Ngb-pt-0763-vol-08-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 
(No difference)

Latest revision as of 10:48, 20 March 2020

Front

Body

བདེ་བ་ལྷའི་མཆོག་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དཔལ་དེ་བའི་མཆོག་ལ། འཁོར་མང་པོལི་ཚོགས་མང་པོས་བསྐོར་བ་ནི། འདི་ལྟ་སྟེ། བདུད་མོའི་ཚོགས། ཨེ་ཀ་ཙ་ཏི་དང་།གནམ་གྱི་ཡེ་འདར་དང་། སའི་ཕུང་བྱེད་མ་དང་། བར་གྱི་གློག་མ་སྤྲིན་དང་། ནག་མོ་དུང་ཁྲིག་མ་དང་། ནག་མོ་རེ་མ་ཏི་དང་། ཀུན་དུག་མ་དང་། བདུད་མོ་ནག་མོ་བཀྲག་མེད་དང་། བདུད་མོའི་ཚོགས་བསམ་གྱིས་མི་ལང་བས་བསྐོར་བ་དང་། སྲིད་པའི་རྒྱལ་མོ་ལ་སོགས་ཏེ། ཐེག་ཆེན་ས་གཞིའི་དབང་མོ་ཆེ་དང་། རི་རབ་གླིང་བཞིའི་དབང་མོ་ཆེ་དང་། རྒྱ་མཚོ་གཏིང་གི་དབང་མོ་ཆེ་དང་། ཁྲམ་ཁ་སྟོང་གི་དབང་མོ་ཆེའི་འཁོར་ན་གནས་པ་ནི། འདི་ལྟ་སྟེ། འགུགས་ཤིང་འདྲེན་པའི་ལས་བྱེད་པས། ཕོ་ཉ་ཉིས་བརྒྱ་ལྔ་བཅུ་གཉིས། མངག་ཅིང་རོལ་པའི་ལས་བྱེད་པས། སྒྱུལ་ལེ་ཉིས་བརྒྱ་ལྔ་བཅུ་གཉིས། །གསོད་ཅིང་འཚོ་བའི་ལས་བྱེད་པས། །བདུད་པོ་ཉིས་བརྒྱ་ལྔ་བཅུ་གཉིས། །མངག་ཅིང་བཅིང་འགུག་ལས་བྱེད་པས། །སྨན་ཕྲན་ཉིས་བརྒྱ་ལྔ་བཅུ་གཉིས། སྦྲུལ་པའི་མ་མོའི་གཙོ་མེད་ནི། མགོ་དགུ་རལ་གཅིག་མ། རོ་བཤལ་མ་དང་། དྲ་མེན་ཏྲ་དང་། མགོ་འཆང་མ་དང་། མོན་མོ་དང་། བསེ་མོ་བཞི་དང་། དུར་ཁྲོད་ཀྱི་མ་མོ་ཤི་རི་རྩ་མུན་ཏི་དང་། རོ་ཁ་མ་གསུམ་དང་། མ་མོ་དམར་ནག་གི་ཚོགས་ཉིན་མཚན་དུ་རྒྱུ་བ་དང་། ལས་བྱེད་མ་མོ་གདུག་བྱེད་གནམ་ཤག་ཟོར་བ་གདོང་དང་། དྲེད་སྨན་ཟོར་བ་གདོང་དང་། འདྲེ་སྲིན་ཟོར་བ་གདོང་དང་། དུང་སྨན་ཟོར་བ་གདོང་དང་། སྟག་སྨན་ཟོར་བ་གདོང་དང་། ལ་སོགས་པ་དགའ་མོ་གཉན་གྱི་ཟོར་བ་འཕེན་མ་དང།་ ཨ་རྒ་གཉན་གྱི་སྨན་ཅིག་མ་དང་། རཀྟ་གཉན་གྱི་རྩ་མུརྙི་དང་། རྗེའུ་སྟོང་ཆེན་མོ་མགོ་གཅོད་མ་དང་། ལས་ལ་འཇུག་པའི་མ་མོ་དུས་དྲུག་ཏུ་རྒྱུ་བ་དང་འཁོར་བྱེ་བ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད། སྤྲིན་དང་། ཁུ་རླངས་དང་། ན་བུན་བཞིན་ཐིབས་ཏེ་གནས་སོ། གནས་ཡང་མ་མོ་དམར་ནག་གི་ཚོགས་དང་། ཡེ་ཤེས་ལས་གྲུབ་པའི་མ་མོ་ཇི་སྙེད་ཅིག་ཡོད་པ་དང་། ལས་ལས་གྲུབ་པའི་མ་མོ་དང་། དེའི་བཀའ་ཉན་དང་། མངག་ཞུག་དང་། གཟུགས་མི་སྡུག་ཅིང་སྐྱི་གཡའི་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་ཁ་ཅིག་ནི་ཡི་དྭགས་ཀྱི་འཁོར་ན་གནས། ཁ་ཅིག་ནི་སྡིག་པ་ཁ་སོགས་པས་སྲོག་གཅོད་པ་ལ་དགའ།ཁ་ཅིག་ནི་དེ་བཞིན་གཤེགས་པའི་ཞལ་མངོན་སུམ་དུ་མཐོང་བས་བསྟན་པ་བསྲུང་བ་ལ་དགའ། ཁ་ཅིག་ནི་ཤ་ཁྲག་མང་པོ་ལ་དགའ། ཁ་ཅིག་ནི་དམ་ཚིག་ཅན་གྱི་གྲོགས་བྱེད་ཅིང་རྣམ་པར་དཀར་བའི་ཆོས་ལ་དགའ་སྟེ། དེ་དག་ཐམས་ཅད་ཀྱང་དམ་ཚིག་ཅན་གྱི་གྲོགས་སུ་འགྱུར་རོ། །གླེང་གཞིའི་སྐབས་སོ། །དེ་ནས་དཔའ་བདེ་བའི་མཆོག་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མཧོ་དཔའ་བོ་བདེ་བའི་མཆོག །བདག་ཅག་མ་མོ་འདུས་པའི་འཁོར་ཚོགས་རྣམས། །ཇི་ལྟར་འདུལ་བའི་ལས་བགྱིད་པ། །བདག་ཅག་རིགས་བཞི་འདུས་པའི་མ་མོ་ལ། །ཁྱོད་ཀྱིས་བསྒོ་བ་ཇི་ལྟར་ལགས། །དཔའ་པོ་ཆེན་པོས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། མ་མོའི་རིགས་བཞིའི་ཚོགས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྨྲས་ཏེ་འཁོད་དོ། །དེ་ནས་ཡང་དཔལ་བདེ་བ་ལྷའི་མཆོག་གིས། །མ་མོ་རིགས་བཞིའི་ཚོགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཉོན་ཅིག་འདུས་པའི་མ་མོའི་ཚོགས། ཁྱེད་ཀྱི་འདུས་པ་མ་མོ་ཡི། །དཀྱིལ་འཁོར་ཆེན་པོ་ང་ཡིས་བཤད། །མཎྜལ་ཆ་སྙོམ་ཡིད་འོང་ལ། །དུར་ཁྲོད་ཆག་ཆག་གདབ་པར་བྱ། །དེ་ནས་ཐིག་གདབ་རི་མོ་བྲི། ཁྲུ་གསུམ་ཟླ་ཁམ་ཕྲིན་ལས་ཚུལ། །ཐོད་པ་འཕྲེང་བས་བསྐོར་བ་བྱ། ཁུ་ཆད་སྒོ་རྣམས་བྲི་བར་བྱ། །དེ་ནས་མ་མོའི་སྤྱིར་རྫས་བསོག །ལྕང་ལོ་བཞི་ལ་མཚན་གསོལ་ཏེ། །དངོས་གྲུབ་ཆེན་པོ་གསོལ་བར་བསྐུལ། །དེ་ནས་མ་མོ་རིག་བཞི་ཡི།སོ་སོ་སྲོག་གི་སྙིང་པོ་དྲིལ་བ་འདི་གསུངས་སོ། དབྱིངས་ཀྱི་མ་མོ་གཅིག་ཏུ་དྲིལ་བ། མ་མ་དྲག་རག་ཤ་ཀྲོ་དྷི་ཤཱ་རི་མ་ཧྭ་པདྨ་བྷ་ག་བདེ་ཀློང་འདུས་འདུས་པས་མ་ཡུ་རུ་ལུས་རུ་ལུ་ཧཱུཾ༷་སྨྱོ། བདུད་མོ་ཐམས་ཅད་ཀྱི་གཅིག་ཏུ་དྲིལ་བ། ་ག་རཀྟ་མ་མ་རུ་ལུ་རུ་ལུ་ཁ་ལ་མ་ཏི་གཞན་རག་མོ་རུ་ལུ་རུ་ལུ་མ་ར་ཡ་མ་ཧཱུཾ༷་སྨྱོ། སྦྲུལ་པའི་མ་མོ་ཐམས་ཅད་ཀྱི་སྙིང་པོ་གཅིག་ཏུ་དྲིལ་བ་དྲི་མ་དུ་ཤད་ཤད་རག་མོ་ནི་ཙུ་རུ་རག་ཤ་མ་རུ་ལུ་རུ་ལུ་མ་མ་སྨྱོ་སྨྱོ། ལས་བྱེད་མ་མོ་ཐམས་ཅད་ཀྱི་གཅིག་ཏུ་དྲིལ་བ། རག་མོ་རུ་མྲ ཙ་མོ་ནི་ཙུ་རུ་ཤ་བ༷མ། ཁྲག་རག་མི་ནི། རག་ཤ་མུ་མྲ རུ་ལུ་རུ་ལུ་མ་མ་སྨྱོ་སྨྱོ། དེ་ནས་རྦད་པ་འདི་གསུངས་སོ། མ་མ་ཀྲོ་ཏི་ཤཱ་རི་ས་མ་ཡ་བྷ་ག་བདེ་ཀློང་། ཧོ་བ་ག་བན་རུ་ལུ་རུ་ལུ་སྨྱོ། ་ག་རསྣ་མ་མ་ཙ་ཏ་ཁྲག་ལ་ས་མ་ཡ་རུ་ལུ་རུ་ལུ་ཁ་ལ་མ་ཏོ་སྨྱོ། དྲི་ནི་ཙི་སྟ་ཁ་ལ་མ་དུ་ཤ་ཤ། མ་མ་དུ་མ་བ་ལེ་ཧྲིང་ཧྲིང་མ་དུ་ང་དུ་ང་རུ་ལུ་རག་མོ་ཁ་ལ་སྨྱོ། རག་མོ་ནི་རག་མོ་ནི་ཙུ་རུ་རག་ཤ་སྲེ་ཡང་ཁྲེང་ཁྲེང་། གྲང་ཧེད་གྲང་ཧེད། མ་མ་རུ་ལུ་རུ་ལུ་སྨྱོ། དེ་ནས་བསད་པ་གཅིག་ཏུ་དྲིལ་བ་འདི་གསུངས་སོ། མ་མ་བལ་ཕྱུར་ཐལ་ཙི་སྟ་ཕྱུར་རོ་ལ་ཤ། མ་མ་ཁྲག་བརླངས་རྨུགས། རུ་ཏྲ་རྦད། མ་མ་ཙིསྟ་རྦད། མ་མ་སྲོག་ཐུམས་རག་མོ་ཙིསྟ་ཁྲག་ལ་ས་མ་ཡ་ཛ་ཛ་། །སྒག་རསྒ་ཐུམ་རི་ལོ་སྦྱོ། །་ག་རག་མོ་ཅིསྟ་ཁ་རག་རྦད། །ཆུམ་ཆུམ་རི་ལི་ལི་སྨྱོ། མ་མོ་ར་ཙ་མ་ཐུན་སྨྱོ། ཏྲི་མ་ར་ཡ་ཚོད་ཚོད། དགྲ་བོ་ཅི་སྟ་མ་ར་ན་ཛ། མ་མོ་རག་མོ་ཅི་སྟ་ཁ་རྦད་ན་ལི་རག་རྦད་ན་ལི། ཁ་་འབུར་ཁ་འབུར་མ་ཧྭ་ས་ར་སྨྱོ། རྒྱུ་ལུ་རྒྱུ་མ་ར་ཡ་ཚོད། །རག་མོ་གུལ་ལན་རག་མོ་ཅིསྟ་ལ་ཤད་ཤད་མ་མ་རུ་ལུ་རུ་ལུ་རག་མོ་ཙིསྟ་ཧེ་ཀེ་མ་མ་རུ་ལུ་རུ་ལུ་སྨྱོ། ཞེས་སོ་སོར་བསྒྲུབ་ན་ཐུགས་དམ་ལ་གནས་པར་འགྱུར་རོ། རྣལ་འབྱོར་དམ་ཚིག་ཉམས་འགྱུར་ན། སོ་སོའི་མཐུན་རྫས་བསོག་པར་བྱ་རིགས་བཞིའི་གཙོ་མོ་བཞི་ལ་བསྟོད། དེ་ཡིས་བཟློག་པ་ཆེན་པོར་འགྱུར། ཞེས་གསུངས་སོ། །མ་མོ་རིགས་བཞིའི་སྐབས་སོ། །དེ་ནས་མ་མོ་གདུག་པ་ཅན་རྣམས་ཉིན་མཚན་དུ་རྒྱུ་བ་འདི་གསུངས་སོ། སྲོད་ལ་མ་མོ་ནག་མོ་རྒྱུ། ཐེའུ་ཚེ་ལྷའི་ཉུལ་ལེ་འོང་། རྣལ་འབྱོར་ཏིང་འཛིན་དྲོད་ཉུལ་བས། རྫོགས་པའི་ཚུལ་དུ་ལྷ་མཆོག་བསྐྱེད། ནམ་གུང་མ་མོ་སྨུག་མོ་རྒྱུ། གནོད་སྤྱིན་ལག་རྐྱང་ཉུལ་ལེ་འོང་། སྣ་ཚོགས་མཆོད་པ་ཅི་སྦྱོར་བཤམ། མེ་དམར་འདངས་ཀྱི་ཕུད་ལ་ཉུལ༷། ཁྱབ་པ་ལག་རིང་བར་ཆོད་བྱེད། དྲག་སྔགས་འདི་ཡིས་བར་ཆོད་བསལ། ཨོ་ཏོ་མ་རི་རག་ཤ་ཁ་རུ་ན་ཧཱུཾ༷་ཧཱུཾ༷། ཨ་ཀྲོ་ར་ཙ་དུར་ནས་དུ། སྙིང་ལ་སིལ་སིལ། ཅིསྟི་ནི་ཤ་ཤ་ལ་རྦད་རྦད། ཡ་ཡ་རྣལ་མ་ཙསྟི་ཁ་ལ་ཡ་ཧཱུཾ། ཉི་མ་ཟེར་ཁར་མ་མོ་དམར་མོ་རྒྱུ། ཡ་མ་ར་ཙའི་སྤྲུལ་པ་ཡིན། དགྲ་བོའི་བླ་ཚེ་ཁྱེར་ནས་འོང་། མ་རུ་རྩེ་ལ་དྲག་ཏུ་བསྐུལ ། ཉིན་ཕྱེད་མ་མོ་དཀར་མོ་རྒྱུད། ཀུན་ཏུ་རྒྱལ་བའི་སྦྲུལ་པ་ཡིན། བདག་གི་ཚེ་སྲོག་པར་ཆོད་བྱེད།ཀུན་ཏུ་རྒྱལ་བའི་འཁོར་ལོ་བསྐོར། དགོངས་མོ་ཉི་མའི་ཟེར་ཀ་ལ། སྤྲུལ་པའི་མ་མོ་རོ་བཤལ་རྒྱུ། དགྲ་བོའི་ཚེ་སྲོག་གཅོད་པར་བྱེད། དགྲ་བོའི་ལིང་ག་ར་སོག་མ། ཁྲག་གིས་བྲིས་ཏེ་ཕུར་བུས་གདབ། ཀུན་ཏུ་རྒྱལ་བགསང་བའི་ལས། བསྟོད་མཆོད་དྲག་ཏུ་བསྐུལ་བར་བྱ། ཕ་ཉ་མ་གཞུག་དྲག་ཏུ་བསྐུལ། མ་མོ་སྲིད་པའི་འཁོར་ལོ་བསྐྱོན། གནད་ལ་གདབ་པ་རུ་ཉལ་བ་ཡིན། མ་མོ་རྣམས་ནི་ལས་ལས་གྲུབ། ཉེ་ཞིང་རིང་དུ་སྤོང་པ་ཡིན། དེ་ཕྱིར་རུ་ཉལ་ཤི་ས་བསྟན། རུ་ཉལ་ནོར་པ་མེད་པ་དེས། རྩ་བའི་སྲོག་སྙིང་ཟིན་པ་ཡིན། རུ་ལངས་མ་ནོར་སྦྱོར་བའི་སྔགས། དཔེར་ན་མི་ཁ་སྨྱོས་པའི་རྣམ་ཤེས་ཀྱང་། ཡི་དྭགས་གྲོང་ཁྱེར་གཟུགས་དབང་འགྱུར། གཞན་དོན་སྤྱོད་པའི་རང་དབང་མེད། རུ་ཉལ་རུ་ལངས་མ་ནོར་རྩ་བའི་སྙིང་པོ་དེས། ཡི་དྭགས་གྲོང་ཁྱེར་གཟུགས་གནས་ཀྱང་། རྣམ་ཤེས་བདག་གི་དབང་དུ་འགྱུར།དེ་ཡིས་ཁུགས་ཤིང་གནད་ལ་ཕེབས། རྣལ་འབྱོར་མ་མོའི་དོན་སྤྱོད་པས། །རྩ་བའི་དམ་ཚིག་གཙོ་རུ་བཟུང་། དེ་ཡིས་གསང་བའི་དོན་མཚོག་འགྲུབ། །བདེ་ཆེན་གསང་བའི་སྙིང་པོ་དེ། །ཡི་གེ་འཁྲུལ་པའི་དོན་གསང་ཡིན། རྣལ་འབྱོར་བདེ་གསང་དཀྱིལ་འཁོར་དུ། ལས་བཞི་ཡོན་ཏན་འབྱུང་བའི་གཏེར། གསང་སྔགས་གཉིས་པ་དོན་གྱི་བཅུད། ཡེ་ཤེས་ལྷ་མཆོག་ཐུགས་ཀྱི་རྩལ། སྲིད་པའི་འཁོར་ལོ་རྟེན་འབྲེལ་ན། གནད་ལ་གདབ་པའི་འཁོར་ལོ་སྟེ། རྟེན་འབྲེལ་ཡི་གེ་བཅུ་གཉིས་པོ། ལྷ་མཆོག་ཐུགས་ཀྱི་ཧཱུཾ༷་གིས་མཚན། བཅུ་གསུམ་པར་ནི་གྲག་པ་ཡིན། ཧཱུཾ༷་བཤན་ཏྲག་རསྣ་་མུ་ཏྲ་ཁ། ཁར་མྲནྟྲ་རུ་ནི་སྦྱོ། འཁོར་ལོ་རྩ་བའི་ཡི་གེར་འབྲེལ། མ་མོ་གང་བསྒྲུབ་སོ་སོའི་ཞལ། མ་ཅིག་བསྒྲུབ་ན་ཁམས་གསུམ་ཡུམ་མཆོག་ཞལ། གསང་བ་ཡུམ་མཆོག་བྷ་གའི་འབངས། མ་མོ་ལས་གསང་ཅི་དོན་སྐད། ཆོས་རྣམས་ལུས་ཨ་ལས་བྱུང་། ཨ་ནི་མ་སྐྱེས་ཆོས་ཀྱི་སྐུ། མ་ནི་སྣང་བའི་ཡི་གེ་སྟེ། རྣ་རུས་མ་ལ་མཚན་པའོ། ཡེ་ཤེས་གསང་ཆེན་དོན་གྱི་མཁའ་འགྲོ་མ། སྣང་གསང་ཐུགས་ལས་ལས་ཀྱི་སྦྲུལ། མིང་ཚོགས་ཐ་སྙད་གྲགས་པ་ཡང་། མིང་གི་བཞིའི་མིང་བཏགས་ཏེ། སྒོ་སྒོ་མིང་མཚན་ལས་རྟེན་གདགས། ལས་ཀྱི་གཟུགས་མཚན་ཁ་དོག་སོ་སོ་ཡང་། རྒྱུད་ཅིག་པས་ན་བྱང་ཆུབ་སེམས། ཆོས་སུ་གྲགས་་པ་དེ་ཉིད་དེ། གསང་བ་ཆོས་སྐུ་དེ་ཉིད་ལ། འཁོར་བའི་སྡུག་བསྔལ་རྟོག་པའི་མཐུ་སྟས་པས། མཚན་མའི་དབང་གིས་སོ་སོར་རྟགས། མ་མོའི་འཐུན་སྐད་མིང་ཡིག་ཡང་། བསམ་པའི་དབང་གིས་སོ་སོར་གྲགས། རྣལ་འབྱོར་མཐུན་པའི་དོན་སྤྱོད་པས། གསད་པའི་འཁོར་ལོ་ཤེས་པར་བྱ། དུར་ཁྲོད་རལ་པ་འཁོར་ལོ་བཞིམགོ་རྐང་ལག་པ་གཡས་གཡོན་ལ། ར༷་ཡ༷་ཁ༷་གྱི་ཡི་གེ་ལ་སོགས་བཅུ། མིང་དུ་གྲགས་པའི་འཁོར་ལོ་བསྐོར། གསད་པའི་ལས་ལ་འཁོར་ལོ་བསྐོལ། ཞེས་གསུངས་སོ། མ་མོའི་ཟླ་གསང་ལས། རུ་ཉལ་རུ་ལངས་ཀྱི་སྐབས་སོ། དེ་ནས་མ་མོ་ཆེན་མོས་སྲིད་པའི་བུ་མོའི་ཐུན་སྒྲུབ་འདི་གསུངས་སོ། གྲི་མོར་ཤི་བའི་ཐོད་པ་སྲ སྣ་ཚོགས་ཁྲག་སྣ་བ་སོགས་པར་བྱས། སྨེ་བའི་དོར་རྟས་ཁ་བཅད་ལ། གྲུ་གསུམ་ཏྲིང་སྲིངས་རྩང་གིས་བསྒོར།དེའི་དབུས་སུ་ཐུན་སྣོད་བཞག། དེ་ནས་དྲག་སྔགས་གྲངས་ཡིས་བསྒྲུབ། མ་མ་ཙིསྟ་ཁ་རག་ཙསྟི་ཁ་རག། རག་མོ་ཙི་སྟ་ཁྲག་ལ་མ་མ་རུ་ལུ་རུ་ལུ་མ་ཧི་སྨྱོ།དྲགས་སྙིག་འདིས་ཐུན་བརྡེག་པར་བྱ།ཅིསྟ་རག་མོ་རག་ཤ་མུ་རུ་ས་མ་ཡུ། ཁ་ལ་མ་ཏིང་དགྲ་བོའི་ཙིསྟ་ཁྲག་ལ་དགྲ་བོ་ནི་མང་ཡ་ཐུན་སྨྱོ། མ་ཙིསྟ་ལ། ལ་རག་ཤ་མ་སྙིང་ཁྲག་མ་མ་རུ་ལུ་རུ་ལུ་སྨྱོ། དེ་ནས་ཡང་རྩན་མོའི་དུག་ཐུན་འདི་གསུངས་སོ། ཤིན་ཏུ་དྲག་པོའི་སྣོད་ནང་དུ། སྣ་ཚོགས་དུག་སྣ་གསོག་པར་བྱ།སྔོན་དམར་བལ་གྱི་ཁ་བཅད་ལ། འབྲུབ་ཁུང་ནངདུ་གཞག་པར་བྱ། རྣལ་འབྱོར་ལག་པ་གཡས་པ་ཡིས། །གྲེ་མོང་མན་ཆད་ཁྲག་གིས་བྱུག །ལག་པར་གྲི་ཁུག་ཐོག་ནས་ཀྱང་། ལིང་ག་དྲལ་ཞིང་ཐུན་ལ་བསྟིམ། དྲག་སྔགས་འདི་ནི་གསད་པའི་ལས། གསེར་གྱི་ཉི་མ་ལྐུག་པའི་བདུད། ཞེས་ཐུན་བསྒྲུབ་པ། འདི་གསུངས་སོ། སྒག་རག་ཤ་ཁ་ལ་མ་ཏི་མ་མ་རུ་ལུ་རུ་ལུ་མ་ར་ཡ་སྨྱོ། དེ་ནས་ཐུན་གདབ་པ་འདི་གསུངས་སོ། མ་ཏྲི་རཀྟ་སྒག་ཧྲལ་ན་མོ་ཧ་ན། རུ་ཏྲ་ཡ་མ་མ་ཙིསྟ་ཁྲག་ལ་མ་ར་ཡ་ཐུན་སྨྱོ་སྨྱོ། དེ་ནས་དགྲ་བླ་མོ་བཞིའི་གསུངས་སོ། ལི་ད་རའི་བདུན་པ་གཉིས་མེད། ལ་ཆའི་གའི་ཁ་སྦྱོར་དུ། མེའི་ཟིལ་པ་རྨེ་ཁྲག་བསོག །ཁ་སྦྱོར་དུར་ཁྲོད་རས་ཀྱིས་གྲོལ། དེ་ནས་དྲག་སྔགས་འདི་ཡིས་བསྒྲུབ། རག་མོ་ནི་རག་མོ་ནི་མ་མ་ཀུ་རུ་མ་མ་ཀུ་རུ་རག་ཤ་རེ་མ་ཏི། ཁྲ་འགྲི་ཁྲ་འགྲི་མ་ར་ཡ། མ་མ་ས་མ་ལྭ། རུ་ལུ་རུ་ལུ་མ་མ་སྨྱོ། དེ་ནས་དྲག་སྔགས་འདིས་ཐུན་དབབ་པར་བྱའོ། །ཐུན་ཏྲི་རག་ཤ་མ་ཏྲི་རག་མོ་ཧ་ལ། །ཏྲི་མ་དུ་མ་ཤག་མུ་ཤག་ཏྲི་ཏ་མ་ཏྲི་མ་མ་ཐུན་སྨྱོ་སྦྱོ། དེ་ནས་ཁྲག་ཐུན་དམར་མོ་དབང་གི་རལ་པ་ཅན་གྱི་ཐུན་བསྒྲུབ་པ་འདི་གསུངས་སོ། །ཐོད་པ་མཚན་ངན་བླངས་ནས་སུ། ཨེ་དབུས་ཏྲག་ལ་པ་ཤ་མ་རས་བསྐོར། དེ་ནས་ལིང་ག་ནང་དུ་གཞག། ཁྲག་བསྐམ་ཉུངས་ཀར་གུ་གུལ་གྱིས། མིང་རུས་བདུག་དང་བརྡེག་པར་བྱ། ཐ་མར་རང་གི་མལ་འོག་གནན། དྲག་སྔགས་འདི་ཡིས་བསྒྲུབ་པར་བྱ། འཛི་ཏ་བ་རོ་རི་རའི་མ་མ་བལ་ཕྱུར་ཐལ་ཕྱུར་ཐལ་ཕྱུར་མ་ཐུམ་མ་ཐུམ། ཏྲི་བྱི་རི་ཤག་མ་མ་ལུ་རུ་ལུ་སྨྱོ། དེ་ནས་དྲག་སྔགས་འདི་ཐུན་དབབ་པར་བྱའོ། །རག་མོ་རྩ་རྩི་ཁ་རག་སྙིང་ཐི་ལིང་འདུ། ཚལ་པ་སྦ་རིལ་མ་མ་རུ་ལུ་རུ་ལུ་དགྲ་བོ་ཙསྟི་རྩལ་པ་བམ་རིལ་མ་མ་སྦྱོ། དེ་ནས་བལ་མོ་གདུག་པ་ཅན་གྱི་ཐུན་བསྒྲུབ་པ་འདི་གསུངས་སོ། ་རྐོན་ཏུ་དྲག་པོའི་སྣོད་ནང་དུ། །སྣ་ཚོགས་ཁྲག་སྣ་གསོག་པར་བྱ། །བྱ་ནག་པགས་པས་ཁ་གཅད་དེ། །དཀྱིལ་འཁོར་དབུས་སུ་གཞག་པར་བྱ། །དེ་ནས་དྲག་སྔགས་འདི་ཡིས་བསྒྲུབ། ཏྲ་རག་མོ་མ་མ་སྙིང་དུ་དགྲ་བོ་ཁ་ལ་རག་མོ་སྨྱོ། འགི་རི་པ་ཤིབ་དྲག་སྔགས་འདིས་ཐུན་དབབ་པར་བྱའོ། །མ་ཏྲི་རག་ཤ་མ་མ་ཙསྟི་ཁ་རག་མ་མ་རྦད་ཐུམ་རིལ་ལི་རི་ལི་ལི་ཐུན་སྨྱོ། མ་མོ་ཟླ་གསང་ལས་པ་ལ་མོ་ཐུན་དབབ་པའི་སྐབས་སོ། །དེ་ནས་སེར་མོ་འཕྲོག་མའི་ཐུན་བསྒྲུབ་པའི་འདི་གསུངས་སོ། ཤིན་ཏུ་དྲག་པོ་སྣོད་ནང་དུ། ན་ཆུང་དར་མའི་གསོན་ཁྲག་དང་། ཁྱི་དཀར་པོའི་སྙིང་ཁྲག་རྣམས་བླུག་སྟེ། ཚོན་སེར་པོས་ཁ་བཅད་ལ། དྲག་སྔགས་འདིས་ཐུན་བསྒྲུབ་པར་བྱའོ། །མ་མ་པྲ་ཡང་ཀུ་རུ་རག་ཤ་མ་ཁྲག་ཏི་སྣར་མ། དུ་ཁ་ཚེམ་མ་རུ་ལུ་རུ་ལུ་ཐུན་སྨྱོ། འདིས་ཀ་རའི་དྲག་སྔགས་འདི་ཐུན་དབབ་པར་བྱའོ། མ་མ་ཙསྟི་ལ་ཐུན། ཙིསྟ་ལེ་ཐུན། ཙིསྟ་ཙ་ཏ་ཁྲག་ལ་མཐུན། ཙིཏི་ཁ་ལ་མ་ཏི་དགྲ་བོམར་ཡ་སྨྱོ་སྨྱོ། མ་མོ་ཟླ་གསང་ལས། སེར་མོ་ཡིད་འཕྲོག་མའི་ཐུན་དབབ་པའི་སྐབས་སོ། །དེ་ནས་བདུད་རྩི་ཕུད་ཀྱི་བབ་ཉུལ་མའི་ཐུན་དབབ་པ་འདི་གསུངས་སོ། དྲི་མོར་ཤི་བའི་ཐོད་ནང་དུ། སྣ་ཚོགས་ཁྲག་སྣ་གསོག་པར་བྱ། ཁྱི་འམ་ར་ཡི་པགས་པས་གཡོག། དེ་ནས་དྲག་སྔགས་འདི་ཡིས་བསྒྲུབ་། མ་མ་ཀུ་རུ་རག་ཤ་མ་མ་ཙིསྟ་་ཁྲག་ལ་རིལ་རྟག་དན་ཁྲག་ལྟེང་ལྟེང་། མི་ཤ་ལ་འུབ་བས་སོད་སོད། ཚལ་བ་རྦད་འུད་དགྲ་བོ་མར་ཡ་ཛ་ཛ། འབུ་འོད་རི་ཀའི་དྲག་སྔགས་འདི་གསུངས་སོ། །མ་མ་པྲ་མ་ཤ་མ་རེ་མ་ཏི་ཁ་ལ་རག་མོ་མ་སྨྱོ་སྨྱོ། དེ་ནས་ཐུན་གྱི་ཁངས་རལ་རྒྱབ་སྟེ། ལིང་ག་བགེགས་ཡོད་པའི་གནས་སུ་མནན་པར་བྱ། མ་མོའི་ཟླ་གསང་ལས། བདུད་རྩི་བཅུད་ཀྱི་ཉུལ་ལེ་མའི་སྐབས་སུ། དེ་ནས་ཐོ་རངས་བདུད་གཅོད་པའི་མ་མོ། ནག་མོ་སྲོག་ཟན་གྱི་དྲག་སྔགས་འདི་གསུངས་སོ། ཁེ་རི་པ་ནའི་ཐོ་རངས་ཁ་བཟླསཔ། མ་མ་ཏྲི་མ་ཏྲི་ཙིསྟ་ཁ་ལོངསག༷་ག༷ གུ༷་གུ༷་རྣིམ་ར་ཡ་ཛ་ཛ། དེ་ནས་ཡང་ནམ་གུརརྒྱུ་བའི་མ་མོ་ཏི་ར་ཚོགས་ཀྱི་ཕུད་ཉུལ་མའི་དྲགསྔགས་འདིགསུངས་སོ། །ཀི་བ་ཤ་རའི་དྲག་སྔགས་ནི་གུང་ལ་བཟླས་པ། དུ་ཏྲི་མ་ཏྲི་མ་མ་རུཏྲ༷་ཧེ། རྦད་ན་ལིང་རྦད་ན་ལིང་། ཙསྟི་ཁྲག་ལ་མ་ཐུན་སྨྱོ། གྲོད་ལ་སྲིནམོ་མགོ་འཕྱངས་མ། དུར་ཁྲོད་ཀྱི་ལྕེ་སྦྱང་ལ་ཤོན་ནས་སྲོག་གཅོད་པའི་དྲག་སྔགས། ཨི་ར་པ་ནའི་དྲག་སྔགས་སོ། །མ་མབྲི་ལོ་མྱོགས་། དུད་ཕྲོ་ཀའུ་ཀ༷་ཧེ་དུ༷། རག་མོ་ནིཤ་ཀུ་རུ་མ་བ༷་ཛ་ཛ། དེ་ནས་ཉི་མ་ཟེར་ཀ་ལ། གཟའི་བུམོ་མུ་ཙ་མེད་ཀྱིས་བླ་བརྐུས་ནས་ཁྱེར་ནས་འོང་བའི་དྲག་སྔགས། གླང་པ་ཤིང་ཟན་གྱི། མ་མ་རྣིར་པ་ཏེ་རཀྟ་ཙིསྟ་ཁ་རག་ཧུ་ཙོག་ན། ཙ་ཧ་མུ་ཁ་ཧེ་ཧེ། ཙོག་ནེ་འགེལ་པ་མ་ཡུ་ཛ་ཛ། དེ་ནས་སྲིན་མོ་ཀརྨ་ཛུ་ལ་རག་ཤའི་བུ་མོ་སྲིན་མོ་རོ་ཁ་ཟླ་བའི་ཟེར་ལ་ཞོན་ནས་འོང་སྟེ། མུ་ར་ན་ཏི་པ་ཤའི་དྲག་སྔགས་གསུངས་སོ། རེའུ་ཏྲེ་ག་ག་མེ་མེ་དུ་རུ་རག་མོས་སྲོག་ལ་ཡ༷་ཡ། མི་ཤ་རོ་ལཁྲག་ཐུན་མ་མསྨྱོསྨྱོ། དེ་ནས་ཡང་མ་མོ་ནག་མོ་ཁྱབ་པ་ལག་རིངས་བུ་མོ་ཉི་མའི་ཟེར་ལ་ཤོན་ནས་སྐྱེས་བའི་བདུད་གཅོད་དུ་འོང་སྟེ། གསུརཆེན་གྱི་དུ་བ་བཏང་ལ། དྲག་སྔགས་འདི་བཟླས་པར་བྱའོ། སྙིང་མུན་རརྙི་ཤོལ་བ་ལ་དེ་ལྕི་ཁ་ཁ་རྦད། སྲོག་ཙིསྟ་མ་ར་ཡ་སྨྱོ་སྨྱོ། དེ་ནས་ཡང་གནོད་སྤྱིན་ལག་ན་ཉི་མ། སོ་རྣོན་མར་པོའི་བུ་མོ་མོན་མོར་སྤྲུལ་ནས། སྐྱ་རེངས་ཀྱི་ཟེར་ལ་ཞོན་ནས་རྒྱུ་སྟེ། ཉུངས་ཀར་ལ་བཟླས་ཏེ། དྲག་སྔགས་འདིས་བརྡེག་པར་བྱའོ། མ་མ་ཤརྙིང་རས་སྨེར་ཏོ། །རཀྟ་ཀུ་ཀི་དྲུ་ཐུན་། མ་མ་ཧྲིང་ཧྲིང་། མ་མ་ས་མ་ཡུ་ཛ་ཛ། དེ་ནས་ཡང་ཉི་མ་ཕྱེད་ན།བདུད་ཡག་ཤ་འཁོར་ལོ་ནག་པོའི་བུ་མོའི། ཚུབ་ནག་ལ་ཞོན་ནས་འོང་སྟེ། ལིང་ག་ག་ས་པ་དང་ཤ་ཁྲག་རུ་མེས་ལ། ཚུབ་མའི་གསེབ་ཏུ་གཏོར་ལ་མི་སྟེགས་རླུད་། ཟན་གྱི་དྲག་སྔགས་འདི་བསད་པར་བྱའོ། །ཏྲ་ག་རསྒ་མ་མ་མུ་ནེ་རྙོ་ན་ཙསྐྲ་མ་མ་ཐུན་ཐུན། ཁ་ལ་མ་ཏིང་ཛ་ཛ། ཉི་མ་ཤར་བ་དང་པོ་ལ། ཚང་པ་གཟི་ཅན་གྱི་བུ་མོ། །དམར་མོ་མདངས་འཕྲོག་གི་བུ། གནོད་སྦྱིན་ཀུན་ཏུ་རྒྱལ་བ་ལ་ཞོན་ནས་འོང་སྟེ། སྦྱན་གཟིགས་སྣ་ཚོགས་ཀྱི་གཏོར་མ་གཅིག་བཤམས་ལ། མིང་རུས་དང་བསྲེས་ལ། ཆང་ཕུད་དང་ཤར་ཕྱོགས་སུ་གཏོར་རོ། །མ་མ་ཏྲི་ལིང་གི་རུ་རུ་ར་ཁྲག་ཏི་སྣར་མ། མ་་སྣྲི་ཁྲག་ལ་ས་མ་ཡ་རུ་ལུ་རུ་ལུ་མ་ཧིང་སྨྱོ། ཉིན་མཚན་ཀུན་དུས་མེད་པར་རྒྱུབ་ནི། བདུད་ཀྱི་ཀུན་ཁྱབ་ནག་མོའི། དྲག་སྔགས་གསུངས་སོ། །ཨེ་ཀ་ཛ་ཏི་མེ་དར་ལིག་སྙིང་ཁ་རག་ར་ཏི་བཛྲ་མ་མ་ཐུན་སྨྱོ། ཨེ་ཀ་ཛ་ཏ་དགྲ་བོ་སྙིང་ལ་ཛ་ཛ་། ཞེས་མ་མོ་རྣམས་སོ་སོར་ལས་ལ་བསྐུལ་ལོ། །མ་མོའི་ཟླ་གསང་ལས། མ་མོ་སོ་སོ་གནད་ལ་དབབ་པའི་སྐབས་སོ། །དེ་ནས་མ་མོ་རྣམས་ཀྱི་ལྟ་བ་འདི་གསུངས་སོ། མ་མོ་མི་མཐུན་གཉིས་ཡིན་ཏེ། ལས་ལས་གྲུབ་པའི་མ་མོ་དང་།དབྱིངས་ཀྱི་ཆ་ལས་བསྐྱེད་པ་པོ། །དབྱིངས་ལས་བསྐྱེད་པའི་མ་མོ་ནི། གསང་བ་གསང་ཆེན་དོན་ལ་སྦྱོར། བདེ་གཤེགས་སྐུ་གཉིས་མེད་དེ། སྨོན་ལམ་དབང་གི་ཀུན་ལ་སྐྱོབ། སྐུ་གསུམ་རིམ་གྱི་ལྷུན་རྫོགས་པས། ཆེ་བའི་ཆེ་མཆོག་གསང་བའི་དོན། སྣང་བར་གྲགས་པ་ཡུམ་