Ngb-pt-0694-vol-07-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 
(No difference)

Latest revision as of 10:46, 20 March 2020

Front

Body

གནས། ཇོ་བོ་རང་བྱུང་མཆེད་བཞི། །མཁའ་འགྲོ་མ་ཅིག་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེ་བཙན། རིམ་པ་ནས་རིམ་པར་བརྒྱུད་པའོ། །སྨོན་ལམ་བཏབ་ཅིང་གཏེར་དུ་གཏད་དེ་རྒྱ། །ལྷ་མགོན་གཉིས་ལ་གཏད་དོ་སྲུང་། །ཀླུ་མགོན་བདུད་མགོན་གཉིས་ལ་གཏད་དོ་རྒྱ། ཁ་ཐམ། ཨ་ཐམ། རྒྱ་རྒྱ།། །། ཨོབྱུན་སྐད་དུ། མ་ཧྭ་ཀ་དུ་ཙི་ཏུ་སྙེ་རུ་ཙྭ་ན་པྲ་ཙྭ་ས་གུ་རྒྱ་ཏནྟྲ་ནཱ་མ། བོད་སྐད་དུ། ཐུགས་རྗེ་ཆེན་པོ་ཐམས་ཅད་ཀྱི་ཡང་སྙིང་འདུས་པ་ཡེ་ཤེས་རིག་པ་མཆོག་གི་གསང་རྒྱུད་ཅེས་བྱ་བ། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཆོས་ཀྱི་དབང་ཕྱུག་འཇིག་རྟེན་འདྲེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ། །སངས་རྒྱས་བཅོམ་ལྡན་འདས་སྣང་བ་ཐའ་ཡས་འོད་དཔག་ཏུ་མེད་པའི་ཀློང་ན། འགྲོ་བ་འདུལ་བའི་ཏིང་ངེ་འཛིན་ལ་བཞུགས་ཏེ། སྐུའི་འོད་ཟེར་སྣ་ལྔ་ལས་ཐུགས་རྗེ་ཆེན་པོ་རིགས་ལྔ་སྤྲུལ། གསུང་གི་འོད་ཟེར་དྲུག་ལས་ཐུབ་པ་ཆེན་པོ་དྲུག་ཏུ་སྤྲུལ། ཐུགས་ཀྱི་འོད་ཟེར་དཔག་ཏུ་མེད་པ་ལས་ཐུགས་རྗེ་ཆེན་པོ་སྤྱན་རས་ཟིགས་ཡབ་ཡུམ་སྲས་བཅས་འཁོར་སངས་རྒྱས་སྟོང་རྩ་གཉིས་དང་བཅས་པ་སྤྲུལ་ཏེ་འགྲོ་བ་འདུལ་བའི་འཁོར་དུ་བཀོད་དོ། །ཡང་སྤྱི་གཙུག་ནས་རིགས་མི་འགྱུར་བའི་ཐུགས་རྗེ་ཆེན་པོ་དམར་པོ་ཕྱུང་ནས་འཇིག་རྟེན་འདྲེན་པར་དབང་བསྐུར་རོ།མགྲིན་པ་ནས་པདྨ་འབྱུང་གནས་སྤྲུལ་ནས་པདྨའི་རིགས་འཛིན་དུ་དབང་བསྐུར་རོ། །ཐུགས་ཁ་ནས་དཔལ་རྟ་མཆོག་སྤྲུལ་ནས་སྣང་སྲིད་ཐམས་ཅད་དབང་དུ་བསྡུས་སོ། ཁྲངས་རྩེ་ནས་རྡོ་རྗེ་ཆོས་སྤྲུལ་ནས་ཞུ་བ་པོར་བཞག་གོ །ལྟེ་བ་ནས་ཡུམ་གོས་དཀར་མོ་གར་གྱི་དབང་མོ་སྤྲུལ་ནས་པདྨའི་རིགས་ཀྱི་འཁོར་ཇི་སྙེད་བདུས་ནས། ཀུན་ཀྱང་འདོད་ཡོན་ལྔའི་ལོངས་སྤྱོད་ཆོས་ཉིད་ལ་ཆོས་ཉིད་ཐིམ་པར་རོལ་ཅིང་། སྤྲུལ་པ་དང་ཡང་སྤྲུལ་གསུམ་སྤྲུལ་དུ་མས་ནམ་མཁའ་ཁྱབ་པར་ཡང་མཛད་དེ་འགྲོ་བ་སྒྲོལ་བ་ལ་བརྩོན་བར་འཁོད་དོ། །དེའི་ཚེ་རྡོ་རྗེ་ཆོས་ལ་སོགས་པ་པདྨའི་རིགས་མགྲིན་གཅིག་ཏུ་བསྡེབས་ནས། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་ཀྱེ། མགོན་ཕོ་བཅོམ་ལྡན་ཐུགས་རྗེའི་བདག །ཆོས་ཀྱི་དབང་ཕྱུག་བདེ་བའི་མཆོག །འགྲོ་ཀུན་ཐུགས་རྗེས་དྲང་བའི་ཕྱིར། །སྙིང་པོའི་རྒྱུ་དོན་བཀའ་སྩོལ་ཅིག །ཅེས་གསོལ་བ་དང་།བཅོམ་ལྡན་འདས་ཀྱི་འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་སོ་ལེགས་སོ་རྡོ་རྗེ་ཆོས། །པདྨའི་རིག་འདུས་འཁོར་རྣམས་ཉོན། །སངས་རྒྱས་ཀུན་གྱི་སྙིང་པོའི་གཙོ། །ཐུགས་རྗེ་བསྟན་པའི་རྒྱུད་དོན་བཤད། །སྔོན་འགྲོ་བཞི་ལ་དངོས་གཞི་ལམ། མཐར་ཐུག་ལ་བཟླ་འཇུག་སྒོ་དབང་། །འགྲོ་འདུལ་ལས་ཚོགས་གཉེར་གཏད་ལུང་། ཁྲེས་རབ་མི་ལྡན་རྣམས་ཀྱིས་ཟུང་། །ཞེས་བཀའ་སྩལ་ཏོ། །ཐུགས་རྗེ་ཆེན་པོ་ཐམས་ཅད་ཀྱི་ཡང་སྙིང་འདུས་པ་ཡེ་ཤེས་རིག་པ་མཆོག་གི་གསང་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ། འདུས་པའི་འཁོར་རྣམས་ཀྱི་གསོལ་བ། །ཀྱེ་ཧོ་སྟོན་པ་བཅོམ་ལྡན་འདས། །རྒྱུད་དོན་བསྒྲུབ་པའི་སྔོན་འགྲོ་གང་། །འགྲོ་ཀུན་ངན་སོང་གནས་བསྒྲུབ་ཕྱིར། །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག ཅེས་གསོལ་པས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་རིགས་དུས་སྤྲུལ་པའི་འཁོར། །རྒྱུད་དོན་བསྒྲུབ་པ་སྔོན་འགྲོ་ཡི། །ཆོས་ལ་བདུན་ཏེ་སྐྱབས་འགྲོ་དང་། །སེམས་བསྐྱེད་ཚད་མེད་བཞི་བསྒོམ་ཞིང་། །ཡན་ལག་བཅུ་ཡིས་ཚོགས་ཆེན་བསག །ཐོག་མར་སྐྱབས་སུ་འགྲོ་བ་ཡང་། །ཡུལ་སམ་དུས་ཆོག་བསླབ་བྱ་སྟེ། །སྐྱབས་ཡུལ་དཀོན་མཆོག་རྩ་བ་གསུམ། །བསམ་པས་འགྲོ་ཀུན་བྱང་ཆུབ་ཕྱིར། །དུས་འཚམས་བླ་མེད་མ་ཐོབ་བར། །ཆོ་ག་མཚན་བརྗོད་སྐྱབས་འགྲོ་ཞིང་། །བསླབ་ཕྱ་ཡུལ་ལ་རེ་ལྟོས་བཅའ། །དེ་ནས་སེམས་བསྐྱེད་རིམ་པ་ཡང་། །སྨོན་འཇུག་དོན་དམ་བསླབ་བྱ་སྟེ། །སྨོན་པས་འགྲོ་ཀུན་བསྒྲལ་སླད་དུ། འཇུག་པ་སྒོ་གསུམ་བསྒྲུབ་ལ་འབད། །དོན་དམ་དམིགས་མེད་སྤྲོས་བྲལ་བསྒོམ། །བསླབ་པ་གཞན་གཅེས་འགྲོ་དོན་སྤྱད། །དེ་ནས་ཚད་མེད་བསྒོམ་པ་ཡང་། །སྙིང་རྗེ་བྱམས་དགའ་བཏང་སྙོམས་ཏེ། །སྙིང་རྗེ་ཚད་མེད་ཀུན་ལ་སྙོམས། །བྱམས་པ་ཚད་མེད་སྐྱོབ་བློ་བཏན། །དགའ་བ་ཚད་མེད་གཞན་དོན་སྤྲོས། །གཏང་སྙོམས་ཚད་མེད་ཕྱོགས་རིས་མེད། །དེ་ནས་ཚོག་བསགས་རིམ་པ་ཡང་། །དཀོན་མཆོག་རྩ་བ་གསུམ་སྤྱན་དྲང་། །གདན་བཤམ་ཕྱག་བཙལ་མཆོད་ཚོགས་དབུལ། །སྡིག་བཤག་ཡི་རང་ཆོས་འཁོར་བསྐུལ། །གསོལ་འདེབས་བསྔོ་བ་སྨོན་ལམ་གདབ། །འདི་རྣམས་བསྒྲུབ་པའི་སྔོན་འགྲོ་ཏེ། །ཆོས་རྣམས་ཀུན་གྱི་གཞི་ཡིན་ནོ། །ཞེས་བཀའ་སྩལ་ཏོ། །ཐུགས་རྗེ་ཆེན་པོ་ཐམསཅད་ཀྱི་ཡང་སྙིང་འདུས་པ་ཡེ་ཤེས་རིག་པ་མཆོག་གི་གསང་རྒྱུད་ལས། བསྒྲུབ་པའི་སྔོན་འགྲོ་གསང་སྔགས་གཞིའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ལ། འདུས་པའི་འཁོར་གྱིས་གསོལ་པ། ཀྱེ་ཀྱེ་སྟོན་པ་བཅོམ་ལྡན་འདས། །རྒྱུད་དོན་བསྒྲུབ་པའི་དངོས་གཞི་གང་། །རྒྱུད་དྲུག་གནས་སུ་སྦྱང་བའི་ཕྱིར། །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །ཅེས་གསོལ་པ་དང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་རིགས་འདུས་སྤྲུལ་པའི་འཁོར། །རྒྱུད་དོན་བསྒྲུབ་པའི་དངོས་གཞི་ཡི། །ཆོས་ལ་བདུན་ཏེ་རྟེན་གནས་དང་། །བརྟེན་པའི་ལྷ་བསྐྱེད་གསང་སྔགས་བཟླས། །ཏིང་འཛིན་མཆོད