Ngb-pt-0797-vol-08-text: Difference between revisions
No edit summary |
m (Move page script moved page /home/ec2-user/Ngb/PT-700-799/ngb-pt-0797-text.docx.wiki to Ngb-pt-0797-vol-08-text) |
(No difference)
|
Latest revision as of 10:48, 20 March 2020
Front
Body
རྒྱ་གར་སྐད་དུ་དེ་བྱི་ཀ་སྲི་མ་ར་ཛུ་ཏནྟྲ་ཀྭ་ལི། །བོད་སྐད་དུ། །དཔལ་ལྷ་མོ་ནག་མོའི་བསྟོད་པའི་རྒྱལ་པོའི་རྒྱུད། །རིག་སྔགས་དང་གསང་སྔགས་ཀྱི་མངའ་བདག་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། །རི་རབ་ཀྱི་རྩེ་མོ་རྩུབ་འགྱུར་གྱི་ཚལ་ཆེན་པོ་ན། །བཅོམ་ལྡན་འདས་དྲག་པོ་ཆེན་པོ་ཕྱག་ན་རྡོ་རྗེ་ལུས་བསྐལ་པའི་མི་ལྟར་འབར་བ། །སྲིད་པ་གསུམ་ལས་རྣམ་པར་རྒྱལ་པ། །ཉི་མ་སྟོང་གི་གཟི་བརྗིད་དང་ལྡན་པ་བཞུགས་སོ །འཁོར་ནི་བརྒྱ་བྱིན་དང་། ཁྲ་ཟ་དང་། །སྲིན་པོ་དང་། །མ་མོའི་ཚོགས་བྱེ་བ་དུང་ཕྱུར་གྱིས་བསྐོར་ཏེ་བཞུགས་སོ། །དེའི་ཚད་དཔལ་ཕྱག་ན་རྡོ་རྗེ་པདྨའི་གདན་ལ་བཞུགས་ཏེ་བཀའ་སྩལ་པ། །ངའི་འཁོར་དུ་གཏོགས་པའི་ལྷ་མ་སྲིན་སྡེ་བརྒྱད་ཉོན་ཅིག །འདོད་པའི་ཁམས་འདི་ན། །བདུད་ཀྱི་མ། །གཤིན་རྗེའི་སྲིང་མོ། །དཔལ་ལྷ་མོ་ནག་མོ་ཞེས་བྱ་བ། །རྒྱལ་ཚབ་ཆེན་མོ་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་འཛིན་པ་ཅིག་ཡོད་ཀྱིས། །ངས་ཀྱང་དེ་ལ་བསྟོད་ཀྱིས། །ཁྱེད་ཀྱིས་ཀྱང་དེ་ལ་མཆོད་པ་དང་བསྟོད་པ་གྱིས་ཤིག །ངས་ཀྱང་ཁྱེད་ལ་བྱིན་གྱིས་རློབ་པོ་ཞེས་བཀའ་སྩལ་ནས། །དེ་ནས་དཔལ་ཕྱག་ན་རྡོ་རྗེས་ལྷ་མ་སྲིན་སྡེ་བརྒྱད་ལ་ཐུགས་བརྩེ་བའི་སེམས་ཀྱིས་བལྟས་ནས་བསྟོད་པ། །སྲིན་མོ་ནམ་གྲུ་མའི་ཆོ་འབྲང་ལས་བསྟོད་པ། །ནམ་གྲུ་ཁྱོད་ཀྱི་ཆོད་པ་འབྲང་། །མཚན་ཉིད་དག་ནི་བཤད་བྱ་ན།ནོར་བུའི་རང་བཞིན་ཁྱོད་ཀྱི་ལུས། །རྒྱབ་ནི་འཛམ་བུའི་ཆུ་བོའི་གསེར། །ཁྱོད་ཀྱི་གདོང་ནི་དངུལ་ཡིན་ཏེ། །ལྟོ་བའི་ངོས་ནི་རྡོ་རྗེས་གདམས། །མིང་པོ་མཛོད་དང་མཛོད་སྲུངས་གཉིས། །ཁྱོད་ཀྱི་མ་ནི་ཀུན་འགྲོ་མ། །ཁྱོད་ཀྱི་ཕ་ནི་རླུང་ཡིན་ཏེ། །སྐལ་ལྡན་ཤིང་རྟ་ཁྱོད་ཀྱི་རུས། །ལྷ་ཡུལ་དག་ཏུ་གྲགས་པ་ཡིན། །ནམ་གྲུ་མོ་ནི་བཤད་བྱ་ན། །མཚན་མོ་རབ་ཏུ་འཇིགས་པར་བྱེད། །གཤིན་རྗེའི་སྲིན་མོ་ཆེན་མོ་སྟེ། །ཡོངས་འདུའི་ཤིང་ལ་གནས་པ་ཡིན། །རི་ལ་ཁྱབ་འཇུག་གཅིག་པུ་ནི། །བདེ་བར་ཉལ་བར་མི་སྙམ་སྟེ། །ད་ནི་བྱ་ཡི་གཟུགས་ཀྱིས་ནི། །མཚན་མོ་ཁྱབ་འཇུག་སྐྲག་པར་བྱེད། །ལྷ་མོ་ནག་མོ་སྟོབས་མོ་ཆེ། །དེ་མཐོང་ནས་ནི་འོན་པར་འགྱུར། །དེ་ནས་རྩེ་མོ་བྱེད་བཞིན་དུ། །བྱིས་པ་གསོད་པའི་མགྲིན་པ་ནས། །ལག་པ་གཡོན་པས་བཟུང་ནས་ནི། །འཇིགས་པའི་དགྲ་ཡང་འབྱིན་པར་བྱེད། །དེས་ནི་རྣ་གཉིས་མི་ཐོས་ན། །མིག་གཉིས་ཀྱིས་ཀྱང་མི་མཐོང་སྟེ། །སེམས་ཉམས་པས་ནི་དེ་མཐོང་ནས། ཁྲེན་ཏུ་བྲེད་ཅིང་བཞིན་ཡང་འགྱུར། །ཁྱོད་ནི་ངལ་མ་འཚེར་བར། །ལྷ་ཡི་དགའ་གནས་དགའ་བར་གྱིས། །དེ་ནས་ཁྱོད་གནས་དེ་ཉིད་དུ། །བྱིས་པ་གསོད་ལ་བསྒོ་པ་ཡིས། །ལོ་གཅིག་པ་དང་ལོ་གཉིས་དང་། །ལོ་དགུ་པ་ལ་མ་འཇུག་པར། །བཟང་མོ་སོང་ལ་སྐྱེ་དགུ་འདི། །རང་གི་ལས་ཀྱིས་བཟའ་བར་གྱིས། །བ་ལང་རྣམས་ལ་གོར་ཡང་བྱོས། །ཝ་རྣམས་ལ་ནུ་ཝ་གསོད་དང་། །རི་དྭགས་རྣམས་ལ་རི་དྭགས་ནད །མི་རྣམས་ལ་ནི་མི་ངས་བྱོས། །ཁྱོད་ཀྱི་ལུས་ལ་དེང་བརླག་འགྱུར། །བྱིས་པ་རྣམས་ནི་རྩེར་གྱུར་ཅིག །དེ་ནས་འཁོར་གྱི་ནང་ནས་ལྷའི་དབང་པོ་བརྒྱ་བྱིན་སྟན་ལས་ལངས་ཏེ། །དཔལ་ལྷ་མོ་ནག་མོ་དགེ་བཅུའི་སྒོ་ནས་བསྟོད་པ། །སྔོན་འདས་བསྐྲག་པོའི་ཕ་རོལ་ནས། །དགེ་བ་བཅུ་ཡི་ལས་ལ་རང་སེམས་ཆེར་སྦྱངས་ནས། །ལམ་གྱི་ཁྱད་པར་གོང་མ་རབ་རྫོགས་ཀྱང་། །མཐོ་རིས་སྐྱེས་པ་རྣམས་ལ་དགེ་བཅུ་ཡི། །ཚུལ་གྱིས་དོན་མཛད་ཕྱི་རོལ་བསྒྱུར་པ་ཡི་དཔལ་ལྡན་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །འདས་པའི་དུས་ན་སྲོག་གཅོད་རབ་སྤངས་པས། །སྐུ་ཚེ་རིང་ཞིང་གཟུགས་བྱད་ཕུན་སུམ་ཚོགས། །གཞན་གྱི་ལན་ཆགས་གནོད་པའི་རྐྱེན་དང་བྲལ། །འཆི་བདག་འཇོམས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །མ་བྱིན་ལེན་པའི་ཚུལ་ལ་རབ་སྦྱངས་པས། །བསོད་ནམས་ཚོགས་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས། །གཏེར་གྱི་ལོངས་སྤྱོད་མི་འགྲིབ་རབ་བརྟན་པ། །སྤྱིན་པའི་གཏེར་འཆང་ཁྱོད་ལ་ཕྱག་འཚལ་བསྟོད། །མི་ཚངས་སྤྱོད་པའི་དཀའ་ཐུབ་རབ་བསྲུངས་པས། །མངལ་གྱི་གྲོང་ཁྱེར་དམན་ལས་རྣམ་པར་འཕགས། །སྲིད་པའི་འདོད་ཆགས་རིང་དུ་སྤངས་པ་སྟེ། །དགེ་སྦྱོར་ཆེན་མོ་ཁྱེད་ལ་ཕྱག་འཚལ་བསྟོད། །ཉོན་མོངས་བརྫུན་ཚིག་སྤངས་པའི་ཡོན་ཏན་གྱིས། །བཀའ་བཙན་གསུང་གིས་འཇིག་རྟེན་འདུལ་པའི་གཙོ། །གསུང་མཆོག་རྣམ་དག་བདེན་པའི་རང་བཞིན་ཏེ། །བདེན་པར་གསུང་བ་ཁྱོད་ལ་ཕྱག་འཚལ་བསྟོད། །ཕྲ་མའི་སྐྱོན་སྤངས་མི་ཕྱེད་འཁོར་དང་ལྡན། །ཉིད་ལ་རྣམ་པར་འདུད་པའི་འཁོར་གྱིས་བསྐོར། །ལྷ་དང་ལྷ་མིན་བདེན་པས་འདུལ་མཇད་མ། །དཀར་པོའི་འཁོར་སྐྱོང་ཁྱོད་ལ་ཕྱག་འཚལ་བསྟོད། །ངག་འཁྱལ་སྤངས་པའི་ཡོན་ཏན་སྨིན་པ་ཡིས། །འཇིག་རྟེན་རྩེ་གཅིག་མི་གཡོ་བར་ཆད་སྤངས། །དགོས་འབྲེལ་ཚུལ་གྱིས་བསྟན་པ་སྐྱོང་མཛད་མ། །བྱིས་པ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །ང་རྒྱལ་ཁེངས་སེམས་སྤངས་པའི་ཡོན་ཏན་གྱིས། །ཞི་བའི་ཚིག་འཇམ་ལྷ་མོ་དབྱངས་སྙན་མ། །ཚིག་རྩུབ་གཤེ་བའི་གཉེན་པ་པོ་བྱེད་སྟེ། །ངག་རྩུབ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །རང་སེམས་མནར་སེམས་སྤངས་པའི་ཁྱད་པར་ནི། །འཛིན་པའི་རྣམ་རྟོག་རྣམ་པར་སྤངས་པའི་རྟགས། །བདག་མེད་རྟགས་སུ་སེང་གེའི་རྣ་ཆས་བརྒྱན། །རྣམ་པ་སེམས་དཔའ་ཁྱོད་ལ་ཕྱག་འཚལ་བསྟོད། །གཟུང་བའི་ཡུལ་ལ་གནོད་སེམས་རྣམ་པར་སྤངས། །ཕྱི་རོལ་ཡུལ་ནི་གཉིས་མེད་ཆོས་སུ་གཟིགས། །གང་ལ་གནོད་སེམས་ཡང་དག་སྤངས་པའི་རྟགས། །སྤྲུལ་གྱི་རྣ་ཆས་ལ་བརྒྱན་ཕྱག་འཚལ་བསྟོད། །ལོག་པར་ལྟ་བའི་ཕྱོགས་ནི་རྣམ་སྤངས་ཏེ། །སངས་རྒྱས་ཆོས་ལས་འཁྲུངས་པའི་གཟུགས་བརྙན་ཁྱོད། །ལྟ་བ་རྣམ་པར་དག་པའི་ངང་ཚུལ་ཅན། །སྤྲོས་བྲལ་དོན་མཆོག་སྟོན་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་འདི་ན་ལས་གཉིས་དག་མ་དག །མ་དག་མི་དགེ་བཅུ་ལས་ངན་སོང་གྲུབ། །དག་པའི་དགེ་བ་བཅུ་ཡི་མཐོ་རིས་འགྲུབ །ལས་འདི་དགེ་བ་དང་པོ་རབ་སྤྱད་པས། །གོང་ནས་གོང་མའི་ས་ལ་རབ་གནས་ཀྱང་། །དགེ་བ་བཅུའི་རྟགས་ནི་དམན་པའི་ཞིང་འདིར་བསྟན། །གདུག་པའི་ཚུལ་གྱིས་འགྲོ་བ་འདྲེན་མཛད་མ། །བསྟོད་པར་འོས་པ་ཁྱོད་ལ་ཕྱག་འཚལ་བསྟོད། དེ་ནས་དཔལ་ལྷ་མོ་ཆེན་མོ་ལ། །གནོད་སྤྱིན་གྱི་རྒྱལ་པོ་རྣམ་ཐོས་སྲས་ཀྱིས་ལམ་རྣམ་པ་ལྔའི་ཚུལ་གྱིས་བསྟོད་པ། །དམ་པ་རྣམས་ཀྱིས་བགྲོད་པའི་ཁྱད་པར་ནི། །ཚོགས་ཀྱིས་སྤྱངས་ནས་དོན་དམ་མཐོང་བ་ཡི། །གཉེན་པོ་ཡེ་ཤེས་རིམ་པར་བསྒོམས་པ་ལ། །མཐར་ཕྱིན་ས་ལ་ཕྱིན་པའི་དོན་མཆོག་ལགས། །དེ་བས་ལྷ་མོ་ཁྱོད་ཀྱི་མཚན་ཉིད་ནི། །འདི་ལྟར་རབ་ལྡན་ཁྱོད་ཀྱི་ཁྱད་པར་ཏེ། །དང་པོའི་ཚོགས་ལ་ཡང་དག་རབ་བསགས་པས། །དང་པོའི་ས་ལ་སྦྱོར་བའི་ཏིང་འཛིན་བརྙེས། །རབ་ཏུ་དགའ་བའི་ས་ལ་དོན་དམ་ནི། །རྣམ་པར་མི་རྟོག་སྐེ་མེད་ཚུལ་གྱིས་གཟུགས། །དཔལ་ལྡན་བྱང་ཆུབ་སེམས་མའི་ཁྱད་པར་ནི། །རང་སེམས་ས་གཉིས་དག་ལ་རབ་བརྟེན་ནས། །དེབཞིནདགཔའིསགསུམ་ཕ་རོལ་སོན། །རང་སེམས་གཞི་ཡི་ས་ལ་ཆེར་བསྒོམས་པས། །ལྔ་པའི་ས་ལ་བསམ་གཏན་ཕ་རོལ་སོན། །རང་སེམས་དྲུག་པའི་ས་ལ་ཆེར་བསྒོམས་པས། །བདུན་པ་ལ་ནི་ཐབས་ཀྱི་ཕ་རོལ་སོན། །རང་སེམས་བརྒྱད་པའི་ས་ལ་ཆེར་བསྒོམས་པས། །དཔལ་ལྷ་མོ་ནག་མོའི་སྨོན་མ་ཉིད། །དགུ་པ་ལ་ཡང་སྟོབས་ཀྱིས་ཡོན་ཏན་འགྲུབ། །དེ་ཡི་སྟོབས་ཀྱིས་ཡེ་ཤེས་འཕེལ་བར་འགྲུབ །འདི་དབང་རྣམ་པར་རྫོགས་པར་བྱས་ནས་ནི། །སངས་རྒྱས་ས་ལ་སྨིན་པའི་སྨོན་ལམ་ཅན། །ས་བརྒྱད་ནོན་པས་གཞོན་ནུའི་ཚུལ་འཆང་མ། །འགྲོ་བ་འདུལ་ཕྱིར་དྲག་མོའི་ཚུལ་སྟོན་ཅིང་། །གདུག་པ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་ཀྱང་ཁྱོད་ཀྱི་ལམ་ལྟར་མྱུར་འགྲུབ་ཤོག །དེ་ནས་མི་འམ་ཅིའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་གྱིས། །དཔལ་ལྷ་མོ་ནག་མོ་ཆེན་མོ་ལ་གཉིས་སུ་མེད་པའི་སྒོ་ནས་བསྟོད་པ། །དཔལ་ལྡན་ལྷ་མོ་གཉིས་སུ་མེད་པ་སྟེ། །དོན་དམ་སྤྲོས་བྲལ་ཆོས་ཉིད་འདི་ལས་བཙལ། །དོན་དམ་ཀུན་རྫོབ་གཉིས་སུ་མེད་པའི་བདེན། །འཁོར་བ་མྱང་འདས་གཉིས་སུ་མེད་པས་ཟབ། །སེམས་ཅན་སངས་རྒྱས་གཉིས་སུ་མེད་པས་འཕགས། །ལས་དང་རྣམ་སྨིན་གཉིས་སུ་མེད་པས་བསྟོད། ཁུ་དང་འབྲས་བུ་གཉིས་སུ་མེད་པས་སྨིན། །ཡུལ་དང་ཡུལ་ཅན་གཉིས་མེད་གཅིག་གི་ངང་། །སྤྲོས་དང་སྤྲོས་མེད་དམ་པ་དབྱིངས་ཀྱིས་བསྡུས། །བསོད་ནམས་ཡེ་ཤེས་གཉིས་མེད་ཚོགས་ཆེན་ཏེ། །མཐོ་དང་དམའ་དང་གཉིས་མེད་དག་པས་བསྟོད། །བདག་དང་གཞན་གྱི་ཆོས་ནི་ངང་ཚུལ་གཅིག །གཟུང་དང་འཛིན་པ་གཉིས་མེད་ཟབ་མོའི་མཐའ མཐོ་རིས་ངན་སོང་གཉིས་མེད་དག་པའི་ཞིང་མ།མབཟང་ངན་གཉིས་མེད་དག་པའི་ཞིང་། །བཟང་ངན་གཉིས་མེད་རང་བཞིན་གཅིག་གིས་བསྟོད། །བསྐྱེད་དང་རྫོགས་པ་གཉིས་མེད་ལྷུན་གྲུབ་མཆོག །སེམས་དང་ཕུང་པོ་གཉིས་མེད་སེམས་ཉིད་དེ། །བསྒྲུབ་དང་བསྒྲུབ་བྱ་གཉིས་མེད་གྲུབ་པའི་དང་། །བདག་གཞན་གཉིས་མེད་ཚུལ་མཆོག་གཅིག་གིས་བསྟོད། །ཡབ་ཡུ་མ་མཁའ་ལ་གཅོད་བོད་བྱང་ཆུབ་སེམས། །ཐབས་དང་ཤེས་རབ་གཉིས་མེད་འགྲོལ་བའི་དོན། །སྟོང་དང་མི་སྟོང་གཅོད་མེད་ཞི་བའི་ངང་། །་གྱུར་དང་་གྱུར་བྱེད་རྩོལ་བྲལ་ཕྱག་འཚལ་བསྟོད། །སྒྲ་ཚིགས་གཉིས་མེད་བརྗོད་དུ་མེད་པའི་ངང་། །ལུས་ངང་གཉིས་མེད་སེམས་ཉིད་གཅིག་གི་ཚུལ། །རྩོལ་བྱེད་རྩོལ་བྱ་གཉིས་མེད་དོན་གཅིག་པས། །རྣམ་པར་སྤྲོས་བྲལ་དོན་དམ་དབྱིངས་ཀྱིས་བསྟོད། །མུ་སྟེགས་སངས་རྒྱས་གཉིས་མེད་ཚུལ་གཅིག་པས། །དབྱིངས་དང་ཡེ་ཤེས་གཉིས་མེད་དོན་རྟོགས་ཏེ། །སྲིད་དང་རྣམ་གྲོལ་ཡང་དག་དོན་གཅིག་པས། །ཐམས་ཅད་གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད། །ཕྱི་དང་ནང་མེད་གཉིས་མེད་གཅིག་གི་ངང་། །སེམས་ལྡན་སེམས་མེད་རྣམ་དག་ཞི་པའང་ཚུལ། །སྣང་དང་མི་སྣང་མེད་པ་གཅིག་གིས་མཐོང་། །གཉིས་མེད་དོན་མཆོག་སྟོན་ལ་ཕྱག་འཚལ་བསྟོད། །འདི་དག་རྣམས་ནི་དོན་དམ་ཟབ་མོའི་ཚུལ། །སྤྲོས་པ་མེད་པའི་དོན་དང་འབྲེལ་པ་སྟེ། །འདི་རྣམས་ལྷ་མོ་ཁྱོད་ཀྱི་ཐུགས་ལ་གསལ། །འདི་ལྟར་བསྟོད་པས་བདག་ཀྱང་ཁྱོད་ལྟར་ཤོག། །དེ་ནས་དེའི་ཚེ་དེའི་དུས་ནི་དྲ་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པས། །དཔལ་ལྷ་མོ་ནག་མོ་ལ་འཕྲིན་ལས་རྣམ་པ་བཞིའི་སྒོ་ནས་བསྟོད་པ། །སེམས་ཉིད་འཕྲིན་ལས་རྣམ་བཞི་ཁྱད་པར་ནི། །སེམས་ཉིད་གུད་ན་མེད་ཅིང་སེམས་ཀྱང་མེད། །དོན་དམ་སྤྲོས་བྲལ་ཁ་དོག་གཟུགས་ཀྱང་མེད། །ཀུན་རྫོབ་སྒྱུ་མ་ཙམ་དུ་རང་གི་སེམས། །མཐུན་པར་བསྟན་པའི་ཞི་མཛད་དཔལ་ལྷ་མོ། །ཞི་མཛད་ཞི་འགྱུར་ཞི་བའི་ངང་ཚུལ་ཅན། །ཞི་བའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །པརྟགས་ཀྱི་སྐུ་མདོག་དཀར་མོ་ཤིན་ཏུ་དག །ཀུན་ཏི་ཞི་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་གི་དགྲ་དང་ནད་རྣམས་ཞི་བར་མཛོད། །མཐུན་པར་བསྟན་པ་རྒྱས་མཛད་དཔལ་ལྷ་མོ། །རྒྱས་མཛད་རྒྱས་འགྱུར་རྒྱས་པའི་ངང་ཚུལ་ཅན། །རྒྱས་པའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་སེར་མོ་ཤུན་ཏུ་བརྗོད། །ཀུན་ཏུ་རྒྱས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་གི་བསོད་ནམས་ཡེ་ཤེས་རྒྱས་པར་མཛོད། །མཐུན་བར་བསྟན་པའི་དབང་མཛོད་དཔལ་ལྷ་མོ། །དབང་མཛད་དབང་འགྱུར་དབང་གི་ངང་ཚུལ་ཅན། །དབང་གི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་དམར་མོ་ཤིན་ཏུ་བརྗིད། །ཀུན་ཏུ་དབང་མཛད་ཁྱོད་ལ་ཕྱག་འཚལ་བསྟོད།།བདག་གི་ནད་དང་དགྲ་རྣམས་དབང་དུ་མཛོད། །མཐུན་པར་བསྟན་པའི་དྲག་མོ་དཔལ་ལྷ་མོ། །དྲག་མཛད་དྲག་འགྱུར་དྲག་མོའི་ངང་ཚུལ་ཅན། །དྲག་མོའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་ནག་མོ་ཤིན་ཏུ་བརྗིད། །ཀུན་ཏུ་དྲག་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་གི་བགེགས་དང་དགྲ་རྣམས་དྲག་པོས་སོད། །ཁྱོད་ཀྱི་རང་བཞིན་ཅིར་ཡང་མ་ངེས་ཏེ། །འདི་ལྟར་མཚན་ཉིད་ཅིར་ཡང་སྣང་བ་ནི། །འཕྲིན་ལས་རྣམ་བཞིས་འགྲོ་དོན་མཛད་པ་ལགས། །བདག་ཀྱང་ལས་བཞིའི་རང་བཞིན་ལྷུན་གྲུབ་ནས། །ཁྱོད་ལྟར་གཞན་གྱི་དོན་ལ་བརྩོན་པར་ཤོག །དེ་ནས་དཔལ་ལྷ་མོ་ནག་མོ་ལ། ། ཀླུའི་རྒྱལ་པོ་དགའ་བོས། །སྐུའི་ཡོན་ཏན་རྟགས་ཀྱི་སྒོ་ནས་བསྟོད་པ། །གསང་སྔགས་རྣལ་འབྱོར་གྲུབ་པའི་བདག་ཉིད་མ། །ཡོན་ཏན་རྟགས་ཀྱི་སྐུ་མདོག་ཕྱག་མཚན་ནི། །དོན་དུ་སྣང་བ་མེད་ཀྱང་གདུལ་བྱའི་ཕྱིར། །རྟགས་ཀྱི་ཕྱག་རྒྱ་འདི་ལྟར་བསྟན་པའོ། །ཁམས་གསུམ་འདུལ་ཕྱིར་རྟག་ཏུ་བོང་བུ་ཞོན། །མྱ་ངན་མི་འདིའི་རྟགས་སུ་ལྕགས་སྒྲོག་མངའ། །བདག་དོན་ལྷུན་གྲུབ་གླང་ཆེན་ཀོ་བས་བརྒྱན། །གཞན་དོན་ཕུན་སུམ་ཚོགས་ཕྱི་རེ་ལྡེས་དཀྲིས། །བྱང་ཆུབ་སེམས་ལྡན་སྤྱི་གཙུག་ཟླ་རྒྱས་གསལ། ཁྲེས་རབ་རྟོགས་ཕྱིར་ལྟེ་བ་ཉི་མས་བརྒྱན། །དུག་གསུམ་སྡོང་པོ་གཅོད་པའི་རལ་གྲི་དང་། །བསོད་ནམས་གཏེར་གྱི་ཕྱག་མཚན་ནེའུ་ལེ་བསྣམས། །དབང་དྲག་རྫོགས་ཕྱིར་རལ་པ་ཁམ་ནག་སྦྲུགས། །ཉོན་མོངས་འདྲེན་ཕྱིར་རྣོ་དཔལ་མཆེ་བ་གཙིགས། །འཁོར་བ་ལྗངས་ལ་བཏར་ཕྱིར་རྐན་སྒྲ་བརྡེབས། །གདུག་པ་ཞེ་ལ་གནོན་ཕྱིར་སྡང་མིག་བགྲད། །ཐམས་ཅད་དབང་དུ་སྡུད་ཕྱིར་སྤྱན་རྩ་དམར། །སྙོམས་པའི་ཚོགས་མཆོག་མི་འགྱུར་སྐུ་མདོག་གནག །མ་མོ་འདུལ་ཕྱིར་དུར་ཁྲོད་རྒྱན་གྱིས་བརྒྱན། །སྐུ་གསུང་ཐུགས་ལྡན་རྟགས་ཀྱི་ཁ་ཊ༷་གསོར། །སྐུ་གསུང་རྫོགས་བྱེད་ཐོབ་པའི་འཕྲེང་བས་བརྒྱན། །དྲག་པོ་མྱུར་མགྱོགས་བསྟན་ཕྱིར་ཚུབ་མས་བརྒྱན། །ཉོན་མོངས་བསྲེག་ཕྱིར་མ་དཔུང་ནང་ན་བཞུགས། །འདོད་ཁམས་སྐྱོང་ཕྱི་ཡོངས་འདུའི་ཤིང་ལ་བརྟེན། །ལྷ་མེན་འདུལ་ཕྱིར་རྫོང་གི་བཀའ་ཟློག་མ། །དཔའ་བརྟན་བསྟན་ཕྱིར་སྟག་གི་ཤམ་ཐམས་ཅན། །བསྟན་པ་བསྲུང་ཕྱིར་དྲག་མོའི་ཆེ་ལ་རྫོགས། །ང་རྒྱལ་དབང་སྡུད་བདག་མེད་སྒྲ་སྒྲོགས་ཕྱིར། །ཐབས་ཀྱི་སྙན་ཆ་གཡས་བ་སེང་གེས་བརྒྱན། །ཞེ་སྡང་དབང་སྡུད་དུ་ཆེན་འདུལ་པའི་ཕྱིར། ཁྲེས་རབ་སྙན་ཆ་གཡོན་པ་སྦྲུལ་གྱིས་བརྒྱན། །འདུ་བྱེད་མི་རྟག་རྟགས་སུ་དྲེལ་སྒྲ་སྒྲོགས། །ཆགས་ཕྱིར་རྔམ་མཛད་རཀྟའི་རྦ་ཀློང་འཐུང་། །དམ་ཚིག་བསྲུང་ཕྱིར་ཞིང་ལྤགས་རྒྱན་དུ་མཛད། །ཐ་དད་ལས་རྣམས་འདུལ་ཕྱིར་རྨ་བྱའི་འཕྲུ། །ཉོན་མོངས་སྒྲིབ་པའི་ཚོགས་རྣམས་རབ་སྦྱངས་ནས། །ཡེ་ཤེས་རིག་པའི་ཚོགས་རྣམས་ཤར་བའི་ཕྱིར། །རང་བཞིན་གནས་མཆོག་བྱང་ཤར་མཚམས་སུ་བསྟན། །དབུ་མའི་ལམ་ལ་གནས་ཕྱིར་དྲེའུ་ཆིབས། །ཉོན་མོངས་གདུག་པ་འདུལ་ཕྱིར་སྲིན་མོའི་ཚུལ། །མཁའ་འགྲོ་ཆེན་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །དེ་ནས་དཔལ་ལྷ་མོ་ནག་མོ་ཆེན་མོ་ལ། །གྲུལ་བུམ་གྱི་རྒྱལ་པོ་སྦྲུལ་མགོ་དགུ་པས། །དཔལ་ལྷ་མོ་ལ་སྐུ་གསུང་ཐུགས་ཀྱི་སྒོ་ནས་བསྟོད་པ། །དོན་དམ་གཉིས་མེད་བྱང་ཆུབ་སེམས་ཡིན་ཀྱང་། །སྲིད་གསུམ་གདུལ་ཕྱིར་རྟགས་ཀྱི་ཕྱག་རྒྱ་ནི། །རང་སེམས་རྣམ་དག་དྲག་པོའི་གཞལ་ཡས་ཁང་། །རཀྟ་ཁྲག་གི་རྒྱ་མཚོ་འཁྱིལ་པ་ལས། །ཀེང་རུས་ཐོད་འཕྲེང་ཞིང་གི་རྒྱན་གྱིས་བརྒྱན། །སྐུ་མདོག་གནག་ལ་རབ་འཇིགས་ཁྲོ་མོ་རྒྱལ། །སྔོན་མོ་རལ་པ་འཇིངས་པའི་སྤྲུལ་པ་འགྱེད། །སྐུ་ཡི་སྤྲུལ་པ་དཔལ་ལྡན་རེ་མ་འཕྱུ །གྲུ་གསུམ་སེར་ནག་ཞལ་གྱི་དསྤྱིངས་ནས་བཞེགས། །ཡོན་ཏན་རྒྱས་མཛད་སེར་མོ་མཁའ་ལ་བཞད། །རྒྱས་པའི་འཕྲིན་ལས་ཐམས་ཅད་ཉེ་བར་མཛོད། །གསུང་གི་སྤྲུལ་པ་དཔལ་ལྡན་རེ་མ་ཏི། །གྲུ་གསུམ་དམར་ནག་ཞལ་གྱི་དབྱིངས་ནས་བཞེངས། །དམར་མོ་ཆེན་མོ་དམར་ཆེན་ག་་མོ་སྟེ། །དབང་གི་འཕྲིན་ལས་ཐམས་ཅད་གྲུབ་པར་མཛོད། ཐུགས་ཀྱི་སྤྲུལ་པ་དཔལ་ལྡན་རེ་མ་ཛ། ཁུ་གསུམ་སྔོ་སྐྱ་ཞལ་གྱི་དབྱིངས་ནས་བཞེངས། །དཀར་མོ་ཆེན་མོ་ཞལ་གྱི་ཕོ་ཉ་སྟེ། །ཞི་བའི་འཕྲིན་༄༅ ལས་ཐམསཅ་ད་གྲུབ་པར་མཛོད། །སྐུ་གསུང་ཐུགས་ལྡན་སྐྲུལ་པ་རྒྱ་མཚོ་མ། །དྲེགས་པ་འཇོམས་མཛད་བདུད་དཔུང་ཟིལ་གྱིས་གནོན །འགྲོ་དྲུག་སྒྲོལ་མཛད་སེམས་ཅན་ཀུན་གྱི་མ། །མཁའ་འགྲོ་ཆེན་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །དེ་ནས་དཔལ་ལྷ་མོ་ལ། །ལྷ་མ་ཡིན་གྱི་རྒྱལ་པོ་ཐག་བཟངས་རིས་ཀྱིས་དོན་དམ་པའི་བདེན་པའི་སྒོ་ནས་བསྟོད་པ། །སྤྲོས་བྲལ་འོད་གསལ་རྣམ་དག་ཞི་བའི་ངང་། །ཐུགས་ཀྱི་ཐུགས་མཆོག་རྣམ་དག་བདེན་པའི་ཡུམ། །གདོད་ནས་གཉིས་མེད་ནམ་མཁའི་སྙིང་པོ་ནི། །དཔལ་ལྡན་ཁྱོད་ཀྱི་རང་བཞིན་ཁྱད་པར་གསལ། །འདི་ལྟར་རྣམ་དག་བདེན་པའི་ངོ་བོ་ལ། །བྱིས་པ་རྣམས་ཀྱིས་བསྟོད་པ་བྱེད་པར་ལྟུང་། །བླུན་པོ་རྣམས་ཀྱིས་དངོས་པོར་རབ་བརྟགས་ནས། །གཟུགས་ཅན་ཚུལ་དུ་གང་ཞིང་བསྟོད་པའི་ཚིག །རྒྱལ་པའི་དགོངས་པ་ཐུགས་ཆུད་ཁྱོད་ཉིད་ལ། །ཚིག་དང་ཡི་གེའི་སྒོ་ནས་བསྟོད་པ་རྣམས། །ནམས་ཀྱང་གྲོལ་བར་འགྱུར་བའི་ཆོས་ཉིད་མེན། །གདོད་ནས་གཉིས་མེད་བདེ་ཆེན་མ་རྟོགས་ན། །ཁྱོད་ཀྱི་སྨོན་ལམ་རྟགས་ཀྱི་ཆོ་འཕྲུལ་ལ། །དོན་དུ་བཟུང་ནས་ཁྱོད་ལ་བསྟོད་པ་རྣམས། །ཁྱོད་ལ་བརྟེན་ནས་ཐམས་ཅད་ལྟུང་བར་འགྱུར། །གང་ཞིག་སྐྱེ་བ་མེད་པར་རྟོགས་པ་དང་། །གདོད་ནས་གཉིས་མེད་སྙིང་པོ་བསྒོམ་ནུས་ན། །གང་ཟག་དེ་ཡིས་ཁྱོད་ཉིད་བསྟོད་པ་ཡིན། །ཁྱོད་ཀྱི་གཟུགས་དང་ཁ་དོག་འཛིན་པ་རྣམས། །བསྐལ་པ་གྲངས་མེད་འདས་པར་རབ་ལྟས་ཀྱང་། །ཁྱོད་ཀྱི་གཟུགས་དང་ཁ་དོག་མཐོང་མི་ནུས། །གང་ཞིག་གཟུགས་སུ་མི་འཛིན་རྣམས་ཀྱིས་མཐོང་། །སྒྲ་དང་ཚིག་ཏུ་བརྗོད་པ་ཐམས་ཅད་ཀྱིས། །ཁྱོད་ནོ་བོས་ཀྱང་བསྐལ་པ་རིམ་ཐོས་ཏེ། །འདི་དག་སྤངས་པའི་རྣལ་འབྱོར་དེ་ཡིས་ནི། །ཁྱོད་ཀྱང་བོས་ལ་དེ་ཡང་ཁྱོད་ཀྱིས་ཐོས། །གང་ཞིག་ལུས་ངག་དགེ་བས་ཁྱོད་སྐྲུབ་པ། །བླུན་པོ་དེ་ཡིས་ནམས་ཀྱང་ཁྱོད་ཉིད་སྤངས། །ལུས་ངག་སྤངས་པའི་སེམས་ཀྱིས་ཁྱོད་མཆོད་ན། །མཆོད་དོན་དངོས་གྲུབ་དེ་ཡིས་ཐོབ་པར་འགྱུར། །ཁྱོད་ནི་རྒྱལ་བ་མང་པོའི་ཡོན་ཏན་ཏེ། །ཆོས་ཀྱི་དབྱིངས་ན་རྒྱལ་པ་རྣམས་དང་མོལ། །ཟབ་མོ་དབུ་མའི་རང་བཞིན་སྟོན་པའི་ཕྱིར། །མི་མཇེད་འཇིག་རྟེན་ཤིན་ཏུ་རྩུབ་པ་འདིར། །ཕྱི་རོལ་ཚུལ་གྱིས་ཐམས་ཅད་འདྲེན་མཛད་མ། །ཁྱོད་ཀྱི་སྐུ་ནི་འདི་ལྟར་རབ་བརྟགས་ན། །སྒྲིབ་པ་མང་པོ་སྟོང་ཉིད་ངང་དུ་བཤགས། །སྟོང་ཉིད་དམ་པ་སྟོང་པ་ཡང་དག་ཁྱོད། །སྟོང་པ་གཉིས་མེད་ཤེས་པ་རྣམས་ཀྱིས་བསྟོད། །འདི་ལྟར་བསྟོད་ནས་བསྟོད་པར་འགྱུར་གྲང་པས། །ཁྱོད་ནི་བསྟོད་བྱའི་ཡུལ་ཅན་མ་ཡིན་ཀྱང་། །བྱིས་པ་གྲང་ཕྱིར་དོན་ལ་འདི་ལྟར་བསྟོད། །དེ་ནས་ནམ་མཁའ་ལྡིང་གི་རྒྱལ་པོ་རྡོ་རྗེ་གསེར་གྱི་མིག་ཅན་གྱི། །དཔལ་ལྷ་མོ་ནག་མོ་ལ་ཡན་ལག་བདུན་གྱི་ཚུལ་གྱིས་བསྟོད་པ། །དཔལ་ལྡན་ལྷ་མོ་དཔག་པར་དཀའ་པའི་དོན། །ཐབས་ཀྱི་ཆོ་འཕྲུལ་ནམ་མཁའི་མཐའ་ལ་སྤྱོད། །བྱང་ཆུབ་སེམས་དཔའི་སྤྲུལ་པ་ཁྱོད་ཉིད་ལ། །སྒོ་གསུམ་དང་པའི་སེམས་ཀྱིས་ཕྱག་འཚལ་བསྟོད། །ཁྱོད་ནི་བདག་གིས་མཆོད་པས་མ་བསྒྲིབས་ཀྱང་། །དཔལ་ལྡན་དངོས་གྲུབ་དམ་པ་ཐོབ་བྱའི་ཕྱིར། །འདོད་པའི་ཡོན་ཏན་མཁའ་ལས་ཆར་ཕབ་པས། །མཆོད་པའི་ཚོགས་ཀྱི་དབང་པོ་རྒྱས་པར་མཛོད། །དཔལ་ལྡན་ཁྱོད་ནི་དག་སྡིག་དབང་པོ་སྟེ། །བདག་གི་ལུས་ངག་སེམས་ཀྱི་སྡིག་པའི་ཚོགས། །ཁྱོད་ཀྱི་ཐད་དུ་འགྱོད་པས་རབ་གཤགས་ནས། །ཐུགས་རྗེ་ཤུགས་ཀྱིས་སྒྲིབ་པ། །བྱང་བར་མཛོད། །ཁྱོད་ཀྱི་ཁྱད་པར་ཡོངས་སུ་འཕགས་པར་ནི། །འགྲོ་བའི་དོན་མཛད་བདག་དོན་ཕུན་སུམ་ཚོགས། །དགའ་མཐུན་ཕྲག་དོག་མེད་པའི་སྤྲོ་བ་ནི། །རྗེས་སུ་ཡི་རང་ཁྱོད་ཀྱི་རྒྱུད་ལ་འབུལ། །འདི་ལྟར་ཡོན་ཏན་ལྡན་པའི་སྐུ་མཆོག་ནི། །ནག་མོ་བཟང་མོ་འཇིགས་པའི་མཐུ་སྟོབས་ཀྱིས། །ཕྱོགས་བཅུ་དུས་གསུམ་ཀུན་ཏུ་འགྲོ་དོན་ལ། །སྒྱུ་འཕྲུལ་དྲ་བའི་ཚུལ་གྱིས་བསྐུར་བར་སྤོབས། །ཡང་དག་ཡོན་ཏན་ལྡན་པའི་སྐུ་མཆོག་ནི། །གདུག་པ་འདུལ་ཞིང་བསྟན་པ་བསྲུང་པའི་ཕྱིར། སེམས་ཅན་ཟད་པར་མ་གྱུར་བར་དུ་ནི། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །འདི་ལྟར་ཕྱག་འཚལ་མཆོད་ནས་གཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བཏབ་ན། །དགེ་རྩ་འདི་ཡིས་ངན་སོང་སྟོངས་གྱུར་ཏེ། །ཐམས་ཅད་ཚོགས་རྫོགས་བྱང་ཆུབ་ཆེན་པོར་བསྔོ། །དེ་ནས་དཔལ་ལྡན་ལྷ་མོ་ནག་མོ་ལ། །བར་སྣང་གི་ལྷ་བྲན་རྣམས་ཀྱིས་སྐུ་རྒྱན་དང་ཆ་ལུགས་ཀྱི་སྒོ་ནས་བསྟོད་པ། །བསྐལ་པ་མེ་ལྟར་འབར་པའི་ཀློང་དཀྱིལ་ནས།། རླུད་ནག་དགུ་རླུ་་འཁྱིལ་པའི་ཕོ་བྲང་ནས། །མ་གཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ་གཅིག་མ། །དཔལ་ལྡན་ལྷ་མོ་ནག་མོ་རེ་མ་ཏི། །ནག་མོ་ཟ་བྱེད་རྔམ་པའི་མཆེ་བ་ཅན། །མཐིང་ནག་གཅེར་བུ་ཁྲག་གི་རལ་པ་ཅན། །ཁྱོད་ཀྱི་སྐུ་མདོག་ནག་མོར་བསྟན་པ་ནོ། །དོན་དམ་དབྱིངས་ལས་བསྐྱོད་དུ་མེད་པའི་རྟགས། །དབུ་སྐྲ་གཡས་ནས་གཡོན་དུ་འཁྱིལ་བ་ནི། །ཡུམ་གྱི་མཁའ་ལས་སྦྲུལ་པ་འགྱེད་པའི་རྟགས། །དབུ་གཙུག་རལ་བ་གྱེན་དུ་འཁྱིལ་བ་ནི། །དོན་དམ་དགོངས་སྤྱོད་གཅིག་ཏུ་མཛད་པའི་རྟགས། །མཐིང་ནག་གཅེར་བུ་ཁྲག་གི་རལ་པ་ཅན། །དབུ་ལ་ཐོད་རློན་འཕྲེང་བ་བཅིངས་པ་ནི། །ཐུགས་རྗེ་སྤྲུལ་པས་འགྲོ་དོན་མཛད་པའི་རྟགས། །གཡས་ན་སྙན་ཆ་སེང་གེ་མཆོང་པ་ནི། །དམན་མེ་ཐམས་ཅད་ཟིལ་གྱིས་ནོན་པའི་རྟགས། །གཡོན་ན་སྦྲུལ་གྱི་གདེངས་ཀ་འཕྱོ་བ་ནི། །ཞེ་སྡང་མ་སྤངས་དབྱིངས་སུ་དག་པའི་རྟགས། །སྙན་ཆ་གསེར་གྱི་དྲིལ་བུ་འཁྲོལ་བ་ནི། །སངས་རྒྱས་ཀུན་ལ་བསྙེན་བཀུར་བྱེད་པའི་རྟགས། །སྤྱན་རྩ་དམར་ཞིང་སྡང་མིག་བགྲད་པ་ནི། །སྲིས་གསུམ་རྣལ་འབྱོར་དམ་ཚིག་བྱ་ར་བྱེད། །ཞལ་གྱི་དྲག་པོ་ཧོམ་ཁུང་གདངས་པ་ནི། །བརྟན་པ་བཤིག་པའི་རུ་དྲ་སྒྲོལ་པའི་རྟོགས། །རྣོ་གདུག་མཆེ་བ་ཟུར་གསུམ་གཙིགས་པ་ནི། །བསྒྲལ་པའི་ཞིང་བཅུའི་ཤ་ལ་རོལ་པའི་རྟོགས། །སྐུ་ལ་ཞིང་ལྤགས་གཡང་གཞི་གསོལ་བ་ནི། །ཡང་དག་ཆོས་ཉིད་དོན་དམ་ལྡན་པའི་རྟགས། །གླང་ཆེན་ཀོ་རློན་གནམ་ཕྱེད་དཀྲིས་པ་ནི། །ཐེག་པ་མཆོག་གི་དོན་དང་ལྡན་པའི་རྟགས་རེ་ལྡེ་ནག་པོས་གནས་ཕྱེད་དཀྲིས་བ་ནི། །འཇིག་རྟེན་འདི་ནི་ཆེ་བཙན་ལྡན་པའི་རྟགས། །ལྟེ་བ་ཁུང་ནས་ཉི་མ་འཆར་བ་ནི། །སྡུག་བསྔལ་རྒྱ་མཚོ་གཏིང་ནས་སྐམས་པའི་རྟགས། །སྤྱི་བོའི་གཙུག་ནས་བླ་བ་འཆར་བ་ནི། །དུས་གསུམ་མ་རིག་མུན་པ་སེལ་པའི་རྟགས། །ཞབས་ལ་དབང་གི་ལྕགས་སྒྲོག་འཁྲིལ་བ་ནི། །ཐབས་དང་ཤེས་རབ་བཟུང་དུ་འབྲེལ་བའི་རྟགས། །ཕྱག་གཡས་ཤག་ལང་ནག་པོ་བསྣམས་པ་ནི། །སྡུག་བསྔལ་སྐྱེ་ཤི་རྩད་ནས་གཅོད་པའི་རྟགས། །གཡོན་ན་ཐོད་རློན་དམར་ཆེན་འཐུང་བ་ནི། །འཁོར་བའི་སྡུག་བསྔལ་ཁྲག་ལྟར་འཐུང་པའི་རྟགས། །བོང་བུ་གྭ་པ་ཕྱིན་ཕྱོགས་ཤོན་པ་ནི། །ལོག་པར་ལྟ་བའི་སེམས་ཅན་སྒྲོལ་པའི་རྟགས་སྲིན་པོའི་ལྐོག་མས་སྔ་རུ་བྱས་པ་ནི། །སྲིན་ཡུལ་ལང་ཀ་པུ་རངས་བཏུལ་པའི་རྟགས། །སྦྲུལ་ནག་ཆུན་པོས་གོང་རྨེད་བྱས་པ་ནི། །ཞེ་སྡང་དབང་གིས་བགེགས་རིགས་འཇོམས་པའི་རྟགས། །རུས་སྦལ་ནག་པོའི་ཕོ་ཐུ་བཏང་བ་ནི། །ཀླུ་བདུད་ནག་པོ་དམ་ལ་བཏགས་པའི་རྟགས། །སྔ་ཤ་གཡས་པ་བདུད་ཀྱི་ཁྲམ་བམ་ནི། །དམ་ཚིག་ཉམས་པ་ཁྲམ་ལ་འདེབས་པའི་རྟགས། །ཕྱི་ཤར་ནད་ཀྱི་རྐྱལ་པ་བཏགས་པ་ནི། །བསྟན་པ་འདི་ལ་གནོད་པའི་དགྲ་བོ་ལ། །ནད་ཀ་འབེབས་ཤིང་དལ་ཀ་བསྐུལ་པའི་རྟགས། །དོན་དམ་བཅུད་ཀྱི་རྟགས་སུ་ཞག་གི་ཟོ་རིས་བཏང་། །ཐུགས་རྗེ་ཆགས་པའི་རྟགས་སུ་རག་ཏའི་ཐིག་ལེས་བརྒྱན། །འདུ་བྱེད་མི་རྟག་རྟགས་སུ་ཐལ་ཆེན་མཚན་མས་བཏབ། །ནག་མོ་འབུམ་ཕྲག་བྲན་དུ་འཁོར་བ་ནི། །ཁམས་གསུམ་ཁྱབ་པར་འཕྲིན་ལས་མཛད་པའི་རྟགས། །མ་ཅིག་ཁ་ནས་མེ་འབར་རྒྱ་མཚོ་སྐེམས། །ལག་ན་རྡོ་རྗེ་འཕྱར་བས་རི་རབ་རྩེ་ནས་བསྙིལ། །བདག་གིས་བཙུན་པར་ལྷ་མོ་ཁྱོད་ལ་བསྟོད། དེ་ནས་གཤིན་རྗེ་ནག་པོས། །ལྷ་མོ་ལ་ཆེ་བའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ། །ལྷ་མོ་དཔལ་ལྡན་མཁའ་འགྲོ་ནག་མོ་ཁྱོད་ཉིད་ནི། །རྒྱུན་དུ་ཏིལ་མར་གྱིས་བྱུགས་ལན་བཅུ་གཅིག་མ་ལ་རོ་ཉེ་རྣ་ཆས་སྒེགས་ཤིང་ཆ་ལུགས་མང་པོས་འཆང་བྱེད་མ། །རྒྱན་དུ་རྐང་སྒྲོག་ལྕགས་ལས་བྱས་པ་ཅིག་གིས་ཁྱོད་ཀྱི་རྐང་པ་མཛེས་པར་རབ་བརྒྱན་ཏེ། །མཚན་མོ་བོང་བུ་ཞོན་ན་ས་འགྲོ་བ་དེ་ནི་ནག་མོ་ཁྱོད་ཉིད་ཡིན་པར་ཤེས། །རལ་པས་བདག་ཉིད་མཛེས་པར་བརྒྱན་དེ་ཁྱོད་ཀྱི་སྤྱོད་པ་མཚོ་ཆེན་དོན་དག་སུ་ཡིས་ཤེས། །འཁོར་བ་འཇིག་པའི་ཚེ་ན་མི་རུས་དག་ལ་ཁྲག་དང་ཞག་འཛག་དུ་བ་འཐུབ་བ་ནི། །ནག་མོ་མཆེ་བ་མི་བཟད་ཁྱོད་ཀྱི་ཞལ་དུ་འགྲོ་ཀུན་སྐད་ཅིག་ཙམ་ལ་ཞུགས་པར་འགྱུར། །ལྷ་མོ་ལག་ན་མི་ཐོད་ཐོགས་པ་ཁྱོད་ནི་རྣལ་འབྱོར་གྲུབ་པའི་རྣལ་འབྱོར་ཅན་ཏེ་དུར་ཁྲོད་དགེས། །ཁྱོད་ནི་གཡོག་བཅས་མྱ་ངན་མི་འདའ་འཆི་བའི་འཇིགས་པ་མེད་ཅིང་དྲིལ་སྒྲ་སྒྲོགས། །ཁྱོད་ནི་དཔའ་བོ་དག་གི་མདོག་བཅད་གཡུལ་དུ་མཚོན་གྱིས་བསད་པ་ཡིས། །མགོ་འཕྲེང་ལག་ན་ཐོགས་ཤིང་གར་ཐབས་སྐོར་ཞིང་ལག་པ་བརྐྱང་བསྐུམ་བྱེད། །རྐུབ་ཚོས་ཆེ་ལ་ཀླུ་དབང་གཞིབས་པའི་སྐེ་རགས་འཆིང་ཞིང་ལག་ན་མདུང་དང་བ་དན་ཐོགས། །ཁྲག་གི་འཆང་གིས་ར་རོ་མྱོས་ཏེ་མིག་རྩ་དམར་པོས་བྱས་ནས་མཚན་མོ་རྒྱུ་བ་འབྱུང་པོར་ཕལ་ཆེར་རྣམས་ཀྱིས་མཐོང་། །རྐང་པའི་གོས་ནི་ཀོ་རློན་ཆེན་པོས་དྲས་པ་གནས་ཀྱི་ཕྱེད་དཀྲིས་ཕྱེད་ན་རི་ལྡེས་དཀྲིས། །མི་ཡི་རྒྱུ་མ་གསར་པའི་སྐྲུབས་ཀྱི་སེ་ཞལ་གྱི་ཟླ་བ་བརྒྱན་ཅིང་ཁྲག་དང་ཞག་གི་ཐིགས་ལེ་ཅན། །མི་ཡི་ཤ་ལ་སོ་ཡིས་ཆེམ་ཆེམ་ཟ་ཞིང་མི་རོ་དག་གི་ཅོད་པན་མགོ་ལ་བརྒྱན་པ་སྟེ། །བདག་ལ་སྐྱོང་བའི་དྲག་མོ་ཁ་ན་མི་ཤ་ཐོགས་པས་ཁྱོད་ནི་སྔ་ན་མ་མཐོང་གཟོད་མཐོང་ན། །བདུད་དང་སྲིན་པོ་མ་མོ་རྣམས་དང་དངས་ཏི་མིག་རྩ་རིག་རིག་བྱས་ནས་རྔམ་པ་འཐོན་ཞིང་ཁྱོད་ལལ་འདུད་ལྷ་མོ་བཟང་མོ་གཟུགས་མདོག་གནག་ཅིང་བཟོད་པར་དཀའ་བ་ཁྱོད་ལ་བརྒྱ་བྱིན་ལ་སོགས་ཀྱང་། །བསྟོད་པ་བྱེད་ཅིང་གཤིན་རྗེའི་རྒྱལ་པོ་ཉིད་ཀྱང་འདར་ཞིང་རྟག་ཏུ་འདུད། །ལྷ་རྣམས་དང་ནི་མགོ་འཇུག་མ་ལུས་བཏུལ་ནས་རྣ་བ་ཡ་ཅིག་ལ། །བང་གིས་འགྲོ་བ་སྦྲུལ་མགོ་གདེངས་ཀ་སྟོང་དང་ལྡན་པ་གཅིག་གིས་ཁྱབ་ནས་རྒྱན་དུ་བྱས། །ཡ་ཅིག་ལ་ནི་སེང་གེ་མཚུངས་མེད་ཐོགས་ཤིང་རྒྱ་མཚོ་བསྐོར་ཞིང་ས་གཞི་གནོན། །སྟེང་གི་ཕྱོགས་ནས་རྒྱུ་བའི་ཉི་མ་ཟླ་བ་ལྷ་མོ་ཁྱོད་ཀྱི་རྐེད་ནས་འཆར་ཞིང་སྲིད་གསུམ་ཟིལ་གྱིས་གནོན། །རྒྱ་མཚོའི་གླིང་ན་མེ་འབར་ཆུ་རྣམས་སྐེམས་པར་ནུས་པའི་བུད་མེད་ཐམས་ཅད་ཞི་མཛད་མ། །ལྷ་ཆེན་སྐུ་དང་འཚམ་པར་བཞུགས་པའི་བཀའ་བཟློག་ནག་མོ་མི་ནད་ཕྱུགས་ནད་ཀུན་ལ་འཇིགས་པ་མེད་པ་ཁྱོད་ཉིད་ལ། །བདག་གིས་གུས་པར་ཕྱག་འཚལ་མཆོད་ཅིང་རྟག་ཏུ་བསྟོད་པར་བགྱི། །དེ་ནས་དཔལ་ལྷ་མོ་ནག་མོ་ལ། །བྲམ་ཟེ་མཆོག་སྲེད་ཀྱིས་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་བསྟོད་པ། །མ་ཅིག་ལྷ་མོ་དཔལ་ལྷ་མོ། །རྡོ་རྗེ་ནག་མོ་ཆེ། །མཐུ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་གིས་བཙུན་པར་ཁྱོད་བསྟོད་ཀྱིས །བཀྲ་ཤིས་མཆོག་བསྒྲུབ་སེམས་བདེར་གནས། །ཡིད་མྱུར་གཟུགས་ཆེན་ཀུན་གྲགས། །མ་མོར་གྲགས་ཤིང་འཇིག་རྟེན་སྐྱོང་། །དཔལ་ལྡན་དྲག་ཤུལ་བརྩོན་འགྲུབ་ཆེ། །འཐབ་མོའི་གཡུལ་ལས་རྟག་ཏུ་རྒྱལ། །གང་ཤིན་རྗེའི་སྲིང་མོ་ཡིན་པར་སྟོན །གོས་སུ་དར་གོས་སྔོན་པོ་གོན། །སྡུག་དང་མི་སྡུག་ཆ་ལུགས་འཆང་། །སྦྱན་མིག་མཐོང་ན་ཀུན་གྱིས་ཀྱང་། །དང་ཅིང་ཕྱོགས་པའི་མི་རྣམས་ལ། །རེས་འགའ་རི་བྲག་ཟབ་མོར་གནས། །རེས་འགའ་འཚལ་དང་ཤིང་ལ་གནས། །རེས་འགའ་དུར་ཁྲོད་དབུས་ན་གནས། །ལྷ་མོའི་གནས་རྟེན་དེ་རུ་འཆའ། །གལ་ཏེ་རི་ཚེལ་མི་རྒོད་ཀྱིས། །རྟག་ཏུ་ལྷ་མོ་ཁྱོད་བསྟོད་ན། །དེ་ཡི་དགོངས་པ་སྐོངས་པར་བྱེད། །བདག་གིས་རྟག་ཏུ་བསྟོད་བྱས་ན །བདག་གིས་བསམས་པ་འགྲུབ་བར་མཛོད། །རྨ་བྱའི་སྒྲོ་ཡི་རྒྱལ་མཚན་གྱིས། །རྟག་ཏུ་འཇིག་རྟེན་སྲུང་བར་བྱེད། །གནག་ལུག་ཕྱུགས་རྣམས་འཕེལ་བར་བྱེད། །སེང་གེ་སྟག་དང་སྤྱང་ཀི་ཡིས། །རྟག་ཏུ་ཀུན་ནས་བསྐོར་ནས་ཀྱང་། །རྡོ་རྗེ་དྲིལ་ཆེན་སྙན་པར་སྒྲོགས། །བྱིན་ཏེ་དྲི་ལ་སྒྲས་ཀུན་ཏུ་སྒྲོགས། །ལན་འགའ་ལག་ན་ཏྲི་ཤུལ་ཐོགས །ལོག་གཉིས་ཉི་ཟླའི་རུ་མ་མཚོན་འཕྱར། །མར་གྱི་དགུ་དང་བཅུ་གཅིག་ལ། །དེ་ཡིས་དུས་སུ་མཆོད་བྱས་ནི། །ལྷ་མོ་ཁྱོད་ལས་ལྷག་པ་མེད། །བདུད་འདུལ་ལྷ་ཆེན་སྲིན་མོར་སྟོན། །དགྲ་དང་འཐབ་ཚེ་རྒྱལ་བར་བྱེད། །གཙོ་མོ་བྱེད་ཅིང་ཁ་ལོ་སྒྱུར། །བུད་མེད་ནང་ན་མཆོག་ཅན་ཁྱོད། །ཚིག་དབང་འཇིག་རྟེན་མགོན་པོ་འདྲ། །རྒྱལ་པོའི་ཁབ་ན་པདྨ་འདྲ། །ཞལ་བཟངས་ཟླ་བ་ཉ་བ་འདྲ། །ཆུ་ལ་རྒོལ་ན་གྲུ་ཟམ་འདྲ། །ནད་པ་རྣམས་ཀྱི་སྨན་པ་འདྲ། །འཕོངས་པ་རྣམས་ཀྱི་བཤེས་གཉེན་འདྲ། །ལྷ་དང་ལྷ་མིན་གཡུལ་འགྱེད་ཚེ། །ལྷ་མོ་ཁྱོད་ཀྱི་ལྟེ་བ་ལ། །ལྷ་རྣམས་ཀུན་གྱིས་རྫོང་བཅས་ནས། །ལྷ་དམགས་དཀར་པོ་རྒྱལ་པར་བྱས། །ལྟ་མ་ཡིན་རྣམས་འཕམ་བྱེདམ། །ལྷག་ན་མདུང་དམར་ཆེམས་སེ་ཆེམས །རུ་མཚོན་བ་དན་མེ་ལྟར་འབར། །དགྲ་འདུལ་གཡུལ་ཟློག་ཁྱོད་ལ་བསྟོད། །ལྷ་མོ་མཐུ་ཆེན་ཁྱོད་ལ་བསྟོད། །དེ་ནས་དྲང་སྲོང་ཆེན་པོ་ཀེའུ་དི་རྒྱས་མས། །དཔལ་ལྷ་མོ་དཔེ་བྱད་ལས་བསྟོད་པ། །འཇིག་རྟེན་གཙོ་ལ་རྟག་ཏུ་གུས་པས་ཕྱག་འཚལ་ལོ། །མ་རྣམས་ནང་ན་རྟག་ཏུ་མཆོག་གྱུར་བ། །འཇིག་རྟེན་གསུམ་པོ་ཐམས་ཅད་ཁྱོད་ལ་བསྟོད། །བྱད་བཞིན་གཟུགས་མཛེས་ཀུན་གྱིས་ལྟ་བར་མོས། །ཡོན་ཏན་རྣམ་པ་སྣ་ཚོགས་ལུས་རབ་བརྒྱན། །སྤྱན་ལེགས་པདྨ་སྔོན་པོའི་འདབ་མ་འདྲ། །བསོད་ནམས་ཡེ་ཤེས་དྲི་མེད་གྲགས་པས་བརྒྱན །དཔེར་ན་རིན་ཏང་མེད་པའི་ནོར་བུ་འདྲ། །དེང་བདག་ལྷ་མོ་ཁྱོད་ལ་བསྔགས་པས་ཀྱང་། །སེམས་ལ་བསམ་པ་ཐམས་ཅད་གྲུབ་པར་ཤོག །ཡང་དག་ཡེ་སེས་གྱ་ནོ་མ་བཀྲ་ཤིས་མ། །པདྨ་ལྟ་བུར་ཤིན་ཏུ་རྣམ་པར་དག །ལུས་མདོག་རབ་མཛེས་ཀུན་གྱིས་ལྟ་བར་མོས། །མཚན་མར་ཡོན་ཏན་རྣམ་པ་སྣ་ཚོགས་ལུས་རབ་བརྒྱན། །དྲི་མེད་ཡེ་ཤེས་འོད་ཟེར་རབ་མཛེས་པ། །དྲན་པ་རྣམས་ཀྱི་ནང་ན་མཆོག་ཏུ་འགྱུར། །ཇི་ལྟར་སེང་གེ་གཅན་གཟན་མཆོག་གྱུར་ལྟར་སྔགས་བསྟོད་ན་ནི་འདི་ལས་འབྱུང་བ་ཡི། །བསམ་པའི་དངོས་པོ་ཐམས་ཅད་འགྲུབ་པར་ཤོག །ཅེས་བསྟོད་དོ། །དེ་ནས་དཔལ་ཕྱག་ན་རྡོ་རྗེས་འཁོར་འདུས་པ་རྣམས་ལ་བཀའ་སྩལ་བ། །ཁྱེད་ཀྱིས་དཔལ་ལྷ་མོ་ལ་བསྟོད་པ་ལེགས་སོ། །ད་ཡང་བསྟོད་པ་འདི་དག་གི་དོན་སྒོམས་ཅིག །ཡིད་ལ་ཟུང་ལ་རྟག་ཏུ་ཟློས་ཤིག །ལྷ་མོ་འདི་ལ་བསྟོད་པ་ནི་ང་ལ་ཡང་བསྟོད་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ལ་ཡང་བསྟོད་པའོ། །ལྷ་མོ་འདིས་ཀྱང་མི་དེ་ལ་སྲུང་བར་བྱེད། །སྐྱེབ་པར་བྱེད་དོ། །ཅི་འདོད་པའི་དངོས་གྲུབ་སྟེར་རོ། །ཟེས་བཀའ་སྩལ་པ་དང་། །འཁོར་དེ་རྣམས་རབ་ཏུ་དགའ་ནས། །བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་རྒྱན་གྱི་ཆར་ཆེན་པོ་ཕབ་ནས་སོ་སོའི་གནས་སུ་འཁོད་དོ། །བསྟོད་པ་རྒྱལ་པོའི་རྒྱུད་རྫོགས་སོ། །རྒྱ་གར་སྐད་དུ། །ཏྲག་རག་ཤ་མ་ར་ཀ་ལྭ་ཐང་མུ་ལེ་ཏ་ནྟྲནཱ་མ། །བོད་སྐད་དུ། །མ་མོ་ནག་མོ་ཉི་མའི་སྨོན་མོ་སྲོག་གི་རྒྱུད་ཅེས་བྱ་བ། །འཇིགས་བྱེད་ཆེན་པོ་ལ་ཕྱག་ལ་