ལྔ་ཡིན། གཉིས་སུ་གྲགས་པ་ལས་ཀྱི་ཆ། གླུ་པ་མི་འདོར་དབྱིངས་ཀྱི་རྐྱེན། གསང་བ་ཡིན་ནོ་མཁའ་ཀློང་ནས། བདེ་བ་གྲུབ་པ་མ་མོ་སོ་སོའི་རིགས། ཡང་དག་བདེ་བའི་དོན་མཐོང་ཡང་། འགྲོ་དོན་མཛད་པར་ཞལ་མཆེས་པ། ས་བརྒྱད་དོན་ནོན་པའི་བདེ་གཤེགས་གཉིས་པའི་དོན། བསྒྲུབ་དང་དགེ་བའི་ཆོས་ལ་རང་བཞིན་གནས། ཡི་དྭགས་གྲོང་ན་གནས་ཀྱང་བྱང་ཆུབ་སེམས། བྱང་ཆུབ་ནམ་མཁའི་མཚན་ཉིད་ཡོངས་སུ་དག་པ་སྟེ། རྟོག་པ་གཉིས་སྤངས་འགྲོ་བའི་དོན་ལ་སེམས། སྨོན་ལམ་སྟོབས་བཞི་དམ་ཚིག་རྗེས་བསྲུང་བའི། བླ་དོན་སྦྱོར་བདེ་བའི་དམ་ཚིག་བསྲུང་།བཀའ་བཞིན་གསོ་བསང་འགྲོ་བའི་དོན་ལ་སེམས་པས་བྱང་ཆུབ་སེམས་མས་བྱ། བདེ་བར་གཤེགས་པ་དཔལ་ལྡན་བདེ་མཆོག་གི །རིག་པ་འཛིན་པས་ཞལ་མཐོང་དམ་བཅས་པས། ཁ་ཊ༷་རུ་དྲ་ལྟུ་ཚེ། ལྔ་འཚམམེད་ལས་བྱས་ཀྱང་། དེའི་ཕྱིར་ན་ཁོ་ལྟར་ཡན་ལག་རྫོགས་པ་བསྒྲུབ། བྱང་ཆུབ་སེམས་ལས་སྤྲུལ་པའི་མ་མོ་བཞི། དོན་དམ་གསང་བ་ཆེན་པོ། ཡེ་ཤེས་བདེ་བ་རང་བག་ཡེ་ཤེས་ནི། ཆོས་ཉིད་དོན་དམ་དབྱིངས་སུ་རང་བཞིན་འོད་ཀྱང་གསལ། མཁའ་ལ་འཇའ་ཚོན་བཞིན་དུ་རང་བཞིན་སྣང་། སྣང་བ་དེ་ཉིད་འབྱུང་བའི་ཆ་ཡིན་པས། ནམ་མཁའི་དང་དུ་དབྱེར་མེད་ཡོངས་ཀྱིས་གཅིག ཨེའི་དབྱིངས་བྷ་ག་གསང་བའི་དཀྱིལ་འཁོར་དུ། མ་མོ་བདེ་ཆེན་གསང་བ་མཆོག་གི་སྐུ། མཐིང་ནག་ཆོས་སྐུ་འཕྲོ་འགྱུར་མི་མངའ་པ། མ་ནི་ཆོས་ཀྱི་དབྱིངས་ཉིད་ཡིན། མོ་ནི་རིག་པའི་ཡེ་ཤེས་ཡིན། གཉིས་མེད་བདེ་གསང་ཆོས་ཀྱི་སྐུ། ལས་ལས་སྒྲུལ་པ་མ་་མོ་རིགས་བཞི་པོ། འཇིག་རྟེན་སྤྲུལ་པས་གདུག་པ་མང་པོའི་ཚུལ། ལ་ལས་བདེན་པའི་དོན་མཐོང་བས། དམ་ཚིག་གཙང་བསྒྲུབ་རྣལ་འབྱོར་ལས་ལ་འདུ། ལ་ལས་དམོད་མོ་གདུག་པའི་དབང་ཐོབ་སྟེ། འཇིག་རྟེན་ལས་ལ་མྱུར་མགྱོགས་ཆེ། ཤ་ཁྲག་རོ་རྫས་གསང་བའི་དམ་ཚིག་ཡིན། ལས་ལ་སྦྲུལ་པས་མ་མོའི་ཀུན་ཀྱང་དགྱེས་། སོ་སོ་དམ་རྫས་སྨོས་པ་རྟེན་དུ་བཟུང་། རྣལ་འབྱོར་དབང་ཕྱུག་དམ་ཚིག་མཆོག་གི་ཡིན། ཕོ་སྔགས་མོ་སྔགས་དམོན་མོ་གྲུབ་པ་གསང་པའི་མཚོན་ཆ་ཡིན། བུད་མེད་གྲུབ་ན་ཕོ་རྟགས་འབྱུང་། ཕོ་སྒྲུབ་བྱས་ནས་མོ་རྟགས་འབྱུང་ན་འགྲུབ་ན་ཡལ་བར་འགྱུར། གསང་སྔགས་དམོད་མོ་གདུག་པའི་མཚོན་ཆ་འདི། སྨོས་པའི་རྫས་དང་འབྲེལ་ན་རྣལ་འབྱོར་དགོངས་པའི་དོན་མཆོག་འགྲུབ། གདུག་པའི་སྣོད་མཆོག་མ་མོ་གྲོགས་མཆོག་ཡིན། ཏིང་ངེ་འཛིན་རྩལ་རྫོགས་མ་མོའི་སྲོག་རྩ་འཁོར་ལོ་ཡིན། ལེ་ལོ་ཐེ་ཚོམ་དྲག་སྔགས་སྤོངས་པའི་རྒྱུ། དབང་ཐོབ་ཡིད་གཉིས་ཐེ་ཚོམ་མེད་པས་གསང་བསྒྲུབ་པའི་རྒྱུ། བྷ་ག་གསང་ཚིག་འཁྲུལ་པས་སྐྲུ་གྲི་སྐོར་བ་འདྲ། དྲག་སྔགས་སྦྱོར་བ་མཁས་པས་གཟའ་བདུད་འཇུག་པའི་དུས་བདུན་རྟག །རྩ་ལྔ་འགྲུབ་མེད་གཉིས་མེད་ཀ་བ་འདྲ། བཞི་དང་བཅུ་གཅིག་བཅོ་བརྒྱད་དང་། རྩ་གཅིག་རྩ་དགུ་མིང་ལྡོག་གྲུབ་པར་གདོན་མི་ཟ། བརྒྱད་དང་བཅོ་ལྔ་གྲུབ་པ་མེད། མ་མོ་ཟླ་གསང་ལས། །ལྟ་བའི་སྐབས་སོ། དེ་ནས་གཟེ་བ་བྱའི་ཏའི་གླིང་ན། མཛེ་ནད་བཅོ་བརྒྱད་གཏོང་བའི་མ་མོ། གཡུའི་བྱེ་ཆུང་ཅན་གྱི་དྲག་སྔགས། ཀླུ་གདུག་པ་ཅན་ལ་གཏད་པའི་འདི་གསུངས་སོ། །ཀླུ་རྦལ་ཅིག་གཟུང་ལ། ནང་དུ་ལིང་ག་བཅུག་སྟེ། གླང་རུ་ནང་དུ་བཅུག་ལ། ཁ་བག་ཟན་གྱིས་བཅད་ལ། དྲག་སྔགས་འདི་ཀླུ་ཡོད་ངེས་པ་སར་གནན། མ་ཏྲི་རག་ཤ་མ་མན་ག་དེ་ཝ་ཡུ་ཡུ། མ་ཏྲི་རུ་ཏྲ་བ་ལིང་དུང་བ་ཛ་ཛ། དེ་ནས་རཀྟ་ཙ་མུན་ཏའི་བསྒྲུབ་པ་འདི་གསུངས་སོ། ཆུ་གྲིར་ཤི་བའི་ཐོད་པ་སྲ རཀྟ་ཙ་མུན་ཏའི་སྐུ་བྲིས་ཏེ། བྲའོ་སྲན་མ་སྐེ་ཚེ་ཏིའི་ནག་དང་། ཁྲག་སྣར་སྦྱར་བའི་གྲུ་གསུམ་རྩང་གཏོར་བྱ། མཐིང་ནག་དར་གྱིས་ཁ་བཅད་དེ། དྲག་སྔགས་འདི་ཡིས་བསྒྲུབ་པར་བྱ། དུ་ཏྲི་ག་རོ་ཏྲི་རྩ་རྩ་རྩི་རྩི། སྒག་རསྒ་ཁ་མུ་རྙི་མ་མ་སྨྱོ། དྲག་སྔགས་འདིས་དབང་བསྐུར་བར་བྱའོ། བཤན་རསྣ་མ་ཧཱུཾ༷་སྨྱོ། ཞེས་རཀྟའི་ཐིག་ལེས་དབང་བསྐུར་པར་བྱའོ། རྦད་པ། མ་མ་རུ་ཏྲི། མ་༄༅ མ་མ་མ་ཙབ་མོ་ཙབ་མོ་རུ་ལུ་རུ་ལུ་སྨྱོ། གསང་པའི་སྔགས་། མ་མ་རུ་ཏྲ་རྦད་། ཏྲི་མ་དུ་རྦད། མ་མ་ཁ་ཐུན་རྦད་། དྲི་ཏྲི་དྲི་རུ་མ་ལ་རྦད། རཀྟ་ཙིརྟི་མུགས་རྦད །མ་མ་ཙིསྟ་ལ་རྦད། མ་མ་ཙིཀྟ་ཁ་ལོང་རཀྟ་ཐུན་སྨྱོ། ཞེས་ལིང་ག་ཀླུ་རྦལ་གྱི་རྐེ་རུ་གདགས་དེ་གླང་རུའི་ནང་དུ་བཅུག་སྟེ་གནན་པ་བྱའོ། མ་མོ་ཟླ་གསང་ལས། རཀྟ་ཙམ་མུ་རྙ་བསྒྲུབ་པའི་སྐབས་སོ། །དེ་ནས་དུར་ཁྲོད་ཀྱི་མ་མོ་ཤི་རི་རྩ་མོརྙི་བསྒྲུབ་པའི་དྲག་སྔགས་འདི་གསུངས་སོ། །དུར་ཁྲོད་རོ་རས་དག་ལ་ནི། མཐུན་པར་མ་མོའི་ཞལ་བྲིས་ཏེ། འཁོར་ལོ་བརྒྱད་ལ་རྩ་བའི་སྔགས། དབུས་སུ་ལིང་ག་བྲི་བར་བྱ། ཡི་གེ་བཅུ་བདུན་ཧཱུཾ༷་ནི་ལིང་གའི་དཀྱིལ། འཁོར་ལོ་རྩིབས་མཆན་ཡིག་འབྲུ་བཅུ་དྲུག་པོ། གསད་པ་གྲུབ་པ་གདོན་མི་ཟ། དེ་ཡི་ཐུན་རྫས་བསྟན་པ་ནི། སྐྱེས་པ་དར་མའི་དབང་པོ་ལྔ། ན་ཆུང་དར་མའི་གསོན་ཁྲག་དང་། སྐྱེས་པ་དར་མའི་གསོན་ཁྲག་དང་། རྣལ་འབྱོར་སྲིན་ལག་གཡོན་པའི་ཁྲག གསང་སྣོད་དུ་བླུག་པར་བྱ། དྲག་སྔགས་འདི་ཡིས་བསྒྲུབ་པར་བྱ། ཧཱུཾ༷་མ་མ་ཏྲག་རསྒ་ཁ་མུ་རྙ་མ་མ་རུ་ལུ་རུ་ལུ་མ་སྨྱོ། མ་མོ་ཟླ་གསང་ལས། དུར་ཁྲོད་ཀྱི་མ་མོའི་ཤི་རི་རྩ་མུ་རྙའི་སྐབས་སོ། །དེ་ནས་་ལྷ་མོ་ནག་མོའི་སྨོད་སྔགས་བདུན་པ་འདི་གསུངས་སོ། དུར་ཁྲོད་རོ་རས་དག་ལ་ནི། བརྣག་པའི་ལིང་ག་བྲིས་ནས་སུ། རྫས་ཆེན་ཉུངསཀརམཚོནཆལ། དྲགསྔགས་འདི་ཡིས་རྦད་བར་བྱ། ཨོ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུཾ༷་མ་སྨྱོ་ཛ་ཛ། མ་མ་ཏྲག་རག་ཤ་མ་རེ་མ་ཏི་ཙིཏི་ཁ་ལ་རག་མོ། །བ་བ༷་ཛ་ཛ། རསྒ་ར་མ་ཏི་ཤ་ན་མུ་རུ་མུ་སྲ དགྲ་བོརྣ་མ་ར་ཡ་སོད་སོད། ཅེས་བསད་པའི་ལས་གདོན་མི་ཟ་བའི་སྐབས་སོ། མཉམ་ས་དག་ན་རྙེད་པར་འགྱུར། དམ་ཚིག་གཙང་ན་དངོས་གྲུབ་ཐོབ། གསུང་གི་རྒྱུད་མ་མོའི་ཟླ་གསང་གི་སྐབས་བཅུ་པའོ། གསུང་གི་རྒྱུད་མ་མོ་ཟླ་གསང་ཞེས་བྱ་བ་རྫོགས་སོ།། རྒྱ་གར་སྐད་དུ། ཨེ་ཀ་ཛི་ཏི་