་གྲུབ་མྱུར་བར་ཐེ་ཚོམ་མེད། །དབུལ་འཕོངས་སྡུག་བསྔལ་སེལ་བར་འགྱུར། །ཞེས་གསུངས་སོ། །འཁོར་གྱིས་གསོལ་བ། ལེགས་སོ་ལེགས་སོ་བཅོམ་ལྡན་འདས། །ལེགས་སོ་ལེགས་སོ་རྡོ་རྗེ་འཆང་། །ཇི་ལྟར་བསྟན་པ་དེ་བཞིན་དུ། །བདག་ཅག་འཁོར་དང་བཅས་པ་ཡང་། །མགོན་པོ་ཛལྷ་ལ་བཞིན་དུ། །བགྱིད་ཅིང་བཀའ་ཉན་གསུང་བསྟོད་དོ། །ཞེས་སྨྲས་སོ། །ཐུགས་རྗེ་འབྱུང་བའི་རྒྱུད་ལས། སྐྱེ་བརྒྱུད་དང་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་འདུས་པའི་འཁོར་རྣམས་ཀྱིས། །གསང་བའི་བདག་པོ་ལ་གསོལ་པ། །མགོན་པོ་གནོད་འཛིན་སྒྲུབ་པའི་ཐབས། །གདུལ་བྱའི་གཉེན་པོ་གང་ལ་བྱ། །གསང་བའི་བདག་པོ་གནོད་སྦྱིན་གྱིས། །བསྙེན་བསྒྲུབ་ལས་སྦྱོར་བཀའ་སྩོལ་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་འཁོར་ཚོགས་ཀྱི། །གནོད་སྤྱིན་སྒྲུབ་པའི་རྣལ་འབྱོར་པས། །དང་པོ་ཕྱག་ན་རྡོ་རྗེ་བསྒྲུབ། །གཞུང་དང་མཐུན་པའི་གནས་དག་ཏུ། །སྟེགས་བུ་གྲུ་བཞི་མཛེས་པའི་ཁར། །ཙན་དན་བསྲེགས་པའི་དུད་པ་དང་། །གུ་གུལ་དཀར་པོ་བཅས་པ་ཡི། །བདུད་རྩི་ལྔ་ཡི་ཆག་ཆག་གདབ། །དེ་སྟེངས་མེ་ཏོག་སྔོན་པོས་དགྲམ། །དམ་ཚིག་བསྐྱེད་ལ་ཡེ་ཤེས་ལྷ། །སྤྱན་དྲངས་ཕྱི་ནང་གསང་གསུམ་མཆོད། །འབུམ་ཚོ་གསུམ་དུ་སྔགས་འདི་བཟླས། །ཨོ་ཙཎྜམ་ཧྭ་རོ་ཥ་ཎ་ཧུ༷་ཕཊ། གཏོར་མ་ཤ་ལྔ་བདུད་རྩི་ལྔ། །འབྲུ་གསུམ་སྔགས་ཀྱིས་བྱིན་གྱིས་བརླབ། །མཆོད་བསྟོད་གསོལ་གདབ་མཉེས་བྱས་ནས། །མེ་ཏོག་སྔོན་པོ་དུས་ཆེན་མཆོད། །སྐུ་གསུང་ཐུགས་ཀྱི་རྟགས་བྱུང་ན། །དེ་ནས་གནོད་སྤྱིན་སྒྲུབ་པར་བྱའོ། །ཐུགས་རྗེ་འབྱུང་བའི་རྒྱུད་ལས། བསྙེན་སྒྲུབ་ལས་སྦྱོར་གྱི་ལེའུ་སྟེ་གཉིས་པའོ།། །།སེམས་ཅན་རྣམས་ལ་སོབ་པས་ན། །མགོན་པོ་ཞེས་ནི་དེ་ལ་བྱ། །བཀྲ་ཤིས་ཟས་ནོར་འཕེལ་བས་ན། །གནོད་འཛིན་ཞེས་ནི་དེ་ལ་བྱ། །གསེར་མདོག་འདྲ་བས་གནོད་སྦྱིན་ཏེ། །འཕོངས་པ་རེ་སྐོངས་ནོར་གྱི་ལྷ། །ཐུགས་རྗེ་འབྱུང་བའི་རྒྱུད་ལས། གནོད་གནས་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་འཁོར་གྱི་ནོར་ལྷ་ཡིས། །གསང་བ་པོ་ལ་འདི་སྐད་གསོལ། །མགོན་པོ་གནོད་འཛིན་སྒྲུབ་པའི་གནས། །གསང་སྔགས་བདག་པོས་བཀའ་སྩོལ་ཅིག །ཅེས་ཞུས་པས། གསང་སྔགས་བདག་པོས་བཀའ་སྩལ་པ། །ཉོན་ཅིག་ནོར་ལྷ་འཁོར་དང་བཅས། །གནས་ནི་ཡིད་དུ་འོང་བ་ཡི། །བྱང་དུ་ཁ་ལྟས་གསེར་གྱི་མདོག །གཉའ་ཤིང་འཛིན་འདྲའི་རི་ཆེན་ལ། །གསེར་གྱི་ལྷ་བཤོས་ལྟ་བུ་འམ། །གནམ་གྱི་ཀ་བ་འདྲ་བའི་རི་ཟླུམ་པོ། །ཆུ་གླིང་མེ་ཏོག་གླིང་ཆགས་སམ། །རྒྱ་མཚོ་ཆེན་པོ་འམ་ཡང་ན་དབེན་པའི་ས། །ཡང་ན་བཀྲ་ཤིས་ཉམས་དགའ་འམ། །མདོར་ན་རིན་ཆེན་ལྔའི་བཞིའོ། །གདེང་དང་ལྡན་པའི་རྣལ་འབྱོར་པས། །བྱང་ཆུབ་ཐོབ་མཐོང་བསོད་ནམས་འཕེལ། །བཀྲ་ཤིས་དངོས་གྲུབ་ཐོབ་བྱའི་ཕྱིར། །སྒྲུབས་ན་དངོས་གྲུབ་མྱུར་དུ་འགྲུབ་པར་འགྱུར། །ཐེ་ཚོམ་སྤང་བ་ཤིན་ཏུ་གཅེས། །སྤྲོ་བ་དང་ནི་ལྡན་པར་བྱ། །ཐུགས་རྗེ་འབྱུང་བའི་རྒྱུད་ལས། གནས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་འཁོར་གྱི་ནོར་ལྷ་ཡིས། །གསང་བདག་ལ་ནི་འདི་སྐད་ཞུས། །རྟེན་པའི་དལ་དང་མཆོད་པའི་རྫས། །གསང་བའི་བདག་པོས་བཤད་པར་འཚལ། །གསང་བའི་བདག་པོས་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་འཁོར་ཚོགས་ཀུན། །ཐེག་ཆེན་བྱང་ཆུབ་སེམས་ལྡན་པས། །ལོ་ཟླ་གཟའ་སྐར་ཤིས་པ་ལ། །དགའ་བའི་ཚལ་ལམ་ཀུན་དགའ་ར་བ་འམ། །ཡང་ན་བཀྲ་ཤིས་དབེན་གནས་སུ། །བསོད་ནམས་ལྡན་པའི་རྒྱལ་པོ་འམ། །ཁྱིམ་བདག་བྲམ་ཟེ་ཕུན་སུམ་ཚོགས། །ཁང་ཁྱིམ་དག་ནས་ས་བླངས་པ། །དཀྱིལ་འཁོར་གྲུ་བཞི་འཚམས་པར་བརྩིགས། །སྟེང་དུ་རིན་ཆེན་སྣ་ཚོགས་བརྡར། །གཙང་སྦྲ་བྱི་དོར་ལེགས་བྱས་ལ། །དེ་སྟེངས་བ་བླས་སེར་པོར་བྱུགས། །ཚང་ཐིག་ཟུར་ཐིག་མཐའ་ཐིག་གདབ། །ཐིག་རྣམས་མཁས་པས་རྫོགས་བྱས་ལ། །དེ་ནས་དཀྱིལ་འཁོར་བཞེངས་པ་ནི། །ཕོ་བྲང་འཁོར་ལོ་རྩིབས་བརྒྱད་སེར། །རྩིབས་བརྒྱད་གོང་རས་གསེར་མདོག་སྔོ། །མུ་ཁྱུད་རིན་ཆེན་སྣ་ཚོགས་བྲི། །གྲུ་ཆད་ལྗང་ཁུང་རིན་པོ་ཆེ། །བར་ཁྱམས་ཕྱོགས་ཚོན་དག་ཏུའོ། །པརྩི་ར་ག་རྩིག་པར་བྱ། །དེ་སྟེངས་ཙན་དན་བྱང་བུ་ལ། །དངོས་གྲུབ་གང་འདོད་གསོལ་བྱང་བྲི། །རྫོགས་པར་བྲིས་ལ་སྟེང་དུ་བཞག །མན་འཇི་ཆེན་པོ་གཅིག་གི་ཁར། །རུལ་སྦལ་ཁོབ་པ་ཡོད་ན་རབ། །མེད་ན་རིན་ཆེན་སྣོད་ནང་དུ། །ནས་དང་གྲོ་དང་འབྲས་ལ་ནི། །ཕྱེ་བྱས་གཏོར་མ་བཟང་བྱས་ཏེ། །དབུས་སུ་ལྟ་བཤོས་བཅུག་བྱས་ཏེ། །མཐེབ་ཀྱུ་དག་གིས་མཐའ་མ་བསྐོར། །དཀར་གསུམ་མངར་གསུམ་བརྒྱན་བྱས་ལ། །དཀྱིལ་འཁོར་དབུས་སུ་དགོད་པར་བྱ། །ཕྱི་ཡི་མཆོད་པ་ལྔ་རྣམས་བཤམ། །དར་སེར་དག་གིས་རྣམ་བརྒྱན་བྱ། །མེ་ཏོག་སེར་པོ་དུས་མེད་མཆོད། །མུན་ནག་མི་ཤིས་མར་མེ་རྟེན། །ཕུད་དང་བདུད་རྩི་རྣམ་ལྔ་བཤམ། །གནོད་སྤྱིན་སྤྲུལ་ཕྱིར་སྤོས་དུད་བཏང་། །བཀྲ་ཤིས་ཚེ་ཡི་འབྲང་རྒྱས་བྱ། །གཞན་ཡང་ཞལ་ཟས་སྣ་ཚོགས་བསགས། །ཐུགས་རྗེ་འབྱུང་བའི་རྒྱུད་ལས། དཀྱིལ་འཁོར་བྲི་བ་དང་རྫས་དགོད་པའི་ལེའུ་སྟེ་ལྔ་པའོ།། །།ཡང་འདུས་པའི་འཁོར་རྣམས་ཀྱིས། །བཅོམ་ལྡན་འདས་གསང་བ་པོ་ལ་འདི་སྐད་གསོལ་ཏོ། །གནོད་འཛིན་འཁོར་བཅས་བསྒྲུབ་པ་ནི། །བསྙེན་སྒྲུབ་ལྷ་ཚོགས་ཇི་ལྟར་བསྒོམ། །ཞེས་སྨྲས་སོ། །གསང་བའི་བདག་པོས་འིད་སྐད་བཤད། །འདུས་པའི་ཚོགས་ཆེན་ཀུན་ཉོན་ཅིག །ཕྱི་རབས་དོན་དུ་བཤད་ཀྱིས་ཉོན། །དབུས་སུ་གསང་བའི་བདག་པོ་སྟེ། །ཕྱག་མཚན་རྡོ་རྗེ་རྩེ་ལྔ་པ། །གཉེན་པའི་ཚུལ་དུ་བསྒོམ་པར་བྱ། །ཉི་ཟླ་པདྨའི་གདན་སྟེངས་སུ། །ཕྱག་རྡོར་མདུན་དུ་སྐུ་བསྐྱེད་ལ། །ཡི་གེ་རྫ་ལས་ཛསྟ་ལ། །ཡེ་ཤེས་ནོར་ལྷ་ཡབ་ཡུམ་བསྒོམ། །དེ་ཡི་མདུན་དུ་པདྨའི་སྟེང་། །ཡི་གེ་བྷ་ལས་སྐུ་བསྐྱེད་པ། །འཇིག་རྟེན་ནོར་ལྷ་ཡབ་ཡུམ་བསྒོམ། །འཁོར་ལོ་རྩིབས་བརྒྱད་སྟེང་དུ་ཡང་། །གནོད་སྤྱིན་བརྒྱད་དང་བཙུན་མོ་བརྒྱད། །སྐུ་དང་ཕྱག་རྒྱ་གསལ་བར་བསྒོམ། །བྱང་སྒོར་གནོད་སྒྱིན་སྒོ་བ་སྟེ། །མུ་རན་གནོད་སྤྱིན་འབུམ་ཕྲག་བསྐྱེད། །དེ་ནི་བསྒོམ་པའི་རིམ་པའོ། །ཐུགས་རྗེ་འབྱུང་བའི་རྒྱུད་ལས། །དཀྱིལ་འཁོར་བྲི་བ་དང་ལྷ་ཚོགས་བསྒོམ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་འདུས་པའི་འཁོར་ཚོགས་ཀྱིས། །གསང་བའི་བདག་པོ་ལ་འདི་སྐད་ཞུས་སོ། །གནོད་སྤྱིན་ལྷ་ཚོགས་སྒྲུབ་འདོད་ན། །དེ་ཡི་བླ་རྡོ་ཇི་ལྟར་བཟུང་། །གསང་བའི་བདག་པོས་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་འཁོར་ཚོགས་ཀུན། །དུ་རུ་ཀ་ནི་བཅུ་རྣམས་ལ། །གནོད་སྤྱིན་འཁོར་དང་བཅས་པ་ཡི། །སྲོག་སྔགས་ཁྲི་ཚོ་གཅིག་བཟླས་ན། །གཙོ་འཁོར་རྩ་སྔགས་གསེར་གྱིས་བྲི། །དར་དཀར་དག་ལ་འཁོར་ལོ་རྩིབས་བརྒྱད་བྲི། །ཕྱི་རུ་རྡོ་རྗེ་རྒྱ་གྲམ་རྒྱ་ཡིས་གདབ། །དར་དཀར་ནང་དུ་གོང་གི་ཚེ། །ཕྱི་རིམ་དར་སེར་དག་གིས་བསྟུམ། །གསེར་དངུལ་རྟེན་འབྲེལ་སྙིང་པོ་བྲི། །དེས་དྲིལ་དེ་ལ་ཚས་ཀྱང་བྱ། །སྐུད་པ་སེར་པོས་དྲིལ་ནས་ནི། །གཙུག་གམ་མགུལ་དུ་བཏགས་བྱས་ན། །ལུས་དང་གྲིབ་མ་བཞིན་དུ་འོང་། །བསམ་པ་འགྲུབ་ལ་ཆོས་དང་འཕྲད། །བསྲུང་བའི་མཆོག་ཏུ་འདི་འགྱུར་རོ། །ཐུགས་རྗེ་འབྱུང་བའི་རྒྱུད་ལས། བླ་རྡོ་གཟུང་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ལྟ་སྒོམ་སྤྱོད་པ་ཇི་ལྟར་ལགས། །ཞེས་དྲིས་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས། །ཉོན་ཅིག་འདུས་པའི་འཁོར་ཚོགས་ཀུན། །ལྟ་བ་སྣང་སྟོང་དབྱེར་མེད་ལ། །ཡེངས་མེད་སྟོང་པར་སངས་ངེ་ཞོག །སྒོམ་པ་གསལ་སྟོང་འཛིན་མེད་ལ། །རང་བྱུང་ཡེ་ཤེས་ས་ལེ་བསྒོམ། །སྤྱོད་པ་རང་བྱུང་ལྷུག་པ་ཡིན། །རང་རྒྱུད་བཟང་བ་འབལ་ལེ་སྤྱད། །འབྲས་བུ་སྐུ་གསུམ་ལྷུན་གྲུབ་ལ། །བྱ་བཙལ་མེད་པ་ལྷན་ནེ་འབྱུང་། །ཕྱི་རབས་དོན་དུ་བཤད་བྱས་པས། །ལུང་བསྟན་དག་པས་དཔལ་གྱི་དགོངས་པ་ནི། །ནམ་མཁའི་དབྱིབས་ལྟར་མ་གཡོས་དབྱིབས་དང་ཁ་དོག་མེད། །རྒྱལ་བའི་ཡུམ་མཆོག་རྟོགས་པ་ཀུན་དང་བྲལ་ཞིང་འདས། །ཆོས་དབྱིངས་ཉོན་མོངས་ཤེས་བྱའི་སྒྲིབ་པ་ཀུན་ལས་སྒྲོལ། །མ་ལུས་འདིར་འདུས་རྫོགས་ཆེན་ཀུན། །འདི་ལ་སྤྱོད་པ་འཁོར་འདས་གཅིག་གི་ས། །མ་བཅོས་སངས་རྒྱས་ཀུན་གྱི་དགོངས་པ་ཡིན། །ཐེག་ཆེན་བྱང་ཆུབ་སངས་རྒྱས་བླ་ན་མེད། །འདི་ལ་ཡེ་ཤེས་སྦྱོར་ལམ་རྣལ་འབྱོར་ཀྱང་། །སྐུ་གསུམ་ཐིག་ལེ་ཉག་གཅིག་ངང་ལ་མ་གཡོས་བཞིན། །དྲན་དང་དྲན་མེད་སྐྱེད་མེད་བློ་ལས་འདས། །རྒྱ་མཚོ་ཆེན་པོ་བཞིན་དུ་གཅིག་ཏུ་རྫོགས། །ལྟ་སྒོམ་སྤྱོད་པ་འདི་དང་གཉིས་མེད་སེམས་དེ་ཉིད། །དབྱེར་མེད་སྙིང་རྗེ་དམ་ཚིག་རབ་ཏུ་ཞི་ལས་འབྱུང་། །དེ་ལ་གནོད་སྤྱིན་ཚོགས་ཀྱིས། །དངོས་གྲུབ་གང་འདོད་སྦྱིན་པར་བྱེད། །ཅེས་གསུངས་སོ། །ཐུགས་རྗེ་འབྱུང་བའི་རྒྱུད་ལས། ལྟ་སྒོམ་སྤྱོད་པ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།བཅོམ་ལྡན་འདས་ཀྱིས་ཡང་གསུངས་པ། །ཉོན་ཅིག་འཁོར་དུ་གཏོགས་པ་རྣམས། །དམ་ཚིག་སྤྱོད་པ་འདི་ལྟ་སྟེ། །གསང་སྤྱོད་དཀྱིལ་འཁོར་དབང་རྣམས་དང་། །སྣོད་ངན་གཞན་ལ་གབ་པར་བྱ། །བཀྲ་ཤིས་སྒྲུབ་ཁང་རྒྱུན་དུ་གནས་པར་བྱ། །ཀུ་ཤའི་སྟན་ཐོག་སྙིང་པོ་རྒྱུན་དུ་བགྲང་། །སྐྱེ་བོ་གཞན་དང་མི་མཐུན་ར་རོ་བག་མེད་སྤང་། །བླ་མ་ཡི་དམ་ལྷ་དང་དཀོན་མཆོག་གསུམ། །དེ་མིན་གཞན་ལ་ཕྱག་མི་བྱ། །སེམས་ཅན་རྣམས་ལ་ཕན་སེམས་བསྐྱེད། །མེཏོགསེརཔོསམཆོད་པ་བརྩོན་པར་བྱ། །དབྱངས་སྙན་དག་གིས་ཐོ་རངས་བསྟོད་པ་བྱ། །སྨོན་ལམ་གང་འདོད་དག་ལ་ཐུན་མཚམས་ནན་ཏན་སྐྱེད། །མཆོད་པ་རྣམ་ལྔ་དག་ལ་རྟག་ཏུ་བརྩོན་པར་བྱ། །འགྲོ་དྲུག་དབུལ་བའི་སྡུག་བསྔལ་བསལ་བའི་ཕྱིར། །གནོད་སྤྱིན་མཉེས་པར་བྱས་ལ་ནོར་ཕྱུགས་སྤེལ། །དེ་རྣམས་བསམ་པ་དྲག་པོ་རྟག་ཏུ་བྱ། །དེ་ལྟར་བྱས་ན་གནོད་འཛིན་མི་འགྲུབ་མི་སྲིད་དོ། །དངོས་གྲུབ་འབྱུང་བར་ཐེ་ཚོམ་གང་ཡང་མེད། །ཐུགས་རྗེ་འབྱུང་བའི་རྒྱུད་ལས།དམ་ཚིག་སྤྱོད་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་འདུས་པའི་འཁོར་ཚོགས་ཀྱིས། །གསང་བའི་བདག་ལ་འདི་སྐད་ཞུས། །དེ་ཡི་བསྙེན་པ་ཇི་ལྟར་བྱ། །གསང་བའི་བདག་པོས་འདི་སྐད་གསུངས། །འདུས་པའི་འཁོར་བཅས་ང་ལ་ཉོན། །བསྙེན་པའི་དུས་སུ་གཏོར་མ་བཏང་། །ཕྱི་མཚམས་བསྲུང་ཞིང་ནང་མཚམས་གཅད། །དཀྱིལ་འཁོར་བྲིས་ལ་རྒྱན་རྣམས་དགོད། །དམ་རྫས་བསོགས་ཅིང་མཆོད་རྫས་དགྲམ། །ཐུགས་ཀྱི་སྙིང་པོ་འདི་བཟླས་སོ། །ཨོ་ཛསྒྱུ་ལ་ཛ་ལེན་ཧྭ་ཡ་རད་ན་སིརྙི་ཙིསྟ་ཧུ༷། འདི་ནི་ཡོན་ཏན་སྙིང་པ་ཡིན། །ཨོ་རྫ་ཛསྟ་ལ་ཛ་ལེན་ཏྲ་ཡ་ཧུ༷་ཧུ༷། འདི་ནི་ཉེ་བའི་སྙིང་པོ་ཡིན། །ཨོ་ཨུ༷༷ཧུ༷། ཛསྟ་ལ་ཛ་ལེན་དྲུ་ཡ་རད་ན་སིདྷི་པུཁི་༷་ཀུ་རུ་ཧུ༷་ཧུ༷། འདི་ནི་སྤྱན་དྲངས་པའི་སྔགས་སོ། །ཨེ་ཧ་ལི་མ་ཧྭ་ཡཀྟ་ཛསྒྱུ་ལ་ཛ་ལེན་དྲུ་ཡ་ཛ་ཧུ༷་བ༷་ཧོ། །ཐུགས་ཀྱི་སྙིང་པོ་སྟོང་བཟླས་སོ། །ཡོན་ཏན་སྙིང་པོ་ཁྲི་བཟླས་སོ། །ཉེ་བའི་བསྙེན་པ་ལ་འབུམ་བཟླས་སོ། །སྤྱན་དྲངས་པའི་སྔགས་སོ། །ཐུགས་རྗེ་འབྱུང་བའི་རྒྱུད་ལས། བསྙེན་པའི་སྔགས་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་འདུས་པའི་འཁོར་གྱིས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ།རྡོ་རྗེ་གསང་བའི་བདག་པོ་ཆེ། །འགྲོ་བའི་དོན་ལ་བརྩོན་མཛད་པ། །ཕྱི་རབས་གང་ཟག་རྣམས་ཀྱི་དོན། །གནོད་སྤྱིན་གཙོ་འཁོར་ཇི་ལྟར་སྒྲུབ། །གསང་བའི་བདག་པོས་བཀའ་སྩལ་པ། །འདུས་པའི་འཁོར་ཚོགས་ཀུན་ཉོན་ཅིག །གནོད་སྒྱིན་རྣམས་ཀྱི་སྒྲུབ་ཐབས་ནི། །ཕྱི་རབས་དོན་དུ་ངས་བཤད་ཀྱིས། །དད་ལྡན་གནོད་སྤྱིན་གྲུབ་འདོད་པས། །སྒྲུབ་ཐབས་ཕྱི་ནང་གསང་བ་གསུམ། །ཐོག་མར་ཕྱི་སྒྲུབ་བཤད་པར་བྱ། །སྙིང་རྗེ་བྱང་ཆུབ་སེམས་ལྡན་པའི། །ཟླ་སྟོད་ཚེས་གྲངས་ཤིས་པ་ལ། །སྟེགས་བུ་གོང་བཞིན་བརྩིགས་བྱས་ལ། །འཁོར་ལོ་རྩིབས་བརྒྱད་ནང་དུ་ནི། །དབུས་སུ་ནེའུ་ལེ་གཅིག་གཞུག་གོ །རྩིབས་བརྒྱད་དག་ལ་རེ་རེ་འོ། །དབུསཀྱི་ནེའུ་ལེ་གཅིག་ནང་དུ། །ཡེ་ཤེས་ནོར་ལྷ་ཡབ་ཡུམ་གྱི། །རྩ་སྔགས་གསེར་གྱིས་བྲིས་ནས་ནི། ཁེང་ཐོག་རྣམ་རྒྱལ་ནང་དུ་གཞུག །འཇིག་རྟེན་ནོར་ལྷ་ཡབ་ཡུམ་གྱི། །སྲོག་སྔགས་བྲི་ཛ་པུ་རར་གཞུག །འཁོར་གྱི་ནོར་ལྷ་བརྒྱད་གཉིས་ཀྱི། །རང་རང་སྲོག་སྔགས་བྲིས་པ་དང་། །ཨ་རུ་ར་ནི་གཞུག་པར་བྱ། །ནེའུ་ལེའི་ཁ་ནས་རིན་ཆེན་སྒྱུག་པར་བྱ། །རེ་རེ་དག་ལ་ཡེ་ཤེས་དགུག་གཞུག་བྱ། །དེ་ལྟར་རབ་གནས་བཟང་བྱས་ལ། །རྣམ་ལྔ་ལ་སོགས་པུ་ཙ་བཤམ། །གནོད་སྤྱིན་ཚོགས་ལ་དབུལ་བར་བྱའོ། །ཡིད་བཞིན་དངོས་གྲུབ་སྟེར་བར་བསམ། །བདག་ཉིད་གསང་བདག་གསལ་བ་ཡིས། །གནོད་སྦྱིན་སྲོག་སྔགས་དྲངས་པར་བྱ། །ལྕགས་ཀྱུའི་ཕྱག་རྒྱ་བཅས་ནས་ནི། །བཟླས་ན་དངོས་གྲུབ་འདི་ལྟར་ཡོད། །ཐམས་ཅད་འགྲུབ་ཕྱིར་བཤད་པར་བྱ། །ཨོ་ཛསྒྱུ་ལ་ཛ་ལེན་དྲུ་ཡ་གྲྭ་ཧྭ། ཨོ་བ་སུ་དྷ་རི་ཁེ་གྲྭ་ཧྭ། ཨོ་མ་ཁེ་བྷ་དྲུ་ཡ་གྲྭ་ཧྭ།ཨོ་ཙན་དྲ་ཀྭ་ན་ཁྱི་སྭ་ཧྭ། ཨོ་པུ་ཁོ་བྷ་དྲ་ཡེ་གྲྭ་ཧྭ། ཨོ་དན་དྷ་ཡེ་སྭ་ཧྭ། ཨོ་དྷ་ན་དྷ་ཡེ་སྲུ་ཧྭ། ཨོ་སུ་དྷན་དྷ་ཡི་གྲྭ་ཧྭ། ཨོ་བི་ཙི་པ་ཁི་ཡེ་གྲྭ་ཧྭ། ཨོ་ཨུརུ་ཡ་གྲྭ་ཧྭ། ཨོ་པི་ཙི་ཀུཎྜལི་ཡེ་གྲྭ་ཧྭ། ཨོ་པུཁོ་བྷ་དྲ་ཡུ་གྲྭ་ཧྭ། ཨོ་ཀི་ལི་མི་ལི་ན་ཡེ༷་སྲུ་ཧྭ། ཨོ་ཏྭ་ཡེ་གྲྭ་ཧྭ། ཨོ་མུ་ཁེན་དྲུ་ཡེ་གྲྭ་ཧྭ། ཨོ་དེ་སྙི་ཡེ་གྲྭ་ཧྭ། ཨོ་སུ་ར་སི་ཏ་ཡེ་གྲྭ་ཧྭ། གཙོ་བོ་ལ་སྟོང་བཟླས། འཁོར་ལ་ཁྲི་ཁྲི་བཟླས་སོ། །དེ་ལྟར་རེ་རེ་སྐྱོལ་བ་དང་བཤམ་བུ་འདི་བཏགས་སོ། །དྷ་ན་མེ་དེ་ཧི་བྱུང་་ཀུ་རུ་ཡེ་གྲྭ་ཧྭ། ནན་ཁ་ཏེ་སྤྲུསྟོ་ཀུ་རུ་ཡེ་སྲུ་ཧྭ། རད་ན་སིདྷི་སརྦ་ཧུ༷་ཨ་ཨ། དེ་ལྟར་བརྒྱ་བརྒྱ་གདགས་པར་གསུངས། །དེ་ཡི་ཏིང་འཛིན་རིམ་པ་ནི། །སྔགས་བཟླས་པ་ཡི་འོད་ཟེར་གྱིས། །ནེའུ་ལེ་བརྒྱད་ལ་ཕོག་པས་ནི། །གཙོ་འཁོར་བཅས་པའི་ཐུགས་དམ་བསྐུལ། །སྔོན་གྱི་དམ་ཚིག་རྗེས་དྲན་ནས། །གང་འདོད་དངོས་གྲུབ་འབྱུང་བར་འགྱུར། །ནེའུ་ལེའི་ཁ་ནས་རིན་ཆེན་སྒྱུག་པར་བསམ། །འོད་ཟེར་བདེ་གཤེགས་རྣམ་ལ་ཕོག །མཉེས་པའི་པྱུ་ཙ་ཕུལ་བར་བསམ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུས། །དལ་དང་རྫས་ལ་བསྟིམ་པར་བྱ། །འོད་ཟེར་དེ་ལ་ཕར་འཕྲོས་པས། །ཁམས་གསུམ་སེམས་ཅན་སྡུག་བསྔལ་བསལ། །བཀྲག་དང་གཟི་བྱིན་ཚུར་ལ་བསྡུས། །བདག་གི་དབུལ་འཕོངས་སེལ་བར་བསམ། །མདོར་ན་དངོས་གྲུབ་གང་འདོད་པ། །གནོད་སྤྱིན་བསྒུལ་བསྐྱོད་བྱས་པ་ཡི། །གསང་བའི་ལམ་དང་ནེ་ལེ་ཡིས། །ཁ་དང་འཕོངས་ནས་རིན་པོ་ཆེ། །དགོས་འདོད་ལྷུག་པར་འབྱུང་བར་བསམ། །ཅི་འདོད་ནོར་ཟས་རྣམ་པ་དེ། །སེར་བ་དྲག་པོ་འབབ་པ་བཞིན། །ལྷུགས་ལྷུགས་ག་འུར་འདུས་པར་བསམ། །ནེའུ་ལེའི་གནད་དབབ་ཅེས་ཀྱང་བྱ། །བཅའ་ཐབས་གནས་ཀྱི་གདམས་པ་ཞེས་ཀྱང་བྱ། །དངོས་གྲུབ་ཡར་དུ་མི་གཞུག་པ་ཞེས་ཀྱང་བྱ། །མདོར་ན་སིརྙི་མི་འབྱུང་མི་སྲིད་དོ། །ཐུགས་རྗེ་འབྱུང་བའི་རྒྱུད་ལས། ཕྱི་སྒྲུབ་ནེའུ་ལེ་བརྒྱད་ལ་རྟེན་ནས་བཀྲ་ཤིས་ཟས་ནོར་སྒྲུབ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ནང་ལྟར་བྲི་ཛ་པུ་ར་བརྒྱད་ལ་རྟེན་ནས་དགོས་འདོད་དབང་དུ་བསྡུ་སྟེ་སྒྲུབ་པ་ནི། །གནས་ནི་ཡིད་འོང་དབེན་པ་སྲ །དཀྱིལ་འཁོརགོངབཞིནབརྩིགབརབྱ། །པདྨ་འདབ་བརྒྱད་གོང་རས་སྔོ། །མཐའ་མ་བཀྲ་ཤིས་རྫས་བརྒྱད་བསྐོར། །ཁྱམས་དང་སྒོ་རྒྱན་རིན་ཆེན་འབར། །མཛེས་པའི་སྒོ་ལྡན་བྲིས་བྱས་ལ། །པདྨའི་ཕྱོགས་ཀྱི་འདབ་མ་ལ། །སྨན་ལྔ་འབྲུ་ལྔ་སྙིང་པོ་ལྔ། །རིན་ཆེན་སྣ་ལྔ་དར་སྣ་ལྔ། །བཅུད་ཀྱིས་བཀང་བའི་བུམ་པ་ལྔ། །འབྲས་བུ་ཅན་གྱི་ཤིང་གིས་བརྒྱན། །མགུལ་ཆིངས་དར་གྱིས་དཀྲི་བར་བྱ། །བུམ་པ་དེ་རྣམས་ཐམས་ཅད་ཀྱི། །ནང་དུ་གོང་བཞིན་བཤད་པར་བྱ། །བྲི་ཛ་པུ་ར་བརྒྱད་གཞུག་གོ །དབུས་སུ་རིན་ཆེན་སྣོད་ནང་དུ། །འབྲུ་གསུམ་དག་གིས་དགང་བར་བྱ། །དེ་སྟེངས་རྣམ་པར་རྒྱལ་བ་ཡི། ཁེང་ཐོག་བཟང་པོ་བཞི་བཞག་གོ །དེ་ལ་ཡེ་ཤེས་དང་འཇིག་རྟེན་གྱི། །སྦྱོར་ལམ་འཁོར་བཅས་ཙ་ཀ་ལི། །རེ་རེ་དག་ཀྱང་དགོད་པར་བྱ། །དེ་རྣམས་རེ་རེའི་མདུན་དུ་ཡང་། །གོང་གི་དངོས་གྲུབ་གསོལ་ཅིག་པའི། །བྲིས་པའི་བྱང་བུ་རེ་རེ་གཟུགས། །ཕྱོགས་བཞི་མཚམས་བརྒྱད་ཐམས་ཅད་དུ། །སྤོས་སྣོད་རེ་རེ་བཞག་པར་བྱ། །མེ་ཏོག་དམར་སེར་མར་མེ་དགོད། །དཀར་གཏོར་བཟང་པོ་དབུས་སུ་བཞག །སྣ་ཚོགས་དར་གྱི་རྒྱལ་མཚན་གཟུགས། །གདུགས་དང་བླ་རེས་སྟེང་བརྒྱན་ནོ། །བསྒྲུབ་ཁང་ལ་སོགས་ས་གཞི་དག་ལ་ཡང་། །བཀྲ་ཤིས་ཚིགས་བཅད་དུ་མ་དང་། །བཀྲ་ཤིས་རྫས་བརྒྱད་བྲི་བར་བྱ། །གནོད་སྦྱིན་སྒྲུབ་པའི་སྒྲུབ་ཁང་དེ། །རིན་ཆེན་གཞལ་ཡས་ཁང་དུ་བསམ། །དེ་ལས་གང་འདོད་འབབ་པར་བསམ། །འཇིག་རྟེན་ཟས་ཀྱི་བྱེ་བྲག་རྣམས། །མ་ལུས་འཚོགས་པར་འཚོགས་བྱས་ལ། །ཉིན་དང་མཚན་དང་དུས་དྲུགཏུ། །ཚོགསདངགཏོར་མ་རྒྱུན་མི་གཅད། །སེར་སྣ་སྤངས་པའི་སེམས་ཀྱིས་མཆོད། །དཀྱིལ་འཁོར་དབུས་སུ་བུམ་པ་བཞག །དེ་ཡི་ནང་དུ་འབྲུ་ལྔ་དང་། །རིན་ཆེན་ལྔ་དང་སྙིང་པོ་ལྔ། །སྨན་ལྔ་དྲི་ལྔ་དཀར་གསུམ་དང་། །མངར་གསུམ་དག་གིས་དགང་བར་བྱ། །གནོད་སྦྱིན་གཙོ་འཁོར་སྲོག་སྔགས་ནི། །མཐིང་ཤོང་རིན་ཆེན་གསེར་གྱིས་བྲི། །གང་འདོད་གསོལ་བྱང་ཤམ་བུ་གདགས། །བཀྲ་ཤིས་རྫས་བརྒྱད་བྲི་ལ་དགང་། །བུམ་གཏེར་དག་ཏུ་གཞུག་པར་བྱའོ། །དེས་ནི་གནོད་སྤྱིན་གནས་དེར་འདུ། །ནོར་རྫས་འཆགས་པའི་རྟེན་བྱེད་དོ། །བདག་ཉིད་གསང་བདག་གསལ་བ་ཡིས། །གསང་སྔགས་རྒྱལ་པོ་འདི་དག་ནི། །ཐམས་ཅད་བསྡུས་ཏེ་བཟླས་པར་བྱའོ། །ཨོ༷་ཛསྦྱུ་ལ་ཛ་ལེན་དྲུ་ཡ་བ་སུ་མ་ཁེ་ཙཎ་དྲ། །སུ་དྷན་དྷ་སུ་བི་ར་ཀུན་པུ། ཀེ་གྲུས་མུ་ད་རིན་ས་རེ་ཏྲ་སྲུ་ཧྭ། རད་ན་སིརྙི་ཧུ༷་ཧུ༷་ཨ། ཟླ་བ་གསུམ་དུ་མི་ཡེངས་བཟླས། །ལས་ག༷་དུས་དྲུག་དག་ཏུ་སྲང་། །ཐུན་མཚམས་བསྟོད་བསྐུལ་དངོས་གྲུབ་བླང་། །བྲི་ཛ་པྱུ་ར་བརྒྱད་པོ་དེ། །གནོད་སྦྱིན་དག་ཏུ་བསྐྱེད་པ་ཡི། །ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ། །སྔགས་རྣམས་དག་གིས་བཟླས་པ་ཡས། །འོད་ཟེར་དེ་དག་སྐུ་ལས་འཕྲོས། །གནོད་སྤྱིན་སྦྱོར་བའི་བརྡས་བསྐུལ་བས། །ཡབ་ཡུམ་སྦྱོར་བ་མཛད་པ་ཡིས། །སྦྱོར་བའི་མཚམས་ནས་བདུད་རྩི་འཛག །དབྱར་གྱི་ཤྭ་ཤོར་ཆེན་པོ་ལྟར། །བདུད་རྩིས་བསྒྲུབ་ཁང་ཁེངས་པར་བསམ། །བདུད་རྩིའི་འོད་ཟེར་ཕར་འཕྲོས་པས། །དུས་གསུམ་བདེ་གཤེགས་མཉེས་མཆོད་འབུལ། ཚུར་འདུས་བདག་གི་གནས་སུ་ཐིམ། །ཁམས་གསུམ་སེམས་ཅན་རྣམས་ལ་ཕོག །སྡིག་སྒྲིབ་ཐམས་ཅད་དག་པར་བསམ། །ཚུར་འདུས་དབང་དུ་འདུས་པར་བསམ། །བདུད་རྩི་དངོས་ལ་མ་གཡོས་ཀྱང་། །དངོས་གྲུབ་གང་འདོད་འབྱུང་བར་བསམ། །མཚན་མ་ངན་པའི་ལྟས་བྱུང་ན། །བར་ཆད་བཟློག་པའི་ཆོ་ག་བྱ། །དེ་ལྟར་མ་ཡེངས་བསྒོམ་བྱས་ན། །བཀྲ་ཤིས་ཚེ་རིང་བར་ཆོད་མེད། །འདི་འདོད་གང་བསམ་འགྲུབ་པར་ངེས། །འབྲུ་འཕེལ་བསོད་ནམས་སྐྱེ་བར་འགྱུར། །ལས་ཁྲིགས་དམིགས་སུ་ལྟ་བར་བྱ། །དེ་ལྟར་གང་དམིགས་འགྲུབ་པར་འགྱུར། །ཐུགས་རྗེ་འབྱུང་བའི་རྒྱུད་ལས། ནང་ལྟར་བྲི་ཛ་པུ་ར་བརྒྱད་ལ་བརྟེན་ནས་དགོས་འདོད་སྒྲུབ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།གསང་སྒྲུབ་གནོད་སྦྱིན་གྱི་སྐུ་བརྒྱད་ལ་བརྟེན་ནས་སྙན་གྲགས་སུ་སྒྲུབ་པ་ནི། སྐད་ཅིག་མ་ཡི་ཏིང་འཛིན་གྱིས། །གསང་བདག་བསྐྱེད་ལ་བགེགས་རྣམས་བསྐྲད། །བླ་མ་ཡི་དམ་དཀོན་མཆོག་ལ། །མཆོད་པའི་བྱེ་བྲག་མང་པོ་དབུལ། །ཟས་ནོར་ལོངས་སྤྱོད་དག་དང་ནི། །སྙན་གྲགས་ཐོབ་པར་གསོལ་བ་གདབ། །ལུས་ངག་གུས་པས་གསོལ་གདབ་བྱ། །བདག་གིས་གནོད་སྤྱིན་འདི་སྒྲུབ་ལ། །སེམས་ཅན་དབུལ་འཕོངས་གསལ་བ་དང་། །བླ་མ་དཀོན་མཆོག་མཆོད་མཉམ་དུ། །བསམ་པ་བཟང་པོ་རྟག་ཏུ་བྱ། །དེ་ནས་གསང་བདག་བསྐྱེད་རིམ་སྒོམ། །མཆོད་བསྟོད་ལ་སོགས་རིམ་པ་བཞིན། །གསང་བདག་ཐུགས་ནས་སྒྱུ༷་སྟོན་ནས། །སྒྱུ༷་ལས་འོད་ཟེར་འཕྲོས་འདུས་པས། །རིན་ཆེན་སྣ་བདུན་ལས་གྲུབ་པའི། །འཁོར་ལོ་རྩིབས་བརྒྱད་ཡོངས་སུ་གྱུར། །གྲུ་བཞི་སྒོ་བཞི་ཁྱམས་ཀྱིས་བསྐོར། །རིན་ཆེན་སྣ་བདུན་ཁང་པ་ལས། །སྣ་ཚོགས་རྒྱན་གྱིས་སྤྲས་པའོ། །བི་ཌར་སྔོན་པོའི་བར་ཁྱམས་ལ། །རིན་ཆེན་སྣ་བདུན་ཀ་བས་བཏེག །ལྷ་ཡི་ཐད་དུ་རིན་པོ་ཆེ། །ཐོག་ནི་མཛེས་པར་ཕུབ་པའོ། །བར་དང་མཚམས་བཅད་ཟབ་ཆེན་གྱིས། །བླ་རེ་བཟང་པོ་བཀབ་པའོ། །བར་བར་དར་དང་ཕན་དང་ནི། །རིན་པོ་ཆེ་ནི་འཛག་པའོ། །པརྩི་ར་ག་རྩིག་དང་ལྷན། །བི་ཌརླ་ཡིས་ཕུབ་བྱས་ལ། །གཡུ་ཡི་ཤར་ཐབས་མཛེས་པ་ལ། །དངུལ་གྱི་གྱོ་ཕོ་གྱོ་མོ་ལ། །གསེར་གྱི་འགན་འཇིར་ལྔ་བཙུགས་པའོ། ཁྲར་སྒོ་དཀར་ལ་ལྷོ་སྒོ་སེར། །ནུབ་སྒོ་དམར་ལ་བྱང་སྒོ་ལྗང་། །རིན་ཆེན་རྒྱལ་མཚད་དུ་མ་དང་། །སྣ་ཚོགས་མཛེས་པའི་རྒྱན་གྱིས་བརྒྱན། །རིན་པོ་ཆེ་ཡི་ལྕགས་རི་དང་། །རྡོ་རྗེ་ར་བ་མེ་རིས་བསྐོར། །འཁོར་ལོ་ལྟེ་བའི་དབུས་ཉིད་དུ། །བི་ཌརསྔོན་པོའི་ཁྲི་རྐང་ལ། །རིན་ཆེན་སྣ་ཚོགས་བརྒྱན་པ་ཡིན། །དེ་སྟེངས་པདྨའི་སྡོང་པོ་དང་། །ཟླ་བའི་གདན་ནི་བསམ་པར་བྱ། །དེ་སྟེངས་ཡི་གེ་དཀར་པོ་ལ། །གཡུ་ཡི་རལ་པ་རབ་ཏུ་བརྒྱན། །དེ་སྟེང་ཉི་མ་པདྨ་བསམ་པར་བྱ། །དེ་དབུས་ཡི་གེ་རྫ་ལས་ནི། །ཆོ་ག་གསུམ་གྱི་སྤྲོ་བསྡུ་ཡིས། །ཡེ་ཤེས་གནོད་སྦྱིན་ཡབ་ཡུམ་སྒོམ། །མདུན་དུ་འཇིག་རྟེན་