Ngb-pt-0756-vol-08-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 
(No difference)

Latest revision as of 10:48, 20 March 2020

Front

Body

རྒྱ་གར་སྐད་དུ། ཙིར་མུ་ནི་ཤ་ཏན་ཏྲ་ནཱ་མ། བོད་སྐད་དུ། ཨེ་ཀ་ཙ་ཏིའི་སྔགས་རྒྱུད་ནག་མོ་ཞེས་བྱ་བ། ཀུན་བཟང་ལྷའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །ཀུན་བཟང་ལྷ་ཡི་རྒྱལ་པོ་ཡིས། །ན་ལ་གདོང་ཆེན་རྩེ་མོ་སྲ །གཞན་ལྡོག་ནག་མོའི་སྲོག་རྒྱུད་དྲངས། །ཨེ་ཀ་ཙ་ཏིའི་དངོས་གྲུབ་ཐོབ། །བདེ་མཆོག་འཁོར་ལོ་རླུད་སྒྲར་བསྒྱུར། །དྲག་པོ་མེ་ཡིས་བསྟན་པ་དགྲ་ལྔ་བསྲེག །བཅུ་བདུན་ཡི་གེ་འཐོར་བྱས་རླུད་ལ་བསྐྱོན། །དྲག་པོའི་ལས་ཐུན་ཐམས་ཅད་འགྲུབ་པའི་རྒྱུ། གསོ་གསད་ལས་ཀྱི་བཀའ་ལོག་གནས་སུ་སྒྲོལ། །ཐམས་ཅད་གྲུབ་ཅིང་དྲག་པོའི་ལས་ཐུན་གཅེས། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ལྔ། །ཐམས་ཅད་འགྲུབ་པ་སྐུ་ཡི་ཕྱག་རྒྱ་ཡིན། །དེ་བཞིན་ཉིད་ལས་ཆོ་འཕྲུལ་རྣམ་གསུམ་འབྱུང་། །དེ་བཞིན་ངེས་པའི་རྟོགས་བྱའི་ཕྱིར། །ཕྱག་རྒྱ་ཆེན་པོའི་སྐུ་ཉིད་བསྒྲུབ། །དེ་ཕྱིར་གནས་དང་ས་གཞི་བརྟག །དམར་པོ་རྒྱ་སྐྱེགས་ཁ་དོག་འདྲ། །སྲིན་མོའི་མདུན་སོ་བཞིན་དུ་ཟུག །དུར་ཁྲོད་གསར་སྙིང་ཡོད་པའི་གནས། །གཞན་ཡང་གནས་རྣམས་མཐུན་པར་བསྒྲུབ། །ནམ་མཁའ་གྲུ་གསུམ་ཟླ་ཁམ་འདྲ། །ཡང་ན་ཉམས་དགའ་ཉིད་དུ་གཟུང་། །དེ་དང་མཐུན་པའི་གནས་ཉིད་དུ། །བསྒྲུབ་པ་པོས་ནི་ནན་ཏན་བྱ། །ལྷ་དང་སྤྱོད་པའི་གནས་ལ་ནི། །བསྡུ་བྱེད་སྔགས་ཀྱི་རྒྱལ་པོ་དྲག །བཞིན་མདོག་ནག་མོ་རག་ཤ་ནི། །མེ་ལྷ་རླུ་་ཞོན་ཁ་མུན་ཏྲ། མ་ནི་མི་མངོན་དབྱིངས་མ་ཡིན། །རུ་ལུ་བཞི་ནི་གཉིས་མེད་དགྱེས་པའི་སྔགས། །སྡུད་བྱེད་ཧུ༷་གཉིས་བར་མ་སྨྱོ། རག་མོ་ཞེས་པ་མིང་གི་སྔགས། །ཏ་ཀོ་ཞེས་པ་རྔ་ཡི་རྩ། །དེ་ནི་བསྟོད་པར་དགྱེས་པའི་སྔགས། །ཡིག་འབྲུ་བཅུ་བདུན་བོད་པའི་སྔགས། །བསྙེན་པ་བསྒྲུབ་པའི་རྒྱུ་ཡིན་ནོ། །སྨུག་མོའི་ཚུལ་དུ་བསྒྲུབ་པ་ཡིན། །ཕྱིར་ནི་རྣམ་གསུམ་ངེས་པ་མེད། །ཉེ་རིང་སྤོང་བས་གསུམ་དུ་གྲགས། །བསམ་པའི་དབང་ཡང་སོ་སོར་སྣང་། །གང་ཞིག་ལས་རྣམས་བསྒྲུབ་འདོད་ན། །གསུམ་གྱི་རང་བཞིན་བལ་མོ་བསྒྲུབ། །དེ་ཡི་རྫས་དང་མཐུན་པ་སོགས། །གཙོར་ནི་རྣེལ་གྲིའི་ཐོད་པར་བྱ། །དྲག་པོ་སྔགས་ཀྱི་ཡང་དག་བསྒྲུབ། །བསྒྲུབ་པ་སོ་སོའི་དུས་ཡིན་ནོ། །བལ་མོ་ཞེས་བྱ་བ། །གསང་བ་ཕྱག་ན་རྡོ་རྗེའི་བསྟོད། །དེ་བཞིན་བསྒྲུབ་མཆོག་དེ་ཡིས་བསྟོད། །ཅེས་གསུངས་སོ། །སྔགས་རྒྱུད་ནག་མོ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བལ་མོ་ཨེ་ཀ་ཙ་ཏིའི་སྐུ་མངོན་པར་འབྱུང་བ་འདི་གསུངས་སོ། །ལྟ་བ་ཟབ་མོ་བདག་ཉིད་སྐུ། །སྤྱོད་པ་ཟབ་མོ་ཡང་དག་གནས། །འཕྲིན་ལས་ཟབ་མོ་མངོན་དུ་འབྱུང་། །སྒག་ཅེས་བྱ་བ་ཡི་གེའི་མཆོག །རསྒ་སྲོག་རྒྱུད་འདྲེན་པའི་སྔགས། །ཁ་མུན་ཏྲ་ནི་བོད་པའི་སྔགས། །རུ་ལུ་རུ་ལུ་ཡབ་ཡུམ་སྔགས། །ཏེ་ཀེ་ཡིག་འབྲུ་ཉི་ཤུའི་སྔགས། །དབང་དུ་སྡུད་པ་ཡིན་ཞེས་གྲགས། །ཨོ་ཙ་རེད་ཡ༷་གྱི་སྔགས་གསུམ་མོ། །བསྒྲུབ་པ་པོས་ནི་ཉེ་བར་བསྙེན། །བཙན་མ་མ་ཏིས་དབང་བསྐུར་བྱ། །སྨིན་ཏྲ་རག་མོས་ལས་ལ་གཟུད། །བཅུ་བདུན་ཡི་གེས་གསད་པར་བྱ། །དཀའ་ཐུབ་བསྒྲུབ་པའི་གནད་ལ་དབབ། ཁེ་ས་གསང་སྔགས་གཉིས་ཀྱིས་བསྟན། །ཅེས་གསུངས་སོ། །དེ་ནས་བལ་མོ་གསུང་གི་ཚུལ་དུ་བསྒྲུབ་པ་འདི་གསུངས་སོ། །གཞུང་དང་མཐུན་པའི་རྫས་ཉིད་དུ། །རྩེ་མོ་ལས་ཀྱི་དཀྱིལ་འཁོར་བྲི། །གྲུ་གསུམ་སུམ་བརྩེགས་ཟླ་ཁམས་བསྐོར། །ཐལ་ཆེན་འཕྲེང་བ་དེ་བཞིན་བཏང་། །སྒོ་སྣམ་སྒོ་ཁྱུད་ལྕགས་རི་མེད། །ཇི་ལྟར་མཛེས་པས་བྲི་བར་བྱ། །དུར་ཁྲོད་ཐོད་པ་དབུས་སུ་བཞག །མེ་བྱའི་མི་འབྲལ་མེ་ཡི་ཟིལ། །སྦྲུལ་ལམ་ཕག་པའི་ཐོད་པ་མྲ །དུག་སྣ་ཚང་བར་བསོག་པར་བྱ། །གནམ་གྱི་ཡེ་ནར་མེའི་དམ་རྫས་སུ། །གླང་ནག་པོའི་སྙིང་། སྐྱེས་པ་དར་མ་གྲི་ཁར་ཤི་བའི་བན་དྷའི་ནང་དུ། ཡུམ་མཚན་དང་ལྡན་པ་པདྨའི་རཀྟ་གཞག་གོ །བར་གྱི་གློག་མ་སྤྲིན་གྱི་དམ་རྫས་སུ། །སྦལ་པ་ནག་པོའི་སྙིང་དང་། འུག་པའི་མིག་འབྲས་གཞག་གོ །སའི་ཕུང་བྱེད་མའི་དམ་རྫས་སུ། ཕག་རོག་པོའི་སྙིང་དང་། བུད་མེད་ཀྱི་ཀླད་ཁྲག་གཞག་གོ །དུ་ནི་དུན་ཏིང་དུ་ལ་ཡ་ཛ། དུ་དུ་ཛ་ལ་ནི་ཧ་ན་ཛ། དུ་མ་ཧ་ར་ཏེ་ཙ་སྨྱོ། སྔོནདུདམཚིགསྔགསའདིབསྒྲུབ། །དེ་ཡང་རྟགས་ནི་རྣམ་གསུམ་གདབ། །ཁྲག་དང་དུག་དངཐལཆེནཔོ། །མཁུརབགཡས་གཡོན་དང་དཔལ་འབར་གདབ། །རྩེ་གཅིག་བར་གྱིས་བསྒྲུབ་པར་བྱ། །དབང་དུ་དྲག་པོའི་སྔགས་འདིའོ། །ཨེ་དར་ཙ་ས་མ་ཡ་ཛ་ཛ ཨེ་ས་མ་ཡུ་དུ་ལིང་ཛ་ཛ་ཛ། ར་ཡ་པུ་ཏི་དུ་ཆིངས་ས་མ་ཡ་ཛ་ཛདྲག་པོའི་སྔགས་འདིས་ལས་ལ་གཟུད། ཙ་ར་མ་ར་སྙིང་ཁ་རག་ཏི་བཛྲ་དུ་ན་སྨྱོ། ཐུམ་རིལ་ལི་ལི་རྦད། ཅེས་བཟླས་ལ་གཟུད་པར་བྱའོ། །ལྷ་སྔ་དྲག་པོའི་སྔགས་འདིས་དབྱེ་བར་བྱའོ། །་ག་རག་ཤ་རག་མོ་ནི་ཤ༷་ཤ༷་ཡས་ལ་སྨྱོ། ཅོ་ག་ལ་ཁ་མུན་ཏྲག་མུ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷། ཞེས་བསྒྲུབས་ནས་ཇི་ལྟ་བ་བཞིན་དུ་འགྱུར་ཏེ། དེ་ཡང་འདིས་དམ་ལ་བཏགས་སོ། །་ག་རག་ཤ་ཁ་མུརྙ། རག་མོ་ནི་རག་མོ་ནི་སྙིང་ལ་ཤད་ཤད་སྨྱོ། རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷། ཞེས་དམ་ལ་བཏགས་དེ་དབང་དུ་བསྡུའོ། །དེ་ཡང་དམ་ལ་གནས་པར་བྱ་བའི་ཕྱིར་བསྟོད་དོ། །ཨེ། གསུང་མཆོག་ཡེ་ཤེས་ཐུགས་ཀྱི་ཀློང་བརྟོལ་བས། །ཡག་ཤ་མེད་དབལ་ཡབ་ཡུམ་མཁའ་ལས་བསྐྱེད་པ་ཡི། །གཅེར་བུ་བོང་བུ་ཞོན་པའི་རལ་གཅིག་མ། །གསུངས་གི་སྤྲུལ་པས་ཏྲག་བདུན་སྟོང་ཁམས་ཁེངས། །གཅེར་བུ་བོང་ཞོན་མ་ལ་ཕྱག་འཚལ་བསྟོད། །ཨེ། སྙིང་དགུ་ཡེ་ཤེས་དགུ་དང་རབ་ལྡན་མ། །རྡོ་རྗེ་འཆང་གི་བཀའ་ཉན་ཉུལ་ལེ་མ། །ཨ༷། ཐུགས་ལས་གཡུ་ཡི་སྤྱང་མོ་བདུན་ནི་ཤར་ར་ར། །ལྟས་ངན་སྣ་ཚོགས་འབེབས་མཛད་མ་ལ་ཕྱག་འཚལ་བསྟོད། །ཨེ། རྣལ་འབྱོར་ཉིད་དབྱིངས་ཀློང་ནས་འཆར་མཛད་མ། །སྣང་བའི་གསུང་མཆོག་རྟགས་ཀྱི་ཕྱག་བརྒྱད་བདུན། །ཞིང་ཆེན་ཙིསྟ་བདུན་ནི་ཤར་ར་ར། །འཕྲིན་ལས་མྱུར་མཛད་མ་ལ་ཕྱག་འཚལ་བསྟོད། །ཅེས་བདག་ཉིད་མཆོད་པ་ཡང་དབུལ་བར་མཛད་དོ། །སྔགས་རྒྱུད་ནག་མོའི་གསུང་གི་བསྒྲུབ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཐུགས་ཀྱི་བསྒྲུབ་པ་འདི་གསུངས་སོ། །་ག་རཀྟ་ཁ་མུན་ཏྲ་མུ་རུ་ལུ་རུ་ལུ་ཧུ༷་སྨྱོ། རག་མོ་ཏེ་ཀེ་ཛ་ཛ་ཁ་ལ་མ་སྨྱོ། ཞེས་མ་མ་་ག་རག་ཤ༷་ཁ་མུན་ཏྲ་སྲོག་ཙམ་རིལ། རག་མོ་སྙིང་ཤ་ཁ་ལ་རག་མོ་ནི་་ག་དུན་སྨྱོ། རག་མོ་ནི་སྙིང་རྩ་ལོང་་ག་མོ་ཤད་ཤད་སྲོག་རྩ་ལ་དུན་སྨྱོ། ཞེས་ཏྲག་བདུན་གཅོད་པའི་ཡེ་གེའི་སྔགས། །ཐུགས་ལས་རྒྱུད་པའི་་ག་བདུན་པོ། །ཡང་དག་གཏེར་ཆེན་དོན་རྣམས་སྨྲ་ཞིང་སྟོན། །དྲག་སྔགས་ཀུན་གྱིས་གཏན་ལ་འབེབས། །རྦད་ཅེས་བྱ་བ་ཐམས་ཅད་ལས་ཀྱི་སྔགས། །ཧུ༷་ནི་ཐམས་ཅད་སྡུད་པའོ། །སྨྱོ་ནི་གཉིས་ཀའི་ལས་ལ་འཛུག །ཅེས་སྔགས་ཐམས་ཅད་རྣམ་པར་དབྱེ་བའི་སྒྲ་རྒྱུན་དུ་གཅོད་པའོ། །སྔགས་རྒྱུད་ནག་མོ་ལས། ཐུགས་ཀྱི་བསྒྲུབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་བསྐང་བའི་དམ་ཚིག་གི་ལེའུ་འདི་གསུངས་སོ། །བསྐང་བ་ཆེན་པོའི་དམ་ཚིག་ནི། །དངོས་གྲུབ་འདོད་པའི་རྣལ་འབྱོར་པས། །གཙོར་ནི་དམཚིགབསྲུངབརབྱ། །རྫས་ནི་མཚན་ལྡན་བམ་གྱིས་བསྐང་། །རྨ་བྱའི་རྒྱལ་མཚན་རུ་དར་དང་། །འབྲུ་ཡི་གཏོར་མས་་་། །བསྐང་བར་བྱ། །བྱ་ནག་ལུག་ནག་རྟེན་དུ་བྱ། །ཁྱི་དང་བུད་མེད་སྤང་བར་བྱ། །འདོད་ཆགས་བྱ་ལ་རྫས་མི་བསྟན། །སྔགས་ལ་མིང་ཚིག་སེལ་མི་གཞུག །ཐུན་རྫས་མི་གཅད་བསོག་པར་བྱ། །བསྟོད་དེ་་བཞིན་མཆོད་པར་བྱ། ཁྲ་ཆེན་གཏོར་མ་དེ་བཞིན་དབུལ། །དྲག་པོའི་སྔགས་འདི་དབུལ་བར་བྱ། །ཨོ་་ག་རསྒ་ས་མ་ཡ་དུན་སྨྱོ། སྙིང་སྙིང་ཁྲག་བྱ། །བྱ་ནག་ལུག་ནག་རྟེན་དུ་བྱ། །ཁྱི་དང་བུད་མེད་སྤང་བར་། །འདོད་ཆགས་བྱ་ལ་རྫས་མི་བསྟན། །སྔགས་ལ་མིང་ཚིག་སེལ་མི་གཞུག །ཐུན་རྫས་མི་གཅད་བསོག་པར་བྱ། །བསྟོད་དེ་དེ་བཞིན་མཆོད་པར་བྱ། ཁྲ་ཆེན་གཏོར་མ་དེ་བཞིན་དབུལ། །དྲག་པོའི་སྔགས་འདི་བུལ་བར་བྱ། །ཨོ་་ག་རསྒ་ས་མ་ཡ་དུན་སྨྱོ། སྙིང་སྙིང་ཁྲག་ཁྲག་ཤ་ལ་དུན་སྨྱོ། མཏིཏིནྟྲཛ་ལ་ར༷། འབྲས་བུ་སྣ་ཚོགས་གཏོར་མ་འདི། །ཨེ་ཀ་ཙ་ཏིའི་ཞལ་དུ་ཁ་ར༷་ཁུ་ཧི། ཞེས་དེ་བཞིན་གཤེགས་པས་རྫས་མས་དབུལ་བར་བྱ། །ཞེས་གསུངས་སོ། །སྔགས་རྒྱུད་ནག་མོ་ལས། ཐུགས་དམ་བསྐང་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཨེ་ཀ་ཛ་ཏི་ནག་མོའི་ཚུལ་དུ་སྐུ་སྔོན་དུ་དབྱུང་བ་འདི་གསུངས་སོ། །དཀྱིལ་འཁོར་་སྙོམས་ཡིད་འོང་ལ། །རྩ་བ་ལྔ་ཡི་ལྡེ་གུས་བྱུག །དབུ་ནག་དམར་པོ་སེར་པོ་བརྩིགས། །དམར་པོ་ཟླ་ཁམ་མུ་ཁྱུད་ཟླུམ། །ཐོད་པའི་ར་བས་བསྐོར་བ་ཡིན། །སྒོ་སྣམ་སྒོ་ཁྱུདདེབཞིནབྲི། །དབུསསུསྒ་དང་་ག་གཉིས་དགོད། །གདུག་བྱེད་ལིང་ཀ་ཕུར་བུས་གཅལ། །ཡང་ན་སྐྱེར་བའི་ཤིང་དག་ལ། །རྩ་བ་ཟུར་གསུམ་ཆ་གང་ཞིག །ནུབ་བྱང་ཟུར་ལ་གཟུགས་པར་བྱ། རྫས་རྣམས་ཕུད་དང་ཆང་ཕུད་ཀྱིས། །ཉིད་ལ་ཉིད་ཀྱིས་དབང་བསྐུར་རོ། །སྒག་རག་ཤ་ཁ་མུན་ཏྲ་རག་མོ་ནི་སྙིང་ལ་སྨྱོ་ཛ་ཛ། བཙན་མོ་མ་ཏི་བ་ཏ་ཙ་མཆོད་ཏྲ་ཛ་ཛ། ནག་མོ་ནི་འུབ་འུབ་དབང་བསྐུར་གྲྭཧྭ། ཞེས་ཡུག་ས་མོའི་རྣེལ་གྲི་མོའི་སྐྲ་ལ་སྤྲོགས་ཤེད་བྱས་ཏེ་རྫས་ཀྱིས་དབང་བསྐུར་རོ། །བསྟོད་དང་མཆོད་དང་དེ་བཞིན་བྱ། །གཏོར་མ་ཆེན་པོ་ནུབ་ཏུ་བཞག །མེ་ཡི་ཟས་ལ་གཏོར་བས་ཏེ། །སྙིང་སྣ་ཁྲག་སྣ་ཤ་སྣ་ཚོགས། །རྣེལ་གྲི་མོ་ཡི་ཐོད་པར་བསོག །མཐིང་ནག་དར་གྱི་གུང་ཁང་ཕུབ། །དབུས་ཀྱི་གྲུ་གསུམ་མཐིང་ནག་ལ། །དཀར་པོ་གསུམ་གྱི་སྐྱེད་ཁར་གཞག །ཕུར་ཆེན་ལྕགས་ཕུར་སྐྱེར་ཕུར་གསུམ། །ཕོ་བྲང་ཨེ་ཡི་གྲ་ལ་གཟུགས། །རུ་དར་ནག་པོ་རྩེ་ལྔ་པ། །རྩེ་གསུམ་པ་ནི་མདུང་ལ་བཏགས། །རྨ་བྱའི་རྒྱལ་མཚན་དེ་བཞིན་བཞག །བྱ་ནག་ལུག་ནག་སྨུག་ནག་གསོབ། །མེ་ཏོག་སྣ་ཚོགས་སྙིང་སྣ་ཚང་། ཨ་ཀ་རུ་དང་དུ་རུ་ཀ །ཙན་དན་དཀར་དམར་གླ་རྩི་དང་། །སྤོས་སྣ་ཚང་མ་བསོག་པར་བྱ། །ཚིལ་ཆེན་ཁུ་བས་སྦྱར་བ་ནི། །སྤ་ར་མ་ཏིའི་མཆོད་པ་སྟེ། །དུས་བཞི་ལ་ནི་མཆོད་པར་བྱ། །སྙིང་པོ་འདི་ཡིས་གནད་ལ་བསྐུལ། །ཨོ་རུ་རུ་རསྒ་ཕྲི་ཧེ་རུ་ཀ། བེ་ཏ་ལི་ཤས་མུན་ཏྲ་མུ་ལེ་ཏྲ་མུ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷།དེ་ནས་དབང་དུ་བསྡུ་བ་ཞེས་བྱ་བའི་སྔགས་འདི་གསུངས་སོ། །རག་མོ་ཏི་ཀེ་སྙིང་སྨྱོ། ཏྲག་་ག་པ༷་པ༷་རྦད་ཕྱེད་ནི་ར་མ་ཀི་ལ་ཡ་ཕྱེ། ལས་ཀྱི་མ་མོ་ལ་བསྟོད་དོ། །སྐུ་མདོག་ནག་མོ་མི་བཟད་མ། །གཡུ་འོད་འབར་བའི་ལྡིང་ཁང་ནས། །མུན་པའི་འཁོར་ལོ་གཞལ་ཡས་ནས། །སོལ་བའི་བུད་མེད་མགོ་དགུ་མ། །སྙིང་ཡང་དགུ་སྟེ་སྦྲུལ་གྱི་གཤོག །སོལ་བའི་བྱ་ཁྱུང་ཆིབས་སུ་ཆིབས། །ཁ་ནས་སོལ་བའི་མཚོན་ནག་ཁོལ། །མགོ་དགུ་རལ་པ་གཅིག་མ་སྟེ། །རྐང་པ་ཉག་ཕྱེད་སོ་སྦྲུལ་རྐང་། །ལག་པ་སྐག་ཕྱེད་སོ་སྦྲུལ་ལག །དྲག་པོ་སྔགས་ཀྱི་ཐུན་བདག་མོ། །བལ་མོ་སྡུག་པའི་རྟེན་གྲོགས་མ། །དཔལ་ཆེན་རྔམས་པའི་ཕོ་ཉ་མོ། །རྒྱལ་བ་རྣམས་ཀྱི་ཐ་ཚིག་ཅན། །མཐུན་པའི་བུ་མོ་སྐྲུན་གསུམ་མ། །ཆེད་ཀ་དྲག་ཏུ་སྐུ་བསྐྱོད་ན། །མཐུན་པའི་བུད་མེད་འབུམ་ཕྲག་གཅིག །ཁ་ནས་ཁུས་འདེབས་དགྲ་ལ་འདེབས། །ལག་པ་གཡས་འདོར་དགྲ་ལ་དོར། །མ་རུ་དེ་ནི་དམ་བཅས་ཀྱིས། །བསྟན་པ་འཇིག་པའི་དགྲ་ལ་ཡ། །ཞེས་བསྟོད་དོ། །སྔགས་རྒྱུད་ནག་མོ་ལས། སྔགས་བསྒྲུབ་པ་དང་། བལ་མོ་ངན་སྔགས་ཀྱི་བསྒྲུབ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་གསུང་གི་བསྒྲུབ་པས་བཀའ་ཉན་ཞེས་བྱ་བ་འདི་གསུངས་སོ། །རྡོ་རྗེ་སྔགས་བསྲུང་ནག་མོ་ནི། །ཨེ་དང་འཐུན་པ་རྩ་ལ་ཆགས། །ཨི་ནི་བདེ་ཆེན་གྲུབ་པའི་གནས། །སྣེལ་གྲི་མོ་ཡི་སྙིང་སྲོག་རྩ། །རྨེ་ཤ་གསུམ་ལ་རྐན་ཕབ་པས། །ད་ལྟ་རྨེ་ཤ་གསུམ་ལ་དགའ། །འབྲས་བུས་ཁྲག་དང་བཅས་པ་བརྟེན། །དེ་བཞིན་མཐིང་ནག་ས་གྲུ་གསུམ། །ཏྲག་བདུན་བར་དུ་གྲུ་གསུམ་བསྐོར།༷།ར༷ང་གི་སྲིན་ལག་གཡོན་ཁྲག་བྱུག །མཚན་ལྡན་དུམ་བུ་དྲུག་པ་ལ། །དེ་བཞིན་ཁྲག་གིས་ཏྲག་ཅིག་བྲི། །ཕྱི་ནི་སོལ་ཆེན་དུག་གིས་བྱུག །ལིང་ག་ཇི་ལྟར་འདོད་པའི་དབྱིབས། །ཏྲག་པོ་དགུ་པ་འདི་ཡིས་བསྐོར། །ཉོ་ཉོ་ཧུ༷། དེ་ནི་ཐོད་པའི་ནང་དུ་གཞག །དགུ་ལས་གྱུར་བའི་བཅུ་བདུན་སྔགས། །ཁར་ནི་ཁྲག་བླུག་ལྷ་དང་དབྱེ། །བསྙེན་པ་སྲོག་སྙིང་འདི་ཡིས་བྱ། །ཏྲག་རག་ཤ་མུ་ཏྲ་ཁ་ཁའི་ལ་མི་ཏྲི་ཧྲིར་སྦྱོ། རུ་ལུ་རུ་ལུ་ཏྲག་མོ་ནི་སྙིང་སྦྱོ། ཞེས་དབང་དུ་བསྡུས་ཏེ་གནད་ལ་དབབ་པ་འདིས་བྱའོ། །ཨོ་ཙ་ར་ཡ༷་སྙིང་ཁ་ར་སྒྲི་བཛྲ་མ་དུན་སྨྱོ། ཨོ་མེ་དང་ར་ལིག་སྙིང་ཁ་རག་རྦད། ཨོ་མེ་ད་ར་ཧྲིང་ཐུམ་རིལ་རྦད། ཅེས་གནད་ལ་འདིས་བསྐུལ་ལོ། །ཧུ༷། མི་མངོན་མཁའ་དབྱིངས་བདེ་ཆེན་ནས། །སྒྱུ་མའི་ཚུལ་གྱིས་སྐུར་བསྟན་པ། །ཡག་ཤ་མེ་དཔལ་ཉིད་ཀྱི་སྐུ། །དབུ་གསུམ་ཕྱུག་དྲུག་ཞབས་བཞིར་བགྲད། །སྤྱི་གཙུག་མཁའ་ལྡིང་རྒྱལ་པོ་ཁྱུང་གིས་བརྒྱན་པ་ནི། །ཀླུ་རྒྱལ་གདུག་པ་དབང་དུ་སྡུད་པའི་རྟགས། །སྐུ་སྟོད་སྦྲུལ་ནག་གཡང་གཞིས་བརྒྱན་པ་ནི། །གཉིས་མེད་ཡུམ་དང་འཁྲིལ་ཏེ་བཞུགས་པའི་རྟགས། །སྐུ་སྨད་སྟག་གི་ཤམ་ཐབས་བརྒྱན་པ་ནི། །དཔའ་བརྟུལ་ལས་ཀྱི་ཤམ་ཐབས་འདུལ་བའི་རྟགས། །སྐུ་གསུང་ཐུགས་དང་རབ་ཏུ་ལྡན་པའི་ཕྱིར། །ཐོད་པ་སྐམ་རློན་ཚོགས་ཀྱི་དབུ་ལ་རབ་ཏུ་བརྒྱན། །གཟའ་ཆེན་བརྒྱད་ཀྱི་སྐུར་རགས་ཅན། །ཞབས་བཞི་བརྐྱང་བསྐུམ་ཚུལ་གྱིས་ཀླུ་བདུད་དྲེགས་པ་ནོན། །རུ་སྦལ་བསྣོལ་བའི་གདན་ལ་བཞུགས། །ཕྱག་དྲུག་དང་པོ་གཉིས་ནི་ཟིལ་གནོན་ཕྱག་རྒྱ་མཛད། །གཡས་གཉིས་བར་མ་སྦྲུལ་ཞགས་བསྣམས། །གཡོན་གྱི་བར་མ་ཀླུ་བདུད་འཛིན། །གཡས་ཀྱི་མཐའ་མ་ལྟས་ངན་རྒྱལ་མོ་འཛིན། །གཡོན་གྱི་ཐ་མ་ལྕགས་ཀྱི་ཐོག་སེར་བསྣམས། །དམ་ཚིག་དྲག་པོའི་འཕྲིན་ལས་གྲུབ་པར་མཛོད། །ཡཀྟ་མེ་དཔལ་ཉིད་ཀྱི་སྐུ། །ལྷ་མཆོག་ཁྱེད་ཀྱི་མ་ཉེས་མགོན་མཛོད་ཅིག །ཡབ་ཡུམ་གཉིས་ལས་སྤྲུལ་པའི་ལྕམ་མོ་ཁྱོད། །ཕྱག་ན་རྡོ་རྗེའི་སྤྲུལ་པ་མོ། །སྔགས་བསྲུང་ནག་མོ་རལ་གཅིག་མ། །སྐུ་མདོག་ནག་མོ་ཙེ་རེ་རེ། །གཡུ་ཡི་རལ་པ་ཤར་ར་ར། །དཔྲལ་བའི་དབྱེས་ན་ཁྲོ་གཉེར་སྤྱན་གཅིག་མ། །དུང་གི་མཆེ་གཙིགས་ཐབས་སེ་ཐབས། །གསེར་གྱི་རྣ་ཆ་ཁྲ་ལ་ལ། །ཆིབས་སུ་དྲེའུ་ཆེན་བོང་ནག་བཅིབས། །ཚེམས་ཁྲབ་ནག་པོ་སྐུ་ལ་གསོལ། །མཐིང་གི་གོ་ཅོད་དབུལ་ལ་གསོལ། །གཡས་ན་གཡུ་ཡི་སྤྱང་མོ་བསྣམས། །གཡོན་ན་སྣང་སྲིད་འཕྲུལ་གྱི་མེ་ལོང་བསྣམས། །དམ་ཚིག་ཅན་གྱི་དགྲ་ལྷ་མོ། །རྣལ་འབྱོར་ཡོངས་ཀྱི་བསྒྲུབ་སྡེ་མོ། །སྔགས་ཀྱི་བསྲུངས་མར་དབང་བསྐུར་གྱིས། །རྫུ་འཕྲུལ་མཐུ་དང་དངོས་གྲུབ་སྩོལ། །ཞེས་བསྟོད་དེ་དབང་བསྐུར་བར་བྱའོ། །སྔགས་རྒྱུད་ནག་མོ་ལས། ཨེ་ཀ་ཙ་ཏི་ནག་མོའི་ཚུལ་དུ་སྐུ་དབྱུང་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཀུག་པའི་སྔགས་ཀྱིས་གསད་པ་འདི་གསུངས་སོ། །ཏྲིག་ཏྲེག་སེར་སེར་ཀུ་ལུ་ཀུ་ལུ། མོ་ཀུ་མོ་ཀུ། ཙ་ཧ་ཙ་ཧ། མུ་ཏྲ་ཛ་ལ་ཁུ་ཧི། ཙག་བཛྲ་ཡག་ཤ་ཀྲོ་དྷ་ཁ་ཁ་ཁུ་ཧི། སྨི་ར་ཏ་ན་ཧུ༷་ཕཊ། ཙག་རག་ལྡིང་མུ་རུ་མྱོགས། ལྡིང་ལྡང་བུ་ཕྱག་ཕྱུག་མི་ཧ་ཧེ། བཤུ་བཤལ་མུ་ཧུ༷་ར་ས་ནེཙག་ཙག ཙེག་ཙེག །མུ་སྟ༷་སྟི་ཧེ་ཧེ་ལེ་ཧེ་ལ་ལེ། བུ་རུ་ཏི་ཤཱ། མྱོག་མྱོག །ཐུམ་ཐུམ། དཀར་ལྡན་མི་ཧེ་ཧ༷། ཀུ་མེ་ལུ་ཙེ། མ་མ་རླག་ད་ཛ། མ་མ་རཀྟ་ཛ། སྙིང་ཧུར་ཧུར། རག་མོ་ཁྲག་ལ་དུན་སྦྱོ་ཛ། རྩིང་ལྡང་མུ་ཁ་ཡེ་ཀོད་ཀོད། མི་ཧ་ཧེ། མྱི་མྱ་མྱ་མེ་ཙ་ཧུ༷། ཙིང་ལྡང་ལྡིང་། ཁུ་ཙུག་ན། ཙ་ཧ་མུ་ཀ་ཡེ། ཏིང་མུ་ལོང་ཙ་ཀ་ཡེ། ཧར་མི་ཏིང་། པྲབ་པྲབ་པྲིབ་པྲིབ། ཙིང་ལྡང་ཙིང་ལྡང་ཧུ༷་ཙོག་ན། ཙ་ཧ་མུ་ཀ་ཡེ་གྲྭཧྭ། མི་ལི་ཀ་ཡང་ཤི་བྱི་མྱོགས་ཧེར་རེ་ཧེ་རྦད། ཐོད་པ་མཚན་ལྡན་དུག་རྔམས་སུ། དུག་སྣ་སྙིང་སྣ་ཁྲག་སྣ་དང་། བ་བླ་ཐལ་ཆེན་རྣམས་དང་སྦྱར། །སྐུ་ལ་གཏོར་ཞིང་བཟླས་པས་དགུག །ཅེས་གསུངས་སོ། །སྔགས་རྒྱུད་ནག་མོ་ལས། ཐུགས་ཀྱི་བསྒྲུབ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་འདི་སྐད་ཅེས་ཡོན་ཏན་གྱི་བསྒྲུབ་པ་འདི་གསུངས་སོ། །མཎྜལ་ཆ་བསྙམས་ཡིད་འོང་ལ། །རྩ་བ་ལྔ་ཡི་ལྡེ་གུ་བྱའོ། །དབུས་སུ་མཐིང་ནག་གྲུ་གསུམ་བསྐོར། །ལོགས་ལ་ཟུར་གསུམ་ཤེས་པར་བྱ། །དབུ་མའི་གྲུ་གསུམ་རྩེ་མོ་སྲ །མིང་དང་རྟེན་དང་མཚན་རྣམས་ནི། །ག་གོན་གསུམ་ལ་ཤེས་པར་བྱ། །གཅིག་གི་ནང་དུ་ཐུན་རྫས་བླུག །གཅིག་གི་ནང་དུ་ཉུངས་ཀར་ཐལ་ཆེན་ལ། །སྲོག་གི་སྙིང་པོས་དབང་བསྐུར་ཟླུག །ལིང་ག་བཅས་པ་ཇི་བཞིན་ནི། །འབྲུ་དགུའི་སྔགས་ཀྱིས་གཡས་ནས་བསྐོར། །གུ་གུལ་དཀར་ནག་རྫས་ལ་བདུག །གསང་སྔགས་འདི་ཡིས་བྲབ་ལ་གཞུག །རག་མོ་རུ་རུ་རོ་རུ་ཏྲ་སྒག་རསྒ་ཁ་མུན་ཏྲ། ཨེ་ཀ་ཛ་ཏི་སྙིང་ཁ་རག །རག་མོ་ཏེ་ཀེ་ཛ་ཛ། ཁ་ལ་མ་རེ་སྨྱོ། སྙིང་ཁ་རག་མོ་ཛ་ཛ། རྟེན་དུ་སྐམས་བརྡུངས་རིལ་བུ་བྱ། །དེ་བཞིན་ལོངས་སྤྱོད་ནོར་ལ་བྱུག །ཆོ་འབྲུལ་སྐུ་ཡང་དངོས་སུ་སྟོན། །གཞན་གྱི་དབང་དུ་དེ་མི་འགྱུར། །མིང་དང་མཚན་ནི་བསྲེག་པར་བྱ། །བྱ་ནག་ལུག་ནག་ཐུགས་དམ་བསྐང་། །བསྲེག་པ་སྔགས་རྒོད་ཉི་ཤུ་པས། །ཉི་ཤུས་བཏབ་ལ་རྩ་གཅིག་སྲེག །འབྲས་བུ་སྣ་ཚོགས་ཤ་ཁྲག་དང་། །མེ་ཏོག་སྣ་ཚོགས་ཀར་ཁེ་ཀ་ཡིས་མཆོད། །བསྟོད་པ་ནི་མ་མོ་གདུང་བའི་ཀླུ་ཞེས་བྱ་སྟེ་འདིས་བསྟོད་དོ། །མཐིང་ནག་གྲུ་གསུམ་འབར་བའི་ཀློང་དཀྱིལ་ནས། །ཡོན་ཏན་རྫོགས་པ་ལྷུན་གྱིས་གྲུབ་པ་མོ། །སྔགས་ཀྱི་བསྲུངས་མ་མཐུ་མོ་ཅན། །གཅེར་བུ་མགོདགུརལགཅིགམ། །སྐུ་གསུམ་རིམ་གྱིས་ལྷུན་གྲུབ་མོ། །ཡོན་ཏན་ཡི་ནི་གཏེར་འཆང་མ། །མེ་ཏོག་ལས་བྱུང་གསང་བ་ཆོས་ཀྱི་སྐུ། །འདོད་ཆགས་ལོངས་སྤྱོད་རྫོགས་པའི་སྐུ། །ཅིར་ཡང་སྤྲུལ་པས་དགོས་འདོད་རེ་བ་སྐོང་། །གསང་བའི་དབྱུགས་ཟླུ་སྟོང་གསུམ་དི་རི་རི། །དབྱུགས་པའི་རྐན་སྒྲས་ཐོག་སེར་ཆར་པ་འབེབས། །མི་མངོན་དབྱིངས་ནས་གདུག་པའི་སྐུ་སྤྲུལ་པ། །ཡེ་ཤེས་ང་རོས་གདུག་པའི་དགྲ་བགེགས་འདུལ། །ཞེ་སྡང་འདུལ་མཛད་ནག་མོ་རལ་གཅིག་མ། །དམ་ཚིག་ཅན་གྱི་འཕྲིན་ལས་མཛོད། །རག་མོ་ནི་རག་མོ་ནི། དུ་ནི་དུན་ཏིང་ཧང་ན་དུ་རུ་ཧ་ན། རྦད་བུ་རྦད་བུ། ཚལ་པ་ཚལ་པ། བ༷་རིལ་ཧུ༷་ཕཊ། ཏྲག་རག་ཤ་རྦད །རག་ཤ་རྦད། རག་མོ་སྙིང་རྦད། ཙིཏི་རྦད། ཁ་ཐུན་རྦད། ཙིཉི་ནི་ཤ་མ་ར་ཡ་རྦད། ཅེས་ཕལ་བ་རའི་ནང་དུ་བརྫང་ལ། །ཆུ་མིག་ལྔ་རུ་གནན་པར་བྱའོ། །སྔགས་རྒྱུད་ནག་མོ་ལས། ཡོན་ཏན་གྱི་བསྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་འཕྲིན་ལས་ཀྱི་བསྒྲུབ་པ་དོན་བདུན་པ་འདི་གསུངས་སོ། །རྡོ་རྗེ་སྔགས་བསྲུངས་ནག་མོ་འདི། །རིག་པའི་གནས་ལ་ཆགས་པ་ནི། །དེ་ཡི་བསྒྲལ་བར་གྲགས་པ་ནི། །སྙིང་གཤགས་ལིང་ག་དྲིལ་བ་གཞུག །དགུ་ལས་བྱུང་བའི་སྐུད་པས་བཙེམས། །སྔགས་བསྲུངས་ཉིད་ཀྱི་ཞལ་དུ་གདགས། །བསྒྲུབ་པའི་སྙིང་པོ་འདི་ཡིས་བྱ། །རག་མོ་སྨྱོ་ཛ་ཛ་མ་བདུན་སྨྱོ། ཏྲག་རག་ཤ། ཁ་མུན་ཏྲ་མུ་ཏྲ་མུ་རུ་ལུ་སྨྱོ། རྦད་པའི་སྙིང་ཐུན་འདི་ཡིས་བྱ། །ཏྲག་རག་ཤ། བཛྲ་ཏིསྒ་ས་མ་ཡ་སྨྱོ། གསད་པ་དྲག་པོ་འདི་ཡིས་བསྒྲུབ། །ཨེ་ཀ་ཙ་ཏི་སྙིང་ཁ་རག་སྲོག་བ༷་རིལ་སྨྱོ། ཨེ་ཀ་ནག་མོ་རག་མོ་ཡསྒ་སྨྱོ། བསད་ཅིང་མནན་ལ་གཅོད་ཐུན་ནག་པོ་ཡིན། ཨེ་ཀ་ཛ་ཏི་རི་ལིག་སྙིང་ཁ་རག་བཛྲ་དུན་སྨྱོ། མི་ཤ་དགྲ་བོ་ལ་མ་ར་ཡ་ཕཊ། གཡོན་དུ་དུག་ཤིང་མེ་བཏང་སྟེ། །ཙིརྟི་ཕྱུང་ནས་བསྲེག་པར་བྱ། །མཆོད་དང་བསྟོད་པའི་ལས་བྱའོ། །སྤྱིན་སྲེག་སྙིང་ཐུན་འདི་ཡིས་བྱ། །ཉི་ཤུ་རྩ་གཅིག་ལིང་ག་བྲི། །རིལ་བུ་ཁམ་ཕོར་ནང་དུ་བསོག །མེ་བྱའི་ཤ་ཚིལ་སྤྱིན་སྲེག་བྱ། །ཁྲག་སྣ་ཚང་བར་མཆོད་པ་བྱ། །མ་མ་སྒག་རག་ཤ་རུ་ཏྲ་མ་ར་ཡ་སྨྱོ། མ་མ་སྙིང་ཁ་རག་མ་ཐ་ལིང་རྦུད། ཡག་ཤ་སྙིང་ཏེ་ཀེ་རྦད་བུ་རྦད་བུ། ད་རང་ཡ་རྦད། དམ་ལ་དམ་ཚིག་འདི་ཡིས་གདགས། །སྙིང་ཁ་རག་དམ་ཛ་ཛ་ས་མ་ཡ། སྙིང་ལ་རསྒ་ཛ་ཛ། དེ་ནས་དོན་འགྲུབ་པར་བྱ་བ་དང་། གདོན་མི་ཟ་བའི་ཆེད་དུ་ཐོད་ཟོར་འཕྲིན་ལས་ཀྱི་བསྒྲུབ་པ་འདི་གསུངས་སོ། །མཚན་ལྡན་དུམ་བུ་བཞི་པ་མྲ །འཕྲིན་ལས་བཞི་ཡི་དཀྱིལ་འཁོར་བྲི། །རྩིབས་ལ་དབང་བྲི་མདུན་ལ་བཞི། །ལྷོ་རུ་རྒྱས་པ་བྱང་དུ་ཨེ། །ནང་དུ་ཡག་ཤ་ཡབ་ཡུམ་བྲི། །དབུས་སུ་འདུ་བྱེད་ནག་མོ་བྲི། །ཕྱི་ནི་སོལ་ཆེན་ལང་གུས་བྱུག །དེ་བཞིན་གྲུ་གསུམ་ཨེ་ལ་གཞག །ནང་དུ་མཐུན་པའི་རྫས་རྣམས་བསགས། །སྤྲུལ་པ་ཡབ་ཡུམ་བུ་མོའི་སྔགས། །བསྙེན་པའི་སྙིང་པོ་བྱ་བར་གསུངས། །བསྒྲུབ་པ་གྲུབ་པའི་རྟགས་དང་སྦྱར། །འཕྲིན་ལས་དུས་སུ་འདི་ལྟར་བྱ། །རྣེལ་དྲི་མོ་ཡི་ཐོད་པ་མྲ །ཁྲག་སྣ་དུག་སྣ་ཚང་བར་བསོག །ཕྱིར་ནི་དེ་བཞིན་བྱུག་པར་བྱ། །སྔོན་དམར་བལ་གྱིས་ཁ་བཅད་ལ། །དྲག་པོའི་ལས་འདི་བསྒྲུབ་པར་བྱ། །་ག་རག་ཤ་མུ་ཏྲ་སྨྱོ། རུ་ལུ་རུ་ལུ་སྨྱོ། རག་མོ་རག་མོ་ཧ་ན་ནག་མོ་ཙིསྟ་་ག་རག་ཤ་ལ་སྨྱོ། ་ག་མོ་ནི་ཧར་ཧུར་སྙིང་ལ་ཡསྒ་ཏེ་ཀེ་ས་མ་ཡ་ཛ་ཛ་པྲ་བེ་ཤ་ཕཊ། ཅེས་གང་ལ་བྱ་བའི་ཡུལ་མཁར་ལ་ཕོག་པར་གདབ་བོ། །སེར་བ་འབེབས་པར་འདོད་ནའང་། རྐང་གསུམ་སྒྱེད་པོ་བཙུགས་པ་སྟེ། །འཕྲིན་ལས་ཀྱི་སྔགས་བཟླས་ལ། །ཐབ་ལུད་པའི་ཐལ་བ་དང་། །ཐོད་པ་བསིལ་བཏང་ངོ་། །རྣིར་ར་ཁུག་ཙིསྟ་བ༷་རིལ་ཤག་ཤིག །མི་རྐང་གསུམ་ཡང་ཕྱོགས་སུ་འཕངས་ལ་བཏང་ངོ་། །གང་ཡང་རུང་སྟེ་བསྒྲལ་འདོད་ན། །དྲག་པོའི་གནས་སུ་འཕྲིན་ལས་བྲི། །མིང་རུས་དེ་བཞིན་སྔགས་དང་གཟེར། །ཚེས་བཞི་ཟླ་བ་སེར་ཀ་ལ། །ནུབ་ནས་ཤར་དུ་བརྡེག་པར་བྱའོ། །བྲབ་དང་བདུག་དང་བརྡེག་པར་བྱ། །ལིང་ག་གཅིག་བཅས་ཐོད་པར་བསྲེག །བསྲེགས་པའི་སྔགས་ཀྱིས་གནད་ལ་དབབ། །ཙིསྟ་རྦད་བ༷་རིལ་ཁུག་དར་ཡ། ཏྲཀ་རསྒ། ཁྲག་༣བྲུག་ནི་བ༷་རིལ་སྙིང་ཤག་ཤག་བ༷་རིལ་རྦད། ཅེས་པས་གསད་པར་བྱའོ། །ཐོད་ཟོར་གྱི་ལེའུ་སྟེ་དགུ་པའོ།། །།དམ་རྫས་ཙིསྟ་སྔོན་དུ་དབྱུང་བ་འདི་གསུངས་སོ། །མཚན་དང་ལྡན་པའི་སྙིང་ནང་དུ། །སྙིང་སྣ་ཚང་བའི་ཕྱེ་མ་བླུག །འདའ་བ་རིས་དབྱུགས་པར་བྱའོ། །དུམ་བུ་གསུམ་པའི་ནང་དུ་གཞུག །ལིང་ག་ཇི་ལྟར་འདོད་པའི་དབྱིབས། །འབྲུབ་ཁུང་དབུས་སུ་གཞག་པར་བྱ། །ཐལ་ཆེན་གུ་གུལ་དཀར་ནག་བླུག །བྲབ་བ་ཉུངས་ཀར་རྒྱལ་པོས་བྱ། །རྟེན་ནི་རུ་དར་ལྕེ་ལྔ་དང་། །རྨ་བྱའི་རྒྱལ་མཚན་དར་ནག་གོ །སྣ་ཚོགས་སྙིང་དང་ཁྲག་ཏུ་སྦྱར། །དེ་ནི་མེ་ལོང་མདངས་ཀྱིས་བཀང་། །བར་ཆོད་མིང་ནི་བསག་པར་བྱ། །དེ་ཡི་དགོས་སུ་གྲུབ་པར་བྱེད། །སེམས་ཅན་ཙིཏི་སྔོན་དུ་དབྱུང་། །དྲག་པོ་འདི་ཡིས་བསྒྲུབ་པར་བྱ། །རག་མོ་ནི་ས་མ་ལྭ། རག་མོ་ནི་ཨུ་མ་རག་མོ་ཧར་ཧུ༷་རུ་ལུ་ཡ། ཡག་ཤ་ཏྲག་མོ་ཨིས་ཨིས་མ་ཡ་འུར་འུར་ས་མ་ཡུ། སྙིང་ཙིསྟ་ཁ་ལོང་རྦད། བ་ལ་ཁ་ལ་ཡསྒ་ཏྲག་ས་མ་ཡ་པྲ་མོ་ཀུ་ཏིང་པྲག་མོ་ཀུ་ཏིང་པྲ༷་ད༷་ཛ་ཛ། སྙིང་སྙིང་ནི་འུར་ཐེད་ཐེད་ཁྲེལ་རྗི་ཤ་བ་ཁ་ལ་རག་ཤ་ཛ་ཛ། དེ་ནས་བསྒྲུབ་པ་བྱའོ། །འདིས་གནད་ལ་ཕབ་པ་དངོས་སུ་དབྱུང་ངོ་། །་ག་སྒག་རག་ཤ་ནིར་སྨྱོ་སྨྱོ། རག་ཤ་རོ་ལ་སྙིང་ཕྱུང་། ནི་སྙིང་ལ་ཛ་ཛ། ཧེ་ནི་ཤག་ཛ་ཛ་སྨྱོ། ཞེས་བསྐུལ་ལོ། །ཧུ༷། གསང་སྔགས་གཉན་གྱི་བྱ་ལུག་སྨུག་མོའི་སྙིང་སྣ་བསོགས། གཙོར་ནི་སྤྱང་ཀུའི་ཁྲག་གཅེས་སོ། །མེ་ཡི་ཟིལ་པ་དང་དུ་བླང་། ་་ཁྲག་སྣ་ཚོགས་ཅི་འབྱོར་བཤམས། །མཐིང་ནག་དར་གྱི་ཐོད་པས་དྲིལ། །བསྲུངས་མ་ཁྱོད་ནི་མཐུ་མོ་ཆེ། །བལ་མོ་ནག་མོ་མི་བཟད་མ། །མཐིང་ནག་ཅེར་བུ་དབུ་དགུ་མ། །སྐུ་མདོག་ནག་མོ་ཙེ་རེ་རེ། །ཞེ་སྡང་ཐོརཚུགསགཅིགཏུབཅིངས། །རལ་པ་ནག་མོ་མུན་ལྟར་གཏིབས། །རལ་པའི་ཟར་བུས་གཡས་ནས་གཡོན་དུ་འཁྱིལ། །སྐུ་ལ་ཞིང་ལྤགས་གཡང་མན་བས། །གཡུ་ཡི་སྨིན་མ་ཁྱུགས་སེ་ཁྱུགས། །ཁྲག་གི་མཆི་མ་ཤ་ར་ར། །དུག་གི་མཆི་མ་ཙ་ར་ར། །བསེ་ཡི་སེན་མོ་ཟངས་སེ་ཟངས། །གཡས་ན་ཞིང་གི་ཙིསྟ་དགུ་འཕྲེང་བསྣམས། །གཡོན་ན་གཡུ་ཡི་སྤྱང་མོ་ཁྲོ་ཐབས་བསྣམས། བལ་མོ་གདུག་པ་གསུམ་ནི་ཐུགས་ལས་ཕོ་ཉར་འགྱེད། །ཙིསྟ་དམར་འདོན་བྱེད་པའི་མངའ་བདག་མོ། །ཞེས་བསྐུལ་ན། མ་དང་སྲིང་ལྟར་ཐུགས་དམ་ལ་གནས་པར་འགྱུར་རོ། ་་ས་ཀར་ཉུངས་ནག་ཐལ་ཆེན་དང་། །བལ་མོ་ནག་མོས་སྙིང་མངོན་དུ་དབྱུང་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་གསད་པ་སྔགས་ཀྱི་ལེའུ་འདི་གསུངས་སོ། །ཉུངས་ཀར་ཉུངས་ནག་ཐལ་ཆེན་ལ། །ཙ་ར་རོག་པོའི་ཁྲག་གིས༷ ་བྱུག །རིལ་བུ་ཉི་ཤུ་རྩ་གཅིག་བྱ། །དྲག་པོ་འདི་ཡིས་ཉི་ཤུ་རྩ་གཅིག་བཅས་ཏེ་བརྡེབ། །ལིང་ག་ཉི་ཤུ་རྩ་གཅིག་ཀྱང་། །དུག་སྦྲུལ་ནག་པོའི་ལིང་ག་བྲི། །དྲག་པོ་དགུ་པོ་འདི་ཡིས་བསྐོར། །ཧུ༷་རྦད་རྒྱབ་ཉ་མ་རབ་ཧོ་དང་ངན། །དྲག་པོ་བཅུ་བདུན་དགུ་རུ་བསྡུས། །འཐོར་བྱེད་དྲག་པའི་ཡི་གེ་ནི། །ལྟས་ཀྱི་ཡི་གེ་བཅུ་བདུན་ཡིན། །སྣ་ལ་གང་འཆི་བརྟག་པའི་ཕྱིར། །མིང་རུས་ཡི་གེ་བཅུ་བདུན་ནི། །སྣ་ལ་གང་འགྲོ་འབྲུབ་ཁུང་ནས། །དྲག་པོས་བྲབནདེབཞིནའགྱུར། །ཐ་མར་ཕྱི་ཡི་སྦྱིན་སྲེག་བྱ། །དང་པོ་ཡི་གེ་ཨ༷་བྲིས་ཏེ། །གཉིས་པ་ཡི་གེ་ཨོ་ཡིན་ནོ། །གསུམ་པ་ལ་ནི་ཨོ་ལས་འཛུག །བཞི་པ་ཧུ༷་ཡིན་གཅིག་པའི་སྒྲ། །ལྔ་པ་ཡི་གེ་རྦད་ཡིན་ཏེ། །ནི་ཞེས་བྱ་བ་རབ་ཏུ་འཇུག །དར་རྒྱ་ཡི་གེ་དྲུག་པའོ། །བ་ནི་བདུན་པ་རྦད་ལ་འཇུག །ཧར་བྱ་ཡི་གེ་བརྒྱད་པར་འཇུག །ཉ་ཞེས་བྱ་བ་མིང་ཡིན་ཏེ། །དགུ་པའི་ཡི་གེ་དང་པོར་འགྱུར། །མ་ཧྭ་ལི་ནི་བཅུ་པ་སྟེ། །ཏྲག་ཏྲག་རྦད་ནི་བཅུ་གཅིག་པ། །ཧུ༷་ན༷་སྡུད་བྱེད་བཅུ་གཉིས་པ། །ཧར་མོ་སྔགས་ནི་སྤྱོད་པ་བཅུ་གསུམ་པ། །མ་མ་ནི་ནི་སྣང་བའི་ཡི་གེ་སྟེ། །བཅུ་བཞི་པར་ནི་གྲགས་པ་ཡིན། །ད་ད་ཧས་ནི་བཅུ་དྲུག་འགྱུར། །ནན་ཞེས་བྱ་བ་དཀྱུས་སུ་འགྱུར། །བཅུ་བདུན་མཐོར་བྱེད་སྔགས་ཀྱིས་བརྡེག །བལ་མོ་ནག་མོའི་སྔགས་ཏེ། །ཐམས་ཅད་གྲུབ་པའི་སྔགས་ཡིན་ཏེ། །བཅུ་བདུན་ཡི་གེ་སྔགས་སུ་བརྡེབ། །གང་ཡིན་ལས་ཀྱི་འཁོར་ལོས་སྟོན། །འཕྲིན་ལས་སྦྱིན་སྲེགས་སྔགས་ཀྱིས་བྱ། །དེ་ཡང་དང་པོ་གྲུ་གསུམ་བརྩིགས། །ནང་དུ་སོལ་ཆེན་གཏང་བར་བྱ། །ཁ་ཁྱེར་ཐལ་ཆེན་བསྐོར་བར་བྱ། །མུ་ཁྱུད་ཟླུམ་པོ་ཟླ་ཁ༷་བམ། །ཐོད་པའི་ར་བ་ཤེས་པར་བྱ། །དབུས་སུ་སྒ་དང་ཏྲག་གཉིས་བྲི། །ཟླ་གམ་གསུམ་ལ་གྲུ་གསུམ་བྲི། །དབུས་སུ་ཁྲག་གིས་མ་གསུམ་བྲི། །དེའི་ཚེ་ཚེར་མའི་ཤིང་བུ་ལ། །མགོ་བོ་བསྣོལལདེབཞིནབརྩིགས། །དྲག་པོའི་སྔགས་འདིས་དབུལ་བར་བྱ། །སྣ་ཚོགས་རྫས་དང་བཅས་པ་བསྲེག །ཅེས་དྲག་པོས་གཞུག །དེ་བཞིན་ཕྱོགས་སུ་བསྐྱལ་ལ་གནན། །དེ་ནས་རྨེ་ཡི་ཁྲག་རྣམས་ལ། །ལྗགས་ཀྱི་དུང་མ་འདི་ཡིས་བརྡེག །ཚེས་བཞིའི་སྲོག་ལ་ཕྱོགས་སུ་འཕང་། །་ཀུ་རག་ཤ་ཁ་མུན་་ག་ཨེ་ཀ་ཙ་ཏི་སྙིང་ཁ་ལ་རག་ཤ་མ་སྨྱོ། རག་མོ་ཧེར་མ་ཧེད་ཏིང་ཁ་རག་སྨྱོ། མ་མ་སྙིང་ཁ་རག་དུན་སྨྱོ། ཞེས་བསྐུལ་བར་བྱའོ། །འདིས་ཕེབས་པར་འགྱུར་རོ། །ཐོག་རསྣ་ཨེ་ཀ་ཛ་ཏི་ནི་ཡེ་ཁ་ཏེ། །ཁ༷་ཤ༷་ཤ༷་ལས་ལ་སྦྱོ། ཞེས་པའོ། །བྱ་རྣམས་འདིས་བསྐུལ་ལོ། །སྒག་མ་ར་སྒག་ཁ་ལ་དུན་སྦྱོ། ནག་མོ་དུན་ཏིང་ལིང་ཤར་མ་སྨྱོ། ཞེས་བསྐུལ་བར་བྱའོ། །ཚིགས་བཅད་འདིས་བསྐུལ་ལོ། །ཧུ༷། གྲུ་གསུམ་མཐིང་ནག་འབར་བའི་ཀློང་དཀྱིལ་ནས། །ཡང་དག་སྐུ་གཅིག་འབྱུང་བ་ནི། །མ་མོ་ཀུན་གྱི་གཙོ་མོ་སྟེ། །རལ་གྲི་རྒྱ་མཚོའི་ཀློང་ནས་བསྐལ་པའི་མེ་འབར་མ། །དབུ་ཡི་གཙུག་ནས་བྱ་གཅན་མང་པོ་སྤྲུལ། །སྙན་ཆ་གཡས་ནས་དུང་གི་སེང་ཆེན་མཆོང་། །གཡོན་ན་སྟག་སྨད་འབུམ་གྱིས་བརྒྱན། །ཞལ་ནས་ལྟས་ངན་ཆོ་འཕྲུལ་སྣ་ཚོགས་འགྱེད། །གཡས་ནས་གསེར་གྱི་བྲག་ཆེན་ཟངས་སེ་ཟངས། །གཡོན་ནས་གཡུ་ཡི་མཚོ་ཆེན་ཁྱི་ལི་ལི། །གསེར་གྱི་ཉ་སྤྲུལ་ཤིགས་སེ་ཤིགས། །སེན་མོ་མཛེས་མ་བདུན་ནི་ཤ་ར་ར། །མོན་སྐད་མང་པོ་དི་རི་རི། །མོན་མོའི་སྙན་ཆ་མང་པོ་ཁྲ་ལ་ལ། །ལྟས་ངན་ཝ་སྤྱང་མང་པོ་འདུ་རུ་སྲ །གཡས་ན་རུ་དར་ནག་པོ་འཕྱར། །གཡོན་ནས་ཁྲག་བསྐམ་