་བསྟོད་རྫོགས་རིམ་སྟེ། །དང་པོ་གནས་བསྐྱེད་རིམ་པ་ནི། །དེ་ཉིད་ཀུན་སྣང་རྒྱུ་ལས་བསྐྱེད། །ཨ་ཡེ་ནས་མ་སྐྱེས་སྟོང་གསལ་ངང་། །ཀུན་སྣང་བྱང་ཆུབ་སེམས་སྤྲིན་ལས། །རང་བྱུང་རིག་པ་ཧྲི་དཀར་གསལ། །ཧྲི་ལས་སྒྱུ༷་འཕྲོས་གཞལ་ཡས་ཁང་། །ལྟེ་དབུས་པདྨའི་སྙིང་པོ་ཟླུམ། །འདབ་དྲུག་མུ་ཁྱུད་པད་སྟོང་ལྡན། །གྲུ་ཆད་བར་ཁྱམས་སྒོ་ཁྱུད་རྫོགས། །མཉམ་ཡངས་འོད་ཀྱི་ཁང་པ་གསལ། །དེ་ན་ལྷ་བསྐྱེད་རིམ་པ་ནི། སྐུ་གསུང་ཐུགས་ལྷ་ཡང་སྤྲུལ་ཏེ། །དལ་དབུས་རང་རིག་ཧྲི་འོད་འབར། །རྣམ་སྨིན་ལས་བསྲེགས་ཧྲི་དེ་ཉིད། །ཉི་ཟླ་པད་སྟེང་ཐུགས་རྗེའི་སྐུ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །ཕྱག་གཡས་པད་འཕྲེང་ཐུགས་ཀར་འདྲེན། །ཕྱག་གཡོན་པད་སྟེངས་བདུད་རྩི་བུམ། །རཏྣའི་རྒྱན་རྫོགས་ཞབས་སྐྱིལ་ཀྲུང་། །རང་འདྲའི་ཡུམ་ཆེན་གསང་ཡེས་མ། །ལུས་དང་བྲི་མའི་ཚུལ་དུ་བསྐྱེད། །འཇའ་རིས་འོད་ཀྱི་སྐུ་ཡོལ་མཛེས། །སྤྱི་གཙུག་རིགས་བདག་འོད་དཔག་མེད། །སྐུ་དམར་ཞལ་གཅིག་ཕྱག་གཉིས་ནི། །མཉམ་བཞག་ཕྱག་རྒྱ་བུམ་པ་འཛིན། །སྐྱིལ་ཀྲུང་ཉི་ཟླ་པདྨ་བརྫིས། །མཚན་དཔེ་བཟང་པོས་སྤྲས་པར་བསམ། །ཐུགས་ཀར་རྟ་མགྲིན་དམར་པོ་ནི། །ཞལ་གཅིག་ཕྱག་གཉིས་དབུ་གཙུག་ནས། །རྟ་མགོ་ལྗང་ཀུ་རྟ་སྐད་འཚེར། །ཕྱག་གཡས་དབང་སྡུད་ཕྱག་རྒྱ་གདེངས། །ཕྱ་གཡོན་ཞགས་པས་འཇིག་རྟེན་འདྲེན། །དུར་ཁྲོད་ཆས་ལྡན་ཞབས་གཉིས་ནི། །མི་རོའི་སྟེང་ན་བརྐྱང་བསྐུམ་བཞུགས། །ཙིཀྟའིསྒོབསྲུངབར་གཅོད་སེལ། །རིགས་འདུས་རང་ལ་སྤྲུལ་འཁོར་ཀྱང་། །ནོར་འཛིན་གསང་སྔགས་འཛིན་མ་སྲས། ཁྲོ་བཞི་རྒྱལ་བ་རིགས་དྲུག་དང་། །ཐུབ་དྲུག་སངས་རྒྱས་སྟོང་རྩ་གཉིས། །ཞིང་སྐྱོང་གྲོ་དོན་མཛད་པར་བསྐྱེད། །དེ་ལྟར་སྐུ་གསུང་ཐུགས་ལྷ་རྣམས། །གདོས་བཅས་རང་རྒྱུད་མ་ཡིན་པས། །འཇའ་འམ་ཆུ་ཟླ་ལྟ་བུར་བསམ། །ཨོ་ཨ༷༷ཧུ༷། ཨོ་ཨུ༷༷ཧུ༷་གྲྭཧྭ། འབྲུ་གསུམ་སྐུ་གསུང་ཐུགས་བྱིན་བརླབས།འབྲུ་ལྔས་ཡེ་ཤེས་ལྔར་དབང་བསྐུར། །དེ་ནས་གསང་སྔགས་བཟླས་པ་ནི། །ཐ་མལ་ངག་ཞེན་བཟློག་པའི་ ཕྱིར། །ཐུགས་རྗེ་ཆེན་པོ་ཐམས་ཅད་ཀྱི། །ཡང་སྙིང་འདུས་པ་འདི་ལྟ་སྟེ། །ཨོ་མ་ཁི་པཏྲེ་ཧུ༷། ཨོ་ཨ་ཧུ༷་ཧྲི།ཨོ་མ་ཁེ་པཏྲེཧུ༷་ཕཊ། ཨོ་མ་ཁི་པཏྲེ་ཧུ༷་ཧྲི། ཕྱི་ནི་སྲོག་སྦས་ཞི་བའི་ཚུལ། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །འཛབ་དབྱངས་རྨ་བྱའི་མགྲིན་སྐད་ལྟར། །ངང་འཇམ་ཟོས་དལ་ཁུགས་པར་བཟླས། །ནང་ལྟར་ཟབ་མོ་སྐུ་གསུམ་རྫོགས། །ཡི་གེ་བཅུ་གཅིག་བདུད་བཞི་འཇོམས། འཛབ་དབྱངས་སེར་འབྲུག་ལྡིར་བ་ལྟར། །འུར་ཆེན་མཐའ་རུ་གྲག་པར་བཟླས། །གསང་བ་ཡང་སྙིང་སྲོག་མཐའ་ཅན། །བདེ་གཤེགས་ཡང་སྙིང་ཡི་གེ་བདུན། །འཇམ་དབྱངས་ཚངས་པ་ལྷ་ཡི་གསུང་། །རྒྱུན་རིང་གསལ་དག་མཐིང་བར་བཟླས། །དེ་ནས་ཏིང་འཛིན་འཛབ་དགོངས་ནི། །ཕྱི་ནང་གསང་བའི་འཕྲོ་འདུ་སྟེ། །ལྷ་གསུམ་ཐུགས་ཁར་ཟླ་བའི་སྟེང་། །ཧྲི་མཐའ་ཡིག་དྲུག་གསལ་བཀོད་དེ། །ཕྱི་ནི་གསང་དྲུག་དངོས་གྲུབ་སྡུད། །དེ་ཡི་འཛབ་དགོངས་ཏིང་འཛིན་འདིའོ། །བདག་ཉིད་རྩ་བའི་ཐུགས་ཁ་ནས། །སྔགས་འཕྲེང་འོད་ཟེར་དཀར་པོར་འཕྲོས། །བདེ་གཤེག་ཀུན་གྱི་སྐུ་ལ་ཕོག །སྐུ་མཆོག་མཉེས་ནས་སྐུའི་དངོས་གྲུབ། །བདག་ལ་འདུས་ཤིང་འོད་ཟེར་དེས། ཁམས་གསུམ་སེམས་ཅན་ལུས་སྒྲིབ་སྦྱང། །སེམས་ཅན་ལུས་ཀུན་དབང་འདུས་བསམ། །ཨོ་མ་ཁི་པརླེ་ཧུ༷། ཨོ་མ་ཁི་པཏྲེ་ཧུ༷། སྤྱི་གཙུག་མཐའ་ཡས་ཐུགས་ཁ་ནས། །སྔགསའ་ཕྲེང་འོད་ཟེར་དམར་པོར་འཕྲོས། །བདེ་གཤེགས་ཀུན་གྱི་གསུང་ལ་ཕོག །གསུང་མཉེས་གསུང་གི་དངོས་གྲུབ་བསྡུས། ཁམས་གསུམ་སེམས་ཅན་ངག་སྒྲིབ་སྦྱངས། །སེམས་ཅན་ངག་ཀུན་དབང་འདུས་བསམ། །ཨོ་མ་ཁི་པབླེ་ཧུ༷། རྟ་མགྲིན་ཐུགས་ཁའི་སྔགས་འཕྲེང་ལས། །འོད་ཟེར་མཐིང་ཀ་རབ་སྤྲོས་བས། །བ༷དེ་གཤེགས་ཀུན་གྱི་ཐུགས་ལ་ཕོག །ཐུགས་མཆོད་མཉེས་ནས་ཐུགས་དངོས་གྲུབ། །བདག་ལ་འདུས་ཤིང་འོད་ཟེར་དེས། ཁམས་གསུམ་སེམས་ཅན་ཡིད་སྒྲིབ་བྱང་། །སེམས་ཅན་ཀུན་ཡིད་དབང་འདུས་བསམ། །ཨོ་མ་ཁི་པརླེ་ཧུ༷། །ནང་ནི་དྲེགས་པ་ཚར་གཅོད་འདུལ། །དེ་ཡི་འཛབ་དགོངས་ཏིང་འཛིན་འདིའོ། །བདག་ཉིད་ལྷ་གསུམ་ཐུགས་ཁ་ཡི། སྔགས་འཕྲེང་ཁྲོ་ཆུང་མཚོན་ཐོགས་ཤིང་། །ཞལ་ནས་ཕཊ་སྒྲོགས་ཚ་ཚ་འཁྲུག །སྟོང་གསུམ་བཀང་ནས་ལོག་ལྟའི་ཚོགས། །གང་དག་ཞི་བས་མི་འདུལ་བའི། །བདུད་དང་དགྲ་བགེགས་བརྡུང་ཚར་བཅད། །བཀའ་སྡོད་བྲན་ཁོལ་བྱས་པར་བསམ། །ཀུན་ཀྱང་ཚར་ཆོད་ཐེ་ཚོམ་མེད། །ཨོ་ཨུ༷༷ཧུ༷་ཧྲི། །ཨོ་མ་ཁི་པཏྲེ་ཧུ༷་ཕཊ། །གསང་བ་དོན་གྱི་བཟླས་པ་ཡིས། །ཉམས་རྟོགས་སྤོར་བའི་ཏིང་འཛིན་འདིའོ། །དེ་ལྟར་སྐུ་གསུམ་ལྷ་ཚོགས་ཀྱང་། །བདག་ཉིད་ཐུགས་རྗེ་ཆེན་པོ་ལ། །འདུས་ཏེ་རྣམ་པ་ཡོངས་ཀྱིས་མེད། །གཉིས་མེད་དོན་གྱི་ལྷར་གསལ་བས། །རྔུབ་པའི་རླུད་ལ་ཅོཁོ་དང་མ། །གནས་པའི་རླུད་ལ་ཁི་དང་པད། །འབྱིན་པའི་རླུདས་ལ་མེ་ཧུ༷་ཧྲི། །ཡེ་ནས་རང་བྱུང་རང་ལ་རྫོགས། །དེ་དོན་ཤེས་བྱ་རླུད་གིས་བཟླས། །ཉམས་རྟོགས་ཡེ་ཤེས་འབར་བར་འགྱུར། །ཨོ་མ་ཁི་པབླེ་ཧུ༷་ཧྲི། །སྐབས་སུ་ཚངས་པའི་མགྲིན་དབྱངས་ཀྱིས། །ཡེ་ཤེས་རིག་པའི་གསལ་འདིས་གདབ། །ཧྲི། །སྣང་བ་ཐུགས་རྗེ་ཆེན་པོའི་སྐུ། །གཟུང་འཛིན་བྲལ་བའི་སེམས་ལ་ལྟོས། །སྣང་བ་ཐམས་ཅད༷་རང་སྣང་ཡིན། །ཡེ་ཤེས་རིག་པ་ངོ་མཚར་ཆེ། །ཨོ་མ་ཁི་པཏྲེ་ཧུ༷་ཧྲི། ཧྲི་སྒྲར་གྲག་ཐུགས་རྗེ་ཆེན་པོའི་གསུང་། ཚིག་དང་བྲལ་བའི་དོན་ལ་ལྟོས། །གྲག་པ་ཐམས་ཅད་རང་གྲག་ཡིན། ཡེ་ཤེས་རིག་པ་ངོ་མཚར་ཆེ། །ཨོ་མ་ཁི་པཏྲེ་ཧུ༷་ཧྲི། ཧྲི་རྟོག་ཚོགས་ཐུགས་རྗེ་ཆེན་པོའི་ཐུགས། །ཡེ་ཤེས་ཟང་ཐལ་ངང་ལ་ཞོག །གྲོལ་བ་ཐམས་ཅད་རང་གྲོལ་ཡིན། ཡེ་ཤེས་རིག་པ་ངོ་མཚར་ཆེ། །ཨོ༷་མ་ཁི་པརླེ་ཧུ༷་ཧྲི། ཧྲི་རང་ཉིད་ལྷ་དང་གཉིས་སུ་མེད། །གཉིས་འཛིན་བྲལ་བའི་ངང་ལ་ལྟོས། །ལྟ་བྱེད་རྟོག་པ་རང་སར་གྲོལ། །བལྷས་པས་ཐུགས་རྗེ་ཆེན་མི་མཐོང་། །མ་བལྟས་བཞག་པས་ལྷ་དང་མཇལ། །མ་བསྒྲུབས་གནས་པས་སངས་རྒྱས་འགྲུབ། །གྲུབ་པ་མེད་དོ་ཅིར་མི་དགོངས། །རང་བྱུང་ཐུགས་རྗེ་ཆེན་པོ་ཡིན། །རང་སྣང་སྣང་བ་མཐའ་ཡས་ཡིན། །རང་གསལ་རྟ་མགྲིན་རྒྱལ་པོ་ཡིན། །རང་གྲོལ་གསང་བ་ཡེ་ཤེས་ཡུམ། །ཡེ་ནས་མ་སྐྱེས་ཐུབ་པ་དྲུག །རང་བཞིན་བརྗོད་མེད་སངས་རྒྱས་སྟོང་། །ཐབས་ཅད་དབྱེར་མེད་ཆོས་ཀྱི་སྐུ། །མ་འགག་རང་གསལ་ལོངས་སྤྱོད་རྫོགས། །སྣ་ཚོགས་འཛིན་གྲོལ་སྤྲུལ་པའི་སྐུ། །ཡེ་ཤེས་རིག་པ་ངོ་མཚར་ཆེ། །ཨོ་མ་ཁི་པབླེ་ཧུ༷་ཧྲི། དེ་ནས་མཆོད་པའི་རིམ་པ་ནི། །ཕྱི་ནང་གསང་བ་མཆོད་རྫས་བཤམ། །ཡིད་སྤྲུལ་མཆོད་སྤྲིན་ཁ་བཀང་ནས། །འདི་སྐད་མཆོད་ཅིག་བསྔོ་བར་གྱིས། ཧྲི །ཀུན་འབྱུང་ནམ་ཁའི་ཀློང་ཡངས་ནས། བདུག་སྤོས་མེ་ཏོག་མར་མེ་དྲི། །བཤོས་གཙང་སིལ་སྙན་རོལ་མོ་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །རང་བྱུང་རྣམ་དག་བདུད་རྩི་དང་། །འཛིན་ཆགས་བྲལ་བའི་གཏོར་མ་དང་། རིགས་དྲུག་བསྒྲལ་བའི་རཀྟ་དང་། གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་མཆོད་སྤྲིན་གྱི། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །བླ་མ་དཀོན་མཆོག་ཡི་དམ་ལྷ། །བདག་ཉིད་ཆེན་པོའི་ལྷ་ཚོགས་ཆོད། །གཉིས་མེད་དགྱེས་པས་ཚིམ་གྱུར་ལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །དེ་ནས་དགྱེས་བསྟོད་བྱ་བ་ནི། །ཧྲི། བདེ་གཤེགས་རྒྱལ་པ་འདུས་པའི་སྐུ། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །ཞལ་གཅིག་རང་བྱུང་ཡེ་ཤེས་སྐུ། །ཕྱག་གཉིས་ཐབས་ཤེས་འགྲོ་བ་འདུལ། །སྐུ་དམར་འཁོར་འདས་ཡེ་ཤེས་དབང་། །རིན་ཆེན་རྒྱན་འཕྲེང་ཆོས་ཉིད་རོལ། །ཕྱག་གཡས་པད་འཕྲེང་འཁོར་བ་འདྲེན། །ཕྱག་གཡོན་བདུད་རྩི་དུག་ལྔ་འཇོམས། །ཞབས་གཉིས་སྐྱིལ་ཀྲུང་རྫོགས་སངས་རྒྱས། །གསང་ཡེས་ཡུམ་འཁྱུད་ཆོས་དབྱིངས་སྦྱོར། །ཉི་ཟླ་པད་གདན་དུག་གསུམ་དག །འོད་ལྔའི་རྒྱབ་ཡོལ་སྐུ་ལྔར་རྫོགས། །ཡེ་ནས་རང་བྱུང་ཐུགས་རྗེའི་སྐུ། །འཇིག་རྟེན་མགོན་ལ་ཕྱག་འཚལ་བསྟོད། །ཧྲི་དུས་གསུམ་རྒྱལ་བ་འདུས་པའི་གསུང་། །འགྲོ་བའི་མགོན་པོ་ཚེ་དཔག་མེད། །མཐའ་བྲལ་ཐེག་ལེའི་ཞལ་གཅིག་མཛེས། །འཁོར་འདས་མཉམ་བཞག་ཕྱག་རྒྱ་ཅན། །སྤྲོས་བྲལ་ཡེ་ཤེས་བུམ་པ་འཛིན། །བདེ་གསལ་མི་རྟོག་མཉམ་པའི་སྟེང་། །ཆོས་སྐུ་མི་འགྱུར་སྐྱིལ་ཀྲུང་བཞུགས། །ཆོས་ཉིད་རོལ་པའི་མཚན་དཔེ་རྫོགས། །འདྲེན་པའི་གཙོ་ལ་ཕྱག་འཚལ་བསྟོད། །ཧྲི་ཕྱོགས་བཅུ་སངས་རྒྱས་འདུས་པའི་ཐུགས། །སྣང་སྲིད་དབང་སྡུད་རྟ་མཆོག་དཔལ། །ཟང་ཐལ་ཞལ་གཅི་ཀུན་ཏུ་ཟང་། །རྟ་གདོང་ས་ལམ་དུས་གཅིག་གཅོད། །འཁོར་འདས་ཟིལ་གནོན་རྟ་སྐད་བསྒྲགས། །ཕྱག་གཡས་ཐབས་ཀྱི་སྲིད་དབང་སྒྱུར། །ཕྱག་གཡོན་ཤེས་རབ་འགྲོ་ཀུན་འདྲེན། །དུར་ཁྲོད་ཆས་ཀྱི་ལོག་ལྟ་འཇོམས། །བརྐྱང་བསྐུམ་ཞབས་གཉིས་བདུད་བཞི་འདུལ། །རོ་གདན་ཆོས་སྐུ་ལྷུན་གྱིས་གྲུབ། །ཐུགས་རྗེ་དཔལ་ལ་ཕྱག་འཚལ་བསྟོད། །ཧྲི་རིག་འདུས་རང་ལ་སྤྲུལ་འཁོར་རྣམས། །འགྲོ་འདུལ་ཆ་ལུགས་ཅིར་ཡང་སྟོན། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་བདག །བདུད་བཞི་འཇོམས་ལ་ཕྱག་འཚལ་བསྟོད། །དེ་ནས་རྫོགས་པའི་རིམ་པ་ནི། ལྷ་ཉིད་སེམས་སུ་ཤེས་བྱ་སྟེ། །བསྒོམ་བྱའི་ལྷ་སེམས་སྒྲུབ་བྱེད་ཀྱི། །མཁན་པོ་བདག་ཀྱང་སེམས་ཉིད་དེ། །ལྷ་དང་ལྷ་མིན་འབྱེད་པ་སེམས། །དེ་ལྟར་སེམས་ཀྱི་རང་བཞིན་སྟོང་། །ངོ་བོ་མཚན་ཉིད་ཐམས་ཅད་སྟོང་། །དེ་ཡང་ཐ་དད་མ་ཡིན་ཏེ། །སྣང་སྟོང་གཉིས་འཛིན་བློ་ལས་འདས། །གཉིས་མེད་གཉིས་སུ་མེད་པར་སྟོན། །སྟོང་གསལ་སྤྲོས་མེད་ཆོས་ཀྱི་སྐུ། །བདེ་ཆེན་ཐིག་ལེ་གཅིག་ཏུ་རྫོགས། །ཞེས་བཀའ་སྩལ་ཏོ། །ཐུགས་རྗེ་ཆེན་པོ་ཐམས་ཅད་ཀྱི་ཡང་སྙིང་འདུས་པ་ཡེ་ཤེས་རིག་པ་མཆོག་གི་རྒྱུད་ལས། །རྒྱུད་དོན་བསྒྲུབ་པ་དགོས་གཞིའི་གསངས་སྔགས་ལམ་གྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ། འདུས་པའི་འཁོར་རྣམས་ཀྱིས་གསོལ་པ། ཀྱེ་ཧོ་སྟོན་པ་བཅོམ་ལྡན་འདས། །རྒྱུད་དོན་གྲུབ་མཐའ་ལ་བཟླ་གང་། །འཁོར་བ་དོང་ནས་སྤྲུག་པའི་ཕྱིར། །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །ཅེས་གསོལ་བ་དང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་རིགས་འདུས་སྤྲུལ་པའི་འཁོར། ཁུད་དོན་གྲུབ་མཐའ་འབྲས་བུ་ཡི ཆོས་ལ་བདུན་ཏེ་ལྟ་སྒོམ་དང་། །སྤྱོད་འབྲས་དབང་དམ་འཕྲིན་ལས་ཏེ། །ཐུགས་རྗེ་ཆེན་པོའི་ལྟ་བ་ནི། །སྣང་སེམས་ཡེ་ནས་དབྱེར་མེད་ཅིང་། །མཐའ་བྲལ་རང་གྲོལ་གཟའ་གཏད་མེད། །ངང་གསལ་ངོས་གཟུང་རྣམ་དག་ཡིན། །ཐུགས་རྗེ་ཆེན་པོའི་སྒོམ་པ་ནི། །མི་རྟོག་གསལ་སྟོང་རང་བྱུང་གི །ངང་ལ་མ་བཅོས་དམིགས་གཏད་བྲལ། །རྟོག་ཚོགས་ཆོས་སྐུར་རང་གྲོལ་ཡིན། །ཐུགས་རྗེ་ཆེན་པོའི་སྤྱོད་པ་ནི། །སྟོང་དང་སྙིང་རྗེ་དབྱེར་མེད་ཀྱི། །ང་ལ་རྩོལ་མེད་བླང་དོར་བྲལ། །མ་བྱས་འགྲོ་དོན་ལྷུན་གྲུབ་ཡིན། །ཐུགས་རྗེ་ཆེན་པོའི་འབྲས་བུ་ནི། །རེ་དོགས་བཙལ་མེད་རང་གནས་སེམས། །སྐྱེ་འགག་གཉིས་མེད་ཆོས་ཀྱི་སྐུ། །ལྷུན་གྲུབ་འགྱུར་མེད་ཐག་ཆོད་ཡིན། །ཐུགས་རྗེ་ཆེན་པོའི་དབང་དོན་ནི། །ཐམས་ཅད་ཡེ་སངས་རྒྱས་པའི་དབང་། །རྟོགས་ཤིང་རང་དབང་རང་གིས་སྒྱུར། །བསྐུར་ཐོབ་རྩོལ་བྲལ་བདེ་ཆེན་ཡིན། །ཐུགས་རྗེ་ཆེན་པོའི་དམ་ཚིག་ཏུ། །རང་སེམས་དྲི་མེད་གསལ་དག་གནས། །བདག་མེད་སྲུང་མཚམས་ཉམས་གྲིབ་གྲོལ། །དོན་ལས་འདའ་བ་མེད་པ་ཡིན། །ཐུགས་རྗེའི་འཕྲིན་ལས་ལྷུན་གྲུབ་ནི། །གཟུང་འཛིན་དུག་ཞི་ཡེ་ཤེས་རྒྱས། །སྣང་སྲིད་དབང་འདུས་འགྲོ་དྲུག་བསྒྲལ། །མ་བྱས་དོན་ཀུན་ལྷུན་གྲུབ་ཡིན། །དེ་ལྟར་ཆོས་ཀུན་ཁོང་ཆུད་ན །སྣང་སྲིད་གཞི་བཞེངས་འཁོར་དོང་སྤྲུག །ཐུགས་རྗེའི་མཐར་ཐུག་ཅིར་མི་དགོངས། །གྲུབ་པ་མཐར་ཕྱིན་འཁྲུལ་པ་མེད། །ཅེས་བཀའ་སྩལ་ཏོ། །ཐུགས་རྗེ་ཆེན་པོ་ཐམས་ཅད་ཀྱི་ཡང་སྙིང་འདུས་པ་ཡེ་ཤེས་རིག་པ་མཆོག་གི་གསང་རྒྱུད་ལས། གྲུབ་མཐའ་ལ་བཟླའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ། འདུས་པའི་འཁོར་རྣམས་ཀྱི་གསོལ་པ། ཀྱེ་ཧོ་སྟོན་པ་བཅོམ་ལྡན་འདས། ཁུད་དོན་དབང་བསྐུར་རིམ་པ་གང་། །སྐལ་ལྡན་རྗེས་སུ་གཟུང་བའི་ཕྱིར། །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །ཅེས་གསོལ་བས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་རིགས་འདུས་སྤྲུལ་བའི་འཁོར། སྐལ་ལྡན་རྗེས་གཟུང་དབང་བསྐུར་གྱི། །ཆོས་ལ་བདུད་ཏེ་ཞལ་བཤམ་ཞིང་། །ཕྱི་ནང་གསང་དབང་དོན་ངོ་སྤྲད། འགྲོ་འདུལ་དབང་བསྐུར་ཡོན་ཏན་བརྗོད། །ཐོག་མར་དལ་བཤམ་ཆོག་ཁྲིགས་ནི། །མཎྜ་སྐྱང་ནུལ་ཐིག་རྫོགས་དབུས། །ལྟེ་བའི་ཕྱི་རོལ་འདབ་དྲུག་བྲི། །ཡི་གེ་བདུན་དགོད་པད་སྟོང་བསྐོར། །གྲུ་ཆད་བར་ཁྱམས་སྒོ་ཁྱུད་ལྡན། །རིན་ཆེན་ཚོན་ལྔས་ཡིད་འོང་བྲི། །ལྟེ་བར་རྫས་ལྡན་བུམ་པ་དགོད། །གཏོར་ཆེན་མཆོད་ཚོགས་རྒྱན་ཀུན་དགྲམ། ལྷ་བསྐྱེད་མཆོད་བསྟོད་བསྙེན་པ་དབུལ། །སློབ་བུ་དལ་གཞུག་རྗེས་གནང་སྦྱིན། །སེམས་བསྐྱེད་སྒོ་དབྱེ་མེ་ཏོག་དོར། སྤྱན་དབྱེ་དལ་བསྟན་དམ་ཚིག་བསྒྲག །དེ་ནས་ཕྱི་ཡི་དབང་བསྐུར་ཏེ། །བདག་དང་གཞལ་ཡས་བུམ་པའི་ནང་། །ལྷ་བསྒོམ་སྔགས་འཕྲེང་སྤྲོ་བསྡུ་བྱ། །བུམ་དབང་སློབ་མའི་སྤྱི་གཙུག་ཏུ། །འདི་སྐད་བསྲུང་ཞིང་ཁྲུས་ནས་དབྱུང་། །ཧི། བུམ་པ་སྤྲོས་བྲལ་ཆོས་ཀྱི་སྐུ། །བཅུད་འདི་ལོངས་སྤྱོད་ཡི་དམ་ལྷ། །སྤྲུལ་སྐུའི་ཁྲུས་ཀྱི་མ་རིག་ཞབྲུད། །ལྷ་དབང་ལུས་ལ་རྫོག་གྱུར་ཅིག །ཨོ་མ་ཁི་པཏྲེ་ཧུ༷་ཧྲི། ཨ་སྟི་ཁི྅་ཨོ། དེ་རྗེས་ནང་གི་དབང་བསྐུར་ཏེ། །བདག་ལྷར་གསལ་བས་སློབ་བུ་ལ། །བསྐྱེད་རིམ་ཕོག་རྗེས་དགུག་གཞུག་བསྟིམ། །ཡང་སྙིང་ལུང་བོག་བཟླས་བརྗོད་བྱ། བདུད་རྩིས་ངར་བླུད་འདི་སྐད་བརྗོད། །ཨོ་མ་ཁི་པརླེ་ཧཱུཾ་ཧྲི། ཨ་སྟི་ཁི྅་ཨ༷། །དེ་ནས་གསང་བའི་དབང་བསྐུར་ཏེ། །རང་མདུན་སློབ་བུ་ཐལ་སྦྱར་ལངས། །སྙིང་ཁར་ཟླ་སྟེངས་ཧྲི་དམར་པོ། །རྣམ་ཤེས་མར་མེ་ལྟ་བུ་ལ། །སེམས་གཟུང་རིགས་བདག་སྤྱི་བོར་བསྒོམ། །དྲི་དང་རོལ་མོའི་སྦྱོར་བ་བརྩམ། །ཡང་སྙིང་དབྱངས་སུ་དྲག་བཟླས་པས། །བདེ་གསལ་འཛིན་མེད་ཤུགས་ལ་འཆར། །འཁོར་བ་མྱང་འདས་ཀུན་གྱི་གཞི། །རང་སེམས་རིག་ན་འཆིང་གྲོལ་མེད། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །སྣ་ཚོག་རང་གྲོལ་རིག་པའི་དབང་། །མེ་ལོང་བསྟན་ལ་དགོངས་པ་བསྐྱང་། །ཨོ་མ་ཁི་པརླེ་ཧུ༷་རྙི། ཨ་སྟི་ཁི྅་ཧུ༷།དེ་རྗེས་དབང་དོན་ངོ་སྤྲད་དེ། ཧྲི། སེམས་ཉིད་གསལ་ལ་འཛིན་རྟོག་མེད། །མེ་ལོང་ལྟ་བུར་རྟོགས་པ་ན། དྲན་རྟོག་ཆོས་ཀྱི་དབྱིངས་སུ་ནུབ། །ཟུག་ངུ་བྲལ་བས་བདེ་བ་ཅན། །དེ་ནི་གནས་མཆོག་རིག་པའི་དབང་། །སེམས་ཉིད་གསལ་ལ་འཛིན་རྟོག་མེད། །མེ་ལོང་ལྟ་བུར་རྟོགས་པ་ན། །སྒོ་གསུམ་ཐ་མལ་སྐུ་གསུང་ཐུགས། །ཅིར་མི་དགོངས་པས་ཐུགས་རྗེ་ཆེ། །དེ་ནི་ལྷ་མཆོག་རིག་པའི་དབང་།སེམས་ཉིད་གསལ་ལ་འཛིན་རྟོག་མེད། །མེ་ལོང་ལྟ་བུར་རྟོགས་པ་ན། །སྒོ་ལྔ་ཡུལ་དང་གཉིས་མེད་མཆོད། །དེ་ནི་ཚོགས་ཆོད་རིག་པའི་དབང་། །སེམས་ཉིད་གསལ་ལ་འཛིན་རྟོག་མེད། །མེ་ལོང་ལྟ་བུར་རྟོགས་པ་ན། །འགྲོ་དོན་བྱ་མེད་ལྷུན་གྱིས་གྲུབ། །དེ་ནི་གཞན་དོན་རིག་པའི་དབང། །སེམས་ཉིད་གསལ་ལ་འཛིན་རྟོག་མེད། །མེ་ལོང་ལྟ་བུར་རྟོགས་པ་ན། །འདུ་ཤེས་བྲལ་བས་འཁོར་བ་དག །དེ་ནི་དོང་སྤྲུགས་རིག་པའི་དབང་། རྒྱལ་པོས་དབང་མཆོག་བསྐུར་མི་ལ། །འཁོར་རྣམས་ཀྱི་ནི་ཅིས་མི་བསྐུར། །བུམ་ཆུ་སྤྱི་ནས་བླུགས་དུས་སུ། །ལུས་ཀུན་ཁྱབ་པར་སྨོས་ཅི་དགོས། །མཚོན་ཆའི་འཁོར་ལོ་འབར་བའི་ཚེ། །གང་ཕྲད་སྤྱོད་པ་ཆོས་ཉིད་དེ། །ཡེ་ཤེས་འཁོར་ལོ་མེ་འབར་བས། །མ་རིག་ནགས་སྲེག་ཐེ་ཚོམ་མེད། ཨོ་མ་ཁི་པབླེ་ཧུ༷་ཧྲི། །ཙྭ་ན་ཨ་སྟི་ཁེརྩི་ཧྲི། དེ་ནས་འགྲོ་འདུལ་དབང་བསྐུར་ཏེ། འདབ་དྲུག་སྟེང་གི་ཡེ་གེ་བདུན། །སྐལ་ལྡན་བུ་ལ་ཚིག་འདིས་གཏད། །ཨོ་མ་ཁི་པརླེ་ཧུ༷་ཧྲི། ཨོ་ལྷ་དབང་ལྷ་བརྒྱ་བྱིན་སྐུ་གསུང་ཐུགས། །ལྷ་རྣམས་འདུས་པའི་སྲོག་སྙིང་ཨོ། ཨོ་ཟུང་ལྷ་ཡི་འགྲོ་བ་འདུལ། མ། ཐག་བཟངས་རིག་ཀྱི་སྐུ་གསུང་ཐུགས། །ལྷ་མིན་འདུས་པའི་སྲོག་སྙིང་མ། མ་ཟུག་ལྷ་མིན་འགྲོ་བ་ཐུལ། ཁི། ཤཱཀྱ་ཐུབ་པའི་སྐུ་གསུང་ཐུགས། །མི་རྣམས་འདུས་པའི་རོ་སྙིང་ཁི། །ཁི་ཟུང་མི་ཡི་འགྲོ་བ་ཐུལ4 པད། སེང་གེ་རབ་བརྟན་སྐུ་གསུང་ཐུགས། །བྱོལ་སོང་འདུས་པའི་སྲོག་སྙིང་པད། པད་ཟུང་བྱོལ་སོང་འགྲོ་བ་ཐུལ། མེ། ནམ་མཁའ་མཛོད་ཀྱི་སྐུ་གསུང་ཐུགས། །ཡི་དགས་འདུས་པའི་སྲོག་སྙིང་མེ། །མེ་ཟུང་ཡི་དགས་འགྲོ་བ་འདུལ། ཧུ༷། ཆོས་ཀྱི་རྒྱལ་པོའི་སྐུ་གསུང་ཐུགས། །དམྱལ་བ་འདུས༷་པའི་སྲོག་སྙིང་ཧུ༷། ཧུ༷་ཟུང་དམྱལ་བའི་འགྲོ་བ་ཐུལ། ཧྲི། ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས། །བདེ་གཤེགས་འདུས་པའི་སྲོག་སྙིང་ཧྲི། ཧྲི་ཟུང་འཁོར་བ་དོང་ནས་སྤྲུགས། །ཞེ་བརྗོད་ཐུབ་པ་དྲུག་ཏུ་བསྒོམ། །ཨཱོཾ་མ་ཁེ་པརླེ་ཧུ༷་ཧྲི། །སརྦ་ཏ་ཐུ་ག་ཏ་ཨ་སྟི་ཁི྅་ཧུ༷་ཧྲི། །དེ་ནས་དབང་དོན་བརྗོད་པ་ནི། །ཨེ་མ་ཧོ། ལེགས་འོངས་བུ་ཁྱོད་སྐལ་བ་བཟང་། །དེ་ལྟར་དབང་རྫོགས་སྤྱན་རས་གཟིགས།ཁྱོད་ཡིན་སངས་རྒྱས་སྐུ་གསུམ་འཆང་། །མཁའ་མཉམ་འགྲོ་དོན་ད་སྤྱོད་ཅིག །དུས་གསུམ་བདེ་གཤེགས་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་མ་ལུས་ཀུན། ཡིག་བདུན་དབང་ལ་ཡང་དག་རྫོགས། །དབང་ཐོབ་ཡོན་ཏན་མཐའ་ཡས་ཏེ། རྣམ་ཀུན་མཁྱེན་པའི་སངས་རྒྱས་ཀྱིས། །སྟོང་གསུམ་འཇིག་རྟེན་ཁམས་འདི་དག །ཏིལ་འབྲུར་གསིལ་ནས་བགྲངས་ན་འཛད། །དབང་ཐོབ་ཡོན་ཏན་ཟད་མི་༄༅། ཁྲེས། །འཇིག་རྟེན་སེམས་ཅན་སྲོག་བཏོན་པའི། །བསོད་ནམས་འཕགས་པས་བགྲང་ནུས་ཀྱིས། ཡིག་བདུན་ལན་ཅིག་བརྗོད་པ་ཡི། །ཡོན་ཏན་བརྗོད་པར་ག་ལ་ནུས། ཁམས་གསུམ་སེམས་ཅན་མ་ལུས་ཀུན། །སངས་རྒྱས་སར་བཀོད་ཡོན་ཏན་རྣམས། །བགྲང་བར་ནུས་ཀྱིས་ཡིག་བདུན་པ། །གཅིག་བརྗོད་ཡོན་ཏན་བགྲང་མི་ནུས། །རྒྱལ་བ་ནམ་མཁའ་གང་བ་ལ། །མཆོད་པ་ཕུལ་བའི་བསོད་ནམས་ཚོགས།བགྲང་བར་ནུས་ཀྱི་ཡིག་བདུན་པ། །གཅིག་བརྗོད་ཡོན་ཏན་བགྲང་མི་ནུས། །ཡི་བདུན་དབང་ཐོབ་འཛིན་ཟློས་མི། ལས་དག་ལས་ཀྱི་རྣམ་སྨིན་རུང་། མི་དགེ་བཅུ་དང་མཚམས་མེད་ལྔ། །དུས་འདི་ཉིད་ལ་སྦྱོང་བར་བྱེད། །ཡང་སྙིང་ཡིད་ལ་སུ་བྱེད་ཚད། །ཐུགས་རྗེ་ཆེན་པོ་དེ་ཡིན་ཕྱིར། །བར་ཆོད་བགེགས་ཞིང་འགྲོ་བ་འདུལ། །སྣང་སྲིད་འཁོར་འདས་དབང་དུ་འགྱུར། །ཡང་སྙིང་མཐོག་ཐོས་དྲན་རེག་རུང་། །བསྒོམ་བཟླས་འདྲི་འཆམ་སྟོན་པ་རྣམས། །ཡོན་ཏན་ཀུན་ལྡན་གར་སྐྱེས་ཀྱེང་། །སྤྱན་རས་གཟིགས་དང་འབྲལ་མི་སྲིད། །ཅེས་བཀའ་སྩལ་ཏོ། །ཐུགས་རྗེ་ཆེན་པོ་ཐ་།ས་ཅད་ཡང་སྙིང་མཐོང་བ་ཡེ་ཤེས་རིག་པ་མཆོག་གི་གསུང་རྒྱུད་ལས། སྐལ་ལྡན་རྗེས་གཟུང་དབང་བསྐུར་གྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ། འདུས་པའི་འཁོར་རྣམས་ཀྱིས་གསོལ་པ། །ཀྱེ་ཧོ་སྟོན་པ་བཅོམ་ལྡན་འདས། །རྒྱུ་དོན་འགྲོ་འདུལ་ལ་སོགས་དེ་བཞིན་བྲི། །གསལ་བྱེད་དབྱངས་ཡིག་མུ་ཁྱུད་ནང་། བར་མ་རྟེན་འབྲེལ་ཕྱི་མ་ལ། །རྡོ་རྗེ་མེ་རི་མཚོན་ཆས་བསྐོར། །རབ་ཏུ་གནས་བྱ་སྤྱི་གཙུག་གདབས། །སྙིང་གཙུག་མགྲིན་པ་སྙིང་ཁ་མྲ །བསྲུང་བའི་འཁོར་ལོ་དཀར་དམར་མཐིང་། །གོང་བཞིན་བསམ་ཞིང་སྙིང་པོ་བཟླས། །ཡིད་ནི་བསྲུང་བྱ་སྲུང་བྱེད་ཀྱི། །འཛིན་བྱེད་ཅིར་མི་དགོངས་པར་བཞག །དེ་ཡིས་ནད་གདོན་དུག་ལྔ་ཞི། །བར་གཅོད་བགེགས་ཀྱི་ག་ལ་ཚུགས། །བསྲུང་བའི་རྒྱལ་པོ་བཏགས་ཆོག་འདི། །ལུས་ལ་བཅངས་བས་བྱ་ཆུབ་ངེས། །དེ་ནས་འཆི་མེད་ཚེ་བསྒྲུབ་བཤད། །རང་གི་སྤྱི་གཙུག་འོད་དཔག་མེད། །བདུད་རྩི་བསྣམས་པའི་བུམ་པ་ནས། །བདག་གི་སྣ་རླུད་གཡས་དང་གཡོན། །གང་ནས་རྒྱུ་དེ་བདུད་རྩི་རྔུབ། །སྙིང་གང་ལུད་པས་ལུས་གང་བསམ། །འོག་རླུད་བསྐུམ་ཞིང་སྟེང་རླུད་མནན། །ལག་པ་གཡོན་པའི་མཐེབ་མ་ཛུབ་ཀྱི། །རྩེ་ཆུང་གཡས་གཡོན་གཉིས་མནན་ཞིང་། །ཐེབས་བདུན་ཉིན་རེ་མཚན་རེ་བྱ། །ཐུན་རྗེས་བླ་མ་རིགས་འཛིན་དང་། །ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས། །མཁའ་འགྲོ་མ་དང་འགྲོ་ཀུན་གྱི། །ཚེ་དཔལ་བསོད་ནམས་བདུད་རྩིའི་བཅུད། །གཙུག་གི་འོད་དཔག་མེད་ལ་འདུས། །འོད་དཔག་མེད་ཞུ་ཚངས་བུ་ནས། །བདག་གི་ལུས་གང་འཆི་མེད་བསམ། །དེ་ཡིས་འཆི་བསླུས་ལྟོགས་པ་སེལ། །ལུས་བདེ་སེམས་ལ་རྟོགས་པ་འཆར། །དེ་ནས་རྟེན་གསུམ་བཞེངས་ཐབས་བཤད། །འདི་ཡང་སྐུ་གསུང་ཐུགས་ཡིན་ཏེ། །སྐུ་རྟེན་བཞི་མདོ་རྒྱ་ལམ་དུ། ཁུ་ནི་འཇིམ་རས་རིན་ཆེན་ལ། །འགྲོ་མགོན་ཐུགས་རྗེ་ཆེན་པོའི་སྐུ། །དཀྱིལ་འཁོར་ཞིང་ཁམས་གཙོ་རྐྱང་རུང་། །ཇི་ལྟར་རྐྱེན་དང་འཚམ་པ་བཞེངས། །ཡང་སྙིང་གསུམ་བཞུགས་རབ་གནས་བྱ། །ཡུལ་ཁམས་ཀུན་གྱི་མངའ་ཕུལ་ན། །བཀྲ་ཤིས་ཐུགས་རྗེའི་བསྟན་པ་རྒྱས། །སྐུ་དེ་མཐོང་ཐོས་དྲན་རེག་རུང་། །མཆོད་ཅིང་བསྐོར་བ་སུས་བྱེད་ཚད། །ཚེ་འདིར་རྐྱེན་བཟློག་བསམ་ལེགས་འགྲུབ། །ནག་པོའི་ཕྱོགས་ཞི་སྐུ་བཞེངས་མཁན། །འཕོས་ཐོག་བདེ་བ་ཅན་དུ་སྐྱེ། །སྐུ་ལ་བརྟེན་ནས་འགྲོ་བ་ཡིས། །ཚོགས་སོགས་སྒྲིབ་པ་སྦྱངས་ཐབས་སོ། །འཕགས་པའི་གསུང་རྟེན་བཞེངས་པའི་ཐབས། །གསེར་ཟང་མཐིང་ཤོག་གལ་སྤོབས་ལ། །བིཌརླ་འམ་གསེར་དངུལ་གྱིས། །ཨོ་མ་ཁི་པཏྲེ་ཧུ༷་སྙི། ཨོ་ཨུ༷༷་ཧུ༷༷༷སྙི། ཨོ་མ་ཁེ་པབླེ་ཧུ༷་ཕཊ། ཨོ་མ་ཁི་པཏྲེ་ཧུ༷་ཧྲི། གསལ་དག་མཛེས་པ་བརྒྱ་སྟོང་ངམ། ཁྲི་འབུམ་བྱེ་བ་གང་སྤོབས་བྲི། །གླེག་བམ་བཅས་ཏེ་གསུང་སྒྲགས་ལུགས། །གསུང་མི་འཆད་དམ་སིལ་བུ་མྲ །རྒྱུན་པར་ཡུལ་ཕྱོགས་གར་བཀླགས་ཀྱང་། །ནག་པོའི་ཕྱོགས་ཀྱི་གླགས་མི་རྙེད། །གསུང་ཐོས་ཡོན་ཏན་བརྗོད་ལས་འདས། །འོན་ཏེ་བཞི་མདོར་ཁང་བུའི་ནང་། །དཀར་ཞལ་ཟླ་འདྲའི་དབུས་སུ་ཧྲི། །མཐའ་རུ་ཡིག་དྲུག་མཚལ་གྱིས་བྲི། །དེ་འོག་འཛུལ་ལམ་བསྐོར་ཡང་རུང་། །མཐོང་ཐོས་ཡོན་ཏན་གོང་བཞིན་འབྱུང་། །གསང་བ་ཐུགས་རྟེན་བཞེངས་པ་ནི། །མ་ནུའི་འགྲུལ་སྲང་བཞི་མདོ་མྲ །མཆོད་རྟེན་བང་རིམ་བཞི་ལྡན་པའི། །བུམ་པའི་ངོས་བཞིར་མེ་ལོང་བཞི། །ཡིག་བདུན་དང་བཅས་བརྟེན་པར་བཞུགས། །ཡང་སྙིང་འདོད་གསོལ་སྤེལ་བ་ཡང་། །གསེར་གྱི་བྲིས་པ་བརྒྱ་རྩ་བཞུགས། །ནང་དུ་ལྷ་ཚོགས་བཞེངས་པ་འམ། །ཕན་ཡོན་ལྡན་པའི་གཟུངས་སྔགས་རྣམས། །ཚ་ཚའི་ནང་ཞུགས་བུམ་པར་གྲུབ། །བང་རིམ་ནང་དུ་བདུད་འཇོམས་དགོད། །རི་རབས་ལོགས་བཞིར་འགྲུལ་སྲང་དགོད། །མངའ་དབུལ་རབ་གནས་བཟང་པོ་བྱ། འདི་ཉིད་མཐོང་བས་བྱང་ཆུབ་འཐོབ། །ལན་ཅིག་མཆོད་བསྐོར་ཕྱག་བྱས་པས། །ངན་སོང་དོང་སྤྲུགས་བདེ་བ་བགྲོད། །ཐུགས་རྗེའི་འཕྲིན་ལས་ངོ་མཚར་ཆེ། །ཚོགས་སོགས་སྒྲིབ་སྦྱོང་རྟེན་མཆོག་ཡིན། །དེ་ནས་རྟེན་སུམ་རབ་གནས་ཤད། །དཀྱིལ་འཁོར་མཆོད་རྫས་དབང་དང་མཚུངས། །སྐུ་དང་གླེགས་བམ་མཆོད་རྟེན་སོགས། །རིང་བསྲེལ་གཟུངས་སོགས་ནང་རྫོངས་བྲུབ། །བགེགས་བསྐྲད་གུ་གུལ་དུད་པས་བདུག །མེ་ལོང་བསྟན་ལ་སྐུ་ཁྲུས་གསོལ། །གནས་གསུམ་དྲི་ཡི་ཐིག་ལེ་བཞག །བདག་ཉིད་ཐུགས་རྗེའི་རྣལ་འབྱོར་གྱིས། །དཀོན་མཆོག་རྒྱལ་བ་ཞི་ཁྲེའི་ཚོགས། །སྤྱན་དྲང་མཆོད་པ་རྒྱས་པར་བྱ། །འབྲུ་ལ་རྟེན་འབྲེལ་བུམ་རྟེན་ལ། རྟེན་གང་ཡིན་ནི་རོ་དྷ་ཨེ་བ༷་བཱ་དི་མ་ཧྭ་བྲ་མ་ཎ་ཡེ་སྭ་ཧྭ། དེ་རྗེས་མཆོད་པ་ཀུན་གྱི་མཆོད། །བསྐོར་བ་བྱ་ཞིང་བཀྲ་ཤིས་བརྗོད། །ཚིག་བརྡ་བཟང་སྨྲ་ཡོ་ལང་བསྐྱེད། །ཡོན་དབུལ་གཏང་རག་མཆོད་པ་བྱ། །འགྲོ་འདུལ་འཇིག་རྟེན་བདེ་ལེགས་འགྱུར། །དེ་ནས་སྐྱེ་བདུན་ཤ་བསྒྲུབ་བཤད། །དེ་ཉིད་རྟག་གྲུབ་འགྲོ་དོནབྱ། །རྟག་པ་སྐྱེ་བདུན་གང་ཡིན་དེས། །མི་ཡི་སྐྱེ་བ་བདུན་པོ་དྲན། །དེ་ཡང་ཆོས་ལྡན་སྐྱེ་བདུན་པའི། །རོ་བླང་ཤ་རྣམས་ལེགས་བསྐམས་ཏེ། །གྲུབ་ཐོབ་གནས་ཆེན་དགེ་གནས་སུ། ཁང་གསར་དཀར་གསལ་གྲུ་བཞིའི་ནང་། །ཐུགས་རྗེ་ཆེན་པོའི་དལ་དབུས་སུ། །རིན་ཆེན་བུམ་པ་ཆས་ལྡན་ནང་། །སྐྱེ་བདུན་ཤ་ནི་སྲན་ཚད་ལ། །བཟང་དྲུག་གླ་རྩི་ཨ་མྲི་ཏ། །གྲུབ་ཐོབ་ཤ་ཆེན་རྟག་ཏུ་ངུ་། །སྨན་དང་འབྲས་ཕྱེ་ཕུལ་གང་བྱར། །རྒྱལ་རིགས་བུ་ཆུང་བྱ་རྒོད་ཤ །ཡོད་པར་གྱུར་ན་སྐྱོབས་སུ་གཏོང་། །སྦྱོར་ཐབས་དེས་འདྲེ་རྫོགས་པར་སྦྱར། །བཙུན་མོ་གསེར་གྱི་ནུ་ཞོས་སྤྲུ། །རིལ་བུ་གྲངས་མེད་ཇི་སྙེད་གྲུབ། །ཚོག་མཆོད་དུ་མས་ལྷ་རྣམས་མཆོད། །རྣལ་འབྱོར་ལྔ་ཡིས་གཟུངས་ཐག་བཟུང་། །ཇི་སྲིད་གཟུངས་འཛིན་མང་ན་མཆོག །ཐུགས་རྗེ་ཆེར་བསྒོམ་དམིགས་པ་ནི། །རིལ་བུ་རེ་རེ་དག་ལ་ཡང་། །ཐུགས་རྗེ་ཆེན་པོའི་སྐུར་རྫོག་སམ། །ཡང་སྙིང་འདི་བཟླས་བསྒྲུབ་པར་བྱ། །ཨོ་མ་ཁི་པརླེ་ཧུ༷་ཧྲི། ཨ་ར་པ་ཙ་མི་ཏ་ཧཱུཾ་ད་ཡ་སྣ་ཧྭ། འོད་དང་དུ་བ་སྒྲ་དང་དྲི། །མཚན་ལྟས་བཟང་མཐོང་སྔགས་འདི་སྦྲེལ། །ཨོ་ཨུ་ཧུ༷་གྲྭ་ཧ་མུ༷་ལ༷་མ༷་པྱ༷་ཏ༷། སརྦ་ཏ་ཐུ་ག་ཏ་མཧྭ་པརྩི་ཨོ་ཨུ་ཡུ་ཙྭ་ན་མ་ཧ་པྲརྨྱི་ཏིཛི་ཨོ། དེ་ལ་རྟགས་བྱུང་དངོས་གྲུབ་བླང་། །དེ་ནས་གཞན་དོན་སྤྱོད་པའི་ཚེ། །གདུལ་བྱ་སྦྱང་ཕྱིར་ཁྲུས་ཀྱང་བྱ། །ཞག་བདུན་ཁ་གསོ་རྗེས་གནང་སྤྱིན། །རིམ་བུའི་བུམ་དབང་འདིས་བསྐུར་རོ། །ཨོ་མ་ཁི་པཏྲེ་ཧུ༷་ཧྲི། སབོ་ཏ་ཐུ་ག་ཏ་ཨ་སྟི་ཁི྅་ཧྲི་ཨ། རིལ་བུ་སུ་ཡི་ལྟོར་སོང་ནས། །སྐྱེ་བ་གང་དང་གར་སྐྱེས་ཚད། །སྤྱན་རས་གཟིགས་དང་འབྲལ་མི་སྲིད། །བདག་བས་གཞན་གཅེས་འགྲོ་བའི་དོན། །ཐུགས་རྗེ་ཆེན་པོའི་བསླབ་པ་སྲུང་། །རྫས་མཆོག་རེག་མཆོག་ངོ་མཚར་ཆེ། །དེ་ནས་ལམ་གྱི་རིམ་པ་བཤད། །འདི་ལ་རྣལ་འབྱོར་ཉི་ཤུ་གཅིག །ཐོག་མར་དབྱུག་ཆོས་རྣལ་འབྱོར་ནི། །སྨྲ་བཤད་སྤ་དཀར་གང་ཡང་རུང་། །གཅིག་སྐྱེས་དྲངས་སྲ་སྣུམ་ཞིང་འདྲིལ། །མཉེན་ལྕུག་རིང་ཐུང་ཁྲུ་གང་ཚད། །ལྷར་བསྐྱེད་བྱིན་བརླབས་དབང་ཡང་བསྐུར། །ཡང་སྙིང་འབུམ་བསྙེན་དབྱུག་པ་དེས། །རང་ལ་བརྡབས་ན་ལས་སྒྲིབ་འདག །གཞན་ལ་བརྒྱབ་ན་ནད་གདོན་འབྱེར། །དགྲ་དང་བགེགས་ལ་བརྡབས་ན་བརླག །དབྱུག་པའི་བརྡ་དོན་ངོ་སྤྲད་ན། །གཅིག་སྐྱེས་ཐིག་ལེ་ཉག་གཅིག་སྟེ། །དྲང་པོ་ཆོས་ཉིད་མ་བཅོས་པ། སྲ་མཁྲེགས་གཉེན་པོས་གཞོམ་དུ་མེད། སྣུམ་པ་བྱང་སེམས་ངང་གི་སྣུམ། །འདྲིལ་པས་དོན་ཆེན་ཆོས་ཀུན་འདུས། །མཉེན་ལྕུག་འགྲོ་དོན་ཡིད་བཞིན་འབྱུང་། །ཚད་དང་ལྡན་པས་ཕྱོགས་ལྷུང་བྲལ། །དེ་ཕྱིར་དོན་ལྡན་དབྱུག་པ་འདི། །བདེ་སྟོང་དབྱེར་མེད་གསལ་བསྒོམས་ནས། །བདག་གཞན་གང་ལ་བརྡེག་གྱུར་ཀྱང་། །ནད་གདོན་ཉོན་མོངས་བག་ཆགས་འཇོམས། །རྣམ་རྟོག་ལས་མཛད་འཁོར་དོང་སྤྲུགས། །དེ་ནས་གསོལ་དེབས་རྣལ་འབྱོར་ནི། །བླ་མའི་སྐུ་གསུང་ཐུགས་ཉིད་ལ། །བདག་ཉིད་ལུས་ངག་ཡིད་དད་པས། །འགྲོ་ཀུན་འདྲེན་པའི་གསོལ་འདེབས་བྱ། །སྤྱི་གཙུག་བཞུགས་ལ་དབང་བཞི་ཞུ། །བར་ཆོད་ཀུན་སེལ་རྟོགས་པ་འཆར། །དེ་རྗེས་བླ་མ་རང་ལ་བསྟིམ། །རང་ཉིད་བླ་མ་མ་བཅོས་བཞག །དེ་ནས་ཞི་བའི་རྣལ་འབྱོར་བཤད། །བུམ་པ་རྫས་ལྡན་ཁྲུས་ཆུས་དགང་། །འཕགས་པའི་གཞལ་ཡས་གསལ་བཀོད་དེ། །ཡང་སྙིང་སྟོང་བཟླས་ཁྲུས་བྱས་ན། །ནད་གདོན་སྡིག་སྒྲིབ་ཞི་བར་ངེས། །དྲི་ཆུ་བར་བའི་ཁྲུས་བྱས་ན། །ཉམས་གྲིབ་སྐོངས་ནས་དངོས་གྲུབ་འཐོབ། །སེམས་ཉིད་སྟོང་གསལ་རིག་པའི་ཁྲུས། །འཛིན་པའི་དྲི་མས་མ་གོས་བཞག །དུག་ལྔ་རྣམ་རྟོག་ཞི་བར་ངེས། །དེ་ནས་རྒྱས་པའི་རྣལ་འབྱོར་བཤད། །པདྨ་རིན་ཆེན་རྣ་ལྔ་ལ། །ཡང་སྙིང་ལྔ་བྲིའི་གཙུག་ཏུ་བཅང་། །ཡིག་བདུན་ལྔ་འབུམ་བཟླས་གྱུར་ན། །ཚེ་ནོར་བསོད་ནམས་ལོངས་སྤྱོད་རྒྱས། །དེ་རྗེས་དྲི་ཆེན་བསྐོར་བཟློག་བཟའ། །ཚེ་དཔལ་བསོད་ནམས་རྒྱས་པར་བྱེད། །སེམས་ཉིད་ཡིད་བཞིན་ནོར་བུ་ལ། །རྟོགས་གོམས་ཆུ་བཞིན་རྒྱུན་མི་བཅད། །མི་ཟད་གཏེར་ལ་ལོངས་སྤྱོད་ངེས། །དེ་ནས་དབང་བདུད་རྣལ་འབྱོར་བཤད། །མེ་ལོང་སིན་རྙུར་ཡིག་བདུན་བྲིས། །ཞག་བདུན་ཡང་སྙིང་བཟླས་བསྟིམ་ན། །མེ་ལོང་སུ་དང་སུས་མཐོང་ཚད། །སྣང་བ་དབང་འདུས་བསྒོ་བ་ཉན། །རང་གི་སྲིན་ལག་གཡོན་ཁྲུག་བྱུང་། ཡིག་བདུན་བུམ་གདབ་སུས་ཟོས་འདུ། །དེ་རྗེས་རང་རིག་རང་གསལ་ལ། །འཛིན་མེད་གོམས་པས་དབང་དུ་འདུ། །སྣང་སྲིད་འཁོར་འདས་དབང་འགྱུར་ངེས། །དེ་ནས་མངོན་སྤྱོད་རྣལ་བྱོར་བཤད། །དགྲ་བགེགས་ལིང་ག་མིང་རུས་ཅན། །མདུན་དུ་བཞག་ལ་དམིགས་པས་བསྟིམ། །ཧྲི་ཧུ༷རྣ་ཛ་སྨྱུ་ར་ཡ་རྦད། བདུན་འབུམ་སྔགས་པས་རང་གཤེད་འབེབས། །དེ་ནས་ཁྱབ་འཇུག་རྒྱུ་བ་ལ། །དུག་ཕུར་སྙིང་ཁར་བཏབ་ན་འཆི། །དེ་རྗེས་རང་བྱུང་ཡེ་ཤེས་ཀྱི། རལ་གྲིས་ང་བདག་འཛིན་པ་བཅད། །འགྲོ་དྲུག་འཁོར་རྒྱུན་ཆོད་པར་ངེས། །དེ་ནས་མཎྜལ་རྣལ་འབྱོར་བཤད། །རིན་ཆེན་མཎྜལ་གསེར་གཡུས་བརྒྱན། །ཡི་གེ་བདུན་གྱི་བྱིན་བརླབས་ཏེ། །འགྲོ་ཀུན་བྱང་ཆུབ་ཐོབ་བྱའི་ཕྱིར། །བླ་མ་སྤྲུལ་པའི་སྐུ་ལ་དབུལ། །རང་ལུས་མཎྜལ་དབང་པོས་བརྒྱན། །བླ་མ་ལོངས་སྤྱོད་རྫོགས་ལ་དབུལ། །ཆོས་དབྱིངས་མཎྜལ་རིག་པས་བརྒྱན། །བླ་མ་ཆོས་ཀྱི་སྐུ་ལ་དབུལ། །ཚོགས་གཉིས་མྱུར་རྫོགས་མཆོག་ཐོབ་ངེས། །དེ་ནས་བསྐོར་བའི་རྣལ་འབྱོར་བཤད། །འཕགས་པའི་སྐུ་གསུང་ཐུགས་རྟེན་ལ། །བླ་མ་ཡི་དམ་བདེ་གཤེགས་འདུས། །མོས་པས་ཡང་སྙིང་བཟླས་ཤིང་བསྐོར། །བྱ་བ་ཀུན་ལས་བསྐོར་བ་མཆོག །སྤྱི་བོའི་གཙུག་ཏུ་བླ་མ་བཞུགས། །འགྲོ་འདུག་བསྐོར་བར་ཤེས་པར་བྱ། །རང་སེམས་རིག་པ་ཡེ་ཤེས་ལ། །གོམས་པའི་བསྐོར་བ་རྒྱུན་མི་བཅད། །འཁོར་འདས་རུ་ཤན་ཕྱེད་པར་ངེས། །དེ་ནས་བདུན་ཚིག་རྣལ་འབྱོར་བཤད། །ཚེ་འདས་རོའམ་མཚན་བྱང་ལ། །ཡིག་བདུན་བཀོད་དེ་བུམ་བར་གཟུང་། །བདུན་བར་བདུན་དུ་ཡིག་བདུན་བཟླས། །མཚན་བྱང་བསྲེགས་ཏེ་ཚ་ཚ་གདབ། །དུར་བརྒྱགས་ཚོགས་ཀྱི་འཁོར་ལོ་བཤམས། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བསྐང་། །ཚེ་འདས་རྣམ་ཤེས་རང་ལ་བསྟིམ། །གཉིས་མེད་མཉམ་སྦྱོར་ཆེན་པོ་གནས། །གཤིན་དེས་བླ་མེད་འབྲས་ཐོབ་ངེས། །དེ་ནས་སྦྱིན་སྲེག་རྣལ་འབྱོར་བཤད། །བསྲེག་རྫས་འབྲུ་སྣ་སྨན་ཟས་སྦྱར། །མེ་ཉིད་ཐུགས་རྗེ་ཆེན་པོར་བསྐྱེད། །ཧྲི་ཛ་ལ་ར༷་ཁ་ཧི་སྭ་ཧྭ། ཞེས་དབུལ་ཐལ་བ་ཆབ་ལ་གཤེགས། །བདག་ཉིད་ཐུགས་རྗེ་ཆེན་པོར་བསམ། །གཞན་གྱི་དད་རྫས་ཚོགས་སུ་རོལ། །བསྲེག་རྫས་འཛིན་ཞབྲུལ་རྟོག་པའི་ཚོགས། །རང་བྱུང་ཡེ་ཤེས་མེ་ཡིས་སྦྱངས། །བར་ཆོད་ཀུན་ཞི་ལྷ་སྐོངས་ངེས། །དེ་ནས་ཚ་ཚའི་རྣལ་འབྱོར་བཤད། །ས་ཆུ་མེ་རླུད་འབྱུང་བཞི་ལ། །ཡང་སྙིང་བཟླས་ཤིང་སྐོར་ཕོར་གདབ། །གཞལ་ཡས་ལྷརབཅས་བསྟིམ་ལ་མཆོད། །ཞིང་ཁམས་རྣམ་དག་དེས་འགྲུབ་འགྱུར། །རང་ལུས་གཞལ་ཡས་མཆོད་རྟེན་ནང་། །རྟོག་ཚོག་ལྷར་གསལ་ཚ་ཚ་སྟེ། །ཆོས་དབྱིངས་སྟོང་པའི་སྐོར་ཕོར་དུ། །རིག་པའི་ཡེ་ཤེས་ཆོད་རྟེན་བཞུགས། །མཆོད་རྟེན་མཆོག་ཏུ་བདག་འགྱུར་ངེས། །དེ་ནས་ཟས་ཀྱི་རྣལ་འབྱོར་བཤད། །ཟས་ཚད་བདུད་རྩིར་བྱིན་གྱིས་བརླབ། །སྤྱི་གཙུག་འགྲིན་པ་ལྟེ་བའི་ནང་། །བླ་མ་ཡི་དམ་མཁའ་འགྲོ་བསམ། །འདོད་ཡོན་ལྔ་ལྡན་ཚོགས་ལ་རོལ། །ཡང་ན་ཤ་ལྔ་བདུད་རྩིར་བསམ། བདག་ཉིད་ཆེན་པོའི་ཞལ་དུ་རོལ། །རྒྱུན་དུ་རྔུབ་རླུད་བདུད་རྩི་མྲ །བསམ་ནས་རོལ་ན་ཚེ་རིང་ཞིང་། །འཆི་མེད་རྟོག་པ་འཆར་བར་ངེས། །དེ་ནས་གཏོར་མའི་རྣལ་འབྱོར་བཤད། །ཟན་ནམ་ཆབ་གཏོར་གང་འབྱོར་བཤམས། །ཡང་སྙིང་བརྗོད་དེ་བདུད་རྩིར་བརླབ། །རིགས་དྲུག་དགུག་ཅིང་འཕག་པར་བསྐྱེད། །འདོད་ཡོན་ལྔ་ཡིས་ཚིམ་པར་བསྔོ། །བདག་ཉིད་ལྷག་པའི་ལྷར་གསལ་བས། །གཏོར་མ་དངོས་གྲུབ་ཚུལ་དུ་རོལ། །བདག་འཛིན་ཞེན་རྟོག་བློས་ཐོང་ལ། །སྤྲོས་བྲལ་ཀུན་ཁྱབ་ངང་ལ་ཞོག །གཏོར་མ་དབྱིངས་སུ་མཐོང་བར་ངེས། །དེ་ནས་ཆབ་སྦྱིན་རྣལ་འབྱོར་བཤད། །བུམ་པ་ཆུས་དགང་རིན་ཆེན་བརྡར། །ཡང་སྙིང་བདུན་བརྗོད་བདུད་རྩིར་བརླབ། །རིགས་དྲུག་ཛལྷ་ལྷར་བསམ་སྟེ། ཁྱོར་བདུན་ཕུལ་ན་དབུལ་བ་སེལ། །རང་གི་དྲི་ཆུ་བདུད་རྩིར་བརླབ། །བཏང་བས་ཡི་དགས་ནོར་ལྷ་མཆོད། །རང་བྱུང་ཡེ་ཤེས་ཆུ་རྒྱུན་གྱི། །རེ་དོགས་ཡི་དགས་དབྱིངས་སུ་བསྐང་། །ཚོགས་རྫོགས་བསོད་ནམས་མཆོག་ཐོབ་ངེས། །དེ་ནས་ལྡང་བའི་རྣལ་འབྱོར་བཤད། །འགྲོ་དོན་རིམས་ཀྱིས་བྱ་བསམ་པས །གོས་ཚགས་བྱ་ཞིང་རིམ་གྱིས་ལྡང་། །ཅིག་ཅར་འགྲོ་བ་འདུལ་བསམ་པས། །ཆས་དང་ལྡན་པས་ཅིག་ཅར་ལྡང་། ཡང་ན་སྐད་ཅིག་ལྷར་གསལ་བས། །འགྲོ་ཀུན་བསྒྲལ་ཕྱིར་ལྡང་བར་བྱ། །དེ་ཡང་ཆོས་སྐུ་བཀག་ལངས་སུ། །འགྲོ་དོན་འགག་མེད་རྩལ་དབང་སྒྱུར། །ལྡང་བ་དོན་དང་མཐུན་པར་ངེས། །དེ་ནས་འགྲོ་བའི་རྣལ་འབྱོར་བཤད། །གང་དུ་འགྲོ་བའི་རྣལ་འབྱོར་ཡང་། །བླ་མ་ཡི་དམ་མཁའ་འགྲོ་བསྒོམ། །བདག་ལ་ཆོས་སྐྱོང་ཚོགས་བསྐོར་ནས། །འགྲོ་དོན་སྐོར་བའི་བསམ་པས་བགྲོད། ཁ་ནི་གང་དུ་ལྟ་ཕྱོགས་དེར། །རིགས་ལྔའི་སངས་རྒྱས་སར་བགྲོད་བསམ། །ཡང་ན་ཆོས་ཉིད་ནམ་མཁའ་ལ། །རིག་པའི་ཡེ་ཤེས་ཤུགས་ཀྱི་འགྲོ། །འགྲོ་བ་དོན་དང་ལྡན་པར་ངེས། །དེ་ནས་འདུག་པའི་རྣལ་འབྱོར་བཤད། །ཕྱི་ནང་ས་ཕྱོགས་གར་འདུག་ཀྱང་། །དོན་མེད་བྱ་བ་སྨྲ་བརྗོད་སྤང་། །ལུས་དལ་ངག་སེམས་དབེན་རྟེན་ཞིང་། །དྲན་དང་ཤེས་བཞིན་བག་ཡོད་འདུག གར་གནས་གཞལ་ཡས་ཁང་གསལ་ཞིང་། །ལྷ་ཡི་རྣལ་འབྱོར་ཆེན་པོར་གནས། །ཡང་ན་སྙེམས་བྲེལ་འཛིན་མེད་ངང་། །གསལ་ལ་མ་ཡེངས་དྲན་རང་བཟླས་པ་སྟེ། །ཧྲི་བཞག་ཕྱི་ཡི་བཟླས་བརྗོད་ཡིན། །ཨོ་དང་ཧུ༷་ཞེས་མར་བཟླས་ན། །གཞན་དོན་ངག་གི་བཟླས་པར་བསམ། ཨོ་ཧུ༷་བདག་གཞན་ཟུང་འཇུག་ཡིན། །ཨོ་དང་ཧུ༷་ཡང་དེ་བཞིན་ཟབ། །སྲོག་ལྡན་རབ་ཏུ་གསལ་བར་ངེས། །ཨེ་མ་ཡིག་བདུན་བདེ་གཤེག་སྲོག །ཇི་ལྟར་བརྗོད་ཀྱང་ཐུགས་རྗེ་ཆེ། །བཀླགས་པས་འགྲུབ་པ་ཁོ་ན་སྟེ། །འདི་ལས་ཁྱད་པར་སྔགས་མེད་དོ། །ཞེ་བཀའ་སྩལ་ཏོ། །ཐུགས་རྗེ་ཆེན་པོ་ཐམས་ཅད་ཀྱི་ཡང་སྙིང་འདུས་པ་ཡེ་ཤེས་རིག་པ་མཆོག་གི་གསང་རྒྱུད་ལས། །འགྲོ་བ་འདུལ་བ་ལས་ཚོགས་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ། །འདུས་པའི་འཁོར་རྣམས་ཀྱི་གསོལ་པ། །ཀྱེ་ཧོ་སྟོན་པ་བཅོམ་ལྡན་འདས། །རྒྱུ་དོན་གསང་བའི་ལུང་གང་ལགས། །འགྲོ་དོན་མཐར་ཕྱིན་ སྤྱད་པའི་ཕྱིར། །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །ཅེས་གསོལ་པས། །བཅོམ་ལྡནའདས་ཀྱི་བཀའ་སྩལ་པ། ཉོན་ཅིག་རིགས་འདུས་སྤྲུལ་པའི་འཁོར། །རྒྱུད་དོན་མཐར་ཐུག་བསྟན་ལུང་གི །ཆོས་ལ་བདུན་ཏེ་བསྟན་དུས་དང་། སྣོད་ལྡན་མན་ངག་སྐྱོབ་ཚུལ་དང་། །སྒྲུབ་གནས་བསྒྲུབ་ལུག་གཏད་རྒྱ་ཏེ། །ཐོག་མར་རྒྱུ་བསྙན་དུས་ལུང་ནི། །མ་འོངས་རྩོད་ལྡན་སྙིགས་མའི་ཚེ། །མི་ཁོམ་བརྒྱད་ཀྱིས་འགྲོ་བ་སྡུག །ཉམས་ཐག་སྙིང་རྗེའི་དུས་སུ་བསྟན། །རྒྱུད་འཛིན་སྣོད་ལྡན་སྐྱེས་བུ་ནི། །འགྲོ་ཕན་བྱམས་ཐུགས་སྙི་རྗེར་ལྡན། །བློ་ཆེན་བློ་བརྟན་ཤེས་རབ་གསལ། །དད་རྩོན་རྫུ་འཕྲུལ་རིག་པ་ཅན། ཐབས་ཁས་ངང་ཚུལ་བཟང་ལ་བསྟན། །མན་ངག་རྒྱུད་དོན་ས་པ་ནི། །འཕགས་པའི་གསུང་མཆོག་སེང་གེ་སྒྲ། །བདུད་དང་མུ་སྟེགས་རི་དགས་འཇོམས། །དོན་ཡོད་བཞག་པ་རྣམ་པར་རྒྱལ། །ཡོན་ཏན་བསྔགས་པ་མཐའ་ཡས་ཕྱིར། །རིག་པའི་རྒྱལ་པོ་འདི་བརྗོད་དོ། །ཨོ་ཨུ༷༷ཧུ༷་གྲྭ་ཧྭ་ཧྲི་པྲེ། །ཨོ་བཛྲ་ཀྲོ་ཏ་ཀྱེ་མ་ཀྱེ། །རི་ཀ་རི་མས་ཏ་བྷ་ལི་མ་ཙ་ཏི་ཨ་ཏ་རྐ་ཨི་ཀ་ར་སུ་ལི་བྷ་ས་ཏ་ཡེ། ནི་ལ་ནི་ལ་ཀ་ཡ་སྟི་ཤིན་སྒྲོ །ཕུང་པོའི་བདུད་འཇོམས་སེང་གེ་སྒྲའོ། །ཨོ་བཛྲ་མ་ཧྭ་ཀྲོ་དྷ་མ་ཧྭ་མུ་ཏྲ་ཨ་ཡུ་མུ་ཏྲ་སྣྲོ་ན་ཨ་ཛི་པ་ར་ན། ས་མ་དྷི་ཧུ༷་སྤ་ར་ན་ཕཊ་སྲུ་ཧྭ། །ཉོན་མོངས་བདུད་འཇོམས་སེང་གེ་སྒྲའོ། །ཨོ་བཛྲ་ཀྲོ་དྷ་ཨ་མྲི་ཏ་ཀུཎྜ་ཡི་ཧུ༷། ཚིན་དྷ་ཚིན་དྷ། སྟིན་དྷ་སྟིན་དྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ་ཧུ༷་ཕཊ། །དགའ་བྱེད་བདུད་འཇོམས་སེང་གེ་སྒྲའོ། །ཨོ་བཛྲ་ཀྲོ་དྷ་ཧ་ཡ་གྲི་བ་ཧྲི། སརྦ་ཏ་ཐུ་ག་ཏ་མ་ཧྭ་པརྩི་ཨོ་ཨ་ཡུ་རྙོ་ན་མ་ཧྭ་པུརྒྱ་ཏིཇི་ཨོ། འཆི་བདག་བདུད་འཇོམས་སེང་གེ་སྒྲའོ། །ཨོ་མ་ཁི་པརླེ་ཧུ༷་ཧྲི། །འཁོར་བ་དོང་སྤྲུགས་སེང་གེ་སྒྲའོ། །མྱོ༷་མྱེ་གི་རྨྱི་ཧྲི། མྱོ༷་མྱ་ཀི་རྨྱིཀི་རྨྱི་གྱི། །སྨྱེས་ཏྲི་སྟི་བྲི་མྱི་པྱ་མྱི་སྟུ་མུ་ནེ་ཙུ་རྐྱ་སུ་སྙེ་ཡེ། སྤྱི་ཏྲི་པྱ་རྒྱ་འབྱོང་འསྒུ་སྙིཡ། གྱི་རྨྱི་བྷ་ག་རི་བྷ་ཀོ །ན་མོ་རྒྱ་རི་བྱེ་ཏོ་ན༷་པྱ་རོ་ལྤི་ཧི་པྱེ་ན༷་མུ། ཁྱ་རོ་ཏུ་ཀེ་ལུ་པྱ་མོ་སྟུད་རུ་ཏོ་མོ་གོ་ཙུ་ར་སྟུམ། བྷ་བྱ་སྲོ་རྐྱ་སྦྱོ་ཏོ་ར། །ཨུ་མོ་ཤམ་ནོ་པྱ་རོ་བྱེ། སྤྱི་གྱི་བྱི་སུ་སྨྱོ༷་རུ་མྱོ། །མྱ་སྨྱིན་པྱ་གུ་ནི་ལ་ཧོ་ཡུ། །སྙུ་རོ་སྙོསྟུར༷། བརླུ་སེ་གྱི་ཁྱེ་ལེ་རུ་ནམ་ལུ་མ། །ན་ན་རོ་ལུ། ཨོ་ཐ༷་རུ༷་ལ་སྐྱི་ལྷུ༷། མྱི་ཐུ་རི་མྱོ་ཏུ་མྱོ། ཕྱི་རི་སྣྲི་སེར་སྣྲེ། སྒྱ༷་གྱི་རི་ཕྱ༷། པྱི་གྱི་ལུ༷། ཕྱེ་སྤྱི་རྨྱི་ཕྱི་སྙི་མྱེའ་སྐྱི་སྙི་སྦྱོ་མི་རྙི་ནོདུ། ཐུགས་རྗེའི་རྒྱལ་པོ་སེང་གེ་སྒྲ། །གསང་བ་རིང་བསྲེལ་སྙིང་པོའོ། །འགྲོ་བ་སྐྱོབ་ཚུལ་འདི་ལྟ་སྟེ། །རྒྱུད་དོན་གསང་འདུས་སྙིང་པོ་འདིའོ། །རིན་ཆེན་གསེར་གྱི་ལེགས་བྲིས་ནས། །གང་གིས་འཆང་ངམ་མཐོང་ཐོས་རུང་། །མཆོད་རྟེན་བཞེངས་སམ་ཕྱག་འཚལ་རུང་། །འཁོར་ལོ་བསྐོར་ནས་གཙུག་འཆང་ན། །ཚེ་ཟད་སླེར་སྐྱོབ་ཚེ་རིང་འགྱུར། །ནད་གདོན་ཀུན་ལས་གྲོལ་འགྱུར་ཏེ། །དཔལ་དང་བསོད་ནམས་ལོངས་སྤྱོ་འཕེལ། །འདའ་ཁར་མངོན་པར་བྱང་ཆུབ་རྟགས། །གཟུང་འཛིན་ལུས་ལ་སྐུ་གདུག་དང་། །འཇའ་འོད་རིང་བསྲེལ་འབྱུང་བར་ངེས། །འདི་ཡོད་འགྲོ་བ་སངས་རྒྱས་ཡིན། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ལ། །འདི་ལས་སྨིན་པའི་སྙིང་པོ་མེད། །ཅི་ཕྱིར་རྒྱལ་བའི་ཐུགས་རྗེ་འདུས། །སྐལ་ལྡན་འགའ་ཡི་སྤྱོད་ཡུལ་ལས། །ཀུན་གྱིས་མཐོང་ཐོས་མ་ཡིན་ནོ། །རྒྱལ་བ་རིགས་ལྔའི་སྨོན་ལམ་ཚིག །རྡོ་རྗེ་སེམས་དཔའི་སྙིང་ཁྲག་ཡིན། །ཧེ་རུ་ཀ་ཡི་རིག་པའི་སྔགས། །སངས་རྒྱས་བསྟན་པ་ཀུན་གྱི་སྲོག །འདི་མ་རྟོགས་པའི་སངས་རྒྱས་ནི། །གཅིག་ཀྱང་བྱུང་བ་སྔ་ཕྱིར་མེད། །དུས་གསུམ་བདེ་གཤེགས་ཐུགས་རྗེ་སེམས། །དེ་ཉིད་རིག་བྱེད་གསང་བའི་སྔགས། །ཡེ་ཤེས་རིག་པ་མཆོག་གི་རྒྱུད། །མན་ངག་སྙིང་གི་དཀྱིལ་དུ་ཐིམ། །རྒྱུད་འདི་བསྒྲུབ་པའི་གནས་མཆོག་ནི། །ཇི་སྲིད་སེམས་ཅན་འདུ་བའི་སར། །དང་པ་འདྲེན་པའི་ཕོ་བྲང་བཅའ། །སྙིང་རྗེའི་གནས་སུ་ཆོས་འཁོར་བསྐོར། །དེ་ནས་བསྒྲུབ་ལུགས་བསྟན་པ་ཡང་། །ཐུགས་རྗེ་ཆེན་པོའི་ཡང་སྙིང་མཆོག །ཡེ་ཤེས་རིག་པས་བདག་གྲོལ་བྱ། །གྲོལ་ནས་འགྲོ་བ་གཞན་དོན་དུ། །བསྒྲུབ་པ་བཅད་ལྡད་གང་འཕེལ་བྱའོ། །རྒྱུད་ཆེན་གཏད་རྒྱས་རྩ་བ་ཡང་། གང་དུ་བསྟན་པའི་སྐལ་ལྡན་ལ། །རྒྱུ་གཏད་དེ་ཡིས་འགྲོ་བ་ཀུན། །གང་ལ་གང་གིས་འདུལ་ཐབས་བྱ། ཁུད་འདི་རིན་ཆེན་སྣ་ལྔས་བྲི། །གཙུག་གི་ནོར་བུར་བཅང་བར་གྱིས། །གང་ཞིག་བློ་ཆུང་བློ་དམན་དང་། །དད་བརྩོན་སྙིང་རྗེ་གཏད་མེད་ཅིང་། །བླ་མ་མི་འཁུར་ཆོས་བརྒྱད་ཅན། །དམ་མེད་རྣམས་ལ་རྒྱས་བཏབ་བོ། །ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀུན། །ཐུགས་རྗེ་ཆེན་པོར་མ་གྱུར་མེད། །ཐུགས་རྗེ་ཆེན་པོ་ཐམས་ཅད་ཀུན། །ཡང་སྙིང་རྒྱུད་འདིར་མ་འདུས་མེད། །འདི་ནི་ཡེ་ཤེས་རིག་པ་མཆོག །འགྲོ་བའི་སེམས་ལ་ཡེ་གསང་གབ། །འབྲེལ་དང་མ་ཚང་མེད་པས་རྒྱུད། །སྐལ་ལྡན་ཐུགས་སུ་གཏད་དོ་རྒྱ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པས། །ཐུགས་རྗེ་ཆེན་པོ་རིགས་འདུས་སྤྲུལ་པའི་ཁོར་རྣམས་རང་ལ་རང་ཐུགས་རྗེ་ཆེན་པོར་ཡི་རང་ཏེ། །འགྲོ་དོན་ལྷུན་གྲུབ་ཏུ་དགྱེས་པར་སྤྱོད་དོ། །ཐུགས་རྗེ་ཆེན་པོ་ཐམསཅད་ཀྱི་ཡང་སྙིང་འདུས་པ་ཡེ་ཤེས་རིག་པ་མཆོག་གི་གསང་རྒྱུད་ལས། །བསྟན་པ་ལུང་གི་ལེའུ་སྟེ་བདུན་པའོ།། །།ཐུགས་རྗེ་ཆེན་པོ་ཐམས་ཅད་ཀྱི་ཡང་སྙིང་འདུས་པ་ཡེ་ཤེས་རིག་པ་མཆོག་གི་གསང་རྒྱུད་ཅེས་བྱ་བ། །ཨོབྱུན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱི་ལྷོ་བྲག་འཁོ་མཐིང་ལྷ་ཁང་དུ་སྒྲ་རང་འགྱུར་དུ་བསྒྱུར་ཏེ་ཀར་ཆག་ལ་ཕབ་པ། སྙི། སྐལ་ལྡན་ཐུགས་རྗེ་ཆེན་པོའི་སྤྲུལ་པ་དངོས་ཅིག་དང་འཕྲད་པར་ཤོག་ཅིག །དཔལ་གྱི་ཕུག་རིངས་དལ་འོག་བསེ་སྒྲོམ་སྨུག་པོར་ཨ་ཐ༷། རྒྱ་རྒྱ་རྒྱ། གཏེར་སྟོན་ཆོས་དབང་གིས་གཏེར་ནས་གདན་དྲངས་པའོ།། །། རྒྱ་གར་སྐད་དུ། །ཏན་ཏྲ་ཏ་ཏ་ཏྭ་གུ་རྒྱ། བོད་སྐད་དུ། དེ་ཁོ་ན་ཉིད་གསང་བའི་རྒྱུད། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ནས་སངསརྒྱས་ཐམས་