ཡབ་ཡུམ་བསམ། །དེ་གཉིས་སྦྱོར་བ་མཛད་པ་ལས། །ནོར་ལྷ་བརྒྱད་དང་བཙུན་མོ་བརྒྱད། །སྐུ་དང་ཕྱག་རྒྱ་གསལ་བསྒོམས་ལ། །བསྐྱེད་དང་སྤྱན་དྲངས་མཆོད་པ་བྱ། །མ་གུས་པ་ལ་བྱིན་མི་བརློབ། །དེ་ན་གུས་བས་མཉེས་པར་བྱ། །སྒྲུབ་པའི་སྔགས་དང་ལས་རྣམས་རྫོགས། །མཚན་མའི་རྟགས་རྣམས་རྫོགས་པ་དང་། །ངེས་པར་དངོས་གྲུབ་འབྱུང་བར་འགྱུར། །གནོད་སྤྱིན་གཙོ་འཁོར་སྐུ་གཟུགས་ནི། །ལུགས་མ་དག་ལ་བྱས་པ་ཡིས། །གཙོ་བ་དབུས་ཀྱི་ལྟེ་བ་ལ། །གནོད་སྤྱིན་ཡབ་ཡུམ་བརྒྱད་པོ་ནི། །རྩིབས་བརྒྱད་དག་ལ་དགོད་པར་བྱ། །མདུན་དུ་འབྲང་རྒྱས་རེ་རེ་བཞག །དཀར་གསུམ་དག་གིས་བརྒྱན་པ་ཡི། །གཏོར་ཆེན་བཟང་པོ་བཤམ་པར་བྱ། །ཚོགས་དང་གཏོར་མས་གསོལ་ཀ་བྱ། །གཞན་ཡང་འབྲང་རྒྱས་འབྲས་ལུག་དང་། །ཞལ་ཟས་བཟང་པོ་སྣ་ཚོགས་མཆོད། །ཟླ་བ་ངོ་རེའི་དུས་བཟང་ལ། །དཀར་གསུམ་མངར་གསུམ་སྦྱར་བའི་ཆུས། །གསང་སྔགས་རྒྱལ་པོ་སྟོང་བཟླས་ནས། །གནོད་སྤྱིན་ཆེན་པོ་བརྒྱད་རྣམས་ལ། །ཁྱོར་བ་སྟོང་དང་རྩ་བརྒྱད་དུ། །མཆོད་ནས་སྤོས་ཀྱིས་གདུག་པར་བྱ། །ཨོ་ཛུ་ཛུ་ཛུ་ཛལྷ་ལ་ཛ་ལེན་དྲ་ཡ། སརྦ་སིདྷི་དྷ་ན༷་མེ་དེ་ཧི། དྷ་ར་དྷ་ར་ན་མ་སིདྷ་དབང་དུ་བསྡུས་གྲྭ་ཧྭ་ཧུ༷། འོད་ཟེར་ཕར་འཕྲོས་བདེ་གཤེགས་མཉེས། །ཚུར་འདུས་བྱིན་བརླབས་ནུས་མཐུར་ལྡན། །ཕར་འཕྲོས་སེམས་ཅན་དབུལ་འཕོངས་བསལ། །ཚུར་འདུས་ཤིའི་རང་བཞིན་གྱུར་ནས་ནི། །བདག་ལ་ཐིམ་ནས་དབང་དུ་འདུས་པར་བསམ། །གནོད་སྤྱིན་མཆོད་པས་མཉེས་ནས་ནི། །གནོད་སྤྱིན་འཁོར་དང་བཅས་པ་ལ། །ཁ་དོག་ལྔ་ཡི་འོད་ཟེར་འཕྲོས་ནས་ནི། །འཇིག་རྟེན་ཁམས་སུ་ཁྱབ་བྱས་པས། །འབྱུང་བ་ལྔ་དང་སེམས་ཅན་ཐམས་ཅད་ཀྱི། །བཅུད་དང་དངོས་གྲུབ་ཐམས་ཅད་ནི། །ཞུབྲས་ཀྱིས་བསྡུས་ནས་བདག་ཉིད་ལ། །འབྲུ་དང་རིན་ཆེན་གོས་ལ་སོགས། །གསེར་གཡུ་ཤ་མར་རྐང་འགྲོས་དང་། །ཟས་དང་ནོར་ལ་སོགས་པ་ཡི། །ཁ་བ་བབས་པ་ལྟ་བུ་ལ། །རང་ཉིད་ཡིད་ལ་གང་འདོད་པའི། །བན་བུན་ལོང་ལོང་ཐིབས་ཐིབས་སུ། །བབྲས་ཞུབས་བདག་ལ་འདུས་པར་བསམ། །གང་འདོད་གནོད་སྤྱིན་འཁོར་བཅས་ཀྱིས། །འཛམ་གླིང་ཡོངས་ལ་བསྡུས་ནས་ནི། །རང་གི་ལུས་ངག་ཡིད་གསུམ་ལ། །ཚུར་ལ་ཐིམ་ནས་ཁྱིམ་ཁེངས་བསམ། །དེ་ལྟར་མ་ཡེངས་བསམ་ཞིང་བཟླས། །བཟླས་པ་བཤོལ་དུས་དངོས་གྲུབ་བླང་། །རྒྱུན་གཏོར་བཏང་ཞིང་འཕྲིན་ལས་བཅོལ། །སྔགས་བཟླས་དངོས་གྲུབ་བླང་བའི་སྔགས། །འདི་ཉིད་བཏགས་ལ་དངོས་གྲུབ་བླང་བར་བྱ། །ཨོ་ཛསྦྱུ་ལ་ཛ་ལེན་དྲ་ད་ལ་ས༷་པ་ཚུརྨྱེ༷་ཀུ་རུ་གྲྭ་ཧྭ། དུས་དྲུག་མཆོད་ཅིང་བཟླས་པ་བྱ། །དེ་ལྟར་མ་ཡེངས་གྱུར་པ་ན། །དེ་ཡི་མཚན་མ་རྨི་ལམ་དུ། །གཏེར་ནི་བརྒྱ་སྟོང་བཏོན་པར་འགྱུར། །དེ་ནི་ཙན་དན་དག་གམ་ནི། །རྒྱས་པ་ཡི་ནི་ཤིང་རྣམས་ལ། །རིན་ཆེན་སྣ་ཚོགས་པ་ཡི་སྣ། །དེ་སོགས་རྒྱས་པའི་ཤིང་རྣམས་ལ། །རྒྱས་པའི་སྤྱིན་སྲེག་ཕུལ་བྱས་ན། །གནོད་སྤྱིན་ཚོགས་རྣམས་མཉེས་ནས་ནི། །རྒྱལ་བའི་དབང་ཡང་ཐོབ་པར་འགྱུར། །ལོངས་སྤྱོདའཕྲན་ཚེགས་སྨོས་ཅི་དགོས། །སྙན་གྲགས་མི་ནུབ་ཐོབ་པར་འགྱུར། ཐུགས་རྗེ་འབྱུང་བའི་རྒྱུད་ལས། གསང་སྒྲུབ་གནོད་སྦྱིན་བརྒྱད་དང་གསོལ་ཀ་ལ་བརྟེན་ནས་སྙན་གྲགས་སུ་སྒྲུབ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།འདུས་པའི་འཁོར་གྱིས་ཡང་གསོལ་པ། །གསང་བའི་བདག་པོ་འདི་གསོན་ཅིག །གསང་སྔགས་བསྙེན་པའི་བསྐྱལ་ཐབས་དང་། །འདི་ཡི་རྟགས་དང་མཚན་མ་དང་། །ཇི་ལྟར་དག་ཏུ་འབྱུང་བར་འགྱུར། །གསང་བའི་བདག་པོས་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་འཁོར་རྣམས་ཀུན། །ཕྱི་རབས་དོན་དུ་བཤད་པར་བྱ། །སྔགས་ནི་འདི་ལྟར་དྲང་བར་བྱ། །བློ་དང་སྒྲིབ་པ་སྤང་བར་བྱ། །གཡལ་ལ་སོགས་པ་སྔགས་རྐྱེན་ནི། །སྔགས་ཀྱི་སྒྲ་ཟུར་ཉམས་པ་དང་། །བུལ་ན་ནོར་ཅིང་ཡལ་བར་འགྱུར། །དགོན་པའི་གནས་ནས་དབེན་ཁང་དུ། །ཕར་ལ་རྒལ་བར་མི་རུང་ངོ་། །བར་ཆད་སྔགས་པ་རང་ལ་འོང་། །བསྙེན་བསྒྲུབ་བརྩོན་པ་གལ་ཆེའོ། །གྲུབ་པའི་རྟགས་དང་མཚན་མ་ནི། །འབྲུ་དང་ནོར་གྱི་ཆར་འབབ་དང་། །རྔ་དང་འབྲུག་སྒྲ་སྒྲོགས་པ་དང་། །ཤིང་གཅོད་པ་དང་རི་ལ་འཛེག །མེ་ཏོག་འཐུ་དང་དུང་འབུད་དང་། །རིན་པོ་ཆེ་ནི་རྙེད་པ་དང་། །རབ་ཀྱི་རྟགས་སུ་བཤད་པའོ། །མེ་ཏོག་དུ་མ་རྙེད་པ་དང་། །ཟས་སྐོམ་མང་པོ་གཡོས་པ་དང་། །འཕྲལདུ་བཟའ་བཅའ་སྟེར་བ་དང་། ཁེང་གཅོད་པ་དང་རི་ལ་འཛེག །འབྲིང་གི་རྟགས་སུ་བཤད་པའོ། །མེ་ཏོག་དུ་མ་རྙེད་པ་དང་། །ཟས་སྐོམ་མང་པོ་གཡོས་པ་དང་། །སྤྲང་པོས་ཁ་ཟས་སྟེར་བ་དང་། །ཐ་མའི་དག་དུ་འདོད་པ་ཡིན། །རྨི་ལམ་གཞན་གྱིས་ནོར་ཁྱེར་དང་། །གཞན་གྱིས་ནོར་ཟས་ཕྲོགས་པ་དང་། །ཤིང་ལ་ཧབ་ཐོབ་བྱེད་པ་དང་། །འཇིགས་ཤིང་ཕྱོ་སངས་ཁྱེར་བ་དང་། །དེ་ལྟ་བུ་ཡི་རྟགས་བྱུང་ན། །རྒྱལ་པོ་ཟ་ཁ་བཅིངས་པ་དང་། །བར་ཆོད་བཟློག་པའི་ཆོ་ག་བྱ། །ཚོགས་བསགས་བླ་མ་དཀོན་མཆོག་ལ། །མཉེས་པའི་མཆོད་པ་དབུལ་བར་བྱ། །ཡིད་ཆེས་མོས་གུས་བསྐྱེད་པར་བྱ། །སྒྲུབ་བརྩོན་དམ་ལ་གནས་པ་གཅེས། །ཐུགས་རྗེ་འབྱུང་བའི་རྒྱུད་ལས། གསང་སྔགས་བཟླས་ཐབས་དང་རྟགས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་འདུས་པའི་འཁོར་ཚོགས་ཀྱིས། །ཨེ་མ་ཧོ། །གསང་བའི་བདག་པོ་ཆེན་པོ་ལགས། །གང་ཟག་སྣོད་ཀྱི་རིམ་པ་ནི། ཁུད་འདི་གང་ལ་གཏད་པར་བྱ། །ཞེས་གསོལ་པ་དང་། གསང་བའི་བདག་པོས་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་འཁོར་ཚོགས་ཀུན། །འདི་ཉིད་ལེགས་པར་འགྲུབ་འགྱུར་ན། །ཇི་ལྟར་འདོད་པ་འགྲུབ་པར་འགྱུར། །དེས་ན་འདི་ལ་ནན་ཏན་སྐྱེད། །གང་ཟག་སྣོད་ཀྱི་རིམ་པ་ནི། །འདས་པ་དང་ནི་མ་འོངས་དུས། །ད་ལྟར་འདུས་པའི་འཁོར་ཚོགས་ཁྱེད་ལ་གཏད། །གང་ཞིག་མ་འོངས་སྒྲུབ་བྱས་ན། །དེ་ལ་ལུས་དང་གྲིབ་བཞིན་དུ། །འགྲོགས་ཤིང་དགོས་འདོད་སྒྲུབ་པ་དང་། །བསྟན་པ་གཉན་པོ་བསྲུང་བར་གྱིས། །ཞེས་བཤད་དོ། །མ་འོངས་ཕ་ལ་བསྟན་པ་ནི། །ཙན་དན་ལྟ་བུའི་གང་ཟག་དང་། །ས་གཞི་ལྟ་བུའི་གང་ཟག་དང་། །ཡིད་ཆེས་བརྩོན་འགྲུབ་མོས་གུས་ཆེ། །དེ་ལྟ་བུ་ཡི་གང་ཟག་ལ། ཁེན་ཏུ་གདམས་ཏེ་སྤྱིན་པར་བྱ། །མི་བསྟན་པ་ཡི་རིམ་པ་ནི། །ཁ་སྦུབས་ཅན་དང་ཞབས་སུ་བརྡོལ། །དྲི་མ་ཅན་དང་སོམ་ཉི་ཟ། །ལོག་ཆོས་མཁན་དང་གཡེང་བ་ཅན། །དཀའ་ཐུབ་མི་ནུས་རྟོག་པ་ཆེ། །མི་སྒྲུབ་གཡེང་དང་གཞན་ལས་བྱེད། །དམ་མེད་དམྱལ་བའི་རྒྱུ་ཅན་ལ། །རྣ་བར་མིང་ཡང་མི་བསྒྲག་གོ །ཞེས་གསུངས་སོ། །དེ་ནས་འདུས་པའི་འཁོར་རྣམས་ཀྱིས། གཙོ་བོ་འཕགས་པ་གནོད་འཛིན་དང་གསང་བ་པའི་བདག་པོ་ལ་ལྷའི་མེ་ཏོག་གཏོར་ནས། རྗེས་སུ་ཡི་རངས་ནས་བསྟོད་པའོ། །ཨེ་མ་ཧོ། ཞི་བའི་ལས་མཛད་བྱང་ཆུབ་སེམས་དཔའི་ཚུལ། །རྒྱས་པའི་ལས་མཛད་དགའ་ལྡན་ལྷ་ཡི་ཚུལ། །དབང་གི་ལས་མཛད་གཏུམ་པོ་འཇིགས་པའི་ཚུལ། །དྲག་པོའི་ལས་མཛད་སྐུ་ལ་བརྗོད་དུ་མེད། །བསྟན་པ་བསྲུང་ཞིང་ཞལ་ནས་རྒྱུད་གསུང་བ། །བདུད་རྩི་གསང་རྒྱུད་དེ་ལ་ཕྱག་འཚལ་ལོ། །དབུལ་འཕོངས་སེལ་ཕྱིར་ཡོན་ཏན་རྒྱས་པ་ཡི། །རྒྱས་པའི་མདོག་ལ་དགོས་འདོད་སྐོང་མཛད་པ། །མཆོག་དང་ཐུན་མོང་དངོས་